CLOSE WINDOW

Gpb043.010: དཔལ་གནོད་སྦྱིན་ཟླ་གསང་དམར་པོའི་རྒྱུད། སྒྲོལ་གིང་མ་རུ་ཙེ་ཤན་པ་སྤུ་གྲི་རེག་ཆོད། གནམ་ལྕགས་ཐོག་གི་སྟ་རེ། བསེ་མདུང་དམར་པོ། དྲག་སྔགས་དུག་མདའ་ནག་པོ། རྨོད་པའི་མཚོན་ཆ། འཕྲིན་ལས་ཀྱི་མདོ་རྒྱུད
Wylie

ཤྲཱི་ཡཀྵ་ཙནྟྲ་གུ་ཧྱ་ཏནྟྲ་མ་རུ་ཙེ་ར་ག་སོ་རི་མཱ་ར་ཡ་ཏནྟྲ། བོད་སྐད་དུ། དཔལ་གནོད་སྦྱིན་ཟླ་གསང་དམར་པོའི་རྒྱུད། སྒྲོལ་གིང་མ་རུ་ཙེ་ཤན་པ་སྤུ་གྲི་རེག་ཆོད། གནམ་ལྕགས་ཐོག་གི་སྟ་རེ། བསེ་མདུང་དམར་པོ། དྲག་སྔགས་དུག་མདའ་ནག་པོ། རྨོད་པའི་མཚོན་ཆ། འཕྲིན་ལས་ཀྱི་མདོ་རྒྱུད། བཅོམ་ལྡན་འདས་འཇམ་དཔལ་གཤིན་རྗེ་གཤེད་པོ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་ཀུན་ཏུ་བཟང་པོ་ཆོས་ཀྱི་སྐུ་ཆེན་པོ་ལས་གཟུགས་སྐུ་སྟོང་གསལ་ཡོངས་ལ་ཁྱབ་པའི་ཐུགས་རྗེ་བསྟན་ཏེ། དེ་ཡང་གདུལ་བྱའི་སྐབས་ཀྱིས་འགྲོ་བ་ཇི་ལྟར་འདུལ་བ་བཞིན་དོན་མཛད་པ་ལས། ། དེའི་ཚེ་དེའི་དུས་ན་ཆོས་ཀྱི་སྐུ་སྙིང་པོ་བྱང་ཆུབ་ལ་སྙོམས་པར་ཞུགས་པ་ལས། སྙིང་པོ་བྱང་ཆུབ་ལས་སྟོང་པ་ཉིད་དུ་རྣམ་པར་བཤིག་སྟེ། འགྲོ་བ་རིགས་དྲུག་ཐུགས་རྗེས་ཇི་ལྟར་མོས་པར་འདུལ་བའི་འོད་ཟེར་ཁྱབ་པ་གཟུགས་ཀྱི་སྐུ་དང་སྤྲུལ་སྐུར་བཞེངས་ནས་གནས་སོ། ། འགྲོ་བ་རྣམས་ལ་ཐེག་པ་ཆེ་ཆུང་གང་ལྟར་འཚམ་པས་དོན་མཛད་པ་ལས། ཕྱིན་ཅི་ལོག་ཏུ་ཁ་བལྟས་པ་ལས་ཀྱི་སྲིན་པོ་གདོང་དམར་དང། དམ་ལས་ལོག་པའི་དམ་ཉམས་དམ་སྲི་དེ་ནི་འདུལ་བར་མ་གྱུར་ཏེ། སླར་བསྟན་པའི་དགྲ་གྱུར་པ་ལས། ཡང་དེ་ཡི་ཚེ་དེ་ཡི་དུས་ན་གཟུགས་ཀྱི་སྐུ་ལས་གནོད་སྦྱིན་ཟླ་གསང་དམར་པོ་འདུལ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། གང་གསང་སྔགས་མོས་པ་སྤྱོད་པའི་སེམས་ཅན་རྒྱུད་མ་དག་པ་ཐམས་ཅད་ཇི་ལྟར་མོས་པ་ལྟར་འདུལ་བར་དམ་བཅས་ཏེ་དྲག་པོའི་དགོངས་པ་ལ་བཞུགས་པ་ལས། དེའི་ཚེ་དེའི་དུས་དེ་ན་བདུད་ས་འཛིན་གྱི་རྒྱལ་པོ་ཞེས་བྱ་བ། རབ་ཏུ་ཞེ་སྡང་ཆེ་བ་དཀར་པོའི་བསྟན་པ་མི་དད་པ། འཁོར་མང་པོ་དང་དབང་ལྡན་པ་གཅིག་གནས་པ་འཁམས་འཁྲུགས་ཏེ། བདུད་ཀྱི་དམག་དཔུང་འཁོར་བྱེ་བ་ས་ཡ་དང་བཅས་ཏེ་བར་དུ་གཅོད་པའི་ཐབས་རྣམ་པ་སྣ་ཚོགས་པའི་ལས་བྱེད་པར་གྱུར་ཏོ། ། དེ་ཡི་ཚེ་དུས་ཀྱི་རྒྱལ་པོ་དེས་ཏིང་ངེ་འཛིན་གྱི་སྤྲུལ་པ་ཞིག་བཀྱེ་སྟེ། བདུད་ས་འཛིན་གྱི་སྤྲུལ་པ་རབ་ཏུ་ཞེ་སྡང་འཁྲུག་ཅིང་གདུག་པ། རྡོ་རྗེའི་ཐེགས་ལ་སྨོད་པ། སངས་རྒྱས་ཀྱི་བསྟན་པ་ལ་བར་དུ་གཅོད་པ། གང་ན་འཇིག་རྟེན་གྱི་ཁམས་འདི་ན། དཀར་པོའི་ལས་ལ་དད་པ་དང། གསང་བའི་ཐག་པ་ལ་ཞུགས་པ་ཐམས་ཅད་ཀྱི་བདུད་གཉེན་པོ་བར་ཆོད་ཀྱི་བདུད་དུ་འཇིག་རྟེན་ཁམས་ཁེབས་པར་ཏིང་ངེ་འཛིན་གྱི་ཆོ་འཕྲུལ་བཀྱེའོ། ། དེ་ནས་ཡང་བདུད་ཀྱི་དམག་དཔུང་ཆན་པོ་བསྟིབས་ཏེ། གང་ན་དུས་གསུམ་གྱི་སངས་རྒྱས་ཀྱི་སྤྲུལ་པ་ཆོས་གཏན་ལ་འབེབས་པ་དེ་མ་ཐོགས་པར་འདུལ་བར་གཟས་པ་ལས། དེ་ནས་ཡང་དེ་མ་ཐག་ཏུ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱིས་གཟིགས་ཏེ། འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐར་པའི་ལམ་བཀག་ཅིང་འགེགས་པར་གཟིགས། དེ་ཟིལ་གྱིས་གནོན་པའི་ཕྱིར་སྙིང་པོ་བྱང་ཆུབ་ལས་ཐུགས་རྗེ་ཆེན་པོར་བཞེངས་ཏེ། ཐུགས་རྡོ་རྗེ་ཡི་གེ་ཧཱུ~ཾ་གཅིག་ཏུ་བསྡུས་ཏེ་གནས་སོ།། དེ་ལས་ཨོཾ་ཧྲི་ཥྟིཿབི་ཀྲྀ་ཏཱ་ན་ན་ཧཱུ~ཾ་ཧཱུ~ཾ་ཕཊ། ཅེས་བརྗོད་པས། བདུད་རྗེ་དྲེགས་པ་ཅན་ཐམས་ཅད་འདུལ་བའི་གཤེད་པོ་ཁྲོ་བོ་ཡ་མན་ཏ་ཀར་སྐུ་བསྟན་ཏེ། ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མན་ཏ་ཀ་ཧ་ན་མ་ཐཱ་བན་ཛ་ཧཱུ~ཾ་ཕཊ། ཅེས་བསྒྲོགས་ཤིང་གཟུགས་ཀྱི་སྐུ་མི་བཟད་རྒྱན་གྱི་འཁོར་ལོར་གྱུར་པ་ལས། དེ་ནས་ཨོཾ་ཤྲཱི་མཉྫུ་ཡ་མ་རཱ་ཛ་མ་མ་ཨེ་ཀ་ཛ་ཏི་ཛ་ཛ། ཞེས་བསྒྲགས་པས་ཡུམ་དང་སྲས་མཆོག་བཅས་པར་ལྷུན་གྱིས་གྲུབ་བོ།། དེ་དག་གིས་བདུད་དེ་ལ་དམིགས་ཏེ་སྤྲུལ་པའི་ཚོགས་བསམ་གྱིས་མི་ཁྱབ་པ་བཀྱེ་བ་ལས། དེ་དག་གིས་དཀར་པོའི་ཕྱོགས་ལ་དང་པའི་ལྷ་སྲིན་དྲེགས་པ་ཅན་མ་རུངས་པ་ཀུན་དབང་དུ་བསྡུས་ཏེ། དེ་ཀུན་དང་ཐབས་གཅིག་ཏུ་གནས་ནས། དེ་ཡི་ཚེ་བདུད་ཀྱི་རྒྱལ་པོའི་སྤྲུལ་པ་གཞོམ་པའི་ཕྱིར། ཨོཾ་མཉྫུ་ཤྲཱི་ཡ་མན་ཏ་ཀ་མ་རུ་ཙེ་ཏེ་པ་ཏ་ཡེ་ཧཱུ~ཾ་ཕཊ། ཅེས་བརྗོད་པས་སྲས་མཆོག་ཡ་མ་རཱ་ཛ་དེ་སྲིན་པོ་དང། གཤིན་རྗེ་དང། བདུད་པོ་དང། གནོད་སྦྱིན་གྱི་གཙོ་བོ་མ་རུ་ཙེ་བཞིས་དྲེགས་པ་ཅན་ཐམས་ཅད་ཁ་ལོ་རང་དབང་མེད་པར་བསྒྱུར་བར་བྱས་སོ། ། ཨོཾ་ཨ་ཀྲོ་ཏེ་ག་ཤྲཱི་མཉྫུ་ཡ་མན་ཏ་ཀ་ཧཱུ~ཾ་ཕཊ། ཅེས་བརྗོད་པས། སྟོང་གསུམ་གྱི་སྟོང་འཇིག་རྟེན་གྱི་ཁམས་ཀྱི་བདུད་ཐམས་ཅད་ཀྱི་བསོ་སྒྲ་དང་ཆོ་ལང་ཟིལ་གྱིས་གནོན་པའི་སྒྲ་འབྲུག་སྟོང་ལྡིང་བ་ལྟ་བུ་བསྒྲགས་སོ། ། ཨོཾ་བེ་བ་ས་ཏ་ཨེ་ཨ་མུ་ཁཾ་ཧཱུ~ཾ་མཱ་ར་ཡ་ཕཊ། ཅེས་པས། ཐུགས་ལས་སྤྲུལ་པའི་ཁྲོ་བོ་བདུད་ས་འཛིན་གྱི་སྤྲུལ་པ་འཇིག་རྟེན་གྱི་ཁམས་ཁེབས་པ་ཐམས་ཅད་ལ་འཆི་བདག་གཤིན་རྗེ་གཤེད་དམར་གཉེན་པོར་སྤྲུལ་ཏེ་བཏང་བ་དེ་དག་ལ། མཚོན་ཆ་བེ་ཅོན་བྱིན་དང་ལྡན་པ་དེ་ཉིད་བྱིན་ཏེ་བཏང་ངོ།། དེ་ཚེ་དཀར་པོའི་ཕྱོགས་ལ་གནས་པའི་ལྷ་དང། ཀླུ་དང། ལྷ་མ་ཡིན་དང། མིའམ་ཅི་དང། ལྟོ་འཕྱེ་ཆེན་པོ་ལ་སོགས་པ། གཞན་ཡང་ལྷ་མ་སྲིན་སྡེ་བརྒྱད་ཐམས་ཅད་ཀྱང་བདུད་ཀྱི་ཆོ་འཕྲུལ་འཁྲུག་པས་འཇིག་རྟེན་གྱི་ཁམས་ཁེངས་པར་མཐོང་ཞིང། ཉིད་སྟོན་པ་ཡང་དེ་ཉིད་ཀྱིས་མ་རུངས་པར་བྱེད་པར་མཐོང་ནས། ལ་ལ་ནི་སེམས་དཔའ་ཞིང་ང་རྒྱལ་གྱི་དྲེགས་པས་གཞོམ་དུ་ཆས་སོ།། ལ་ལ་ནི་དཔུང་མང་པོ་བསྡུས་ཏེ་གཞོམ་དུ་ཆས་སོ།། ལ་ལ་ནི་མཐུས་འདུལ་བའི་འདུལ་ཐབས་ཀྱིས་རྨོད་པ་ལ་ཞུགས་སོ། ། ལ་ལ་ནི་ཡིད་སྡུག་བསྔལ་བར་གྱུར་ཏོ།། ལ་ལ་རབ་ཏུ་བྲེད་དོ།། ལ་ལ་ནི་འཁོར་དུ་སྐྱབས་རྗེ་ལ་འདུས་སོ།། ལ་ལ་ནི་རང་དབང་མེད་པར་དྲན་པ་དང་བག་མེད་པར་ཞབས་འོག་ཏུ་ཕྱིན་པར་གྱུར་པ་ལས། དེ་ནས་དེ་མ་ཐག་པར་ཡང་བདུད་ཀྱི་རྒྱལ་པོ་དེ་གདུལ་བའི་ཆེད་དུ་གསང་བའི་བདག་པོ་དཔལ་ཕྱག་ན་རྡོ་རྗེ་ལྕང་ལོ་ཅན་གྱི་གནས་མཆོག་དམ་པ་ནས་བཞེངས་ནས་གནས་དེར་ཡུད་ཙམ་གྱིས་ཕྱིན་པར་འོངས་ཏེ། དྲུང་ན་གནས་ནས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཕྲིན་ལས་ཀྱི་ཡོན་ཏན་ཀུན་འདུས་པ། དཔལ་ལྡན་དབང་ཕྱུག་ཆེན་པོ། བདུད་ཀྱི་ཚོགས་འདི་རྣམས་གདུག་ཅིང་ཞེ་སྡང་ཆེ་བ། དད་པ་མེད་ཅིང་ལོག་པའི་དད་པ་ཅན་རྡོ་རྗེ་ཐེག་པ་ལ་སྨོད་པ་འབའ་ཞིག་སྟེ། ཡོངས་ཀྱང་འཇིག་རྟེན་གྱི་ཁམས་ན་གནས་ནས་ཀྱང་མ་རུངས་པས་བློ་བསྒྱུར་ལ། རྒྱུད་ཁ་ལོ་ཕྱིན་ཅིག་ལོག་ཏུ་བསྒྱུར་ཏེ། རྡོ་རྗེའི་ཐེག་པ་ལ་གནས་པ་ཐམས་ཅད་མ་རུངས་པར་བྱེད་པས། རྡོ་རྗེ་ཐེག་པ་ཡུན་རིང་དུ་སྤྱོད་པའི་སྐལ་བ་དང་ལྡན་པའི་ཆེད་དུ་བདུད་ཀྱི་དཔུང་ཚོགས་འདུལ་བའི་ཐབས་བསྟན་དུ་གསོལ། རིགས་ལྔའི་དངོས་གྲུབ་ཡལ་ཅིང། ཕུར་བུ་དང། མ་མོ་དང། འཇམ་དཔལ་ཉིད་ཀྱང་ཡལ་ཅིང་རིང་བར་གྱུར་བའི་ཚེ། དེ་དག་གི་མཐུ་བྱིན་མི་ཡལ་ཅིང་མི་རིང་མྱུར་བའི་ཕྱིར། བཅོམ་ལྡན་འདས་གནོད་སྦྱིན་གཤིན་རྗེ་དམར་པོའི་མཐུ་དང་འཕྲིན་ལས་བཤད་དུ་གསོལ། ཅེས་གསོལ་བས། བཅོམ་ལྡན་འདས་ཁྲོ་བོ་ཡ་མནྟ་ཀ་སྲས་འཇམ་དཔལ་མ་རུ་ཙེ་ལ་སྤྱན་སེང་གེ་ལྟར་གཟིགས་ཏེ་ཅང་མི་གསུང་བར་ཏིང་ངེ་འཛིན་རོལ་པའི་ངང་དུ་བཞུགས་སོ། ། དེའི་བྱིན་བརླབས་ལས་བཅོམ་ལྡན་འདས་འཇམ་དཔལ་རུ་ཙེ་ཐུགས་ཀྱི་འཁོར་ལོ་བསྐོར་ཅིང་བཀའ་སྩལ་པ། ལེགས་སོ་ལེགས་སོ།། རབ་ཏུ་ལེགས་སོ།། གསང་བའི་ཐེག་པ་ལ་གནོད་པ་བདུད་ཀྱི་སྡེ་ཐམས་ཅད་གདུལ་བའི་ཕྱིར་ཞུས་པ་ལེགས་སོ། ། ད་ངས་བཤད་ཀྱིས་ཉོན་ཅིག་ཅེས་གསུངས་ཏེ། ཤིན་ཏུ་དབང་དྲག་རོལ་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། དབུས་ཀྱི་ལྕགས་མཁར་ཆེན་པོར་དེ་མ་ཐག་ཏུ་སྣང་བར་བྱས་སོ། ། དེ་ནས་ཕྱོགས་ཀུན་ཏུ་འཁོར་ཀུན་ལ་རབ་ཏུ་སེང་གེའི་ལྟ་སྟངས་ཀྱི་བལྟས་ཏེ། སྐུའི་སྤྲུལ་པ་དང། གསུང་གི་གྲགས་པ་དང། ཐུགས་ཀྱི་མཚོན་ཆ་དང། ཡོན་ཏན་གྱི་དབང་ཕྱུག་དང། འཕྲིན་ལས་ཀྱི་རོལ་པ་ཞེས་པའི་གསང་བ་དམ་པ་ལྔ་རབ་ཏུ་བསྒྲགས་པས། སླར་བདུད་ཀྱི་སྡེ་དཀར་པོའི་ཕྱོགས་ལ་མི་དད་པ་ཐམས་ཅད་རབ་ཏུ་མྱོས་ཏེ་གནས་སོ།། ལ་ལ་ནི་དཀར་པོའི་ལས་ལ་གུས་པས་འཁོར་རྣམས་དང་སྟབས་གཅིག་ཏུ་གནས་སོ། ། ལ་ལ་ནི་དབང་མེད་པར་དད་པས་འདུན་ཅིང་རེས་འགའ་ནི་ལས་ལ་ཉན། རེས་འགའ་ནི་མི་ཉན་པར་བསམ་ཞིང་གནས་སོ།། ལ་ལ་ནི་དབང་མེད་པར་ལྷན་ནེ་གནས་སོ། ། དེ་ཡི་ཚེ་རང་བྱུང་གི་ཡེ་ཤེས་རིག་པ་བྱང་ཆུབ་སེམས་ལས་ཏིང་ངེ་འཛིན་གྱི་ཆོ་འཕྲུལ་ཐམས་ཅད་ཁྲོ་བོ་དང་ཁྲོ་མོའི་ཚོགས་དཔག་ཏུ་མེད་པར་སྤྲུལ་ཏེ། འཁོར་དང་བཅས་པས་རྔམ་པའི་གསུང་སྒྲ་བསྒྲགས་པར། ཡུལ་ཆེན་པོ་གཤིན་ཡུལ་རྨེ་ནག་ཅེས་བྱ་བར། གཤིན་གྱི་བླ་མཚོ་མེར་བར་དེ་རབ་ཏུ་ཡང་མེར་མེར་འཇིགས་པར་གྱུར། གཤིན་གྱི་རོ་བློ་དམར་པོའི་ཐང་ནི་རབ་ཏུ་ཡང་སློ་བར་གྱུར། གཤིན་རི་ཕྱིན་ཅི་ལོག་ནི་རབ་ཏུ་ཡང་ཕྱིན་ཅི་ལོག་ཏུ་སྣང་བར་གྱུར། ཟམ་ཁ་རོ་ལམ་ཁུང་བུ་ནི་སུབ་ཅིང་མེད་ལ་ཁད་པར་གྱུར། འཇིག་རྟེན་གྱི་ཁམས་ཐམས་ཅད་འགུལ་བ་དང། ལྡེག་པ་དང། ཡ་མ་ཡོ་མ་དང། མེར་མེར་དང། ཤིག་ཤིག་པ་དང། ཏོར་ཏོར་དང། མཐོ་བ་དང། དམའ་བ་ལ་སོགས་པ་བལྟས་ཆེན་པོ་བཅོ་བརྒྱད་བསྟན་པ་ལས།། དེ་ནས་ཡང་དེ་མ་ཐག་ཏུ་གནོད་སྦྱིན་དང། སྲིན་པོ་དང། གཤིན་རྗེ་དང། བདུད་དང། མ་མོ་དང། བལ་མོ་དང། གིང་དང། བགེགས་ཀྱི་ཚོགས་ཐམས་ཅད་ཀྱང་འདུས་ནས། དེ་མ་ཐག་ཏུ་རང་གི་སྟོན་པ་ལ་འདུན་ཏོ།། སྟོན་པ་ཆེན་པོ་གཤིན་རྗེའི་རྒྱལ་པོ་ལ་གསོལ་པ། ཨེ་མ་ཧོ། དྲེགས་པ་ཆེན་པོ་རྣམས་འདི་ལྟ་བུའི་ཆོ་འཕྲུལ་ནི་ངོ་མཚར་ཆེ་བའོ། ། འདི་ལྟ་བུའི་ཆོ་འཕྲུལ་ནི་འབྱུང་བར་དཀའ་བ་སྟེ། འདི་ནི་གསང་བ་ཆེན་པོ་རྡོ་རྗེའི་ཐེག་པ་ཆེན་པོའི་ཆོ་འཕྲུལ་ལགས་སོ།། བདུད་ཐམས་ཅད་འདུལ་བའི་དུས་ལ་བབ་པར་འབྱུང་བ་སྟེ། རེ་ཞིག་ན་བདུད་ཀྱི་རྩོད་པ་ཡོད་པ་འདུལ་བར་ངེས་སོ།། བདག་འཁོར་དང་བཅས་པ་ལ་ཐུགས་རྡོ་རྗེའི་ཆོ་འཕྲུལ་ཆེན་པོ་བསྟན་ནས། འདྲེན་པའི་ཐབས་ཀྱི་སྒོ་མང་པོ་མཛད་དེ་བདེ་བ་ལ་བཀོད་པ་བཞིན། གཞན་ཡང་ཕྱིས་ཀྱང་བདེ་བ་ལ་འགོད་པར་ངེས་པས། གཤིན་རྗེའི་རྒྱལ་པོའི་འཁོར་ན་གཡོག་དང། བྲན་དང། ཡང་བྲན་དང་བཅས་པ་དཀར་པོའི་ཕྱོགས་ལ་དམ་ཚིག་དམ་བཅས་པ་རྣམས་མྱུར་དུ་འདུས་ཤིག། ཅེས་བརྗོད་པས། དེ་མ་ཐག་ཏུ་གཤིན་རྗེ་དང། སྲིན་པོ་དང། བདུད་དང། གནོད་སྦྱིན་དང། མ་མོ་ལ་སོགས་པ་འཁོར་དཔག་ཏུ་མེད་པ་དང་བཅས་པ་འདུས་ཏེ་བཀའ་སྩལ་ཉན་པར་གྱུར་ཏོ། ། དེ་ནས་གཤིན་རྗེའི་རྒྱལ་པོ་ཡིས། གསང་བའི་བདག་པོ་ལ་གསོལ་པ། གསང་བ་ཆེན་པོ་ལག་ན་རྡོ་རྗེ་གསོར་བ། ཀྱེ་གསང་སྔགས་རྡོ་རྗེའི་ཐེག་པ་ནི་བསྐལ་བ་དཔག་ཏུ་མེད་པ་ལས་ཀྱང་ལན་འགའ་ལས་མི་འབྱུང་སྟེ། བསྐལ་པ་དེ་དག་ཐམས་ཅད་ལ་བར་བར་དུ་མུན་པའི་བསྐལ་པ་འོང་ཞིང། བར་བར་དུ་སྒྲོན་མའི་བསྐལ་པ་འོང་བར་བདག་ཅག་གིས་ཐོས་སོ།། མུན་པའི་བསྐལ་པའི་ཆེན་བདུད་ཀྱི་རྒྱལ་པོའི་བསྟན་པ་སྨིན་པ་སྟེ། སྒྲོན་མའི་ཚེ་བདུད་རབ་ཏུ་འཕམ་པས་བདུད་ཀྱི་བསམ་པ་རབ་ཏུ་མ་སྨིན་པའོ།། དེ་ལྟ་བས་ན་བདག་འཁོར་དང་བཅས་པ་སྔོན་བསྐལ་པ་སྒྲོན་མའི་ཚེ། རྡོ་རྗེ་སེམས་དཔའི་གསང་བ་རྡོ་རྗེའི་སྒྲུབ་ཐབས་ལ་ཞུགས་པས། དེའི་རྒྱུ་དང་འབྲས་བུས་འཇིག་རྟེན་ན་དབང་དང་མཐུ་ཆེ་བར་སྐྱེས་པ་ལགས་ཏེ། རེས་འགའ་ནི་བདུད་ཀྱི་ཚོགས་དང་ཆས་མཐུན་དུ་སྤྱོད་པར་གྱུར་ཏེ། སྔར་མ་ཤེས་པར་སྤྱད་པས་རྒྱུ་དེ་ལས་འབྲས་བུ་དེ་ལྟར་གྱུར་པའོ། ། དེ་ལྟ་བས་ན་སྔོན་སྟེན་པའི་སྟོབས་ཀྱིས་རྡོ་རྗེ་ཐེག་པ་ལ་དགའ་ཞིང་སྐྱོང་བ་དང་སྲུང་བར་གྱུར་ཏེ། འཛིན་ཅིང་བདེ་བའི་ས་ལ་གནས་པར་གྱུར་བས། གང་ན་ཐུགས་རྗེའི་ཆོ་འཕྲུལ་གཡོས་པ་དེ་རབ་ཏུ་འདུ་བ་ལགས་པས། གསང་བའི་བདག་པོ། གསང་བའི་རྡོ་རྗེ་ཐེག་པའི་ལྟས་དང་ཆོ་འཕྲུལ་འདི་རྒྱུ་གང་ལས་བྱུང། རྐྱེན་ཅིས་བྱས། འདུལ་བའི་ཞིང་གང་ནས་ངེས་པར་བྱུང། བདག་ཅག་གིས་སྔར་ཁྱེའུ་སྔོན་པོ་ནམ་མཁའ་ལྡིང་ལ་དམ་ཚིག་ནོས་བའི་ཚེ། གསང་བའི་བདག་པོས་ལས་ཀྱི་སློབ་དཔོན་དང་གྲོགས་ཀྱི་དམ་པ་མཛད་པ་ལགས་པས། ད་ཡང་བདག་འཁོར་དང་བཅས་པ་ལ་ངེས་པ་འདི་ལྟ་བུའི་ཆོ་འཕྲུལ་སྟོན་པ་འདིའི་དོན་ཅིག་ལ་སྟོན་པ་ལ། གསང་བའི་བདག་པོ་ཁྱོད་ནི་སངས་རྒྱས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱིས་རྗེས་སུ་སྣང་བ་དབང་བསྐུར་བས་གསང་སྔགས་དང་གཟུང་སྔགས་རིག་སྔགས་ཐམས་ཅད་ལ་དབང་བསྒྱུར་ཏེ། བདག་འཁོར་དང་བཅས་པ་ལ་ཡང་དབང་བསྐུར་ཅིག། ཅེས་གསོལ་པས། བཅོམ་ལྡན་འདས་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་གསོར་ཞིང་བཀའ་སྩལ་པ། གཤིན་རྗེའི་རྒྱལ་པོ་དྲི་བ་རབ་ཏུ་ལེགས་སོ།། དད་པ་དང་ལྡན་པར་ངེས་སོ། ། སྒྲིབ་པ་དག་པར་ངེས་སོ།། ལུང་བསྟན་ཐོབ་པར་ངེས་སོ།། ལས་འཕྲོ་སད་པར་ངེས་སོ།། དེ་ལྟ་འཇིག་རྟེན་གྱི་ཁམས་འདིར་བདུད་ཀྱི་རྒྱལ་པོས་འཛིན་གྱིས་བསམ་པ་ངན་པ་ཅིག་བཏང་བས། བདུད་ཀྱི་ཚོགས་དཔག་ཅིང་གཞལ་བ་ལས་འདས་པ་རྡུལ་ཕྲ་རབ་ཙམ་གྱིས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཁྱབ་ནས་གནས་པ་ལས། དེ་རྣམས་ཀྱིས་འགྲོ་བ་ཀུན་ཀྱང་ཁ་ལོ་ལོག་པར་བསྒྱུར་ཏེ། གང་ན་བྱང་ཆུབ་སེམས་དཔའ་གནས་པ་རྣམས་ལ་བར་དུ་གཅོད་པའི་བདུད་དུ་གྱུར་པས། དེ་ལྟ་བུའི་ཆོ་འཕྲུལ་རྫོགས་པའི་སངས་རྒྱས་རྣམས་ཀྱིས་གཟིགས་པར་གྱུར་པ་ལས། སྙིང་པོ་བྱང་ཆུབ་ལས་བཞེངས་ཏེ། སྟོང་པ་ཉིད་དུ་བཤིག་ནས་ཐུགས་རྗེ་ཆེན་པོའི་ཡེ་ཤེས་ཆེན་པོ་བསྐྱེད་ནས་ཆོ་འཕྲུལ་སྤྲུལ་པ་ཏིང་ངེ་འཛིན་གྱི་རོལ་པས། བདུད་སྡེ་ཐམས་ཅད་བཟློག་ཅིང་ཚར་གཅད་པའི་ཕྱིར་ཆོ་འཕྲུལ་བསྟན་པའོ་ཞེས་གསུངས་སོ།། དེ་ནས་ཡང་གཤིན་རྗེའི་རྒྱལ་པོས་གསོལ་པ། ཀྱཻ་གསང་བའི་བདག་པོ་བདུད་དེ་རྣམས་ཇི་ལྟར་བར་དུ་གཅོད་པ་ལ་འདུ། ཇི་ལྟར་བྱུང་བ་ལགས། དེ་ལྟ་བུའི་བདུད་དེ་རྣམས་བདག་འཁོར་དང་བཅས་པས་གདུལ་བར་དབང་སྐུར་ཅིག། ཅེས་གསོལ་པ་ལས།། གསང་བའི་བདག་པོ་ཆེན་པོས་བཀའ་སྩལ་པ། གཤིན་རྗེའི་རྒྱལ་པོ་མ་རུ་རྩེ་ཉོན་ཅིག། དཔེར་ན་སྟོན་ཀའི་ལོ་ཐོག་རྒྱས་པར་བྱེད་པ་ལ། སེམས་ཅན་སྲོག་ཆགས་དང། མི་དང། མི་མ་ཡིན་པ་དང། འབྱུང་པོ་ལ་སོགས་པ་མ་སྙོམ་པས་གནོད་པའི་དགྲ་མང་དུ་འདུ་བ་ལྟ་བུར། གང་ན་བྱང་ཆུབ་དང་ཕྱག་རྒྱ་སྒྲུབ་པའི་རྣལ་འབྱོར་པ་ལ་བདུད་ཀྱི་ཚོགས་ཀྱིས་བར་དུ་གཅོད་དུ་འབྱུང་ངོ། ། གང་ན་སྙིང་པོ་བྱང་ཆུབ་ལ་བཞུགས་པ་དང། གསང་བ་རྡོ་རྗེ་ཐེག་པ་ལ་སྤྱོད་པ་ལ་བར་དུ་གཅོད་པའི་བདུད་མང་དུ་འབྱུང་བ་ནི། གཤིན་རྗེའི་རྒྱལ་པོ་འདི་ལྟར་འབྱུང་སྟེ། གཞན་འཕྲུལ་དབང་བྱེད་ཀྱི་གནས་ན་བདུད་ཀྱི་རྒྱལ་པོ་དགའ་རབ་དབང་ཕྱུག་ཅེས་བྱ་བའི་འཁོར་ན་བདུད་ཀྱི་བློན་པོ་བཞི་ཡོད་དོ། ། བཙུན་མོ་པདྨའི་འཕྲེང་བ་ཅན་ཞེས་བྱ་བ་ལ། ཡིད་ཀྱི་མེ་ཏོག་གི་མདའ་ཡོད་དེ། མེ་ཏོག་དེ་ནི་དུག་གི་མེ་ཏོག་ཡིན་ཏེ། གང་ལ་ཕོག་པ་དམ་ཚིག་དང་འབྲལ་བར་བྱེད་པའོ།། འཇིག་རྟེན་གྱི་མི་དང། མི་མ་ཡིན་པ་དང། འདྲེ་སྲིན་ཐམས་ཅད་སྡོངས་ཏེ་བདུད་ཀྱི་རྒྱལ་པོ་དང་བློན་པོ་ཇི་ལྟར་འདོད་པ་བཞིན་བསམས་པས་དབང་བསྒྱུར་ཏེ་བར་དུ་གཅོད་དུ་འོང་ངོ། ། གང་ན་གསང་སྔགས་རྡོ་རྗེ་ཐེག་པ་ལ་ཞུགས་པ་དང། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་ཞུགས་པ་རྣམས། དོན་དམ་པར་སྒྲུབ་པ་ལ་ཞུགས་པའི་དུས་སུ་བློན་པོ་འདུ་ཤེས་བཟློག་པས་ལོག་ལྟ་སྐྱེད་པར་བྱེད་དོ། ། ཡང་བློན་པོ་གཡེང་བྱེད་ཀྱིས་གཡེང་བ་གཏོང་བར་བྱེད་དོ།། ཡང་བློན་པོ་ཆགས་བྱེད་ཀྱིས་ཆགས་ཀྱི་སེམས་ཀྱི་ཚོགས་མང་པོ་སྐྱེད་པར་བྱེད་དོ།། ཡང་བློན་པོ་འཐབ་བྱེད་ཀྱིས་རྩོད་པས་འཁྲུག་པར་བྱེད་དོ། ། བདུད་དེ་དག་གིས་གང་དོན་དམ་པའི་སྒྲུབ་པ་འདོར་འཇུག་སྟེ། ཕུང་པོའི་བདུད་དང། ཉོན་མོངས་པའི་བདུད་དང། འཆི་བདག་གི་བདུད་དང། ལྷའི་བུའི་བདུད་དུ་གྱུར་ཏེ། དེ་ལྟར་ཤེས་པས་ན་བདུད་བཞི་བཟློག་པར་འདོད་པས་ལྷའི་བདུད་ཀྱི་ཆོ་འཕྲུལ་བཟློག་ན་ཀུན་བཟློགས་སོ། ། དེ་བཟློག་པའི་ཕྱིར་ཁྱེད་འཁོར་དང་བཅས་པས་གསང་བའི་ཐེག་པ་ལ་སྡང་བའི་དགྲ་དང་བགེགས་ཐམས་ཅད་འདུལ་བར་དབང་བསྐུར་བར་བྱའོ་ཞེས་བཀའ་སྩལ་ཏོ། ། དེ་ནས་ཡང་དྲེགས་པ་ཆེན་པོ་དེ་དག་ལ་གསོལ་པ། ཀྱེ་ཀྱེ་དྲེགས་པའི་རྒྱལ་པོ་རྣམས། གང་ན་བསྟན་པར་དར་བའི་བསྟན་པའི་སྡང་བྱེད་ཐམས་ཅད་ཕུང་བར་བྱ་བའི་ཕྱིར། སོ་སོ་རང་རང་གི་སྲོག་གི་སྙིང་པོ་ལས་ཀྱི་འདུལ་སྐལ་དཔའ་བོ་ཆེན་པོ་ལ་སྨོས་ཤིག། ཅེས་གསུངས་པས། དྲེགས་པའི་རྒྱལ་པོ་འཁོར་དང་བཅས་པས་གསོལ་པ། གསང་བའི་བདག་པོ་བདག་འཁོར་དང་བཅས་པ་ཕྱི་ནང་གསང་བའི་ལྷ་མ་སྲིན་སྡེ་བརྒྱད་དུ་གྱུར་པས་ནི། སྔར་དཔའ་བོ་ཆེན་པོ་དང་གསང་བའི་བདག་པོ་ལ། རང་རང་གི་སྲོག་རྒྱུད་དང་འཕྲིན་ལས་ཕུལ་ཟིན་པ་དེ་བཞིན་ཏེ། ད་དེ་ལས་བརྗོད་དུ་ཡོད་ན་ན་ར་སྐན་འགྱུར་རེ་སྐན་ནོ། ། དཔའ་བོ་ཆེན་པོས་བྱིན་གྱིས་བརླབས་ནས། དྲེགས་པ་ཅན་ཐམས་ཅད་ལ་རྟོག་པའི་རང་རྒྱུད་བརྗོད་ཀྱིས་མི་ལང་བར་གནས་སོ།། བདག་གིས་དཔུང་དང་བཅས་པ་མ་རུ་རྩེ་ལ་ཡང་རྟོག་པ་འབུམ་སྡེ་དཔའ་བོས་བྱིན་རླབས་དེ་ཡོད་པ་དེ་ལྟར་བསྒྲུབ་པས་ན། འདི་ལྟ་སྟེ། ལས་སྒྲུབ་པའི་ཕྱིར་གནམ་ལྕག་ཐོག་གི་སྟ་རེ། སྒྲོལ་བའི་མཚོན་ཆ་ངར་དང་ལྡན་པའི་ཐབས་ཀྱི་ལས་ཡོད་པས། བདག་འཁོར་དང་བཅས་པས་དཔའ་བོ་ཆེན་པོ་གཙོ་བོ་ཁྱོད་ལ་སྨྲ་བར་བྱའོ། ། ཞེས་གསོལ་ཏེ་ཞུས་པ། ཀྱེ་མ་ཧོ་བཅོམ་ལྡན་དགེས་ཆེན་པོ།། འཇམ་དབྱངས་ཞི་བ་ཆེན་པོ་དང།། དེ་བཞིན་གཤེགས་པའི་དཀྱིལ་འཁོར་ལྔས། ། རང་བཞིན་མེད་པའི་ཆོས་གསུངས་པས།། འཁོར་བའི་རྒྱ་མཚོ་རྩ་བའི་དྲུང།། དབྱུང་ཞིང་ཕྱིན་པ་རབ་དགའ་བས།། རྒྱལ་བའི་བསྟན་པ་ནུབ་ཀའི་ཚེ།། དུས་ཀྱི་ཐ་མ་ཐ་མའི་ཚེ།། མཚམས་མེད་ལས་ངན་དར་བར་འགྱུར། ། སངས་རྒྱས་བསྟན་ལ་མི་ཉན་པ།། བདུད་ཀྱི་ཆོ་འཕྲུལ་རབ་སྨིན་ཏེ།། གནོད་སྦྱིན་གདོང་དམར་དབང་ཆེན་འགྱུར།། བདུད་ཀྱི་དམག་དཔུང་སྤྲིན་གཏིབས་ནས།། ཆོ་འཕྲུལ་སྣ་ཚོགས་སྟོན་པ་ལ། ། སངས་རྒྱས་ཐུགས་རྗེ་འདུལ་བ་ཡི།། རབ་འཇིགས་ཆེན་པོ་མ་བསྟན་ན།། སེམས་ཅན་ཁ་ལོ་ལོག་པ་ཡིས།། འཁོར་བའི་སྡུག་བསྔལ་འཕེལ་བའི་ཕྱིར།། བདུད་ཀྱི་གཉེན་པོ་བསྟན་དུ་གསོལ།། ཞེས་གསོལ་པས། ། དེ་ནས་འཇམ་དཔལ་ཡ་མན་ཏ་ཀ་ཐུགས་སུ་གསོལ་དེ་མཉམ་པ་ལས་བཞེངས་ནས། རྡོ་རྗེ་ལག་ན་འཛིན་པ་ལ་སོགས་པ་ལ་བཀའ་སྩལ་པ། ཀྱེ་ཀྱེ་ངའི་རིགས་དང་སྡེར་གྱུར་པ་ཐམས་ཅད་འདུས་ཤིག། ཅེས་ལན་གསུམ་བསྒྲགས་པས། འཁོར་ཡེ་ཤེས་དང་ལས་ལ་གྲུབ་པ་བྱེ་བ་དུང་ཕྱུར་འདུས་སོ།། དེའི་ཚེ་བདུད་ལྷ་སྦྱིན་དང་དགའ་རབ་དབང་ཕྱུག་འཁོར་བཅས་ཀྱང་རབ་ཏུ་དྲེགས་པ་ཆེ་བས། འགྲན་གྱི་དོ་མེད་པ་སྲིད་པ་གསུམ་འདུལ་བར་བྱེད་པ་ཀུན་བཀའ་ཉན་པར་གནས་ཏེ། དེ་བདུད་ཀྱི་ཡུལ་མཁར་དང་དཔུང་ལ་གསང་སྔགས་ཀྱི་ཐབས་དང་ལྟ་སྤྱོད་ལྡན་པའི་མཐུས་ཁྲག་གི་ཟོར་རྒྱོགས་འཕང་བའི་ཕྱིར། ཟོར་བཏང་བའི་ལས་བཅོལ་ལོ་ཞེས་ལང་ཀའི་བདག་པོ་དགེ་སློང་ཆར་ཁ་ནག་པོ་ཞེས་བྱ་བ། བདུད་ཐམས་ཅད་ཀྱི་རྗེ་བོ་སླར་ལོག་པ་དཾ་ལ་འདི་སྐད་ཅེས་གསོལ་ཏོ།། ཀྱེ་བདུད་རུ་དྲ་ཆེན་པོ་གྲུབ་པ་ལང་ཀའི་བདག་པོ། བདུད་ཀུན་གྱི་གཉེན་པོ་ཁྱོད་ཡིན་པས། བདུད་འདི་རྣམས་ཀྱི་སངས་རྒྱས་ཀྱི་བསྟན་པ་ལ་གནས་པ་མ་རུངས་པར་བྱེད་པ་དང་བྱས་པ་འདི་རྣམས་ཀྱི་བསམ་སྦྱོར་ངན་པའི་སྤྲུལ་པ་དང་རྦོད་གཏོང་བཟློག་ཏུ་གསོལ། ཞེས་འཁོར་དེ་དག་གིས་སྨྲས་པས། བདུད་ཀྱི་རྒྱལ་བོས་ཚིག་གསན་ཏེ། སླར་མ་རུ་རྩེ་བཞི་ལ་སོགས་པ་ལན་སྨྲས་པ། འཇིག་རྟེན་ཁམས་འདི་དག་ཏུ་བདུད་ཀྱི་ཆོ་འཕྲུལ་དང་མཐུ་བཟློག་པའི་ཐབས་ཡོད་དེ། གང་གིས་ཐབས་འདི་ཤེས་པར་གྱུར་ན་སྔགས་ཀྱི་ལས་ཐམས་ཅད་འགྲུབ་སྟེ། གཤིན་རྗེ་འབུམ་གྱི་ཆད་པ་དང། མ་མོ་འབུམ་གྱི་དལ་ཁ་དང། བདུད་ནག་འབུམ་གྱི་ཁྲམ་ཁ་དང། བཙན་པོ་འབུམ་གྱི་ཤོད་སྡེ་དང། ནག་པོ་ཀླུ་འབུམ་ཆད་ཀ་དང། ཀི་ཀང་གཟའ་ཡི་གདུག་རྩུབ་དང། སྔགས་མཁན་བདག་པོ་འབུམ་གྱི་སྨོད་པ་ཡང་བཟློག་པར་འགྱུར་ཏེ། གང་ན་བདུད་ས་འཛིན་གྱི་སྤྲུལ་བ་བསམ་པ་ངན་པ་ཐམས་ཅད་ལྟ་ཅི་སྨོས་ཞེས་ཏེ། ལས་འདི་དགེ་སློང་ཆར་ཁ་ནག་པོས་ཉི་མ་ཕྱེད་ན་བདུད་ཀྱི་རྒྱོགས་ཁྲག་གི་ཟོར་ཤན་པ་དམར་ནག་གི་ལས་སྟབས་བཅས་ཏེ། ནམ་ཕྱེད་ན་དྲེགས་པ་ཅན་ཐམས་ཅད་དམག་དཔུང་དུ་བསྡུས་ནས་བདུད་ཀྱི་དཔུང་ཚོགས་ལ་འཕངས་པ། ཤ་རི་བྷྱོ། ཤར་ཕྱོགས་ནས་མོན་པ་དང་པྲ་མ་རཱ་ཛ་མ་རཱ་ཛི་སྲིན་པོའི་འཁོར་ཚོགས་དང་བཅས་དུག་ཟོར་འཕངས་སོ།། མ་རི་བྷྱོ། ལྷོ་ཕྱོགས་ནས་མ་མོ་འབུམ་གཤིན་རྗེ་ཡ་མ་རཱ་ཛ་དང་བཅས་པས་འཕངས་སོ། ། ཁྲག་ལ་མ་མ་བྷྱོ། མ་མོ་སྲིད་པའི་རྒྱལ་པོའི་ངད་ལས་ནད་ཀྱི་འཇའ་ཚོན་ལྔ་ཉི་ལྟར་འཁྱིལ་བ་ལས། མ་ཚོགས་བདུད་ཕོ་མོ་སྡེ་ལྔ་དང་བཅས་པས་ཁྲག་ཟོར་འཕངས་སོ།། ཙ་རའི་སྙིང་ལ་བྷྱོ། ཤན་པའི་གིང་བདུད་གནོད་སྦྱིན་སྙིང་འཕྲོ་གིས་མཚོན་ཟོར་དུ་འཕངས་སོ། ། སྙིང་ལ་བྷྱོ། མ་ཏྲི་ཐོད་ཁྲག་ཛ། གིང་མོ་མ་བདུད་ཨེ་ཀ་ཛ་ཏི་མིང་སྲིང་མོན་མོ་དང་གིང་གི་ཚོགས་ཀྱིས་སྙིང་ཟོར་འཕངས་སོ།། ཁྲག་ཏི་སྙིང་ལ་ཡ། མ་བདུད་རེ་མ་ཏི་སྤུན་བཞི་འཁོར་དང་བཅས་པས་རྡོ་ཟོར་འཕངས་སོ།། ནི་སྲི་ཆོད་དོ།། ཕུང་གསུམ་ཁྲག་གདོང་དུག་གི་མཆི་རིས་ཅན་ཚོགས་ཀྱིས་འཕང་ཟོར་ཤག་སྟོང་མེ་ཟོར་དུ་འཕངས་སོ།། ནཱ་ག་ཆོད། ཀླུ་བདུད་ཀྱི་རྒྱལ་པོ་ཀླུ་གཉན་ས་བདག་བཙན་དམར་འབུམ་དང་བཅས་པས་དུག་ཏོག་སྣ་ཚོགས་ཟོར་དུ་འཕངས་སོ། ། མུ་ལོ་ཆོད། བདུད་ཡམ་ཡུལ་ལྷའི་འཁོར་དང་བཅས་པས་མི་ཁའི་སྦྱོར་བ་སྣ་གུ་ཟོར་དུ་འཕངས་སོ། ། ཤ་ལོ་ཆོད། གཟའ་བདུད་ཆེན་པོ་གཟའ་དང་སྐར་མའི་འཁོར་དང་བཅས་ཏེ་དུད་པ་དང་བལ་ཕུར་དུ་འཕངས་སོ།། ཤ་ལ་ཀྱིང་ཀྱིང་བྷྱོ་བྷྱོ། གདོང་མོ་བཞི་མོ་ཁྲག་གི་སེར་བ་གཏོང་བ་དང། ཐ་བ་མོ་བཞི་ནད་ཀྱི་ཁ་རླངས་ཁྲག་ཕོར་འཐོར་བ་དང་གིང་ཕོ་མོ་མ་རུངས་པ་དང་བཅས་ཏེ་སྤང་སྐམས་ཁྲག་དང་བཅས་པའི་ཟོར་འཕངས་སོ། ། ས་མ་ཡཱ་ཤོ་ན་མུ་ཀ་དང། བདག་ཉིད་ཆེན་མོ་དང། བསེ་མོ་ལ་སོགས་པ་དམ་ཅན་ཀུན་གྱི་ཕུར་བུ་དར་གྱི་ཅོད་པན་དང་རྩང་ཟོར་འཕངས་སོ། ། ཨ་ཏི་ཀྲ་མ་ནི། ལྷའི་རྒྱལ་པོ་ཏྲི་ཤུ་ལ་སོགས་པ་ལྷ་དམག་འབུམ་ཕྲག་གིས་ཉུངས་ཟོར་དང་མཚེ་ཟོར་འཕངས་སོ།། པ་ར་པ་ཏྲི་མཱ་ར་ཡ་བཟློག། སྲིད་པ་གསུམ་གྱི་བདག་པོ་སྲོག་བདག་ཆེན་པོ་སྲོག་བདག་ཆེན་པོས་སྲིད་པ་གསུམ་གྱི་དབང་ཆེན་པོས་སྲིད་པ་གསུམ་གྱི་དབང་ཅན་དང་བཅས་པས་བསྡུས་ཏེ། དཔའ་བོ་ཁྲོ་བོ་ཡ་མན་ཏ་ཀ་དང། ཁྲོ་མོ་ཨེ་ཀ་ཛཱ་ཏི་མ་སྲས་མཆོག་སྤྲུལ་པའི་ཕོ་ཉ་ཤན་པ་ར་ཁྲིད་དང་ཀྱི་ཁྲིད་ལ་སོགས་པས་དེ་རྣམས་ཐམས་ཅད་ཀྱི་ལས་དྲིལ་ཏེ་ཁྲག་གི་ཀོང་བུ་གྲུ་གསུམ་གཏོར་དང་འཕངས་སོ། ། དེ་ལྟར་ལན་བཅུ་གསུམ་དུ་དྲེགས་པ་སྡེ་ཚན་བཅུ་གསུམ་གྱིས་དགེ་སློང་སྔགས་བདག་ཆར་ཁ་ནག་པོས་ལས་མཁན་བྱས་ཏེ་རྒྱོགས་འཕངས་པས། ཐམས་ཅད་ཀྱིས་ཀུན་ནས་དཔུང་དྲིལ་ཏེ་འཕངས་པས། ས་འཛིན་ཀུན་ཁྱབ་བདུད་ལྷ་སྦྱིན་གྱི་སྤྲུལ་བ་མང་པོ་འབྲོས་པའི་ས་གང་དུ་བྲོས་པས་ཀྱང་འབྲོས་ས་མ་རྙེད་པར་ཁྲག་ཟོར་མེ་དཔུང་གི་རྒྱོགས་བབ་སྟེ་ཕུང་བར་བྱས་སོ། ། གིང་རྗེ་ཆེན་པོ་བཞིས་འཕངས་པ། ཏི་བུར་ཤག་བྷྱོ། ཏི་པུར་ཤག་བྷྱོ། ཏི་པུར་ཙནྟྲ་ཙཀྲ་བྷྱོ། ཏི་པུར་མེ་ཤུལ་རྩུར་ནི་བྷྱོ། ཏི་པུར་མ་ར་ན་བྷྱོ། ཞེས་ཤར་དང། ལྷོ་དང། ནུབ་དང། བྱང་གི་གིང་ཚོགས་ཀྱིས་མདའ་ཟོར་འཕངས་སོ།། པར་ཕི་དན་ཙིན་དེ་ཙིན་ད་ལ་བྷྱོ། མ་མ་རག་རཀྵ་མུ་ཏྲ་སྙིང་ཁ་རག་ཐུན་བྷྱོ་བྷྱོ་བཟློག་བཟློག། སྔགས་བསྲུངས་ཀྱི་བདག་མོས་ཕྱོགས་ཐམས་ཅད་དུ་ཁྲག་ཟོར་འཕངས་ཏེ། སྙིང་ཤ་ཀུ་རུ་ཐུན། བྷྱོ་བྷྱོ་མཱ་ར་ཡ་བཟློག་བཟློག། ཅེས་པས་བདུད་ཀྱི་དཔུང་བྱ་ནག་ལ་རྡོ་རྒྱབ་པ་བཞིན་གྱུར་ཏོ།། དེ་ནས་དགེ་སློང་སྔགས་ཀྱི་བདག་པོ་ཆར་ཁ་ནག་པོས་གསོལ་པ། བཅོམ་ལྡན་འདས་དཔའ་བོ་ཆེན་པོ་བདུད་བཞི་བཅོམ་མོ།། ཡོན་ཏན་དང་ལྡན་ནོ།། མཐའ་གཉིས་རྟོག་པ་ལས་གྲོལ་བས་བདུད་ཀྱི་སྐྱོན་ལས་འདས་སོ། ། བདག་ནི་གཞན་གྱི་དཔལ་མགོན་དུ་གྱུར་ཏོ།། ལོག་པར་ལྟས་པའི་ལུས་སེམས་ཆོམ་ནོན་ནོ་ཞེས་པས། དེ་ནས་དཔའ་བོ་ཆེན་པོ་སྐུ་ཞལ་གསུམ་ཕྱག་དྲུག་ཞབས་བཞི་པར་བསྟན་ཏེ། སྐུ་དང་ཞལ་གསུམ་མཐིང་ལ་རྔམ་པ། རྡོ་རྗེ་ཞིང་གི་དབྱུག་པ་དང་དགྲ་སྟ་རལ་གྲི་གཡས་ན་བསྣམས་པ། སྡིག་ཞགས་དང་མདུང་ཐུང་ཐོད་རློན་གཡོན་ན་བསྣམས་པ། གཤིན་རྗེ་ཕོ་མོ་མ་ཧེས་བརྫིས་པའི་སྟེང་ན་བཞུགས་ཏེ། མེ་དཔུང་གི་ཀློང་དུར་ཁྲོད་ཀྱི་རྒྱན་ཆས་དང་ཞལ་གསུམ་དང་སྐུ་མཐིང་ལ་རྔམ་པ། སྤྱན་དང་ཚེམས་བགྲད་ཅིང་གཙིགས་པ། ཡེ་ཤེས་ཀྱི་མེ་འབར་བ། ཤ་ཁྲག་རུས་པ་ཞལ་དུ་རོལ་པའི་ཏིང་ངེ་འཛིན་ཐབས་ཅིག་མཛད་པ་ཙམ་ལས། གཤིན་རྗེ་ཕོ་མོ་ཐམས་ཅད་དབང་དུ་འདུས་པ་ནི། དཔེར་ནམ་མཁའ་ལ་སྤྲིན་འདུས་པ་ལྟ་བུར་གྱུར་ཏེ། བདུད་མི་སྙིང་ལ་ཞུགས་ནས་བར་ཆོད་བྱེད་པ་དེ་རྣམས་ཐམས་ཅད་ཀྱི་ལུས་དང་ངག་སེམས་ཀྱི་གདུག་རྩུབ་ཏུལ་གྱིས་ཚིག་པར་གྱུར་ཏོ། ། ཞབས་རི་རབ་ཀྱི་སྟེང་དུ་མནན་ཏེ་བརྐྱང་བསྐུམ་དུ་བས་བདུད་མ་རུངས་པ་ཐམས་ཅད་རང་དབང་མེད་པར་ཞབས་འདྲིལ་བའི་འོག་ཏུ་གནས་པར་གྱུར་ཏེ། འཇིག་རྟེན་གྱི་ཁམས་ཀྱི་བདུད་ཐམས་ཅད་མནན་པར་གྱུར་ཏོ། ། དེ་ནས་ཀུན་ཁྱབ་ས་འཛིན་བདུད་ཀྱི་རྒྱལ་པོའི་སྙིང་ལ་གཟེར་ཏེ། སྤྲུལ་པ་འཕྲོམ་ནུས་པར་གྱུར་ཏེ། བདུད་མཐུད་དཔུང་དང་བཀྲག་ཉམས་ཏེ་ལྷན་ནེ་གནས་པར་གྱུར་ཏོ། ། དེ་ནས་དགེ་སློང་སྔགས་ཀྱི་བདག་པོ་ཆར་ཁ་ནག་པོ་དང། གཤིན་རྗེའི་རྒྱལ་འཁོར་དང་བཅས་པ་སྟབས་གཅིག་ཏུ་གནས་ཏེ། གསང་བའི་བདག་པོ་ལ་གསོལ་བ། ཀྱེ་གསང་བའི་བདག་པོ་མ་འོངས་པའི་དོན་བསྟན་པ་བསྲུངས་པ་ཕྱི་རབས་ཀྱི་ཆེད་དུ། བདུད་ཀྱིས་ལོག་པར་འདྲིད་བ། རྡོ་རྗེ་ཐེག་པ་ལ་སྣང་བ་རྣམས་འདུལ་བའི་ཕྱིར། ལས་ཀྱི་སྦྱོར་ཁ་གཤིན་རྗེ་དམར་པོ་དྲེགས་པ་ཅན་རྣམས་ཀྱིས་དྲེགས་པ་ཅན་རྣམས་ཀྱི་འཕྲིན་ལས་དཔལ་ཡ་མནྟ་ཀ་གཙོ་བོ་ཆེན་པོས་གང་བཤད་པ་དེ་ཁོ་བཞིན་འགྲུབ་བས་ཞུ་རུ་གསོལ། ཞེས་གསོལ་ཏེ། དཔལ་ཁྲོ་བོ་ཡ་མན་ཏ་ཀའི་ཐད་ཀ་དྲུང་དུ་ཕུངས་ཕུངས་དེར་འདུས་ཏེ། ཡང་གསོལ་པ། དཔའ་བོ་ཆེན་པོ་བདག་ཅག་གིས་ལས་ཐམས་ཅད་སྒྲུབ་པའི་ཕྱིར། སྔར་གསུངས་པའི་རྟོག་པ་ལ་རྣོལ་ངར་གྱིས་གདགས་པ་ཤེས་པར་བྱ་བ་ལས་ཀྱི་ཐུག་མཐའ་འདི་དག་བདུད་ས་འཛིན་གྱི་འཁོར་དང་སྡེ་ཚན་གཅད་པ་བཞིན་ཕྱིས་ཀྱང་གཅད་པ་དང། རྡོ་རྗེ་ཐེག་པའི་ལས་ལ་སྤྱོད་པའི་དོན་དུ་འདོད་པའི་བྱ་བ་སྒྲུབ་པའི་ལས་བྱིན་གྱིས་རློབས་ཤིག། ཅེས་སྨྲས་སོ།། དེ་ནས་དཔའ་བོ་ཁྲོ་བོ་ཆེན་པོས་བཀའ་སྩལ་པ། གཤིན་རྗེའི་རྒྱལ་པོ་མ་རུ་རྩེ་ཚོགས་ལེགས་སོ། ། རབ་ཏུ་ལེགས་སོ།། འཇིག་རྟེན་གྱི་ཁམས་འདིར་བདུད། ས་འཛིན་གྱི་རྒྱལ་པོས་སྤྲུལ་པ་བཀྱེ་ནས། ཀུན་ཏུ་ཁྱབ་ནས་གནས་པ་ལས། ད་ལྟ་ད་ཉིད་ཀྱིས་དབང་དུ་བསྡུས་ཟིལ་གྱིས་མནན་ཏེ། བདུད་དེ་རྣམས་གསང་སྔགས་རྡོ་རྗེའི་ཐེག་པ་རྒྱུད་དང། ལུང་དང། མན་ངག་ལ་སྤྱོད་པའི་རྣལ་འབྱོར་སྒྲུབ་པ་ལ་འདུ་ཤེས་བཟློག་པ་དང། འཐབ་པ་དང། གཡེང་བ་དང། ཆགས་པ་ལ་སོགས་རྣམ་པར་མ་དག་པའི་རྒྱུད་ལ་ཞུགས་ཏེ། བར་དུ་གཅོད་དུ་འོང་བ་ངས་བལྟས་ཏེ་དེ་ཚར་ཕྱིས་ཀྱང་གཅད་པའི་ཕྱིར། དྲེགས་པ་ཅན་ཐམས་ཅད་ཀྱི་མདོ་རྒྱུད་ཆེན་པོ། རྨོད་པ་ཀུན་འདུས་པའི་འཕྲིན་ལས། གསང་བའི་རྒྱུད་དང་སྔགས་ཀྱི་རྒྱུད་སོ་སོའི་རྟོག་པ་མ་རུ་རྩེ་འབུམ་སྡེ་འདོད་པ་བཞིན་བཤད་པའོ། ། དེ་ལྟ་བུའི་ལས་འདི་དག་དུས་ལྔ་བརྒྱ་ཐ་མ་ལ་རབ་ཏུ་གཅེས་པར་འགྱུར་བས། ཁྱེད་རྣམས་ཀྱི་འཇམ་དཔལ་གཤིན་རྗེ་དམར་པོའི་དགེ་འདུན་དུ་གནས་པའི་དོན་དུ་དྲེགས་པ་ཅན་ཐམས་ཅད་ཀྱི་མདོ་རྒྱུད་གསང་བ་དང། སྔགས་ཀྱི་ཏན་ཏྲ་ལས་སུ་རུང་བར་བྱ་བ་དང། དྲེགས་པ་ཤན་པ་ཐམས་ཅད་ཀྱི་རྨོད་པ་ཀུན་འདུལ་གྱི་ལས་ཁ་བསྒྱུར་བའི་ལས། རང་གི་ལས་ཀྱི་འདུལ་སྐལ་དུ། སྒྲོལ་གིང་དམར་པོའི་མཚོན་ཆ་རྣོ་ལ་ངར་གྱིས་བསླུད་པ།། རྨོད་སྔགས་བྱིན་གྱིས་བརླབས་ཏེ་དབང་བསྐུར་བར་བྱའོ།། གསང་བའི་བདག་པོ་ཕྱག་ན་རྡོ་རྗེས་ཀྱང་དབང་བསྐུར་བ་དང་བྱིན་གྱིས་བརླབ་པ་གྱིས་ཤིག། ཅེས་བཀའ་སྩལ་ཏོ།། གནོད་སྦྱིན་ཟླ་གསང་དམར་པོ། བསེ་མདུང་དུག་མདའ་ནག་པོ། དམར་པོ་སྤུ་གྲི་རག་ཆོད་ཀྱི་རྒྱུད། གནམ་ལྕགས་ཐོག་གི་སྟ་རེ་ལས། གླེང་གཞིའི་ལེའུ་དང་ཁྲག་གི་ཟོར་རྒྱོགས་ཀྱིས་བདུད་དཔུང་བཅོམ་པའི་ལེའུ་སྟེ་དང་པོའོ། །།། དེ་ནས་དྲེགས་པ་ཅན་ཐམས་ཅད་ཀྱི་བདག་པོ་རྒྱལ་པོ་གཤིན་རྗེ་མ་རུ་རྩེ་ཞེས་བྱ་བ། སྲིན་པོ་མ་རུ་རྩེ་དང། བདུད་མ་རུ་རྩེ་དང། གནོད་སྦྱིན་མ་རུ་རྩེ་དང། གནོད་སྦྱིན་མོ་གདུག་པ་ཅན་དང། བལ་མོ་བསེ་མོ་གདུག་པ་ཅན་དང། གིང་ཕོ་མོ་རང་རང་གི་འཁོར་དང་བཅས་པ་བྱེ་བ་དུང་ཕྱུར་གྱིས་བསྐོར་ནས། སྒྲོལ་གིང་གི་ཁྲོ་མོ་འཕྲིན་ལས་ཀྱི་བདག་མོ་རེ་མ་ཏི་དང་བཅས་ཏེ། བདག་ཉིད་ཀྱི་སྟོན་པ་འཇམ་དཔལ་དམར་པོ་དང་ཁྲོ་མོ་ཨེ་ཀ་ཛ་ཏི་མངོན་པར་ཕྱོགས་ནས་བལྟས་ཏེ། ཁྱེའུ་སྔོན་ཡ་མན་ཏ་ཀ་ལ་འདི་སྐད་ཅེས་གསོལ་ཏོ།། དཔའ་བོ་ཆེན་པོ་དཔལ་ལྡན་ཆེན་པོ་འཇམ་དཔལ་མ་རུ་རྩེ། སྒྲོལ་གིང་གི་རྒྱལ་པོ། ཡེ་ཤེས་དང་ལས་ལ་གྲུབ་པའི་གཙོ་བོ། སྐུ་བསྟན་པས་ཀྱང་དྲེགས་པ་ཅན་ཀུན་འདུལ་བར་གྱུར་ཏེ། རྫ་འཕྲུལ་བསྟན་པའི་ཕྱིར་དབུ་གསུམ་ཕྱག་དྲུག་པའི་ལས་ཀྱི་ལས་ཀྱི་སྦྱོར་ཁ་དང། དབུ་གཅིག་ཕྱག་གཉིས་པའི་ལས་སྦྱོར་སྟོན་ཅིག། དེ་ལྟར་དུ་ནི་བདག་གིས་རིགས་འཛིན་ཚོགས་ཀྱིས་ལུས་ངག་ཡིད་གསུམ་གྱིས་བརླབ་པར་བྱ་སྟེ། དེ་ཡི་སྒྲུབ་ཐབས་བསྟན་དུ་གསོལ། ཞེས་གསོལ་པས། བཅོམ་ལྡན་འདས་འཇམ་དཔལ་གཤིན་རྗེ་ཁྲོ་བོ་ཆེན་པོས་བཀའ་སྩལ་པ། དྲེགས་ཅན་ཆེན་པོ་ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་སངས་རྒྱས་སྐུ་གསུམ་བཞི་བཅུ་རྩ་གཉིས་སུ་འདུས་པས་དེ་ཟུང་ཞིག། དེ་ཉིད་བདུད་རུ་དྲའི་སྡེ་འདུལ་བའི་ཕྱིར་ཐུགས་ཁྲོས་པ་ཁྲག་འཐུང་སུམ་ཅུ་ཐམ་པར་གྱུར་ཏེ། མ་སྲིང་ཉི་ཤུ་རྩ་བརྒྱད་དབང་དུ་བསྡུས་ཏེ་ཁྲོ་བོ་སྤྲོས་པས་དེ་ཟུང་ཞིག། དེ་དག་ཀྱང་བདུད་དང་སྲིན་པོ་ལོག་འདྲེན་འདུལ་བར་ཐུགས་རྡོ་རྗེ་སྲིན་པོར་སྤྲུལ་ཏེ། ཐུགས་ཡེ་ཤེས་ཀྱི་རོལ་པ་ཕྱོགས་བཅུའི་ཁྲོ་བོ་བསྟན་པས་དེ་ཟུང་ཞིག། དེ་ཉིད་ཐམས་ཅད་ཀྱི་སྐུ་མཆོག་ཡོན་ཏན་ཐམས་ཅད་འདུས་པ་སྟེ། སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཐམས་ཅད་འདུས་པའི་སྐུ་འཇམ་དཔལ་ཡེ་ཤེས་སེམས་དཔའ་སྟེ། དེ་ཐུགས་ཞི་བ་ཆེན་པོ་འཇམ་པའི་དབྱངས་ལས་ཁྲོ་བོ་ཡ་མན་ཏ་ཀར་སྤྲུལ་ཏེ། བགེགས་རིགས་མི་སྲུན་པ་ཀུན་བཏུལ་བའོ། ། དེ་ལྟ་བུའི་ཁྲོ་བོ་ནི་ཕྱི་ལྟར་བསྟན་པ་གདོང་དྲུག་དང། ནང་ལྟར་བསྟན་པ་གདོང་གསུམ་པ་དང། གསང་བ་ལྟར་བསྟན་པ་གདོང་གཅིག་དུ་ཡང་བསྟན་ཅིང། སྟོང་བྱེ་བ་ས་ཡ་ལ་སོགས་པར་ཡང་ཆོ་འཕྲུལ་བསྟན་པའོ། ། དེའི་ཕྱག་ཀྱང་བཅུ་གཉིས་དང། དྲུག་དང། གཉིས་དང། ཞབས་ཀྱང་དྲུག་དང། བཞི་དང། གཉིས་ལ་སོགས་པ་ཕྱི་ནང་གསང་བར་བསྟན་ཏེ། སྟོང་བྱེ་བ་ས་ཡ་ལ་སོགས་པར་ཡང་ཆོ་འཕྲུལ་བསྟན་ཏོ། ། དཔའ་བོ་ཆེན་པོ་དེའི་ཐུགས་ཀྱི་སྲས་སུ་གྱུར་པ་ཡ་མ་རཱ་ཛ་ཞེས་བྱ་བ་དྲེགས་པ་ཐམས་ཅད་ཀྱི་གཉེན་པོ་གིང་དང་མ་མོ་ཐམས་ཅད་ལས་ལ་འཛུད་པའི་སྐུར་གྱུར་པས། ལས་ཀྱི་བདག་པོ་དེའི་ཕྱག་མཚན་ནི་འདི་ལྟ་སྟེ། རེས་འགའ་ནི་སྤུ་གྲི་དང་ལྕགས་ཀྱུ་བསྣམས་ཏེ་གིང་དང་སྐུ་མཆོག་དམག་དཔོན་ཐམས་ཅད་ལས་ལ་འཛུད་དོ།། རེས་འགའ་ནི་མེ་དང་རླུང་གི་འཁོར་ལོས་གཙོ་བོ་བཞི་ལས་ལ་འཛུད་དོ། ། རེས་འགའ་ནི་བེ་ཅོན་དང་ཞབས་པ་ཅན་དེ་འཆི་བདག་ཀུན་འདུལ་ལོ།། རེས་འགའ་ནི་རྡོ་རྗེ་དང་སྡིགས་མཛུབ་ཀྱིས་སྐྱེས་བུ་གིང་ཕོ་མོ་ཐམས་ཅད་འདུལ་ཞིང་འབྱུང་པོ་ཡོངས་ཀྱང་འདུལ་བ། དོན་དམ་པར་ཐུགས་ཀྱི་སྲས་མཆོག་ཡེ་ཤེས་ཤེས་རབ་ཀྱི་རལ་གྲིས་ཕྱིན་ཅི་ལོག་གི་ལྟ་བ་ངན་པ་འཇོམས་པ་ཐམས་ཅད་གཅོད་པར་མཛད་དེ། ཐུགས་རྗེའི་ཞགས་པས་གང་དང་གང་ལ་བབ་པ་ཐམས་ཅད་འདྲེན་ནོ། ། རྒྱལ་བའི་སྲས་པོ་དེ་ལ་རྟོག་འཛིན་མི་མངའ་ཡང། ཇི་ལྟར་མོས་པས་འདུལ་བ་ལྟར་ཆོ་འཕྲུལ་གཉེན་པོར་སྣང་བའོ།། དེ་ལྟ་བས་ན་དྲེགས་པ་ཀུན་འདུལ་བ་ཞེས་བྱ་བ་ལས་ཐམས་ཅད་གྲུབ་པའི་སྟོན་པ་ནི་སྐུ་གསུམ་ཡེ་ཤེས་དྲུག་དང་ལྡན་ཞིང་རྫུ་འཕྲུལ་གྱི་རྐང་པ་བཞིས། སྐྱེ་བ་བཞི་བདུད་བཞི་དབང་དུ་སོང་བ་གནོན་ཏེ། དུག་གསུམ་རྩད་ནས་གཅོད་ཅིང་རྒྱུ་དྲུག་གནས་སུ་སྦྱང་ངོ།། སྐྱེ་བ་བཞི་ཚར་གཅད་ནས་དེའི་ཕྱིར་ངས་ཆོ་འཕྲུལ་འདི་ལྟ་བུ་སྔར་ཡང་བསྟན་ཏོ། ། ད་ལྟར་ཡང་བསྟན་ཏོ།། ཕྱིས་ཀྱང་བསྟན་པར་བྱའོ།། འདུས་པའི་དགེ་འདུན་རྣམས་ཀྱིས་གང་རྣལ་འབྱོར་ལ་ཞུགས་པ་རྣམས་ལ་ལས་གང་འདོད་པ་བསམ་པ་ལྟར་སྒྲུབས་ཤིག། ད་ངས་བཤད་ཀྱིས་ཉོན་ཅིག། ལྷ་བདུན་པའི་ལས་སུ་ཟུང་ཞིག། དངོས་མ་རུ་རྩེ་མཆེད་ལྔའི་སྒྲུབ་པར་ཟུང་ཞིག། བསྙེན་པ་ནག་པོ་ལ་བྱའོ།། སྒྲུབ་པ་དམར་པོ་ལ་བྱའོ།། ལས་སྦྱོར་གིང་ལ་བྱའོ།། སྔར་བསྟན་པའི་ནང་གི་ཕྱོགས་ལ་ཞུགས་ཏེ། སྔོན་དུ་བསྙེན་པ་འདི་བྱེ་བ་གཅིག་འབུམ་རི་མོ་ལ་རྟེན་དེ་བྱའོ།། ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མན་ཏ་ཀ་ཧ་ན་ཐཾ་བན་ཛ་ཧཱུ~ཾ་ཕཊ། ཉེ་བའི་སྙེན་པ་ནི། ཨོཾ་ས་མ་ཡ་མཉྫུ་ཤྲཱི་ཡ་མན་ཏ་ཀ་པ་ཙ་ཏེ་རོ་ནི་ཧཱུ~ཾ་ཛ། སྒྲུབ་པ་ནི། ཨོཾ་ས་མ་ཡ་མཉྫུ་ཤྲཱི་ཡ་མན་ཏ་ཀ་ཡ་མ་རཱ་ཛ་མ་མ་ཨེ་ཀ་ཛ་ཏི་ཛ་ཛཱ། ཏྲག་རཀྴ་མུ་ཏྲ་སྙིང་ཁ་རག་མོ་བྷྱོ་བྷྱོ། རཀ་མོ་ཏེ་ཀུཾ་ཛ་ཛ། ཁ་ལ་མ་ཏིང་བྷྱོ། རུ་ལུ་རུ་ལུ་མ་ཧི་བྷྱོ། ཡ་བ་ལོན་ཙིན་དན་མ་སྙིང་ཁྲག་སྲོག་ལ་བྷྱོ་བྷྱོ། ལས་ཀྱི་བསྙེན་པ་ནི། ཨོཾ་ཨཱཿཧཱུ~ཾ། ཡ་མ་རཱ་ཛ་ས་དོ་མེ་ཡ་ཡ་མེ་དོ་རུ་ཎ་ཡོ་ཏ་ཡ། ཡ་ད་ཡོ་ནི་ར་ཡཀྴེ་ཡ། ཡཀྴེ་ཡཙྪ་ནི་ར་མ་ཡ་ཧཱུ~ཾ་ཕཊ། དུས་རྟག་ཏུ་མཆོད་པ་ནི། ཨོཾ་ཡ་མན་ཏ་ཀ་ཛ་ཁཱ་ཧི། ཡ་མ་རཱ་ཛ་ཧུ་ཁཱ་ཧི། གུ་ཡ་ཛྙཱ་ན་མུཾ་ཁཱ་ཧི། ཡ་མ་ཡ་ཙ་ཁཱ་ཧི། མ་གཤིན་ཚོགས་ཀྱི་ཞལ་དུ་ཁཱ་ཧི། དམར་ནག་མ་གིང་གཤིན་རྗེ་མ་ལུས་འདུལ་བའི་ཕྱིར་དུས་རྟག་ཏུ་དྲན་པར་བྱའོ།། རྟོག་པ་ནི་རང་རྒྱུད་དུ་ཁྲོལ་ཅིག། ཅེས་གསུངས་སོ།། དེའི་ཕྱིར་ཟླ་གསང་ཞེས་བྱའོ།། བསེ་ཡི་མདུང་དམར་དུ་མདའ་དམར་པོ། སྤུ་གྲི་རེག་ཆོད་ཀྱི་རྒྱུད། གནས་ལྕགས་ཐོག་གི་སྟ་རི་ལས། གླེང་བསླང་ཞིང་བསྙེན་པ་ནག་པོ་ལ་བྱ་བ་དོན་དུ་ཞུས་པའི་ལེའུ་སྟེ་གཉིས་པའོ། །།། དེ་ནས་གཤིན་རྗེ་གཤེད་པོ་ཡིས།། འཁོར་རྣམས་འདུས་པའི་དོན་ཆེད་དུ།། འཇམ་དཔལ་དམ་ཚིག་བདག་པོའི་སྐུ།། བསེ་མཁར་དམར་པོ་ཆེན་པོ་རུ།། གཤིན་རྗེ་དམ་ཚིག་སྒྲུབ་པའི་ཐབས། ། གིང་བདུད་ལ་བགཞུག་པ་དང།། འཁུ་ལྡོག་ཐམས་ཅད་མི་འབྱུང་དང།། འཕྲིན་ལས་བཀའ་རྣམས་ཉན་པའི་ཕྱིར།། དབུས་ཀྱི་ལྕགས་མཁར་ཆེན་པོའི་ལས། འཆི་བདག་ཡ་མ་རཱ་ཛའི་ཐུན། ཁ་ཐུན་ནག་པོ་ཞེས་བྱ་བ།། གསད་པ་ལས་ཀྱི་བརྣག་པ་བཤད།། དེ་ནས་མྱུར་དུ་ལས་གྲུབ་ཕྱིར།། ཟངས་ཁང་བསེ་མཁར་དམར་པོར་བསྒྱུར།། དམ་ཚིག་བསེ་མཁར་སྒྲུབ་པ་བཤད།། དབེན་དྲག་བཀྲ་ཤིས་གནས་བཙལ་ཏེ། ། དམ་རྫས་གཏོར་མ་ཤ་ཁྲག་དང།། ཁྲག་ཆང་འབྱོར་ཚད་བདུད་རྩི་དབུལ།། དཀྱིལ་འཁོར་གྲུ་གསུམ་འབར་བ་བཅའ།། གསད་པའི་ལིང་ག་དྲག་པོ་ཐུན།། བསེ་མཁར་བཅའ་ཞིང་བཅང་བར་བྱ།། བ་གླང་དམར་པོའི་ཤ་ཁྲག་དང། ། འོ་མ་དམ་ཚིག་བླངས་ཏེ་བསྲུངས་ཏིང་འཛིན་སྟོང་ཉིད་སྙིང་རྗེ་ཧཱུ~ཾ།། ལྷ་ནི་དམར་པོ་ཡབ་ཡུམ་སྒོམ།། སྐུ་བསྐྱེད་པ་དང་བསྐུལ་བ་དང།། རྒྱུན་གྱི་སྙིང་པོ་ཉིད་མཚན་དྲང།། སྔགས་ནི་མ་འཁྲུགས་པ་རུ་བཟླས་སྔགས་ཀྱི་ཐུན་ཁ་དབབ་པར་བྱ། ། དམར་པོ་སྲོག་ལ་ཤན་པར་རྦད།། ལྷ་སྒོམ་སྔགས་བཟླས་ལས་ལ་བསྐུལ།། ཕུར་པ་གདབ་ཅིང་ཟོར་ཐུན་དབབ།། བསྲེགས་ནས་བཏབ་སྟེ་གཏོར་མ་བཏང། ། རླུང་ལ་བསྐུར་ཏེ་བརླག་པར་སྨོན།། རེག་ཆོད་རྡོ་རྗེ་སྤུ་གྲི་ཡིན།། སྒྲུབ་བའི་ཐབས་བསྟན་པ་དང་ལས་ཀྱི་སྦྱོར་བའི་ལེའུ་སྟེ་གསུམ་པའོ།།།། དེ་ནས་དྲག་སྔགས་ཡང་དག་པ།། མཁས་པས་དེ་དོན་ཤེས་པར་བཟུང། ། ཨོཾ་ཡ་མ་རཱ་ཛ་གིང་བཾ་ཧཱུ~ཾ། ཡཾ་ཀྲོ་དྷི་ཤྭ་རི་བེ་ཏ་ལི་བཾ་ཧཱུ~ཾ། ཡ་མ་རཱ་ཛ་ས་ཏྭ་མེ་ཡ་སྙིང་ལ་ཏོ་རུ་ན་བཾ་རིལ་རྦད། མ་མ་ཏྲག་རཀྴ་སྙིང་ལ་ཐུཾ་རིལ་རྦད། སྐུ་བསྐྱེད་པ་དང་བསྐུལ་བའོ།། ཨོཾ་ཤྲཱི་མཉྫུ་ཡ་མ་རཱ་ཛ་ས་ཏྭ་མེ་ཡ། ཡཾ་ཡཾ་ཐུམས་ཐུམས། གཤིན་རྗེ་ནག་པོའི་སྙིང་ཁྲག་ལ་ཐུན་བྷྱོ། མ་རུ་ཙེ་ཙ་ལ་ཧུར་ཐུམས། ཏྲི་ལིང་ཤང་ཀ་དུ་ཏྲི་ཟ་ཡག་ཤ་རྦད་པུ་ཕྱེ་མ་ཁ་འདར། རུ་རུ་པྲ་པྲ་དུམ་དུམ་ཤིག་ཤིག། དགྲ་བོ་ནརྀ་མཱ་ར་ཡ། ཙ་ཙ་རཱ་ཛ་རྦད། རྒྱུན་གྱི་སྙིང་པོ་ཉིན་པར་དྲང།། ཨོཾ་ཤྲཱི་མཉྫུ་ཨུ་ཙུས་རྨ་རྣལ་མ་རྣལ་ཏེ་བྷྱོ། གཤིན་རྗེ་ནག་པོའི་སྙིང་ཁྲག་ལ་ཚལ་བྷྱོ། ཀུཾ་ཀུཾ་ཏ་ཀི་ནརི། ཏ་ཀིཾ་ནརི། ཧཾ་ཧཾ་མ་ར་གི་ཛ། རྒྱུན་གྱི་སྙིང་པོ་མཚན་མོ་དྲང་ཡ་མ་རཱ་ཛ་ས་ཏ་མེ་ཡཾ། ཡ་མ་རཱ་ཛ་གཤིན་རྗེ་མུག་ཏོ་མེ་ཡཾ། ཡ་མ་རཱ་ཛ་གཤིན་རྗེ་ཁ་ཏོ་མེ་ཡཾ། ཡ་མ་རཱ་ཛ་གཤིན་རྗེ་ཁ་ཐུན་ནག་པོ་ཐུན་ཛུབས། ཡ་མ་རཱ་ཛ་གཤིན་རྗེ་ནག་པོ་སུམ་བྷྱོ། གཤིན་རྗེ་ནག་པོ་དུན་དུན་བྷྱོ། ཀྲིང་ཀྲིང་རཱ་ཛ་མ་ནི་སྙིང་ཤད་ཤད་བྷྱོ། ནརི་ཛཱ་ཛཱ་ནརི་ཛཱ་ཛཱ། སྙིང་ཁ་རག་སྙིང་ཁ་རག། རཀྴ་དུ་ན་ཐུ་ལུ་ལུ་ཤག། རཀྴ་མུན་ཏང་ནི་ཛ་བྷྱོ། རུ་ལུ་རུ་ལུ་དགྲ་བོ་ལ་ལས་ཀྱི་ཐུན་ཕོབ། ཁྲག་ནད་ཕོབ། རིམས་ནད་ཕོབ། བཛྲ་ཡཀྴ་མཱ་ར་ཡ་ཐུན་བྷྱོ། དམར་པོ་རཀྴ་སྙིང་ཁྲག་ལ་ཁུག་རིལ་རྦད། མངག་ཙིང་ཐུན་ཁ་དབབ་པ་དང། དམར་པོ་སྲོག་ལ་རྦད་པར་བྱ།། བསྙེན་དང་ཉེ་བར་བསྙེན་པ་དང།། སྒྲུབ་དང་བསྒྲུབ་པ་ཆེན་པོ་བྱ། ། བསྙེན་པ་ནག་པོ་དག་ལ་ཡང།། རབ་ཏུ་བྱས་ན་གིང་བདུན་འཁོལ།། སྒྲུབ་པ་དམར་པོ་དག་ལ་ཡང།། རབ་ཏུ་བྱས་ན་དམག་དཔུང་འབེབས།། ལས་སྦྱོར་གིང་ཆེན་ཕོ་མོ་ལ།། རབ་ཏུ་བྱས་ན་སྲིད་པ་འཁྲུག། དམ་ཚིག་བསེ་མཁར་གྱི་བདག་པོ་གསང་སྔགས་ཀྱི་ལེའུ་སྟེ་བཞི་པའོ།།།། དེ་ནས་བསྟོད་ཅིང་ལས་ལ་བསྐུལ།། ཧཱུ~ཾ། མཐིང་ནག་གྲུ་གསུམ་འབར་བའི་དཀྱིལ་འཁོར་དུ།། གཤིན་རྗེ་དམར་པོ་ཡབ་ཡུམ་གཤེགས་སུ་གསོལ། ། རཀྟ་རྦ་གློང་འཁྲུགས་པའི་མཎྜལ་ན།། སྲོག་བདུད་དྲི་ཟ་བསྣོལ་བའི་གདན་སྟེངས་སུ།། ཐུགས་ཀྱི་སྲས་མཆོག་འཇམ་དཔལ་དམར་པོ་ནི།། དབུ་གསུམ་ཕྱག་དྲུག་ཞབས་བཞི་བརྐྱང་བསྐུམ་བགྲད། ། སྐུ་མདོག་དམར་པོ་མེ་ཡི་རལ་པ་ཅན།། རལ་པའི་རྩེ་ལ་བནྡྷ་ལྕང་ལོས་བརྒྱན།། སྤྱན་ནས་མེ་ཡི་ཚ་ཚས་དགྲ་བགེགས་བསྲེག། ཤངས་ནས་རླུང་འབྱུང་ས་གཞི་བར་སྣང་འཁྲུག། སྙན་ནས་འབྲུག་ལྡིར་སྲིད་གསུམ་ཟིལ་གྱིས་གནོན། ། འབར་བའི་ཨག་ཚོམས་ནག་པོ་གློག་སྟོང་འགྱུ།། དགྲ་བགེགས་སྙིང་ནས་འདྲེན་མཛད་མཆེ་བ་གཙིགས།། གཡས་ཀྱི་དང་པོ་བེ་ཅོན་དབྱུག་པ་ཐོགས།། གཡོན་གྱི་དང་པོ་ཟངས་ཀྱི་སྤུ་གྲི་བསྣམས། ། དགྲ་བགེགས་སྤུ་གྲིས་གཏུབས་ལ་དབྱུག་ཐོས་གཏོགས།། གཡས་ཀྱི་བར་མ་མེ་ཡི་འཁོར་ལོ་བསྣམས།། གཡོན་གྱི་བར་མ་རླུང་གི་འཁོར་ལོ་བསྣམས།། དགྲ་བགེགས་མེ་ཡིས་བསྲེགས་ལ་རླུང་གིས་གཏོར། ། གཡས་ཀྱི་ཐ་མ་བདུད་ཁྲམ་དགྲ་སྟ་བསྣམས།། གཡོན་པ་སྡིགས་མཛུབ་དུང་དམར་ཞལ་དུ་རྡུབ།། དགྲ་བགེགས་མགོ་ལུས་གཤོགས་ལ་སྙིང་ཁྲག་འཐུང།། བདུད་ཀྱི་ཁྲམ་ལ་ཐོབ་ལ་ཞགས་པས་ཆིངས། ། མྱུར་བར་སྡིགས་མཛུབ་ཚུགས་ལ་དབང་དུ་བསྡུས།། སྐུ་སྟོད་ཀོ་རློན་ཞིང་གི་གཡང་གཞི་གསོལ།། སྐུ་སྨད་དཔའ་བརྟུལ་སྟག་གི་ཤམ་ཐབས་ཅན།། སྦྲུལ་ནག་སྟོང་གིས་སྐུ་དང་ཡན་ལག་བརྒྱན།། མཆེ་བ་གཙིགས་ཤིང་དགྲ་ཤ་རློན་པ་ཟ། ། ཁྲོ་བོའི་རྒྱན་ཆ་སྣ་ཚོགས་སྐུ་ལ་བརྒྱན།། སྲིན་པོ་གཤིན་རྗེ་བདུད་དང་གནོད་སྦྱིན་དང།། མ་མོ་བལ་མོ་གིང་བདུད་ལས་ལ་གཏོང།། མེ་དཔུང་དམར་ནག་འབར་བའི་གདན་ལ་བཞུགས། ། དབང་དྲག་ཁྲོས་པའི་སྐུ་ལ་ཕྱག་འཚལ་བསྟོད།། ཡོན་ཏན་བྱེ་བས་བརྒྱན་པའི་ལྷ་ཁྱོད་ལ།། མཆོད་ཅིང་བསྟོད་འབུམ་རྟག་ཏུ་ཁྱོད་ལ་འདུད།། ཡུན་གྱི་ལྷར་ཡང་ཁྱོད་ལ་གསོལ་འདེབས་ནས། ། ཐུགས་རྗེའི་སྤྱན་གྱིས་རྟག་ཏུ་བདག་ལ་གཟིགས།། རི་རབ་གསེར་གྱི་ངོས་ལ་བྱ་གནས་པ།། བྱ་ཡི་རང་བཞིན་བོར་ནས་གསེར་དུ་སྣང།། ལྷ་མཆོག་ཁྱོད་ལ་གང་དག་སུ་རྟེན་པ།། མི་ཡི་ཐ་མ་རྣམས་ཀྱང་མཆོག་ཏུ་འགྱུར། ། ཐམས་ཅད་ཁྱོད་ཀྱི་སྐུར་ནི་གསལ་བསྒོམས་ན།། བདག་གི་རང་བཞིན་བོར་ནས་ཁྲོ་བོར་གསལ།། འདི་དང་ཕ་རོལ་གཉིས་ཀ་བདེར་འཚལ་ནས།། སྲོག་གི་ཕྱིར་ཡང་ལྷ་མཆོག་མི་གཏོང་ན། ། བྱམས་པའི་ཞལ་བཟངས་སྔོན་དུ་བཏང་བ་དང།། བདག་ལ་གནོད་པར་བྱེད་པའི་དགྲ་ངང་བགེགས།། ཟུང་ཞིག་ཆིངས་ཤིག་སྒྲོལ་ཅིག་རྣམ་པར་ནོན།། ཁྱོད་ལྟར་བདག་གྱུར་དེ་ཕྱིར་བསྟོད་ཕྱག་འཚལ། ། འཇིགས་བྱེད་ཁྲོ་བོའི་ཐུགས་དམ་དགྱེས་བསྐུལ་བ།། གཤིན་རྗེའི་ཡུམ་ལ་བདུད་ཀྱི་ལྕམ་གཅིག་མ།། མི་སྲིན་ནག་མོ་སྲིན་མོ་མགོ་འཕྱངས་མ།། དྲེ་ནག་ཆིབས་ཤིང་མི་ལྤགས་རློན་པ་གསོལ།། མི་མགོ་སྟོང་གིས་རལ་པའི་ཟར་བུ་བརྒྱན། ། མིག་ནས་ཁྲག་འཛག་ཁྲག་ནད་རྒྱུ་གཟེར་གཏོང།། སྣ་ནས་དབུགས་ཕྱུང་ཕྱུགས་ནད་ཕྱགས་མས་འདེབས།། ཞལ་ནས་མེ་འབར་མཚོ་སྐེམས་རིམས་ནད་གཏོང།། ཀླུ་བདུད་ཕོ་ཉར་འགྱེད་ཅིང་མཛེ་ནད་གཏོང། ། ལག་ན་ལྕགས་ཀྱུ་ཁྲ་བམ་ནད་རྐྱལ་ཐོགས།། དམ་ཉམས་ཟུང་ལ་ཁྲམ་ཐོབ་ནད་ཁ་ཕོབ།། ཤ་ཟ་ལྕེ་སྤྱང་དམ་ཉམས་བླ་ལ་རྦོད།། ཉམས་པའི་སྙིང་ཕྱུང་སྙིང་ཁྲག་གཙོ་ལ་སྟོབ།། དགྲ་བོ་དབང་དུ་བསྡུ་བའི་དུས་ལ་བབ། ། གཤིན་རྗེ་དམར་པོ་སྒྲོལ་གིང་ཡབ་ཡུམ་གྱིས།། བརྣག་པའི་དགྲ་བགེགས་ཚོགས་རྣམས་བརླག་པར་མཛོད།། འཇམ་དཔལ་ཐུགས་ལས་སྤྲུལ་པ་ཡང་སྤྲུལ་ནི།། སྐུ་ཡི་སྤྲུལ་པ་གཤིན་རྗེ་མ་རུ་རྩེ། ། ང་རྒྱལ་ཚུལ་གྱིས་ང་རྒྱལ་འཇོམས་པར་མཛད།། ང་རྒྱལ་ཁྲོས་པ་སྡང་བའི་དགྲ་བགེགས་གཤེད།། བཀའ་འཁོར་གཤིན་རྗེ་འབུམ་ནི་ལས་ལ་འགྱེད།། གསུང་གི་སྤྲུལ་པ་སྲིན་པོ་མ་རུ་རྩེ།། ཞེ་སྡང་ཚུལ་གྱིས་ཞེ་སྡང་འཇོམས་མཛད་པ། ། ཞེ་སྡང་ཁྲོས་པ་དམ་ཉམས་དགྲ་བོའི་གཤེད།། བཀའ་འཁོར་སྲིན་པོ་འབུམ་ནི་ལས་ལ་འགྱེད།། ཐུགས་ཀྱི་སྤྲུལ་པ་བདུད་པོ་མ་རུ་རྩེ།། འདོད་ཆགས་ཚུལ་གྱིས་འདོད་ཆགས་འཇོམས་པར་མཛད། ། འདོད་ཆགས་ཁྲོས་པ་དམ་ཉམས་དགྲ་བོའི་གཤེད།། བཀའ་འཁོར་བདུད་པོ་འབུམ་ནི་ལས་ལ་འགྱེད།། ལས་ཀྱི་སྤྲུལ་པ་གནོད་སྦྱིན་མ་རུ་རྩེ།། ཕྲག་དོག་ཚུལ་གྱིས་ཕྲག་དོག་འཇོམ་པར་མཛད། ། ཕྲག་དོག་ཁྲོས་པ་དམ་ཉམས་དགྲ་བོའི་གཤེད།། བཀའ་འཁོར་གནོད་སྦྱིན་འབུམ་ནི་ལས་ལ་འགྱེད།། མོན་མོ་ཁྲོས་པ་མ་མོ་གདུག་པ་ཅན།། ཨེ་ཀ་ཛཱ་ཏི་ནག་མོ་རེ་མ་ཏི།། གནོད་སྦྱིན་མ་མོ་གདུག་པ་འབུམ་དང་བཅས། ། གཤིན་རྗེ་དམར་པོའི་འཕྲིན་ལས་གྲུབ་པར་མཛད།། བལ་མོ་ཁྲོས་པ་བསེ་མོ་གདུག་པ་ཅན།། ཡང་བྱིན་དེ་བྱིན་བསེ་བྱིན་ཕག་བྱིན་མ།། གཙོ་མོ་བློན་མོ་བྲན་དང་ཡང་བྲན་བཅས། ། ཉིས་བརྒྱ་ལྔ་བཅུས་དམར་པོའི་ལས་མཛད་མ།། དམར་པོ་མཆེད་བཞི་སྤྲུལ་པ་བཀའ་ཉན་བཞི།། བསེ་ཡི་སྐྱེ་བུ་གཏུམ་པོ་མཆེད་དེ་བཞི།། སྐུ་མཆོག་དམར་པོ་བཅོ་བརྒྱད་གིང་དང་བཅས།། དམར་པོ་ཤན་པའི་དཀྱིལ་འཁོར་བསམ་མི་ཁྱབ། ། གཤིན་རྗེ་དམར་པོའི་ཕྱི་ཡི་དགེ་བསྙེན་ནི།། མགོན་པོ་འདུལ་མཛད་མ་ཧཱ་ཀ་ལའི་སྐུ།། རྒྱལ་པོ་འདུལ་མཛད་སྲོག་བདག་སྤྱན་གཅིག་པ།། གཙན་གོང་འདུལ་མཛད་རྡོ་རྗེ་ལེགས་པའི་སྐུ། ། ཀླུ་སྲིན་འདུལ་མཛད་ཡམ་ཤོད་དམར་པོའི་སྐུ།། སྐུ་བཞི་ཁྲོ་བོ་སྒྲོལ་གང་བྱིན་པ་བཞི།། རང་རང་འཁོར་གཡོག་སྤྲུལ་པ་གྲགས་མང་ཡང།། གཙོར་ནི་འགོང་པོ་དཔུན་དགུ་ལས་ལ་གཏོང།། དམ་ཉམས་དགྲ་ལ་ཕུང་དཀྲུགས་འབེབས་པར་མཛད། ། འཇིག་རྟེན་འདས་དང་མ་འདས་དྲེགས་པའི་ཚོགས།། ཡེ་ཤེས་ལས་དང་ལས་ཀྱི་ཁྲོ་བོའི་ཚོགས།། འཇིག་རྟེན་དྲེགས་པ་བཀའ་ཡི་ལས་མཛད་པ།། གཤིན་རྗེ་དམར་པོ་གཙོ་འཁོར་