Wylie |
རྒྱ་གར་སྐད་དུ། མཉྫུ་ཤྲཱི་ལོ་ཧ་ཀ་མནྟྲ་ཏནྟྲ་རཱ་ཛ། བོད་སྐད་དུ། འཇམ་དཔལ་དམར་པོའི་སྔགས་རྒྱུད་ཀྱི་རྒྱལ་པོ། བཅོམ་ལྡན་འདས་དཔལ་ཡ་མན་ཏ་ཀ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། འཇམ་དཔལ་ཡ་མན་ཏ་ཆོས་ཀྱི་སྐུ་ལས་སྤྲུལ་པའི་སྐུར་བཞེངས་ཏེ། འགྲོ་བ་ཇི་ལྟར་འདུལ་བ་བཞིན་དགོངས་ནས། རང་བཞིན་གྱི་གནས་ཡུམ་ཆེན་མོ་བེ་ཏ་ལི་དང་གཉིས་སུ་མེད་པའི་མཁའ་དཀྱིལ་དུ། ཐིག་ལེ་ཆོས་ཀྱི་སྐུ་ལས་ལོངས་སྤྱོད་རྫོགས་པའི་སྐུ་སྲིད་པ་གསུམ་ལ་དབང་སྒྱུར་བ། གཤེད་ཆེན་པོ་བཞི་དང། མཐར་བྱེད་བརྒྱད་དང། ཕྱོགས་སྐྱོང་ཆེན་པོ་བཅུ་དང། སྤྲུལ་པའི་དམག་དཔོན་བཞི་དང། གིང་དང་བདུད་ཀྱི་རིགས་ཐམས་ཅད་དང་ཐབས་ཅིག་གོ། གཞན་ཡང་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་དང་ཡང་ཐབས་ཅིག་གོ། གཞན་ཡང་དེའི་ཚེ་དེའི་དུས་ན། གཤིན་རྗེ་སྒྲོལ་གིང་མ་རུ་ཙེ་ཞེས་བྱ་བ། སྲིད་བ་གསུམ་གྱི་དབུགས་ལ་རྒྱུག་པ། སྲོག་ལ་དགའ་བ། ཟས་སུ་ཤ་ལ་ཟ་ཞིང་སྐོམ་དུ་ཁྲག་ལ་དད་པ། ལས་སུ་སྲོག་གཅོད་ཅིང་ཤན་པ་བྱེད་པ་དང་ཡང་ཐབས་ཅིག་གོ། དེ་ཡི་ཚེ་ན་གཞན་ཡང་ལས་དང་རྒྱུ་རྐྱེན་དྲག་པོ་ལས་གྲུབ་པ། རྩི་བཅུད་ཀྱི་མཚོ་ལ་གནས་ཤིང་ཤ་ཁྲག་གི་ཟས་ཚོལ་བ། བཛྲ་ཟོམ་ཤ་མ་དང། བཛྲ་གཡང་གཞི་མ་དང། བཛྲ་དན་ཤ་མ་དང།། བཛྲ་ཕོར་ཐོགས་མ་ལ་སོགས་པ་བདེན་པ་མ་མཐོང་བ་སྙིང་རྗེ་དང་བྲལ་བ། འཇིགས་པ་བརྡ་མི་འཕྲད་པ་འཇིགས་པའི་སྤྱུགས་གླུ་ལེན་ཅིང་དུར་ཁྲོད་ན་རྒྱུག་པ། ཁ་དང་སྣའི་རླངས་པ་ལས་ཚ་བའི་ནད་གཏོང་ཞིང་གྲོང་ཁྱེར་ལ་སྨོད་པ་འདོར་བ། དེ་ཡི་འཁོར་ན་གནས་པའི་མ་མོ་འདོད་ཆགས་ཀྱི་མཚོ་ལ་གནས་པ། འགྲོ་བ་སེམས་ཅན་གྱི་ཤ་ཁྲག་དང་སྲོག་དབུགས་ལ་རྒྱུག་པ། དུས་མ་ཡིན་པའི་དུས་དང་བསྐལ་པ་མ་ཡིན་པའི་བསྐལ་པ་གཏོང་བ་དང། ལས་དང་རྒྱུ་རྐྱེན་དྲག་པོ་ལས་གྲུབ་པ་བསམ་གྱིས་མི་ཁྱབ་པ་དང་ཡང་ཐབས་ཅིག་ཏུ་བཞུགས་སོ། ། དེའི་ཚེ་སྒྲོལ་གིང་ལྕམ་དྲལ་འཁོར་དང་བཅས་པས། བཅོམ་ལྡན་འདས་ཡ་མན་ཏ་ཀའི་དྲུང་དུ་ལྷགས་ཏེ། འདི་སྐད་ཅེས་གསོལ་ཏོ།། ཧེ་ཧེ་དཔའ་བོ་ཆེན་པོས་བཀའ་གསོལ་མཛོད། ། དཔའ་བོ་ཆེན་པོས་བཀའ་གསལ་ཉན།། བདག་ཅག་འཁོར་དང་བཅས་པ་ལ།། དབང་དང་ལྡན་པའི་མིང་གཅིག་ཐོགས།། བཀྲེས་སྐོམ་མེད་པའི་ཟས་གཅིག་གསོལ།། དཀའ་སླ་མེད་པའི་ལས་གཅིག་བཀོས། ། ཞེས་ཞུས་པས། འདུས་ནང་འཁོར་དང་བཅས་པ་རྣམས།