CLOSE WINDOW

Gpb043.014: འཇམ་དཔལ་གཤིན་རྗེ་དམར་པོ་ཤན་པ་སྲོག་གི་འཁོར་ལོའི་རྒྱུད་ཅེས་བྱ་བ
Wylie

།།། རྒྱ་གར་སྐད་དུ། མཉྫུ་ཤྲཱི་ཡ་མ་ར་གམ་རཱ་ཙཀྲ་ཏན་ཏྲ་ནཱ་མཱ། བོད་སྐད་དུ། འཇམ་དཔལ་གཤིན་རྗེ་དམར་པོ་ཤན་པ་སྲོག་གི་འཁོར་ལོའི་རྒྱུད་ཅེས་བྱ་བ། བཅོམ་ལྡན་འདས་འཇམ་དཔལ་གཤིན་རྗེ་གཤེད་པོ་ལ་ཕྱག་འཚལ་ལོ། ། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་འཇམ་དཔལ་གཤིན་རྗེ་གཤེད་པོ། ལྷོ་ཕྱོགས་གཤིན་རྗེའི་འཇིག་རྟེན་ཞེས་བྱ་བ་ན། དུར་ཁྲོད་རོ་མྱགས་ཀྱི་ཚལ། དུག་མཚོ་ནག་པོ་མེར་བ། གཤིན་རི་ཕྱིན་ཅི་ལོག་གི་རྩ་ན། དཔའ་བོ་རྔམ་པའི་ལྷ། སྲོག་དང་ཚེའི་བདག་པོ། སྒྲོལ་གིང་གི་བདག་པོ་མ་རུ་རྩེ་ཞེས་བྱ་བ་གནས་ཏེ། སེམས་ཅན་ཐམས་ཅད་ཀྱི་སྲོག་གི་བདག་པོ་མཛད་དེ། སེམས་ཅན་ཐམས་ཅད་ཀྱང་ཚེ་སྲོག་ཉམས་ཤིང། ལུས་ལ་གདུག་ཅིང་རྩུབ་བའི་ངད་བྱུང་ནས། ཤིན་ཏུ་སྡུག་བསྔལ་གྱིས་གདུངས་པར་གྱུར་ཏོ།། དེའི་ཚེ་དེའི་དུས་ན་བཅོམ་ལྡན་འདས་ཡ་མན་ཏ་ཀ་དྲེགས་པ་འདུལ་བ་དྲག་པོ་སྒྲོལ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། རྔམ་པའི་སྒྲ་ཆེན་པོ་ཧ་ཧ་ཧི་ཧིའི་སྒྲ་དང། ཧ་ལ་ཧ་ལའི་དང། ཨ་ར་ལི་དང། བྷྱོ་དང། རུ་ལུའི་སྒྲ་དང། ཧཱུ~ཾ་དང་ཕཊ་ཀྱི་སྒྲ་སྒྲོགས་སོ།། དེ་ཉིད་དུ་གདུག་པ་ཅན་ཟ་བྱེད་ཡ་མ་རཱ་ཛ་དང། འཁོར་གྱི་སྒྲོལ་གིང་བཞི་དང། མ་མོའི་ཚོགས་དང། སྲིན་པོའི་ཚོགས་དང། བདུད་དང། གཤིན་རྗེ་དང། གནོད་སྦྱིན་བྱེ་བ་དང་བཅས་པ་ཡང་ལུས་ས་ལ་བརྡེབས་ཤིང་དྲན་པ་ཉམས་སོ། ། གདུང་བའི་སྨྲེ་སྔགས་རབ་ཏུ་འདོན་ཏེ་མགྲིན་གཅིག་ཏུ་སྨྲས་པ། ཨེ་མ་རང་བྱུང་ཆོས་ཀྱི་སྐུ་མཆོག་སྟེ།། འབར་བྱེད་འཇིགས་པའི་གཏུམ་ཁྲོ་གཤིན་རྗེ་གཤེད། ། མཐུ་རྩལ་རྨད་བྱུང་བསམ་དཀའ་ཨེ་མ་ཧོ།། བདག་ཅག་དྲེགས་པའི་འཁོར་དང་བཅས་པ་རྣམས།། གཤིན་རྗེ་གཤེད་ཀྱི་བྱིན་བརླབས་དབང་བསྐུར་ལ།། ཀུན་ཀྱང་གཤིན་རྗེ་གཤེད་ཀྱི་དགེ་འདུན་མཛོད། ། ཅེས་གསུངས་ཏེ། སྲོག་གི་སྙིང་པོ་རྣམས་མདོངས་སོལ་དུ་ཕུལ་ལོ།། དེ་ནས་དྲག་པོ་སྒྲོལ་བའི་ཆོ་འཕྲུལ་བསྟན་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། རཀྟ་མཎྜལ་ཞེས་གསུངས་སོ།། དེ་ཉིད་དུ་སྣང་སྲིད་ཐམས་ཅད་ཁྲག་གི་རྒྱ་མཚོར་འཁྱིལ་བར་གྱུར་ཏེ། དེའི་དུས་སུ་མཁའ་དབྱིངས་མཐིང་ནག་ཏུ་གྱུར་ཏོ།། རླུང་རྡོ་རྗེ་རྒྱ་གྲམ་རབ་ཏུ་འཐོར་རོ།། སྲིན་རྩེ་འབར་བ་མེ་རིག་སྨུག་ནག་གི་ཀློང་ན་བཞུགས་ཏེ། འདི་སྐད་ཅེས་གསོལ་ཏོ། ། ཉོན་ཅིག་སྒྲོལ་གིང་བདག་པོ་སྟེ།། ཚེ་སྲོག་ཀུན་གྱི་བདག་པོ་ཁྱོད། ཁམས་གསུམ་སྒྲོལ་བར་དབང་བསྐུར་གྱིས།། ང་ཡིས་དགེ་བའི་ལས་ཀྱིས་ཤིག། གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་གྱིས།། དཀྱིལ་འཁོར་ཀུན་གྱི་བསྲུངས་མ་མཛོད། ། ཅེས་གསུངས་ཏེ། སྒྲོལ་གིང་ཆེན་པོར་དབང་བསྐུར་རོ།། གཤིན་རྗེ་དམར་པོ་ཤན་པ་སྲོག་གི་འཁོར་ལོའི་རྒྱུད་ལས། གླེང་གཞིའི་རྟོག་པ་སྟེ་དང་པའོ།།།། དེ་ནས་འཁོར་རྣམ་བཞིའི་ནང་ནས་གནོད་སྦྱིན་དྲེགས་པའི་བདག་པོ་ཀུན་དགའ་བྱ་བ་ལངས་ཏེ། དྲག་པོ་སྒྲོལ་ལ་འདི་སྐད་ཅེས་གསོལ་ཏོ།། ཨེ་མ་འབར་བྱེད་ཁྲོ་བོའི་རྒྱལ།། དྲེགས་པ་འདུལ་བའི་ཡེ་ཤེས་ཁྱོད།། ཚེ་སྲོག་བདག་པོ་མ་རུ་རྩེ། ། དོན་གྱི་དངོས་པོ་གང་ལ་བགྱི།། སྲོག་གི་སྙིང་པོ་གང་དང་གང།། ཕྱི་རབས་རྣལ་འབྱོར་སྒྲུབ་པ་པོས།། བསྙེན་ཅིང་སྒྲུབ་པ་ཇི་ལྟར་ལགས།། གསད་དང་ལས་ཀྱི་མཐའ་བཏུལ་གང།། མ་གྲུབ་སྤོགས་དང་གནད་དཀྲུག་དང། ། འཕྲིན་ལས་བཅོལ་བའི་རིམ་པ་རྣམས།། ཡེ་ཤེས་ཆེན་པོས་བཤད་དུ་གསོལ།། ཞེས་གསོལ་ཏོ།། དྲག་པོ་སྒྲོལ་བས་བཀའ་སྩལ་པ།། ཉོན་ཅིག་དྲེགས་པ་ཆེན་པོ་ཁྱོད།། ཚེ་སྲོག་བདག་པོ་མ་རུ་རྩེ། ། འདས་པའི་དུས་ན་སྔོན་བྱུང་བ།། འཇམ་དཔལ་ཁྲོས་པ་གཤིན་རྗེ་ཡིས།། བདུད་དང་སྲིན་པོ་རུ་ཏྲ་བསྒྲལ།། རུ་དྲའི་ཁྲག་ལས་གྲུབ་པ་ནི།། སྤྲུལ་པའི་སྲས་ནི་ལྕམ་དྲལ་ལྔ།། གཤིན་ཡུལ་འཇིག་རྟེན་སྐྱི་གཡའ་བ། ། གཤིན་རྗེའི་བླ་མཚོ་མེར་བ་ཡིས།། གཤིན་རི་ཕྱིན་ཅི་ལོག་གི་རྩ།། གཤིན་ལམ་རོ་ཁུང་ནག་པོ་ན།། སྲིད་པ་གསུམ་གྱི་ཚེ་སྲོག་སྡུད།། སྤྲུལ་པའི་ལས་མཛད་སྒྲོལ་བའི་གིང།། གདུག་པ་འདུལ་ཞིང་སྐུ་ལ་འཁོར། ། སྲོག་སྙིང་རླུང་སྟེ་དྭངས་མའོ།། ཡི་གེ་དུག་གི་སྤུ་གྲི་སྟེ།། སྲོག་དང་སྙིང་གི་འཁོར་ལོ་ཡིན།། ཕྱི་རབས་རྣལ་འབྱོར་སྒྲུབ་པ་པོས།། བསྙེན་ཅིང་བསྒྲུབས་ན་གང་ཡང་འགྲུབ།། ཟ་བྱེད་སྐུ་མཆོག་ཆེན་པོ་སྟེ། ། དྲིལ་བ་ལུས་ཀྱི་སྒྲུབ་པ་དང།། བརྐྱང་པ་སྙིང་གི་སྒྲུབ་པར་འདོད།། ལས་ནི་རྣམ་པ་དྲུག་ཏུ་སྟེ།། བནྡྷེ་བོན་པོ་མུ་སྟེགས་དང།། བུད་མེད་རྟགས་མགོར་སྡིག་ཅན་གསད།། མ་གྲུབ་སྤོགས་པའི་ལོག་ཐེན་ཏེ། ། རྣམ་དང་མ་གྲུབ་ལྟོ་ལོག་དཀྲུག། གནད་གཅོད་པ་ནི་འཁོར་ལོ་སྟེ།། ཤིས་ས་གསད་པ་ཉིད་ཀྱིས་སོ།། འཕྲིན་ལས་བརྒྱ་དང་རྩ་བཞི་ལས།། འདི་ནི་མངོན་སྤྱོད་ཁོ་ན་སྟེ།། དེ་ཕྱིར་སྒྲོལ་བྱེད་དམར་པོ་འདི།། ཟ་བྱེད་གཤིན་རྗེ་དམར་པོ་སྟེ། ། ཙ་ར་དཀར་པོ་གཉའ་ནག་ལ།། རྟེན་ཏེ་སྲོག་བདག་སྒྲུབ་པར་བཤད།། ཅེས་གསུངས་སོ།། གཤིན་རྗེ་དམར་པོ་ཤན་པ་སྲོག་གི་འཁོར་ལོ་ལས། གླེང་བསླངས་པ་དང་དྲིས་ལན་གྱི་རྟོག་པ་སྟེ་གཉིས་པའོ། །།། དེ་ནས་ཡང་ཀུན་དགའ་བོས། ཀྱེ་ཀྱེ་དྲག་པོ་སྒྲོལ་བའི་སྐུ།། འབར་བྱེད་རྔམ་པའི་རྒྱལ་པོ་ཁྱོད།། ཚེ་སྲོག་བདག་པོ་མ་རུ་རྩེ།། བསྙེན་དང་སྒྲུབ་པ་ཇི་ལྟར་བྱ།། རྟགས་ཀྱི་རིམ་པ་ཇི་ལྟར་འབྱུང། ། ལས་ལ་སྦྱོར་བ་ཇི་ལྟར་ལགས།། ཞེས་གསོལ་པ་དང། དྲག་པོ་སྒྲོལ་བས་བཀའ་སྩལ་པ།། ཚེ་སྲོག་བདག་པོ་སྒྲུབ་པ་ཡིས།། གནས་ནི་བྲག་དམར་ཆོལ་ཟང་འདྲ།། ཡང་ན་ཏྲི་ཤུལ་རྩེ་གསུམ་སྟེ།། དུར་ཁྲོད་ཆུ་འགྲམ་དགོན་པ་སྟེ། ། གང་ཞིག་ཡིད་དགའ་བར་ཆད་མེད།། དེར་ནི་དཀྱིལ་འཁོར་རབ་ཏུ་བྱ།། བསྙེན་པ་གྲངས་ལ་རྟགས་རྫོགས་ནས།། སྒྲུབ་པའི་རིམ་པ་བསྟན་པ་ནི།། དུར་ཁྲོད་ས་ལ་མཎྜལ་བྱ།། ཨེ་དབུས་དྲག་པོ་དབང་དང་ལྡན། ། འཁོར་ལོ་རྩིབས་བཞི་སྒོ་ཁྱུད་ལྡན།། དབུས་སུ་སྒྲོལ་གིང་མ་རུ་རྩེ།། འཁོར་ལོ་བཞི་ལ་རྫས་དགོད་པ།། མིང་བྱང་ཧོམ་དང་ཕུར་བུ་དང།། སྒོ་གཉིས་དུག་གི་བླུག་གུའོ།། དཔལ་དང་གཤིན་རྗེའི་གཏོར་མ་དང། ། ཁྲག་མཚོ་མི་རྟ་ར་ཡི་སྙིང།། མར་ཁུ་སྦྲང