ཀུན་འདུས་ཚོགས། ། བཅོལ་བའི་འཕྲིན་ལས་མ་ཐོགས་མྱུར་དུ་མཛོད།། ཅེས་གསུངས་སོ།། འདི་སྒྲུབ་པའི་རྣལ་འབྱོར་བས་རྟག་ཏུ་བསེ་མཁར་བཅས་ཤིང་བསྙེན་སྒྲུབ་བྱས་པས་བསམ་པ་ཡིད་བཞིན་དུ་གྲུབ་པར་འགྱུར་རོ། ། བསེ་མདུང་དམར་པོ། དུག་མདའ་ནག་པོ། སྤུ་གྲི་རེག་ཆོད་ཀྱི་རྒྱུད་གནམ་ལྕགས་ཐོག་གི་སྟ་རི། གནོད་སྦྱིན་ཟླ་གསང་དམར་པོའི་རྒྱུད་ལས། དམ་ཚིག་བསེ་མཁར་གྱི་བདག་པོ་ལས་ལ་བསྐུལ་བའི་ལེའུ་སྟེ་ལྔ་པའོ། །།། དེ་ནས་བཅོམ་ལྡན་འདས་གཤིན་རྗེ་གཤེད་པོས་གཤིན་རྗེ་དམར་པོ་རྩ་བའི་སྒྲུབ་ལུགས་འདི་གསུངས་སོ།། དུར་ཁྲོད་གནས་སམ་སུམ་ཐོག་རྩེ།། ཡང་ན་བྲག་རི་དགོན་པ་རུ།། ས་ཆོག་བྱས་ཏེ་མཎྜལ་བཤམ། ། ཐོད་ངན་དག་ལ་དགྲ་གཟུགས་བྲི།། མཎྜལ་ཁོངས་སུ་ཕོ་བྲང་གདབ།། དམར་པོའི་ཕོ་བྲང་བཏབ་པར་དམིགས།། དེ་ནས་ཞི་ཁྲོའི་བསྙེན་པ་བྱ།། ཡ་མན་ཏ་ཀ་ཡང་ནི་བསྟོད།། དེ་ནས་དམར་པོའི་ལས་ལ་འཇུག། རྣལ་འབྱོར་གང་ལ་མོས་པའི་ལས།། གཙོར་ནི་དེ་བཞིན་དམ་རྫས་སྒྲུབ།། སྲོག་ལ་སྒྲུབ་པའི་སྲོག་སྒྲུབ་དང།། ཞལ་ལ་སྒྲུབ་པའི་ཞལ་སྒྲུབ་དང།། ཐུན་ལ་སྒྲུབ་པའི་ཐུན་སྒྲུབ་གསུམ།། ཡན་ལག་གྲོགས་དང་བཅས་པ་བཤམ། ། སྲོག་ནི་ཙི་ར་དག་ཡིན་ཏེ།། ར་དང་ར་མགོ་ར་སྙིང་ལ།། སྲོག་དང་སྲོག་སྒྲུབ་སྲོག་ཐུན་བྱ།། ཞལ་ནི་ཐོད་པ་འཁོར་ལོ་སྟེ།། གཤིན་རྗེའི་ཞལ་ཕྱུང་ཐོད་འཁོར་ལ།། ཞལ་དང་ཞལ་སྒྲུབ་ཞལ་ཐུན་བྱ། ། ཐུན་ནི་དུག་ཁྲག་ཉུངས་རྫས་ཏེ།། བན་དྷ་ནག་པོ་རར་བཅོས་ནས།། ཐུན་དང་ཐུན་སྒྲུབ་ཐུན་ཟོར་བྱ།། དམར་པོ་ཕུར་པའི་སྒྲུབ་པ་དང།། དམར་པོ་ཧོམ་ནག་སྒྲུབ་པ་དང།། དམར་པོ་དཀྱིལ་འཁོར་སྒྲུབ་པ་དང། ། སྲོག་སྒྲུབ་ཞལ་སྒྲུབ་ཐུན་སྒྲུབ་ལ།། ལས་ཀྱི་གྲོགས་སུ་ཤེས་པས་སྤྱད།། བཅོམ་ལྡན་འཇམ་དཔལ་གཤིན་རྗེ་གཤེད།། སྔར་ནི་བསྙེན་པ་མཐར་ཕྱིན་པས།། དེ་ནས་དམར་པོ་འཁོར་དང་བཅས། ། བསྙེན་དང་སྒྲུབ་དང་ལས་ལ་བསྐུལ།། དང་པོ་གཙོ་བོ་བསྙེན་པར་བྱ།། ལས་ལ་བསྐུལ་དང་བསྙེན་སྒྲུབ་ནི།། སྟོང་ཉིད་ངང་ལས་སྙིང་རྗེར་བཞེངས།། རིག་པ་ཧཱུ~ཾ་དམར་གཅིག་ཏུ་དམིགས།། ཆུ་ལས་ཆུ་བུར་རྡོལ་བ་ལྟར། ། རཀྟའི་མཚོ་དཀྱིལ་ཟླ་སྟེངས་སུ།། དམར་པོ་ཞལ་གཅིག་ཕྱག་གཉིས་པ།། མེ་རླུང་འཁོར་ལོ་ཐོགས་པ་བསྐྱེད།། དེ་ལས་ཅི་ཡང་མི་སྒོམ་པར།། སྐུ་གསུང་ཐུགས་དང་ཡོན་ཏན་ལས།། གོ་བཟློག་བསྙེན་པའི་རིམ་པ་བྱ། ། མཚོན་ཆ་གཏེར་དང་ཉོ་དང་བརྡུང།། གྲུབ་པའི་རྟགས་མཚན་མཐོང་བ་དང།། བསྙེན་པ་བརྒྱ་བརྒྱ་རྩ་བརྒྱད་ཀྱིས།། ཉིན་དང་མཚན་གྱི་མགོ་དྲངས་ནས།། གནོད་སྦྱིན་དམར་པོས་དམག་དཔུང་དབབ། ། རྟག་ཏུ་བཙུན་ཆེན་རྟགས་མང་ནས།། སྲིན་པོས་དགྲ་བོ་ངོས་འཛིན་གཏང།། རང་རྒྱུད་དམར་པོ་གྲུབ་པ་ཡིན།། སྔགས་རྒོད་རིམ་པས་རྟགས་ཚད་བསྙེན།། གོ་མཚོན་མི་བཤར་མང་མཐོང་ནས། ། གཙོ་བོ་ལས་ཀྱི་སྔགས་རྒོད་དང།། གནོད་སྦྱིན་སྲིན་པོ་གཤིན་རྗེ་དག། ཉིན་དང་མཚན་དུ་དྲིལ་བྱས་ལ།། ནང་ནུབ་རྒྱུན་གཏོར་བཏང་ཞིང་བསྐུལ།། ཡིད་ཆེས་རྔམ་པའི་སེམས་དྲོད་འབྱུང།། དེ་ནས་བདུད་པོ་རྒྱན་དུ་གཏང། ། བདུད་ཀྱི་ཆོ་འཕྲུལ་ངེས་པར་འབྱུང།། དེ་ནས་དེ་ལ་རིམ་པ་ཡིས།། ཉིན་མཚན་ཕྱེ་ནས་མོ་སྔགས་སྒྲུབ།། མི་རྟ་ཁྱི་ཡི་སྙིང་རྟེན་ཅིང།། ཤ་ཆེན་རཀྟ་སྨན་ཕུད་དང།། གཏོར་མ་བྲེང་ངེ་བཏང་བར་བྱ། ། འཕྲིན་ལས་ལས་ལ་སྦྱོར་བའི་ཚེ།། གཟས་པ་མགར་བ་ཨ་ལགས་གིས།། གཟུགས་བརྙན་མིང་རུས་རྟེན་བཅས་ནས།། དུག་གཏོར་སྒྲོ་དང་ཧོམ་ཕུར་དང།། དམ་རྫས་གཏོར་མ་དྲག་པོ་རྣམས།། དཀྱིལ་འཁོར་ལ་བཀོད་སྒྲུབ་པ་བྱ། ། ར་འམ་ར་ཐོད་ར་སྙིང་ངམ།། ར་ཡི་སོག་པ་གཡས་པ་ལ།། བསྙེན་པ་རབ་འབྲིང་ཐ་མ་ཡིས།། སྔགས་ཀྱི་འཕྲིན་ལས་དྲག་ཏུ་ཕྱར།། རྩ་བའི་ལྷ་ལྔ་དམར་པོའི་སྒྲུབ་པའི་ལེའུ་སྟེ་དྲུག་པའོ། །།། བཅོམ་ལྡན་འཇམ་དཔལ་གཤིན་རྗེ་ཡིས།། བསེ་དམར་སྲོག་ཏིག་བརྣག་པའི་ལས།། སྲོག་གི་ཆན་པའི་ལས་འདི་བཤད།། དེ་ཡང་སྙིང་པོ་སྔགས་རྒོད་ནི།། བོད་རྦད་གསད་པ་དྲག་སྔགས་རྣམས། ། མཁས་པས་གཙོ་འཁོར་རྩ་བ་ལས།། རིམ་པ་ཤེས་པས་དྲང་བ་ལས།། ཅི་དགར་བཟླས་ན་རང་ཕུང་ཞིང།། མ་ཉེས་བསྟབས་ན་ཚུར་ལ་གདོན།། ཀུན་ལ་ན་ཆད་པ་འོང།། དབེན་གནས་ཡིད་འོང་ཉམས་དགའ་བར། ། དཀྱིལ་འཁོར་མཐིང་ནག་གྲུ་གསུམ་བྱ།། ཟླ་ཁམ་འཁོར་ལོ་བར་འཁྱམས་དང།། སྒོ་ཁྱུད་ལ་སོགས་ཚུལ་བཞིན་བྲི།། དབུས་སུ་གཤེད་པོ་ཡབ་ཡུམ་དང།། ཐུགས་ཀྱི་སྲས་མཆོག་དགོད་པར་བྱ། ། བསེ་མོ་བཞི་དང་བློན་མོ་དང།། བསེ་ཡི་སྐྱེས་བུ་ལ་སོགས་པ།། མཆོག་ཕུར་ལྕགས་ཕུར་བྱ་ཕུར་ཟངས།། ཙན་དན་ལ་སོགས་ཕུར་བུ་ལ།། མངགས་ཏེ་རིམ་པས་དཀྱིལ་འཁོར་དགོད།། སྲིན་མོ་གིང་གི་རྩང་ཕུར་དང། ། འོ་མ་ཁྲག་དག་སྦྲང་རྩི་དང།། མར་ཁུ་ཕྱར་བའི་དམ་རྫས་དགོད།། དཔལ་གྱི་གཏོར་མ་ཟླ་གམ་ལ།། དུག་ཏོར་གྲུ་གསུམ་རྩེ་ལ་དགོད།། ཙ་ར་རོག་པོ་ཟངས་ལྟག་ཅན།། དམིགས་པའི་མིང་བྱང་བཅས་ལ་བཞག། རྣེལ་དྲི་རུ་སྟོངས་ལ་སོགས་སུ།། སོ་སོའི་རྫས་དང་ཐུན་རྫས་བསགས།། དབུས་སུ་བསེ་མཁར་ཕབ་ནས་ཀྱང།། ཏིང་འཛིན་རྣམ་གསུམ་ཚུལ་བཞིན་སྒོམ།། བསྐང་བའི་རྒྱུ་མཆོག་དམ་རྫས་དང། ། སྨན་རག་ཛ་གད་གཏོར་ཚོགས་བཅས།། དང་པོ་ཞི་ཁྲོ་བསྐང་བཤགས་ཏེ།། བསྟོད་ཅིང་མཆོད་ནས་དྲག་པོ་འཇུག། བདག་ཉིད་གཤེད་པོར་གསལ་བསྒོམས་ནས།། ཡུམ་གཉིས་ལུས་དང་གྲིབ་བཞིན་བསྐྱེད། ། ཡབ་ཡུམ་གཉིས་མེད་བྱིན་རླབས་ལས།། ཡི་གེ་ཧཱུ~ཾ་ནི་དམར་ནག་ལས།། སྒྲོལ་གིང་བདག་པོ་མ་རུ་རྩེ།། སྐུ་ཆེ་ཡན་ལག་རགས་པ་བསྐྱེད།། ཨོཾ་བཛྲ་ཡཀྴ་མ་རུ་ཙེ་དུན་དུན། བེན་ཅོན་གཡས་པཾ་སྡིགས་མཛུབ་གཡོན། ། བདུད་ཀྱི་གདན་ལ་བརྐྱང་བསྐུམ་བཞུགས།། དེ་ལ་ཛ་དང་མ་འཕྲོས་ལས།། སྐུ་གསུང་ཐུགས་དང་འཕྲིན་ལས་ཏེ།། སྤྱན་ཤངས་ལྗགས་ཐུགས་ཡན་ལག་བཞི།། མ་རུ་རྩེ་དང་བསེ་མོ་བསྐྱེད།། སྤྱན་དྲངས་བསྟིམ་སྟེ་མཉེས་མཆོད་དབུལ། ། བསྟོད་ཅིང་ཐུགས་དམ་རྒྱུད་བསྐུལ་ནས།། བོད་རྦད་གསད་པའི་ལས་ལ་འཇུག། ཨོཾ་ས་མ་ཡ་ཤྲཱི་མཉྫུ་ཡ་མན་ཏ་ཀ་ཡ་མ་རཱ་ཛ་མ་མ་ཨེ་ཀ་ཛཱ་ཏི་ཛཱ་ཛཱ། ཏྲག་རཀྴ་མུ་ཏྲ་ཁ་མུ་རུ་ལུ་རུ་ལུ་རུ་བྷྱོ། ། ཨོཾ་ཤྲཱི་མཉྫུ་ཡ་མ་རཱ་ཛཱ་ས་ཏྭ་མེ་ཡ་ཡཾ་ཡཾ་ཐུམ་ཐུམ། གཤིན་རྗེ་ནག་པོ་སྙིང་ཁྲག་ལ་དུན་བྷྱོ། མ་རུ་རྩེ་ཙ་ལ་ཧུར་ཐུམས།། སྦུགས་ལ་ཐུམས། སྲོག་ལ་ཡཾ་ཡཾ་ཛཱ་ཛཱ། ཨོཾ་སུ་ཏྲི་བ་ཡ། བར་ཙིཏྟ་ཡོ་གི་ཤ་རི་ཡ་མ་ཙིཏྟ་ཧཱུ~ཾ་ཕཊ། དེ་ནས་ཁྱི་ཁྲིད་བཏང། མ་མ་མ་ལ་ཡཾ་བཏང། ཨོཾ་ཙི་བི་རི་ཙིཀྲ་བ་ན་ས་མ་ཡཱ་ཚལ་པ་ཨ་ནིར་ཏྲི་མཱ་ར་ཡ། ཨོཾ་གུ་ཤ་ཛཱ་ཛཱ་ནཱ་ག་མ་ར་ཛ། ཤུ་ཤུ་རཀྴ་ཡ། ཨོཾ་ལ་གུས་མ་དུ་ཧུ་ལུ་ལིར་མྱོས་ན་རྒལ་ག་གཟེར་ག་སྣ་ཡ། ཏྲི་ལིང་ཤང་ཀ་དུ་ཏང། གཞན་ཡང་དྲག་སྔགས་རྣམས་ཅི་རིགས་གཏང་ངོ།། བདག་ཉིད་ལྷ་ཡི་དཀྱིལ་འཁོར་སྒོམ།། སྲིང་མོས་བཀུག་ཅིང་མིང་པོས་བསྒྲལ།། རང་གི་བཟླས་པ་དགྲ་ལ་བསམ།། གླང་ཆེན་སྣ་ནས་ཁྲིད་པ་བཞིན། ། བཀུག་སྟེ་དམོད་པའི་སྔགས་ཀྱིས་གསད།། མིང་སྲིང་གདུག་པའི་ངན་སྔགས་འདི།། ཉིན་མཚན་མེད་པར་ཐུན་དུ་དབབ།། ཕོ་ཉ་བསྐུལ་ནས་ཕུར་པ་གདབ།། སྙིང་དང་གཡས་གཡོན་ཡབ་ཡུམ་སྲས། ། ཡན་ལག་བསེ་མོ་གསང་བའི་གིང།། དམར་པོས་བཏབ་སྟེ་ཐུན་ཁྲག་སྤྱོ།། ར་བསྒྲལ་སྙིང་དུ་མིང་བྱང་གཞུག། ཧྲི་ཏི་བཞིས་བསྐོར་བཟླས་ཏེ་མནན།། བྲག་ཆུ་འཐབ་པར་གཏད་གཉེར་བྱ། ། དམར་ནག་བསེ་ཡི་སྲོག་ཏིག་སྔགས།། ཉེས་མེད་ལ་རྦད་དམ་ཚིག་ཉམས།། དྲག་པོ་དགོས་ན་བཟླས་པར་བྱ།། རུང་རུང་ཐོང་ཆོར་བཟླས་ན་ནི།། དམ་ཚིག་ཆེན་པོ་ཉམས་པ་ཡིན།། དེ་བས་སྒྲུབ་པའི་སྔགས་ཚན་བཅུ། ། སྔགས་ཀྱི་རྒྱུད་ནས་གསུངས་པ་བཞིན།། ཆུ་བོའི་རྒྱུད་ལྟར་དྲང་བར་བྱ།། ཞེས་སོ།། བསེ་དམར་སྙིང་ཟན་མའི་གསད་ལས་བསྟན་པའི་ལེའུ་སྟེ་བདུན་པའོ།།།། དེ་ལ་དྲག་སྔགས་རྩ་བ་ནི།། ལྷ་གཅིག་གཉིས་གསུམ་བཞི་དང་ལྔ། ། དྲུག་དང་བདུན་དང་ལྷ་བཅུའི་སྔགས།། མཁས་པས་རིམ་པས་བསྙེན་པ་དང།། དོན་ལྡན་ལྷ་བཅུ་དྲིལ་ཏེ་སྒྲུབ།། ཨོཾ་ཤྲཱི་མཉྫུ་ཡ་མ་རཱ་ཛ་མ་མ་ཨེ་ཀ་ཛ་ཏི་ནརི་ཛ་ཛ། འཇམ་དཔལ་དམར་པོའི་སྤུ་གྲི་ཡིན། ། ན་མོ་རཏྣ་ཏྲ་ཡ་ཡཱ། ན་མོ་བཻ་ཤྲ་མ་ན་སྱེ་ཧ། མ་ཧཱ་རཱ་ཛ་སྱེ་ཧ། ན་མོ་ན་ཏ་ཀུ་པ་ར་སྱེ་ཧ། གུ་ཡ་ག་ཏེ་པ་ཏེ་དུ་པ་ཡ་ན། ཏ་ཀུ་པ་ར་མ་ཏའི་ཤ་མི། ཨ་ནུ་རུ་པ། སུ་རུ་པ་ན་ཏ། ཀུ་པ་ར་ཙན་ཏྲ་ཁ་ན་ཙ་ཁཾ། ཧེ་མོ་ཁ་ས་ཀ་ན་ཏ་ཀུ་པ་ར་ན་ཧེ་མ་ཀན། གུ་ཧ་ཀ་ཙ་ལ་ཙ་ལ། པ་ཙ་པ་ཙ། ཕུ་ལུ་ཕུ་ལུ་སྭཱཧཱ། གནོད་སྦྱིན་དམར་པོས་སྨྲས་ཏེ་ཕུལ་བའོ།། ཨོཾ་རྣལ་མ་རྣལ་ཏེ་གསོད་ལ་རྔམ་བཤོལ་ལ་མེར་སྤྲིས་ལ་ཆུམ་ཐུ་བསི་ཐུ་ལྕགས་ཀྱི་སྐྲ་དགྲ་བོ་མཱ་ར་ཡ་ཧཱུ~ཾ་ཕཊ། སྲིན་པོ་དམར་བོས་ཕུལ་བའོ།། ཨོཾ་ཏྲི་ལིང་ཤང་ཀ་དུ་དྲི་ཟ་ཡག་ཤ་རྦད་པུ་ཕྱེ་མ་ཁ་འདར། རུ་རུ་བྲ་བྲ་དུཾ་དུཾ་ཤིག་དགྲ་བོ་མཱ་ར་ཡ་ཧཱུ~ཾ་ཕཊ། གཤིན་རྗེ་དམར་པོས་ཕུལ་བའོ། ། བདུད་པྲ་མ་ཡ། བདུད་མཱ་ར་ཡ། སྙིང་མགོ་ཆོད་དུ་རུ་དུ་རུ། ཧར་ཏི་ཧར་ཏི་དགྲ་བོའི་སྙིང་ལ་ཛ། ནག་པོ་ཏི་བ་ཙ་བ་ཙ་དགྲ་བོའི་སྙིང་ལ་པ་ཙ་བམ་རལ་རྦད། ནཱ་ག་ཀྲོ་དྷི་ཤྭ་རི་སྙིང་ལ་བ་ཙ་ལ། ཏྲག་མ་ཏྲག་ཤིག་དགྲ་བོའི་སྙིང་ལ་ཁ་རཾ་ཁཱ་ཧི། ནག་པོ་ཤག་པ་ཏི་བ་ཙ་བཾ་རིལ་རྦད། ནག་པོ་ཧེར་ཧཾ་བཾ་རིལ་རྦད། ནཱ་ག་སྙིང་མགོ་ཆོད་ཁ་ལ་ཟོ་སྙིང་མགོ་ཆོད།། ཙ་ལ་རོག་པ་དགྲ་བོའི་སྙིང་ལ་ཛ་ཛ། དགྲ་བོའི་སྙིང་ལ་ཧུ་ར་བེ་ར་བཾ་རིལ་རྦད། ཧུ་ཡ་ཧུ་ཡ་དགྲ་བོའི་སྙིང་ལ་དུར་དུར། བློ་ཙ་ལ་བཾ་རིལ་རྦད། ཡང་ན་མྱོས་ཤིང་ལྐུགས་སུ་ཆུག། ཡང་ན་སྨྱོ་ཞིང་འབོག་ཏུ་ཆུག། ཡང་ན་རྩ་བ་བདུན་རྒྱུད་ཆོད།། ཅེས་བདུད་པོ་དམར་པོས་ཕུལ་བའོ། ། ཏྲག་རཀྴ་ཁ་མུ་རུ་ལུ་རུ་ལུ་ཧཱུ~ཾ་བྷྱོ་ཧཱུ~ཾ། རག་མོ་ཏེ་ཀུཾ་ཛ་ཛཱ་ཁ་ལ་མ་ཧི་བྷྱོ། རུ་ལུ་རུ་ལུ་མ་ཧི་བྷྱོ། གནོད་སྦྱིན་མོས་ཕུལ་སྨྲས་པའོ།། ཨོཾ་ཁྱི་ཁྲིད་ར་ཁྲི་རོ་ལ་ཁྲག་འཐུང། ཀང་ཀང་ཀེང་ཀེང་ཀྱིང་ཀྱིང་ཙན་ད་མ་རོ་ལ་ཁྲག་འཐུང། ། ཀཾ་ཀཾ་ཀེང་ཀེང་གྱིང་གྱིང་ཤ་ཟ་བ་སྙིང་འབྱིན་པ་ཁྲག་འཐུང་བ། དབུགས་འཕྲོག་པ། སྲོག་གཅོད་པ། ཤ་ཟ་བའི་ཙིཏྟ་མེ་རི་ཤ་ཏང་པར་ལང་ཐོང་ཤ་ལ་ཀྱི་ཁྱེ་ཀྲ་ཧེ་ཀ་ཧེ་ཧཱུ~ཾ་ཕཊ་ཕཊ། བལ་མོ་བསེ་མོས་སྨྲས་ཏེ་ཕུལ་བའོ། ། ཨོཾ་ཤེལ་གྱི་རུ་གཉན་དཀར་པོ་ཐུཾ་རིལ་རྦད། སྲོག་ལ་ཁུག་ཐུམ་རིལ་རྦད། ཨོཾ་མ་ཏྲི་རཀྴ་མུ་ཐུཾ་ཏྲག་དྲལ་དུན་དུན་ཡཾ་ཡཾ། ལིང་ཀར་ལིང་རཀྴ་བཾ་རིལ་རྦད།། བསེ་ཡི་སྐྱེས་བུ་རང་རྒྱུད་པ་བཞིས་སྨྲས་པའོ། ། ཨོཾ་ཏྲོ་ཏ་ནི་ཏྲོ་ཏ་ནི་པ་ཏྲ་པ་ཏྲ། ཀྴུ་ལ་ཀྴུ་ལ། དྷ་ཤ་གྲི་བ་དྷ་ཤ་གྲི་བ་ཧཱུ~ཾ་ཕཊ། དམར་པོ་གྱད་པ་ཆེན་པོ་བཞིས་སྨྲས་པའོ།། ཨོཾ་ནི་ཏྲོ་ཏ་ནི་ནི་ཏྲོ་ཏ་ན་ཧུ་རུ་ཧུ་རུ་ཧཱུ~ཾ་ཕཊ། སྐུ་མཆོག་དམར་པོས་སྨྲས་སོ། ། ཨོཾ་ཏྲི་ཙི་པ་ལ་ཨ་ཤུག་མ། མ་ཙ་པ་ལ་ཨ་ཤུག་མེ་ཧཱུ~ཾ་ཕཊ། གིང་ཕོ་དགུ་མོ་དགུས་ཕུལ་བའོ།། ཨོཾ་ཤྲཱི་མཧཱ་ཀཱ་ལ་ཏྲི་ཡཾ་ཛ་ཛ་ཏྲི་ཙ་ལ་ཨག་མེ་ཤུག་མེ་བཾ་ལཾ་ཤཾ་ཏྲི་ཛ་ཡ་དུ། མགོན་པོ་དགེ་བསྙེན་གིང་དང་བཅས་པས་ཕུལ་བའོ། ། ཏྲི་པ་ཤ་མི་ས་མ་ཡ་བྷྱོ། ཨ་ནི་ཡོ་ག་ཙ་ར་གིང་ཙ་ར་གིང་ཙ་ར་གིང་ཙ་ར། གིང་ཆེན་ཙ་ར་གིང་ཆེན་ཙ་ར། བར་བ་ཏ་བར་བ་ཏ། སུ་ཀ་དཀར་པོ་ཆོ་ཆོ། སྲོག་བདག་གིང་དང་བཅས་པས་སྨྲས་ཏེ་ཕུལ་བའོ། ། དེ་ནས་འཁོར་རྣམས་ཀྱིས། གཙོ་བོ་ཆེན་པོ་ལ་གསོལ་པ། བཅོམ་ལྡན་འདས་བདག་ཅག་རྣམས་ཀྱི་སྲོག་གི་སྙིང་པོ་དེ་རྣམས་ཀྱི་བྱིན་གྱིས་བརླབས་ཏེ། བྱིན་རླབས་དང་ལྡན་པར་མཛད་དུ་གསོལ། ཅེས་གསོལ་པས། དཔའ་བོ་ཆེན་པོས་རིག་པའི་མཐུ་དང་ལྡན་པའི་ཏིང་ངེ་འཛིན་དུ་ཞུགས་ཏེ་བོད་རྦད་གསད་པ་ཐམས་ཅད་འགྲུབ་པར་བྱིན་གྱིས་བརླབས་སོ།། དྲེགས་བའི་རྩ་བ་སྔགས་ཀྱི་ལེའུ་སྟེ་བརྒྱད་པའོ།།།། དེ་ནས་ཡང་སྔགས་དེ་རྣམས་ཀྱིས་འཕྲིན་ལས་ཐམས་ཅད་གྲུབ་པའི་ཕྱིར་མཚོན་ཆ་ངར་ཐབས་གསུངས་པ། ཉོན་ཅིག་སྒྲོལ་གིང་མ་རུ་རྩེ།། དྲག་སྔགས་ལས་ཀྱི་སྙིང་པོ་ནི། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ། ཛ་ལ་མ་རེ་ཀ་རེ་ཡ། ཨོཾ་ཛཱ་ལ་ཛ་ལ་པྲ་ཛ་ལ་པྲ་ཛ་ལ། སྤུ་ཏ་སྤུ་ཏ། སརྦ་ནཱ་ག་ཏ་བ་ན་ནི། ས་ར་ས་ར། བྱི་ས་ར་བྱི་ས་ར། སརྦ་དུཥྟཾ། ཧྲི་ད་ཡ་ཤོ་ཏོ་ཡ་ཧཱུ~ཾ་ཧཱུ~ཾ་ཕཊ་ཕཊ། ཨན་དྷ་ར་བན་དྷ་ར་ཙན་དྷ་ར་ཀན་དྷ་ར་སྭཱཧཱ། ན་མ་ས་མན་ཏ་བི་ཤོ་ཏ་ཡ་བིང་བིང་ཧཱུ~ཾ་ཕཊ། ཨོཾ་ཧྲིཥྟི་བི་ཀྲི་ཏཱ་མོན་ཏ་དགྲ་བོ་མཱ་ར་ཡ་མ་ར་དུ། མ་ར་ནན། མ་ར་ཡཾ། ཨོཾ་མཛོད་ཏ་བཀྲི་ཏ་སོད་སོད། དགྲ་བོ་ནརི་སོད་མ་ར་ན་བྷོ་བྷོ་ཡཾ་ཡཾ། ཨོཾ་རུ་ཏ་རུ་ཏ་མ་ར་ཡཾ། མ་ར་དུ། དགྲ་བོ་ནརི་མཱ་ར་ཡ་ཕཊ། མ་མ་མ་ལ་ཡཾ་གྲོ་ལོ་ཎེ་ཙེ་གྲན་གཡས་པ་ལ། ཏི་ཏེ་རྦད་ན་ཐུཾ་རིལ། མ་ཏི་ཏ་རྦད་ན་ཐུཾ་རི་ལི་ལི། ཤ་སྟི་སྟ་རྦད་ན་ཐུཾ་རི་ལི་ལི། ཁ་ཆུམ་ནི་ཡ་སྟི་སྟ་རྦད་ན་ཐུཾ་རི་ལི་ལི། ཡཀྴ་ནི་ཡ་སྟི་སྟ་རྦད་ན་ཐུཾ་རི་ལི་ལི། དགྲ་བོ་ནི་ཡ་སྟི་སྟ་རྦད་ན་ཐུཾ་རི་ལི་ལི། ཕུར་པས་གདབ་དང་བལ་མོས་རོལ།། མོན་མོ་འཁོར་གྱིས་གསད་པ་དང།། དམར་པོས་མནན་དང་གཏད་པ་དང།། ལས་གཞུག་གཅོད་པའི་སྔགས་རྒོད་ཡིན།། དེ་ཡང་རྦད་ཅིང་ལས་ལ་གཞུག། གསད་པའི་མཚོན་ཆ་འདི་ལྟ་སྟེ།། གཏུམ་པོ་ཡཾ་ཡཾ། སྒྲོལ་གིང་ཡཾ་ཡཾ། མ་རུ་རྩེ་ལས་ལ་ཡཾ་ཡཾ། རྩ་ལ་ཧུར་ཐུམས་སྲོགས་ལ་ཡ། དུ་ན་ཛཱ་དུ་ན་ལིང་ཁྲད་དེ་ཁྲད་དེ་ཛ་ཛཱ། ཙཀྲ་རཾ་ཙིཏྟ་གུ་ལུ་ནན། སོད་ཏྲི་ཁ་རཾ་སུམ་ཏྲི་ནི་ཤཾ་ཏྲི་ནི། ནི་ཏྲི་ཛཱ་ཛཱ། ཨོཾ་ཡ་མ་རཱ་ཛ་ཀླུ་ལིང་བྷ་སང་སང། ཀུན་བྷ་སང་སང། ཀླུ་ལིང་སང་ཀུ་ཏ་ནན། ཡོ་ལྕགས་སང་ཀུ་ཏ་ཀི་ཧཱུ~ཾ་ཕཊ། ན་མོ་རཏྣ་ཏྲ་ཡ་ཡཱ། ཙ་ལ་ཙ་ལ། པྲ་ཙ་ལ་པྲ་ཙ་ལ། ཤྲཱི་ག་ག་མི་ནི་སྭཱཧཱ། ཏ་ཀུ་ཏ་ཀུ་པར་པར་མ་སྟ་ནི་ཛཱ། ནི་མཱ་ར་ཡ། མ་ར་དུ། ཡ་མ་སྙིང། ཡ་མ་ཁྲག། ཚལ་པ་བམ་རིལ་དམ་པ་དུམ་བུ་ཧཱུ~ཾ་ཕཊ། ནི་ཤ་ཀུ་རུ་ནི་ཤ་ཀུ་རུ་ཁ་སོབ་ཏྲི་ཡཾ། རུ་ཏི་ཡཾ། སེན་མེན་ཡང། སྙིང་ཚལ་པ་རྦད། དུན་དུན་མུག་པ་ཤང། ཧ་ལ་ཧ་ལ་ཙ་ལ་ཙ་ལ། པ་ཙ་པ་ཙ། ཧི་ལི་ཧི་ལི། རྦ་ན་རྦ་ན། རྦད་པུ་ལིང་རྦད་བུ་ལིང། མེ་ཤ་ཡ་མེ་ཤ་ཡ། མཱ་ར་ཡ་མཱ་ར་ཡ། སྟ་ན་སྟ་ན། རྦ་ན་རྦ་ན། རྦད་ན་རྦུད་རྦད་ན་རྦུད། སྙིང་ཤོས་ཡ། སྙིང་ཤོས་ཡ། འུར་འུར་རབ་ཏུ་འུར། ཆེམ་ཆེམ་རབ་ཏུ་ཆེམ། ཡཾ་ཡཾ་ལས་ལ་ཡཾ། པྲི་ལི་ལི་པྲི་ལི་ལི། ཡ་ཡ་རྒྱོབ་རྒྱོབ། བོད་ཅིང་སྤྱན་དྲང་མཆོད་པ་བྱ་བ་ནི། ཨེ་མ་ཧ་ས་ཀ་ནན་ན་ཏ་ཀ་པ། རེ་སྱ་ཛ་ཧཱུ~ཾ་བཾ་ཧོ། བཛྲ་ས་མ་ཡ་ཛཱ། ཨོཾ་ཤྲཱི་མཉྫུ་ཀུ་མ་རཱ་ཛ་ཁཱ་ཧི། ཨ་ནུ་རུ་པ་ཁཱ་ཧི། པུ་རུ་པ་ཁཱ་ཧི། ཏི་ཀུ་པ་ར་མ་ཏ་ཁཱ་ཧི། མ་ཧཱ་མཾ་ས། རཀྟ་ཙིཏྟ། གོ་རོ་ཙན། བ་སུ་ཏ་ཁཱ་ཧི། སརྦ་པཉྩ་ཨ་མྲི་ཏ་ཁཱ་ཧི། མ་ཧཱ་བྷ་ལིང་ཏ་ཁཱ་ཧི། ཏྲི་དུ་ནི་སྲོག་དུང་དབུགས་དུང་དྲལ་དྲལ་མ་དུམ་ཤཾ་མ་དུམ་ཤཾ་སྲོག་ཁྱེར་དབུགས་ལོང་སྲོག་སྲིག་སྲིག་ཡ། དམར་པོ་རཀྴ་སྲོག་ལ་ཁུག་ཐུམ་རིལ་རྦད་བྷྱོ། མ་ཧཱ་ས་མ་ཡ་ཧཱུ~ཾ། མ་ཧཱ་རཀྟ་ཧཱུ~ཾ། མ་ཧཱ་ཙིཏྟ་ཧཱུ~ཾ། མ་ཧཱ་ཀི་ཀུ་ས་མ་ཡ་ཧཱུ~ཾ། དེ་ལ་སོགས་པ་སྔགས་རྣམས་ནི།། ཕྱི་ནང་གསང་བ་དྲང་དང།། དབང་དུ་བསྡུ་དང་འདྲིལ་བྱ་དང།། གནད་ལ་དབབ་དང་རྦད་དང་དགུག། བསད་དང་མནན་པ་ལ་སོགས་པ།། འབྲུབ་ཁུང་ར་ཐོད་ལིང་ག་ལ། ། དུག་ཐུན་དྲག་པོ་ཧོམ་ཕུར་མངགས།། པོད་ཐོད་པ་ནག་པོར་དུག་ཁྲག་ལ།། ཐུན་གྱི་དྲག་སྔགས་དྲིལ་ཏེ་སྒྲུབ།། ཨོཾ་ཨ་བ་ཏ་ལོ་ཀ་ཏེ་ཡ་ན་མ་ཤོ། ཧྲི་སྟི་སྙིང་ཁ་ལ་རཀྴ་ག་དུ་ན་ག་དུ་ན། ཨ་ཀ་ནེ་རྦད། ཏྲི་ཁ་ར་ལང་མ་རུ་དྲ་ཧཱུ~ཾ་ཐུཾ་རུ་ལུ་རུ་ལུ་མ་ཧེ་བྷྱོ། གུར་ཏི་ཤི་ན་ལིང། ར་ཏི་ཤི་ན་ལིང། ཁུ་ཏི་ཤི་ན་ལིང། ལིང་ཏི་ཤི་ན་ལིང། སྙིང་ཏི་ཤི་ན་ལིང། ཤི་ཏ་ཤི་ན་ལིང། འོད་དང་སྒྲ་དང་འཚེག་དང་ཁོལ། རྟགས་དེ་བྱུང་ནས་ཐུན་ལས་བྱ། ། བསྟན་པ་འཇིག་པའི་དགྲ་བོ་དེ།། སྤུ་གྲི་རེག་ཆོད་སྔགས་འདིས་སྒྲལ།། ཡཾ་དུ་སྙིང་ཁྲག་ནི་ཤ་ཀུ་རུ། ཁ་སོ་པ་ཏྲི་ཡཾ། རུ་ཏི་ཡཾ་སེན་མེན་ཡཾ། སེན་ཡང་སྙིང་ཚལ་པ་རྦད། སྲོག་ཙ་མཱ་ར་ཡ། ཡ་མ་རཱ་ཛ་ནི་མཱ་ར་ཡ། དུ་མ་ར་ཡ་ས་མ་ར་དུ། ཡ་མ་ཁྲག། སྙིང་ལམ་ཁྲག་ཡཾ་རྦད། ཡཾ་ཚལ་པ་ཡཾ་བཾ་རི་ལ། ཡ་མ་དམ་པ་དུམ་བུ་མཱ་ར་ཡ་ཧཱུ~ཾ་ཕཊ། དམར་པོ་རཀྴ་སྲོག་ལ་ཀུག་ཐུཾ་རིལ་རྦད་བྷྱོ། དམར་པོ་སྤུ་གྲི་རེག་ཆོད་སྔགས་འདི་ནི་གསད་ཏིག་ཁོ་ནའོ། ། ཨི་ཨུ་ཨ་ས་མ་ཡ་ཐིབས་ཐིབས། ལིང་ཤར་ངེས་སོད། ཐིག་ནིག་གཅིག་མེད་གཉིས་ཏྲག། བརྒྱད་གཅད་གནམ་མཐོང་ཕྱེ། ལྕགས་སྒྲོག་ཁྲོལ། མི་རང་སོད། གླང་ཐོབ་ཐོག་དྲིལ་མཐོངས་བརྟོལ། ། གནད་ཆོད་རྒྱུན་སྟོབས་གཟུགས་ཆོམ་དཔུང་ཤིག། ལྷུ་ཕྱུང་ཡ་རྒྱོབ་དུར་ཕུག་སྤུགས། ཙཀྲ་རཾ་ཙིཏྟ་གུ་ལུ་ནན། སོད་ཏྲི་ཁ་རཾ། སུཾ་ཏྲི་ནི་ཤཾ་ཏྲི་ནི། ནི་ཏྲི་ཆོད། ཨ་ཡུ་ཆོད། ཛྙཱ་ན་ཁོག་མཱ་ར་ཡ། དྲག་སྔགས་གསང་ཐིག་ཤོད་རྡེ་བྲབ།། ཨོཾ་ཏྲོ་ཏ་ནི་ཏྲོ་ཏ་ནི། པ་ཏྲ་པ་ཏྲ། ཧཾ་ཤམ་ཏྲི་གཏུམ་པོ་ཡཾ་ཡཾ། སྒྲོལ་གིང་ཡཾ་ཡཾ། མ་རུ་ཙེ་ལས་ལ་ཡཾ་ཡཾ། རྩལ་ཧུར་ཐུམས། སྲོག་ལ་ཡཾ་ཡཾ། དུ་ན་ཛ་དུ་ན་ལིང་ཁྲད་དེ་ཁྲད་དེ། གིང་ཀ་ར་གིང་ཀ་ར། རཀྴུ་རཀྴུ། ཛཱ་ལེན་ཏྲ་ཛ་ལེན་ཏྲ། ཛུ་ལེན་ཏྲ་ཛུ་ལེན་ཏྲ། ཏྲོ་ཏ་ཡ་ཏྲོ་ཏ་ཡ། ནི་ཏྲོ་ཏ་ཡ། ནི་ཏྲོ་ཏ་ཡ། པ་ཏྲ་པ་ཏྲ། ཀྴུ་ལ་ཀྴུ་ལ། ད་ཤ་གྲི་བ་ད་ཤ་གྲི་བ། ཡཀྴ་གྲི་བ་ཡཀྴ་གྲི་བ། ཀར་ཆ་རཀྴ་སོད་དགྲ་སྙིང་ལ་ཐུན་བྷྱོ། སྔགས་རྒོད་དྲག་པོ་དེ་དག་གིས། རྩ་བའི་སྔགས་དྲུག་པོ་ཇི་ལྟར་འདོད་པའི་ལས་ལ་ཁ་བསྒྱུར་བར་བྱའོ།། ལས་ཀྱི་དྲག་སྔགས་ཟབ་མོ་བསྟན་པའི་ལེའུ་སྟེ་དགུ་པའོ།།།། དེ་ནས་སྲོག་སྒྲུབ་ཞལ་སྒྲུབ་དང། ། ཐུན་སྒྲུབ་འཁོར་ལོ་ཧོམ་སྒྲུབ་རྣམས།། དེ་དག་སྒྲུབ་པའི་འཕྲིན་ལས་བཤད།། ཕྱི་ནི་སྲོག་ཆགས་ལ་རྟེན་སྒྲུབ།། ནང་དུ་ཐོད་པ་ལ་རྟེན་སྒྲུབ།། གསང་བ་ཐུན་ལ་རྟེན་ཏེ་སྒྲུབ།། སྲོག་ཆགས་སྦུབས་ལ་རྟེན་པ་དང། ། འཁོར་ལོ་སྐུ་གསུང་ཐུགས་ལ་རྟེན།། དྲག་པོ་ཧོམ་ལ་རྟེན་པ་དང།། བསེ་མཁར་སྐུ་ལ་རྟེན་པ་དང།། གཅན་གཟན་ཐོད་པ་ལ་རྟེན་དང།། ཐོད་ཆེན་ཞལ་ལ་རྟན་པ་དང།། ར་ཐོད་ར་སྙིང་སོག་པ་གཡས། ། དྲག་སྔགས་ལིང་ག་ལ་རྟེན་དང།། དྲག་པོ་ཕུར་པ་ལ་རྟེན་དང།། དེ་ལ་སོགས་པ་གང་མོས་བྱ།། དམ་རྫས་ཧོམ་ཕུར་དུག་གཏོར་སྒྲོ།། སྙིང་དང་དམ་རྫས་བླ་རྡོ་གཟུང།། ཕུར་པ་གཙང་ལ་སྐུ་རྟེན་བཟུང། ། སྲོག་ཆགས་མདངས་ལ་འབེན་རྟ་བཟུང་སུམ་ཅུ་གསུམ་དང་བདུན་ཕྲག་གསུམ།། སྒྲུབ་དང་འཕྲིན་ལས་དྲག་ཏུ་གཟུགས།། ལྷི་བདུན་བསྐོར་འཁོར་ལོ་དང།། སྔགས་ཀྱི་རིམ་པ་སྦྱར་བར་བྱ།། འཁོར་ལོའི་རིམ་པ་བདུན་བསྐོར་དང། ། དྲག་སྔགས་ལྟོ་བར་ཚུད་པར་བྱ།། ཐུན་གྱི་རིམ་པ་བདུན་བསྐོར་དང།། འཕྲིན་ལས་ལས་མཐར་བསྡུ་བར་བྱ།། དེ་ལ་ལྷ་ཡི་བདུན་བསྐོར་ནི།། གཙོ་བོ་དཔལ་དང་གནོད་སྦྱིན་དང། ། གཤིན་རྗེ་སྲིན་པོ་བདུད་པོ་དང།། མ་མོ་བལ་མོ་སྔགས་བསྐོར་བྱ།། དེ་ལ་འཁོར་ལོ་བདུན་བསྐོར་ནི།། གིང་ཕོ་ལས་བྱེད་ཞལ་གྱི་དཀྱིལ་འཁོར་དང།། གནོད་སྦྱིན་དམར་པོ་ཞལ་གྱི་དཀྱིལ་འཁོར་དང། ། སྲོག་བདག་གཡང་གཞིའི་དཀྱིལ་འཁོར་དང།། བལ་མོ་རོ་རྐུན་དཀྱིལ་འཁོར་དང།། ཙིཏྟ་མཁའ་དབྱིངས་དཀྱིལ་འཁོར་དང།། མ་ཧཱ་དེ་བ་ཧོམ་ནག་བདུད་ཞལ་དཀྱིལ་འཁོར་དང། འཆི་བདག་མ་ཏྲཾ་དཀྱིལ་འཁོར་ཏེ། ། སོ་སོར་སྒྲུབ་དང་ཡང་ན་དྲིལ།། དེ་ལ་ཐུན་གྱི་བདུན་བསྐོར་ནི།། དབྱེ་བ་ལས་ཀྱི་དུག་སྒྲོའི་ཐུན།། བྲབ་པ་དྲག་པོ་སྱེ་ཐུན་དང།། པགས་པ་གཡང་གཞི་བཤའ་བའི་ཐུན།། དོན་སྙིང་ཕུར་པ་གཏབ་པའི་ཐུན། ། འབྲུབ་ཁུང་ཨེ་ལ་བྲུབ་པའི་ཐུན།། འབར་མ་མེ་དཔུང་ཧོམ་གྱི་ཐུན།། གནན་གཏད་ཐུན་དུ་དབྱེ་བར་བྱ།། ཐུན་བདུན་ཟེར་ཡང་སྲོག་ཐུན་ཏེ།། དུག་ཁྲག་ཉུང་ཕུར་ཐལ་ཆེན་དྲིལ།། དྲག་པོ་ལྷ་སྔགས་བདུན་བསྐོར་གྱིས། ། རྟགས་ཀྱང་རྣམ་པ་བདུན་དུ་འབྱུང།། དེ་ལ་དུས་ཚོད་བདུན་དུ་བརྟག། དུས་བདུན་ཤེས་པས་ལས་ལ་སྦྱར།། དང་པོ་ལས་བྱེད་བྱོན་པའི་དུས།། མི་བཤར་མི་རེང་སྐྱ་བཤར་ཚོགས། ། རྡིགས་དང་འབྲིང་དང་འགྲོགས་པ་འབྱུང།། ལས་བྱེད་ལས་ལ་ཆ་བའི་དུས།། བཙུན་ཆེན་དང་ནི་ཞུ་བས་ཅན་དང།། འཁྲུག་པའི་རུ་བསྐོས་རྐོ་ཀློག་བྱེད།། གོ་གོན་མཚོན་ཆ་ཐོགས་པར་འབྱུང།། ལས་བྱེད་ལས་ལ་ཞུགས་པའི་དུས། ། མོན་དང་ཨ་ཙར་དམག་འདྲེན་དང།། ཡུལ་མཁར་འཇིགས་དང་ར་གཡག་ཁྲིད།། ལས་བྱེད་ལས་བྱེད་ལྟོ་བའི་དུས།། ཤ་ཁུར་གསོད་འགོད་ཟ་བ་འབྱུང།། ལས་བྱེད་ལས་ནི་ཟིན་པའི་དུས། ། དུས་འདེབས་ཐུན་བརྡེག་འོ་དོད་འབོད།། དངོས་པོ་གསད་པའི་རྟགས་འབྱུང་ངོ།། ལས་བྱེད་ངོ་སོ་ངོམས་པའི་དུས།། འོད་དང་སྒྲ་དང་དྲགས་པ་བྱུང།། ལས་བྱེད་གསང་གཏམ་བརྡ་སྟོན་དུས།། ལས་དང་བྱ་བ་ཐམས་ཅད་ཀུན། ། མཁའ་འགྲོ་བརྡ་ཡི་ལུང་སྟོན་འབྱུང།། དེ་དག་བདུན་ལ་དུས་བཟུང་བ།། སྟག་ཤར་ཁ་གདངས་པ་ཡི་དུས།། ཕུད་གཏོར་བསྟབ་ཅིང་སྔགས་ཚན་བསྐྱེད།། གཤིན་རྗེ་སྟོང་རུབ་བྱེད་པའི་དུས། ། ཤ་ཁྲག་སྙིང་བཏབ་རྦད་སྔགས་བཏབ།། བདུད་པོ་དམག་ལ་ཆས་པའི་དུས།། རྒྱུན་གཏོར་དབུལ་ཅིང་དྲག་ཏུ་རྦད།། གནོད་སྦྱིན་ཤ་འཐོག་པ་ཡི་དུས།། ཕུད་མང་བཏབ་ཅིང་གསང་སྔགས་གདགས།། མ་མོ་ཁྲག་འཐོར་བ་ཡི་དུས། ། གཏང་རག་ཁས་བླངས་འཕྲིན་ལ་སྤོགས།། གིང་པོ་ཆུ་སྲིན་དུ་རྒྱུག་དུས།། རྒྱུན་གཏོར་དབུལ་ཅིང་བླ་དམ་བླང།། འཆི་བདག་རལ་པ་གསིག་པའི་དུས།། སྤྱོད་པ་བསྲུང་ཞིང་མཚན་ལྟས་རྟག། ལེགས་ཉེས་ཐམས་ཅད་རྔས་ལུང་སྟོན།། འཕྲིན་ལས་སྦྱར་སོའི་དུས་བདུན་ལ།། དྲེགས་པ་གཟན་ལ་རྒྱུ་བའི་དུས།། ནང་ནུབ་མཆོད་པ་དབུལ་བར་བྱ།། སྒྲོལ་གིང་ལས་ལ་རྒྱུག་པའི་དུས།། དྲིབས་སོ་འུབས་ལ་ཕུར་པ་གདབ། ། དགྲ་བོ་བླ་རྩེ་འཁྱམ་པའི་དུས།། སྲོད་ཀྱི་དུས་ལ་བླ་ཚེ་དགུག། དགྲ་བོ་མྱོས་ཏེ་བརྒྱལ་བའི་དུས།། ནམ་གུང་གསང་སྔགས་དྲག་ཏུ་གདབ།། རོ་ལངས་ལས་ལ་རུབ་པའི་དུས།། ཐོ་རངས་དྲག་ཏུ་རྦད་བར་བྱ། ། བགེགས་ཆེན་ལྷ་སྲུངས་མྱོས་པའི་དུས།། ཉི་ཕྱེད་ལྷ་དབྱེ་གཟིར་གནན་བྱ།། འབྲུ་སྒྲ་ཚུབ་མ་ལངས་པའི་དུས།། ཐུན་འཕང་དབང་གཟུགས་དུས་ཀྱང་གདབ།། དང་པོ་རྫས་ཀྱི་དྲོད་ལྡན་པས།། ཏིང་ངེ་འཛིན་གྱི་དྲོད་ཐོབ་བྱ། ། དུས་ཀྱི་དྲོད་ལ་དྲག་སྔགས་འཇུག། སྔགས་ཀྱི་དྲོད་ཚད་ཤེས་པར་བཟླས།། མཚན་མ་རྟགས་ཀྱི་དྲོད་ཚད་བརྟག། འཕྲིན་ལས་དྲོད་ཚད་མཐར་ཕྱིན་བྱ།། ཤ་སྣ་ཁྲག་དང་སྙིང་སྣ་དང།། དམ་རྫས་གཏོར་མ་བདུད་རྩི་ཕུད། ། གཙང་ཕུར་དྲག་པོ་སྲོག་ཐོད་སོགས།། གསད་པའི་རྫས་དང་བཅས་པ་གཅས།། ཏིང་འཛིན་རྣམ་གསུམ་ཆོ་འཕྲུལ་སྐུ།། བསྐྱེད་པ་གསལ་བའི་ཚད་ཐོབ་གཅེས།། ཉམས་དགའ་བསྐོར་བ་བྱེད་པ་དང། ། ཉི་ཤར་ནམ་མངས་སློབ་དཔོན་འགྲོགས།། གཅེར་བུ་མི་རེང་མཛའ་བོ་གྲོགས།། ལོ་ཞབས་དབྱར་ཐ་དགུན་ཐ་དང།། ཉ་དང་ཉེར་གཉིས་ཉི་ཤུ་དགུ།། འཇུག་གདོན་སྐར་མ་གཟའ་དྲག་གཅེས། ། བསྙེན་དང་སྒྲུབ་དང་འཕྲིན་ལས་སྔགས།། བོད་རྦད་གསད་པའི་ལས་འབྲེལ་གཅེས།། ས་རྐོ་ཤིང་གཅོད་ར་གཡག་གསོད།། ཁྱིམ་ཕུག་ལག་ཆ་ཁྲོགས་པ་གཅེས།། འཕྲིན་ལས་སྦོབས་པ་མེད་པ་ཡིས། ། མནན་གཏད་མཐའ་རུ་ཕྱིན་པ་གཅེས།། ཞེས་མན་ངག་དམ་པ་ཡང་དག་པ་བཤད་པའོ།། དྲག་སྔགས་སྒྲུབ་པའི་མན་ངག་ཐབས་དང་དྲོད་ཚད་དུ་བསྟན་པའི་ལེའུ་སྟེ་བཅུ་པའོ།།།། དེ་ནས་གཞན་ཡང་ཡང་དག་བཤད། ། ལས་ལ་བསྐུལ་ཞིང་བོད་པའི་ཚེ།། ཨོཾ་མ་ཧཱ་ཡཀྴ་ཛའི། ཨོཾ་ཧཱུ~ཾ་ཕཊ། མ་ཉེས་པ་མ་ཡོའོ།། རེ་རེ་དག་ལ་ལན་བདུན་དུ།། དབྱངས་སུ་བླང་ཞི་འོ་དོད་བོད།། གཏོར་མ་དམ་རྫས་བསག་བྱས་ཏེ།། དུས་གསུམ་བསྟན་ལས་ལེན་པ་ཡི། ། འཛའ་དང་དབྱངས་སུ་བོད་ཅིང་བསྐུལ།། དེ་ནས་ཁྲོ་བོ་བརྗིད་འགྱིངས་ནས།། གཡས་གཡོན་ཐབས་དང་ཤེས་རབ་ཞབས།། ལིང་ག་གོམ་པས་མནན་གཟིར་ཅིང།། སྤྲུལ་པའི་ཕོ་ཉ་ལས་ཀྱི་གཙོ། ། ཉེ་བར་གཉེར་བའི་བདག་བསྐུལ།། འདི་ལ་མན་ངག་གནད་གསུམ་སྟེ།། ནག་པོའི་བརྣག་པ་རྐང་མཐིལ་བྱ།། དམར་པོའི་བརྣག་པ་ལྕེ་སྟེངས་བྱ།། དཀར་པོའི་བརྣག་པ་ལག་པར་བྱ།། དེ་ནས་དམག་དཔོན་གཙོ་བོ་བཞི། ། ཕོ་ཉ་བཀའ་ཉན་ལ་སོགས་པ།། རིམ་པ་བཞིན་དུ་ལས་ལ་བསྐུལ།། ཞེས་གསུངས་སོ།། ནག་པོ་བསྐུལ་བའི་དུས་སུ་མ་ཧེ་གཤིན་རྗེའི་འོག་ཏུ་མནན་པ་དྲན་པར་བྱའོ།། དམར་པོ་བསྐུལ་བའི་དུས་སུ་མཆེ་བས་ཙིཏྟ་དྲངས་ཏེ་ལྕེ་སྟེངས་ན་རྔམ་པར་ཟ་བ་དྲན་པར་བྱའོ། ། དཀར་པོ་བསྐུལ་བའི་དུས་སུ་ཞབས་པས་འཆིང་ཞིང་ལག་གིས་ཙིཏྟ་འབྱིན་པ་དྲན་པ་གཅེས་སོ།། འཚང་ཚིག་གནད་ནས་བསྐུལ་བའི་ཐབས་གནད་ཀྱི་ལེའུ་སྟེ་བཅུ་གཅིག་པའོ། །།། དེ་ནས་གཞན་ཡང་ཡང་དག་བཤད།། མཚན་དང་ལྡན་པའི་ཐོད་པ་རུ།། བདུད་རྩི་འཛའ་གད་རགྟ་ཕྱར།། ལྷ་རྣམས་མཆོད་པའི་རྗེས་སུ་ཡང།། ཧཱུ~ཾ། དམར་ཆེན་མཚོ་དང་མཾ་ས་དྲི། ། པཉྩ་ཨ་མྲྀ་ཏ་དང་སྦྱར།། བསྲེ་བའི་མཆོག་སྟེ་སྲོག་གི་སྙིང།། སྙིང་དང་སྙིང་གི་གྲོགས་པོ་བྱ།། སྔགས་པ་བདག་གི་ལས་མཛོད་ཅིག། ཨོཾ་མ་ཧཱ་ཀུ་ཀུ་ས་མ་ཡ་ཧཱུ~ཾ། ཧཱུ~ཾ་མ་ཧཱ་རཀྟ་ས་མ་ཡ་ཧཱུ~ཾ། ཧཱུ~ཾ་མ་ཧཱ་ཙིཏྟ་ས་མ་ཡཧཱུ~ཾ། ལན་གསུམ་དབུལ་ཞིང་རང་གི་ལྕེ་ཐོག་ཏུ་ཡང་བཞག། དུས་བཞིར་སྙིང་གསུམ་གཏོར་མར་འདར།། སྙིང་འབྱིན་པར་ནི་དབང་ཡང་བསྐུར།། བསྐུར་བའི་དམ་ཚིག་ཐུབ་པར་བྱའོ།། ཐ་ཚིག་གཉན་པོ་དམ་བསྲེ་བའི་ལེའུ་སྟེ་བཅུ་གཉིས་པའོ། །།། གཏོར་མར་སྨན་རག་འཛའ་གད་བསྒྲེངས་ཏེ་དུས་གསུམ་དང་མ་རུ་རྩེ་བསྐུལ་ནས་དྲེགས་པ་ངར་བླུད་དེ། ཧོ། སྒྲོལ་གིང་གི་བདག་པོ་ས་མ་ཡ།། སྒྲོལ་གིང་དམ་ཚིག་གི་བདག་པོ་ཁྱོད། ། ཁྱོད་ཀྱིས་མི་འདུལ་བ་ཡང་གང་མེད་དེ།། དྲེགས་པ་ཀུན་གྱི་བདག་པོ་ཁྱོད།། ཁྱོད་ཀྱིས་མངའ་མི་མཛད་པ་གང་ཡང་མེད།། ཁྱོད་ཀྱིས་མི་སྒྲོལ་བ་གང་ཡང་མེད།། ཁྱོད་ཀྱིས་མི་ཐུབ་པ་གང་ཡང་མེད། ། ཁྱོད་ཀྱི་བཀའ་མི་ཉན་པ་ཡང་གང་ཡང་མེད།། རི་རབ་ཡང་ཁྱོད་ཀྱིས་སྙིལ་བར་མཛད།། རྒྱ་མཚོ་ཡང་ཁྱོད་ཀྱིས་སྐམས་པར་མཛད།། གནམ་ལྕགས་ཐོག་སེར་འབེབས་པ་ཡང་ཁྱོད་ཀྱིས་མཛད། ། འཇིག་རྟེན་དུ་ས་གཡོ་བ་དང། ཤྭ་རྒྱུག་པ་དང། ཆུ་འགྱུར་བ་ཡང་ཁྱོད་ཀྱིས་མཛད།། མདོར་ན་དྲེགས་པ་ཐམས་ཅད་ཀྱི་བདག་པོ་ཆེན་པོ་ཁྱོད་ཡིན་ཏེ།། ཁྱོད་ཀྱིས་ཐུགས་དམ་དུས་ལ་བབ་བོ།། དེ་སྐད་བརྗོད་ལ་ལས་དམིགས་གཏད། ། དམ་ཚིག་བསྲེ་ཞིང་ཐ་ཚིག་བཅའ།། སྙིང་བཏབ་སྙིང་གི་སྙིང་པོ་གནོད།། སྙིང་འབྱིན་པ་རུ་དབང་བསྐུར་བྱ།། ཡེ་ཤེས་ལྔ་དང་སྐུ་གསུང་ཐུགས།། རང་ལ་རང་གིས་དབང་བསྐུར་ནས། ། དྲེགས་པ་ཅན་ལ་དབང་བསྐུར་བྱ།། ཞེས་གསུངས་སོ།། དྲེགས་པ་དྲེགས་ཐབས་ཀྱི་ལེའུ་སྟེ་བཅུ་གསུམ་པའོ།།།། དེ་ལ་གཤིན་རྗེ་དམར་པོ་ཡིས་གསུངས་པ།། ལྟ་བ་སྟོང་པ་ནམ་མཁའ་ལས།། རྣམ་རྟོག་སྤྲིན་གྱི་དྲི་མ་བྱུང། ། ནམ་མཁའ་ངང་གིས་སྤྲིན་ཡིན་ཏེ།། གཞན་ནས་དངོས་པོ་འོངས་པ་མེད།། སེམས་ཉིད་སྟོང་གསལ་བདེ་ཆེན་ལ།། དེ་བཞིན་སེམས་ལ་རྟོག་པ་བྱུང།། སེམས་ཉིད་རང་ལས་བྱུང་བ་ལས།། དངོས་པོ་གཞན་དབང་གྲུབ་པ་མེད། ། རྟོག་པ་ངོ་ཤེས་སླར་ལ་ནི།། སྣང་སྟོང་དབྱེར་མེད་ཡེ་ཤེས་ཤར།། བདེ་འོ་ལྟ་སྤྱོད་རབ་ཏུ་བདེ་འོ།། ཞེས་གསུངས་སོ།། དེ་ནས་དཔའ་བོ་ཆེན་པོས་བཀའ་སྩལ་པ། ཀྱེ་ཀྱེ་ང་ཡིས་གཙོ་འཁོར་བཅས་པ་བཤད་པའི་རྒྱུད། ། མ་གཤིན་གཤིན་རྗེ་དམར་པོ་དང།། ཤན་པ་སྒྲོལ་བྱེད་གིང་ཕོར་བཅས།། ཀུན་གྱི་སྤྱོད་ཡུལ་མ་ཡིན་ཏེ།། ངེས་པ་དེ་ཉིད་དེ་ཁོ་ན།། ང་ཡིས་འཁོར་ལ་ཡང་དག་པར།། ལས་དང་བྱ་ཐབས་བཤད་པ་ནི། ། མ་ལུས་འདུལ་བའི་སྡེ་རྒྱུད་བཞི།། ཚ་བ་ཤོད་ཀྱི་མཆོད་རྟེན་དང།། ཨེ་ཡི་གཙུག་ལག་ཁང་དག་ཏུ།། རྒྱལ་མོ་མཁའ་འགྲོ་གཙོ་འཁོར་གྱིས།། ཚིག་དང་ཡི་གེའི་སྣང་བྱས་ཏེ།། བྱིན་གྱིས་བརླབས་ཀྱིས་སྦས་པར་བྱ། ། ལན་ཅིག་མྱུར་དུ་མ་ཐོགས་པར།། བསྟན་པ་མར་ལྡན་དུས་དག་ཏུ།། འགྲོ་རྣམས་རབ་ཏུ་ཉོན་མོངས་ཤིང།། རྡོ་རྗེ་ཐེག་པ་ལ་སྡང་ཚེ།། སྤྲུལ་པ་ཅིག་གིས་དེ་ཡི་དོན།། རྒྱུད་དང་ཡན་ལག་ལས་ཕྲ་མོ། ། སོ་སོར་ངེས་པའི་དོན་མཐོང་ནས།། སྐལ་ལྡན་རྣམས་ལ་སོ་སོར་སྟོན།། ཅེས་གསུངས་སོ།། རྒྱུད་དང་སྒྲུབ་པ་མན་ངག་ལུང་བསྟན་པའི་ལེའུ་སྟེ་བཅུ་བཞི་པའོ།།།། དེ་ནས་དཔའ་བོ་ཡང་དག་དཔལ། ། ཕྱི་མར་དོན་ལ་རབ་དགོངས་ནས།། སྔགས་ཀྱི་རྒྱུད་དང་གསང་བའི་རྒྱུད།། རྩ་བའི་མདོ་རྒྱུད་ཆེན་པོས་ལས།། གསལ་བའི་སྒྲོན་མའི་མན་ངག་འདི།། ཕྱི་རབས་རྣལ་འབྱོར་མཚོན་ཆ་རུ། ། གཅེས་པའི་དམིགས་སེལ་འདི་ལྟར་བཏུས།། འདུས་པའི་ཚོགས་ལ་བསྟན་པ་འདི།། ལས་དང་ལས་འཕྲོ་རབ་ལྡན་པའི།། གཤིན་རྗེ་དམར་པོའི་དགེ་འདུན་དེས།། དྲེགས་པ་ཅན་གྱི་མདོ་གསང་རྒྱུད།། སྔགས་ཀྱི་སྦྱོར་བ་བསམ་ཡས་ལ། ། དམར་པོའི་དམར་པོ་རྩ་བ་ལྔ།། ལྷ་ལྔའི་རྩ་བ་ལས་སྒྲེལ་བ།། ལྷ་སྔགས་སྒྲུབ་པ་བོད་རྦད་གསད།། ཐུགས་མཐའ་ལས་ཁ་ལ་སོགས་པ།། གཅེས་པའི་དོན་འདི་རབ་ཤེས་ན།། གཅོས་པའི་སྤུ་གྲི་ངར་ཐབས་ཡིན། ། སྔོན་དུ་དབང་ལུང་མ་ཐོབ་ན།། བསམ་པ་འགྲུབ་པར་ག་ལ་འགྱུར།། བློ་དང་ལྡན་པའི་སྐལ་ལྡན་དེས།། ཡོན་ཏན་ལྡན་པའི་བླ་མ་བཙལ།། ཡ་མན་ཏ་ཀའི་དཀྱིལ་འཁོར་དུ།། ཞུགས་ཏེ་ལས་ཀྱི་གཤིན་རྗེ་ལ། ། དབང་བསྒྱུར་བསྙེན་སྒྲུབ་རྫོགས་པར་བྱ།། བླ་མ་དམ་པ་གཤེད་པོ་དེས།། རིགས་སུ་ངེས་པའི་བུ་དེ་ལ།། ཡི་དྭགས་ཕལ་ཆེན་དཀྱིལ་འཁོར་དུ།། ཕྱི་ནང་གསང་བའི་བདང་བསྐུར་ནས།། སྒྲོལ་གིང་དམར་པོ་གཏོར་མའི་དབང། ། བསྙེན་ཅིང་བསྒྲུབས་ནས་དྲག་པོའི་རྫས།། རིགས་ཀྱི་བུ་ལ་དབང་རྣམས་བསྐུར།། བུ་ཡིས་དབང་དང་དམ་ཚིག་དག། ལེགས་པར་ཐོབ་ནས་བསྲུང་ཞིང་སྒྲུབ།། ནག་པོ་བསྙེན་པ་མ་ཤེས་ན། ། མ་གཤིན་གིང་བདུད་ག་ལ་འཁོར།། དམར་པོ་སྒྲུབ་པ་མ་ཤེས་ན།། དྲེགས་བའི་དམར་དཔུང་གནས་བཟློགས།། གིང་གི་ལས་སྦྱོར་མ་ཤེས་ན།། ཤན་པ་སྲོག་ལ་ག་ལ་འཇུག། ཨེ་མ་དམར་པོའི་དགེ་འདུན་ཉོན། ། ཏེ་པ་ཏ་ཡིས་མ་བསྐྱེད་ན།། སྐུ་གསལ་ལུས་རྫོགས་ག་ལ་འགྲུབ།། གསུང་སྒྲའི་སྙིང་པོ་མ་བསྒྲགས་ན།། གྲགས་པ་ཐོན་པར་ག་ལ་འགྱུར།། བེ་བ་ས་ཏ་མ་བརྡུངས་ནས།། ཐུགས་ཀྱི་ཕྱག་མཚན་ག་ལ་ལྡན། ། ཀྲ་མ་རཱ་ཛ་མ་བཟླས་ན།། ཕུན་སུམ་ཚོགས་པར་ག་ལ་འགྱུར།། ཤྲཱི་མཉྫུ་མ་བཟླས་ན།། འཕྲིན་ལས་དངོས་གྲུབ་ག་ལ་ཐོབ།། སྐུ་ལྔ་བསྙེན་པ་མ་རྫོགས་ནས།། ཡིད་བཞིན་བསམ་གྲུབ་ག་ལ་འགྲུབ།། སྐུ་གསུམ་བསྙེན་པ་མ་བྱས་ན། ། དྲེགས་པ་ཁོལ་པོར་ག་ལ་འཁོལ།། ཨེ་མ་དམར་པོའི་དགེ་འདུན་རྣམས།། བཻ་ཤྲ་མ་མ་བཟླས་ན། དམར་པོའི་དམག་དཔུང་ག་ལ་ཕེབས།། སྣལ་མ་བསྣལ་ཏེ་མ་བཟླས་ན།། བྱིན་རླབས་ཐེབས་པ་རག་ལ་འགྱུར། ། ཏྲི་ལིང་ཤཾ་ཀ་མ་བཟླས་ན།། དམར་པོ་འཆུན་པར་ག་ལ་འགྱུར།། དེ་གསུམ་ལུས་སྙིང་དབང་པོ་སྟེ།། ཨེ་མ་དམར་པོའི་དགེ་འདུན་ཉོན།། གནོད་སྦྱིན་ཆུ་བོར་མ་དྲངས་ན།། གནོད་སྦྱིན་ལྟ་བུར་ག་ལ་འགྲུབ། ། སྲིན་བོས་ངོ་བོ་མ་རྟགས་ན།། ཁྲམ་ལ་ཐེབས་པར་ག་ལ་འགྱུར།། དགྲ་རྣམས་ངོས་ཟིན་མ་འཁྱམས་ན།། གཤིན་རྗེའི་ལག་ཏུ་མ་གཏད་ན།། དམར་ཁ་བྱེད་པར་ག་ལ་འགྱུར།། དགྲ་དཔུང་ཕ་ཚན་དཔུང་ལངས་ན། ། པྲ་མ་ཡ་ནི་མ་བཟླས་ན།། ཕུང་ཤིག་ནག་པོ་བླ་སྤུངས་དང།། སྲོག་ལ་བདུད་གཅོད་ག་ལ་ཕེབས།། ཏྲག་རཀྴ་མ་བཟླས་ན།། མ་མོའི་དམག་དཔུང་ག་ལ་ཕེབས།། སུ་ཁྲི་ཁྱི་ཁྲིད་མ་བཟླས་ན། ། བལ་མོ་བསེ་མོ་ག་ལ་འཁོལ།། རྩ་དང་དྲུག་སྐོར་མ་ཤེས་ན།། གཟི་བརྗིད་ཐོབ་པར་ག་ལ་འགྱུར།། རྐྱང་བ་རྣོ་བསྡེབས་མ་ཤེས་ན།། དྲེགས་པ་གཟན་ལ་ག་ལ་ཕེབས།། ཨེ་མ་དམར་པོའི་དགེ་འདུན་ཉོན། ། རྩ་བ་ལས་སུ་མ་སྒྲེལ་ན།། ལས་རྣམས་མྱུར་དུ་ག་ལ་འགྲུབ།། སྒོ་ཕུགས་མེད་པར་མ་བཏུགས་ན།། གཙོ་འཁོར་གིང་ཚོགས་ག་ལ་འཁོར།། ཏ་གུ་ཏ་གུ་མ་བཀུག་ན།། ལྷ་དང་དགྲ་བོ་ག་ལ་ཁུགས།། ཨེ་མ་ལྷ་ཞེས་མ་བོས་ན། ། ཇི་ཙམ་བོས་ཀྱང་ག་ལ་བྱོན།། སྤུ་གྲི་གདགས་ཐབས་མ་ཤེས་ན།། རྣོ་ལ་ངར་དུ་ག་ལ་ལྡན།། སྔགས་རྫོགས་ལས་ལ་མ་སྦྱར་ན།། ལས་དེ་གྲུབ་པར་ག་ལ་འགྱུར།། དུན་དུན་མུག་པ་ལ་སོགས་པ། ། རྣོན་པོ་ངར་དུམ་བཏང་ན།། སྲོག་རྩ་མྱུར་དུ་ག་ལ་ཆོད།། དྲིལ་གཏོར་རྣོ་བསྡེབས་མ་ཤེས་ན།། དྲེགས་པ་གནད་ལ་ག་ལ་ཕེབས།། བྲམ་ཟེ་ལྕེ་དགུག་མ་བཏབ་ན།། སྡེ་བརྒྱད་ཁོལ་ཕོར་ག་ལ་འགྱུར།། ཨེ་མ་དམར་པོའི་དགེ་འདུན་རྣམས། ། དམ་ཚིག་ཐ་ཚིག་མ་བསྲུངས་ན།། གཞུང་དང་ལྡན་པར་ག་ལ་འགྱུར།། བསྲེ་བའི་སྙིང་གྲོགས་མ་བསྲེས་ན།། སྙིང་གི་གྲོགས་སུ་ག་ལ་འགྱུར།། དྲེགས་པ་དྲེགས་ཐབས་མ་ཤེས་ན། ། ང་རྒྱལ་སྙེམས་པར་ག་ལ་འགྱུར།། གཏུམ་པོས་གཏུམ་པོར་མ་རྦད་ན།། ལས་ལ་འགྲོ་བར་ག་ལ་འགྱུར།། ཙཀྲ་རཾ་ནི་མ་བཟླས་ན།། ལས་ལ་འཇུག་པར་ག་ལ་འགྱུར།། ནི་ཤ་ཀུ་རུ་མ་བཟླས་ན།། ལུས་སྲོག་འབྱེད་པར་ག་ལ་འགྱུར། ། གླུང་ལིང་སང་སང་མ་བཟླས་ན།། ལྷ་དང་ཕྱེད་པར་ག་ལ་འགྱུར།། རཏྣ་ཏྲ་ཙལ་མ་བཟླས་ན།། ལེགས་པར་སོ་སོར་ག་ལ་འབྲེལ།། ཏྲི་དུ་དུང་སྔགས་མ་བཟླས་ན།། སྙིང་ཁྲག་འཐུང་བར་ག་ལ་འགྱུར། ། མཚན་ཚིག་གནད་ནས་མ་བསྐུལ་ན།། ལས་ངོ་ལེན་པར་ག་ལ་འགྱུར།། མཉེས་པའི་ཐུན་རྫས་མ་འཚོགས་ན།། བྱོན་ཀྱང་གནས་སུ་ག་ལ་སྡོད།། ཨ་ནུ་རུ་བས་མ་མཆོད་ན།། ཐུགས་དམ་སྒྲོལ་བས་ག་ན་བསྐོངས། ། ཨེ་མ་ལུས་ཀྱི་རྣལ་འབྱོར་པ།། དམར་པོའི་དགེ་འདུན་འདུས་པ་ཉོན།། རྒྱལ་པོའི་རྒྱབ་རྟེན་མ་བཙལ་ན།། བྲན་རྣམས་ཉན་པར་ག་ལ་འགྱུར།། བློན་པོའི་མདུན་ས་མ་བཟུང་ན།། དམངས་རྣམས་ཆམ་ལ་ག་ལ་འཕེབས། ། དམག་དཔུང་དམངས་ཀྱིས་མ་བྱས་ན།། དགྲ་རྣམས་ཆམ་ལ་ག་ལ་ཕེབས།། ཛ་ལ་མ་རས་མ་བཏབ་ན།། ལུང་འདིར་ཕུར་བུ་ག་ལ་ཐེབས།། ཧྲི་སྟྲི་ཧྲི་བཞིས་མ་བསྐོར་ན།། དགྲ་དཔུང་ནོན་པར་ག་ལ་འགྱུར། ། ཐུགས་དམ་ཐུགས་སྙིང་མ་བཟླས་ན།། ཐུགས་ཀྱི་བརྣག་པ་ག་ལ་འགྲུབ།། སྤྱི་དང་སྒོ་སྒོར་མ་བསྒྲུབས་ན།། གདམས་ངག་ཐོབ་པར་ག་ལ་འགྱུར།། གཏོར་དྲིལ་རྣོ་བསྡེབས་མ་ཤེས་ན།། དྲག་སྔགས་བཟློས་ལ་ག་ལ་དབང། ། བསྙེན་སྒྲུབ་ལས་སུམ་ཕྱེ་ན།། མཐུ་རྟགས་དངོས་གྲུབ་ག་ལ་ཐོན།། བོད་རྦད་གསད་གསུམ་མ་འབྲེལ་ན།། དྲེགས་པ་ལས་ལ་ག་ལ་ཚུད།། གནན་བསྲེག་འཕང་གསུམ་མ་ཤེ་ན། ། ལས་ཀྱི་འཕྲིན་ལས་ག་ལ་རྫོགས།། འཕྲིན་ལས་རྫོགས་པར་མ་གྱུར་ན།། སྤོགས་པ་མེད་པར་ག་ལ་འགྲུབ།། མ་གྲུབ་ལན་གསུམ་མ་སྤོགས་ན།། སྔགས་མའི་ལས་རྣམས་ལ་འགྲུབ།། སྤོགས་ཀྱང་མ་གྲུབ་མ་གཏད་ན། ། ལས་ཀྱི་འཕྲིན་ལས་ག་ལ་རྫོགས།། གྲུབ་ཀྱང་མ་ཉེན་མ་གསད་ན།། རྒྱལ་པོས་དམངས་ཀྱང་ག་ལ་འཆུན།། བླ་རྡོ་སྲོག་རྟེན་མ་བཟུང་ན།། བཀྲ་ནི་ཤིས་པར་ག་ལ་འགྱུར།། ཕོ་མོ་སྡེབ་པར་མ་ཤེས་ན། ། དྲེགས་པ་གནད་ལ་ག་ལ་ཕེབས།། དམ་ཚིག་ཐུབ་པར་མ་བསྲུངས་ན།། དོན་དེ་འདོད་པར་ག་ལ་འགྱུར།། ལྟ་བའི་རི་ལ་མ་བྲོས་ན།། ཐར་པ་ཐོབ་པར་ག་ལ་འགྱུར།། སྤྱོད་པའི་འཕྲིན་ལས་མ་སྤྱད་ན།། ཐུན་མོང་དངོས་གྲུབ་ག་ལ་ཐོབ། ། ཏིང་འཛིན་མཁར་དུ་མ་ཞུགས་ན།། ལུས་ཀྱི་རྗེ་བོར་ག་ལ་མཐོང།། ལྟ་སྤྱོད་ལྡན་པས་མ་བསྒྲུབས་ན།། ཚེ་སྲོག་མཐའ་རུ་ག་ལ་ཕྱིན།། བསམ་པ་དག་པས་མ་བསྒྲུབས་ན།། བདག་གཞན་དོན་རྣམས་ག་ལ་འགྲུབ། ། ཨེ་མ་གཤིན་རྗེ་དམར་པོའི་ཚོགས།། ཆད་པ་ཆེ་ལ་དྲག་ཤུལ་ཆེ།། མ་ཡེངས་གཙོ་རུ་ལེན་ཤེས་ན།། བསམ་པ་གང་ཡང་མི་འགྲུབ་མེད།། དྲག་པོའི་སྔགས་ནི་གང་བཟླས་ཀྱང།། དེ་དག་འོང་བར་ཐེ་ཚོམ་མེད། ། བྱུང་བ་ཙམ་གྱིས་མི་འཁོལ་བས།། དེས་ན་གནད་ཀྱི་མན་ངག་གཅེས།། གཤིན་རྗེ་དམར་པོ་འདི་རྣམས་ལ།། འདི་ལས་མཐུ་ཆེ་དྲེགས་པ་ཅན།། གཞན་ན་ཡོད་པ་མ་ཡིན་ཏེ།། འདི་ལ་དབང་རྩལ་ཆེ་བ་ཡི། ། དྲེགས་པ་ཅན་ཀྱང་གཞན་ན་མེད།། ཤིན་ཏུ་འདི་ལས་འགྲོགས་བདེ་དང།། རྒྱུད་འཇམ་པ་ཡང་གང་ཡང་མེད།། འདི་ལས་འགྲོགས་པ་མ་བདེ་དང།། འདི་ལས་རྒྱུད་རྩུབ་པ་ཡང་མེད།། འདི་ལས་ལྷ་སྲིན་དཔུང་ཆེ་བ། ། དྲེགས་པ་རྣམས་ཀྱི་ནང་ན་མེད།། དེ་བཞིན་ཤིས་དང་མ་ཤིས་པ།། འདོད་པ་གྲུབ་དང་མི་གྲུབ་པ།། རང་ངམ་རང་ལ་རང་ལུས་དེ།། འདི་ཡི་སྒོར་ཞུགས་རྣལ་འབྱོར་པས།། བསྙེན་སྒྲུབ་དང་པོ་མཐའ་རྫོགས་པར། ། གཞུང་བཞིན་ཉམས་སུ་ལོངས་པ་གཅེས།། བསྙེན་སྒྲུབ་རྫོགས་དང་མ་རྫོགས་པས།། སྐྱོན་དང་ཡོན་ཏན་དེ་དག་འབྱུང།། གཙོ་འཁོར་རིམ་པ་ངོ་ཤེས་པས།། སྒོམ་སྒྲུབ་བོད་རྦད་ངོ་ཤེས་བྱ། ། ཞེས་འདུས་པའི་འཁོར་ལ་གསུངས་ཏེ། མདོ་རྒྱུད་ཆེན་པོ་སྔགས་ཀྱི་དགོངས་པ་འབྲུ་བཏུས་ཏེ་གལ་འགེག་བསྟན་པའོ།། མན་ངག་མ་ལུས་བསྟན་པ་དྲག་སྔགས་ཀྱི་སྤུ་གྲི་ངར་སླུད་པའི་ཐབས་ཀྱི་ལེའུ་སྟེ་བཅོ་ལྔ་པའོ། །།། དེ་ནས་ཡང་དག་བསྒོམ་བྱ་བཤད།། ཆོས་ཉིད་སྤྲོས་དང་བྲལ་བ་ཡི།། ནམ་མཁའི་དབྱིངས་ནི་བསམ་བྱ་སྟེ།། སྙིང་རྗེ་སེམས་ཅན་དྲན་པར་བྱ།། ཆོ་འཕྲུལ་བྱང་སེམས་ཧཱུ~ཾ་དམར་སྒོམ།། དེ་ཡི་བྱིན་རླབས་གཡོས་པ་ནི། ། ར་ལས་འོག་ཕྱོགས་རཀྟའི་མཚོ།། ཨ་ལས་ཙནྟྲའི་མཎྜལ་བཅས།། དེ་སྟེངས་ཡི་གེ་ཧཱུ~ཾ་དེ་སྒོམ།། སྤྲོ་བསྡུས་འཁོར་ལོ་ཧཱུ~ཾ་ལྡན་བསམ།། དེ་ཉིད་བདག་ཉིད་མ་རུ་ཙེ།། དམར་པོ་ཞལ་གཅིག་ཕྱག་གཉིས་པ། ། གཡས་གཡོན་མེ་རླུང་འཁོར་ལོ་བསྐོར།། རལ་པ་ཁམ་ནག་འབན་སྙིམས་ཏེ།། སྤྱན་བཟློག་ཞལ་བགྲད་མཆེ་བ་གཙིགས།། མེ་དཔུང་ནང་ན་གནས་པ་ལས།། ཙཀྲ་བྲུཾ་ཞེས་བརྗོད་པ་ལས། ། འཁོར་ལོའི་གཞལ་ཡས་ལྷག་གིས་བསྐྱེད།། ཛ་བཞི་སྤྲོས་པས་ཕྱོགས་བཞི་རུ།། དམར་པོ་བསེ་ཡི་སྐྱེས་བུ་བཞི།། ཀུན་ཀྱང་བྱ་ཁྲ་དམར་པོ་བཞིན།། འོད་ཀྱི་ཞགས་པ་བསེ་མདུང་དང།། རལ་གྲི་བསེ་ཡི་མདའ་གཞུ་རྣམས། ། གཏུམ་པོ་མཆེད་བཞིས་བསྐོར་བ་བསྐྱེད།། མ་ལས་མོན་མོ་བལ་མོ་བཞི།། ཀུན་ཀྱང་བསེ་ཁྲབ་རལ་པ་ཅན།། རྡོ་རྗེ་ཕུར་པ་ལྕགས་ཀྱུ་ཐུན།། མ་མོ་ཨེ་ཀ་ཛ་ཏི་ཡང།། སྨུག་ནག་སྤྱང་མོ་མི་སྙིང་ཅན། ། ཡབ་ཀྱི་གཡོན་ན་གནས་པ་བསྐྱེད།། དེ་ལས་ཏིང་འཛིན་སྤྲོས་བསྡུས་པས།། དེ་རྣམས་ཐམས་ཅད་རང་དུ་བསྡུས།། བདག་དང་གཉིས་སུ་མེད་པར་ཐིམ།། དབང་དུ་བསྡུས་ནས་ལས་རྣམས་མཛད།། མཆོད་བསྟོད་བྱ་ཞིང་གཏོར་མ་འབུལ། ། ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མན་ཏ་ཀ་ཛ་ལ་ཀཱ་ཡ་ཛ་ལ་ཀ་ཡ་ཧཱུ~ཾ་ཕཊ། ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མན་ཏ་ཀ་བག་ཤ་ན་ཧཱུ~ཾ་ཧ་ན་ཧ་ན་ཧཱུ~ཾ་ཕཊ། ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མན་ཏ་ཀ་ཙིཏྟ་བན་ཙིནྡྷ་ཙིནྡྷ་ཧཱུ~ཾ་ཕཊ། སྐུ་གསལ་ཉིད་ལ་སྐུ་གསལ་སྒོམ། ། སྐུ་གསུང་ཐུགས་ཀྱི་བསྙེན་པ་འདི།། བྱིན་རླབས་ཅན་དུ་ཡང་དག་འགྱུར།། དེ་ནས་རང་ལ་དེ་སྤྲོས་ཏེ།། གང་ལ་བྱ་བའི་ལས་ལ་དགྱེ།། ཏིང་འཛིན་སྤུ་གྲི་ངར་ཐབས་ཀྱི་ལེའུ་སྟེ་བཅུ་དྲུག་པའོ། །།། དེ་ནས་ཡང་དག་བཤད་བྱ་བ།། བཟླས་དང་སྒོམ་རྫོགས་བསྟོད་པ་བྱ།། རྒུང་ལ་ཐོག་ཐོག་མི་བཟོད་པ།། དཔལ་འབར་དབང་ཕྱུག་ཆེན་པོ་ལ།། བསྟོད་དེ་མཆོད་པ་འབུལ་བར་བྱ།། འཇམ་དཔལ་གཤིན་རྗེ་དམར་པོའི་ལྷ་ཚོགས་ལ། ། བདག་གིས་བླ་མེད་མཆོད་པ་དམ་པ་འབུལ་བ་ནི།། མཐུན་པའི་ཤ་ཁྲག་རུས་པའི་མཆོད་པ་དང།། རྨེ་གཏོར་རྨད་དུ་བྱུང་བའི་མཆོད་པ་འབུལ།། བསྟན་པ་འཇིགས་པའི་དགྲ་བགེགས་སྟབས་སོ་ཁཱ་ཧི། ། ཨེ་མ་ཡང་དག་དཔའ་བོ་ཆེ།། ཉོན་མོངས་རུ་དྲ་བསྒྲལ་བ་དང།། མཾ་ས་རཀྟ་རུས་པའི་ཚོགས།། དུག་གསུམ་རྣམ་དག་མཆོད་པ་བཞེས།། དཔའ་བོ་སྒྲོལ་གིང་མ་རུ་ཙེ།། དམ་ཉམས་སུ་དྲ་བརླག་བྱའི་ཕྱིར། ། དུག་ལྔ་རྩད་གཅོད་མཆོད་པར་བཞེས།། ཕྱི་ནང་གསང་བའི་མཆོད་པ་ནི།། སྦྱོར་སྒྲོལ་བདུད་རྩིའི་མཆོད་པ་སྟེ།། འདོད་པའི་ཡོན་ཏན་ལྔ་བརྒྱན་ནས།། ཁྱེད་ཀྱི་དབང་པོ་ལྔ་ལ་འབུལ།། རཀྴ་དགྲ་བགེགས་ཤ་ན་ཟན་བས་ཞིམ། ། གཏི་མུག་མཆོད་པ་བླ་ན་མེད།། བླ་མེད་མཆོད་པ་འདི་བཞེས་ལ།། སྐུ་ཡི་དངོས་གྲུབ་སྩལ་དུ་གསོལ།། རཀྴ་དགྲ་བགེགས་ཁྲག་ནི་ཆང་བས་ཞིམ།། འདོད་ཆགས་མཆོད་པ་བླ་ན་མེད། ། བླ་མེད་མཆོད་པ་འདི་བཞེས་ལ།། གསུང་གི་མཆོད་པར་བཞེས་སུ་གསོལ།། བཞེས་ནས་གསུང་གི་དངོས་གྲུབ་སྩོལ།། རཀྴ་དགྲ་བགེགས་རུས་པ་མར་བས་ཞིམ།། ཞེ་སྡང་མཆོད་པ་བླ་ན་མེད། ། བླ་མེད་མཆོད་པ་འདི་བཞེས་ལ།། ཐུགས་ཀྱི་མཆོད་པར་བཞེས་སུ་གསོལ།། བཞེས་ནས་ཐུགས་ཀྱི་དངོས་གྲུབ་སྩོལ།། རཀྴ་དགྲ་བགེགས་ཞག་དང་མཁྲིས་པ་སྨན་བས་ཞིམ།། ང་རྒྱལ་མཆོད་པ་བླ་ན་མེད། ། བླ་མེད་མཆོད་པ་འདི་བཞེས་ལ།། ཡོན་ཏན་མཆོད་པར་བཞེས་སུ་གསོལ།། བཞེས་ནས་ཡོན་ཏན་དངོས་གྲུབ་སྩོལ།། རཀྴ་དགྲ་བགེགས་བློ་སྙིང་གསོལ་ཞིང་ཞིམ།། ཕྲག་དོག་མཆོད་པ་བླ་ན་མེད།། བླ་མེད་མཆོད་པ་འདི་བཞེས་ལ། ། འཕྲིན་ལས་མཆོད་པར་བཞེས་སུ་གསོལ།། བཞེས་ནས་འཕྲིན་ལས་དངོས་གྲུབ་སྩོལ།། འདི་ནི་དུག་ལྔ་བདུད་རྩིའི་མཆོད་པ་སྟེ།། གཤིན་རྗེ་དམར་པོ་འཁོར་དང་བཅས་པས་བཞེས། ། གཤིན་རྗེ་དམར་པོ་ཡབ་ཡུམ་འཁོར་བཅས་ལ།། དུག་ལྔ་གསད་པའི་ལས་བྱུང་གིས།། སྤྲུལ་པའི་འཕྲ་མེན་རྣམས་ཀྱིས་མྱུར་བར་ཆུམ།། རྣལ་འབྱོར་དམ་ཅན་རྣམས་ཀྱི་འཕན་ཁར་འགྲིམ།། བརྣག་པའི་འཕྲིན་ལས་མྱུར་དུ་གྲུབ་པར་མཛོད། ། བདག་གི་འཕྲིན་ལས་མྱུར་དུ་མཛད་དུ་གསོལ།། ཞེས་མཆོད་ཅིང་ལས་བཅོལ་ལོ།། དེ་སྐད་ཅེས་གསུངས་པ་ལས།། འཁོར་རྣམས་ཀྱང་རབ་ཏུ་ཡི་རངས་ཏེ་མཉེས་པར་གྱུར་ཏོ། ། དཔའ་བོ་ཆེན་པོས་ལས་སྣ་ཚོགས་གྲུབ་པར་བྱ་བའི་དགོངས་པ་ལ་ཞུགས་སོ།། གནོད་སྦྱིན་ཟླ་གསང་དམར་པོའི་རྒྱུད་ལས། མ་རུ་ཙེ་དམ་རྫས་བཏབ་ཅིང་མཆོད་དེ་བསྐུལ་བ་སྤུ་གྲི་ངར་ཐབས་ཀྱི་ལེའུ་སྟེ་བཅུ་བདུན་པའོ། །།། དེ་ནས་གཤིན་རྗེའི་རྒྱལ་པོ་ལ་སོགས་པ་དེ་རྣམས་ཀྱིས་གསོལ་པ། ཀྱེ་དཔའ་བོ་ཆེན་པོ་གསང་བའི་བདག་པོ། བདུད་ས་འཛིན་གྱི་སྡེ་པ་རིགས་འཛིན་ཁ་ལོ་ལོག་པ་ཕུང་བར་བྱ་བའི་ཕྱིར། དྲག་སྔགས་ཀྱི་སྒྲུབ་པ་ནི་གནད་ཀྱིས་གཏེམ་དགོས་པས། མན་ངག་གི་ཐེམས་བཤད་དུ་གསོལ། དེ་ནས་དཔལ་ཆེན་ཁྲོ་བོ་ཡི།། ཕྱི་མའི་དོན་དུ་བཀའ་སྩལ་པ།། དམར་པོ་གཙོ་འཁོར་གིང་བདུད་ལ། ། ཚོགས་དྲུག་སྡུད་ནི་མ་ཤེས་ན།། ཡུལ་མེད་ནགས་སུ་ཕྱིན་པ་འདྲ།། དམར་པོ་ལས་ལ་བསམ་ཡས་ཀྱང།། སྲོག་སྒྲུབ་ར་སྒྲོལ་མ་ཤེས་ན། ཁ་འུག་མདའ་ཡིས་བརྒྱབ་པ་འདྲ།། ཤན་པའི་ལས་ལ་བསམ་ཡས་ཀྱང། ། མཐའ་སྡུད་ཐུན་ནག་མ་ཤེས་ན།། མཚོན་ཆ་མེད་པར་གཡུལ་འཇུག་འདྲ།། དམར་ནག་སྦག་ཐབས་མ་ཤེས་ན།། ཕྱུག་པོ་སེར་སྣས་བཅིངས་པ་འདྲ།། ཐོད་མཁར་ཆེ་ཆུང་མ་ཤེས་ན།། སྨྱོན་པ་འདུན་མ་བྱེད་པ་འདྲ། ། གནོད་སྦྱིན་ཁྲག་སྐྱུག་མ་ཤེས་ན།། ཁྱི་རྒན་འདབ་ཆགས་རྙེག་པ་འདྲ།། མོ་ལ་མ་རྟེན་ཕོ་སྒྲུབ་ན།། འཁོར་ལ་ངན་པའི་ཇོ་བོ་འདྲ།། ཕོ་ལ་མ་རྟེན་མོ་སྒྲུབ་པ།། ཁྱི་མོ་ནང་ཟན་བྱེད་པ་འདྲ།། ཉི་མ་བདུན་བསྐོར་མ་ཤེས་ན། ། དོན་མེད་སྟོང་ཁམས་བསྐོར་བ་འདྲ།། ལྷ་ལྔ་མདོ་སྡུད་མ་ཤེས་ན།། ལ་ཆ་བསེ་རུ་སྒྲུབ་པ་འདྲ།། ལྟ་བའི་གྱབས་གཅོད་མ་ཤེས་ན།། གོང་བུས་རི་རྩེར་ཕྱིན་པ་འདྲ།། ལྷ་སྒྲུབ་དངོས་དབང་མ་ཤེས་ན། ། སྤྲང་པོ་སློང་མོས་འཚོ་བ་འདྲ།། སྲོག་ཐོད་ཐུན་ཕུར་མ་ཤེས་ན།། དམག་ས་ར་དམག་དཔོན་གྲོངས་པ་འདྲ།། སྐུ་གཅིག་སྒོམ་སྒྲུབ་མ་ཤེས་ན།། དཔའ་བོ་གོ་མཚོན་མེད་པ་འདྲ།། སྔགས་ཀྱི་རྣོབ་ཏུས་མ་ཤེས་ན། ། འཁོར་ལ་ངན་པའི་ཇོ་བོ་འདྲ།། རང་ལ་དབང་བསྐུར་མ་ཤེས་ན།། རྒྱལ་པོ་གདན་ས་མ་ཐོབ་འདྲ།། རྒྱུད་ལྔ་བསྙེན་ཐབས་མ་ཤེས་ན།། བློན་པོ་བཀའ་ཉན་མེད་པ་འདྲ།། བཀའ་འཁོར་སྒྲུབ་པ་མ་ཤེས་ན། ། དམག་དཔུང་མེད་པའི་དམག་དཔོན་འདྲ།། གིང་ཕོ་རྣོ་བཏུས་མ་ཤེས་ན།། ཤིང་གྲི་ཁྱེར་ནས་ཤིང་གཅོད་འདྲ།། མ་སྡུད་ལས་བརྒྱད་མ་ཤེས་ན།། ཚོང་དཔོན་མེད་པའི་ཚོང་པ་འདྲ།། དམ་ཚིག་སྒྲུབ་པ་མ་ཤེས་ན། ། རང་སྲོག་རང་གིས་གཅོད་པ་འདྲ།། དྲིལ་ལུགས་རྣམ་གསུམ་མ་ཤེས་ན།། ཆུ་བྲན་རྒྱ་མཚོར་མ་སླེབ་འདྲ།། སྒྲུབ་ལུགས་རྣམ་གསུམ་མ་ཤེས་ན།། ཐོག་སེར་རི་ཁ་འགྲིམས་པ་འདྲ།། དེ་ལ་སོགས་པ་བསམ་ཡས་པ། ། སྔོན་དུ་འགྲོ་དང་དངོས་པོ་སྒྲུབ།། ལས་ཀྱི་མཐའ་སྡུད་ཐམས་ཅད་ལ།། མ་ནོར་ལས་ཁྲིགས་ཐེམས་སུ་བརྩི།། མཐར་ཐུག་ལས་ཁ་བསྒྱུར་བ་ནི།། གསད་དང་བབས་ལོགས་ཡུལ་སྤོ་དང།། དཀྲུག་དང་ཆ་འཕྲུལ་བླངས་སྤུངས་དང། ། དབབ་དང་རང་བཙན་ཤིས་པར་བྱ།། བེནྡྷ་ཟོར་བཟློག་ནང་རྨེས་གསད།། བོན་པོ་བྲག་སྲིན་ལྷ་ཁང་གསད།། བུད་མེད་ཀླུ་གཉན་གནས་སུ་གསད།། སྐྱེ་བོ་བཙན་བདུད་བྲག་གིས་གསད། ། མུ་སྟེགས་རྟག་ཆད་རྫིང་དུ་གསད།། རྟགས་མགོར་བཙུན་པ་རྒྱལ་ཁང་གསད།། དེ་ལ་སོགས་པ་གསད་བྱ་རྣམས།། འབྲུབ་ཁུང་ལིང