། དེ་རིང་ཁྱེད་ལ་དབང་བསྐུར་གྱིས།། ཅེས་གསུངས་ཏེ། མཧཱ་རཀྟ་མཎྜལ་ཅེས་ཁྲག་གི་རྒྱ་མཚོ་མཐའ་དང་དབུས་མེད་བར་བསྐྱེད་དེ། དེ་དག་ཡུམ་གྱི་བྷ་ག་རཀྟའི་དཀྱིལ་འཁོར་གྱི་སྟེང་དུ་བཞག་ནས། ཨོཾ་ཀུ་མ་ར་མཉྫུ་ཤྲཱི་མ་རུ་ཙེ་པ་ཏ་ཡ་སྭཱཧཱ། ཞེས་པས་ཉིད་ཀྱི་ཐུགས་ཀ་ནས་ཉིད་དང་འདྲ་བའི་སྤྲུལ་པ། འཇམ་དཔལ་སྐུ་གཞོན་ནུ་འོད་ཟེར་དང་བཅས་པ་སྟོན་ཏོ། ། ཨོཾ་ཨ་བྷི་ཤིཉྩ་ཧཱུ~ཾ། ཞེས་མདུན་གྱི་སྒྲོལ་གིང་དང་གཉིས་སུ་མེད་པར་དབང་བསྐུར་རོ།། མིང་གིས་དབང་བསྐུར་བ་ནི། འཇམ་དཔལ་མ་རུ་རྩེ་ཞེས་མིང་བཏགས། དེ་ཉིད་ཀྱིས་སྲོག་གི་སྙིང་པོ་མདོངས་སོལ་དུ་ཕུལ་བ་ནི། བཛྲ་ཡཀྴ་མ་རུ་རྩེ་དུན་དུན། ཅེས་མདུན་དུ་འཁོད་དོ།། དེ་ཉིད་ཀྱི་དཔྲལ་བ་དང། མགྲིན་པ་དང། སྙིང་གོང་དང། ལྷེང་སྣ་ནས་ཛ་ལས་ལྷ་མོ་མདངས་ལྡན་མ་སྟོན་ཏེ། ཨ་བྷི་ཥིཉྩས་གཉིས་སུ་མེད་པར་དབང་བསྐུར་ཏེ། མིང་གིས་དབང་བསྐུར་བ་ནི། རྡོ་རྗེ་འཕྲུལ་མོ་ཆེ། རྡོ་རྗེ་དབང་མོ་ཆེ། རྡོ་རྗེ་རྩལ་མོ་ཆེ། རྡོ་རྗེ་སྟོབས་མོ་ཆེ། ཞེས་མིང་བཏགས་སོ།། དེ་བཞིས་སྲོག་གི་སྙིང་པོ་ཕུལ་བ་ནི། ཀུ་མན་ད་རི་ཛ་ཛ། ཀྴུ་ལ་ད་རི་ཛ་ཛ། ཙ་མུན་ཛ་རི་ཛ་ཛ། ཀང་ཀ་ད་རི་ཛ་ཛཱ། ཞེས་ཕུལ་ཏེ་ཕྱོགས་བཞིར་འཁོད་དོ།། བཀྲེས་སྐོམ་མེད་པའི་ཟས་སུ་ནི།། དམ་རྫས་བདུད་རྩི་ལྔ་ལ་ལོངས་སྤྱོད་ཅིང།། རྨད་དུ་བྱུང་བའི་གཏོར་མ་བྱིན། ། དཀའ་སླ་མེད་པའི་ལས་སུ་ནི།། བདུད་དང་སྲིན་པོ་འདུལ་བ་དང།། སངས་རྒྱས་བསྟན་པ་འཇིག་པ་དང།། རྣལ་འབྱོར་སྤྱི་དགྲར་གྱུར་པ་དང།། བཀའ་ཀུན་དམ་ལོག་གདུལ་བར་གྱིས།། ཞེས་གསུངས་པས། ། གདུག་བྱེད་བསེ་ཡི་ལྕམ་དྲལ་འཁོར་དང་བཅས་པས། ལས་ཐམས་ཅད་བྱེད་པའི་ལས་མཁན་དུ་ཁས་བླངས་སོ།། འཇམ་དཔལ་དམར་པོའི་སྔགས་རྒྱུད་ལས། གླེང་བཞིའི་ལེའུ་སྟེ་དང་པའོ། །།། དེ་ནས་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་གདུག་བྱེད་བསེ་ཡི་ལྕམ་དྲལ་འདི་ཡི་སྒྲུབ་ཐབས་ལ། གནས་དང་དུས་ཚོད་དང་ཞག་གྲངས་དང། ། དཀྱིལ་འཁོར་དམ་རྫས་བསྟན་དུ་གསོལ།། ཞེས་ཞུས་པས། བཅོམ་ལྡན་འདས་ཀྱིས། ཀྱེ་ཕྱག་ན་རྡོ་རྗེ་ཁྱོད་ཉོན་ཅིག། གདུག་བྱེད་བསེ་ཡི་ལྕམ་དྲལ་འདི།། སྒྲུབ་ན་གང་ཞིག་དང་བ་ཡིས།། སེམས་དང་ལྡན་པས་བསྒྲུབ་པར་བྱ། ། གནས་ནི་དུར་ཁྲོད་ཆུ་གླིང་དུ།། དུས་ཚོད་དགུན་ཟླ་ཐ་ཆུངས་ལ།། དབྱར་ཟླ་ཐ་ཆུངས་དག་ལ་བྱ།། ཞག་གྲངས་ཉི་ཤུ་རྩ་གཅིག་གོ། སྒྲུབ་པའི་གནས་དུས་ཀྱི་ལེའུ་སྟེ་གཉིས་པའོ། །།། དེ་ནས་དཀྱིལ་འཁོར་བརྩིག་བྱ་བ།། རྒྱུ་ནི་དུར་ཁྲོད་ས་ལ་བྱ།། མཎྜལ་རྒྱལ་ཆག་གང་སྤངས།། དབུས་སུ་དོང་བརྐོས་ཐོད་པ་ལ།། ལྷ་རྣམས་སྙིང་བོ་བྲིས་བྱས་ལ།། མ་ར་ཡ་ཡི་མིང་རུས་བཞུགས།། དེ་སྟེངས་ས་ཡིས་མཉམ་པས་གཡོག། ཁྲག་གི་ཆག་ཆག་ཐིག་བཏབ་ལ།། དབུས་ནི་མཐིང་ནག་ཟླ་གམ་དམར།། འཁོར་ལོ་རྩིབས་བཞི་ལྡན་པ་ལ།། རྩིབས་ཆན་དམར་ལ་གྲུ་ཆད་ལྡན།། སྒོ་དང་སྒོ་ཁྱུད་ལྡན་པར་བྲི། ། དམ་རྫས་ལ་ཡང་རྣམ་པ་གཉིས།། སྒྲུབ་པའི་རྫས་དང་དྲག་པོའི་རྫས།། སྒྲུབ་པའི་རྫས་ནི་འདི་རྣམས་སོ།། ཀྱི་ར་དམར་ཁྲའི་ཤ་དང་ཁྲག། མ་རུ་ཙེ་ཡི་རྫས་སུ་བཞག། མར་ཁུ་སྦྲང་རྩི་རཀྟ་དང།། འོ་མ་ལ་སོགས་བཞི་པོ་ནི། ། བསེ་མོ་བཞི་ཡི་རྫས་བཞག། སྤྱན་གཟིགས་ཚོགས་པའི་གཏོར་མ་གསུམ།། སྒྲུབ་པའི་དམ་རྫས་དེ་བཞིན་གཞག། དྲག་པོའི་རྫས་ལ་རྣམ་པ་གསུམ།། ཕོ་རྫས་མོ་རྫས་རྟེན་རྫས་གསུམ། ། ཤར་དུ་དམ་རྫས་ལྷོར་ནི་ཧོམ།། ནུབ་ཏུ་ཕུར་པ་བྱང་དུ་དུག། ཤོད་རྡེའུའི་གྲངས་ལ་རྩ་གཅིག་སྟེ།། དེ་ནི་ཕོ་ཡི་རྫས་སུ་བྱ།། རྩ་བ་བདུན་འུག་པ་བྱ་རོག་སྒྲོ།། བྱང་དུ་བཞག་སྟེ་སྐུད་པ་ལྔ།། དེ་ནི་མོ་ཡི་རྫས་སུ་བྱ། ། སྤྱི་རྫས་ཡུངས་ཀར་ཡུངས་ནག་བཞག། རྟེན་རྫས་འདི་རྣམས་བཞག་པར་བྱ།། ཐུགས་དམ་བསྐང་བའི་བྱ་ལུག་དང།། བརྣག་པའི་ཙར་གཉའ་ནག་ལ།། ཁྲམ་བྱང་བཅུ་གསུམ་གདགས་པར་བྱ།། འཇམ་དཔལ་དམར་པོའི་སྔགས་རྒྱུད་ལས། དཀྱིལ་འཁོར་དང་དམ་རྫས་བསྟན་པའི་ལེའུ་སྟེ་གསུམ་པའོ།།།། དེ་ནས་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས། གདུག་བྱེད་ལྕམ་དྲལ་འདི་དག་ནི།། ནུབ་ནི་དུ་དང་དུ་རུ་སྒྲུབ།། དེ་དག་སྒྲུབ་པའི་སྔགས་ནི་གང།། ཞེས་ཞུས་པས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། ནུབ་ནི་བདུན་དུ་བསྒྲུབ་པར་བྱ།། དེ་དག་སྒྲུབ་པའི་སྔགས་ནི་བཞི། ། བསྐྱེད་དང་སོར་གཞུག་བསྙེན་པ་དང།། བྱིན་དབབ་སྔགས་དང་བཞི་རུ་བསྟན།། དང་པོའི་ནུབ་ལ་སྐུར་བསྐྱེད་པ།། ཨོཾ་ཀུ་མ་ར་མཉྫུ་ཤྲཱི་ཡ་མན་ཏ་ཀ་ཀུ་མ་རཱ་ཛ་ཛ། བདག་ཉིད་འཇམ་དཔལ་དམར་པོར་སྒོམ། ། ནུབ་གཉིས་པ་ལ་གསུང་སྒྲ་སྒྲོགས།། བསྒྲགས་ཏེ་ཐུགས་ཀྱི་འཕྲོ་འདུའི་སྔགས།། ཨོཾ་ཀུ་མ་ར་མཉྫུ་ཤྲཱི་ཏེ་པ་ཏ་ཡེ་སྭཱཧཱ། གནོད་སྦྱིན་དམར་ནག་གཉིས་མེད་པར།། ཏིང་འཛིན་སོ་རུ་གཞུག་པར་བྱ། ། ནུབ་གསུམ་པ་ལ་བསྙེན་པའི་སྔགས།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་བཻ་ཤྲ་བ་མ་ན་སྱེ། མ་ཧཱ་ར་ཛ་སྱེ། ན་མ་ཏ་ཀུ་པ་ར་སྱེ། གྷུ་ཧ་ཀ་ཏི་བ་ཏེ། ཏ་པ་ན་ཏ་ཀུ་པར། མ་རྡའི་ཤ་མྱོ། ཨ་ནུ་རུ་བ། སུ་རུ་པ་ན་ཡ། ཀུ་པ་ར་ཙནྟྲ་ཀ་ན་ཙ་ཁམ། ཧེ་མོ་ཧ་ས། ཀ་ན་ན་ཏ། ཀུ་པ་ར་ན། ཧེ་མ་ཀན་གུ་ཧ་ཀ། ཙ་ལ་ཙ་ལ། ཙ་པ་ཙ་པ། སུ་ལུ་སུ་ལུ་སྭཱཧཱ། ལས་ཀྱི་ཏི་ཀ་ཡང་སྙིང་ངོ།། ནུབ་བཞི་པ་ལ་ཏིང་ངེ་འཛིན།། གསལ་བའི་རྗེས་ལ་དཀྱིལ་འཁོར་ནི། ། བྱིན་དབབ་པ་ཡི་སྔགས་འདིའོ།། ཨོཾ་ཤྲཱི་མཉྫུ་ཡ་མ་རཱ་ཛ་ཨེ་ཀ་ཛ་ཏི་ཛ། རྣལ་མ་རྣལ་ཏེ་གསོད་ལ་རྔམ། གཤོས་ལ་མེར། བྲིས་ལ་ཆུམས། ཐུ་བིས་ཐུ། ལྕགས་ཀྱི་སྐྲ་མཱ་ར་ཡ། བཅུ་གསུམ་ཞབས་ལ་གང་མིང་གདགས། ། དེ་བཞིན་ཉི་ཤུའི་བར་དུ་བཞུགས།། སྤྱིར་ནི་དྲག་པོའི་སྔགས་འདི་ལ།། དང་པོ་བཅུ་བདུན་སྐུ་བསྐྱེད་ལ།། བཅུ་དྲུག་བདག་དང་གཉིས་སུ་མེད།། བསྙེན་པའི་སྔགས་ལ་གོ་དྲུག་སྟེ།། རྩ་བའི་གསང་སྔགས་རྒྱུད་དུའོ། ། དེ་བཞིན་བཞི་བ་བཅུ་གསུམ་པ།། ཉི་ཤུ་དཀྱིལ་འཁོར་བྱིན་དབབ་པའོ།། འཇམ་དཔལ་གཤིན་རྗེ་དམར་པོའི་སྔགས་རྒྱུད་ལས། སྒྲུབ་སྔགས་བསྟན་པའི་ལེའུ་སྟེ་བཞི་པའོ།།།། དེ་ནས་ཡང་དག་བཤད་བྱ་བ། ། ལས་ལ་སྦྱོར་བ་བཞི་རུ་དབྱེ།། ཉེ་བར་དགོངས་ནས་འཕྲིན་ལས་དང།། དགུག་པའི་རོལ་པའི་འཕྲིན་ལས་སོ།། ལྔ་པ་དག་ལ་ཐུགས་ཉེ་སྟེ། ཨོཾ་ནུ་ཐ་ཕཊ། ཨོཾ་ཛོ་ཏ་པ་ཀྲི་ཏྲ་སོད་སོད། ཧཱུ~ཾ་ཧཱུ~ཾ་རུ་ཏ་རུ་ཏ། བྷྱོ་བྷྱོ་མཱ་ར་ཡ་ནན། དྲུག་པ་ལ་ནི་ཡོན་ཏན་སྔགས།། ཨོཾ་ཧྲིཥྟཱི་བི་ཀྲི་ཏཱ་མོན་ཏ་མ་ར་ཡཾ། ཨོཾ་ཧྲིཥྟཱི་བི་ཀྲི་ཏཱ་མོན་ཏ་མ་ར་དུ། ཨོཾ་ཧྲིཥྟཱི་བི་ཀྲི་ཏ་མོན་ཏ་མ་ར་ནན། ཉེ་བར་དགོངས་ལ་རྩ་གསུམ་སྟེ། ། ཐ་མ་གཉིས་བར་གང་མིང་གཞུག། ཡོན་ཏན་སྔགས་ལ་བཞི་བཞི་སྟེ།། རྒྱས་པར་གང་མིན་གདགས་ཤིང་སྒྲུབ།། དེ་ཀུན་མཇུག་ལ་མོན་པའི་སྔགས་དགུག་པ་ལ་ཡང་རྣམ་པ་གཉིས།། དགུག་པ་དང་ནི་དབྱེ་བའོ། ། ཏ་ཀུ་ཏ་ཀུ་པ་ར་མ་ཏ་ནི་ཛ། ཨོཾ་གུ་ཤ་ཛ་ཛ། བཅུ་པར་གང་མིང་བཅུག་ལ་བཟླས།། ནརི་ཛ་ཨ་བེ་ཤ་ཡ་ཨ། དེ་ལྟར་གཟུགས་ཕེབས་པ་དང།། དུག་ལ་ཕོས་སྔགས་དབྱེ་བའོ།། ཡ་མ་ར་ཛ་ཀླུ་ལིང་བྷ་སང་སང། ཀུ་ན་བྷ་སང་སང། ཀླུ་ལིང་སང་ཀུ་ཏ་ནན། ཡོལ་ལྕགས་སངས་རྐུ་ཏ་ཀོ་ཧཱུ~ཾ་ཕཊ། དེས་ནི་འགོ་བའི་ལྷ་ལྔ་འབྲེལ།། བྱ་རོག་དང་རུ་གཡས་པ་དང།། འུག་བའི་དང་རུ་གཡོན་པ་ལ།། མིང་རུས་ཕོ་ལྷ་བྲིས་བྱས་ལ།། མོ་ཡི་སྔགས་འདིས་དབྱེ་བར་བྱ། ། མ་མ་ཏྲག་རཀྴ་རུ་ཏྲ་མཱ་ར་ཡ་ཕྱེ། ཏྲག་ཁ་ལྡིང་མཱ་ར་ཡ་ཛཱ། ཏྲག་ཁ་ལྡིང་མ་ར་ཡ་ཁུག། དེ་ནི་དབྱེ་བའི་རིམ་པའོ།། དེ་ནས་ཡང་དག་བཤད་བྱ་བ།། རོལ་པ་ལའང་གཉིས་སུ་དབྱེ། ། བརྡེག་དང་ཤ་ཁྲག་རོལ་པའོ།། ར་ལ་དམིགས་བ་བཅས་ནས་སུ།། ཤར་དུ་ཁྲིད་ལ་རྣལ་མའོ།། ལྷོ་རུ་ཁྲིད་ལ་ཏྲི་ལིང་བཟླས།། ནུབ་ཏུ་ཁྲིད་ལ་བྲ་མའི་སྔགས།། བྱང་དུ་རཏྣ་ཏྲ་ཡའི་སྔགས།། བཟླས་ཏེ་ར་ལ་ཁྲབ་པར་བྱ། ། དེ་ནས་ར་བསྒྲལ་ཙིཏྟ་དབྱུང།། དྲག་སྔགས་འདི་ནི་བསྔགས་པའོ།། ནརི་ཤ་ཀུ་རུ་ནརི་ཤ་ཀུ་རུ། ཁ་སོབ་ཏི་ཡཾ་རུ་ཏི་ཡཾ། སེན་ཡཾ་སེན་ཡཾ། སྙིང་ཚལ་པ་རྦད། ཁོ་ཡི་ཚེ་སྲོག་དབྲོག་པའི་སྔགས།། ཨོཾ་ཨཱ་ཡུ། ཤྲཱི་ཀ་མ་ཡ་སྭཱཧཱ། དེ་ནས་བདག་ལ་བསྟིམ་པ་ནི།། ཨཱ་ཡཱ་ཥེ་སང་ཧ་ར་ན་ཧཱུ~ཾ། དེ་ནས་བགས་པ་འབྲུབ་ཁུང་བརྒྱད།། ཙིཏྟ་མཚན་བྱང་དབུས་སུ་དཔུང།། དེ་ནས་ཕུར་པ་གདབ་པའི་སྔགས།། ཨོཾ་བཛྲ་ཀཱི་ལི་ཀི་ལི་ཡ་ཛ་ལ་མ་ར་ཀ་ར་ཡ། ཨོཾ་ཛྭ་ལ་ཛྭ་ལ། པྲ་ཛྭ་ལ་པྲ་ཛྭ་ལ། སྤུ་ཏ་སྤུ་ཏ། སརྦ་ནཱ་ག་ཏ་པ་ན་ནི། སར་སར། བི་ས་ར། བི་ས་ར། སརྦ་དུཥྟ་ན་ཧྲི་ད་ཡ་ཤོ་ཤ་ཡ། ཧཱུ~ཾ་ཧཱུ~ཾ་ཕཊ་ཕཊ། ཨན་དྷ་ར་པ་ན་དྷ་ར་གན་དྷ་ར་སྭཱཧཱ། ན་མ་ས་མན་ཏ་བི་ཤོ་ཏ་ཡ། བིང་བིང་སྭཱཧཱ། དེ་ནས་གསད་པའི་དྲག་སྔགས་འདི།། འབྲུབ་ཁུང་མཚན་བྱང་སྙིང་ལ་བརྡེག། ཨོཾ་ཏྲི་ལིང་ཤང་ཀ་དུ་དྲི་ཟ་ཡཀྴ། རྦད་པུ་ཕྱེ་མ་ཁ་རྡར་རུ་རུ་པྲ་པྲ་དུཾ་དུཾ། ཤིག་ཤིག། དགྲ་བོ་མཱ་ར་ཡ། མཱ་ར་ཡ་ལ་གདོན་མི་ཟའོ།། དེས་སུ་བརྡེག་བའི་རིམ་པ་རྫོགས།། ཤ་ཁྲག་རོལ་ལ་གཉིས་སུ་བྱ།། སྲིད་པ་མ་མོའི་དྲག་སྔགས་དང།། བསེ་མོ་དམར་ལ་རོལ་བའོ།། ཏྲག་རཀྴ་ཁ་མུ་ཏྲ། མུ་རུ་ལུ་རུ་ལུ་ཧཱུ~ཾ་བྷྱོ་ཧཱུ~ཾ། རག་མོ་ཏེ་ཀུམ་ཛ་ཛ། ཁ་ལ་མ་ཏི་བྷྱོ། རུ་ལུ་རུ་ལུ་མ་ཏིང་བྷྱོ། དེ་རྫོགས་བསེ་མོའི་དྲག་སྔགས་ནི།། མ་མ་མ་ལ་ཡམ། འགྲོ་ལོ་རྣོ་རྩེ་འབྲམ་གཡས་ལ་ཡ། མ་སྟི་སྟ་རྦད་ན་ཐུམ་རི་ལི་ལི། ལིང་ཤ་ནི་ཡ་སྟི་སྟ་རྦད་ན་ཐུམ་རི་ལི་ལི། ཁ་ཆུམ་ནི་ཡ་སྟི་སྟ་རྦད་ན་ཐུམ་རི་ལི་ལི། སྙིང་ཁ་རག་དགྲ་བོ་ནི་ལ་ཡ་སྟི་སྟ་རྦད་ན་ཐུམ་རི་ལི་ལི། དེ་རྫོགས་དམར་ལ་རོལ་པའི་སྔགས།། ཁྱི་ཁྲིད་ར་ཁྲིད་རོལ་ཁྲག་འཐུང། ཀཾ་ཀཾ་ཀཾ་ཀཾ་ཀིང་ཀིང། ཤ་ཟ་བའི། སྙིང་འབྱིན་པའི། ཁྲག་འཐུང་བའི། དབུགས་འཕྲོག་པའི། སྲོག་གཅོད་པའི། མི་རོ་ཟ་བའི། ཙིཏྟ་ལ་མཱ་ར་ཡ་ཤ་ཟོ། ཨ་ཏང་པར་ལ་ཏོ། ཤལ་