་རྩི་འོ་མ་དང།། ཁྲག་དང་ཨ་མྲྀ་ཏ་སྦྱར་ཏེ།། གཤིན་རྗེ་མཆོད་པའི་རྫས་སུ་འོ།། དང་པོ་སྟོང་པ་བྱང་ཆུབ་སེམས།། སྙིང་རྗེ་ནམ་མཁའི་ངོ་བོ་ལས།། རྒྱུ་འབྲས་ས་བོན་ཡི་གེ་ཧཱུ~ཾ། ། མངོན་པར་བྱང་ཆུབ་འཁོར་ལོའོ།། དེ་ལས་ཨརྱ་མེ་རུ་རྩེ།། སྐུ་མདོག་དམར་པོ་ར་ག་སྟེ།། ཕྱག་ན་མེ་རླུང་འཁོར་ལོ་བསྣམས།། དབུ་སྐྲ་རལ་པ་སྐ་སོ་བསླེབས། རྩེ་ལ་བནྡྷ་ལྕང་ལོ་འཁྱིལ། ། ཨག་ཚོམ་ཁམ་ནག་ཛ་ཡི་འོད།། སྤྱན་ནས་མེ་ཡི་ཚ་ཚ་འཕྲོ། ཤངས་ནས་བསྐལ་པའི་རླུང་ནག་འཁྲུལ།། མེ་དཔུང་འབར་བའི་དཀྱིལ་འཁོར་ནས།། གིང་དང་མ་མོའི་དབུས་ན་འགྱིང།། རང་བཞིན་སྤྱན་དྲང་མཆོད་བསྟོད་བསྐུལ། ། ཡི་གེ་བཅུ་གསུམ་རྒྱུན་དུའོ།། དེ་ལ་རྟགས་རྣམས་འབྱུང་བར་འགྱུར།། འོད་དང་སྒྲ་དང་རླུང་ནག་དང།། བཙུན་པ་བཙུན་མ་ཨ་ཙ་ར།། མི་རེང་མང་པོ་འོད་དང་བཅས།། རྟ་པ་ཞིབ་ཅན་མང་པོ་དང། ། གོ་དང་མཚོན་ཆ་མཐོང་ན་འགྲུབ།། རྟག་ཏུ་སྲིན་པོ་ལས་ལ་རྦད།། དྲག་པོ་སྔགས་ཀྱི་གྲོང་ཁྱེར་བསྒྲེང།། དྲག་པོ་ལས་ལ་སྦྱར་བའི་ཚེ།། ལིང་གའི་སྦྱོར་བ་ཟིན་པ་དང།། དང་པོ་དབྱེ་བའི་འཁོར་ལོ་བསྐོར། ། གཉིས་པ་དགུག་པའི་འཁོར་ལོ་བསྐོར།། གསུམ་པ་བཏབ་ཅིང་བྱད་དུ་གཞུག། ཙ་ར་དཀར་པོ་གཉའ་དག་ནི།། ཤར་ལྷོ་མཚམས་སུ་གདགས་པར་བྱ།། སྐེ་རུ་མིང་བྱང་ཆེན་པོ་གདགས།། ལྷུ་དང་མགོ་སྟེ་བཅུ་གསུམ་པ། ། མིང་བྱང་བཅུ་གསུམ་ཁྲམ་བྱང་གདགས།། དམིགས་པ་ཙ་ར་ཉིད་ལ་བཅའ།། ར་པྲ་བརྟག་ཅིང་སྒྲུབ་བྱ་བ།། དྲིལ་དང་རྐྱང་པ་ཤེས་པར་བྱ།། དྲིལ་ན་དམར་པོ་མཆེད་བཞི་སྟེ།། རྩ་བའི་ལས་དང་བལ་མོའི་སྔགས། ། བཞི་རུ་བསྡེབས་ཏེ་གཏད་པ་ཙམ།། བསད་པའི་མཐའ་རུ་མནན་པ་བྱ།། རྐྱང་པ་དཔའ་བོ་གཅིག་པུ་ལ།། ཉིན་མཚན་སྔགས་ནི་མ་ནོར་བྱ།། རྟག་ཏུ་བོད་པ་གཤིན་རྗེ་སྟེ།། ལས་ལ་རྦད་པ་སྲིན་པོའོ། ། གྲོང་ཁྱེར་བསྒྲང་བ་ཕུ་སྤྲུགས་ཏེ།། ཉིན་གྱི་ལས་སུ་ཤེས་པར་བྱ།། ལས་ཀྱི་སྲིན་མོ་རེ་མ་ཏི།། བསེ་མོ་བཞི་དང་དམར་མོ་འབུམ།། མཚན་གྱི་ལས་སུ་ཤེས་པར་བྱ།། ཕོ་ཉ་བཏང་ཞིང་གཟུགས་ལ་བསྟིམ། ། རེག་ཆོད་དྲག་སྔགས་དྲིལ་བ་ཡིས།། རྒྱུ་མཆོག་རྩ་ར་ཤུགས་སྒྲོལ་བྱེད།། དེ་ནས་གཡང་གཞི་བཤུས་ནས་ནི།། ཙི་ཏར་ལིང་ག་བཅུག་པ་ལ།། དྲིལ་སྔགས་བཟླས་དང་ཕུར་པས་གདབ།། རྫོགས་དང་ལིང་ག་ཕྲན་ཚོ་ནི། ། ཙིཏྟར་བཅུག་ལ་ཁ་རུ་བརྫང།། འདོད་པ་ཆེན་པོར་མནན་པ་སྟེ།། གཡང་གཞི་དང་བཅས་མནན་པ་ཡིན།། ལིང་ག་མི་བཟད་མཚོན་གྱིས་གཏུབ།། རོ་སྟོད་འགྲམ་པ་གཡས་སུ་གཞུག། རོ་སྨད་འགྲམ་པ་གཡོན་དུའོ། ། ཕོ་སྔགས་མོ་སྔགས་གཡས་གཡོན་བརྡེག། རྩང་ལ་རྩེ་ཐུར་མཆུ་སྦྱར་ལ།། ཚོན་སྐུད་ཀྱིས་ནི་བསྡམ་པར་བྱ།། དེ་ནས་སྟོང་ལམ་ཆེན་པོའམ།། མཁར་སྒོ་ལྷ་ཡི་ཁང་པའམ།། སྦྲུལ་ལྕེ་བསྣོལ་མ་སྟེག་གི་ཁ། ། ཧྲི་སྟི་བཞིས་བསྐོར་སྔགས་ཀྱིས་གནན།། ལྷག་མ་རྫས་དང་ལིང་ག་ལ།། ཧོམ་ཤིང་ལྕགས་ཀྱི་སྤྱང་མོར་བསམ།། ལས་ཀྱི་མ་མོས་དགྲ་དགུག་ཅིང།། བསྲེག་པ་མེ་ཡིས་ལས་ཀྱང་བྱ།། མནན་པའི་སྦྱོར་ཁ་རྫོགས་རྗེས་སུ། ། ཟོར་ལམ་དགྲ་ལ་བསྟན་པ་སྟེ།། དུག་མདའ་ཁྲག་ཟོར་འཕང་བར་བྱ།། དེ་ལྟར་ནས་ན་ཐེ་ཚོམ་མེད།། བརྒྱ་བྱིན་དབང་པོ་མ་ར་ན།། ཞེས་གསུངས་སོ།། གཤིན་རྗེ་དམར་པོ་ཤན་པ་སྲོག་གི་འཁོར་ལོ་ལས། སྲོག་སྒྲུབ་ཀྱི་རྟོག་པ་སྟེ་གསུམ་པའོ།།།། དེ་ནས་ཡང་ཀུན་དགའ་བོས། དྲག་པོ་སྒྲོལ་བའི་གཙོ་བོ་ལ་གསོལ་པ།། ཨེ་མ་འཇིགས་བྱེད་ཆེན་པོ་ལགས།། སྒྲུབ་པའི་རིམ་པ་དེ་ལྟར་ན།། དྲེགས་པའི་སྲོག་གི་ངོ་བོ་ཡི། ། སྔགས་ཀྱི་འཕྲེང་བ་ཇི་ལྟར་ལགས།། བོད་དང་ལས་ལ་རྦད་པ་དང།། གསང་སྔགས་ཕོ་མོ་དབྱེ་བ་དང།། ལས་སྔགས་རྫོགས་པར་བཤད་དུ་གསོལ།། ཞེས་གསོལ་པས། དེ་ནས་ཡང་དྲག་པོ་སྒྲོལ་བས་བཀའ་སྩལ་པ། གསང་སྔགས་ཡི་གེའི་འཕྲེང་བ་ནི།། འཇིག་རྟེན་ལྷ་སྲིན་ཡོངས་ཀྱི་སྲོག། ནོར་བུ་འཕྲེང་བ་རིན་པོ་ཆེ།། ལས་མཁན་བོད་པའི་སྲོག་ཐག་སྟེ།། སྒྲུབ་བྱ་འགུགས་པའི་ལྕགས་ཀྱུའོ།། སྔགས་ནི་གཤིན་རྗེའི་རང་བཞིན་ཡིན། ། སྔགས་ནི་དུག་གི་མེ་དཔུང་ངོ།། སྔགས་ནི་ནད་ཀྱི་མཚན་ཉིད་དེ།། སྔགས་ནི་མཚོན་ཆའི་འཁོར་ལོའོ།། ཡིད་བཞིན་ནོར་བུ་འབྱུང་པ་ལྟར།། རྐྱེན་གྱི་ཏིང་འཛིན་རྟ་ཡིས་ནི།། ཇི་ལྟར་དམིགས་པ་བཞིན་དུའོ། ། དེ་ནས་དྲག་པོ་སྒྲོལ་བས་ན།། ཉིད་ཀྱི་ཡང་སྙིང་འདི་དག་གསུངས་སོ།། ཨོཾ་ཤྲཱི་མཉྫུ་ཡ་མ་རཱ་ཛ་ཨེ་ཀ་ཛ་ཊི་ཛ། རྟག་པ་རྒྱུན་གྱི་སྙིང་པོ་སྟེ།། སྒྲོལ་བའི་ཐུགས་ཀའི་ཧཱུ~ཾ་ལས་ནི།། འོད་ཟེར་ལྔ་ཡིས་སྲོག་དགུག་པའོ། ། དངོས་དང་ཡིད་ལ་འོང་བ་རྨི།། འདྲིས་དང་བཅུགས་པ་ཡང་ནི་འབྱུང།། སྲིན་པོ་རྦད་པའི་ཡང་སྙིང་སྟེ།། རྣལ་མ་རྣལ་ཏེ་གསོད་ལ་རྔམ།། བཤོས་ལ་མེར་སྤྲིས་ལ་ཆུམ། ཐུ་བིས་ཐུ། ལྕགས་ཀྱི་སྐྲ། དགྲ་བོ་ནརི་མ་ར་ཡ། སྲིན་པོ་ཐོད་འཕྲེང་ནག་པོ་དང།། མ་མོ་འཕྲུལ་ཆུང་ལྕགས་མིག་གམ།། བདུད་ཀྱི་སྲིན་པོས་སྙིང་རྩ་འགུག། ཏྲི་ལིང་ཤང་ཀ་དུ་དྲི་ཟ་ཡཀྴ་རྦད་པུ་ཕྱེ་མ་ཁ་འདར།། རུ་རུབ་དབྲ་དཔྲ་ཐུམ་ཐུམ་ཤིག་ཤིག་དགྲ་བོ་མཱ་ར་ཡ། གཡང་གཞི་འབྲུབ་ཁུང་ལ་སོགས་པ། གདབ་པའི་གསང་སྔགས་ཁོ་ནའོ།། ན་མོ་རཏྣ་ཏྲ་ཡ་ཡཱ། ན་མོ་བེ་ཤྲ་མ་ནི་སྱེ། མ་ཧཱ་རཱ་ཛ་སྱེ། ན་མ་ཏ་ཀུ་པ་ར་ཀུ་པར་བྱེ། ཀ་ཧ་ཀ་ཏི་པ་ཏེ། ཉུ་པ་ན། ཀུ་པ་ར་པ་ར་མ་ཏ་ཡི་ཤ་མི། ཤ་ནུ་རུ་པ་སུ་རུ་པ་ར་ཏ་ན་ཏ། ཀུ་པ་ར་ཙནྟ་ཁ་ན་ཙ་ཁཾ། ཧེ་མོ་ཧ་ས་ཀ་ན་ན་ཏ། ཀུ་བ་ར་ན་ཧེ། མ་ཀུན་གུ་ཧ་ཀ། ཙ་ལ་ཙ་ལ། པ་ཙ་པ་ཙ། ཕུ་ལུ་སྭཱཧཱ། གནོད་སྦྱིན་དམར་པོ་ལ་སོགས་པ། ། བྱེ་བ་ཕྲག་བརྒྱས་སྨྲས་པ་སྟེ། དམག་དཔུང་དབབ་བའི་སྔགས་ཡིན་ནོ།། ཨོཾ་ཧྲིཥྟི་ཝི་ཀྲི་ཏཱ་མོན་ཏ་དགྲ་བོ་མ་ར་ཡ། ཨོཾ་ཧྲིཥྟཱི་ཝི་ཀྲི་ཏཱ་མོན་ཏ་དགྲ་བོ་མ་དུ། ཨོཾ་ཧྲིཥྟཱི་ཝི་ཀྲི་ཏཱ་མོན་ཏ་དགྲ་བོ་མ་ར་ནན། ཨོཾ་ཧྲིཥྟཱི་ཝི་ཀྲི་ཏཱ་ན་ན་མོན་ཏ་དགྲ་བོ་མ་ར་ཡཾ། དམག་དཔོན་སྤྲུལ་པ་ནོན་པ་བཞི།། བརྡེག་དང་མནན་པའི་སྔགས་སུ་བཤད།། ཨོཾ་ཛོ་ཏ་ཝ་ཀྲི་ཏེ་སོད་སོད། དགྲ་བོ་ནི་སོད་མ་ར་ནན། བྷྱོ་བྷྱོ། ཨོཾ་རུས་ཏ་རུས་ཏ་མ་ར་ཡ། མ་ར་དུ། མ་ར་ནན། ལས་ཀྱི་འཆི་བདག་ཆེན་པོ་ལ།། རྒྱ་མཚོའི་གཏིང་དུ་གཏད་པའི་སྔགས།། ཏྲག་རཀྴ་མུ་རུ་ལུ་རུ་ལུ་བྷྱོ། རག་མོ་ཏེ་ཀུམ་ཛ་ཛ་ཛཱ། རག་མོ་ཙ་ཙ་ཁ་ལ་མ་ཏི་བྷྱོ་བྷྱོ། མ་རུ་ལུ་རུ་ལུ་བྷྱོ་བྷྱོ། ཏྲག་ཁ་མུན་ཏྲ་བྷྱོ། རུ་ལུ་རུ་ལུ་བྷྱོ། སྒྲོལ་བྱེད་ནག་མོའི་གསང་སྔགས་ཏེ།། ནག་མོ་འབུམ་གྱི་སྙིང་པོ་ཡིན།། དམག་དཔུང་དབབ་པ་ཞེས་ནི་བྱ།། ཨོཾ་སུ་ཏྲི་བ་ཡ། བ་ར་ཙིཏྟ། ཡོ་གི་ཤོར་ཡ་མ་ཙིཏྟ་ཧཱུ~ཾ་ཕཊ། ཀྱི་ཁྲིད་ར་ཁྲིད་མི་རོ་ལ་ཁྲག་འཐུང། ། ཀང་ཀང་ཀེང་ཀེང་ཙིནྡྷ་མི་རོ་ལ་ཁྲག་འཐུང། ཀང་ཀང་ཀེང་ཀེང་ཀཾ་ཀ་ཡ། མ་མ་མ་མ་ལ་ཡཾ། འགྲོ་ལོ་རྣོ་རྩེ་འགྲན་གཡས་ལ་ཡ། མ་ཏི་ཏིཥྟི་རྦད་ན་ཐུམ་རི་ལི་ལི། ཤི་ཏི་ཏིཥྟ་རྦད་ཐུམ་རི་ལི་ལི། དགྲ་བོ་ནི་མ་ར་ཡ་ཏིཥྟ་རྦད་ན་ཐུམ་རི་ལི་ལི། བལ་མོ་གདུག་པའི་ངན་སྔགས་ཏེ།། སྙིང་ཟན་རྨོད་པའི་དུག་མདའ་ཡིན།། གཏུམ་པོ་ཡཾ་ཡཾ། སྒྲོལ་གིང་ཡཾ་ཡཾ། མ་རུ་རྩེ་ལ་ཡཾ་ཡཾ། རྩ་ལ་ཧུར་ཐུམས་སྲོག་ལ་ཡ་ཡ། དུ་ན་ཛ། དུ་ལིང་ཀྲད་དེ་ཀྲད་དེ་ཛ་ཛ། ཀྲིང་ཀྲིང་རཱ་ཛ་མ་ནི་སྙིང་ཤད་ཤད། ཧཾ་ཧཾ་མ་ར་ནརི་ཛ་ཛཱ། སྒྲོལ་གིང་རྟག་ཏུ་རྦད་པ་སྟེ།། འདི་ནི་རྦད་ཏིག་ཁོ་ནའོ།། ཡང་དུ་སྙིང་ཁྲག་ནི་ཤ་ཀུ་རུ། ཁ་སོ་པ་ཏྲི་ཡཾ། དུ་ཡཾ་སེན་སེན་ཡཾ། ཚེ་སྲོག་རྩ་མཱ་ར་ཡ། ཡ་མ་རཱ་ཛ་ནརི་མཱ་ར་ཡ། དུ་མ་ར་ཡ། ཡ་མ་ར་དུ། ཡ་མ་ཁྲག་སྙིང། ཡ་མ་ཁྲཾ་བཾ་རྦད། ཡ་ཚ་ལ་པ། ཡཾ་བཾ་རི་ལ། ཡ་མ་དམ་པ་དུམ་བུ་མཱ་ར་ཡ་ཧཱུ~ཾ་ཕཊ། ཨོཾ་དམར་པོ་རཀྴ་སྙིང་ལ་ཁུག། ཐུམ་བྷྱོ་མཱ་ར་ཛཱ། མཱ་ར་ཡ་ཛ་ཛ་ཛ་ཛ། སྤུ་གྲི་རེག་ཆོད་ཅེས་བྱ་བ།། ཨོཾ་ཤྲཱི་མཉྫུ་ཡ་མ་རཱ་ཛཱ་ཨེ་ཀ་ཛ་ཊི་ཛ་ཛ། ས་མ་ཡ། ཨོ་ཤྲཱི་མཉྫུ་སྙིང་ལ་ཆུམ། དབུགས་ལ་བྷྱོ། སྲོག་རྩ་ཁུག་མཱ་ར་ཡ་ཐུན་བྷྱོ། གར་པ་ནརི་ཛ་ཛཱ། སྙིང་དུ་ཁྲག་དུ། སྲོག་ཁུགས་མ་ཡ། ཙ་ཁྲག་ཙིཏྟ་ཕྱུང། དམར་པོ་རཀྴ་སྲོག་ལ་ཧུར་ཐུམས་རྦད་རྦད། དམར་པོ་ཡབ་ཡུམ་གསང་པ་སྟེ།། བནྡྷེ་ནང་འགྲས་གསད་པ་ཡིན།། ཨོཾ་རྣལ་མ་རྣལ་ཏེ་གསོད་ལ་རྔམ་བྷྱོ་ས་མ་ཡ། ཤྲཱི་མཉྫུ་ལྕགས་ཀྱི་སྐྲ་ཆེ་གེ་མོ་མཱ་ར་ཡ་ཧཱུ~ཾ་ཕཊ། སྙིང་ཐུམ་དྷེ་པ་ཏྲིག་ནན་སྲོག་ལ་ཐུར་ཐུར་གཤོགས་རྦད་རྦད། སྲིན་པོ་ལས་ལ་རྦད་པ་ཡིན།། ཨོཾ་ཤྲཱི་མཉྫུ་ཀུ་བར་ཛ་ཁཾ་རུ་ལུ་རུ་ལུ་མ་བྷྱོ་ས་མ་ཡ། ཨོཾ་ཤྲཱི་ཏྲག་རཀྴ་རུ་ལུ་སྲོག་ལ་བྷྱོ། དཔྲིས་ལ་ཆུམ། གུ་གུ་ཐུམ། མཱ་ར་ཡ་བཾ་རིལ་ཐུམ་ལི་སྙིང་རྩ་འདུ་འདུ། སྲོག་སྙིང་ཏྲག་ཤད་མ་བྷྱོ། གནོད་སྦྱིན་ཕོ་མོས་གསད་པ་ཡིན།། ཨོཾ་ཤྲཱི་མཉྫུ་བདུད་པྲ་མ་ཡ་བདུད་མཱ་ར་ཡ། སྙིང་འགོ་ཆོད་དུ་རུ་དུ་རུ། ཧར་ཏི་ཧར་ཏི་དགྲ་བོའི་སྙིང་ཤ་མཱ་ར་ཡ་ཛ། རྩ་ལ་རོག་པ་སྲོག་ཁུག། སྙིང་དུ་ཡཾ། དབུགས་ལ་ཐུམ། ནཱ་ག་གྲོ་ཏ་བཾ་རིལ་རྦད། ནཱ་ག་རཱ་ཛ་ཏྲག་ཏྲག་སྲོག་འུབས་རྦད། མྱགས་རྦད། བདུད་ཀྱི་དུག་མདའ་གསད་པ་ཡིན།། ཨོཾ་ཤྲཱི་མཉྫུ་ཏྲི་ལི་སྲོག་ཁུང་མྱོས་ལིང་ས་མ་ཡ་ཡ། ཤྲཱི་པ་ཙ་སྲོག་པ་ཤལ་ཁ་ཐུན་པ་ཙ་བཾ་རིལ་ཏུན་བྷྱོ། རྦད་ཁུག་ཏིར་ཏི་མཱ་ར་ཡ། མྱོས་སྙིང་ཚལ་པ་རྦུད་རྦུད། དུག་བདག་ཤན་པས་གསད་པའོ།། སྒྲོལ་གིང་ཤཾ་ཤཾ་རྩེ་ད་རྩེ་ད་ཤ་ཤ་མ། ཤ་ཤ་རཱ་ཛ་མ་ནི་གིག་ཀ་ར་ཀྲིང་ཀྲིང་ཡཾ་ཡཾ་ཤོག་ཤོག། འདུ་འདུ་ཐུང་ཐུང་ཁྱེར་ཁྱེར། གིང་རཱ་ཛ་མ་ནི་བྷྱོ་བྷྱོ། ཐིག་ནིག་གཅིག་མེད་གཉིས་ཏྲག། བརྒྱད་གཅད། གནམ་མཐོང་ཕྱེ། ལྕགས་སྒྲོག་ཁྲོལ། མི་རང་སོད། གླང་ཐོབ། ཐོག་བརྫིས། མཐོངས་རྟོལ། གནད་ཆོད། རྒྱུན་སྟོབས། གཟུགས་ཆོམ། དཔུང་ཤིག། ལྷུར་ཕྱུར། ཡས་རྒྱབ། དུར་ཕུར་སྤྲུགས། ཀླད་པ་ཙཀྲ་རཾ། ཙིཏྟ་ཀུ་རུ་ནན། སོ་ཏྲི་བ་རཾ། སོ་ཏྲི་ནི། ནརི་ཏྲི་རྦད། ཨ་ཡུ་ཆོད། གཉའ་ན་ཁོག། མ་རཱ་ཡ། འདི་ནི་རྒྱུད་གཅོད་དྲག་པོ་སྟེ།། གྲོང་ཁྱེར་བསྒྲེང་དང་ཤོད་རྡེའུ་འགྲང།། གསད་པའི་སྔགས་ཀྱང་འདི་དག་གོ། གཤིན་རྗེ་དམར་པོ་སྲོག་གི་འཁོར་ལོ་ལས། གསད་སྔགས་པའི་རྟོག་པ་སྟེ་བཞི་པའོ།།།། དེ་ནས་ཡང་ཀུན་དགའ་བོས། དྲག་པོ་སྒྲོལ་བ་ལ་གསུངས་པ། ཨེ་མ་གསང་སྔགས་རྣལ་འབྱོར་ཅན།། ཆེ་བ་ཡེ་ཤེས་ལྡན་པ་ཁྱོད།། གསང་སྔགས་རིམ་པ་དེ་ལྟར་ན། ། སྙིགས་མ་ལྔ་ཡི་དུས་ཉིད་དུ།། ངོ་དམར་དགྲ་བོས་བསྟན་པ་འཇིག། རུ་དྲ་བསྒྲལ་བའི་རིམ་པ་གང།། འཕྲིན་ལས་རྫོགས་པར་བཤད་པ་མཛོད།། དྲག་པོ་སྒྲོལ་བས་བཀའ་སྩལ་པ།། སྙིགས་མ་ལྔ་ཡི་དུས་ཉིད་དུ། ། རྟགས་འཛིན་དུས་སུ་དེ་ཉིད་དུ།། བསྟན་པའི་ལྔ་དགྲ་གདུལ་བའི་ཕྱིར།། ཞིང་བཅུ་མ་ལུས་ཉམས་པའི་དགྲ།། མྱུར་དུ་བསྒྲལ་པ་འདི་དག་གོ། རྒྱ་ཤོག་རྒྱུ་ལ་ཨ་མུ་ཀའི།། རྟེན་གྱི་རྫས་དྲུག་དམིགས་པའི་རྟེན། ། མི་རྟ་ར་ཡི་ཁྲག་དང་ནི།། བོང་བུའི་བདུད་རྩི་གྲོག་མཁར་བ།། དམིགས་པའི་གཟུགས་བྲིས་གནད་ཡིག་དགོད།། མཐའ་མ་དབྱེ་བའི་སྔགས་ཀྱིས་བསྐོར།། རྩང་བསྐོར་དུག་གིས་མྱོས་པར་བྱེད། ཁ་ཁ་ཧུ་ལུ་འཐབ་ཏུ་གཞུག། གུ་གུལ་སྦྱར་མ་ལ་སོགས་པ།། གདུག་པ་ཀུན་རྨེའི་དུ་བས་བདུག། དབྱེ་བ་རྫོགས་ནས་དགུག་པ་སྟེ།། དཔལ་གྱི་ཕྱག་བརྙན་རྟག་ཏུ་བསྐུལ།། ཨཱ་ཀརྵ་ཡས་སྲོག་དགུག་གོ། དེ་ནས་སྟབ་པ་དྲག་ཏུ་བྱ། ། སྔོན་དམར་དྲིལ་ཏེ་ཙ་ར་ལའོ།། ར་ནི་འདར་དང་འཚབ་པ་དང།། སྤྲི་ཞིང་འཇོལ་དང་ཉལ་བ་དང།། སྐད་འབྱིན་པ་ལ་སོགས་པ་ལ།། ཕྱི་པྲ་རྟག་པ་ཤེས་པར་བྱ།། གྲུབ་ན་རེག་ཆོད་དྲག་སྔགས་ཀྱིས།། ཙ་ར་བསྒྲལ་ལ་ནད་པྲ་བལྟ། ། སྙིང་དང་སོག་པ་མཆིན་པ་དང།། རྟགས་ཀྱི་ཚད་མས་གཟུང་བ་བྱ།། སོགས་པའི་མཁའ་དྲུགས་གཅད་ལ།། ཆག་གྲུམ་ཀ་བ་ཆག་པ་དང།། རྨུ་ཐག་ཆད་དང་རྡོལ་བ་དང།། མདུང་ཤིང་འདྲ་དང་སྦྲུལ་རྗེས་འདྲ་བ་དང། ། ཧར་ཧོར་རྩ་བ་རྩུབ་བྱུང་བ་ན།། རྩ་བ་བརླག་པར་ཡང་དག་བཤད།། མཆིན་པའི་ས་གསུམ་ཤེས་པར་བྱ།། ཉག་ཉེ་ག་ཧར་ཧོར་གང་ཡང་བཟང།། སྐྲན་དང་སྐྱ་ཐིག་སྔ་སྔོ་དང།། པགས་པ་བྱེ་དང་ཁྲ་རྡོལ་ན། ། རིམས་དལ་འོང་ཞིང་བཀྲ་མི་ཤིས།། དེ་དག་ཁྲིས་པ་བསྐམས་པ་ན།། ཕྱུགས་དང་རྫས་རྣམས་བརླག་པར་འགྱུར།། སྙིང་ཁུག་མང་ན་ཁྲག་ཏུ་སྐྱུག། ཆུ་ཡིས་ཁེངས་ན་སྨྱོ་འབོག་འོང།། ཧར་ཧོར་ཉག་ཉེག་བྱུང་བ་ན། ། བློ་བུར་དག་ཏུ་འཆི་བར་འགྱུར།། སྲོག་རྩ་སྦུ་གུ་མེད་པ་ན།། སྐྱེ་རྒྱུད་འཆད་པར་ཡང་དག་བཤད།། རྟགས་ནི་གང་དང་གང་བྱུང་ཡང།། གཡང་གཞིའི་ནང་དུ་དྲག་སྔགས་དྲང།། འདོད་པ་ཆེ་ཆུང་སྐབས་དང་སྦྱར། ། བསྲེག་པའི་ཐལ་བ་ཁ་རུ་བརྫང།། དེ་ནས་གནས་པའི་ལས་བྱའོ།། བན་དྷེ་ནང་འགྲས་རྟགས་འགོར་ན།། རོ་ལངས་ནག་པོའི་ཙཀྲ་དང།། མུ་སུ་ར་ཡི་ཐོད་པ་དང།། དུག་དང་རུས་ནག་ཐལ་བ་དང། ། བྱི་ལའི་རུས་པའི་ལྕགས་ཕྱེ་དང།། དོམ་ཁྲག་སྤྲེའུ་ལྕེ་ཝ་རུས་དང།། དབྱི་ཁྲས་མངལ་ཁྲག་འབྲུ་གཉིས་ལ།། བསྔགས་ཤིང་གསད་པའི་ལས་ཀྱང་བྱ།། ལྷ་གསས་ཆགས་པའི་བོན་པོ་ལ། ། སྦལ་པའམ་སྤྲེའུའི་ཐོད་པ་དང།། དུག་དང་ཁྲག་དང་སྦྲུལ་ཤས་བྱ།། ཐམས་ཅད་བསྐྱེད་པའི་བུད་མེད་ལ།། ཝ་ཐོད་དུག་ཁྲག་བྲ་བོ་དང།། བྱེའུ་རིག་པ་ལ་སྔགས་གསད།། མུ་སྟེགས་སྦྱོར་བ་ལོག་པ་ལ།། བུད་མེད་ཐོད་པར་ཁྲག་སྣ་དང། ། མཁྲིས་པའི་རྫས་ཀྱིས་གསད་པ་ཙམ།། སྡིག་ཅན་འགྲོ་བའི་གཤེད་མ་ལ།། གཤོག་པ་ཅན་དང་མཆེ་བ་ཅན།། གདུག་པའི་ཐོད་པར་མཆུ་སྡེར་དང།། མཚོན་ཆ་སྣ་ཚོགས་སྦྱོར་བས་གསད། ། དམ་འདྲེས་ཤིན་ཏུ་རྟགས་འགོར་ན།། ཕག་པའི་ཐོད་པར་མཁས་པས་ཀྱང།། རྫས་རྣམས་སྦྱོར་བ་བསད་པ་ཙམ།། ཡང་ན་སྲོག་གི་སྒྲུབ་པ་ལ།། སྤུ་གྲི་བསྒྱུར་ཡང་མྱུར་དུ་ནི།། བརླག་པར་དཔའ་བོས་ཡང་དག་བཤད། ། ཟ་བྱེད་གདུག་པའི་གཤིན་རྗེ་སྟེ།། ཚེ་སྲོག་འཕྲོག་པའི་ལས་སུ་བཤད།། གཤིན་རྗེ་དམར་པོ་སྲོག་གི་འཁོར་ལོའི་རྒྱུད་ལས།། འཕྲིན་ལས་དྲག་པོའི་རྟག་པ་སྟེ་ལྔ་པའོ།།།། དེ་ནས་ཀུན་དགའ་བོས་གསོལ་པ། ། དྲག་པོ་སྒྲོལ་བའི་སྐུ་མཆོག་ཁྱོད།། འཕྲིན་ལས་སྒྲོལ་བའི་རིམ་པ་དེ་ལྟར་ན།། སྔགས་འཆང་རྣལ་འབྱོར་ཆེན་པོ་ཡིས།། ལས་རྣམས་ཀུན་གྱིས་མ་གྲུབ་ན།། སྤོགས་པའི་ཆོ་ག་གང་ལ་བགྱི།། གནད་གཅོད་དྲག་པོ་ཇི་ལྟར་ལགས། ། སྲོག་གི་འཁོར་ལོ་གང་ལ་བགྱི།། ཡེ་ཤེས་ཆེན་པོས་བཤད་པར་མཛོད།། དྲག་པོ་སྒྲོལ་བས་བཀའ་སྩལ་པ།། ལས་རྣམས་གང་ཡང་མ་གྲུབ་ན།། བཤགས་པ་བྱས་ལ་བསྙེན་པ་སྤོགས། ། རྟགས་ཀྱི་དྲོད་རྟགས་ཚད་མས་གཟུང།། འཕྲིན་ལས་རིམ་པ་སྤོགས་ཤིང་བྱ།། དེས་ཀྱང་གྲུབ་པར་མ་གྱུར་ན།། བསྒྲལ་བའི་གཡང་གཞིར་འཁོར་ལོ་བྲི།། ཙིཏྟའི་ནང་དུ་མིང་བཅུག་ལ།། འཁོར་ལོ་སྟེ་དབུས་ཨེ་ལའོ། ། ཞག་གྲངས་གསུམ་གྱི་བར་དག་ཏུ།། ཕོ་སྔགས་མོ་སྔགས་ཉིན་མཚན་བརྡེག། སྐབས་སུ་སྔགས་ཀྱི་གྲོང་ཁྱེ་བསྒྲེང།། སྲོག་གཅད་གནད་གཅོད་དུ་མ་རེའོ།། ངེས་བར་རྫོགས་དང་མནན་པ་བྱ།། རྒྱ་རྫོགས་མཐའ་རུ་རུ་ཁུགས་བྱ། ། ཨོཾ་ཤྲཱི་མཉྫུ་ཡ་མ་རཱ་ཛ་ཨེ་ཛ་ཊི་ཛ། ཏྲག་རཀྴ་མུ་རུ་ལུ་རུ་ལུ་བྷྱོ། ཕོ་མོའི་དྲིལ་སྔགས་ངེས་པར་གཅོད།། བདུད་ཀྱི་ཤོད་རྡེའུ་འགྲང་ཞིང་བརྡེག། རྫོགས་ནས་གདུག་པའི་གནས་སུ་གཏད། ། དེས་ཀྱང་གྲུབ་པར་མ་གྱུར་ན།། ཡང་གསང་སྙིང་པོའི་སྦྱོར་བ་བརྩམ།། ཙིཏྟ་དཀྲུག་པའི་འཁོར་ལོ་བཅའ།། བསེ་བྱང་གཉིས་ནི་ལྡིན་དུ་གཞུག། ཞག་གསུམ་བར་དུ་འཁོར་ལོ་དཀྲུག། མཐའ་རུ་བཟློག་སྔགས་ལྟོ་ནས་བཟློག། ལྷ་ནི་གནད་ལ་དབབ་པ་སྟེ།། བྱ་བ་སྔགས་ན་རང་སྲོག་གཅོད།། དྲོད་ཚད་རྟགས་ཀྱི་ཚད་པས་གཟུང།། ཛ་ཏི་ཛ་ག་ཨེ་ཙ་ར་མ་ཡཉྫུམ་ན་ཤྲཱི་ཨོཾ། དགྲ་བོ་མཱ་ར་ཡ་ནརི། སྐྲ་ཀྱི་ལྕགས། ཐུ་པིས་ཐུ། ཆུམས་ལ་སྤྲིས། མེར་ལ་བཤོལ། རྔ་མ་ལ་གསོད་དེ་རྣལ་མ་རྣལ་ཤིག་ཤིག། དུམ་དུམ། པྲ་པྲ། རུ་རུ་འདར་ཁ་མ་ཕྱེ་པུ་རྦད་ཤ་ཡག། ཤ་དྲི་དུ་ག་ཤང་ལིང་ཏི། གཏུམ་པོ་ཡཾ་ཡཾ། སྒྲོལ་གིང་ཡཾ་ཡཾ། མ་རུ་ཙེ་ལས་ལ་ཡཾ་ཡཾ། ཙ་ལ་ཧུར་ཐུམས་སྲོག་ལ་ཡ་ཡ། དུ་ན་ཛ་དུ་ལིང། ཀྲད་དེ་ཀྲད་དེ་ཛ་ཛཱ་ཀྲིང་ཀྲིང། རཱ་ཛ་མ་ནི་ཤད་ཤད་ཧཾ་ཧཾ་མ་ར་ནི་ཛ་ཛ། ཕོ་སྔགས་ལྟོ་ནས་བཟློག་པ་སྟེ།། སྙིང་ཁྲག་འཛག་པའི་སྔགས་སུ་འདོད། ། ཛ་ཏི་ཛ་ཀ་ཨེ་ཛ་ར་མ་ཡ་མཉྫུ་ཤྲཱི་ཨོཾ། བྷྱོ་རུ་ལུ་རུ་ལུ་བྷྱོ། ཏྲ་མུན་ཁ་རག་བྷྱོ། ཏྲ་མུན་ཁ་རག་བྷྱོ། རུ་ལུ་ལུ་མ་མ་བྷྱོ། ཧི་མ་ལ་ཁ་ཙ་ཙ། མོ་རག་ཛ་ཛ་ཛ། ཀུམ་ཏེ་མོ་རག་བྷྱོ། རུ་ལུ་རུ་ལུ་མུ་ཤ་རག་ཏྲག་ཡ་བ་ཏི་སུ། ཏ་ཙི་ར་བ་ར་ཤོ་གི་ཡོ་ཏ་ཙི་མ་ཡ་ཧཱུ~ཾ་ཕཊ། ཀྱི་ཁྲིད་ར་ཁྲིད་རོ་ལ་ཁྲག་འཐུང། ཀང་ཀང་ཀེང་ཀེང་ཙིན་དྷ་མ་རོལ་ཁྲག་འཐུང། ཀང་ཀང་ཀེང་ཀེང་ཀང་ཀ་ཡ། མ་མ་མ་མ་ལ་ཡཾ་དགྲ་བོ་ལོ་རྣོ་རྩེ་མགྲིན། གཡས་ལ་ཡ་མ་ཏི་ཏ་རྦད། པུ་ཐུཾ་རི་ལི་ལི། ཤ་ཏི་ཏི་སྟ་རྦད་ན་ཐུམ་རི་ལི་ལི། དགྲ་བོ་ནི་མ་ར་ཡ་ཏ་སྟ་རྦད་ན་ཐུཾ་རི་ལི་ལི། མོ་སྔགས་ལྟོ་ནས་དཀྲུག་པའོ།། དཀྲུག་བཟློག་དྲག་པོའི་དུས་དག་ཏུ།། ཁྲག་དུག་ཏིལ་དང་སྙིང་ཕྱེ་བསྲེག། བྱ་བའི་གོས་ཀྱང་ལོག་པར་བགོ། གཤིན་དམིག་བཟློག་ཅིང་བསྐོར་བ་བྱ།། དེ་ལྟར་བྱས་ན་ལྷ་ཡང་ཡང་འཆི།། བསྟན་པ་ཉམས་སམ་ལས་རྡུགས་ན།། ལས་འདི་བྱ་བ་མ་ཡིན་པ།། ཡ་བ་ག་ཤ་རར་བཤད་པ་ཡིན། ། སྔགས་བདག་ཉིད་ཀྱང་འཚེ་བྱེད་བཟློག། རྣལ་འབྱོར་དགོངས་པ་མ་ནོན་ན།། འཁོར་དུ་བཀྲ་མི་ཤིས་པའམ།། སྒྲོལ་གིང་ལས་ནི་མི་བྱེད་ན།། སྐབས་སུ་བཟློག་སྔགས་བཟླས་པར་བྱ།། ཞེས་གསུངས་སོ། ། གཤིན་རྗེ་དམར་པོ་ཤན་པ་སྲོག་གི་འཁོར་ལོའི་རྒྱུད་ལས། གནད་བཟློག་དྲག་པོས་གཟིར་བའི་ལེའུ་སྟེ་རྟོག་པ་དྲུག་པའོ།།།། དེ་ནས་དྲག་པོ་སྒྲོལ་བའི་སྐུ།། མཆོག་གིས་འདི་སྐད་ཅེས་གསུངས་སོ།། བསྟན་པ་རིན་ཆེན་རྒྱ་ལམ་གཅིག། རྨོད་པའི་རྒྱལ་པོ་ཉེ་བའི་ལམ།། དྲག་པོ་ཤུགས་ཀྱིས་སྒྲོལ་བ་ཡི།། ཟ་བྱེད་རོལ་བའི་ཏན་ཏྲ་འདིས།། ཆོས་ཉིད་དབྱིངས་ལས་ཐུགས་རྗེའི་སྐུ།། དཔའ་བོ་རྔམ་པ་གཅིག་པུ་པ།། ཡེ་ཤེས་ཆེན་པོ་བདེ་བའི་ལམ། ། སྨོད་པའི་རྒྱལ་པོ་ངེས་ཤར་བའོ།། ཐབས་དང་ཤེས་རབ་ངེས་པའི་བཀའ།། ཡང་གསད་ཡན་ལག་ཉེ་བའི་སོ།། སྲོག་བདག་ཤན་དམར་གདུག་པའི་དཔལ།། ཟ་བྱེད་རོལ་པ་ཞེས་སུ་བཤད། ། སྙིང་པོ་ཉེ་བ་བཀའ་རྒྱུད་འཛིན།། ཤེས་རབ་དབང་གི་བརྡ་ཡིས་སོ།། མྱུར་མགྱོགས་སྒྲོལ་བ་ལིང་གི་རྒྱུད།། སྲོག་ལ་ཤན་པ་བསྐུལ་བ་འདི།། ལྷ་དང་མཁའ་འགྲོ་རིག་པ་འཛིན།། ལྷ་ཀླུ་དྲེགས་པ་མི་བཟད་རྗེ། ། གཤིན་རྗེ་གཤེད་ཀྱི་དགེ་འདུན་ཀུན།། ང་ཡི་བཀའ་རྒྱུད་རོལ་པ་འདི།། མ་འོངས་དུས་ན་གང་སྤྱོད་པའི།། རྣལ་འབྱོར་སྒྲུབ་པའི་ལས་གྱིས་ཤིག། ང་ཡང་དམ་ལས་མི་འདའ་སྟེ།། ཁྱོད་ཀྱང་དམ་ལས་མ་འདའ་ཞིག། གལ་ཏེ་འདས་ན་དྲེགས་པ་ཡིས།། སྙིང་ཁྲག་འདྲེན་དང་སྟོབས་འཇོམས་སོ།། ཡ་ག་ཤ་ཡཀྴ་ས་མ་ཡ་ཞེས་གསུངས་ཏེ་མི་སྣང་བར་གྱུར་ཏོ།། དེ་ནས་འཁོར་ཐམས་ཅད་དགའ་མགུ་ཡི་རངས་ཏེ་མངོན་པར་བསྟོད་དོ། ། གཤིན་རྗེ་དམར་པོ་ཤན་པ་སྲོག་གི་འཁོར་ལོ་ལས། རྒྱུད་གཏད་པའི་ལེའུ་སྟེ་བདུན་པའོ།།།། རབ་ཏུ་གསང་བའི་རྒྱུད་ཟ་བྱེད་ཤན་པའི་འཁོར་ལོ་ཞེས་བྱ་བ་རྫོགས་སོ། །།། སྲོག་བདག་ཤན་པའི་རྒྱུད། གནོད་སྦྱིན་དྲ་བ་ནག་པོའི་རྒྱུད་ཕྱི་མ་འཕྲ་རྒྱུད་ལགས་སོ།། བལ་ཡུལ་གྱི་རྒྱལ་པོ་བ་སུ་དྷ་ར་དང། ཨརྱ་བོ་དྷ་དང། བླ་མ་ཁྲག་འཐུང་ཉིད་དང། བོད་ཀྱི་བན་དྷེ་ཁྲི་གཙུག་གིས། བྷར་ཧ་ཡི་བྲག་ཕུག་ཏུ་བསྒྱུར་བའོ།། ས་མ་ཡ། རབ་ཏུ་གསང་བར་གསུངས་སོ།། ཨྠི+ྀཿརྒྱ་རྒྱ་རྒྱ།།།།

CLOSE WINDOW