་ག་ཐུན་གྱི་གསད།། ཁྱིམ་ཚེས་དགྲར་ལངས་ཁང་སལ་བྱ།། ཉེ་བ་དགྲར་ལངས་སྙིང་དཀྲུགས་བྱ། ། ཡུལ་མི་དགྲར་ལངས་བླ་དཔུངས་བྱ།། བྱེས་མི་དགྲར་ལངས་དྲག་སེར་དབབ།། མི་ནག་དགྲར་ལངས་སྨྱོ་འབོག་དབབ།། དཀོར་ལ་འབགས་ན་ཆོ་འཕྲུལ་དབབ།། རང་བཙན་བཀྲ་ཤིས་ལས་ལྔ་སྒྲུབ། ། དབང་དང་དངོས་གྲུབ་ཚེ་དང་ནོར།། སྲི་བཙན་འདུལ་བའི་ལས་སོགས་བྱ།། དེ་ལ་སོགས་པའི་ལས་སོགས་ཀུན།། གང་གིས་སྐབས་ལ་བབ་པ་བྱ།། དྲག་སྔགས་སྤྱི་རུ་སྒྲུབ་པ་དང།། དྲག་སྔགས་སྒོས་སུ་སྒྲུབ་པ་དང། ། དྲག་སྔགས་སྤུ་གྲི་སོ་བསྡེབས་ནི།། ང་རྒྱལ་དཔའ་བོ་གཤེད་པོ་ཡིས།། མདོ་རྒྱུད་གསང་རྒྱུད་ཕྲ་རྒྱུད་དུ།། མན་ངག་མ་ལུས་བསྟན་པ་ཡིན།། ལེ་ལག་སྒྲུབ་ཐབས་མང་བཤད་ཀྱིས།། གང་ལ་གང་མོས་དེ་ལ་འབད། ། ཟླ་གསང་དམར་པོའི་མདོ་རྒྱུད་ཅེས།། རང་གི་ཟླ་ལ་གསང་ངོ།། ཐབས་ཀྱིས་དོན་རབ་ཏུ་དབྱེ་བའི་ལེའུ་སྟེ་བཅོ་བརྒྱད་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། གསང་སྔགས་ཡི་གེའི་འཕྲེང་བ་ནི། ། འཇིག་རྟེན་ལྷ་སྲིན་ཡོངས་ཀྱི་སྲོག། སྔགས་ནི་ཡིད་བཞིན་རིན་པོ་ཆེ།། རྐྱེན་གྱི་ཏིང་འཛིན་ལྟ་ཡིས་ནི།། ཇི་ལྟར་དམིགས་པ་བཞིན་དུ་འགྲུབ།། སྔགས་ནི་མཚོན་ཆའི་འཁོར་ལོ་སྟེ།། གང་ལ་དམིགས་པ་གཅོད་པར་བྱེད། ། སྔགས་ནི་དུག་གི་མེ་དཔུང་སྟེ།། སྲེག་ཅིང་སྲོག་དང་འབྲེལ་བའོ།། སྔགས་ནི་ནད་ཀྱི་མཚན་ཉིད་དེ།། འདུ་བ་རྣམ་བཞིན་ད་ཀུན་འདེབས།། སྔགས་ནི་ཆོ་འཕྲུལ་རྟགས་འབྱུང་སྟེ། ། བཟླས་པ་ཙམ་གྱིས་མངོན་མཚན་སྐྱེ།། ཤན་པ་རཱ་ཛའི་དྲོད་རྟགས་ཀྱང།། སྦྲི་ཞིང་འཇོལ་དང་ཉལ་བ་ནི།། ལྷ་དབྲལ་དབྱེ་དགུག་དྲག་ཏུ་བྱ།། གནམ་ལྷ་འཚབ་ཅིང་དྲག་སྐད་འབྱིན།། སྐྱོབ་པ་ཡོད་པས་དྲག་ཏུ་གཟིར། ། འདར་ཅིང་འཁུན་ན་ལས་འགྲུབ་སྟེ།། ཕྱི་པྲ་ཚད་མར་ཕེབས་པ་དང།། རེག་ཆོད་སྔགས་ཀྱིས་རྒྱུད་མཆོག་བསྒྲལ།། སྙིང་དང་སོགས་པ་མཆིན་པ་ལ།། ནང་གི་རྟགས་ཚད་བཟུང་བར་བྱ།། སོག་པ་མཁར་དྲུག་ས་རྩིས་ཏེ། ། ཆག་གྲུམ་ཀ་བ་ཆད་པ་དང།། རྨུ་ཐག་ཆད་དང་རྡོལ་བ་དང།། མདུང་ཤིང་འདྲ་དང་བྲུལ་རྗེས་དང།། ཧར་ཧོར་རྩབ་རྩུབ་བྱུང་བ་ན།། རྩ་བ་བརླག་པར་ངེས་པ་ཡིན།། མཆིན་པ་བསྟན་དང་རྒྱ་ཐིགས་དང། ། པགས་པ་བྱེ་དང་ཁྲག་རྡོལ་གཉིས།། བཀྲ་མི་ཤིས་དང་རིགས་དལ་འོང།། ཉག་ཉེག་ཧར་ཧོར་གང་ཡང་བཟང།། མཁྲིས་སྐམས་བྱུགས་དང་རྫས་ནོར་བརླག། སྙིང་ཁྲག་མངས་ན་ཁྲག་ཏུ་སྐྱུག། ཆུ་ཡིས་ཁེངས་ན་སྙིང་ནད་འོང། ། ཧར་ཧོར་ཉག་ཉེག་བབས་ལོགས་འཚི།། སྲོག་རྩ་བུག་མེད་སྐྱེ་རྒྱུད་འཆད།། བཟང་ངན་རྟགས་ཚད་གང་ངེས་ཀྱང།། དྲག་སྔགས་བྲབ་ཅིང་མནན་གཏད་བྱ།། སྔགས་ཀྱི་རང་བཞིན་དང་ཙ་རེའི་ལྟས་བསྟན་པའི་ལེའུ་སྟེ་བཅུ་དགུ་པའོ། །།། དེ་ནས་གཞན་ཡང་བཤད་བྱ་བ།། རྩ་བ་སྣལ་མའི་སྒྲུབ་པ་ལ།། མ་གྲུབ་བར་དུ་ནན་ཏན་གཅོས།། ལན་གསུམ་བར་དུ་སྤོགས་པར་བྱ།། དེ་ཡི་མཚན་མ་རྟགས་མཐོང་ངེས། ། གང་ལ་བྱ་བ་གསད་པ་པོ།། རྒྱུ་ཁྱེར་དྲག་པོའི་ལས་ཐབས་ཀྱིས།། རྒྱུན་གྱི་དྲག་པོའི་ལས་ལ་འཇུག། དམར་པོ་སོ་སོ་རྩ་བ་ལས།། རང་རང་སྦྱོར་བ་གསད་པ་ཙམ།། ལས་མཐའ་སྲོག་གི་སྒྲུབ་པ་ལ།། དྲིལ་ཏེ་བསྒྲུབས་ན་ངེས་པར་བརླག། ལས་རྣམས་ཀུན་གྱིས་མ་གྲུབ་ན།། བཤགས་པ་བྱས་ལ་བསྙེན་པ་སྤོགས།། རྟགས་ཀྱི་དྲོད་ཚད་ཚད་མས་བཟུང།། རྟགས་དང་འཕྲིན་ལས་རིམ་པ་སྦྱར།། ཡང་སྙིང་དྲག་པོའི་སྦྱོར་བ་ཡང། ། ཙིཏྟ་དགུག་པའི་འཁོར་ལོ་བཅའ།། བསེ་བྱང་གཉིས་ནི་ལྡིང་དུ་གཞུག། བསྒྲལ་བ་གཡང་གཞིའི་འཁོར་ལོ་བཅའ།། ཞག་གསུམ་བར་དུ་རེ་རེ་ལ།། གདུག་པའི་དྲག་སྔགས་ལྟོ་བ་བཟློག། ལྷ་ཡང་གནད་ལ་དབབ་པ་སྟེ། ། ཤི་ས་བསྟན་པ་ལས་ཡིན་པས།། བྱ་བ་སྔས་ན་རང་སྲོག་གཅོད།། དང་པོ་ཛ་ནས་དྲངས་པ་ལ།། ཨོཾ་གྱི་མཐའ་བཏུལ་གཙོ་བོའོ།། དེ་བཞིན་སྐྲ་ནས་སྣལ་དུ་བཟློག། ཤིག་ནས་ལིང་ཏྲིར་ཏེ་བཞིན་ཏེ།། ཧ་ནས་ན་རུ་བཟློག་པ་དང། ། རྦད་ནས་བདུད་དུ་དེ་བཞིན་ནོ།། ཉིན་གྱི་ལས་སུ་ཤེས་པར་བྱ།། དེ་བཞིན་བྷྱོ་ནས་དྲག་ཏུ་བཟློག། ཧཱུ~ཾ་ནས་སུ་རུ་བཟློག་པ་དང།། དེ་བཞིན་གཞན་ཡང་ཤེས་པར་བྱ།། ཙིཏྟ་ནང་གི་མིང་བྱང་ལ། ། ཕོ་མོ་ཉིན་མཚན་བརྣོལ་ཏེ་བརྡེག། ཕོ་སྔགས་ལྟོ་ནས་དཀྲུག་པ་དང།། མོ་སྔགས་ལྟོ་ནས་དཀྲུག་པ་ལ།། སྙིང་ཕྱེ་ཁྲག་ཐུན་བརྡེག་བྱ་ཞིང།། གཤིན་དམིག་བཟློག་ཅིང་བསྐོར་བ་བྱ།། གོས་ཀྱང་ལོག་པར་གོན་པ་ཡིན། ། ལྷ་ཡང་གནད་ལ་དབབ་པ་འདི།། ལས་ཀུན་བརྡུག་ན་བྱ་བའོ།། རྣལ་འབྱོར་དགོངས་པས་མ་ནོན་ན།། འཁོར་དུ་བཀྲ་མི་ཤིས་པ་དང།། སྒྲོལ་གིང་ལས་ནི་མི་བྱེད་ན།། སྐབས་སུ་བཟློག་སྔགས་བཟླས་པར་བྱ། ། ལས་འདི་སྔས་ན་དམ་ཚིག་རྣམས།། སྤོགས་པ་དང་ཤི་ས་བསྟན་པའི་ལེའུ་སྟེ་ཉི་ཤུ་པའོ།།།། དེ་ནས་གཞན་ཡང་བཤད་བྱ་བ།། ཤོད་རྡེ་དྲག་སྔགས་བརྡེག་པ་ནི།། ཆུ་ཡི་འགྲམ་ནས་བྱུང་བ་ཡི། ། ཤོད་རྡེ་དཀར་ནག་ཉི་ཤུ་ལ།། མ་ཉེས་ཤོད་རྡེ་དཀར་པོ་བགྲང། ཁོས་ཉེས་ནག་པོ་བགྲངས་ལ་བྲབ།། རང་གི་མ་ཉེས་གྲངས་བགྲང་ཞིང།། གཟུ་དང་དཔང་དུ་ཀུན་ལ་གསོལ།། ཉེས་པ་བགྲངས་པའི་ནག་པོ་དེ། ། དྲག་སྔགས་བཟླས་ཏེ་གཟུགས་ལ་བརྡེག། རང་གིས་ཉེས་ན་ཤོད་རྡེ་བཤོལ།། དེ་ཡང་ཤོད་དེ་བྲབ་པའི་དུས།། ཉི་མ་ཤར་ནས་དྲོས་བར་དུ།། སྲིན་པོ་བསྐུལ་ཞིང་སྔགས་དྲངས་ལ།། དྲག་སྔགས་ཀུན་གྱིས་བྲབ་པར་བྱ། ། ཉི་མ་ཕྱེད་ནས་དགོངས་ཡོལ་དུ།། གཤིན་རྗེ་བསྐུལ་ཏེ་སྔགས་དྲངས་ལ།། དྲག་སྔགས་ཐམས་ཅད་ཚང་བར་བྲབ།། ཉི་མ་ནུབ་ནས་ས་སྲོས་བར།། བདུད་པོ་བསྐུལ་ཞིང་སྔགས་དྲངས་ལ།། དྲག་སྔགས་ཀུན་གྱིས་བྲབ་པར་བྱ། ། སྲོད་ཁྱེར་ནས་ནི་ནམ་ཕྱེད་དུ།། གནོད་སྦྱིན་བསྐུལ་ཏེ་སྔགས་དྲངས་ལ།། དྲག་སྔགས་ཀུན་ཀྱང་བཟླས་ལ་བྲབ།། ཀུན་གྱི་ཐོག་མར་ཡབ་ཡུམ་སྔགས།། ཤོད་རྡེ་འཇུག་ལ་རྫས་ཀུན་བྲབ།། བྲབ་པ་ཟིན་ནས་སྨོན་ལམ་གདབ། ། བདུད་པོའི་དྲག་སྔགས་མང་དུ་གདབ།། བདུད་མོ་ཡང་ནི་དེ་བཞིན་ནོ།། ཐོ་རངས་དྲག་ཏུ་བསྐུལ་བར་བྱ།། ཤོད་རྡེའུ་བྲབ་པའི་ལེའུ་སྟེ་ཉེར་གཅིག་པའོ།།།། དེ་ནས་གཞན་ཡང་བཤད་བྱ་བ། ། གིང་བདུད་མ་ལུས་འདུལ་བའི་ལས།། གིང་ཆེན་གསང་བ་ལྡོག་མེད་ནི།། འཆི་བདག་གཤིན་རྗེ་དམར་པོའི་ཞལ།། གདེང་དང་ལྡན་པས་བསྒྲུབ་པར་བྱ།། ཡི་དྭགས་ཀུན་གྱི་དེད་དཔོན་པོ།། གསོན་གཤིན་གཉིས་ཀྱི་ཟམ་ཀ་བ། ། མ་མོ་གིང་གི་ཚོགས་རྗེའོ།། གསོན་པོ་བསྐོས་ལ་འདེབས་པ་པོ།། ཤི་བ་ཀུན་གྱི་གཤིན་བུ་རྗེ།། སྡིག་པ་ཅན་གྱི་ཆད་ཁའི་བདག། དགེ་བའི་གྲོགས་དང་སྟང་འཛིན་པ།། སྲིད་གསུམ་ལྟོ་ན་གནས་པ་དེ། ། སྲོག་ཅན་ལུས་ཀྱི་མགོ་བོ་ལ།། ཀུན་ལ་རང་བཞིན་གྲུབ་གནས་པས།། རིག་པས་བརྟགས་ལ་ཁ་དོག་བསྒྱུར།། དམར་པོ་དག་གམ་སྔོ་བསངས་སུ།། དམར་ནག་གང་མོས་སྐུ་མདོག་ལ།། སྤྱི་བོར་རྡོག་པས་བརྫིས་པ་བཞིན། ། གེལ་བག་མཇིང་པ་བཏུངས་ཏེ་གནས།། སྨིན་མ་སེར་པོ་སྤྱན་ནི་ཁྲོ།། སྨ་ར་ནག་པོ་མཆེ་བ་དཀར།། ལག་ན་བེ་ཅོན་འཁོར་ལོ་ཐོད།། རང་གི་ཐུགས་ཀ་དག་ཏུ་བཟུང། ། ཞབས་ནི་བགྲད་དེ་མཐིལ་སྤྲད་ལ།། རང་བྱུང་གནས་པའི་འཆི་བདག་དེ།། རང་བཞིན་གྲུབ་པའི་ཆུང་རླུང་བར།། ལྷོ་ཡི་ཕྱོགས་དེ་གཤིན་རྗེའི་ཡུལ།། ཐོད་པ་ལྕགས་མཁར་གྲོང་ན་གནས།། རང་བཞིན་གྲུབ་པ་སྤྱན་དྲངས་ལ། ། ཐུགས་ཁའི་ཡ་ལ་བསྟིམ་པར་བྱ།། དེ་ལ་རབ་ཏུ་གནས་པར་བྱ།། ཕྱག་འཚལ་མཆོད་དབུལ་འཕྲིན་ལས་བཙོལ།། ཐོད་པ་སྐྱ་བོ་མ་ཆག་པ།། དེ་ཡི་ཡ་ཐོད་མ་ཐོད་ལ།། འོག་ལ་འཆི་བདག་རང་བྱུང་གནས། ། སྟེང་ལ་འཁོར་ལོ་རྩིབས་བཞི་སྲིད།། སྲིད་པའི་ལྟོ་བ་བཟློག་ནས་ཀྱང།། བསྟན་པའི་དགྲ་བོ་ཁ་ན་ཟ། ཁམས་དགྲ་འདུལ་བས་ཕྱོགས་མཚམས་ལྟ།། དེ་ལ་གཏོར་མ་ལིང་ག་རེ།། ནང་ནུབ་ཟས་སུ་བསྔོ་བར་བྱ། ། ཁྲིའམ་རྩང་གིས་བཏེག་ནས་ཀྱང།། དཀྱིལ་འཁོར་དབུས་ཀྱི་ཨེ་ལ་བཞག། མི་ཡི་རྒྱུ་མས་དྲིལ་བར་བྱ།། རབས་ཆད་ནག་པོའི་ཐོད་པ་རུ།། དུག་ཁྲག་སྦྱར་ཏེ་ཐུན་ཀྱང་བཅའ།། ཉུངས་ཀར་རྒྱལ་པོ་ཐུན་དུ་མངག། སེ་དང་ཏྲི་ལིང་དྲངས་ནས་ཀྱང།། ཡབ་ཡུམ་འཕྲིན་ལས་སྔགས་ཀྱི་བསྐུལ།། རྒྱུན་གྱི་སྔགས་ལ་རྟགས་བྱུང་ནས།། ཏྲོ་ཏ་ཐུན་བྷྱོ་ཐོག་མཐའ་ཅན།། སྒོ་ཕུགས་མེད་པ་བསྒྲུབ་བར་བྱ།། ལས་རྟགས་བྱུང་ནས་འབྲུབ་ཁུང་ནང། ། ལིང་ག་ལ་ནི་སྒྲོ་ཐུན་དབབ།། ལིང་ག་མེར་བསྲེགས་ཐལ་བ་དང།། ཐོད་པ་བསྒྲགས་ལ་མནན་པ་བྱ།། ཀླུ་གཉན་གནས་སམ་དུར་ཁྲོད་དུ།། དྲང་སྲོང་སྨོད་པ་སྨོད་ཏེ་མནན།། ཐལ་བ་ཆ་གཅིག་རླུང་ལ་ཕྱར། ། ལས་འདིས་འཕྲིན་ལས་དམ་པ་ཡིན།། གིང་སྒོ་ཕུགས་མེད་པ་འཆི་བདག་ཞལ་གྱི་སྒྲུབ་པའི་ལེའུ་སྟེ་ཉེར་གཉིས་པའོ།།།། ལྷ་རྣམས་དྲག་པོས་དབྲལ་བྱ་བ།། རྨེ་བའི་དུད་པས་དབྲལ་བ་དང། ། གིང་གི་དུག་ཆུ་དབྲལ་བ་དང།། འཕྲ་མེན་མ་ཡིས་དབྲལ་བ་བྱ།། བྱ་རོག་གུང་རུ་གཡས་པ་དང།། འུག་པའི་གུང་རུ་གཡོན་པ་ལ།། མི་དང་ལྷ་ནི་ཨ་ནི་བྲི།། བར་དུ་འཕྲ་མེན་གཟུགས་ཀྱིས་གཞུག། སྒྲོ་གཉིས་རྩ་བ་ཚོན་སྐུད་བཅིང། ། ཤིང་རིངས་རྩེ་ལ་བཏགས་ནས་ཀྱང།། རླུང་པོ་ཆེ་ལ་འཐབ་ཏུ་གཞུག། ས་དང་ཉུངས་ཀར་སྔགས་བཟླས་ཏེ།། སྒྲོ་ལ་བྲབ་ཅིང་འཕྲ་མེན་བསྐུལ།། མ་མ་ཏྲག་རཀྴ་མཱ་ར་ཡ་ཕྱེ། མ་མ་ཏྲག་རཀྴ་རུ་ཏྲ་མཱ་ར་ཡ་ཕྱེ། ཏྲག་ཁ་ལྡིང་མཱ་ར་ཡ་ཛཱ། ཏྲ་ཁ་ལྡིང་མཱ་ར་ཡ་ཁུག། ཨ་ནི་ཏྲག་རཀྴ་མཱ་ར་ཡ་ཕྱེ། དེ་ནས་རྨེ་དུད་སྣ་ལྔ་ཡིས།། དུ་བས་བདུག་ཅིང་སྔགས་འདི་བརྡེག། ཨོཾ་ལཾ་ཀུ་ས་མ་དུ་ཧུ་ལུ་ལིང་མྱོས་ན་རྒལ། ག་གཟེར་ག་སྣ་ཡ། ལས་དེ་རྣམ་གཉིས་ཡང་ཡང་བྱ།། དེ་ནས་དུག་ཆུའི་བསྒྲུབ་པ་བྱ།། དུག་སྣ་ཚོགས་པའི་ལྷུག་གུ་ལ།། ཆང་དང་ཆུ་སྣས་སྦྱངས་ནས་ཀྱང།། ཀླུ་ལིང་བྷ་སང་འབུམ་དུ་གདབ།། དེ་ནས་སྒྲོ་ཡིས་བླངས་ནས་ཀྱང། ། རཏྣ་ཏྲ་ཡ་པྲ་ཙ་ལ། དེ་བརྟགས་གཟུགས་ལ་དུག་ཆུས་བྲན།། སྣངས་ནི་ཉིན་ཞག་གཅིག་ཏུ་བྱ།། ཡང་དུས་འཚམས་ཀུན་ཏུའོ།། དེ་ལྟར་བྱས་པས་ལྷ་ལྔ་འབྲོས།། དེ་ནས་བླ་བཀུག་གཟུགས་ལ་བསྟིམ། ། བླ་ནི་ཞག་གསུམ་བར་དུ་དགུག། དེ་ནས་ལས་སྦྱར་ཐེ་ཚོམ་མེད།། ལྷ་ཡང་བདུད་དུ་དབབ་པ་ནི།། མཆོད་བརྟེན་ནག་པོ་ཁྲུ་གང་པ།། དེ་ཡི་ལྕགས་རི་ནང་དག་ཏུ།། འཇིམ་པ་དང་ནི་གྲོ་ག་ལ། ། ཁྱི་ཡི་ཁྲག་གིས་ལྷ་སྲུངས་བཅའ།། གླ་བའི་ཁྲག་གིས་དགྲ་གཟུགས་བཅའ།། ཤན་པ་བྱོལ་སོང་སྲོག་པ་ལྟར།། བྱང་དུ་བཅུག་སྟེ་ལྕགས་ཕུར་གྱིས།། དེ་ཡི་སྙིང་ལ་འདེབས་ཤིང་ཞོན།། ཁྲོས་པས་ཐུན་ཀྱང་ཉིན་གུང་དང། ། མཚན་མོ་གུང་ལ་བྲབ་ཅིང་བརྡེག། ཁ་ཁ་ཧུ་ལུའི་དང་རུས་བྲབ།། ཨོཾ་ཤྲཱི་མཉྫུ་ཡ་མ་རཱ་ཛ་མ་མ་ཨེ་ཀ་ཛ་ཊི་ཏྲ་ཛི་ཛ་བདུད་པྲ་མ་ཡ་ཧ་ར་ཏྲ་ག་དུ་ཡ་མ་རཱ་ཛ་རུ་པེ་དེ་བ་གཟར། མ་ཧཱ་ནཱ་ག་རུ་པ་དེ་བ་གཟིར། ། མ་ཧཱ་པ་ལ་དེ་བ་གཟིར། རཱ་ཛ་གཟིར། པག་ཤུ་གཟིར། ཡ་མ་གཟིར། ས་དུ་གཟིར། མ་ར་ཡ་གཟིར། ཁྲི་ཕྲག་བཟླས་ཤིང་ལྷ་བདུད་དབབ།། བཟློག་ཏུ་མེད་པའི་ངན་ཐབས་ཡིན།། ལྷ་དང་དབྱེ་བ་དང་ལྷ་བདུད་དུ་དབབ་པའི་ལེའུ་སྟེ་ཉེར་གསུམ་པའོ། །།། དེ་ནས་གཞན་ཡང་རེག་ཆོད་ཙམ།། བསྡུས་ཤིང་དུག་ཆུས་བྲན་ནས་ཀྱང།། ཁྲུ་གང་པ་ཡི་ཧོམ་ཡང་བཅའ།། ཧོམ་ཁུང་གྲུ་གསུམ་ནང་དུ་གཟུགས།། མ་ཧཱ་དེ་བའི་སྙིང་ཁར་བྱ། ། ཐུན་དང་ཕུར་པ་རྩང་གིས་བསྐོར།། དམ་རྫས་གཏོར་མ་རཀྟས་མཆོད།། བསྙེན་པ་སྔོན་དུ་སོང་བ་ཡིས།། སྒྲུབ་པའི་དྲག་སྔགས་འདི་དག་དྲང།། ཨོཾ་ཀུ་མ་ར་ཧ་ན་ཧ་ན་ཀུ་མ་ར་མཉྫུ་ཤྲཱི་ཀུ་མ་ར་མུ་ཁུ་ཁ་རྦད་ཡཀྴ་གདོང་དམར་མཱ་ར་ཡ། ཨོཾ་མཉྫུ་ཤྲཱི་ཀུ་མ་ར་དུ་ཏེ་འགྲིམ། ཡཀྴ་ཁ་ལ་ཡུ་ཏི་རྦད་གདོང་དམར་མཱ་ར་ཡ། ཨོཾ་མཉྫུ་ཤྲཱི་དེ་བ་ཏ་ཏ་མཉྫུ་ཤྲཱི་འགྲིམ་ཀ་ལ་ཡུ་ཏི་རྦད། གདོང་དམར་མཱ་ར་ཡ། ཨོཾ་མཉྫུ་ཤྲཱི་དེ་བ་གྲིམ་ཁ་ལ་ཤག་སྙིང་མགོ་ཆོད། ཡུ་ན་དུན་ཏིང་རྦད། དགྲ་བོ་མཱ་ར་ཡ། ཨོཾ་དེ་བ་མཉྫུ་ཤྲཱི་ཀུ་མ་ར་ད་དུ་ས་ཏ་ཀ་ར་ཏི་ནི་ཁ་ལ་ཤག་སྙིང་ཁ་ལ་ཡཾ་མགོ་རྦད་དགྲ་བོ་མཱ་ར་ཡ། ཁྲིའམ་འབུམ་ནི་བཟླས་པར་བྱ།། དེ་ནས་ལས་བཟླས་བརྒྱའམ་སྟོང། ། འབར་བའི་མེ་ལ་སྦྱིན་སྲེག་དབུལ།། དེ་ནས་ཧོམ་བསྲེགས་གསུར་ཤ་ཀུན།། ཆ་གཅིག་སྨན་རག་དང་སྦྱར་ཏེ།། དཔལ་གྱི་གཏོར་མར་ལྷ་ལ་བསྟབ།། རང་ཉིད་ཀྱང་ནི་ཟས་སུ་བཟའ།། ཆ་གཅིག་མནན་པའི་རྫས་དང་བཅས། ། མ་རུངས་གདུག་པ་གནས་པར་གཏད།། ཆ་གཅིག་ལྷ་སྲིན་དབང་བཙུགས་ཏེ།། རླུང་པོ་ཆེ་ལ་མཐའ་མེད་བསྐུར། ཨོཾ་ཧྲིཥྟི་བི་ཀྲི་ཏཱ་མོན་ཏ་དགྲ་བོ་མཱ་ར་ཡ། ཨོཾ་ཧྲིཥྟི་བི་ཏྲི་ཏཱ་མོན་ཏ་དགྲ་བོ་མར་དུ། ཨོཾ་ཧྲིཥྟི་བི་ཀྲི་ཏཱ་མོན་ཏ་དགྲ་བོ་མ་ར་ནན། ཨོཾ་ཧྲིཥྟི་བི་ཀྲི་ཏ་མོན་ཏི་དགྲ་བོ་མ་ར་ཡཾ། ཨོཾ་མཛེ་ཏ་བ་ཀྲི་ཏ་སོད་སོད། ཨོཾ་རུ་ཏ་རུ་ཏ་མ་ར་ཡཾ། མ་ར་དུ། མ་ར་ནི། དགྲ་བོ་ནི་མཱ་ར་ཡ་ཕཊ། བསྙེན་པ་འབུམ་ཕྲག་དྲིལ་སྔགས་དྲང། ། ལས་ནི་ཉི་མ་བཞི་དག་གོ། ཡང་ན་ཞག་གཅིག་ཐུན་བཞི་བརྩམ།། ཡ་ནི་དང་པོ་གཉིས་པ་དུ།། གསུམ་པ་ནན་ཏེ་བཞི་པ་ཡམ།། མཚམས་སུ་མཛོ་རྟ་རུ་ཏ་བཟླས།། མནན་པར་བྱ་བའི་མན་ངག་གོ། འཆི་བདག་གཤིན་རྗེ་དམར་ནག་ཀུན།། མ་ལུས་ནན་ལ་བོར་བའི་སྔགས།། ལས་གཞུག་མནན་ཅིང་གཏད་པའོ།། ལྷ་དབང་ཉིད་ལ་བཏབ་ཀྱང་ནོན།། ཧོམ་ནག་དང་མནན་བཏད་ཀྱི་ལེའུ་སྟེ་ཉེར་བཞི་པའོ། །།། དེ་ནས་ཡང་དག་བཤད་བྱ་བ།། གནོད་སྦྱིན་མ་མོ་སྒྲུབ་པ་ནི།། བྲག་རི་དགོན་པ་གསུམ་ཐོག་རྩེ།། ཆུ་གླིང་ལ་སོགས་དབེན་གནས་སུ།། ས་བདག་བགེགས་རིགས་མ་ལུས་པ།། མཆོད་སྦྱིན་གྱིས་ནི་མཉེས་བྱས་ནས། ། མཎྜལ་གྲུ་བཞི་ཟླ་གང་རྩིག། གྲུ་གསུམ་མཐིང་ནག་ཟླ་གམ་དམར།། ཟླུམ་པོ་དཀར་པོ་གྲུ་བཞི་སེར།། བར་ཁྱམས་སྒོ་ཁྱུད་ལྡན་པར་བྲི།། ག་བུ་ས་ལས་བྱ་བ་འམ།། ཡང་ན་རབས་ཆད་རྣེལ་དྲི་དང། ། མུ་སུར་འམ་གྲི་ཐོད་དུ།། དུག་ཐུན་ཁྲག་ཐུན་སྙིང་ཐུན་དང།། ཉུངས་ཀར་ཕོ་མོའི་ཐུན་ཡང་བཅའ།། དབུས་ཀྱི་གྲུ་གསུམ་ཀ་ལ་ཡང།། ཕུར་ཐུན་སྦམས་ཏེ་བཞུགས་སུ་གསོལ།། ནང་དུ་ཨ་ལག་ལིང་ག་གཞུག། དུག་སྣ་དགུ་ཕྱག་དུག་ཐུན་ནི།། རབས་ཆད་ཐོད་པར་ཟླ་གམ་དགོད།། སྣེལ་དྲི་ཐོད་པར་ཁྲག་ཐུན་བཤམ།། གྲི་རྒོད་སྙིང་དུ་དམིགས་པ་གཙང།། སྙིང་སྣ་ཚོགས་དང་བཅས་པ་བཤད།། གྲགས་སོ་ཉུངས་མོའི་ཐུན་དང་བཅས། ། ཟླ་གམ་གྲུ་ཆད་རིམ་པས་དགོད།། བམ་གསར་སྙིང་དང་བྱ་ནག་སྙིང།། སྣ་ཚོགས་སྙིང་སྣ་མེ་ལོང་དང།། ལྟས་ངན་སྣ་ཚོགས་སྙིང་གཟུགས་གསོལ།། ཆང་ཕུད་རཀྟ་བདུད་རྩི་རྩལ།། རྨད་དུ་བྱུང་བའི་གཏོར་མ་བཤམ། ། བྱ་མོ་ནག་མོ་རྟར་གཟུང་ནས།། རྟ་སྙིང་བྱ་དཀར་ར་དཀར་དང།། རི་བོང་བྱི་ལ་བམ་གསར་སྙིང།། མིང་པོའི་རྫས་སུ་སྙིང་ཕྱེ་དང།། གློ་ཕྱེ་སྨན་ཕྱེ་བསྲེས་ལ་བླུག། བྱ་དཀར་རྟར་བཟུང་གཡབ་དར་དཀར། ། མེ་ལོང་དར་དམར་གདགས་པར་བྱ།། བཤོས་བུ་འབྲང་རྒྱས་ཟླ་ཚེས་མཆོད།། མིང་བྱང་ཚན་པ་གསུམ་དུ་བྱ།། བྱ་དཀར་གཡས་དང་བྱ་ནག་གཡོན།། བྱ་རྒོད་སྒྲོན་པའི་མདའ་ལ་གཟུགས། ། སྔགས་ལ་ལྕམ་དྲལ་ཆས་ཞུགས་ཏེ།། དེ་བཞིན་ཉིད་དང་ཀུན་ཏུ་སྣང།། རྒྱུ་ཡི་ཏིང་འཛིན་ཧཱུ~ཾ་དམར་སྒོམ།། དེ་ལས་དབང་ཆེན་གཞལ་ཡས་ཁང།། རཀྟ་ཞིང་གདན་བཅས་པ་བསྐྱེད།། ཧཱུ~ཾ་ལས་འཇམ་དཔལ་དམར་པོ་སྒོམ། ། མ་ལས་ཉི་མའི་གདན་སྟེངས་སུ།། ཏྲག་ལས་མ་མོ་རལ་གཅིག་མ།། གཡས་ན་ཞིང་ཆེན་ཙིཏྟ་བསྣམས།། གཡོན་ན་གཡུ་ཡི་སྤྱང་མོ་བསྣམས།། བུད་མེད་ནག་མོ་ཁྲོས་པའི་སྐུ།། ཞབས་གཉིས་དོར་སྟབས་སྤྱན་རྩ་དམར། ། སྐུ་དང་རལ་པའི་སྐྲ་གསེབ་ནས།། སྤྱང་མོ་ལས་ངན་བྱ་ཡི་ཚོགས།། ཚང་བཅས་ནས་ནི་ཕོ་ཉར་འགྱེད།། གཡུ་ཡི་སྤྱང་མོ་དགུ་འབུམ་ཁྲི།། ཐུགས་ལས་སྤྲུལ་པ་ཕོ་ཉར་འགྱེད།། མདུན་དུ་ཧཱུ~ཾ་ལས་སྲོག་བདག་ནི། ། དཀར་པོ་རྟ་དཀར་ཆིབས་པའི་སྐུ།། སེང་གེ་དཀར་པོའི་གོང་སླག་ཅན།། དར་དཀར་རལ་ཀ་སྐུ་ལ་གསོལ།། སྤྱན་གཅིག་སོ་གཅིག་ཁྲོ་བག་ཅན།། རལ་པ་དཀར་པོ་སྤྲིན་ལྟར་གཏིབས། ། ཟངས་གྲི་གཡས་ལ་བདུད་ཁྲམ་གཡོན།། གང་གི་ལས་སུ་ཕོ་བརྒྱ་གསོད།། ནུབ་བརྒྱ་མོ་བརྒྱའི་སྲིས་སྲིད་སྐུ།། ཉིན་མོ་མི་ཕྱུགས་ཕྱགས་མས་འདེབས།། ས་གཞི་སྤྲལ་པས་གང་བར་བྱེད།། ནམ་མཁའ་སྒྲ་དང་འོད་ཀྱིས་འགེངས། ། མིག་ནས་མེ་ཡི་འོད་འགེངས་ཤིང།། ལྟས་ངན་བྱ་ཡི་ཐན་པ་ཡིས།། བར་སྣང་སྣ་ཚོགས་འགེངས་བར་བྱེད།། སྨྱོ་དཔའ་འབོག་དང་གྲི་ཐབས་དང།། བློ་བུར་བབས་ལོག་གསོད་པར་སྒོམ། ། དམར་པོ་དམག་དཔོན་མཆེད་བཞི་དང།། གིང་ཆེན་བཅོ་བརྒྱད་གིང་ཕྲན་འབུམ།། བལ་མོ་བཞི་དང་མ་མོ་བདུན།། མ་ཚོགས་འབུམ་གྱིས་བསྐོར་བ་རྣམས།། སྒྲུབ་པའི་སྟོངས་ལ་བྱོན་པར་བསམ།། ཡབ་ཡུམ་དྲིལ་བའི་སྲོག་སྙིང་དང། ། མ་མོའི་སྲོག་སྔགས་བདུན་འབུམ་བཟླས།། ཕོ་ཡི་དུག་ཐུན་སྒྲུབ་ཅིང་གསད།། དེ་བཞིན་ཁྲག་ལ་དྲངས་ནས་ཀྱང།། དམར་འབྱིན་བཞི་ཡིས་ཁྲག་ཐུན་ཙམ།། དེ་བཞིན་སྙིང་ཐུན་དྲངས་ནས་ཀྱང། ། གཤིན་རྗེ་སྙིང་འབྱིན་སྙིང་ཐུན་བྱ།། དེ་བཞིན་ཕུར་བུ་དྲངས་ནས་ཀྱང།། ཕུར་སྔགས་དྲག་པོས་ཕུར་ཐུན་གདབ།། སྔགས་མདའ་ཉུངས་མོ་ཐུན་གྱི་མངག། སོ་སོར་སྒྲུབ་པ་སྒོ་སྒྲུབ་དང།། སྤྱི་རུ་དྲིལ་བ་སྤྱི་སྒྲུབ་ནི། ། རང་རང་གང་མོས་དེ་བཞིན་བྱ།། ནང་གི་ཐུན་ནི་འབྲུབ་ཁུང་བཏེག། ཕྱི་ཐུན་དངོས་དང་ཡུལ་མཁར་བརྡེག། གཏོར་མ་བཏང་ཞིང་མནན་བསྲེག་བྱ།། ཞེས་གསུངས་སོ།། སྔགས་སྲུངས་མ་མོ་ཐུན་སྒྲུབ་ཀྱི་ལེའུ་སྟེ་ཉེར་ལྔ་པའོ། །།། དེ་ནས་དམ་ཉམས་སུན་འབྱིན་པ་ཆོ་འཕྲུལ་གྱི་དྲག་སྔགས་འདི་གསུངས་སོ།། ཨོཾ་ཨེ་ཧི་དུན། མུ་རིན་དུན། ང་ལིང་དུན། པྲི་ལིང་དུན། ཡུ་མ་ཤི་ལིང་དུན། མ་རེ་མ་ར་དུན་ཕོབ་ཤོག་ཟེར། ཅེས་བཟླས་སོ། ། ཨོཾ་མི་དུན་ཛ། མི་ཤེ་ཤི་ཤིམ་ཛ། ཅི་པི་ལི་དུན་ཛ། ཡུ་མ་ལི་ཤིམ་ཛ།། ལིང་ཡཀྴ་དུ་རུ་ཛ། ཞེས་བཟླས་སོ།། ཨོཾ་ག་ཧེ་ཧེ་མ་དུན་ཙེ་ཀྱང་ཀྱེང་ཕོབ་ཡ། ཡཾ་ཤིང་ཤཾ་ལིང། མ་ཤ་ཤཾ་ཛ། མི་ཤ་དུན་ཛ་ཆོ་ཡ། འུར་འུར་རྒྱབ་རྒྱབ། ཏིབ་ཏིབ་ཀྱིང་ཀྱིང། ཕོབ་ཡ་ཅི་པི་ལི་དུ་རཀྴ་ནི་དུ་རུ། སྲིད་པ་དུན་རྩེ་ཕོབ་ཡ། འདི་ཡིས་ལས་དང་བྱ་ཐབས་ནི་ལས་རྒྱུད་གཞན་དུ་ལྟའོ།། ཆོ་འཕྲུལ་དབབ་པའི་དྲག་སྔགས་ཟབ་མོའི་ལེའུ་སྟེ་ཉེར་དྲུག་པའོ། །།། དེ་ནས་གཞན་ཡང་བཤད་བྱ་བ།། བསེ་མོ་ཝ་ཐོད་དཀྱིལ་འཁོར་ནི།། དུར་ཁྲོད་རས་ལ་བྲི་བར་བྱ།། གཅན་གཟན་དར་མའི་ཐོད་པ་དྲིལ།། ནང་དུ་ཟླ་གམ་དམར་པོ་བཞི།། ཤར་དུ་སུ་ཏྲི་བ་ཡ་དགོད། ། ལྷོ་རུ་བ་ར་ཙིཏྟ་དགོད།། ནུབ་ཏུ་ཡོ་གི་ཤ་ར་དགོད།། བྱང་དུ་ཡ་མ་ཙིཏྟ་དགོད།། བར་དུ་ཟླ་ཁམ་ནག་པོ་བཞི།། ཤར་དུ་ཀྱི་ཁྲིད་ཡ་ཡི་བར།། ལྷོ་རུ་ཙིཏྟ་ཡ་ཡི་བར།། ནུབ་ཏུ་སྙིང་ཟ་ཡ་ཡི་བར།། བྱང་དུ་བཏང་བར་རྦད་ཀྱི་བར། ། གྲུ་ཆད་ཟླ་གམ་བཞི་ལ་ཡང།། ཤར་དུ་རྩི་བི་ཛ་ཡི་བར།། ལྷོ་རུ་ནཱ་ག་ཛ་ཡི་བར།། ནུབ་ཏུ་ཤུ་ཤུ་ཚལ་པའི་བར།། བྱང་དུ་ཨ་བེ་ཛ་ཛའི་བར།། སྒོ་བཞི་ཟླ་གམ་བཞི་པོ་ལ། ། དང་པོ་ལྟར་ནི་བྲི་བར་བྱ།། དཀྱིལ་འཁོར་ལ་ཡང་དེ་བཞིན་བྲི།། རྡུལ་ཚོན་སྟེངས་སུ་འཁོར་ལོ་བརྒྱད།། དཀྱིལ་དུ་ཝ་ཐོད་གཞུག་པར་བྱ།། གྲོ་ག་ཤོག་ལ་མིང་རུས་བྲི།། ཧཱུ~ཾ་ཕཊ་སྭཱ་ཧཱས་བསྐོར་བར་བྱ།། ཐོད་པ་ནང་ངམ་ལྐོག་མར་གདགས། ། དུག་དང་ཁྲག་དང་ཉུངས་ཀར་ནག། མཚན་ངན་ཐོད་པ་རུ་དོང་དང།། སྙུག་དོང་ནང་དུ་ཐུན་དུ་སྩལ།། ཤ་ཁྲག་རུས་པ་ཞག་དང་སྦྱར།། མར་ཁུ་པྲི་ཚལ་འོ་མ་ཡང།། འབྲུ་ཟན་གཏོར་མ་དག་ལ་བརྒྱན། ། དབུས་ཀྱི་འཕྲིན་ལས་རྣམ་བཞི་ཡིས།། དྲག་པོ་ཨེ་ལ་ལིང་ག་གཞག། བྱད་ཐག་ཕུར་པ་དག་ལ་བརྟོད།། གཅིག་ནི་སྔགས་པའི་ལག་ཏུ་གཟུང།། གཅིག་ནི་གཏོར་མ་དག་ཏུ་བསྟབ།། སྔགས་ནི་དྲིལ་གཏོར་ཤེས་པར་བྱ།། གཏོར་མཚམས་གཏོར་དེ་སོ་ཡི།། ཟླ་གམ་དག་ལ་བཟླས་པར་བྱ།། ཨོཾ་སུ་ཏྲི་བ་ཡི། བ་ར་ཙིཏྟ་ཡོ་ཏྲི་ཤ་ར། ཡ་མ་ཙིཏྟ་ཧཱུ~ཾ་ཕཊ་སྭཱཧཱ། བསྙེན་པའི་དུས་སུ་དྲིལ་ལ་དྲང།། སྒྲུབ་པའི་དུས་སུ་གཏོར་ལ་བཟླས། ། ཕྱོགས་ཕྱོགས་དཀྱིལ་འཁོར་བསྐོར་ཞིང་བཟླས།། ཨོཾ་ཀྱི་ཁྲིད་ར་ཁྲིད་རོལ་ཁྲག་འཐུང་ཀང་ཀང་ཀེང་ཀེང་ཀ་ཀ་མ་ཡ། དེ་ནི་རྡོ་རྗེ་ཡ་བྱིན་ཐུན།། ས་ཡ་བཟླས་ན་དངོས་སུ་འོང།། བྱེ་བ་ཡིས་ཀྱང་གྲུབ་པར་འགྱུར། ། འབུམ་ཕྲག་གིས་ཀྱང་གྲངས་ཀྱང་རྫོགས།། འོན་ཀྱང་བདུན་འབུམ་བཟླས་པར་བྱ།། ཙིན་ད་མ་རོལ་ཁྲག་འཐུང་ཀང་ཀང་ཀེང་ཀེང་ཀཾ་ཀ་ཡ། དེ་བྱིན་རྡོ་རྗེའི་ཐུན་སྔགས་སོ།། སྔགས་ཀྱི་ཚད་ནི་གོང་བཞིན་ནོ། ། སྙིང་ཟ་བའི་ཙིཏྟ་ལ་ཤ་རོ་ལ་ཁྲག་འཐུང་ཀང་ཀང་ཀེང་ཀེང་ཀཾ་ཀ་ཡ། བསེ་བྱིན་སྔགས་ཏེ་གོང་བཞིན་ནོ།། ཏང་བར་ལ་ཏོ་ཤ་ལ་ཀྱིང་ཀྱིང་ཧི་ཧི་ཧཱུ~ཾ་ཕཊ་ཙ་ཙ་ར་ཙ་ཙ་རྦད་ཡ། ཕག་བྱིན་སྔགས་ཏེ་གོང་བཞིན་བྱ། ། དྲིལ་བའི་སྔགས་ནི་རྒྱུན་དུ་དྲངས།། ཨོཾ་ཙི་བི་ཙི་ཙིཀྲ་པ་ནས་མ་ཡ་ཚལ་པ་ཨ་ནརི་ཏྲི་མཱ་ར་ཡ་ཨཾ་གུ་ཤ་ཛ་ཛ། ཡ་བྱིན་ནོ།། ནཱ་ག་ར་ཛཱ་ཚལ་པ་ཨ་ནརི་ཏྲྀ་མཱ་ར་ཡ་ཨཾ་གུ་ཤ་ཛ་ཛ། བསེ་བྱིན་ནོ།། ཤུ་ཤུ་རཀྟ་ཚལ་པ་ཨ་ནརི་ཏྲི་མཱ་ར་ཡ་ཨཾ་གུ་ཤ་ཛ། ཙི་བྱིན་ནོ།། ཨ་བེ་ཤ་ཚལ་པ་ཨ་ནརི་ཏྲི་མཱ་ར་ཡ་ཐུན་ཡ།། ཕག་བྱིན་ནོ།། དང་པོ་བཞི་ལ་བར་བར་དུ། མཱ་ར་ཡ་ནི་ཐུན་ལ་གདགས། བཛྲ་མ་ཧཱ་ཡཀྴ་མཱ་ར་ཐུན་ཡ། ཐུན་གྱི་དུས་སུ་རྒྱུན་དུ་དྲང། སྒྲོལ་སྔགས་འདི་ཡང་སྤྱིར་དབང་བཟླས། མ་ར་ཡ་ཏོ་ད་པ། ཏ་ཀི་ནི་སྟོད་པ། སྙིང་ལ་བསྟོད་པ། རྣམ་ཤེས་སྟོད་པ། གཟུགས་ཕུང་བསྟོད་པ། འཁོར་བཅས་བསྟོད་པ། དུན་ཏིང་བསྟོད་པ། རག་རཀྟ་མཱ་ར་ཐུན་ཡ། འཕང་བའི་སྔགས་འདི་བརྒྱ་རྩ་བརྒྱད།། ཙི་བ་རི་མཱ་ར་ཡ་ཐུན་ཡ། ཨ་པྲ་ནི་ཏྲ་མཱི་ར་ཡ་ཐུན་ཡ། ནཱ་ག་མ་ར་ཡ་ཐུན་ཡ། ཀྴུ་ཏྲི་རི་མཱ་ར་ཡ་ཐུན་ཡ། སེང་ལྡེང་ཟངས་ཕུར་བྱ་རྒོད་རུས།། ལྕགས་ཕུར་གྱིས་ནི་ཐུན་ཕུར་གདབ། ། ཧོམ་དང་མནན་པ་ཐུན་ཟོར་བྱ།། གནོད་སྦྱིན་ཟླ་གསང་དམར་པོའི་རྒྱུད་ལས། བསེ་མོ་ཝ་ཐོད་ཀྱི་ལེའུ་སྟེ་ཉེར་བདུན་པའོ།།།། དེ་ནས་ཡང་གཤིན་རྗེ་འཁོར་གྱི་རྒྱལ་པོས་གསོལ་པ། ཀྱེ་དཔའ་བོ་ཆེན་པོ་གསང་བའི་བདག་པོ། བསྟན་པའི་དགྲ་འདུལ་བའི་ཕྱིར། བནྡྷེའི་སྡེ་དང།། བོན་པོ་དང། བུད་མེད་དང། མུ་སྟེགས་དང། སྡིག་ཅན་གྱི་སྡེ་དང། རྟགས་འགོར་བ་གསད་པའོ།། ཆོ་འཕྲུལ་དབབ་པ་དང། ཡུལ་ནས་དབྱུང་བ་དང། དཔུང་བཤིག་པ་དང། གཉེན་འཁྲུས་གདུལ་བ་དང། རུ་ཤེད་སྨད་པའི་བླ་དཔུངས་དང། སེར་བ་དབབ་པ་དང། གྱད་པའི་བྷ་ལྷོག་གཏང་བ་ལ་སོགས་པ་ནི་གནོད་པའི་ལས་སོ། ། ཕན་པའི་ལས་ནི། ཚེ་སྒྲུབ་པ་དང། ནོར་སྒྲུབ་པ་དང། སྲིའུ་གསོ་བ་དང། ངན་དགུ་བཟློག་པ་དང། ངན་སྔགས་བཟློག་པ་དང། སེར་བ་བསྲུང་བ་དང། མི་ཕྱུགས་ཐམས་ཅད་བསྲུང་བ་དང། བགེགས་བསྐྲད་པ་ལ་སོགས་པ་ནི་ཕན་པའི་ལས་སོ།། ལས་ཕན་པ་དང་གནོད་པར་བྱ་བ་ཐམས་ཅད་བདག་ཅག་གི་དམ་ཚིག་སྟེ། དེའི་ལས་དོན་ཡོད་པར་འགྱུར་བའི་ཕྱིར། ཕྱི་རབས་པའི་དོན་དུ་བཤད་དུ་གསོལ། བདག་ཅག་གིས་ངེས་པར་གཟུང་བར་བྱའོ།། ཞེས་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཁྲོ་བོ་ཡ་མན་ཏ་ཀས། གསང་བའི་བདག་པོ་ལ་འདི་སྐད་ཅེས་གསུངས་སོ།། གསང་བའི་ལས་དེ་རྣམས་གྲུབ་པའི་ཐབས་ཆོ་ག་བསྟན་གྱིས། ཁྱེད་འཁོར་དང་བཅས་པས་གུས་པར་ཟུང་ཞིག། ཅེས་བཀའ་སྩལ་པས། གསང་བའི་བདག་པོས་གསོལ་པ། ཁྲོ་བོ་དཔའ་བོ་ཆེན་པོ། བསྟན་པ་འདི་ཡི་རྗེས་མ་འོངས་པའི་དུས་སུ་ཆོས་ཀྱིས་མི་འདུལ་ཞིང། རྣལ་འབྱོར་པའི་མཐུས་འདུལ་བའི་དུས་འོང་བས། སྒྲུབ་པའི་དོན་ཡོད་པའི་ཕྱིར་བདག་འཁོར་དང་བཅས་པས་གཟུང་བར་བྱའོ།། དེ་ལྟ་བུའི་ལས་ཕན་པ་དང་གནོད་པ་ནི་རབ་ཏུ་ངོ་མཚར་ཆེ་བས་ངེས་པ་དེ་ཁོ་ནས་བཀའ་སྩོལ་ཅིག། ཅེས་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཡ་མན་ཏ་ཀས་བཀའ་སྩལ་པ། ཉོན་ཅིག་གསང་བའི་བདག་པོ་དང།། སྒྲོལ་གི་གཤིན་རྗེ་དམར་པོའི་ཚོགས།། ཁྱོད་ཀྱི་དམ་ཚིག་ལས་དེ་རྣམས། ། གྲུབ་པའི་ཐབས་དང་ཆོ་ག་ནི།། ངས་བསྟན་པ་ལ་ངེས་པར་ཐུད།། རྡོ་རྗེ་ནང་རྨེ་བྱུང་དོགས་ནས།། རོ་ལངས་གསང་བའི་དྲག་སྔགས་འདི།། བསྟན་པ་བསྲུང་བའི་བཙས་སུ་བཞག། མཎྜལ་དང་ནི་རོ་རས་ལ། ། འཁོར་ལོ་རྩིབས་བཞི་རྩེ་སྤྲོད་བྲི།། དབུས་སུ་མ་རུ་རྩེ་ཡང་བྲི།། འཁོར་ལོ་བཞི་ལ་དམར་པོ་བཞི།། ཕལ་འཁྱམས་བཞི་ལ་བལ་མོ་བཞི།། འབྲུབ་ཁུང་ནས་དུ་ལིང་ག་གཞུག། རོ་རས་ལ་ཡང་དེ་འདྲ་བྲི།། དབུས་སུ་ཡ་མན་ཏ་ཀ་བྲི། ། ཤར་དུ་སྒྲོལ་ཡུམ་བྲི་བར་བྱ།། ལྷོ་རུ་མ་རུ་ཙེ་ཡང་བྲི།། བྱང་དུ་མགར་བ་ཨ་ལག་བྲི།། ཕྱི་རིམ་འཁོར་ལོ་བཞི་པོ་ལ།། སྙིང་དུ་དང་ནི་ཁྲག་དུ་དང།། སྲོག་ཁུག་དང་ནི་མ་ར་ཛ།། རིམ་པས་ཀླག་ཕྱོགས་བྲི་བར་བྱ། ། མུ་སུ་རུ་འམ་སྤྱང་ཐོད་དུ།། མི་ནག་སོར་རྡུམ་ཐལ་བ་དང།། ཝ་རུས་ཁྱི་ཁྲིས་སྤྲེ་ལྕེ་དང།། དོམ་ཁྲག་སེ་པྱི་བྱི་ལའི་རུས།། དུག་སྣ་ཚོགས་དང་མངལ་ཁྲག་སྩལ།། དྲག་པོའི་རྫས་ལ་སྔགས་འདིས་བྲབ། ། ཨོཾ་ཤྲཱི་མཉྫུ་ཡ་མ་རཱ་ཛཱ་ཨེ་ཀ་ཛ་ཊི་ཛཱ། ས་མ་ཡ། ཨོཾ་ཤྲཱི་མཉྫུ་སྙིང་ལ་ཆུམ། དབུགས་ལ་བྷྱོ། སྲོག་རྩ་ཁུག་མཱ་ར་ཡ་ཐུན་བྷྱོ། གར་བ་ནརི་ཛ་ཛཱ། སྙིང་དུ་ཁྲག་ཏུ་སྲོག་ཁུག་ས་མ་ཡ་ཛ། ཙ་ཁྲག་ཙིཏྟ་ཕྱུང། དམར་པོ་རཀྴ་སྲོག་ལ་ཧུར་ཐུམས་རྦད་རྦད། བུད་མེད་དང་ནི་ཞུབས་ཅན་དང།། དམག་དང་མོན་པ་ལྟས་བྱུང་ནས།། ཞག་ལྔ་བཟླས་ཏེ་འཁོར་ལོ་ཐོད།། བྲག་དང་ཆུ་འཐབ་བར་དུ་མནན།། ཟླ་བ་ཕྱེད་ན་རྟགས་ཀྱང་འབྱུང། ། ན་མོ་རཏྣ་ཏྲ་ཡ་ཡཱ། ཛ་རཀྴ་ཚལ་པ་རྦད། སྲོག་ལ་ཧུར་ཐུམ་སྙིང་ལ་ཤོས།། ཐོད་པ་རེ་བས་གྲིལ་བ་ནི།། ལྷ་ཁང་མཆོད་རྟེན་འོག་ཏུ་མནན།། རེག་ཆོད་རྡོ་རྗེ་ནང་རྨེ་འདི།། མི་བས་ལྷ་ལ་ཡང་མི་བསྟན། ། བན་དྷེ་གསད་པའི་ལེའུ་སྟེ་ཉེར་བརྒྱད་པའོ།།།། བོན་པོ་གསད་པའི་དྲག་སྔགས་ནི།། བསྟན་པ་བསྲུང་བའི་བཙས་སུ་བཞག། མཎྜལ་གྲུ་གསུམ་སུམ་བརྩེགས་བྱ།། སྤྲེའུ་དང་ནི་སྦལ་བ་དང།། བྱ་གསོབ་ཐོད་པའི་ནང་དུ་ཡང། ། དུག་དང་རྟ་ཁྲག་སྦལ་སྦྲུལ་ཁྲག། ར་ཁྱི་ནག་པོའི་ཁྲག་བླུག་ལ།། དྲག་པོའི་རྫས་ལ་སྔགས་འདིས་གདབ།། ཨོཾ་རྣལ་མ་རྣལ་ཏེ་གསོད་ལ་རྔམ་བྷྱོ། ས་མ་ཡ། ཨོཾ་ཤྲཱི་མཉྫུ་ལྕགས་ཀྱི་སྐྲ་ཆེ་གེ་མོ་མཱ་ར་ཡ་ཕཊ། སྙིང་ཐུན་རྡེབ་ཏྲིག་ནན་སྲོག་ལ་ཐུར་ཐུར་གཤོགས་རྦད་རྦད། སྟག་དང་སྤྱང་ཁུའི་ལྟས་བྱུང་ནས།། ཞག་གསུམ་བཟླས་ཏེ་ལིང་ག་རྫས།། རེ་རུལ་ཤྭ་གྲོག་གྲོག་ཕུགས་མནན།། ཟླ་བ་གསུམ་ན་སྨྱོས་ཏེ་འཆི། ། ཤྲི་རཀྴ་ཚལ་པ་རྦད། འགྲོ་ལོ་ཀེ་ཚེ་འགྲན་གཡས་པ་ལ་ཡ། དགྲ་བོའི་སྙིང་ལ་ཧུར་བེར་བཾ་རིལ་རྦད། ཤ་སྟི་སྟ་རྦད་ན་ཐུམ་རི་ལི་ལི། དེ་བཟླས་མཆོད་པའི་རྟེན་ལ་མནན།། བོན་པོ་གསད་པའི་ལས་གཟེར་འདི། ། མི་བས་ལྷ་ལ་ཡང་མི་བསྟན།། བོན་པོ་གསད་པའི་ལེའུ་སྟེ་ཉེར་དགུ་པའོ།།།། བུད་མེད་གསད་པའི་དྲག་སྔགས་འདི།། བསྟན་པ་བསྲུང་བའི་བཙས་སུ་བཞག། མཎྜལ་གྲུ་གསུམ་མེ་རི་ཅན།། ཕྱི་རོལ་རྡོ་རྗེ་རྒྱ་གྲམ་བསྐོར། ། ཝ་འམ་ཁྱི་ནག་ཐོད་པ་རུ།། དུག་དང་ཁྲག་དང་བྱེ་སྡུག་དང།། བྲ་བོ་རམ་བུ་ལིང་ག་བརྩལ།། དྲག་པོ་རྫས་ལ་སྔགས་འདིས་བྲབ།། ཨོཾ་ཤྲཱི་མཉྫུ་ཀུ་བ་ར་ཙ་ཙ་ཁཾ། རུ་ལུ་མ་བྷྱོ་ས་མ་ཡ། ཨོཾ་ཤྲཱི་ཏྲཀྴ་མ་མ་རུ་ལུ་སྲོག་ལ་བྷྱོ། དཔྲིས་ལ་ཆུམ་གུ་གུ་ཐུལ། མཱ་ར་ཡ་བཾ་རིལ་རྦད། ཐུམ་ཐིས་སྙིང་རྩ་འདུས་འདུས་སྲོག་སྙིང་ཤད་མ་བྷྱོ། གནག་དང་བ་ལང་ལྟས་བྱུང་ནས།། ཞག་གསུམ་བཟླས་ཏེ་ལིང་ག་རྫས།། བྲག་དང་ཆུ་འཐབ་བྲ་སྐྱུར་ཅན། ། ཆུ་མིག་ཉ་ལྕིབས་ཅན་དུ་མནན།། ཟླ་བ་ཕྱེད་ན་ལྕེབས་པའམ།། བློ་བུར་ཐོག་པ་མེད་པར་འཆི།། ཤྲཱི་རཀྴ་ཀུ་བ་ཙནྟྲ་རྩ་ཁཾ་ཐུམ་རིལ་ས་མ་ཡ། རཀྴ་ཁུག་ཐུམ་རྦད། ཁ་སོ་བ་ཏི་ཡཾ། ལན་ཅིག་གྲམ་ལམ་དུ་མནན། ། བུད་མེད་གསད་པའི་གཟེར་ཁ་འདི།། མི་བས་ལྷ་ལ་ཡང་མི་བསྟན།། བུད་མེད་གསད་པའི་ལེའུ་སྟེ་སུམ་ཅུ་པའོ།།།། སྐྱེ་བོ་སྡིག་ཅན་གསད་པ་ནི།། བསྟན་པ་བསྲུང་བའི་བཙས་སུ་བཞག། མཎྜལ་འཁོར་ལོ་བཅུ་གཉིས་རྩིབས།། དབུས་སུ་འབྲུབ་ཁུང་ལིང་ག་བཞག། འཁོར་ལོ་བཅུ་གཉིས་རྩིབས་རེ་ལ།། ཧྲི་སྟི་བཅུ་གཉིས་ཡིག་འབྲུ་རེ།། ཨོཾ་ཧྲཱིཥྟི་བི་ཀྲི་ཏཱ་མོན་ཏ་ཧཱུ~ཾ་ཕཊ། སྲེ་མོ་སྟག་གམ་བྱ་ཐོད་ནང། ། ཁྲག་དང་སྲིན་བུ་འུག་པའི་མཆུ།། སྤྱང་ཁུའི་མཆེ་བ་དུག་སྣ་དང།། མཚོན་ཆ་སྣ་ཚོགས་བདར་ལ་རྩལ།། དྲག་པོ་རྫས་ལ་སྔགས་འདིས་གདབ།། ཨོཾ་ཤྲཱི་མཉྫུ་བདུད་ཕྲ་མ་ཡ། བདུད་མ་ར་སྙིང་མགོ་ཆོད། ། དུ་རུ་དུ་རུ། ཧ་ར་ཏི་ཧ་ར་ཏི་དགྲ་བོའི་སྙིང་ལ་ཛ། ཨོཾ་ཙ་རོ་པ་སྲོག་ལ་ཁུག་སྙིང་དུ་ཡཾ། དབུགས་ལ་ཐུམ། ནཱ་ག་ཀྲོ་དྷི་ཤྭ་རི་བམ་རིལ་རྦད། ནཱ་ག་རཱ་ཛ་ཏྲག་ཏྲག་སྲོག་འུབས་རྦད།། མྱགས་རྦད། མི་རེང་སྤྲང་པོ་ཁྲ་བྱུང་ནས། ། ཞག་ལྔ་བཟླས་ཏེ་ལིང་ག་རྫས།། རི་གསུམ་རྩེ་ལ་བཙན་བདུད་གཏད།། ཞག་བཅུ་བརྒྱད་ན་གྲི་ཐབས་འཆི།། ཨོཾ་ནི་ཤ་ཀུ་རུ་ཏྲི་ཤ་ཀུ་རུ་ཁ་སོ་བ་ཏི་ཡཾ། རུ་ཏི་ཡཾ། སེན་མེན་ཡཾ་སྙིང་ཚལ་པ་རྦད། དགྲ་བོའི་སྙིང་ལ་ཧུ་ར་བེ་ར་བཾ་རིལ་རྦད། ཧུ་རུ་ཡ་ཧུ་ཡ་དགྲ་བོ་ནི་ཡ་སྟི་ཏ་རྦད་ན་ཐུམ་རི་ལི་ལི། ཆུ་བོ་ཆེན་པོའི་འགྲམ་དུ་མནན།། སྐྱེ་བོ་གསད་པའི་གཟེར་ཁ་འདི།། མི་བས་ལྷ་ལ་ཡང་མི་བསྟན།། སྐྱེ་བོ་སྡིག་ཅན་གསད་པའི་ལེའུ་སྟེ་སོ་གཅིག་པའོ། །།། མུ་སྟེགས་ལོག་ལྟ་གསད་པའི་ཐབས།། བསྟན་པ་བསྲུང་བའི་བཙས་སུ་བཤད།། མཎྜལ་གྲུ་གསུམ་བཅས་པ་ནི།། བུད་མེད་གྲིར་ཤི་ཐོད་བའི་ནང།། རིམས་ཀྱིས་ཤི་བའི་ཁྲག་བླུག་སྟེ།། དབྱི་ཁྲག་གྲུམ་ཁྲིས་གྲིར་ཤི་ཁྲག། དུག་ནག་བཙལ་ལ་སྔགས་འདིས་གདབ།། ཨོཾ་ཤྲཱི་མཉྫུ་ཏྲི་ལིང་སྲོག་ཁུག་མྱོས་ལིང་ས་མ་ཡ། ཨོཾ་ཤྲཱི་བ་ཙ་སྲོག་པ་ཤ་ལ་ཁ་ཐུན་པ་ཙ་བཾ་རིལ་ཐུན་བྷྱོ་རྦད་ཁུག། ཏི་ར་ཏི་ར་མ་ར་ལ་མྱོགས་སྙིང་ཚལ་པ་རྦུད་རྦུད། བཙུན་པ་ལྟས་སུ་བྱུང་བ་དང།། ཞག་གསུམ་བཟླས་ཏེ་ལིང་ག་རྫས།། རྫིང་ཆེན་ནང་ངམ་རྫིང་འོག་གནན།། ཟླ་གཅིག་མུ་སྟེགས་ལྐུགས་ནས་འཆི།། ཨོཾ་མཛོད་ཏ་བ་ཏྲི་ཏ་སོད་སོད། དགྲ་བོ་ནརི་སོད། མ་ར་ན་བྷྱོ་བྷྱོ་ཡཾ་ཡཾ། ཨོཾ་རུ་ཏ་རུ་ཏ་མ་ར་ཡཾ། མར་དུ། དགྲ་བོ་ནི་མ་ར་ཡ་ཕཊ། ཁ་ཆུམ་ནི་ཡ་ཏི་སྟ་རྦད་ན་ཐུམ་རི་ལི་ལི། ལན་ཅིག་རི་གསུམ་རྩེ་ལ་མནན།། མུ་སྟེགས་གསད་པའི་སྔགས་གཟེར་འདི། ། མི་བས་ལྷ་ལ་ཡ་མི་བསྟན།། མུ་སྟེགས་གསད་པའི་ལེའུ་སྟེ་སོ་གཉིས་པའོ།།།། རྟགས་མགོར་གསད་པའི་ལས་དག་ནི།། བསྟན་པ་བསྲུང་བའི་བཙས་སུ་བཤད།། མཎྜལ་གྲུ་གསུམ་སུམ་བརྩེགས་བྱ། ། མེ་རི་ཕུར་པ་རྡོ་རྗེས་བསྐོར།། དེ་ལྟར་མཎྜལ་གཉིས་བཅས་ནས།། དེ་གཉིས་བར་དང་མཚམས་དག་ཏུ།། ཕག་གམ་དོམ་གྱི་ཐོད་པ་རུ།། དུག་སྣ་ཁྲག་སྣ་དོམ་མཁྲིས་དང།། སྟག་ཕག་ཝ་ཁྱིའི་མཁྲིས་པ་དང། ། བྱི་ལའི་སྙིང་ཁྲག་བཙལ་ནས་ཀྱང།། ཉུངས་ཀར་ཐལ་ཆེན་ཀེ་ཚེ་ལ།། སྔགས་འདིས་བརྡེག་ཅིང་མངག་པར་བྱ།། དམར་པོ་ཡབ་ཡུམ་འཕྲིན་ལས་ཀྱིས།། བན་དྷེ་ནང་འགྲས་གསད་པར་བྱ། ། བྲག་བྱ་འུག་པའི་གཟུགས་སུ་བྲུབ།། སྲིན་པོས་ལྷ་གསལ་བོན་པོ་གསད།། བྱ་ཝང་བོན་པོས་གཟུགས་ལ་བྲུབ།། གནོད་སྦྱིན་ཕོ་མོས་བུད་མེད་གསད།། ལྷ་བྱ་གོང་མོའི་གཟུགས་ལ་བྲུབ།། སྐྱེ་བོ་སྡིག་ཅན་བདུད་ཀྱིས་གསོད། ། བྱ་ཁྲ་ཧོར་བའི་གཟུགས་ལ་བྲུབ།། སྲོག་བདག་ཤན་པས་མུ་སྟེགས་གསད།། བཙུན་པ་དགེ་བསྙེན་དུར་བས་གསད།། རྒྱལ་པོ་ཁུ་བྱུག་གསོབ་ཏུ་གསད།། བློན་པོ་པུ་ཤུད་གསོབ་ཏུ་གསད།། གབ་ཚེ་ཀྱེ་ཀའི་གསོབ་ཏུ་གསད། ། དེ་ལ་སོགས་པ་གསད་པ་རྣམས།། རིགས་ཀྱི་བྱ་རྣམས་གསོབ་གཟུགས་ལ། དེ་དག་བསྟུན་ཅིང་བསད་ཅིང་མནན།། ལྷ་རྣམས་དམག་དཔུང་བསྐྱེད་བྱས་ལ།། དགུག་དང་གནད་ལ་བོར་བ་དང། ། གསད་པའི་སྒགས་བཟླས་མནན་གཏད་བྱ།། ཨོཾ་མ་ཧཱ་རཱ་ཛ་སྱེ་ཧ། ན་མོ་ན་ཏ་ཀུ་པ་ར་སྱེ། དྲི་ཟ་ཡཀྴ་རྦད་པུ་ཕྱེ་མ་ཁ་འདར་བཤོལ་མེར་དཔྲིས་ལ་ཆུམས། ནག་པོ་ཏི་པ་དགྲ་བོའི་སྙིང་རྩ་ལ་བཾ་རིལ་རྦད། ཡཀྴ་ནི་ཡ་ཏི་སྟ་རྦད། ཐུམ་རི་ལི་ལི། བདག་ཉིད་འཇམ་དཔལ་དམར་པོ་སྒོམ།། སྤྲུལ་པ་དམར་པོ་མཆེད་བཞིན་རྦད། ཏྲག་མ་ཏྲག་ཤ་སྙིང་ལ་ཆུམ།། དམར་པོ་རཀྴ་སྲོག་ལ་ཆུམ།། མཎྜལ་ཤན་ཏིང་ས་མ་ཡ།། རྨེ་བའི་རེ་གོས་གྲིལ་ལ་གཏད། ། སྔགས་བཟླས་སྟོད་བསྐུལ་དྲག་ཏུ་བྱ།། བཙུན་ཆེན་བཙན་པོ་སྔགས་པ་བསྡུ།། རྨངས་ཙམ་སྡིག་ཅན་ཁོངས་སུ་བསྡུ།། བྱིས་པ་རིགས་ཅན་ཁོངས་སུ་བསྡུ།། གསད་པ་རེག་ཆོད་མན་ངན་འདི། ། ཧྲིལ་གྱིས་དྲིལ་ནས་གསད་པ་འདི།། མི་བས་ལྷ་ལ་ཡང་མི་བསྟན།། རྟགས་མགོར་བསད་པའི་ལེའུ་སྟེ་སོ་གསུམ་པའོ།།།། དེ་ནས་གཞན་ཡང་བཤད་བྱ་བ།། སྲིད་པའི་སྲོག་བདག་ཕོ་ཉ་སྟེ།། མོན་པའི་སྤྲུལ་པ་ཤན་པའི་བྲན། ། མགོན་པོ་དགྲ་ལྷའི་མངག་པ་སྟེ།། དགེ་བསྙེན་རྒྱལ་པོའི་སྤྲུལ་པ་ཡིན།། ལྟས་ངན་ཆོ་འཕྲུལ་བཏང་བ་འདི།། ནོར་ཕྱིར་རྗེས་གཅོད་དོན་དུ་བཤད།། དཀོར་སྲུངས་སྒྲ་འཐེན་ནག་པོ་ཞེས་བྱ་བ། ། རྗེས་གཅོད་སྙིང་པོ་ཕུལ་བ་འདི་ཡིན་ནོ།། ཤན་དུང་དུང་འདུས། ཨོཾ་ཤང་ཀ་ཏེ་ལེ། ཏེ་ཤང་ཀུ་ཏྲི་ཁུག་ནི་ཁུག་ནི་ཁུ་རྒྱུག། ལ་འུར་རྒྱུག། ནམ་གྱི་གུང་ལ་རྒྱུག། ཤང་ཀ་ཏ་ལེ་ངའི་རྫས་ཆེ་གེས་ཁྱེར་བ་ཁྱེར་ཤོག། ཤང་ཀ་དེ་བ་ཏེ་ཤང་གུལ་ངའི་ཀ་ཆ་ཁྱེར་ལ་ཤོག། ནག་པོ་ཧེ་ཧེ་ནག་པོ་ཧེ་ཧེ་མ་ར་ཙི་དུམ་བུ་ལིང། ཁམ་བུ་ལྟར་ལྟར་སྲོག་ཁྱེར། ནམ་ཤ་དུམ་བུ་ལིང། ལ་ལ་ཤིག་མ་ཤ་ཀ་ལ་ཏྲ་རུ་ན་སྙིང་བྲེང་བྲེང་ནང་སྲོག་ཆོད། སྦུགས་འགུལ། ནང་ཁྲོལ་ཁྲོག་ཁོག་ཤ་རུས་ཁྲོལ། སྐད་ལྡོང་ན་ར་ལོང། དུད་མི་དིང་དིང་ད་རྒྱུག། ར་ལ་ཙི་རི་སྙམ་ཟོ། ཟོ་ན་ད་ཁྱེར། ཅིབ་ཅིབ་ན་ར་ལོང། ད་ཧ་ད་ཧ་པ་ལ་ཧི། ལག་ཡུག་ངན་ཁྱེར་ཤོག། དུབ་བུན་རྐང་རེངས། ། རེང་རེང་ནད་ཤིག། རའི་དབང་པོ་སྣ་ལྔ་མོ་མཚན་གྱི་གཏོར་མ་བྱས་ལ། ཞག་རྩ་གཅིག་ཏུ་སྦྱིན་སྲེག་བྱ་ཞིང་གཏོར་མ་འབུལ། ན་ར་ངན་ཏེ་སོ་རི། རུ་པེ་རུ་པེ་ནི་ལ་ཡེ། བྷ་ལ་མི་སོ་དེ་སི་ཏེ། གཏོར་མ་དུས་གསུམ་དུ་གཏོང་ངོ།། ཨོཾ་ཏེ་ཤང་ཀུ་རུ་མོན་པ་ནག་པོ་ཧཱུ~ཾ་ཛ། ཨི་སྲན་དའོ།། ངའི་ཀ་ཆ་ཁྱེར་ལ་ཤོག། མཎྜལ་སྟེང་དུ་མ་ཏྲང་བཅའ།། སྙིང་ཁར་གྲུ་གསུམ་བྲུས་བྱས་ཏེ།། དམིགས་པའི་མིང་རུས་རྐང་རྗེས་གཞུག། རྒོད་བྲ་གསུམ་ལ་མོན་པ་གསུམ།། ཐུགས་ཀྱི་མོན་པ་ཆེན་པོ་བཞི།། སྙིང་པོ་ཧྲི་སྟི་བཞིས་བསྐོར་བཟླས།། སྐྱེར་བའི་ཧོམ་ལ་སྦྱིན་སྲེག་བྱ།། མོན་པ་ནག་པོ་སྐྲ་འཐེན་གྱི།། སྐྱེས་བུ་ནོར་རྙེག་ཕུང་བྱེད་སྔགས། ། བྲབ་ཅིང་མང་ཅིང་གཏོར་མ་བཏང།། ཨོཾ་ཏེ་ཤང་ཀུ་རུ་མོན་པ་ནག་པོ་རྦད། ཙིཏྟ་འུར་ཆུམ་ཧ་ར་རྦད་ནན། ཨོཾ་མོན་པ་ནག་པོ་ཧཱུ~ཾ་ཛ། མ་ཁ་རག་མ་མོན་མོ་ནག་མོ་ཧཱུ~ཾ་ཛ། ཨོཾ་ཤན་ཤན་འདར་འདར། ཏོ་ཙོ་པ་ལ་ཕཊ་ཕཊ། ཤ་ཏྲུཾ་ནོར་ཁྱེ་ཤོག། ཨོཾ་ཏེ་ཤང་ཀུ་རུ་མོན་པ་ནག་པོ་བྷ་ལིང་ཁའི། མོན་པ་ལས་ལ་རྒྱུག། ཨོཾ་ཏེ་ཤང་ཀུ་རུ་མོན་པ་ནག་པོ་ཀ་ཆ་ཁྱེར་ལ་ཤོག། མི་འདིས་གཏང་ངོ་གྱིས་ཤིག། ནོར་སྐུར་ཁུར་ལ་ཁྱེར་ཤོག། ཁྱི་ནག་རྟ་རུ་བཟུང་ནས་ཀྱང།། ཧོམ་ནག་ཐལ་བཟོར་ཁ་བྱ།། གཏོར་མ་གཏོར་ཞིང་རྦོད་གཏོང་བྱ།། སྐྱེས་བུ་ནོར་རྙེག་རྗེས་གཅོད་འདི།། མི་བས་ལྷ་ལ་ཡང་མི་བསྟན།། མོན་པ་ནག་པོ་གིང་རྒྱལ་ཀུན་གྱི་ཕོ་ཉ། སྐྱེས་བུ་ནོར་རྙེག་གི་ལེའུ་སྟེ་སོ་བཞི་པའོ།།།། དམ་ཉམས་སུན་དབྱུང་ཆོ་འཕྲུལ་ནི།། བསྟན་པ་བསྲུང་བའི་བཙས་སུ་བཤད།། ཨོཾ་ཏྲོ་ཏ་ནི་ཏྲོ་ཏ་ནི། པ་ཏྲ་པ་ཏྲ་ཀྴུ་ལ་ཀྴུ་ལ་ད་ཤ་གྲི་བ་ད་ཤ་གྲི་བ་ཡཀྴ་གྲི་བ་ཡཀྴ་གྲི་བ། གིང་ཁ་རག་ལ་བྷྱོ། མ་རུ་ལུ་རུ་ལུ་སྙིང་ཁ་རག་སྙིང་ཁ་རག། མ་ཏྲག་ཤ་མ་ཏྲག་ཤ་ཏྲག་ཤམ། རག་མོ་སྙིང་ཏེ་ཀེ་མདུན་ཏེ་ཛ། དན་ཏེ་ཛ། ཨི་དང་བྷ་ལིང་དུ་པ་མང་ས་བི་ག་ལ་ཁན་ནི་ཁུ་ནི་ཕྱེ་ཏ་ག་ཏ་མ་ཧཱ་བྷ་ལི་ཁ་རཾ་ཁཱ་ཧི། ཏྲག་རཀྴ་ཁ་མུན་ཏ་མུ་རུ་ལུ་རུ་ལུ་ཧཱུ~ཾ་བྷྱོ་ཧཱུ~ཾ། རག་མོ་ཏེ་ཀེམ་ཙ་ཙ་ཁ་ལ་བྷྱོ། རུ་ལུ་རུ་ལུ་མ་ཧི་བྷྱོ། ཡཾ་ལཾ་ཤཾ་ལཾ་ཤ་ཛཱ། མི་ཤ་དུན་ཛ་ཆོ་ཡ། ཏྲག་ཧེ་མདུན་ཙེ་ཡ། ཏྲཾ་ཏྲཾ་སྲིལ་དུན་ཙ་ཡ། ཀྱང་ཀྱང་ཕོབ་ཡ། འུར་འུར་ཏབ་ཏབ་ཐིབ་ཐིབ་ཀྱིང་ཀྱིང་དུན་དུན་ཕོབ་ཡ། ཙི་པི་ལི་དུ་རུ་ཡཀྴི་དུ་རུ་སྲི་ལ་དུན་ཙེ་ཕོབ་ཡ། རྒྱ་རྒྱ་ཕོབ་ཡ། རྒྱ་རྒྱ་ཕོབ་ཡ། ཆེ་གེ་མོའི་ཁྱིམ་དུ་བྱ་ཁུ་ཛ་ཧེ་ཕཊ། ཡ་ཡ་ཡཱ། བུ་ཆུང་གསོབ་བཾ་རེ་ནག་གསོབ། ། རེ་བོང་བྱ་ཕོ་མཚལ་བུའི་མགོ། བརྟགས་ཏེ་ལྟས་ངན་སྣ་ཚོགས་པའི།། ཤ་སྤུ་གཟུགས་བརྙན་བསྐོར་ལ་བཞག། གྲུ་གསུམ་དབུས་སུ་བཞག་ནས་ཀྱང།། ལྷོ་སྨྱུག་ཚིགས་དགུ་པ་ལ་གདགས།། མཐའ་མར་བག་ཕྱེ་བརྡལ་བྱས་ལ། ། མེ་ལོང་སྟེང་དུ་གཞག་པར་བྱ།། སྙིང་ཁྲག་ཤ་ཆེན་ཨ་མྲྀ་ཏ།། སྨན་ཕུད་དམ་རྫས་གཏོར་མ་བཤམ།། གནོད་སྦྱིན་མ་མོའི་སྒོམ་སྒྲུབ་བྱ།། མིང་པོ་གིང་ལྷ་དཀར་པོ་བོད།། ཁྲབ་ཅན་མི་རེང་བུད་མེད་སོགས། ། བྱུང་ནས་ཆོ་འཕྲུལ་དྲག་སྔགས་བཟླས།། ཏིང་འཛིན་བསར་ཏེ་གིང་ཚོགས་གཟིར།། ཆོ་འཕྲུལ་དངངས་པ་འབྱུང་བའོ།། དམ་ཉམས་སུན་དབྱུང་ཆོ་འཕྲུལ་འདི།། མི་བས་ལྷ་ལ་ཡང་མི་བསྟན། ། དམ་ཉམས་སུན་དབྱུང་བའི་ཆོ་འཕྲུལ་གྱི་ལེའུ་སྟེ་སོ་ལྔ་པའོ།།།། དེ་ནས་གནས་ནས་སྤོ་བའི་ལས།། རང་གི་ཟླ་ལ་ཡང་གསང་སྟེ་ཙམ།། ཁྱིམ་མཛེས་དགྲ་རུ་ལངས་པ་ལ།། གནས་ནས་བསྐྱོད་པར་བྱ་བ་ནི། ། རྟ་ཐོད་ལྷ་ཞལ་དཀྱིལ་འཁོར་ལ།། གཤིན་རྗེ་དམར་པོའི་རྒྱལ་མཁར་བཅའ།། དམར་པོ་གྱད་པའི་ཕོ་བྲང་གདབ།། ཡུལ་དེ་དང་པོ་ཕྲོག་ནས་གདོན།། མཎྜལ་མ་ཏྲང་གཟུགས་བཅས་ཏེ།། སྙིང་གར་གྲུ་གསུམ་ཟླ་གམ་གསུམ། ། དབུས་སུ་སྐུ་མཆོག་དམར་པོ་དགོད།། གནམ་ཐེ་གཡས་ལ་ཡམ་ཤོད་གཡོན།། མདུན་དུ་ཚངས་པ་དགོད་པར་བྱ།། འབྲུབ་ཁུང་ནང་དུ་ཁུ་ལེ་དགོད།། སྙིང་སྣ་ལ་སོགས་རྟེན་པའི་རྫས།། སྨྱུག་རྒོད་བཙུགས་ལ་རྟེན་པ་ཙམ། ། ཕྱི་ཕག་དམར་ཁྲའི་ཤ་ཁྲག་དང།། སྙིང་སྣ་གསུམ་བཅས་གཏོར་མ་བཤམ།། ཏྲོ་ཏ་བྷྱོ་ཡི་ཐོག་མཐའ་ཅན།། རྟགས་ལ་མ་ཕེབས་བར་དུ་བཟླས།། དེ་ནས་ཐོད་པར་དུག་ཁྲག་རྩལ།། མིང་རུས་གཟུགས་དང་རྗེས་ས་རྩལ། ། ན་མོ་རཏྣ་ཏྲ་ཡ་ཡཱ། ཙ་ལ་ཙ་ལ་པྲ་ཙ་ལ། སྙིང་ནཱ་ག་མི་རྦད་པུ་ཁྲག་ཏི་རྦད། རྨང་ཁ་རྦད། སྙིང་ཁ་རྦད། འགྱེལ་ན་བརླག། པུ་བརླག་དུ་བརླག་པ་ཤམ་པོ་ཀམ་མོ།། ཐོད་པར་ཉུང་ཐུན་བྲབ་པར་བྱ། ། སྲི་ཕུང་ཤག་བྷྱོ། བྲམ་བྷྱོ་ཏེ་བྷྱོ། ཨ་ནི་བྱོ། མ་བྱོ་མིང་པོ་བྱོ་སྲིང་མོ་བྱོ། མུ་ཧྲིམ་མུ་ཧྲིམ། ཏྲག་ཏུ་རང་དྲག་ཏུ་རང། དྲག་ཏུ་ཧུར་དྲག་ཏུ་ཧུར། ཛ་ལ་ཤག་ཛ་ལ་ཤག། པྲ་ལ་ཤག། སྨྱོ་ན་ལིང། འགྱེལ་ན་བརླག། པུ་བརླག། དུ་བརླག། ཤོས་ལ་ཁཾ། སོད་ལ་ཁྱེར་ལོངས། དེ་དེ་ཁྱེར། དེ་ལ་བོད་ཡ། གཏོར་མ་གསེར་སྐྱེམས་བཏང་ཞིང་རྦད།། ལྷ་སྦྱིན་ཁང་པའི་འགྲམ་གཡས་ལ། དམར་པོ་གྱད་པའི་ཕོ་བྲང་གདབ། ཡུལ་ཁར་སྲོག་ལ་གདོན་པ་ཡིན།། ཉི་ཤུ་གཅིག་གིས་བརླག་པར་འགྱུར།། ཚངས་པ་ལྷ་ཡི་ཕོ་བྲང་འདིས།། སྲོག་བཅད་ནས་ནི་ཡུལ་འཕྲོག་པས།། མི་བས་ལྷ་ལ་ཡང་མི་བསྟན།། དགྲ་བོ་ཡུལ་ཕྲོགས་ཏེ་གདོན་པའི་ལེའུ་སྟེ་སོ་དྲུག་པའོ། །།། ཁྱིམ་ཚེས་དགྲ་རུ་ལངས་པ་དེ།། ཤར་ཕྱོགས་སྲོག་གི་བདག་པོའི་འཁོར།། འགོང་པོ་དཔུན་དགུའི་ལག་ཁྲིད་ཀྱིས།། གནས་ནས་གཞན་དུ་བསྐྱོད་པ་ནི།། ར་དང་ཁྱི་དང་ཕག་པ་ཝ། ། རྔ་མོ་ལ་སོགས་སྤྲེ་ལོ་དགུ། ཁ་མིག་སྟོད་ལ་གདོང་ནག་བྱུག། ལྟག་སྐྲ་བཅས་ལ་ཆོ་ལོང་བསྐུར།། ཕ་བ་ལོང་བུའི་རྟ་ལ་སྐྱོན།། བྲ་སྲན་ནས་ནག་སྔོན་ཆ་དང།། སྙ་ལོ་ཆུ་ལོ་ཟིལ་པའི་ཆུ།། ལོ་སྟོ་ལ་ཙ་དང་སྦྲང་སྤྲུལ་དང། ། འོ་ཤི་ལ་སོགས་མཆོད་པ་འབུལ།། ཨོཾ་ཏྲི་པུ་ཤ་ཏྲི་པུ་གང་ཏི་བུ་བུང་བུ་བཏང་བཏང། ཏྲི་བུ་ཤར་ཤར་ཆུཾ་རི་ལི་ལི། ཀིམ་ཏ་ཀིམ་ཏ་ཁུག། ཤེལ་ནི་ར་ཛ་སྲོག་ལ་བྷྱོ། རྦད་པུ་མཱ་ར་ཡ། རཱ་ཛ་ཀྱི་ཀྲེ་སྲོག་ལོང། རཱ་ཛ་ཀ་བྷྱོ། ཤན་ཏ་ཀ་ར་བྷྱོ། རཱ་ཛ་ལ་ལས་ལ་བྷྱོ། བཛྲ་པཱ་ཎི་ཐང་ཐང་ཤི་ཤི་རྦད། ཏྲང་རིལ་ཏྲང་རིལ་ཐུམས། འགོང་པོ་ལས་ལ་བྷྱོ། མོན་པོ་ནག་པོ་ད་འདོང་ཆོས།། མོན་མོ་ནག་མོ་ད་འདོང་ཆོས། ། འགོང་པོ་དཔུན་དགུ་ད་འདོང་ཆོས།། འགོང་པོ་སྤུན་དགུའི་ཤར་རྒྱུགས་ཀྱིས།། ལྷ་སྦྱིན་ཁང་པའི་རྩིག་པུ་རྒྱུར།། འགོང་པོ་སྤུན་དགུའི་མདུན་ཚང་བཅའ།། ལ་ག་ནས་ཁྲིད་དེ་གདོན་པ་ཡིན།། ཞག་དགུ་གསུམ་གྱིས་ཕུང་བར་བྱེད། ། འགོང་པོ་ཕུང་མཁན་ཧེ་དོམ་འདི།། མི་བས་ལྷ་ལ་ཡང་མི་བསྟན།། ཉ་བ་དང་དབྲལ་ཅིང་དགྲ་བོ་ཡུལ་ནས་འགོང་པོས་ལས་ཚར་དུ་ཁྲིད་དེ་གདོན་པའི་ཐབས་ཀྱི་ལེའུ་སྟེ་སོ་བདུན་པའོ། །།། ཁྱིམ་ཚེས་དགྲ་རུ་ལངས་པ་དང། འགོང་པོའི་རྟ་ལ་བསྐྱོན་བྱས་ནས།། གནས་ནས་ཁུར་ཏེ་སྐྱེས་བ་ནི།། སེང་གེ་དཀར་མོའི་གཟུགས་བྱས་ལ།། ཁོང་པར་ཡུལ་འདྲེ་རྒྱལ་འགོང་གྲུབ།། ཆེ་གེ་གདན་བསྐྱོད་ཤ་ཁྲག་རོལ། ། སྙིང་ཆོས་འགྲོ་སྙིང་འཁྱེར་བ་དང།། སེམས་ཀྱི་གཟེར་བུ་གདོན་པ་དང།། བསྐྱོན་ཏེ་དགྲ་བོ་གདན་བསྐྱོད་པ།། ཨོཾ་དུན་ཏྲི་བ་ར་བ་རཙིཏྟི་གར་པ་ཤ་ཡག་པ།། ཏིག་ཏིག་ཞོ་འཐུང། ཏྲི་ཙིཏྟ་གར་བ་ཤ་ཡག་བ་ཙན་ཙིཏྟ་གར་བ་ཤ་ཡག་པ། ཛ་ན་ཙིཏྟ་གར་བ་ཤ་ཡག་པ། བེག་ཏེ་ཆེ་གེ་མོ་སྐྱོལ་སྐྱོལ། དུང་སྐྱོང་སྐྱོལ། ནོར་རྫས་བགྲངས་ལ་དེ་རུ་རྦད།། འབྱུང་པོ་ཡི་དྭགས་བཀུགས་བསྟིམས་ནས།། ཞག་གསུམ་བསྒྲུབས་ཏེ་གནས་སུ་བསྐྱལ། ། དགྲ་ཡི་ཁྱིམ་དང་ཕོ་བྲང་དུ།། སྤྲང་ཚང་འཆས་པའི་ལྟས་འོང་སྟེ།། གྲུབ་པ་ཡིན་པས་རྫས་རྣམས་སྐྱལ།། སེང་གེ་རྒྱལ་རྟ་གདན་བསྐྱོད་འདི།། ཁྱིམ་བདག་ཁུར་ཏེ་གདོན་པ་ཡིན།། རྒྱལ་འགོང་ཁུང་ཁུར་སྤྲང་ཚང་འདི། ། ཡུལ་མཁར་མཐར་མེད་རླག་བྱེད་པས།། མི་བས་ལྷལ་ཡང་མི་བསྟན།། རྒྱལ་པོ་འབྱུང་པོས་དགྲ་བོ་ཡུལ་ནས་ཁུར་ཏེ་གདོན་པ་ཡིན།། རྒྱལ་འགོང་ཁུང་ཁུར་སྤྲང་ཚང་འདི།། ཡུལ་མཁར་མཐར་མེད་རླག་བྱེད་པས། ། མི་བས་ལྷལ་ཡང་མི་བསྟན།། རྒྱལ་པོ་འབྱུང་པོས་དགྲ་བོ་ཡུལ་ནས་ཁུར་ཏེ་གནོད་པའི་ལས་དང་ཐབས་ཀྱི་ལེའུ་སྟེ་སོ་བརྒྱད་པའོ།།།། དེ་ནས་འགོང་པོའི་དམག་བཟློག་སྟེ། ། དེ་ལ་འགོང་པོའི་ལས་ཐབས་ཀྱིས།། དགྲ་བོའི་དུར་དང་དགྲ་བོའི་མཁར།། དགྲ་བོའི་མུ་མ་བརྟེན་དབྲལ་བ།། རབས་ཆད་ནག་པོའི་ཐོད་པ་རུ།། སྲིད་པའི་ལྷ་འདྲེ་སྙིང་པོ་བྲི།། ཕུང་བར་བྱེད་བའི་སྨོད་པས་བསྐོར། ། ཁྲག་གིས་བྱུགས་ནས་བྱུར་གྱིས་གཡོག། དགྲ་བོ་མྱོས་པའི་དུས་དག་ཏུ།། མུ་མ་ཞིང་ལ་རྒྱལ་བྱས་ནས།། སྲིད་པའི་ལྷ་འདྲེ་ལ་ཡང་གཏད།། མཐའ་མེད་སྤྲང་པོར་དེ་ཉིད་འགྱུར།། དུར་ལ་བཏབ་ན་མཐའ་རབས་གཅོད། ཁང་པ་ལ་བཏབ་འཆོར་འགས་འགྱེལ།། མི་བས་ལྷ་ཡང་ཕུང་བར་འགྱུར།། གླང་དང་ལུག་དང་དག་གི་གླེན།། ཁྱིའམ་རབས་ཆད་མཛེ་ཐོད་དུ།། སྲིད་པའི་སྙིང་པོ་སྨོད་པ་ཅན།། དམིགས་པའི་ནོར་རྫས་མིང་རུས་བཅས། ། ཁྲག་གིས་བྱུགས་ནས་དུང་ཞབས་བཞུགས།། དགྲ་དག་ཕ་ཚན་རངས་པ་ཕུང།། མི་ནག་ཁ་གདངས་རལ་པ་ཅན།། ལྷ་འདྲེའི་སྙིང་པོ་སྨོད་པ་ལྡན། ཁང་ཟུར་བཞིའི་གཏད་ཕུང་བར་བྱེད། ། ཨོཾ་བཛྲ་སག་ཏི་ཡ། མ་ཏྲི་ཏྲི་ཡ། བཛྲ་ཁ་ཏ་ཁ་ཏ་ཡ། བཛྲ་ཤན་ཏི་ཀུ་རུ་ཡ། བཛྲ་ཞུང་ཞུང་ཡ། ཏྲི་ཤ་ཨེ་ཀ་ཡ། ཡང་སཾ་སི་ས་ཡ། བཛྲ་བོང་བོང་ཡ། བཛྲ་ར་ཏྲི་ཡ། བཛྲ་ཞུང་ཞུང་ཡ། བཛྲ་མ་ཏྲི་མ་ཏྲི་ཡ། ཆུ་ཧ་ན་ཏྲི་ཙ་ཡ། མ་ར་ཏྲི་ཏྲིར་ཛ་ཡ། ཏྲི་ལཾ་རུ་ཡ། ཏྲི་ལཾ་ཏྲི་ཡ། ནན་ཏྲི་ཡ། བཛྲ་ཤན་ཤན་ཏྲེ་ཡ། ཏྲི་ལཾ་ཏུ་ཡ། བཛྲ་ཛ་ཤཾ་ཡ། ཡ་བདུད་མ་བདུད་བཙན་པོ་དང།། དྲི་བཙན་འགོང་པོ་རྣམ་ཐེ་དང།། བརྒྱ་བྱིན་བྲག་སྲིན་ས་སྲིན་དང། ། ཆུ་སྲིན་ཐེ་བྲང་དྲི་ཕོ་མོ།། སྲིན་པོ་སྲིན་མོ་ས་བདག་དང།། ཐབས་འདྲེ་བྱུར་འདྲེ་དམ་སྲི་སྲིན།། སྤྱི་རུ་བོས་ནས་སྒོ་གཏོར་གཏད།། ཀ་ལ་ཀ་ལ་ཀྲི་ཐད་ལང་ལང་དུ་ཀཾ་ཀཾ་ཀཾ། ཡཾ་ཡཾ་ཡཾ། ཡ་ཡ་ཡ། སྲོག་གཅོད་ལས་ཀྱི་སྤུ་གྲི་སྟེ། ། གཉན་དགུ་གཏོར་ཕུར་ཕུར་རྫས་གཏད།། འདི་ནི་ལས་ལ་རབ་བསྟན་པས།། བསྟན་པ་བསྲུང་བའི་མ་གཏོགས་པ།། གཞན་དུ་བསྟན་པར་མི་བྱ་སྟེ།། མི་བས་ལྷ་ལ་ཡང་མི་བསྟན།། ཡུལ་འཁོར་ནོར་དང་འབྲེལ་ཅིང་ཚེ་སྲོག་གཅོད་པ་ལས་ཀྱི་སྤུ་གྲྀའི་དྲག་སྔགས་པ་དང། དུར་ཁང་མུ་མ་ཕུང་བར་བྱ་བའི་ལེའུ་སྟེ་སོ་དགུ་པའོ།།།། དེ་ནས་གཞན་ཡང་ཡང་དག་བཤད།། དགྲ་དཔུང་གཤིག་པའི་ཕུང་གཤེད་ནི། ། བསྟན་པ་བསྲུང་ཕྱིར་བཤད་པར་བྱ།། ཙ་སུ་རའམ་ར་ཙ་རོག་པོའི་མགོར།། དགྲ་རྣམས་མིང་དང་གཟུགས་བཅུག་སྟེ།། འབྲུབ་ཁུང་ནག་པོར་བྲུབས་བྱས་ནས།། རྩང་དང་ཕུར་བས་མཐའ་བསྐོར་ཏེ།། ལྷ་བདུན་སྔགས་དང་དྲག་སྔགས་ཀྱིས། ། ཕུར་པ་གདབ་ཅིང་ཞག་གསུམ་གྲུབ།། ལྷ་དཔུང་བསྐུལ་ཅིང་དམར་གཏོར་བཟློག། ཕུད་མངས་བཏབ་ཞིང་ཕྱོགས་སུ་རྦད།། ལས་བདག་མ་མོ་ཉི་ཤུ་བརྒྱད།། ཟོར་བདག་མོ་ལ་ལས་བཅོལ་ནས། ། ཕོ་ཡི་ཟོར་ཁས་དམག་སྣ་དྲངས།། མོ་ཡི་དམག་དཔུང་གཏིང་བྱས་ནས།། མེ་ཡིས་ལས་དང་མི་ཟོར་བྱ།། སོ་མཚམས་རྒྱ་གྲམ་ལམ་དུ་གནན།། བྷྱོ་ཉི་ཤུ་རྩ་བརྒྱད་དང་སྦྲགས་ཏེ་ཟོར་ཁ་བྱའོ། ། ལས་དེས་དགྲ་དཔུང་ནོན་པར་འགྱུར་རོ།། ཕུང་ཤིགས་ནག་པོའི་རྒྱུད་དཔུང་མནན་པའི་ལེའུ་སྟེ་བཞི་བཅུ་ཐམས་པའོ།།།། དེ་ནས་གཞན་ཡང་ཡང་དག་བཤད།། རྣལ་འབྱོར་དབང་ཕྱུག་ཆེན་པོ་ལ།། ཉེས་པ་མེད་པར་འགྲན་ང་བ། ། གནད་དུ་འཛུགས་པའི་སེམས་ཅན་དེ།། ཉམས་པ་བླ་རྡུངས་རུ་སྨད་པ།། དེ་ཡི་མིང་དང་གཟུགས་བྲིས་ལ།། ཧོ་མ་ལ་སྦྱིར་ཚར་གདགས་པར་བྱ།། ཞག་གསུམ་བར་དུ་ལྷ་དཔུང་བཟློག། ཟོར་བདག་ཕོ་མོ་གྲོགས་སུ་བསྡུ།། བླ་ཚེ་དགུག་ཅིང་གཤེད་བསྐུལ་ཏེ།། བརྣག་པ་རྐང་མཐིལ་ལྕེ་སྟེངས་བྱང།། དམར་པོ་ནག་པོ་དམར་པོ་བསྐུལ།། དང་པོ་དཀར་པོ་ལག་མཐིལ་ལས།། དེ་ལ་བརྣག་པ་ནག་དམར་བྱ། ། ཀུགས་པའི་དྲོད་ཚད་རྟགས་བྱུང་ནས།། ཕུར་པས་གདབ་སྟེ་གདུང་བར་བྱ།། དུམ་བུ་དུམ་བུ་ཨ་པ་ཙེ། ཨ་པ་ཙེ་རུ་པ་ཙ་ཏྲི་ན་ཏ་ན། དུད་ཤ་ཁ་ལ་ཐུན། ཙ་ར་ཙ་ར་ཀ་རུག་ཤ་ཐུན། ཁ་ཐུན་མ་ཁ་ཐུན་མ། ནཱ་ཤ་སྟཾ་པ་ཡ། རཀྴ་སྟཾ་པ་ཡ། ཕྱེ་མ་ཕྱེ་མ་རྡུལ་ཕྲན་རྡུལ་ཕྲན། ཉམས་པའི་ལིང་ག་བསྡུ་བྱ་ཞིང།། གནོད་སྦྱིན་ཕོ་ཉ་དྲག་ཏུ་བསྐུལ།། ཧོ་མ་ལ་མེ་སྤར་སྔགས་རྣམས་བྲབ།། ཐལ་བ་རླུང་བསྐུར་ལིང་ག་གཅིག། བྱིན་ལྡན་གནས་སམ་ལམ་ལ་མནན།། ལུས་སེམས་ནུས་སྟོབས་འཇིགས་པ་དང།། བློ་སེམས་གཞན་གྱིས་དཀྲུག་པར་འགྱུར།། ཉམས་པའི་བླ་ཤེད་བརྡུངས་པ་འདི།། མི་བས་ལྷ་ལ་ཡང་མི་བསྟན། ། ཉམས་པའི་བླ་བརྡུང་བའི་རྒྱུད་སེམས་ཀྱི་ཐང་རུ་འགྱེལ་བའི་ལེའུ་སྟེ་ཞེ་གཅིག་བའོ།།།། དེ་ནས་གཞན་ཡང་ཡང་དག་བཤད།། རྣལ་འབྱོར་དབང་ཕྱུག་ཆེན་པོ་ལ།། གཉེན་དྲུང་དགྲར་ལངས་གཉའ་བཅོག་ན། ། གིང་ཆེན་ཕུང་དཀྲུགས་བཏང་བ་ནི།། སྨྱུག་རྒོད་རྟེན་དང་སྲོག་བདག་ཞལ།། ཁྱི་དཀར་སྙིང་དང་བྱ་དཀར་གསོབ།། ཉམས་པའི་མིང་དང་གཟུགས་སུ་བསྒྲག། གཟུགས་བླུང་སྡེར་ཆ་བཤོས་བུ་དང། ། གཏོར་ཚོགས་ཆང་ཕུད་དམ་རྫས་མཆོད།། ཐུགས་ཀྱི་རེག་ཆོད་སྲོག་སྙིང་དང།། ནང་རྟགས་རང་ལ་བྱུང་བ་དང།། སྐྱ་རིངས་ཐོད་དུ་སྨྲ་གཅད་ནས།། ཕྱོགས་སུ་ཁ་བལྟས་རྦད་པར་བྱ།། ཧ་ཏི་ཧ་ར་ཧུར་བྷྱོ། སུ་ཀ་དཀར་པོ་ཆོ་ཆོ། བྀ+ྀ་ནི་བྷྱོ། གཤའ་ནི་བྷྱོ། བརླག་ནི་བྷྱོ། སུ་ཀ་དཀར་པོ་ཆོ་ཆོ། ཐོ་རངས་ཁ་དང་ཟེར་གསུམ་ལ།། ལྷ་དཔུང་བསྐུལ་ཏེ་ལས་ལ་མངག། ཏིང་ངེ་འཛིན་གྱི་བསམ་པ་ཡང།། གནམ་ཐེ་དགྲ་བོའི་གནས་སོང་སྟེ། ། ཡི་གེ་སྲོག་སྙིང་ཏྲིར་གནས་པ།། དགྲ་བོའི་སྙིང་སྲོག་ནརི་ལ་ཐིམ།། དགྲ་བོ་རྣམ་ཐེ་དཀར་པོ་གྱུར།། ལོག་པའི་ལས་རྣམས་སྣ་ཚོགས་པ།། ཕུང་བའི་ཕུང་སྲོད་གྱུར་པར་བསམས།། དེ་ཡི་ནོར་རྫས་བརླག་པ་དང། ། བུ་སྨད་དཔུང་དང་སྤྱོད་པ་འཆལ།། མ་རུངས་པ་ཡི་ལས་རྣམས་བྱེད།། ཕྱོགས་སུ་ཁ་བལྟས་རྦད་པས་འགྲུབ།། གཉེན་ལ་ཕུང་དཀྲུགས་དབབ་པ་འདི།། མི་བས་ལྷ་ལ་ཡང་མི་བསྟན།། གིང་ཕུར་དཀྲུགས་དབབ་པའི་རྒྱུད། ། རྒྱལ་པོ་སྙིང་དཀྲུག་གི་ལེའུ་སྟེ་ཞེ་གཉིས་པའོ།།།། དེ་ནས་གཞན་ཡང་བཤད་པར་བྱ།། རྣལ་འབྱོར་དབང་ཕྱུགས་ཆེན་པོ་ལ།། རྒྱལ་ཁམས་ཡུལ་ཀར་དགྲར་ལངས་ན།། གནོད་སྦྱིན་དམར་པོའི་ཐོག་སེར་འདི། ། བསྟན་པ་བསྲུང་བའི་ལས་སུ་བཤད།། བྱང་ཕྱོགས་རི་བོ་མ་ལ་ཡ།། གནས་ལྕགས་ཡོད་པའི་ཁང་པ་རུ།། གནོད་སྦྱིན་དམར་པོ་གར་མཁན་མཆོག། གཤིན་རྗེ་དམར་པོ་སྙིང་ཟན་དང།། བདུད་པོ་དམར་པོ་ཐུགས་ནག་དང། ། སྲིན་པོ་དམར་པོ་གིང་རྗེ་དང།། ཀླུ་དང་གཟའ་དང་ར་ཧུ་ལ།། བསེ་མོ་གདོང་མོ་བགེགས་ཆེན་དང།། གནོད་སྦྱིན་ལྟོ་འཕྱེ་ལ་སོགས་པས།། གནོད་སྦྱིན་ཕྱག་ན་རྡོ་རྗེ་ལ།། སྔགས་རྒོད་དྲག་སེར་སྨྲ་པ་འདི། ། སྲིད་པ་སྤུབ་ཅིང་རླག་པར་བྱེད།། ཨོཾ་ཏྲི་བྱི་རི་ཤག་ཏྲ་མ་ཡ་བྷྱོ། ཏྲི་ལིང་ཤག་ཤར་སེར་ཧྲིལ་བྷྱོ། འབྲུ་ཏི་ཁེ་སེར་ཧྲིལ་ཤར་བྷྱོ། ཛ་ར་མ་ཀྲི་ཧྲིལ་ཤར་བྷྱོ། བྲེ་དུ་པྲེ་ཤག་ཤར་ཤར་བྷྱོ། གི་ཏྲང་བྷ་ར་ཧྲི་ལ་ཤར་བྷྱོ། པྲ་མ་ཡ་གར་ཏི་ཕེབས་བྷྱོ། ཨོཾ་ཨོཾ་ཨོཾ་ཨོཾ་ཨོཾ་ཨོཾ་ཨོཾ། བསྙེན་པར་དྲང་ངོ།། ཀ་ཀ་ཀ་ཀ་ཀ་ཀ་ཀ། སྒྲུབ་པར་དྲང་ངོ།། ཕྲོཾ་ཕྲོཾ་ཕྲོཾ་ཕྲོཾ་ཕྲོཾ་ཕྲོཾ་ཕྲོཾ། ལས་སྦྱོར་ལས་མགོ་དྲང། ཚིག་ཧྲིལ་ཤར་བྷྱོ། ཏྲི་ཏྲི་བཛྲ་སཱ་དུ་ས་མ་ཡ་ཧྲིལ་ཤར་ཤར་བྷྱོ། ཀྱེ་ཕ་དྷ་ལ་ཕོབ། རཀྴ་པ་ནི་ཙ་མོ་ཕོབ། གུར་པ་ཙནྡྷ་ཏྲག་རཀྴ་ཕོབ། མ་ཀི་རཾ་བ་དུ་རུ་ཕོབ། བདུད་ཀྱི་རྒྱལ་པོ་ཕོབ་ཡ་ཡ། ཨ་བེ་ཤ་ཡ། གནོད་སྦྱིན་དྲག་པོའི་སྔགས་རྒོད་འདི། གནོན་སྦྱིན་སྟག་སྣ་ཟོར་བ་གདོང།། དགེ་བསྙེན་ལྕགས་ཀྱི་མེ་ཁ་ཅན།། ལས་འདི་བསྒྲུབ་པ་བྱ་བ་འདི།། ར་ཕོ་རོག་པོའི་ཐོད་པ་དང།། གཡས་པའི་ར་བཞི་རྨ་བྱའི་སྒྲོ།། སེང་ལྡེང་ཕུར་པ་བྱ་ནག་སྒོང།། ཉུངས་ཀར་ཉུངས་ནག་གུ་གུལ་དང། ། ཤ་སྣ་ཁྲག་སྣ་འབྱོར་ཚད་བསག། ར་ཁྲག་ཉུངས་ཀར་ཉུངས་ནག་ལ།། མངག་ཅིང་བསྙེན་པ་རྟག་ཏུ་བྱ།། འཁྱགས་པ་ཆུ་དང་ཟོར་ཐོགས་དང།། རྩས་མ་རྩ་བའི་ལྟས་བྱུང་ན།། ར་ཐོད་དམར་པོར་བྱུགས་ནས་ཀྱང། ། ཉུངས་དཀར་གནོད་སྦྱིན་དམར་པོར་སྒོམ།། བར་ཆད་མེད་པར་བཟླས་ཤིང་དགང།། བན་ནག་བོན་པོ་རྔ་བརྡུང་དང།། མོན་ནག་མཚོན་ཐོགས་བེའུ་ལྡང། ཁ་ལ་འབྲུམ་ཆུད་ཐོར་ཐོར་བྱུང། ། གནས་ཀྱི་ཐོ་ཕྱིར་སེར་བ་འབབ།། དེ་ནས་དགྲ་ཡུལ་རྫས་བླངས་ནས།། བདུན་དང་བཅུ་བཞི་རྩ་གཅིག་ཏུ།། ཐོད་པའི་ཉུངས་དཀར་བསྟིམ་ཞིང་མངག། དེ་ནས་དུས་ཚོད་དྲག་པོ་ལ།། གནམ་གཟེར་ས་གཟེར་བར་གཟེར་གདབ། ། ཀླུ་དང་ཡུལ་ལྷ་སེར་སྲུང་ལ།། ཕུར་པ་བཏབ་ནས་ཟོར་ཐུན་བྱ།། ཁྲག་སེར་དམར་པོས་ཡུལ་ཁམས་འཇོམས།། གནོད་སྦྱིན་དམར་པོ་སྙིང་ཟིན་དང།། དགེ་བསྙེན་སྟག་སྣ་ཟོར་བ་གདོང། ། གནོན་སྦྱིན་འབུམ་དང་བཅས་པ་ཡིས།། སེར་བ་ཉི་མཚན་ཕྱད་པར་འབེབས།། གནོད་སྦྱིན་གསང་བའི་དྲག་སེར་འདི།། བསྟན་པ་བསྲུང་བའི་དོན་ཆེད་ལས།། གཞན་དུ་སྨྲས་ན་སྡུག་བསྔལ་མྱོང།། ཆུ་འཁྱགས་ཐོག་རྒྱུག་དབབ་བའི་ལེའུ་སྟེ་ཞེ་གསུམ་པའོ། །།། དེ་ནས་གཞན་ཡང་ལས་དག་བཤད།། ཡུལ་མི་དཔུང་དྲག་དགྲར་ལངས་ན།། གྱད་པའི་བྷབ་ལྡོགས་བཏང་བ་ནི།། དཀྱིལ་འཁོར་མཐིང་ནག་གྲུ་གསུམ་རྩིག། ཐོད་པ་ནག་པོར་དུག་ཆང་དགང།། ནརེ་ཛ་ཕྱོགས་བཞི་དབུས་སུ་བྲི།། རེ་བས་གྲིལ་ལ་དབུས་སུ་བཞག། ཁྲག་སྣ་ཉུངས་ཀར་ཉུངས་ནག་མངག། རྟ་ཐོད་རྒྱལ་མཁར་བྲིས་བའི་ནང།། དགྲ་བོ་མིང་རུས་འཁོར་བཅས་གཞུག། བདུད་རྩི་ཆང་ཕུད་ཁྲག་ཆེན་དང།། གཏོར་ཕུད་ཨརྒས་དུས་དྲུག་སྦྲེང།། དམར་པོ་གྱད་དྲུག་སྲོག་ནས་དྲང།། དེ་ནས་སྒོ་ཕུགས་མེད་པའི་སྔགས།། དྲག་ཏུ་བཙུན་ཞིང་ཐུན་ཁ་དབབ།། གང་ལ་བྱ་བའི་ཡུལ་ཕྱོགས་སུ། ། བབས་ལོག་གསོད་ཅིང་ཕུང་སྲི་ལངས།། ཕུང་སྤྲུགས་དགྲ་ཁ་སྤོས་པ་དང།། མི་རིགས་འཇིག་ཅིང་བློ་བུར་འཆི།། གཏོར་ཐུན་འཕང་ཞིང་ལས་སྦྱོར་བྱ།། གནོད་སྦྱིན་བསེ་ཡི་སྐྱེས་བུ་བཞི། ། ཐུན་ནག་དུག་མདའ་ནག་པོ་སྒྲུབ།། ཐུན་རྟགས་བྱུང་ནས་གིང་གིས་འཕངས།། ཡུལ་གྱི་ཤར་ཕྱོགས་བྲག་སྡོང་ལ།། རྟ་ཐོད་བསྐྱལ་ཏེ་གྲིམ་མ་ཡིས།། ཡུལ་མི་འཁོར་བཅས་ཕུང་བར་འགྱུར།། སྲིད་པའི་བདག་པོ་རྦད་བྱ་ཞིང། ། ཡུལ་མི་ཀུན་ཁྱབ་དཀྲུགས་ལ་དབབ།། རྣལ་འབྱོར་ཡུལ་མི་མ་རུངས་ན།། མི་ནོར་ཕྱུགས་དང་འཁོར་ཐམས་ཅད།། གྱད་པས་བྱད་འཇོམས་བྷབས་ལྷོགས་ཡིན།། སྲོད་དང་ཐོ་རངས་རྟག་ཏུ་རྦད། ། དེ་ལྟར་བྱས་ན་ཕུང་བར་འགྱུར།། གསང་བ་རབ་ཏུ་གཉན་པ་དང།། གསང་བར་སྤྱད་ཅིང་བསྟན་པ་སྲུང།། གཞན་ལ་མི་བསྟན་ཕུང་བར་འགྱུར།། བླ་པུངས་གྱད་པའི་བྷབ་ལྷོགས་བཏང་བའི་ལེའུ་སྟེ་ཞེ་བཞི་པའོ། །།། དེ་ནས་གཞན་ཡང་ཡང་དག་བཤད།། རྣལ་འབྱོར་དབང་ཕྱུག་ཆེན་པོ་ཡིས།། རང་བཙན་བཀྲ་ཤིས་པ་ཡི་ཕྱིར།། རྡོ་རྗེ་ཚཻ་ཡི་བསྒྲུབ་པ་བྱ།། རྟག་ཏུ་འཇམ་དཔལ་དམར་པོ་སྒོམ།། བསྟོད་པས་བསྟོད་ཅིང་མཆོད་པ་བྱ། ། ཚེ་ཡི་བུམ་པ་གཙང་མ་རུ།། ཚེ་སྐྱེམས་ཚེ་འབྲས་བཅས་ལ་གཞག། ཚེ་ཡི་སྙིང་པོ་དྲང་བར་བྱ།། ཨོཾ་བྲུམ་བཛྲ་ཨཱ་ཡུ་ཤེ་ཧཱུ~ཾ་ཨ། རྣལ་འབྱོར་པ་ལ་ཚེ་དབང་དང།། དངོས་གྲུབ་སྩོལ་ཅིག་སྨོན་ལམ་བཏབ། ། གནས་གསུམ་རྒྱུད་ལ་རབ་བསྟིམས་ནས།། ནརེ་ཙེ་ཨ་ཡི་ངོ་བོར་གྱུར།། ཡེ་ཤེས་རིགས་ལྔས་རྒྱས་གདབ་བྱ།། ཚེ་སྒྲུབ་པའི་ལེའུ་སྟེ་ཞེ་ལྔ་པའོ།།།། དེ་ནས་གཞན་ཡང་ཡང་དག་བཤད།། ནོར་བུར་འབྱོར་ཚོགས་སྒྲུབ་འདོད་པས། ། གནོད་སྦྱིན་ཆེན་པོ་རྣམ་ཐོས་སྲས།། གསེར་མདོག་རིན་ཆེན་དབྱུག་ཏོ་ཅན།། ནོར་བུ་ནེ་བའི་རྐྱལ་པ་བསྣམས།། རིན་ཆེན་སེང་གེའི་ཁྲི་ལ་བཞུགས།། ཀུ་བཻ་ར་དང་གར་མཁན་མཆོག། མདུན་ན་བཀའ་ཉན་གནོད་སྦྱིན་བཅས།། ནོར་བདག་བཅོ་བརྒྱད་ཡབ་ཡུམ་དགུ།། གཏོར་མས་མཆོད་ཅིང་ཆུ་ཡང་དབུལ།། ན་མོ་རཏྣ་ཏྲ་ཡ་ཡཱ། ན་མོ་བཻ་ཤྲ་མན་ཡེ་སྭཱཧཱ། ཨོཾ་ཛཾ་བྷ་ལ་ཛ་ལེན་ཏྲ་ཡ་སྭཱཧཱ། ཨོཾ་ན་མོ་རཏྣ་ཏྲ་ཡ་ཡཱ། ན་མོ་བཻ་ཤྲ་མ་ན་སྱེ། མ་ཧཱ་རཱ་ཛ་སྱེ། ན་མོ་ན་ཏ་ཀུ་མར་སྱེ། ཧཱུ~ཾ་ཧཱུ~ཾ་ཧཱུ~ཾ་ཕཊ་སྭཱཧཱ། བུམ་པ་གཱུ་ཟ་མ་ཏོག། རིན་ཆེན་ལྔ་དང་འབྲུ་ལྔ་སོགས།། དངོས་གྲུབ་རྫས་དང་གསོལ་བྱང་རྩལ།། རྟག་ཏུ་གནོད་སྦྱིན་དམར་པོ་སྒོམ། ། སྙིང་པོ་ཀུ་མ་རཱ་ཛ་དྲང།། རྒྱུན་དང་སྐབས་དང་དུས་འཚམས་སྦྱར།། ནོར་བུ་གསང་བའི་སྙིང་པོ་བཟླས།། ན་མོ་རཏྣ་ཏྲ་ཡ་ཡཱ། ན་མོ་བཻ་ཤྲ་མ་སྱེ་ཧཱུ~ཾ། མ་ཧཱ་ར་ཛ་སྱེ་ཧཱུ~ཾ། ན་མོ་ན་ཀུ་མར་སྱེ་ཧཱུ~ཾ། རཏྣ་སྲི་དྷ་པུཥྟིང་ཀུ་རུ་སྭཱཧཱ། སིདྷི་སིདྷི་ཧཱུ~ཾ་ཧཱུ~ཾ་ཧཱུ~ཾ། ནོར་དང་འབྱོར་བའི་དངོས་གྲུབ་སྩོལ།། སྒྲུབ་པ་ཞག་གསུམ་རྫོགས་བྱས་ལ།། བང་མཛོད་སྦས་ལ་སྤྱད་པར་བྱ།། དངོས་གྲུབ་ནོར་བུ་སྤྱད་ཅིང་གསོ།། དེས་ནི་ནོར་བུ་རིན་ཆེན་འགྲུབ། ། ནོར་བུ་སྒྲུབ་པའི་ལེའུ་སྟེ་ཞེ་དྲུག་པའོ།།།། དེ་ནས་གཞན་ཡང་ལས་བཤད་བྱ།། རྣལ་འབྱོར་དབང་ཕྱུག་ཆེན་པོ་ཡིས།། སྲིའུ་གསོ་བའི་ལས་བྱ་བ།། ཟླ་བ་རེ་རེའི་ངོ་རེ་ལ།། སྲིད་པའི་སྲོག་བདག་སྲིད་ཆོག་གཟུང། ། དཀར་པོ་བྱ་དང་ར་དཀར་རྟ།། མེད་པ་རྩལ་ཕྱིར་རྟེན་དུ་བཟུང།། ཤི་འཕྲོག་གཅད་བ་སྲི་ཅན་འདུལ།། མ་མོ་རྣམས་ལ་མདོས་ཀྱིས་མཆོད།། ལྷ་ཚོགས་རྣམས་ལ་གཏོར་མ་དབུལ། ། ཡོན་ཏན་སྒྲུབ་ཅིང་ཟོར་སྔགས་བཟླས།། མཆོད་ཅིང་བསྟོད་ནས་ལས་གཉེར་གཏད།། སྲིད་པའི་ལྷ་མོ་བུ་རྫི་བྱ།། བགེགས་ལ་ཟོར་བརྡེགས་མནན་བཟློག་བྱ།། བུམ་པ་བུམ་རྫས་བརྒྱན་དང་བཅས།། ཚེ་དཔག་མེད་པའི་བསྙེན་པ་དབུལ། ། བདུད་བཙན་ཡུལ་ལྷ་མ་མོ་དང།། ཀླུ་དང་རྒྱལ་པོ་ཀུན་ཏུ་རྒྱུག། དགྲ་ལྷ་བསེ་མོ་དམ་སྲི་སྒྲིབ།། སྐྱུང་ཁ་འུག་པ་བཟང་མོ་དང།། གླ་རྩི་སྲི་མོ་པགས་པ་དང།། དྲི་མོ་དཀར་དང་ཁྭ་ཏའི་སྒྲོ། ། རྟ་དཀར་ཤ་སྙིང་ཝ་ཤ་རྣམས།། ཕུར་མ་བྱས་ཏེ་ལགས་ལ་གདགས།། ཁྲུས་བྱས་བསྲུང་སྐུད་སྦྱིན་པར་བྱ།། སྲིད་བསྲུང་བའི་ལེའུ་སྟེ་ཞེ་བདུན་པའོ།།།། དེ་ནས་གཞན་ཡང་ཡང་དག་བཤད།། དེ་ནས་གཤིན་རྗེ་གཤེད་པོའི་འཁོར། ། དེ་ཡིས་ལས་ནི་བཤད་པ་ནི།། འཁོར་རྣམས་རྒྱས་པར་བྱ་བའི་ཕྱིར།། ཙ་མུན་ཏི་ཡི་སྤྲུལ་པ་སྟེ།། མ་རུ་རྩེ་ཡི་མ་དང་སྲིད།། བུ་རྫི་མ་ལ་ལས་བཏད་དེ།། སྲིད་པའི་སྲོག་བདག་ཚངས་པ་མཆོད། ། རབ་ཏུ་དར་བའི་ཡུལ་ས་གནས།། རྒྱལ་གྱི་ཉིན་པར་ས་བླངས་ཏེ།། མཎྜལ་གྲུ་བཞི་སེར་པོར་བྱ།། ཕྱི་མ་ཕྱོགས་མཚམས་རིན་ཆེན་བརྒྱད།། ཟླུམ་པོ་དཀར་པོ་བར་འཁྱམས་སེར།། ལྕགས་རི་སྒོ་དང་བཅས་པ་བྲིས། ། དབུས་སུ་སྐུ་གཟུགས་དམ་རྫས་བཞག། གྲུ་ཆད་བཞི་ལ་དཔག་བསམས་ཤིང།། འདིང་ཞིང་འཁྱིལ་བའི་ལོ་འདབ་རྒྱས།། བྲི་བ་དང་ནི་དགོད་པར་བྱ།། དམར་གཏོར་ཚོགས་ཀྱི་མཆོད་པ་དང།། དཀར་གསུམ་མངར་གསུམ་གཙང་མའི་ཕུད། ། ཚེ་དང་འབྲང་རྒྱས་གྲུ་བཞི་རྣམས།། མཎྜལ་དཀྱིལ་འཁོར་བརྒྱན་དུ་དགོད།། གཏོར་མ་དྲིན་ཅན་ཞལ་ཁབ་ཅན།། ཆུ་ཕུད་གཙང་མར་བཅས་པ་རྩལ།། དེ་ནས་སྙིང་རྗེ་ཆེན་པོའི་ངང། ། བྱམས་པ་ཆེན་པོ་ཆེད་དུ་སྒོམ།། ཚངས་པའི་གནས་བཞི་སྒོམ་པ་དང།། རང་གིང་ཡི་དམ་ལྷ་བསྐྱེད་ནས།། ལྷ་མོ་དག་གི་སྒྲུབ་པ་ཙམ།། ཨེ་ཧྱ་ཧི་ལྷ་མོ་བུ་རྫི་མོ།། སྐུ་གསུང་ཐུགས་ལས་འཁོར་རྣམས་སྤྲུལ། ། གཉིས་མེད་མ་ཚོགས་སྤྲུལ་ནས་ཀྱང།། དཀྱྀལ་འཁོར་ལྷ་རུ་སྤྱན་འདྲེན་པ།། གནས་འདིར་རྩེ་ཕྱིར་གཤེགས་སུ་གསོལ།། རྒྱས་མཛད་ལྷ་མོ་བུ་རྫི་མོ།། སེར་མོ་གསེར་གྱི་གཤོག་པ་ཅན།། གསེར་བོང་རྟག་གཞོན་ལྕགས་ཀྱུ་བསྣམས། ། ཉིད་ལས་སྤྲུལ་པའི་འཁོར་གྱིས་བསྐོར།། རྒྱས་པར་མཛད་ལ་ཕྱག་འཚལ་ལོ།། རྒྱལ་མཛད་ལྷ་མོ་བུ་རྫི་མོ།། མ་ཚོགས་མ་ལུས་སྤྲུལ་པའི་ཚོགས།། རང་བཞིན་གནས་ནས་སྒྲུབ་གནས་འདིར། ། སྤྱན་འདྲེན་བརྟན་པར་བཞུགས་སུ་གསོལ།། འཇམ་དཔལ་དམར་པོའི་ལྕམ་མོ་སྟེ།། སེམས་མ་ཙ་མུན་ཏའི་ཐུགས་དཀྱིལ་ནས།། སྲིད་པའི་ལྷ་མོ་བུ་རྫི་མོ།། རྡོ་རྗེ་གསེར་གྱི་གཤོག་པ་ཅན། ། ན་ཆེ་བ་སེར་པོ་ཟངས་ཡག་འབར།། རྒྱས་པའི་ལས་ལ་རབ་ཏུ་བརྩོན།། རྫུ་འཕྲུལ་གསེར་འོད་རྟ་རུ་ཞོན།། གཡས་པ་གསེར་གྱི་ལྕགས་ཀྱུ་བསྣམས།། ཚེ་དང་དབང་ཐང་བསོད་ནམས་འགུགས།། སྒྲུབ་པ་པོ་ལ་སྟོངས་བྱེད་ཅིང། ། གཡོན་པ་ཡིད་བཞིན་ནོར་བུ་བསྣམས།། རྣལ་འབྱོར་བསམ་པ་གྲུབ་པར་བྱེད་པ་དང།། རྒྱས་མཛད་ལྷ་མོ་བུ་རྫི་མོ།། རྣལ་འབྱོར་བསྲུང་ཞིང་རྒྱས་པ་དང།། ཆེ་གེ་མོ་ལ་བུ་སྲིད་སིདྷ་སིདྷ་ཧཱུ~ཾ། ། བདག་ཅག་རྣམས་ནི་དམ་ཚིག་དང།། དམ་པར་བགྱིད་ཅིང་མཆོད་དབུལ་གྱིས།། ཚེ་རིང་བསོད་ནམས་བསྐྱེད་པ་དང།། དབང་ཐང་ཆུང་སྲིད་ལ་སོགས་པ།། མཐུ་དང་གྲགས་པ་མྱུར་དུ་གསོལ།། ཁྱོད་ལས་སྤྲུལ་པའི་འཁོར་བརྒྱད་ནི། ། ལྷ་མོ་རིན་ཆེན་བསྐྱེད་མཛད་མ།། ལྷ་མོ་ཤེས་རབ་སྒྲོལ་མ་འཛིན།། ལྷ་མོ་རབ་ཏུ་རྒྱས་མཛད་མ།། ལྷ་མོ་མེ་ཏོག་ཆུན་འཆང་མ།། ལྷ་མོ་ཞི་བའི་བདུད་འདུལ་མ།། ལྷ་མོ་བདུད་རྩི་ཀུན་དྷ་ལི། ། ལྷ་མོ་འབྱུང་བ་དོན་སྟོན་མ།། ལྷ་མོ་ཕྱག་རྒྱ་རྒྱས་འདེབས་མ།། ཉིད་ཀྱི་སྤྲུལ་པ་སྤྲུལ་པ་བརྒྱད།། ཀུན་ཀྱང་གསེར་གྱི་བུ་མོ་ལ།། གཤོག་པས་བར་སྣང་ཁྱབ་པར་ཁེབས།། རྡོ་རྗེ་འབར་བའི་མཆེ་བ་ཅན།། གསེར་གྱི་ཅོག་ཏྲོང་རྟ་རུ་ཞོན། ། ཕྱག་ན་ནོར་བུ་རིན་ཆེན་འབར།། སྐྱེ་གྲོ་ཐམས་ཅད་བདེ་ལ་འགོད།། རྣལ་འབྱོར་པ་ལ་སྲིང་ལྟར་གདུངས།། བཀོལ་བའི་ཚེ་ན་བྲག་བས་སྲ།། སྲིད་པ་ཡོངས་ཀྱི་བུ་འཚོ་མ།། བུ་འདི་ཚོས་ཤིག་ཚ་འདི་བསྲུངས། ། དེ་སྐད་བོད་བསྟོད་མཆོད་པ་དབུལ།། གཏོར་མ་བཏང་ཞིང་ལས་དམིགས་བཅོལ།། ཞེས་སྒྲུབ་ཅིང་སྤྱན་དྲངས་པ་དང།། བསྟོད་པའི་ལས་སིལ་སྙན་གྱིས་བོད་ཅིང་བསྟོད་དོ།། དེ་ནས་སྙིང་པོ་གསང་བ་བཤད། ། ཨོཾ་དུ་ཏི་ཟ་ས་མ་ཡ་པ་ཤང་ཀུ་རུ་ཡེ་སྭཱཧཱ། དུ་ཏིར་ཟ་ནརི་ཚེ་ཛ་བཛྲ་ཨཱ་ཡུ་ཥེ་ཧཱུ~ཾ་ཛ་ཛཱ། དུ་ཏི་ཟ་པེ་ཏ་ད་ལ་རཀྴེ་ས་ཙ་ཏོ་ཨ་པར་ཧྲི་ཆེ་གེ་མོ་སིདྷི་སིདྷི་ཧཱུ~ཾ། ས་ཧ་ར་ན་ཧཱུ~ཾ། དུ་ཏི་ཟབ་ཤང་ཀུ་རུ་ས་མ་ཡ་ཛ་ཛཱ། དུ་ཏི་ཟ་བ་ཤད་ཀུ་རུ་ན་མོ་ཨ་ཏི་པཱུ་ཡ་ཡཱ། དུ་ཏི་ཟ་པ་ཤང་ཀུ་རུ་ས་མ་ཡ་ཏི་སྟ་ལྷན། དུ་ཏི་ཟ་པ་ཤང་ཀུ་རུ་བྷ་ལིམ་ཏ་པཱུ་ཙ་ཁཱ་ཧི། ཨོཾ་དུ་ཏི་ཟ་ས་མ་ཡ་པ་ཤང་ཀུ་རུ་ཡེ་སྭཱཧཱ། ཨོཾ་དུ་ཏི་ཟ་སིདྷི་སིདྷི་ཧཱུ~ཾ་ཧཱུ~ཾ་ཧཱུ~ཾ། སྙིང་པོ་གསང་བའི་སྔགས་ཀྱིས་དགུག་པ་ནི། ། སྨྲ་གཅད་ཀྱི་བཟླས་པར་བྱའོ།། དེ་ནས་རྟགས་མཚན་རྟག་པ་ནི། མ་དང་སྲིང་མོ་བུ་མོ་དང།། བུད་མེད་བཀུར་སྟི་བྱེད་པ་འབྱུང།། འབྲི་དང་བརྣག་ཚོགས་འབྱུང་བ་ན།། ཁྲོས་པས་ཐུགས་དམ་བསྐང་བ་བྱ། ཁ་བ་བུ་ཡུག་བྱུང་བ་ན།། ཉམས་པས་གོས་པས་བཤགས་བ་བྱ།། བུ་དང་བུ་མོར་འབྱུང་པ་ན།། བུ་སྲིད་གྲུབ་སྟེ་དངོས་གྲུབ་གཏོར།། མཚན་མ་ལྟས་ནི་བརྟགས་པའོ།། ངེས་པར་གཏན་ལ་ཕེབས་པར་བྱོས། ། དེ་ནས་དངོས་གྲུབ་བླང་བ་ནི།། ཟླ་བ་སྟོན་ཐ་འབྲིང་པོ་དང།། སྐར་མ་རྒྱལ་ལ་དུག་ཟུག་ནས།། ལྔ་འམ་གསུམ་མམ་ཞག་གཅིག་སྒྲུབ།། ལྷ་མོའི་མིང་དང་སྔགས་སྤེལ་ཏེ།། ཆུ་ཕུད་གཙང་ལ་སྔགས་བཟླས་ནས། ། སྐྱོར་མོའི་གྲངས་སུ་བཏུང་བར་བྱ།། རྣམ་ཤེས་བསྡུ་བའི་དགོངས་པ་ཡིས།། བུད་མེད་ལྷུམས་སུ་བ་བསྡུ་འོ།། ཚེ་བསྟིམ་ཚེ་དབང་བསྐུར་བར་བྱ།། དམ་ཚིག་ཁྲུས་བྱ་ཁ་མི་བསྲེ། ། མི་གཙང་ཉམས་པ་དང་མི་འགྲོགས།། དཀྱིལ་འཁོར་བསྡུས་ཏེ་སྤྱོད་ལམ་བྱ།། སྲིད་ཀྱི་དངོས་གྲུབ་བླང་བའི་ལེའུ་སྟེ་ཞེ་བརྒྱད་པའོ།།།། དེ་ནས་སྔགས་བཟློག་ནག་པོ་བཤད།། མཆོད་པའི་རྫས་ཀུན་བསོགས་ནས་ཀྱང། ། ཏིང་འཛིན་རྣམ་གསུམ་གཤེད་པོ་སྒོམ།། ཐུགས་ཀར་པདྨ་ཉི་སྟེངས་སུ།། རྡོ་རྗེ་ལྟེ་བར་མཐིང་ནག་ཡ།། ཨོཾ་ཧྲིཥྟིཿ་བི་ཀྲི་ཏ་ན་ན་ཧཱུ~ཾ་ཕཊ། འོད་ཟེར་འཕྲེང་བས་བསྐོར་བར་བསྒོམ།། འོད་འཕྲོས་འཕགས་པ་སྤྱན་དྲངས་ཏེ། ། བདག་དང་གཉིས་སུ་མེད་པར་བསྟིམ།། བཟླས་བས་འོད་ཟེར་བྱོལ་སྔགས་འཕྲོ།། བསྙེན་པ་བདུན་འབུམ་པར་དུ་བྱ།། དེ་ནས་ལས་ལ་སྦྱར་བ་ནི།། དཀར་པོའི་དུས་ལ་ཟོར་བཤམས་ཏེ། ། ནག་པོའི་དུས་ལ་འཕང་བར་བྱ།། ཡང་ན་ཉི་ཕྱེད་ནས་བརྩམས་ནས།། ནམ་ཕྱེད་དུས་ལ་འཕང་བར་བྱ།། དུར་ཁྲོད་ས་ལ་དཀྱིལ་འཁོར་རྩིག། དབུས་སུ་གྲུ་གསུམ་བསྣོལ་མ་བྲི།། ཕྱི་རིམ་ཟླུམ་པོས་བསྐོར་བར་བྱ། ། གྲུ་ཆད་སྒོ་ཁྱུད་ལྡན་པར་བྱ།། དབུས་སུ་དཀར་དམར་ཕྱེད་མ་ལ།། གྲུ་གསུམ་ཨེ་དང་ལྡན་པར་བྱ།། དགྲ་དང་བགེགས་ཀྱི་སྲོག་རྟགས་དགོད།། འཁོར་ལོ་རྩེ་ལ་ཡིག་འབྲུ་ཧཱུ~ཾ།། མུ་ཁྱུད་ནག་པོ་བྷྱོ་ཡིས་བསྐོར། ། ཁྲག་ཟོར་ཀོར་བུ་གྲུ་གསུམ་པ།། དམར་ནག་བདུན་ནག་བཅུ་གསུམ་དང།། ཡང་ན་ཉི་ཤུ་རྩ་གཅིག་བརྒྱ་རྩ་བརྒྱད།། རབ་འབྲིང་ཐ་མར་བཤམ་པར་བྱ།། ཉུངས་ཀ་ཉུངས་ནག་བྲག་ནག་ཚེ།། དཔལ་བཤོས་གཏོར་མ་མར་མེ་དང། ། སྤོས་སྡོང་མདའ་རྩང་ཕུར་པ་དང།། མེ་ཏོག་ནག་པོ་ཤ་ཁྲག་དུག། བྲ་སྲན་སྦང་མ་ནས་ནག་དང།། བལ་ཕུར་དུད་རལ་མི་ཁའི་རྫས།། ཁྲག་གི་གོང་བུར་བཙལ་བར་བྱ།། གཏོར་མ་ཆེན་པོའི་མཐའ་མ་སྐོར། ། རྫས་རྣམས་སོ་སོར་ཕྲལ་ནས་ཀྱང།། ཕུར་ཁ་མཁན་གྱི་མིང་བྱང་གཞུག། དགྲ་ཡི་ཕྱོགས་སམ་ལྷོ་ཕྱོགས་སུ།། སྔགས་པ་བདུན་པོ་ཁ་བལྟས་ཏེ།། ཉུངས་ཀར་ཉུངས་ནག་སྐེ་ཚེ་ལ།། བྱོལ་སྔགས་རྒྱུན་མ་ཆད་པར་དྲང། ། བརྒྱ་ཕྲག་རེ་ལ་ཀོང་བུར་བྲབ།། དེ་ལ་དྲག་སྔགས་དམ་པ་འདི།། མི་ཚིག་མ་འདྲེས་བཟླས་པར་བྱ།། ཤ་རི་བྷྱོ། མ་རི་བྷྱོ། ཁྲག་མ་མ་བྷྱོ། ཙིར་སྙིང་བྷྱོ། སྙིང་བྷྱོ། མ་ཀྵི་ཐོད་ཁྲག་རྫ། ཁྲག་ཏི་སྙིང་ལ་ཡ། ནརི་ཏྲི་ཆོད། ནཱ་ག་ཆོད། མུ་ལོ་ཆོས། ཤ་ལོ་ཆོད། ཤ་ལ་ཀྱིང་ཀྱིང་བྷྱོ་བྷྱོ། ཨ་ཏི་པྲ་མ་ནི་མཱ་ར་ཡ་བཟློག་བཟློག། པ་ར་བི་དན་ཙྪིནྡྷ་ཙྪིནྡྷ་བྷྱོ། དམར་ནག་ལྷ་རྣམས་བསྐུལ་ནས་ཀྱང།། གཏོར་མ་བཏབ་ཅིང་ཕྱོགས་སུ་རྦད། ། ཏི་པུར་ཤག་བྷྱོ། ཏི་པུར་ཙནྟྲ་ཙཀྲ་བྷྱོ། ཏི་པུར་མེ་ཤུམ་ཙུར་ནི་བྷྱོ། ཏི་པུར་མཱ་ར་ཡ་ནི་བྷྱོ། མ་མ་ཏྲག་རཀྴ་མུ་དྲ་སྙིང་ཁ་རག་ཐུན་བྷྱོ། བཟློག་བཟློག། ནི་ཤ་ཀུ་རུ་ཐུན་བྷྱོ་བཟློག་བཟློག། དམག་དཔུང་ཕུར་བུ་མེད་རྩེ་དང།། དྲག་པོར་གྱུར་པའི་གཟའ་སྐར་ལ།། སྤྲེ་ཏའི་བུར་རྡོ་སྦྲུལ་དུ་བསམ།། གཡས་སུ་བསྐོར་ཞིང་ཕྱོགས་སུ་འཕང།། མཧཱ་བྷ་ལཾ་ཏ་གྲེན་ཁཱ་ཧི། རྩ་བའི་སྔགས་བཏགས་གཏོར་མ་བཏང། ། ཡང་ན་མེ་ཡི་གློང་དུ་བསྲེག། ཡང་ན་མཆོད་རྟེན་ནག་པོས་མནན།། ཡང་ན་མ་ཏྲང་ཡ་ཏྲང་བཟློག། མཆོད་རྟེན་གསུམ་ཀྱང་རྟེན་དུ་གཟུགས།། ཡང་ན་རྡོ་ནག་བདུན་ཀྱང་འཕང།། ལས་འདིས་ངན་པ་དགུ་ཐུབ་སྟེ། ། རྨི་ངན་མོ་ངན་ལྟས་ངན་དང།། སེང་གེ་ཁ་འཐབ་ནང་འགྲས་དང།། འཆི་བ་བཟློག་དང་མི་ཕྱུགས་བསྲུང།། སེར་བ་བཟློག་དང་སྲིའུ་གསོ།། མཛེ་ནག་གཅད་པ་ལ་སོགས་པ།། ལས་ལ་བསམ་པ་ཐམས་ཅད་ཀུན། ། བསམ་པ་ཇི་བཞིན་འགྲུབ་པར་འགྱུར།། བྱོལ་ཟོར་ནག་པོའི་ལེའུ་སྟེ་ཞེ་དགུ་པའོ།།།། དེ་ནས་གཞན་ཡང་ལས་ཚོགས་བཤད།། བདག་ལ་ངན་ཤགས་འགྱེད་པ་ན།། ཚེས་བརྒྱད་དང་ནི་བཅུ་བཞི་ལ། ། མི་སྙན་ཤགས་རྒོད་འདེབས་པ་ནི།། དུར་ཁྲོད་སོལ་བས་དེ་གཟུགས་བྲི།། དེ་ཡི་ལྕེ་ཡང་དྲངས་ནས་ཀྱང།། སྟེང་དུ་ཙནྟའི་དཀྱིལ་འཁོར་བརྒྱད།། རྡོ་རྗེ་རྒྱ་གྲམ་རི་རབ་སྒོམ།། དེ་སྟེངས་བདག་ཉིད་དཀྱིལ་འཁོར་བསྐྱེད། ། ཨོཾ་ཧྲིཥྟྭིཿ་བི་ཀྲྀ་ཏ་ན་ན་ཧཱུ~ཾ་ཕཊ། ཨོཾ་ལང་ངག་ནན་བསྟམ་པ་ནན་ཀུ་རུ་ནན། དེ་ཡི་མིང་བཅུག་དེ་སྐད་ཅེས་བཟླས་ན་སྨྲ་མི་ནུས་པར་འགྱུར་རོ།། ངག་མནན་པའི་ལེའུ་སྟེ་ལྔ་བཅུ་པའོ།།།། དེ་ནས་གཞན་ཡང་ལས་བཤད་པ། ། བདག་ལ་མི་ཁ་ཀློག་པ་ནི། ཁ་བཅིང་བ་ཡི་ལས་ཀྱང་བྱ།། ཕྱུག་དང་ཕ་ཙན་ཆེ་བ་ཡི།། ཐོད་པར་མི་ཡི་ཀླད་པ་དང།། རྒོད་མའི་སྤྲི་གསེར་ཁར་བཅུག་ནས།། སྐུད་པ་སྔོ་དམར་ཁ་བཅིངས་ཏེ། ། བདག་ཉིད་ལྷ་ཡི་སྐུར་གསལ་ནས།། མཆིལ་མ་ཁོང་དུ་མི་བཏང་བར།། རྟ་མགྲིན་ཕྱག་རྒྱ་བསྒྱུར་ཞིང་བཟླས།། ཨོཾ་སྣལ་ཏེ་སྣལ་སྲབ་ཆུགས།། ཤོ་ལས་མེད་ཐུ་ལས་ཐུ་ལྕགས་ཀྱི་སྲ་ཐེད་སྭཱཧཱ། ཆེ་གེ་མོ་ཁ་ཐམ་སྨྲ་ལྕེ་ཆོད། དྲགས་སེམས་རྨུགས། བསམ་པ་འདུན་ཕྱུང་ཞིག། གཏོར་མ་རྒྱུན་ལ་ཁ་བསྒྱུར་ཏེ།། གང་དག་སྨ་བ་རྒོད་པ་དེ།། རྟ་མགྲིན་གར་གྱི་ཕྱག་རྒྱས་གདུལ།། ཡུལ་ཁམས་སྨྲ་བ་ཁ་འཆིངས་ཏེ།། སེམས་ཅན་གང་སྨྲའི་ཁ་ཡང་འཆིང། ། དགྲ་བོ་ངན་ཕྱར་གཏོང་བ་ཁ་བཅིང་བའི་ལེའུ་སྟེ་ང་གཅིག་པའོ།།།། དེ་ནས་གཞན་ཡང་ལས་བཤད་པ།། བགེགས་བསྐྲད་འགྲུལ་ཐག་གཅད་པའི་ཐབས།། མཁའ་ལ་ཉི་མའི་ས་བོན་གདབ། ། དེ་སྟེངས་ཧཱུ~ཾ་ལས་ཁྲོ་བོ་བསམ།། གཡས་པ་བེ་ཅོན་ཕྱག་རྒྱ་ནི།། མཐེ་བོང་ནང་བཀུག་ཁུ་ཚུར་བཅང།། གཡོན་པ་སྡིགས་མཛུབ་སྡང་མིག་ལྟ།། མཆོག་གི་ཕུར་བུ་སོར་བཞི་དང།། སྐྱེར་པའི་ཕུར་པ་སྔགས་བཏབ་སྟེ། ། ལས་སྔགས་དང་ཐུགས་ཀྱི་བརྣག། ཕུར་པའི་ཐུན་དང་ཕུར་སྲུངས་མངག། པ་ར་པི་ར་ཙཀྲ་ཨ་པ་ན་ཡེ་སྭཱཧཱ། ཕུར་པ་སྒོ་ལྷད་གདབ་པར་བྱ།། ཨོཾ་ཀཱི་ལི་ཀཱི་ལ་ཡ་ཆེ་གེ་མོ་ཞིག་ཨུ་ཙ་ཏ་ཡ་ཨུ་ཙ་ཏ་ཡ་ཕཊ། སྐྱེར་ཕུར་གྱིས་ནི་དྲག་ཏུ་བསྐྲད།། བེ་ཅོན་ཕྱར་ཏེ་བགེགས་དེ་གདབ།། སྡིག་མཛུབ་གཟིར་ཅིང་མཆོག་ཕུར་གདབ།། སྡིག་མིག་མེ་འོད་སྤྲོ་བར་བྱ། ཁམས་གསུམ་དྲེགས་པ་ཐམས་ཅད་ཀྱང། ། རྡུལ་ཕྲན་བཞིན་དུ་ངེས་པར་འགྱུར།། དགྲ་བོ་ལ་བཏབ་ལྷ་རྣམས་འབྲོས།། འཁྱམས་དང་ནི་སྦོགས་བསྐྲད་པ་འགྲུབ།། བསྐྲད་པའི་ལེའུ་སྟེ་ང་གཉིས་པའོ།།།། དེ་ནས་གཞན་ཡང་ལས་བཤད་པ། ཆགས་འདྲེ་བཀར་དང་འབྲུལ་ཕྱི་དགག། དེ་ཡི་ལས་སྦྱོར་ཐབས་བསྟན་པ།། ལམ་ཆེན་རྒྱ་གྲམས་བླངས་ལ།། འདྲེ་བདག་རྐང་རྗེས་བསྲེ་བར་བྱ།། གླང་གི་ཤ་དང་སྤུ་བསྲེས་ཏེ།། མིང་བྱང་བཙག་གིས་བྲིས་བྱས་ནས། ཁོང་དུ་བཅུག་ནས་རེ་བས་གྲིལ། ། མིང་དང་དགུག་པ་ལས་སྦྱར་ཏེ།། མདུན་དུ་བཀུག་པར་བསམ་ནས་ཀྱང།། གཟུགས་བརྙན་བརྡོག་པས་གནན་པར་བྱ།། ཨོཾ་ཀ་ལ་ཧ་ནན་བ་སྤོ་ཏ་ནན། མཆོག་ཕུར་སོར་བརྒྱད་ལ་བཟློས་གདབ། ། ཀཱ་ལ་རུ་པ་ཤ་ཆེ་གེ་མོ་མཱ་ར་ཡ་ཕཊ། སྟོང་ངམ་བརྒྱ་དང་རྩ་བརྒྱད་བར།། གཤེད་པོ་ཐུགས་ཀྱི་བརྣག་པ་ལ།། མ་ཡེངས་པར་བཟླས་ཐོད་པར་གྲུབ།། ལྷ་འདྲེ་མི་སྲུན་གནས་ས་དང།། རྒྱ་གྲམ་ལམ་དུ་མནན་པ་བྱ། ། ཉུངས་ཀར་རྒྱལ་པོ་ལ་སྔགས་ཏེ།། གང་ལ་གནས་པའི་ཕྱོགས་སུ་འཕང།། བགེགས་ཀྱི་འདྲུལ་ཐག་གཅད་པའོ།། གཟའ་ཡི་འདྲུལ་ཐག་གཅད་པའི་ཐབས།། དེ་ནས་གཞན་ཡང་ལས་བཤད་པ།། ཆར་ཆུ་སེར་པ་བསྲུང་བ་ནི། ། ཨོཾ་ཆག་གྲིལ་ཆག་གྲིལ་སྙིང་ལོག་སྙིང་ལོག་དམར་པོ་ལ་ཧེ་ལོ་ཏེ་དུན་པ་ཡན་བྷྱོ། ཉུངས་ཀར་ཐལ་ཆེན་ལ་བཟླས་ཏེ།། སེར་བ་རབ་ཏུ་གཡོ་བའི་ཚེ།། ནམ་མཁའི་དབྱིངས་སུ་ཉི་མ་བསྐྱེད། ། སྟེང་དུ་བདག་ཉིད་ཁྲོ་བོར་སྒོམ།། ནམ་མཁའི་ཁམས་ཀུན་མེ་འོད་གང།། རྡོ་རྗེ་ལྕེ་ལ་ཧཱུ~ཾ་བཞག་སྟེ།། དེ་ལས་རཾ་འཕྲོས་མེ་རིར་འབར།། ཆར་ཆུ་འཁྱགས་དང་སྤྲིན་དབུངས་སྐམ།། རྡོ་རྗེ་ལྕེ་ཡིས་བཞུ་བར་བྱ། ། ཡང་ན་ལྕེ་སྟེངས་ཡཾ་ལས་རླུང།། བུས་པས་སྤྲིན་རྣམས་གཏོར་བར་བྱ།། རལ་གྲིའི་ཕྱག་རྒྱས་ཆར་སྤྲིན་དང།། ཀླུ་དང་གཟའ་གཟུགས་གཅད་ཅིང་བཏུབ།། ཡང་ན་མེ་ཡི་འཁོར་ལོས་བསྲེག། རླུང་གི་འཁོར་ལོ་བསྐོར་ཅིང་གཏོར། ། སྡིགས་མཛུབ་བསྐོར་ཞིང་ཧྲིཥྟིས་འཕངས།། སེར་བ་ཨུར་ན་མ་ནི་ཡེ་སྭཱཧཱ། སེར་བ་བསྲུང་བ་དང་བགེགས་ཀྱི་འདྲུལ་ཐག་གཅད་པའི་ལེའུ་སྟེ་ང་གསུམ་བའོ།།།། དེ་ནས་གཞན་ཡང་ལས་བཤད་པ། ། ཞི་བའི་ལས་ནི་གྲུབ་འདོད་པས།། ཙན་དན་དཀར་པོའི་མེ་ཏོག་དང།། སེ་བའི་ཤིང་དང་མེ་ཏོག་གི། སྦྱིན་སྲེག་མཆོད་ཅིང་སྔགས་འདི་བཟླས།། ཨོཾ་ཧྲིཥྟི་བི་ཀྲི་ཏཱ་ནན་ཧཱུ~ཾ་སྭཱཧཱ། ཆེ་གེ་མོ་ཞི་བཤན་ཏིང་ཀུ་རུ་སྭཱཧཱ། ཞི་བར་བྱ་བའི་ཧོམ་གྱི་ལས་སྔ་དྲོ་བྱའོ།། རྒྱས་པར་བྱ་བའི་ལས་དག་ནི།། མེ་ཏོག་སེར་པོ་སྐྱེར་པའི་ཤིང།། སྦྱིན་སྲེག་བྱ་ཞིང་སྔགས་འདི་བཟླས།། ཨོཾ་ཧྲིཥྟིཿ་བི་ཀྲྀ་ཏཱ་ན་ན་ཧཱུ~ཾ་ཕཊ། ཆེ་གེ་མོ་པུཥྟི་ང་ཀུ་རུ་སྭཱཧཱ། རྒྱས་པར་བྱ་བའི་ལས་ཉིན་གུང་ལ་བྱའོ།། དབང་དུ་བྱ་བའི་ལས་དག་ནི།། མེ་ཏོག་དམར་པོ་སེང་ལྡེང་མེ།། དུ་བ་མེད་པས་སྦྱིན་སྲེག་བྱ།། ཨོཾ་ཧྲིཥྟཱིཿ་བི་ཀྲི་ཏཱ་ན་ན་ཧཱུ~ཾ་ཕཊ། ཆེ་གེ་མོ་བ་ཤང་ཀུ་རུ་ཧཱུ~ཾ་ཕཊ། དབང་གི་ལས་ཉི་མ་ནུབ་པ་ལ་བྱའོ།། དྲག་པོའི་ལས་རྣམས་བྱ་བ་ནི།། མེ་ཏོག་ནག་པོ་དུག་ཤིང་ཚེ།། སྦྱིན་སྲེག་བྱ་ཞིང་དྲག་སྔགས་གདབ།། ཨོཾ་ཧྲིཥྟིཿ་བི་ཀྲི་ཏཱ་ན་ན་ཧཱུ~ཾ་ཕཊ། ཆེ་གེ་མོ་མ་ར་ཡ་ཛྭ་ལ་རཾ་ཕཊ། དྲག་པོའི་ལས་བྱ་ཧོམ་གྱི་ལས་ནམ་གུང་ལ་བྱའོ། ། སྦྱིན་སྲེག་གི་ལེའུ་སྟེ་ང་བཞི་པའོ།།།། དེ་ནས་གཞན་ཡང་ལས་དག་བཤད།། ནད་པའི་གདོན་བགེགས་བསྲུང་བ་ནི།། བདག་ཉིད་འཇམ་དཔལ་ཏིང་འཛིན་གྱིས།། མེ་དཔུང་འཁྲིགས་པའི་འོད་དཔུང་གིས། ། བགེགས་དང་ནད་ཚེ་ཚིག་པར་བསམ།། ཨོཾ་ན་མོ་མུ་མུལ་ལེ་ས་ལེ་སྲུཾ་སྭཱཧཱ། ཀཱི་ལ་ཡ་ཀཱི་ལ་ཡ། ཙ་ཀ་ཙ་ཀ། པྲི་པ་པྲི། ཕ་ཀི་རེ་ཕ་ཀི་རེ། རྒྱོབ་རྒྱོབ་སོད་སོད། ཅི་ལི་ནི་ལ་ད་རེ་དུ་རེ་དུ་ད་ལེ་སྭཱཧཱ། ནད་པ་ལ་ཉུངས་ཀར་བྲབ་ཅིང་བསྲུང་སྐུད་གདགས།། ནད་པ་བསྲུང་བའི་ལེའུ་སྟེ་ང་ལྔ་པའོ།།།། དེ་ནས་གཞན་ཡང་བཤད་བྱ་བ།། བདག་ཉིད་འཇམ་དཔལ་དམར་པོའི་སྐུ།། རབ་ཏུ་དམར་བ་མདངས་ལྡན་སྒོམ། ། སྣག་སད་དམར་པོ་དབང་དུ་སྒོམ།། སྲིད་པའི་བགེགས་ཀྱང་དམར་པོར་སྒོམ།། སེ་ཕུང་ན་སྱེ་ཕུར་ན་ཨོཾ་བཛྲ་ཚིག་གོ་གོ་ནན། ཐུབ་ཐུབ་བྱ་སུ་ར་ནན། ཁྱུང་སུ་ར་ནན། གྷི་རིཔ་ཏི་ནན། ན་ད་ཀ་ཆོད་ཆོད་དགུ་དགུ་ནན། ཐུབ་ཐུབ་བྷྱ་སྭཱཧཱ། བར་ཆད་མེད་པ་སྟོང་བཟླས་ཏེ།། སྲིད་པའི་མ་མོ་བསྐང་བ་བྱ།། ལག་མཐིལ་ལྷ་གནས་བྱོལ་བཟློག་བྱ།། མ་མོའི་རིམས་དལ་བཟློག་པར་འགྱུར།། རིམས་དལ་ཐམས་ཅད་སྲུང་བའི་ལེའུ་སྟེ་ང་དྲུག་པའོ། །།། དེ་ནས་གཞན་ཡང་ལས་རྣམས་བཤད།། གང་ནི་དབང་དུ་བསྡུ་བ་དེའི།། གཟུགས་དང་མིག་དང་གཟུགས་བྲིས་ནས།། སྲམ་གྱི་མིག་དང་ཉ་ཡི་གཤོག། བྲག་ཕུག་བྱང་བལྟས་རྫས་བསྲེས་ལ། ། ཉུངས་ཀར་རྒྱལ་པོ་ཐལ་ཆེན་ནི།། སྔགས་བཏབ་མིང་བྱང་ཚོན་སྐུད་བཅིང།། རྐང་མཐིལ་བར་དུ་བཅུ་གནས་བཟླས།། ཨོཾ་བར་བ་ཤ་ཆེ་གེ་མོ་ཞིག་པ་ཤང་ཀུ་རུ་སྭཱཧཱ། པ་ར་ཙོ་ཏ་ན་མ། མ་བ་ཏ་ན་ལཾ་ལཾ། ཧཱུ~ཾ་དུ་ཆེ་གེ་དབང་དུ་སྡུས་ཤོག། མིང་སྭཱཧཱ། ཨོཾ་བཛྲ་ནི་ལ་སྙིང་ཁ་རག་ཏྲག་རཀྴ་ཧྲི་ཧྲི་ཧྲི། དབང་དུ་སྡུས་ཤིག། མི་གང་དབང་དུ་བསྡུ་བ་དང། ཡུལ་ཕྱོགས་དབང་བསྡུ་བའི་ཕྱིར།། ཁྱིམ་མམ་ཡུལ་ཕྱོགས་རྫས་རྣམས་གཏོར། ། དབང་དུ་བསྡུ་བའི་ལེའུ་སྟེ་ང་བདུན་པའོ།།།། དེ་ནས་གཞན་ཡང་ལས་བཤད་པ།། རྨི་ལྟས་ངན་སྔགས་བཟློག་པ་ནི།། རིལ་མ་བརྒྱ་རྩ་བརྒྱད་རེ་ལ།། སྤེན་མ་སོར་རེ་གཟུགས་བར་བྱ།། བོང་པ་བརྒྱ་རྩ་བརྒྱད་བཅས་ཏེ། ། སྔགས་འདི་བརྒྱ་རྩ་བརྒྱད་རེ་གདབ།། ཆུ་ལ་བོར་ཏེ་སྨོད་ཁ་བསྒྱུར།། ཨོཾ་ནམ་པྲི་ཧྲིང་ཙི་སྲིང། ཉི་མ་བྱིན་དྷ་ཡ། ཏྲི་ཏ་ཡ། ཛ་ལ་ཛ་ལ། ན་མ་ཀར་ཛཱ། ཨི་པྲ་ཛ་ལ། པུ་ཏ་པུ་ཏ་སརྦ་ག་ག་ན་ནི་བ་སུ་ནི་ས་རག་སི་ར། བི་ས་ར། སརྦ་དུཥྟན། བྱི་ཏ་ན་ཤོ་ཏ་ནི་ཧཱུ~ཾ་ཕཊ་སྭཱཧཱ། ཨ་ཏི་མེ་ཏི་མེ་རུས་ཏེ་ཏ་སྭཱཧཱ། མོ་ངན་རྨིས་ངན་ལྟས་ངན་དང། དགྲ་དང་བགེགས་ཀྱི་བསམ་ངན་ཀུན།། རིལ་མ་བཞིན་དུ་ཆུས་ཁྱེར་ཅིག། བོང་བ་བཞིན་དུ་ཆུས་ཤིག་ཅིག། སྤེན་ཕྱགས་ཀྱིས་ཕྱགས་ཅིག་ཅེས་བརྗོད།། ཕྱི་མིག་མི་ལྟ་སྟོང་ཉིད་སྒོམ།། མཚན་མ་ངན་པ་བཟློག་པའི་ལེའུ་སྟེ་ང་བརྒྱད་པའོ།།།། དེ་ནས་གཞན་ཡང་ལས་བཤད་པ། ། མཚན་ལྟས་བསྟན་པར་བརྟག་པ་ནི།། ཐོ་རངས་སྐར་ཆུ་གཙང་མ་དང།། ཀུ་ཤ་རྩཝ་མཆོག་དག་པ་དང།། ལན་བདུན་སྔགས་བཟླས་སྨོད་བཙུགས་ལ།། གནོད་སྦྱིན་སྡེ་དཔོན་ཆེན་པོ་བཞི།། ལག་ན་རྡོ་རྗེ་དྲག་པོ་ཆེ། ། བཅོམ་ལྡན་འདས་ལ་ཕྱག་འཚལ་ཏེ།། ཏདྱ་ཐ། མུ་རི་ཙི་ནི་སྭཱཧཱ། མུ་ཁ་སེ་སྭཱཧཱ། མོ་ཧ་ནི་སྭཱཧཱ། ད་ན་ཏི་རི་སྭཱཧཱ། ཨོཾ་ཏདྱ་ཐ་མུ་ཙ་ནི་ཧཱུ~ཾ།། ཀི་སི་ནི་ཧཱུ~ཾ། བྲ་མ་ནི་ཧཱུ~ཾ། བཟང་ནང་སྟོན་ཅིག་སྨོན་བཏབ་ནས། ། གཡས་པའི་བློ་ཕབ་ཉལ་བར་བྱ།། རྟོག་པ་མེད་པར་སྣལ་བ་བྱ།། དེ་ནས་བཟང་ངན་ལྟས་མཐོང་འགྱུར།། སྙིང་པོ་རིག་པ་འབུམ་བཟླས་ན།། ཐོགས་པ་མེད་པར་ཐམས་ཅད་མཐོང།། རྨི་ལམ་བརྟག་པའི་ལེའུ་སྟེང་དགུ་པའོ། །།། དེ་ནས་གཞན་ཡང་ལས་དག་བཤད།། འབྱུང་པོ་འགོང་པོ་ཕོ་མོ་ཡང།། སྒྲུབ་པ་པོ་ལ་བར་ཆོད་བྱེད།། དམ་སྲི་ཕོ་མོ་གདུལ་བ་ནི།། ཀྱི་སྤྱང་སྤྲེའུ་ཡི་ཐོད་པ་རུ།། མིང་གཟུགས་བླ་རྡོ་བླ་ཤིང་གཞུག། ཏྲི་ཛ་དུ་མེ་སྲོག་བྲིས་ཏེ།། དམ་སྲི་རུ་ཏྲི་ཏྲིག་ནན་དགོད།། དམར་པོས་དགུག་ཅིང་གཤིན་རྗེས་གསད།། བལ་མོས་ཤ་ཁྲག་རོལ་བར་བྱ།། ཏྲི་རཱ་ཛ་དུ་མེད། རྒྱལ་འགོང་དམ་སྲི་མཱ་ར་ཡ་རྦད། རཱ་ཛ་ཏྲིག་ནན་རཱ་ཛ་ཧཱུར་ཐུམས། པཙ་འདྲི་མ་ཐི། བ་རྭ་ཛ་ཙ་སྦྱར་སྲོག་ནན། སྙིང་གཟེར་བྲེང་ཤག་ཡཾ་རྦད། ཉུངས་ཀར་ཉུངས་ནག་སྐེ་ཚེ་ལ། མངག་ཅིང་ཐོད་པ་ནང་དུ་བྲབ།། ཙ་ཏྲི་དུ་མེ་སྲོག་ལ་བྲེང་བྲེང།། ཙ་ལ་དུ་ན་དུན་སྦུར་ནན་ཁམ་ཤག་རྦད། ཙིཏྟ་རོ་མྱགས་རྦད། སྲོག་ལ་ཐུན་རྦད་བྷྱོ། དུག་ཕྱུང་ཁྲཾ་ཤིག་རྦད། ཙ་ཏྲི་མ་མ་དབུགས་ལ་ཐང་གཟེར་རྦད། ཁྲི་ཐོན་པའམ་རྟགས་མཐོང་ནས།། སྤྱང་དུག་སྤྱང་ཚེར་གུ་གུལ་གདུག། རྒྱ་གྲམ་ལམ་དང་མཆོད་རྟེན་རྨང། ། ཡང་ན་ཐེམ་པའི་འོག་ཏུ་གནན།། ཡང་ན་དགྲ་ཡི་མཁར་ལ་བསྐྱལ།། སྔགས་ཀུན་ཕུ་སྤྲུགས་བྲབ་པར་བྱ།། འབྱུང་པོ་ཁ་སྤོ་བ་དང་གདུལ་བའི་ལེའུ་སྟེ་དྲུག་ཅུ་པའོ།།།། དེ་ནས་གཞན་ཡང་ལས་བཤད་དེ། ། ཞོ་དང་ཆང་ཡང་བསྲུང་བ་ནི།། ཨོཾ་ཨ་མན་ཏ་ཀ་ཧན་པ་ཙ་པི་དན་ས་ཡ་པ་ཙ་པ་ཙ། ཧ་ན་པ་ཙ། རཏྣ་པ་ནི། གར་པ་གུ་ཤི་ཡ་མན་ཏ་ཀ་སྭཱཧཱ། དྲི་ཆེན་མཐེབ་གང་སྦྱངས་པ་ལ།། ཁྱོར་གང་ཆུ་ལ་དུང་ཚོགས་གདབ། ། བདུན་བདུན་སྔགས་ཆུས་བྲན་པ་བྱ།། གནོད་སྦྱིན་གསུས་པ་རི་རབ་ཙམ།། རལ་པ་ཁམ་ཁག་གྱེན་རྫེས་པ།། གཡས་པ་རལ་གྲི་གཡོན་སྡིགས་མཛུབ།། སོ་ནི་གངས་དཀར་ལྟར་གཙིགས་པ། ། བསྲུང་སྟེ་རྒྱ་ཡང་བཏབ་པར་བསམ།། ཞོ་ཆང་བསྲུང་བའི་ལེའུ་སྟེ་རེ་གཅིག་པའོ།།།། དེ་ནས་གཞན་ཡང་ལས་བཤད་པ།། དྲག་པོ་ཤིང་ངམ་མཆོག་ཕུར་ལ།། གུ་གུལ་བདུག་ཅིང་བྱིན་བརླབས་བྱ།། སྔགས་ཀྱི་མཇུག་ལ་ལས་འདིས་གདབ། ། ལྷ་ཕྱིན་ཧྲི་མ་ར་ཡ་རྦད། རྒྱུན་སྲང་ལཾ་མཾ་ལྡང་ལ།། བཏབ་ན་བགེགས་ཀྱི་འདྲུལ་ཐག་གཅོད།། རྣལ་འབྱོར་བསམ་པ་མཐར་ཕྱིན་འགྱུར།། བགེགས་ཀྱི་འདྲུལ་ཐག་གཅད་པའི་ལེའུ་སྟེ་རེ་གཉིས་པའོ། །།། དེ་ནས་གཞན་ཡང་ལས་བཤད་པ།། མི་རྒོད་ཛག་ཆིངས་བྱ་བ་ནི།། མི་ཡི་སྙིང་ཁྲག་ཡུངས་ཀར་དང།། གུ་གུལ་དཀར་པོ་བསགས་བྱས་ཏེ།། ཕྱེ་མ་བཏགས་ལ་ཐུམ་པོ་བྱ།། ཨོཾ་ཏདྱ་ཐཱ་ཧི་རི་མི་རི་སྟི་ཏ་བན་ཏོ། ། བྲ་ཏི་ཏ་ལ་ཀར་མ་ཧཱ་པ་ལ་མིང་དུ་འགྲམ། ཙར་མྱོགས་ཐུམས་ཐིབས།། དེ་ནས་ལམ་དུ་ཞུགས་པའི་ཚེ།། མཐེ་བོང་གཡས་ལ་སྔགས་བཏབ་སྟེ།། དགྲ་བསམ་སོར་མོ་ལྕགས་སྒྲོགས་བསམ། ། དགྲ་རྣམས་མྱོས་ཏེ་བཅིངས་པར་བསམ།། དེ་ནས་རེ་འདར་དྲག་བྱས་ཏེ།། བཀུག་ཅིང་བསྟིམ་ན་རེངས་པར་འགྱུར།། ད་ཏ་ཡི་མི་ད་ར་པྲ་བེ་ཤ་ཕཊ། དགྲོལ་སྔགས་སོ།། ཧྲི་ཏི་མི་ཏི་ཏིས་ཏ་བན་དྷ་སི་ཏ་ས་ཀར་མ་ཧ་པ་ལ་ཐ། བསྙེན་པ་ཉི་ཤུ་དྲུག་ལ་དབུལ།། ལམ་དུ་ཞུགས་ནས་ཏིང་འཛིན་བྱ།། སྐྱབས་སུ་གསོལ་ནས་ལས་གཉེར་བསྒོ།། མི་རྒོད་ཇག་ཆིངས་ཀྱི་ལེའུ་སྟེ་རེ་གསུམ་པའོ།།།། དེ་ནས་བཅོམ་ལྡན་འདས་ཡ་མན་ཏ་ཀས། གཤིན་རྗེའི་རྒྱལ་པོ་འཁོར་དང་བཅས་པ་ལ་བཀའ་སྩལ་པ། ཀྱེ་དྲེགས་པ་ཅན་རྣམས་བསྟན་པ་བསྲུང་བའི་ཕྱིར་རྒྱུད་འདི་སྙིང་ལ་ཟུང་ཞིག། རྒྱུད་འདི་བཅངས་པའི་ཡོན་ཏན་ནི།། བདུད་ཀྱི་རྒྱལ་པོའི་སྣ་འཛིན་གྱིས་བཀྱེ་བའི་སྤྲུལ་པ་འགོང་པོ་ཕོ་མོ་ཐམས་ཅད་འཇོམས་ཤིང་ལས་ལ་སླར་འཁོར་བར་འགྱུར་རོ། ། གཞན་ཡང་བདུད་ས་འཛིན་གྱི་འཁོར་རྣམས། རྡོ་རྗེ་ཐེག་པ་ལ་སྤྱོད་པ་ལ་མ་རུགས་པ་བྱེད་ཅིང་མི་སྙིང་བསྐུལ་ནས་ཡུལ་འཁོར་འཇོམས་པར་བྱེད་པའི་ཕྱིར། ད་ལྟ་ང་ཉིད་ཀྱིས་དྲེགས་པ་ཅན་ཐམས་ཅད་ཀྱི་གཙོ་བོ་ལས་ལ་བཀོལ་ཏེ། དྲེགས་པ་བསམ་གྱིས་མི་ཁྱབ་པའི་ལས་དང་སྤྲུལ་པའི་གཉེན་པོ་བསྟན་ཏེ་བཏུལ་བ་ཡིན་ནོ། ། ཀྱེ་གསང་བའི་བདག་པོ་དོན་དེ་རྣམས་ཐམས་ཅད་བསྡུས་ཏེ་ཕྱིར་མི་ལ་གནང་བར་གྱིས་ཤིག། ཅེས་བཀའ་སྩལ་ཏོ།། དེ་ནས་དྲེགས་པ་ཅན་ཐམས་ཅད་ཀྱིས་གསོལ་པ།། ཀྱེ་དཔའ་བོ་ཆེན་པོ་བདུད་ས་འཛིན་གྱི་ཆ་འཛིན་པ་འགོང་བོ་མ་རུངས་པ་སླར་ས་འཛིན་གྱི་ཆ་འཛིན་པའི་མི་དག་ཕུང་བའི་སྲི་དབབ་པ་ཇི་ལྟར་ལགས། ཞེས་གསོལ་པས། བཅོམ་ལྡན་འདས་ཁྲོ་བོའི་རྒྱལ་པོས་བཀའ་སྩལ་པ། དགྲ་རྣམས་ཕུང་ལས་ཕུང་སྲིས་ཕུང་བྱ་བ། ། སྐྱ་རིངས་ཆས་སུ་གཅུག་ནས་ཀྱང།། དབྱིངས་སུ་ཕོ་བྲང་གླིག་བཞི་པ།། སྒོ་དགུ་པ་ཡི་རྒྱལ་མཁར་བྲི།། ཞལ་དང་གཡུང་དྲུང་རིས་བྲིས་ཏེ།། འགྲམ་པ་གཉིས་ལ་ཉི་ཟླ་བྲིས། ། སོ་ལ་གཟའ་དང་སྐར་མ་བྲི།། ལྕགས་སྤྱང་ཟངས་ཀྱི་ཝ་མོ་ཡང།། སྣ་འུག་གཉིས་སུ་བྲིའམ་གཞུག། ལྟག་པར་ཕུང་སྲི་སྔ་མོ་བྲི།། བདུད་སྒོ་ཁུང་པར་དབང་ཡང་བསྐུར།། སྲོག་བདག་དཀར་པོ་སྤྱན་གཅིག་པ། ། གཟུགས་ཞལ་མི་སྲོག་བཅས་པ་དང།། ཉམས་པ་མགར་བའི་མིང་གཟུགས་བྱ།། སྙིང་དང་ཁྲག་སྣ་དུག་སྣ་རྩལ།། ཧེ་དོམ་ཕོ་ཉ་སྤུན་དགུ་ཡང།། ཆས་སུ་བཅུག་ལ་མཐའ་མ་བསྐོར།། དམར་པོ་ཤ་ཁྲག་སྙིང་སྣས་མཆོད། ། གྱད་པ་རྒྱལ་པོ་སྡེར་ཆས་མཆོད།། ཧེ་དོམ་སྦང་བྲུང་འཕྲུལ་གཏོར་མཆོད།། དམར་པོ་གྱད་པ་བསྒྲུབས་བྱས་ཏེ།། སྐུ་མཆོག་གྱད་པ་སྲོག་བདག་རྦད།། ཧེ་དོམ་སྤུན་དགུས་ཕུང་སྲི་དབབ།། བག་ཕྱེ་རྨེ་ཁྲག་སྦྲུས་པ་ཡིས། ། རིལ་བུ་བརྒྱ་རྩ་བརྒྱད་བྱས་ཏེ།། ནང་དུ་སྲིད་པའི་ལྷ་འདྲེ་སྲོག། བཅུ་ཏེ་རྨོད་བོར་ནམ་གུང་བརྡེག། ས་སྣ་ལྔ་ལ་ཁང་པའི་དབྱིབས།། ནང་དུ་མི་ནོར་བཅས་པའི་མིང།། ལྷ་འདྲེ་རྣམས་ཀྱི་མིང་སྲོག་གཞུག། རྒྱུན་སྲང་ཆེན་པོ་བཙལ་ལ་གཏད།། བྱ་རོག་འུག་པའི་ཐོད་པ་རུ།། དུག་སྣ་ཤ་སྣ་ཁྲག་སྣ་དང།། སྙིང་སྣ་མིང་རུས་བྲུབ་པ་བྱ།། དགྲ་ཡིས་གདུང་གསེབ་དྲེགས་བཅས་བསྐྱལ།། དགྲ་ཡི་བུ་སྲིང་རུས་པ་དང། ། རྟ་ནག་བྲེ་ནག་རྨིག་པ་གཡས།། ཤེས་ཤིང་ཕུར་པ་ལྷ་སྲིན་སྲོག། རང་འཐག་མ་ཁོད་དུམ་བུ་སྒྲག། མ་ཧཱ་དེ་བ་ལས་བྱེད་བོད།། སྲོག་ཆོམ་ཡུལ་ཕྱུང་ནོར་སྲོགས་ཤིག། འཁོར་ཞིག་སྨོད་པ་བོར་ནས་ཀྱང།། ལྷ་འདྲེ་དང་བཅས་མཁར་ལ་བསྐྱལ། ། ངར་བུ་ཁ་གདངས་རལ་པ་ཅན། ཁོང་པར་ལྷ་འདྲེའི་སྲོག་སྙིང་བྲུབ།། ཡུལ་མཁར་ཕྱོགས་དང་གྲུབ་བཞིར་གཏད།། གཤེད་ཀྱི་ཐོད་པ་ལ་སོགས་པ།། མོན་ནམ་རབས་ཆད་མཛེ་ཐོད་སྒྲག། ལོ་ཟླ་ཞག་དང་དུས་བརྩིས་ཏེ།། བདག་དར་དགྲ་བོ་རྒུད་པ་ལ།། དུར་མཁམས་ངན་དང་ཡུལ་མཁར་ལ།། རྫས་རྣམས་གཏད་དེ་སྨོད་པས་གདབ།། སྲིད་པའི་ལྷ་སྲིན་ཀུན་རྦད་དེ།། དུར་དང་མཁར་དང་མུ་མ་ཞིང། ། རྒྱུན་སྲང་ཕུང་བའི་གནས་ལ་གཏད།། ཕུང་བར་ཐེ་ཚོམ་མེད་པར་འགྱུར།། བདུད་ས་འཛིན་གྱི་ཆ་འཛིན་ཐམས་ཅད་ལ་ཕུང་བའི་ཕུང་སྲི་དབབ་པའི་ལེའུ་སྟེ་རེ་བཞི་པའོ།།།། དེ་ནས་གཞན་ཡང་ངས་བཤད་པ། ། དང་པོ་བསྙེན་པ་རྫོགས་པར་བྱ།། བར་དུ་སྒྲུབ་བས་བསྙེན་པ་བྱ།། ཐ་མ་ཏིང་འཛིན་སྔགས་བཟླས་པས།། ལས་རྣམས་ཐམས་ཅད་འདོད་པ་བཞིན།། ཇི་ལྟར་དམིགས་པ་ད་ལྟར་སྒྲུབ།། ལས་འདི་ཐམས་ཅད་གྲུབ་འདོད་པས། ། སྨྲ་གཅད་རྣམ་པ་ལྔ་ཡང་བྱ།། དངོས་པོ་དོན་གྱི་གནས་ལུགས་ལ།། འགལ་འགྲེལ་མེད་དེ་ཕྱོགས་བྲལ་བས།། ལྟ་བ་སྒྲོ་འདོགས་མེད་པའི་ཕྱིར།། ཆེ་ཆུང་བློ་ཡི་རྩལ་ཡིན་པས། ། གཞན་ལ་སྐུར་པ་མི་གདབ་པའི།། སྨྲ་གཅད་དམ་པ་ཐུབ་པར་བྱ།། ཉོན་མོངས་རྣམས་རྟོག་གདུལ་བ་ཡི།། གཉེན་པོ་ཏིང་འཛིན་མཇུག་འདུལ་ལ།། རྟོགས་པ་ངན་པ་ཕྱིར་ལོག་གཡེང།། ལས་ངན་བར་ཆ་མེད་པ་ཡི། ། སྨྲ་གཅད་དམ་བཅའ་ཐུབ་པར་བྱ།། སྟོན་པས་སྒྲོན་མ་གསུངས་པའི་སྒོ།། རྒྱུད་དང་ལུང་དང་མན་ངག་ལ།། གཉེར་གཏད་གདམས་པའི་བཀའ་བརྒྱ་ལ།། སྣོད་ངན་བློ་ངན་བླགས་གཅོད་པའི། ། བར་ཆད་མེད་པར་སྨྲ་གཅད་བྱ།། ངག་གི་བཟླས་པའི་མཆོད་བསྟོད་དང།། རྡོ་རྗེ་ཆུ་ཡི་འོལ་ཀ་ལ།། ཐ་མལ་ཚིག་གིས་མ་ཆོད་པར།། བར་ཆད་མེད་པའི་སྨྲ་གཅད་བྱ།། སེམས་ཉིད་དྲང་པོར་ཐིག་བཏབ་དེ། ། ལུས་ངག་གཞན་དུ་སྤྱོད་པ་ལ།། རྣལ་འབྱོར་གཡེང་བར་མི་འགྱུར་བར།། གྲོགས་ངན་བདུད་དང་མི་ཕྲད་པར།། རྟག་ཏུ་སྨྲ་བཅད་དམ་ཚིག་བྱ།། དེ་ལྟར་ལྡན་པའི་རྣལ་འབྱོར་ལ།། དངོས་གྲུབ་བདུད་ཀྱི་ལག་ཏུ་ནི། ། ནམ་ཡང་འཆོར་བར་མི་འགྱུར་རོ།། དེ་ལྔ་མི་སྲུང་རྣལ་འབྱོར་ནི།། རྣལ་འབྱོར་པ་ཡི་མིང་ཙམ་སྟེ།། མིང་ཙམ་འཛིན་པའི་རྣལ་འབྱོར་ལ།། དངོས་གྲུབ་བདུད་ཀྱི་ལག་ཤོར་བས།། གང་ཡང་མི་འགྲུབ་ངན་སོང་ལྟུང། ། དེ་བས་འདུས་པའི་དགེ་འདུན་གྱིས།། དོན་དེ་ལ་ནི་གནས་པར་བྱའོ།། དེ་ལྟར་དམ་བཅས་བསྲུང་བ་ནི།། འདི་དོན་ཕུན་སུམ་ཚོགས་པ་དང།། ཕྱི་མར་ཞིང་ཁམས་དག་པར་གནས།། དངོས་གྲུབ་ཐམས་ཅད་གྲུབ་པའི་ཕྱིར། ། སྨྲ་གཅད་བྱ་བ་བསྟན་པའི་ལེའུ་སྟེ་རེ་ལྔ་པའོ།།།། དེ་ནས་ཡང་གསོལ་པ། བཅོམ་ལྡན་འདས་རྒྱུད་འདི་གཞུང་དུ་སྒྲུབ་པའི་རྣལ་འབྱོར་པས་དངོས་གྲུབ་ཇི་ལྟར་ཐོབ་པར་འགྱུར། ཞེས་གསོལ་པས། བཅོམ་ལྡན་འདས་ཁྲོ་བོའི་རྒྱལ་པོས་བཀའ་སྩལ་པ། གཞུང་འདི་མ་ནོར་དོན་བསྒྲུབ་པས།། དངོས་གྲུབ་སྐུ་གསུང་ཐུགས་ཐོབ་སྟེ།། འཇམ་དཔལ་དམར་པོའི་སྐུ་སྤྲུལ་པས།། སྐུ་ཡི་དངོས་གྲུབ་ཚེ་དཔག་མེད། ། འཁོར་འདབ་རྒྱས་ཤིང་ལོངས་སྤྱོད་འཕེལ།། འཇམ་དཔལ་དམར་པོའི་གསུང་བསྒྲུབས་པས།། གསུང་གི་དངོས་གྲུབ་གྲགས་པ་སྟེ།། ལེགས་ཤིང་སྙན་པའི་སྒྲ་ཡང་ཐོབ།། འཇམ་དཔལ་དམར་པོའི་ཐུགས་བསྒྲུབས་པས། ། ཤེས་རབ་ཐོགས་མེད་ཡེ་ཤེས་སྐྱེ།། བཅུ་གསུམ་ས་ལམ་བགྲོད་ཐོབ་ནོན།། འཇམ་དཔལ་འཕྲིན་ལས་བསྒྲུབས་པ་ཡིས།། དགྲ་རྣམས་ཐུལ་ཞིང་ཐུབ་པ་མེད།། ཡོན་ཏན་བསམ་པ་ཡིད་བཞིན་འགྲུབ། ། ཅེས་གསུངས་སོ།། དངོས་གྲུབ་འབྲས་བུ་བསྟན་པའི་ལེའུ་སྟེ་རེ་དྲུག་པའོ།།།། དེ་ནས་ཡང་བཀའ་སྩལ་པ། འདི་ནི་སྣོད་པའི་དྲག་སྔགས་ཏེ།། སྨོད་པ་རང་རྒྱུད་རང་ཀ་མ།། གང་ཞིག་ཉོན་མོངས་ཁ་དྲག་པས། ། སྨོད་པའི་སྒྲིབ་པ་མ་དག་ན།། མི་སྙན་མི་ཁ་རྫ་ལྟར་ཀློང།། ཕྱི་མ་ལས་ཀྱི་འབྱུང་པོར་སྐྱེ།། དེ་འཕོས་ན་རག་དམྱལ་ཁམས་མྱོང།། དེ་ཕྱིར་དོན་དང་ལྡན་པར་སྤྱད།། སྒྲིབ་པ་སྦྱང་བ་ཤིན་ཏུ་གཅེས།། སྨོད་པའི་ངན་སྒྲིབ་སྦྱང་བའི་ཕྱིར། ། རྣལ་འབྱོར་ཆེན་པོའི་དོན་འདི་སྦྱར།། བདག་ཉིད་སྔགས་བདག་ཡི་དམ་ལྷ།། ལྕེའི་དཀྱིལ་པདྨའི་དཀྱིལ་འཁོར་ནི།། འདབ་བརྒྱད་ཡི་གེ་ཨཾ་གྱིས་མཚན།། རྡོ་རྗེ་གསུང་གི་རང་བཞིན་འདི། ། འོད་འཕྲོས་རྒྱལ་བ་སེམས་ཅན་གྱི།། གསུང་དང་ངག་གི་ཆེ་བ་བསྡུས།། སྐྱོན་བཅོམ་བདག་གི་ལྕེ་ལ་གཟུང།། རྟག་ཏུ་གོམས་པར་ངག་སྦྱངས་ན།། འཇིག་རྟེན་སྙན་གྲགས་སྒྲ་ཚིག་དང།། ཆོས་ཀྱི་སྒྲ་དང་བདེན་ཚིག་ཉན། ། བརྫུན་དང་ཕྲ་མ་ཚིག་རྩུབ་སོགས།། ངག་གི་སྒྲིབ་པ་ཐམས་ཅད་འབྱང།། དཔེ་ཡི་ཡོན་ཏན་སྙན་གྲགས་འགྱུར།། སྲིད་པ་གསུམ་ལ་དབང་ཆེ་དང།། འཇིག་རྟེན་འདི་ཡི་གྲགས་པ་ཐོབ།། ངག་གི་ཉེས་སྐྱོན་དགག་བྱ་ཞིང། ། དྲི་མ་ཉེས་པ་སྦྱང་བ་དང།། མི་སྙན་སྒྲོགས་པའི་ངག་གནན་དང།། མི་ཁ་གློག་པ་ཀུན་འདུལ་ཕྱིར།། ཏིང་འཛིན་བསམ་གཏན་ལས་འདི་བྱ།། ཞེས་གསུངས་ཏེ། བཅོམ་ལྡན་འདས་དགོངས་པ་ཆོས་ཉིད་ལ་བཞུགས་པར་གྱུར་ཏོ། ། ངག་གིས་སྨོད་པའི་སྒྲིབ་པ་དང་ཉེ་པའི་སྐྱོན་སྦྱོང་བའི་ཁྲུས་ལུང་གི་ལེའུ་སྟེ་རེ་བདུན་པའོ།།།། དེ་ནས་བཅོམ་ལྡན་འདས་ཁྲོ་བོའི་རྒྱལ་པོ་ཡ་མན་ཏ་ཀཱས་འཆི་བདག་རང་བྱུང་དག། གཤིན་རྗེའི་རྒྱལ་པོ་འཁོར་དང་བཅས་པ་ལ་གཏད་ཅིང་གདམས་པ་འདི་བཀའ་སྩལ་ཏོ།། ཀྱེ་ཀྱེ་དྲེགས་པ་ཅན་ཆེན་པོ་རྣམས་ཉོན་ཅིག། དུས་ལྔ་བརྒྱའི་ཐ་མ་ལ་འདི་ནས་བྱང་ཕྱོགས་སུ་བསྟན་པ་དར་བར་འགྱུར་ཏེ། ། དེའི་ཚེ་ལྷ་སྦྱིན་གྱི་ཆ་འཛིན་པས་བསྟན་པ་འཇིག་པ་མང་དུ་འོང་སྟེ། དེའི་ཚེ་བསྟན་པ་གཉན་པོ་བསྲུང་བར་བྱ་དགོས་ཏེ། བསྟན་པ་བསྲུང་བའི་ནང་ན་མཆོག་ནི། འཇམ་དཔལ་གཤིན་རྗེ་དམར་པོ་མི་སྲིང་ལྕམ་དྲལ་ཡིན་ཏེ། དེའི་ཕྱིར་ད་ལྟ་ངས་བཤད་པའི་དྲག་སྔགས་ཀྱི་རྒྱུད་རྣམས་འདི་ཟུང་ཞིག། དུས་དེར་མ་རུ་རྩེའི་རྒྱུད་སྒྲུབ་པ་རྣམས་ཀྱང་དུས་རྟག་ཏུ་དབང་བླང་བར་བྱའོ།། དམ་བསྲེ་བར་བྱ། དམ་ཚིག་བསྲུང་བར་བྱའོ། ། ངག་སྔགས་ཀྱི་རྣལ་འབྱོར་དུ་བྱའོ།། ཡིད་ཆོད་ཉིད་ཀྱི་རྣལ་འབྱོར་དུ་བྱའོ།། བསྒྲལ་བའི་འཕྲིན་ལས་ལ་མཁས་པར་བྱའོ།། བརྩོན་འགྲུས་དང་ལྡན་པར་བྱའོ།། ཏིང་ངེ་འཛིན་དང་མ་བྲལ་བར་བྱའོ། ། རྒྱུད་འདི་ཁྱེད་ལ་གཏད་དོ།། རབ་ཏུ་ཟུང་ཞིག། འདི་བཟུང་བའི་ཡོན་ཏན་རབ་ཏུ་ཆེའོ།། ཞེས་བཀའ་སྩལ་ཏོ།། གདམས་པ་བཞག་པའི་ལེའུ་སྟེ་རེ་བརྒྱད་པའོ།།།། དེ་ནས་ཡང་དེ་དག་གིས་གསོལ་པ། བདུད་ས་འཛིན་གྱི་སྤྲུལ་པ་དང་རིགས་འཛིན་པ། རྡོ་རྗེ་ཐེག་པའི་བསྟན་པ་འཇིག་པ་བསྲུང་བའི་ཕྱིར། དྲེགས་པ་ཅན་རྣམས་ལས་ལ་བཀོལ་ཏེ་ལས་ཀྱི་གཉེར་གཏད་པས། བདུད་ཀྱི་ཆོ་འཕྲུལ་པས་འགྲོལ་བ་གང། བློ་ཕྱིན་ཅི་ལོག་ཏུ་བསྒྱུར་བ་དེ། མཚམས་མེད་པ་ལྔའི་ལས་བྱེད་ཀྱང། དེ་ལ་རང་དབང་མེད་དེ་ཕུར་བར་བྱའོ།། བཅོམ་ལྡན་འདས་རྒྱུད་འདི་ཇི་ལྟར་གཟུང་བར་བྱ། མཚན་བསྟན་དུ་གསོལ།། ཞེས་གསོལ་བ་ལ། ། བཅོམ་ལྡན་འདས་ཁྲོ་བོའི་རྒྱལ་པོས་བཀའ་སྩལ་པ། རྒྱུད་འདི་ནི་རྡོ་རྗེ་ཐེག་པའི་བསྟན་པ་བསྲུང་བའི་ཕྱིར་མཚོན་ཆར་གཟུང་བར་བྱའོ།། རྒྱུད་འདིའི་མཚན་ནི་སྒྲོལ་གིང་དམར་པོ་ཤན་པ་སྤུ་གྲི་རེག་ཆོད་ཀྱི་རྒྱུད་ཅེས་ཀྱང་བྱའོ། ། གནོད་སྦྱིན་ཟླ་གསང་དམར་པོའི་རྒྱུད་ཅེས་ཀྱང་བྱའོ།། གློག་འཕྲེང་དམར་པོ་གནམ་ལྕགས་ཐོག་གི་སྟ་རིའི་རྒྱུད་ཅེས་ཀྱང་བྱའོ།། བསེ་མདུང་དམར་པོའི་དྲག་སྔགས་ཅེས་ཀྱང་བྱའོ། ། དུག་མདའ་ནག་པོའི་སྨོད་སྔགས་ཞེས་ཀྱང་བྱའོ།། མཚོན་ཆ་རྣོན་པོ་ངར་དང་ལྡན་པ་ཐབས་ཀྱི་རྒྱུད་ཅེས་ཀྱང་བྱའོ།། འདི་བཟུང་བ་ནི་རྡོ་རྗེ་ཐེག་པ་འཛིན་ཅིང་སྐྱོང་བའི་རྣལ་འབྱོར་པས། རྡོ་རྗེ་ཐེག་པའི་བསྟན་པ་བསྲུང་བའི་ཕྱིར་མི་སྤང་བར་གཟུང་བར་བྱའོ། ། དེའི་ཕྱིར་ན་རྒྱུད་འདི་ཁྱེད་ལ་གཏད་དོ་ཟུང་ཞིག། ཅེས་གསུངས་སོ།། རྒྱུད་གཏད་ཅིང་གཟུང་བའི་ནན་ཏན་རྒྱུན་དང་བཅས་པ་དུས་གསུམ་དུ་གཏད་པའོ།། དེ་སྐད་ཅེས་གསུངས་པས་བདུད་ཀྱི་བཞིན་ནི་མོག་མོག་པོར་གྱུར་ཏོ། ། འཁོར་རྣམས་ནི་དཔའ་བོའི་མཚོན་ཆ་ཐོག་སྟེ་མི་འཇིགས་པའི་མཁར་དུ་ཞུགས་པར་གོ་ཞིང། ང་རྒྱལ་དྲེགས་པ་བསྙེམས་ནས་བཞིན་དཀར་པོར་གྱུར་ཏོ། ། གསང་བ་རྡོ་རྗེ་ཐེག་པ་པའི་དོན་ལ་ཡང་རབ་ཏུ་དགའ་སྟེ།། བར་ཆད་ཐམས་ཅད་བསྲུང་བར་དམ་བཅས་སོ།། གསུངས་པའི་དོན་ལ་ཡང་རྗེས་སུ་ཡི་རངས་ཏེ་མངོན་པར་བསྟོད་དོ།། རྒྱུད་གཏད་ཅིང་བཟུང་བ་དང་རྗེས་སུ་ཡི་རངས་པའི་ལེའུ་སྟེ་རེ་དགུ་པའོ། །།། དཔལ་གནོད་སྦྱིན་ཟླ་གསང་དམར་པོའི་རྒྱུད། སྒྲོལ་གིང་མ་རུ་རྩེ་ཤན་པ་སྤུ་གྲི་རེག་ཆོད་ཀྱི་རྒྱུད་ཅེས་བྱ་བ། གནམ་ལྕགས་ཐོག་གི་སྟ་རི། བསེ་མདུང་དམར་པོའི་དྲག་སྔགས། དུག་མདའ་ནག་པོ་སྨོད་པའི་མཚོན་ཆ། འཕྲིན་ལས་ཀྱི་མདོ་རྫོགས་སོ།།།། རྒྱ་གར་གྱི་པཎྜི་ཏ་ཤན་ཏིང་གར་བྷ་དང། བོད་ཀྱི་ལོ་ཙ་པ་སྣུབས་སངས་རྒྱས་ཡེ་ཤེས་ཀྱིས་དུར་ཁྲོད་ཆེན་པོ་ཧ་ཆེན་བརྡལ་དུ་བསྒྱུར་ཞིང་ཞུས་ཏེ་གཏན་ལ་ཕབ་པའོ། །།། རྒྱ་གར་སྐད་དུ། ཤྲཱི་བཛྲ་ཡཀྴ་ར་ག་རཀྟ་རཱ་ཛ་ཏནྟྲ་རཱ་ཛ། བོད་སྐད་དུ། དཔལ་རྡོ་རྗེ་གནོད་སྦྱིན་དམར་པོ་མར་ཁྲག་སྐྱུག་གི་རྒྱུད་ཀྱི་རྒྱལ་པོ།

CLOSE WINDOW