ཀྱི་ཀྱི་སྤྱང། ཀྲ་ཧེ་ཀྲ་ཧེ་ཧཱུ~ཾ་ཕཊ། དམ་ཚིག་ཕྱག་རྒྱ་བཅས་ལ་བཟླས། ། ཤྲཱི་མཉྫུ་ལ་སོགས་པ་ཡི།། ཕོ་རྫས་གཡས་སུ་བསྐོར་ཏེ་བྲབ།། ཏྲག་རཀྴ་ལ་སོགས་པ་ཡི། མོ་རྫས་གཡོན་དུ་བསྐོར་ཏེ་བྲབ།། ཨི་ཨུ་ས་མ་ཡ་ཐབས་ཐིབས། ལིང་ཤོར་ཡང་ངེས་ཡང་མཉྫུ་ཤྲཱི། ཡ་མ་ཏ་ཀ་པཉྫ་ཏེ་རོ་ནི་ཧཱུ~ཾ་ཛ། དྲག་པོ་ཐམས་ཅད་སྔགས་འདིས་བྱའོ།། བཅུ་བཞིའི་ཐབས་ལ་མཱ་ར་ཡ། བཅུ་བདུན་པ་ཡིས་བཀུག་ལ་བརྡེག། འཇམ་དཔལ་དམར་པོའི་སྔགས་རྒྱུད་ལས། སྦྱོར་བ་དྲག་སྔགས་ཀྱི་ལེའུ་སྟེ་ལྔ་པའོ། །།། དེ་ནས་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་འཇམ་དཔལ་དམར་པོ་འདི་ཡི་ལས་ཀྱི་གོ་རིམ་དང། སྦྱིན་སྲེག་དང། ཐུན་དང། མནན་པ་དང། ལྟ་བ་དང། དམ་ཚིག་བསྟན་དུ་གསོལ།། ཞེས་ཞུས་པས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལས་ཀྱི་གོ་རིམ་གཉིས་ཀྱིས་བསྟན།། མནན་དང་བསྡུ་བའི་འཕྲིན་ལས་ཏེ།། དེ་ལ་མནན་པ་བསྟན་པ་ནི། ། བྱང་དུ་རྒྱ་མདུད་གྲུ་གསུམ་སྟེ།། ཕུར་པའི་ཟུར་ལ་སྔོན་དམར་བསྐོར།། ལས་ཀྱི་གཤིན་རྗེར་མངའ་གསོལ་དགོད།། དེ་རུ་བརྣག་རྫས་ལྷག་མ་ལ།། ཏྲི་ལིང་བཟླས་ཏེ་བསྐྱར་ལ་བྲབ།། རྩིབ་མ་སྦྱིན་སྲེག་མགོ་ལྤགས་བསྟུམ། ། དེ་ནས་བསྡུས་པའི་འཕྲིན་ལས་ཏེ།། ཤར་གྱི་དམ་རྫས་མཆོད་པར་དབུལ།། ཨ་ནུ་རུ་པ་ཁཱ་ཧི། སུ་རུ་པ་ན་ཁཱ་ཧི། ཀུ་པ་ར་ཙནྟྲ་ཁཱ་ཧཱི། ཏ་ཀུ་པ་ར་མ་ཏྲ་ཁཱ་ཧི། བཏབ་པའི་ཚིག་དང་ལྡན་པར་བྱ།། ནུབ་ཀྱི་ལྕགས་ཕུར་ཀི་ལིའི་སྔགས། ། ལྷོ་ཡི་ཧོམ་ལ་སྔགས་འདིས་བསྲེག། བདུད་པྲ་མ་ཡ། བདུད་བྲ་མ་ཡ། བདུད་མཱ་ར་ཡ། སྙིང་གོ་ཆོད། དུ་རུ་དུ་རུ། ཧ་ར་ཏི་ཧ་ར་ཏི། དགྲ་བོའི་སྙིང་ལ་ཛའི། ནག་པོ་ཏི་པ་ཙའི། དགྲ་བོའི་སྙིང་ལ་པ་ཙ་བཾ་རིལ་རྦད། ནག་པོ་ཀྲོ་ཏཱི་ཤྭ་རི། སྙིང་ལ་ཙ་ལ། ཏྲག་མ་ཏྲག་ཤིག། དགྲ་བོའི་སྙིང་ལ་ཁ་རཾ་ཁཱ་ཧི། ནག་པོ་ཤ་པ་ཙ་བཾ་རིལ་རྦད། ནག་པོ་ཧེ་ར་ཧཾ་བཾ་རིལ་རྦད། ནག་པོ་སྙིང་མགོ་ཆོད། ཁ་ལ་བྲོ་སྙིང་མགོ་ཆོད། ཙ་ལ་རོག་པ་དགྲ་བོའི་སྙིང་ལ་ཛ་ཛ། དགྲ་བོའི་སྙིང་ལ་ཧུ་ར་བེ་ར་བཾ་རིལ་རྦད། ཧུ་ཡ་ཧུ་ཡ་དགྲ་བོའི་སྙིང་ལ་དུར་དུར། བློ་རྩ་བཾ་རིལ་རྦད། ཡང་ན་མྱོས་ཤིང་ལྐུགས་སུ་ཆུག། ཡང་ན་སྨྱོ་ཞིང་འབོག་ཏུ་ཆུག། ཡང་ན་རྩ་བ་བདུན་བརྒྱུད་ཆོད།། མཚན་བྱང་གྲི་ཡིས་གཏུབས་བྱས་ལ།། མ་རུ་རྩེ་ཡི་ཞལ་དུ་བསྟིམ།། དེ་ནི་ཕོ་བསྐོར་འཕྲིན་ལས་སོ།། བྱང་གི་དུག་གཏོར་འདི་ཡིས་བརྡེག། ཨོཾ་ཨ་བེ་ཤ་ཡེ། པྲ་བི་ཤ་ཡེ། བ་བི་ཤ་ཡེ། རུ་པ་ཤ་ཡེ། ཁ་ཐུན། དེ་ནི་མོ་བསྐོར་འཕྲིན་ལས་སོ།། སྦྱིན་སྲེག་འབྲུབ་ཁུང་དབུས་སུ་བྱ།། གོང་གི་གསང་རྫས་རངས་པ་དང།། ར་རྩིབ་སྒལ་ཚིགས་དྲུང་བསྡེབས་ལ།། རྨེ་གཏོར་ལིང་ག་བཅས་པ་དེ། ། སྲོག་སྙིང་ཞབས་ལ་ཁ་རཾ་སྨྲས།། མཆོད་པ་བྱ་ཞིང་འཕྲིན་ལས་བཅོལ།། གཏུབས་ལ་བྲ་མ་ཡ་ཡིས་བསྲེག། འཇམ་དཔལ་དམར་པོའི་སྔགས་རྒྱུད་ལས། ལས་ཀྱི་གོ་རིམས་ཀྱི་ལེའུ་སྟེ་དྲུག་པའོ། །།། དེ་ནས་ཡང་དག་བཤད་བྱ་སྟེ།། ཙི་ཏྟའི་ནང་དུ་མིང་རུས་གཞུག། དེ་ནི་ཐོད་པའི་ནང་དུ་གཞུག། རྩང་ལ་རིམ་པས་སྔགས་བཟླས་ཏེ། ཨོཾ་མ་རུ་རྩེ་ས་ཏ་ཡེ་སྭཱཧཱ། ར་ཡི་ཁམ་ཚུལ་བུ་གར་བརྩེམ།། དེ་ནི་གཡང་གཞི་པགས་པས་གཏུམ། ། དེ་ལ་ཁར་ནག་སྐུད་པས་བཅིང།། ཧོམ་ཁུང་ནང་ངམ་རྒྱ་གྲམ་ལཾ། ཀླུ་གཉན་སྲང་ངམ་གནོད་སྦྱིན་སྲང།། དེ་རུ་ཁུང་བརྐོས་རབ་སྦས་ལ།། གཏང་ཁྲམ་དག་ཀྱང་འཐེམས་པར་བྱ། ། ཧྲིཥྟི་བཞིས་བསྐོར་སྔགས་ཀྱིས་མནན།། འཇམ་དཔལ་དམར་པོའི་སྔགས་རྒྱུད་ལས། མནན་པའི་ལེའུ་སྟེ་བདུན་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། མཚན་བྱང་ཐོད་པར་བཅུག་པའི་སྟེ།། རྨེ་ཁྲག་དུག་རྫས་བླུག་བྱས་ཏེ། ། ལྟག་རྩེ་ཁུང་གི་ནང་ན་མར།། གསང་བའི་སྔགས་རྣམས་བསྟིམ་བྱས་ཏེ།། ཏྲི་ལིང་སྔགས་ཀྱིས་བསྔགས་ཏེ་འཕང།། དེ་ནས་ཐུན་ནི་འཕངས་པར་བྱའོ།། འཇམ་དཔལ་དམར་པོའི་སྔགས་རྒྱུད་ལས། ཐུན་གྱི་ལེའུ་སྟེ་བརྒྱད་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། རྣམ་པར་མི་རྟོག་ཆོས་ཀྱི་སྐུ།། ཕྱོགས་མེད་ཁྱབ་པའི་སྙིང་རྗེ་ལས།། སེམས་ཉིད་ཧཱུ~ཾ་གི་ངང་དུ་ཤར།། དེ་ནས་ཕྱག་མཚན་རྩིབས་བརྒྱད་པ། ། དེ་ལས་གྲུབ་པའི་འཇམ་དཔལ་ནི།། དམར་པོ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ།། མེ་ཡི་འཁོར་ལོ་གཡས་པ་ན།། རླུང་གི་འཁོར་ལོ་གཡོན་པ་ན།། སྦྲུལ་གྱི་སྐ་རགས་ཐོད་པའི་འཕྲེང།། སྤྱན་གསུམ་ཚ་ཚ་སྐར་ལྟར་འཁྲུག། ཤངས་ནས་རླུང་ནག་ཚུབ་མར་འཁྲུག། རླུང་གི་མེ་ཡི་མདོག་འབྱིན་ཅིང།། སྣང་སྲིད་ཁ་དོག་གསལ་མཛད་པ།། འབར་བའི་ཨག་ཚོམས་སྤྲིན་ནག་བཞིན།། སྟེང་འོག་གློག་འགྱུ་མཆེ་བ་གཙིགས། ། གཡས་པ་རཀྟའི་ཆུ་རྒྱུན་འཛག། གཡོན་པ་གང་དམིགས་ཙིཏྟ་འདྲེན།། རཀྟའི་རྦ་རློང་ཟླ་བའི་སྟེང།། བདག་ཉིད་འཇམ་དཔལ་གཞོན་ནུའོ།། ལྷོ་ནས་སྤྱན་དྲངས་དམར་པོ་དང།། གཉིས་མེད་བསྟིམ་པའི་བདག་ཉིད་ཀྱིས། ། སྟོད་དུ་སྤྲུལ་པའི་ལྷ་མོ་གཉིས།། སྨད་དུ་སྤྲུལ་པའི་ལྷ་མོ་གཉིས།། གཡས་གཡོན་འགུགས་བྱེད་ལྷ་མོ་གཉིས།། རྟག་ཏུ་ལྷ་མོའི་སྐུར་བསྒོམས་ཤིང།། གཉིས་མེད་སེམས་ནི་རབ་སྤངས་ཏེ། ། གཟུགས་སུ་སྣང་བ་འཇམ་དཔལ་སྐུ།། སྒྲ་རུ་གྲག་པ་འཇམ་དཔལ་གསུང།། གཉིས་མེད་ཐུགས་སུ་རབ་རྟགས་ཏེ།། འཁོར་བ་མྱ་ངན་འདས་པའི་ཆོས།། དུས་གསུམ་སྒྲུབ་དང་རྩོལ་ལས་འདས། ། འབྲས་བུ་བྱང་ཆུབ་སེམས་ལ་གནས།། དེ་ལྟར་རྟོགས་པའི་རྣལ་འབྱོར་པས།། གནོད་སྦྱིན་བྱུང་ཡང་འཇིགས་སེམས་མེད།། དེ་ལྟར་གྱུར་ན་འགྲུབ་པར་ངེས།། འཇམ་དཔལ་དམར་པོའི་སྤགས་རྒྱུད་ལས། སྒོམ་ཁོག་ལྟ་བའི་ལེའུ་སྟེ་དགུ་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། དེ་ལྟར་བསྒྲུབས་པའི་རྣལ་འབྱོར་པས།། དུས་དེ་རྟག་པ་ཐམས་ཅད་དུ།། ལྟག་སྤྲད་རྔ་ལ་ཞིང་གིས་གཡོགས།། ནང་དུ་གསང་བའི་སྒྲུབ་སྔགས་བྲི། ། མཆོག་ཕྲན་རྐང་གིས་བྲབ་ཅིང་བརྡུང།། ཉིད་ལ་བསྟོད་པ་མཆོག་ཏུ་བྱ།། སེང་ལྡེང་མཁར་ལ་གོས་ནག་བསྐོན།། ད་ར་པ་ཏི་ཕྲག་ལ་བཀལ།། ང་རོ་མོན་སྐད་སྒྲོགས་ཤིང་འགྲོ།། རབ་ཏུ་བྱུང་དང་ཨ་ཙ་ར། ། དེ་ལ་བཀུར་སྟི་རིམ་གྲོ་བྱ།། བ་དམར་གླང་དམར་ཤ་ཡང་བསྲུང།། རཀྴའི་འཕྲེང་བ་དྲང་པོའི་འཛབ།། དེ་ལྟར་དམ་ཚིག་བསྲུང་བར་བྱ།། ཞེས་གསུངས་སོ།། དེ་ནས་ཕྱག་ན་རྡོ་རྗེ་ཡིས།། ཆོས་སུ་བྱིན་རླབས་རྒྱུད་འདི་ནི། ། གླེགས་བཾ་གསེར་གྱི་ཡི་གེར་བྲིས།། མེ་རི་འབར་བའི་རྩེ་ལ་བབས།། སངས་རྒྱས་བསྟན་པ་བསྲུང་བའི་ཕྱིར།། དགའ་རབ་རྡོ་རྗེ་ཉིད་ཀྱི་བརྙེས།། དེ་ནས་འདུས་པའི་འཁོར་རྣམས་རྗེས་སུ་ཡིད་རངས་ནས། ། ཞལ་ནས་གསུངས་པ་ལ་མངོན་པར་བསྟོད་དོ།། འཇམ་དཔལ་དམར་པོའི་སྔགས་རྒྱུད་ལས། དམ་ཚིག་དང་མཇུག་གཏད་པའི་ལེའུ་སྟེ་བཅུ་པའོ།།།། འཇམ་དཔལ་དམར་པོའི་སྔགས་རྒྱུད་ཀྱི་རྒྱལ་པོའི་སྔགས་རྒྱུད་རྫོགས་སོ། །།། རྒྱ་གར་གྱི་མཁན་པོ་ཤན་ཏིང་གར་བྷ་དང། བོད་ཀྱི་ལོ་ཙ་སྣུབས་བནྡྷེ་བ་དབང་ཕྱུག་དཔལ་གྱིས། བསམ་ཡས་དགའ་བའི་དཔལ་གྱི། དུར་ཁྲོད་གོང་མེར་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །།། རྒྱ་གར་སྐད་དུ། ཡ་མ་ར་ག་ཀར་མ་རུ་ཙ་ཏནྟྲ་ནཱ་མ། བཔད་སྐད་དུ། གཤིན་རྗེ་དམར་པོ་ཤན་པ་ལས་ཀྱི་རྒྱུད་ཅེས་བྱ་བ།། སྤུ་གྲི་རེག་ཆོད་རུ་མཚོན་དམར་པོའི་དྲག་སྔགས།
CLOSE WINDOW