CLOSE WINDOW

Gpb043.002: འཕགས་པ་འཇམ་དཔལ་གྱི་ལས་སྣ་ཚོགས་དངོས་གྲུབ་རླུང་ལས་བྱེད་འཁོར་ལོའི་རྒྱུད་ཅེས་བྱ་བ
Wylie

ཨརྱ་མཉྫུ་ཤྲཱི་བི་ཤ་སིདྡྷི་བཱ་ཡཾ་བེ་ཀརྨཱ་ཙཀྲ་ཏན་ཏྲ་ནཱ་མ། བོད་སྐད་དུ། འཕགས་པ་འཇམ་དཔལ་གྱི་ལས་སྣ་ཚོགས་དངོས་གྲུབ་རླུང་ལས་བྱེད་འཁོར་ལོའི་རྒྱུད་ཅེས་བྱ་བ། བཅོམ་ལྡན་འདས་འཇམ་དཔལ་གཤིན་རྗེ་གཤེད་ལ་ཕྱག་འཚལ་ལོ། ། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། སྔོན་འདས་པའི་དུས་མ་བྱུང་བའི་སྔོན་རོལ་ན། ཆོས་སྐུ་ཐིག་ལེ་ཉག་གཅིག་སྤྲོས་པ་ཐམས་ཅད་དང་བྲལ་ཞིང། རང་བཞིན་གྱིས་རྣམ་པར་དག་པའི་ངང་ལས་མ་གཡོས་བཞིན་དུ། འཕགས་པ་འཇམ་དཔལ་ལོངས་སྤྱོད་རྫོགས་པའི་སྐུར་བཞེངས་ནས། ཉིད་ཀྱི་སྐུ་གསུང་ཐུགས་ལས་བྱུང་བའི་ཡོན་ཏན་སྤྲོས་པ་ནི། འཇམ་དཔལ་རྡོ་རྗེ་དང། རིན་ཆེན་དང། པདྨ་དང། ཀརྨ་དང། དེ་བཞིན་གཤེགས་པ་སྟེ། ཡེ་ཤེས་ལྔ་ལྡན་གྱི་འཁོར་ཚོམ་བུ་ཉི་ཤུ་རྩ་ལྔ་ལ་སོགས་པ་བསམ་གྱིས་མི་ཁྱབ་པའི་འཁོར་མང་པོ་སྤྲུལ་ཞིང།། ལོངས་སྤྱོད་ལྔ་ལྡན་གྱི་འཁོར་གྱིས་བསྐོར་ནས། འཇམ་དཔལ་སྤྲོས་བྲལ་གྱིས་རྒྱས་བཏབ་ནས། མི་རྟོག་པའི་ཡེ་ཤེས་ཀྱི་དབྱིངས་སུ་གནས་སོ།། རླུང་ལས་བྱེད་འཁོར་ལོའི་རྒྱུད་ལས། འདས་པ་སྔོན་བྱུང་གི་ལེའུ་སྟེ་དང་པོའོ། །།། སྐུའི་སྤྲུལ་པའི་གླེང་གཞི་བསྟན་པ་ནི། དེའི་ཚེ་དེའི་དུས་ན་རི་རབ་ཀྱི་འོག། གསེར་གྱི་ས་གཞི་སྤྲིས་མ་ཆགས་པའི་འོག། ཆུའི་དཀྱིལ་འཁོར་གྱི་ཡང་འོག་རླུང་གི་དཀྱིལ་འཁོར་གྱིས་མས་བཏེག་པའི་སྟེང། འབྱུང་བའི་རླུང་ལྔ་འཚུབས་པའི་དཀྱིལ་དུ། འཇམ་དཔལ་ཏིང་ངེ་འཛིན་གྱི་ནུས་མཐུ་ལས་ལྕགས་ཀྱི་ཁང་པ་ལྔ་རུ་ཆགས། དེ་ལ་དབུས་ཀྱི་ཁང་པ་སྣང་ལ་རང་བཞིན་མེད་པ་མཐིང་ཁའི་དབུས་སུ། སྲིད་པ་ལས་ཀྱི་གཤིན་རྗེ་ཞེས་བྱ་བ། ལྟོ་ན་སྲིད་པ་གསུམ་གནས་པ། སྣང་ཞིང་སྲིད་པ་ལ་དབང་བསྒྱུར་བ། ཞལ་གཅིག་ཕྱག་གཉིས་པ། གཡས་པ་བེ་ཅོན་སྟ་གྲིས་འཁོར་བའི་རྣམ་རྟོག་འཇོམས་ཤིང་བདག་འཛིན་གཅོད་པ། གཡོན་པ་རེ་འདོད་སྐོང་ཞིང་ངན་སོང་སྦྱོང་བའི་རླུང་རྐྱལ་ཐོགས་པ། སྙིང་ཁ་ན་དོན་དམ་ཐུགས་ཀྱི་འཁོར་ལོ་གནས་པ། རལ་པ་མུན་ཛའི་ཅོད་པན་སྤྲིན་ལྟར་འཐིབས་པས་འགྲོ་དོན་ཕྱོགས་མེད་དུ་མཛད་པ། ཞལ་ནས་ཡཾ་ཧྲི་གི་སྒྲ་བརྗོད་པས། སྣང་སྲིད་ཀྱི་དྲེགས་པ་ཕོ་མོ་ཐམས་ཅད་བཀའ་ལ་ཉན་པ། དེའི་སྤྲུལ་པ་ཡུམ་རོ་ལངས་གཏུམ་མོ་གཡོན་ནས་འཁྲིལ་བ། ཕྱག་གཡས་ཡབ་ཀྱི་ཐུགས་དམ་བསྐུལ་བའི་འཁོར་ལོ་བསྣམས་པ། གཡོན་པ་བསྒྲུབ་བྱ་འགུགས་པའི་ལྕགས་ཀྱུ་ཐོགས་པ། སྐུ་གསུམ་ཁ་ནས་འགྱེད་པ། ཧཱུ~ཾ་སྒྲ་ཞལ་ནས་བརྗོད་པ། སྣང་སྲིད་ཀྱི་དྲེགས་པ་ཕོ་མོ་ཐམས་ཅད་དབང་དུ་སྡུད་པ། ཡབ་ཡུམ་གཉིས་སུ་མེད་པའི་སྲས་རླུང་ལྷ་ཆེན་པོས་སྐྱེ་འགྲོའི་རེ་བ་སྐོང་ཞིང་རླུང་ལ་དབང་སྒྱུར་བ། ། ཤ་བ་ལ་ཞོན་པ་རླུང་གི་བ་དན་དང་སྟ་གྲི་ཐོགས་ནས་སྣང་སྲིད་ལ་དབང་སྒྱུར་རོ།། དེའི་ཡུམ་རྣ་ཉན་སྨྲ་མཁན་མས་གསང་སྔགས་ཐམས་ཅད་ཀྱི་ནུས་པ་འབྱིན་ནོ། ། བུ་གཟོང་བུ་མཆུས་གང་ལྟར་བསྔགས་པའི་ལས་དེ་འགྲུབ་བོ།། གཞན་ཡང་སྣང་སྲིད་དྲེགས་ཚོགས་ཀྱིས་བསྐོར་ནས་གནས་སོ།། དེ་རྣམས་ཀྱི་རང་བཞིན་ཡང་ཅིར་སྣང་ལ་རྟགས་ན་ཅིར་ཡང་མ་གྲུབ་པའོ། ། ལྕགས་མཁར་ཤར་ན་ནད་གདོན་ཞི་བྱེད་ཀྱི་འཁོར་ལོ་གནས་སོ།། ལྕགས་མཁར་ལྷོ་ན་ཚེ་ནོར་རྒྱས་ཕྱེད་ཀྱི་འཁོར་ལོ་གནས་སོ།། ལྕགས་མཁར་ནུབ་ན་ཁམས་གསུམ་དབང་སྡུད་ཀྱི་འཁོར་ལོ་གནས་སོ། ། བྱང་ན་དགྲ་བགེགས་འདུལ་བྱེད་ཀྱི་འཁོར་ལོ་གནས་སོ།། དེ་ནས་གསང་བདག་གིས་ཆོ་འཕྲུལ་དེ་དག་གཟིགས་ནས། གསང་བདག་གིས་འཇམ་དཔལ་ལ་བཏུད་དེ་ཞུས་པ། ཨེ་མ་ཧོ་འཇིགས་བྱེད་ཆེན་པོ་ལགས། ། ཆོ་འཕྲུལ་ཆེན་པོ་འདི་འདྲ་ནི།། རྒྱུ་རྐྱེན་ཇི་ལྟར་བུ་ལས་གྲུབ།། ཡོན་ཏན་འཕྲིན་ལས་གང་ལས་གྱུར།། བདག་ཅག་རྣམས་ལ་བཤད་དུ་གསོལ།། ཞེས་ཞུས་སོ།། རླུང་ལས་བྱེད་འཁོར་ལོའི་རྒྱུད་ལས། གསང་བདག་གིས་གླེང་བསླངས་པའི་ལེའུ་སྟེ་གཉིས་པའོ།།།། དེ་ནས་འཕགས་པ་འཇམ་དཔལ་ཆོས་ཀྱི་དབྱིངས་ལས་རྣལ་སད་དེ། འབར་བ་གཤིན་རྗེའི་སྐུར་བསྟན་ནས། འཇིགས་བྱེད་ཆེན་པོས་བཀའ་སྩལ་པ། ། ཉོན་ཅིག་དཔལ་ལྡན་རྡོ་རྗེ་འཆང།། ཆོ་འཕྲུལ་སྒྱུ་ནི་ལས་ཀྱི་རླུང།། ཆོ་འཕྲུལ་རྐྱེན་ནི་བདག་གིས་སོ།། ཡོན་ཏན་བརྗོད་ཀྱིས་མི་ལང་སྟེ།། འཕྲིན་ལས་སྣ་ཚོགས་འཁོར་ལོ་སྒྱུར།། བསྐལ་པ་སྟོང་དུ་འགྲོ་དོན་མཛད། ། རླུང་ལས་གྲུབ་པའི་མཐུ་རྩལ་ཅན།། ཐོགས་པ་མེད་པར་ལོག་རྟོག་རྣམས།། གཅོད་པར་བྱེད་པའི་འཁོར་ལོ་ཡིན།། ཞེས་གསུངས་སོ།། དེ་ནས་རྡོ་རྗེ་འཆང་ཆེན་པོས། རྒྱུད་ཀྱི་དོན་རྒྱས་པར་ཞུས་པ། ཨེ་མ་ཧོ། སྤྲུལ་པའི་སྐུ་དེ་སྐུ་ཡི་མཆོག། སྤྲུལ་པའི་འཁོར་ལོ་སྣ་ཚོགས་འཆང།། ཆོས་ཀུན་ངོ་བོ་ཉིད་འཆང་བ།། འཕྲིན་ལས་སྣ་ཚོགས་འཁོར་ལོ་སྒྱུར།། ཐུགས་རྗེ་ཆེན་པོའི་བྱིན་བརླབས་ཀྱིས།། སྟོན་པའི་བསྟན་པ་དུས་གསུམ་དུ། ། སྐྱོང་ཞིང་སྲུང་བར་བྱེད་པ་ལ།། ལྟ་སྤྱོད་འབྲས་བུ་དབང་དམ་ཚིག། ལྷ་སྔགས་འཕྲིན་ལས་ཁྱད་པར་དང།། ངོ་བོ་ངེས་ཚིག་དབྱེ་བ་རྣམས།། འཇིགས་བྱེད་ཆེན་པོས་བཤད་དུ་གསོལ།། ཞེས་གསུངས་སོ། ། འཇིགས་བྱེད་ཆེན་པོས་བཀའ་སྩལ་པ།། ཉོན་ཅིག་འཇིག་རྟེན་གསུམ་ལས་རྒྱལ།། ལས་བྱེད་རླུང་གི་འཁོར་ལོའི་རྒྱུད།། ལྟ་བའི་ཁྱད་པར་བསྟན་པ་ནི།། ཡོ་ག་རྣམ་པ་གསུམ་དུ་བསྟན།། གཟུགས་སྣང་སྒྲ་གྲགས་སེམས་རྟོག་ཀུན། ། གཤེད་པོ་གཙོ་འཁོར་སྐུ་གསུང་ཐུགས།། ཀུན་རྫོབ་འཁོར་ལོ་ཐབས་སུ་ལྟ།། དོན་དམ་རང་བཞིན་མེད་པར་ལྟ།། ཐབས་དང་ཤེས་རབ་དབྱེར་མེད་དུ།། རྣལ་འབྱོར་མ་ཧཱ་ཡོ་གར་ལྟ། ། གཤེད་པོ་སྐུ་འཁོར་ཀུན་རྫོབ་སྟེ།། དོན་དམ་སྤྲོས་བྲལ་ཆོས་ཀྱི་དབྱིངས།། རང་རིག་ཡེ་ཤེས་གཉིས་མེད་དུ།། ཤིན་ཏུ་རྫོགས་པ་རྣལ་འབྱོར་ལྟ།། གཤིན་རྗེ་གཤེད་པོ་གཙོ་འཁོར་ཏེ།། རང་འབྱུང་ཡེ་ཤེས་རོལ་པའི་སྐུ། ། ལོངས་སྤྱོད་རང་ལ་རྫོགས་པའི་རྐྱེན།། ཡོན་ཏན་ཐམས་ཅད་འབྱུང་བའི་རྟེན།། རང་འབྱུང་ལྷུན་གྱིས་གྲུབ་པའི་སྐུ།། རྫོགས་པ་ཆེན་པོའི་རྣལ་འབྱོར་ལྟ།། ཀུན་རྫོབ་ལྟ་བའི་འཁོར་ལོ་བཞི། ། དམིགས་པ་རྟེན་གྱི་འཁོར་ལོ་ནི།། རས་ཤོག་དག་ལ་བྲི་བའོ།། དམ་ཚིག་སེམས་དཔའི་འཁོར་ལོ་ནི།། མ་ཡེངས་ཏིང་འཛིན་བརྟན་པ་དང།། སེམས་ཉིད་ལས་སུ་རུང་བའོ།། རང་བཞིན་གྲུབ་པའི་འཁོར་ལོ་ནི། ། ཆོས་ཀྱི་དབྱིངས་ལས་མ་གཡོས་བཞིན།། ལོངས་སྤྱོད་རྫོགས་པའི་སྐུར་སྣང་བའོ།། ལས་ལས་གྲུབ་པའི་འཁོར་ལོ་ནི།། ངར་འཛིན་ས་བོན་རྩུབ་མོ་ཡིས།། ཆོས་ཉིད་མ་རྟོགས་འཛིན་པས་སྒྲིབས།། ལས་རླུང་ལས་གྲུབ་དྲེགས་པ་ཅན། ། ང་དང་བདག་ཏུ་འཛིན་པའོ།། རླུང་ལས་བྱེད་འཁོར་ལོའི་རྒྱུད་ལས། ལྟ་བ་བསྟན་པའི་ལེའུ་སྟེ་གསུམ་པའོ།།།། ཉོན་ཅིག་གདུལ་དཀའ་གདུལ་བ་པོ།། རླུང་ཆེན་འཁོར་ལོའི་སྤྱོད་པ་ནི། ། ཀུན་རྫོབ་ལྷ་ཡི་སྐུ་གསུང་ཐུགས།། ཡོན་ཏན་འཕྲིན་ལས་རྣམ་པ་ལྔ།། ཁྱད་པར་ཐབས་ཀྱི་སྦྱོར་སྒྲོལ་རྣམས།། དོན་དམ་རང་བཞིན་མེད་པས་ན།། ཐབས་དང་ཤེས་རབ་གཉིས་མེད་སྦྱོང།། ཤིན་ཏུ་རྣལ་འབྱོར་སྤྱོད་པ་ནི། ། ཀུན་རྫོབ་ལྷ་ཡི་འཁོར་ལོ་སྟེ།། དོན་དམ་རྣམ་དག་ཆོས་ཀྱི་དབྱིངས།། རིག་པའི་ཡེ་ཤེས་གཉིས་མེད་པས།། དབྱིངས་ལ་ཡེ་ཤས་རོལ་པར་སྤྱོད།། རྫོགས་པ་ཆེན་པོའི་སྤྱོད་པ་ནི།། ཀུན་རྫོབ་ལྔ་ཡི་འཁོར་ལོ་སྟེ། ། རང་འབྱུང་ཡེ་ཤེས་གཉིས་མེད་པས།། མ་རྩལ་མཉམ་པ་ཉིད་དུ་གནས། མ་ཆགས་དགག་བསྒྲུབ་མེད་པར་སྤྱོད།། རླུང་ལས་བྱེད་འཁོར་ལོའི་རྒྱུད་ལས། སྤྱོད་པ་བསྟན་པའི་ལེའུ་སྟེ་བཞི་པའོ། །།། དེ་ནས་དཔལ་ལྡན་རྡོ་རྗེ་འཆང།། སྤྲོས་བྲལ་ཆོས་ཉིད་ལྟས་བྱས་ནས།། མ་ཆགས་དགག་བསྒྲུབ་མེད་པ་ཡིས།། འབྲས་བུ་རང་སྣང་དབྱེར་མེད་པའི།། བདེ་ཆེན་རླུང་གི་འཁོར་ལོ་ཐོག། རླུང་ལས་བྱེད་འཁོར་ལོའི་རྒྱུད་ལས། འབྲས་བུ་བསྟན་པའི་ལེའུ་སྟེ་ལྔ་པའོ།།།། དེ་ནས་དཔལ་ལྡན་རྡོ་རྗེ་འཆང།། རླུང་འཁོར་དབང་ལ་གཉིས་ཡིན་ཏེ།། ཐུན་མོང་ཐུགས་རྗེའི་དབང་དང་ནི།། ཁྱད་པར་ཡེ་ཤེས་དབང་ཡིན་ནོ། ། ཐུན་མོང་དབང་ལ་རྣམ་པ་བཞི།། དགྲ་བགེགས་ཞི་བྱེད་དབང་བསྐུར་ན།། ས་ཕྱོགས་ཟླ་བ་ཉ་ལྟ་བུར།། མཎྜལ་བྱི་དོར་བྱས་པ་ལ།། ཙན་དན་དག་གིས་ཆག་ཆག་གདབ།། ཏ་ལའི་ཤིང་ལ་དགྲ་བགེགས་གཟུགས། ། མཎྜལ་ལ་གནས་ཏིང་འཛིན་བསྟིམ།། སྙིང་རྗེས་གཟུང་ལ་གསོལ་བ་གདབ།། དཀར་གཏོར་བྱིན་ལ་སྔགས་འདི་བཟླས།། ཨོཾ་ཧྲིཿཥྟཱིཿབི་ཀྲི་ཏཱ་ན་ན་ཆེ་གེ་མོ་ཤནྟི་ཀུ་རུ་ཡེ་སྭཱཧཱ། དེ་རྗེས་ཞི་བྱེད་འཁོར་ལོ་བསྐོར། ། ནད་གནོད་སྡིག་སྒྲིབ་ཞི་བར་འགྱུར།། བསོད་ནམས་རྒྱས་བསྐྱེད་དབང་བསྐུར་ན།། རིན་ཆེན་གསེར་ཡོད་ས་ཕྱོགས་སུ།། མཎྜལ་གུར་ཀུམ་ཆག་ཆག་གདབ།། རྡོ་རྗེ་ཚེ་ཡི་བུམ་པ་ལ།། ཏ་ལའི་བྱང་བུ་འདོད་གསོལ་གདབ། ། མཎྜལ་ལ་གནས་དམིགས་པས་བསྟིམ།། ཡིད་བཞིན་གཏེར་གྱི་དགོངས་པ་ཡིས།། ཨོཾ་ཧྲིཿཥྟཱིཿབི་ཀྲྀ་ཏཱ་ན་ན་པུ་ཏྲ་ཨཱ་ཡུ་ཛྙཱ་ན་ཚེ་ཨ་པར་ན་ཨ་བྷྲུཾ་སྭཱཧཱ། རྗེས་ལ་འདོད་པའི་དངོས་གྲུབ་བླང། ། དེ་རྗེས་རྒྱས་པའི་འཁོར་ལོ་བསྐོར།། ཁམས་གསུམ་དབང་སྡུད་དབང་བསྐུར་ན།། ས་ཕྱོགས་པད་གླིང་དམར་པོ་རུ།། དཀྱིལ་འཁོར་སིན་དྷུ་ར་ཡིས་བྱུག། ས་དམར་ཟླ་ཁཾ་ལིང་ག་ལ།། བྱང་ཆུབ་ཆགས་པས་འདོད་པ་བྲི། ། མཎྜལ་ལ་གནས་དམིགས་པས་བསྟིམ།། བསྟན་པ་ཐོབ་ནས་གསང་སྔགས་བཟླས།། ཁམས་གསུམ་དབང་སྡུད་དགོངགས་པ་ཡིས།། ཨོཾ་ཧྲིཥྟཱིཿབི་ཀྲྀ་ཏཱ་ན་ན་ཆེ་གེ་མོ་པ་ཤཾ་ཀུ་རུ་ཎི་ཛ་ཧྲིམ་ཧྲིཾ། དེ་རྗེས་དབང་སྡུད་འཁོར་ལོ་བསྐོར། ། དགྲ་བགེགས་ཚར་གཅོད་དབང་བསྐུར་ན།། ས་ཕྱོགས་ནག་པོ་གྲུ་གསུམ་དུ།། མཎྜིལ་དུག་ཁྲག་ཆག་ཆག་གདབ།། ཞིང་རས་གཤེད་པོའི་གཟུགས་བྲིས་ལ།། མཎྜལ་སྟེང་དུ་དམིགས་པས་བསྟིམ། ། སྟག་མོ་གྲུས་མའི་བསམ་པ་ཡིས།། གསང་སྔགས་བཟླས་ཤིང་བྱུག་པ་བྱ།། ཨོཾ་ཧྲིཥྟཱིཿབི་ཀྲྀ་ཏཱ་ན་ན་ཡ་ཨ་ཧྲི། མ་ཨེ་ཏི་ཧུར་ཐུམས་རྦད། དེ་རྗེས་དྲག་པོའི་འཁོར་ལོ་བསྐོར།། དྲག་པོས་གཏུམ་པོ་ཚར་གཅོད་འགྱུར། ། གང་མོས་དད་པས་གདུངས་པ་ལ།། ཐུན་མོང་སྙིང་རྗེས་སྐྱོབ་པར་ངེས།། ཁྱད་པར་ཡེ་ཤེས་དབང་ལ་གསུམ།། ཕྱི་དང་ནང་དང་གསང་བའོ།། རིམ་པར་ཐབས་ཀྱིས་རྫོགས་པ་ནི།། ཤེས་རབ་བློ་དང་ལྡན་པས་བསྐུར། ། དེ་ལ་ཕྱི་ཡི་དབང་བསྐུར་ནི།། གསང་མཆོག་རླུང་གི་འཁོར་ལོ་ཡིས།། གཤིན་རྗེའི་ལྷ་ངོ་བསྟན་བྱ་སྟེ།། ཐུན་མོང་རྫས་ཀྱི་དབང་བསྐུར་ལ།། ཕྱིར་མི་ལྡོག་པར་བློ་བསྟན་བྱ།། ནང་དབང་ཆེན་པོ་བསྐུར་བ་ནི། ། འཁོར་ལོའམ་ནི་སྣོད་ལྡན་དེའི།། ལུས་ངག་ཡིད་ནི་རྣམ་པ་གསུམ།། འཇམ་དཔལ་གཤིན་རྗེའི་སྐུ་གསུང་ཐུགས།། ཡོན་ཏན་འཕྲིན་ལས་མཉམ་སྦྱོར་བ།། རང་དབང་ཐོབ་པར་བསྐུར་བར་བྱ།། ཨོཾ་ན་མ:སརྦ་ཏ་ཐཱ་ག་ཏ་ཤྲཱི་ཡ་མནྟ་ཀ་ཀཱ་ཡ་བཛྲ་སྭ་བྷཱ་བ་ཨཏྤ་ཀོུ྅་ཧཾ། སྐུ་དང་དབྱེར་མེད་པའོ།། ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་ཤྲཱི་ཡ་མཱནྟ་ཀ་བཱ་ཀ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོུ྅་ཧཾ། གསུང་དང་དབྱེར་མེད་པའོ།། ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་ཤྲཱི་ཡ་མནྟ་ཀ་ཙིཏྟ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོུ྅་ཧཾ། ཐུགས་དང་དབྱེར་མེད་པའོ།། ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་ཤྲཱི་ཡ་མནྟ་ཀ་ཨ་ནུ་ར་ག་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོུ྅་ཧཾ། ཡོན་ཏན་དང་དབྱེར་མེད་པའོ།། ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་ཤྲཱི་ཡ་མནྟ་ཀ་ཀརྨ་བཛྲ་སྭ་བྷཱ་བ་ཨཏྨ་ཀཽ྅་ཧཾ། འཕྲིན་ལས་དང་དབྱེར་མེད་པའོ།། ཡེ་ཤེས་ལྔ་རུ་དབང་བསྐུར་བ། ཨོཾ་མ་ཧ་ཨོཾ་སྭ་ཨོཾ་ཧཱཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོུ྅་ཧཾ། ཞེས་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ལྔ། ། རིགས་ལྔ་ཡེ་ཤེས་དང་དབྱེར་མེད་པར་བསྐུར་རོ།། གསང་བའི་དབང་ཆེན་བསྐུར་བ་ནི།། བདག་ཉིད་ལྷ་ཡི་སྐུ་གསུང་ཐུགས།། རང་སེམས་སྙིང་པོར་ཤེས་བྱ་སྟེ།། སེམས་ཉིད་མ་བཅོས་ཀློང་གྱུར་པ། ། སེམས་ལ་རང་དབང་ཐོབ་པར་བསྐུར།། ཉི་ཟླ་གཉིས་པའི་མེ་ལོང་བཅས།། སྲིད་པའི་དཔེ་དང་གོ་འབྱེད་བདའ།། སེམས་ལ་དབང་བའི་དབང་རྟགས་སྦྱིན།། རླུང་ལས་བྱེད་འཁོར་ལོའི་རྒྱུད་ལས། དབང་གི་ཁྱད་པར་བསྟན་པའི་ལེའུ་སྟེ་དྲུག་པའོ།།།། དེ་ནས་དཔལ་ལྡན་རྡོ་རྗེ་འཆང།། དམ་ཚིག་ཐུན་མོང་ཁྱད་པར་གཉིས།། བླ་མ་གཙུག་གི་ནོར་ལྟར་བཀུར།། ངག་གི་ལས་སུ་གསང་སྔགས་བགྲང།། གསང་ཚིག་གཞན་ལ་མི་སྨྲ་ཞིང། ། མཉམ་པའི་དོན་ལ་མ་ཡེངས་བྱ།། སྐུ་གསུང་ཐུགས་ཀྱི་དམ་ཚིག་གོ། ཁྱད་པར་དམ་ཚིག་འདི་དག་གོ། བདག་ཉིད་ལྷ་མཆོག་རྣམ་པ་ལས།། བདག་འཛིན་ཞེན་པ་སྤང་བྱ་སྟེ།། ལྟ་བ་སྤྱོད་པ་གཉིས་མེད་པའི། ། སྣང་སྟོང་དབྱེར་མེད་འཁོར་ལོར་བསྟིམ།། སེམས་ཉིད་འདི་ལ་བདེ་ཆེན་བསྐོར།། རླུང་ལས་བྱེད་འཁོར་ལོའི་རྒྱུད་ལས། དམ་ཚིག་བསྟན་པའི་ལེའུ་སྟེ་བདུན་པའོ།།།། རྡོ་རྗེ་དབང་ཕྱུག་གསང་བའི་རྒྱལ། ། ལྷ་ཡི་སྒྲུབ་ཐབས་ཁྱད་པར་ནི།། ཤེས་རབ་ཏིང་འཛིན་སྟོབས་འཆང་བས།། ནོར་བུ་རིན་ཆེན་ཡོན་ཏན་བཞིན།། རང་ལས་བྱུང་ཞིང་རང་ལས་སྤྱོད།། ཐུན་མོང་ལྷ་ཡི་འཁོར་ལོ་ཡང།། ཁྱད་པར་ཐབས་ཀྱི་རིམ་པ་ཡིན། ། དངོས་གྲུབ་རྣམ་གསུམ་དུ་བཤད།། བསྐྱེད་རིམ་རྫོགས་རིམ་རྫོགས་ཆེན་གསུམ།། བསྐྱེད་པ་ཐབས་ཀྱི་བསྒྲུབ་པ་ནི།། རང་བཞིན་འཁོར་ལོ་དམིགས་པའི་རྟེན།། རྫས་ཀྱི་འཁོར་ལོ་ལ་རྟེན་ནས། ། ཏིང་འཛིན་འཁོར་ལོ་རིམ་པས་བསྐྱེད།། བདག་ཉིད་ལྷ་ཡི་སྐུར་གསལ་ནས།། དམིགས་བྱ་རྡོ་རྗེར་འགྱུར་བ་སྟེ།། འཕྲིན་ལས་གདུལ་བྱའི་དོན་ལ་སྦྱར།། མི་བསྐྱེད་རྫོགས་པའི་ལྷ་སྒྲུབ་ནི།། ལས་དང་ཡེ་ཤེས་དམིགས་པའི་རྟེན། ། རིས་སུ་བྲིས་པའི་འཁོར་ལོ་ཡང།། སྙིང་པོ་ཚིག་ཙམ་དྲན་ཙམ་གྱིས།། ཆུ་ལ་ཆུ་བུར་ལྟ་བུའམ།། ཆུ་ཟླའི་ཚུལ་དུ་རྫོགས་པར་བསྐྱེད།། རྟག་ཏུ་དེར་གནས་རྣལ་འབྱོར་དེས།། འཕྲིན་ལས་གདུལ་བྱའི་དོན་དང་སྦྱར། ། ཡེ་ནས་ལྷུན་གྱིས་གྲུབ་པ་ནི།། ཡོ་བྱད་ནོར་བུ་གཏེར་འཆང་བས།། སེམས་ཉིད་ལྷ་ཡི་སྐུ་གསུང་ཐུགས།། རང་ལས་བྱུང་ཞིང་བཙལ་དུ་མེད།། ཐིག་ལེ་ཉག་གཅིག་སྣང་བ་ལ།། བསམ་གྱིས་མི་ཁྱབ་གཅིག་གི་ངང། ། མི་སྟོང་འཛིན་པ་དངོས་གྲུབ་ཡིན།། རང་ལས་བྱུང་བར་ཤེས་པས་ན།། མཆོག་དང་ཐུན་མོང་གཉིས་ཀར་རྫོགས།། རླུང་ལས་བྱེད་འཁོར་ལོའི་རྒྱུད་ལས། ལྷ་སྒྲུབ་ཐབས་ཀྱི་རིམ་པའི་ལེའུ་སྟེ་བརྒྱད་པའོ། །།། དེ་ནས་དཔལ་ལྡན་རྡོ་རྗེ་འཆང།། གསང་སྔགས་རིམ་པ་འདི་ལྟ་སྟེ།། ནོར་བུ་དགོས་འདོད་སྐོང་བ་ལྟར།། བཀུར་སྟི་རིམ་གྲོ་ཆེར་བྱས་ན།། ནོར་བུ་ཡོན་ཏན་རྒྱས་པར་འགྱུར།། གསང་སྔགས་འཛིན་པའི་སྐྱེས་བུས་ཀྱང། ། དབང་དང་དམ་ཚིག་ལྡན་བྱས་ཏེ།། གསང་སྔགས་འཁོར་ལོ་བསྐོར་བྱས་ན།། དངོས་གྲུབ་མྱུར་བ་ཉིད་དུ་འགྱུར།། གང་དམིགས་དེ་གྲུབ་གདོན་མི་ཟ།། ཨོཾ་ཨཱཿཧཱུ~ཾ། སྐུ་གསུང་ཐུགས་ཀྱི་སྙིང་པོའོ། ། མུཾ། ཅིར་ཡང་འགྱུར་བ་གཙོ་བོ་ཐུགས་སྙིང་པོའོ།། ཨོཾ་ཝཱ་གཱི་ཤྭ་རི་མུཾ། རྩིབས་དྲུག་སྟོང་ཉིད་རང་སྒྲའི་སྔགས།། ཐབས་ཤེས་རབ་གཉིས་སུ་མེད་པའི་རྩིབས་མཆན་དྲུག་གིའོ། ། ཀ་ཁ་ག་གྷ་ང། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ཝ་ར་ལ་ཤ། ཥ་ས་ཧ་ཥྟ། ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཻ། ཨོ་ཨཽ། ཨཾ་ཨཱཿ་རྩ་བ་རིག་པའི་སྔགས་འཁོར་ལོ་ཐམས་ཅད་ཀྱི་མུ་ཁྱུད་ཕྱི་ནང་ལའོ། ། དོན་དམ་ཐུགས་ཀྱི་འཁོར་ལོའི་སྔགས་དྲུག་ཅུ་རེ་དྲུག་པའོ།། ཕོ་འཁོར་ཡབ་ཀྱི་སྔགས་འདིའོ།། ཨོཾ་ཨཱཿཧཱུ~ཾ། གནས་གསུམ་དུ་བྲིའོ།། ཡཾ། སྲོག་འབྲུ་གཅིག་པ་སྙིང་ཁར་བྲི། ། ཡཾ་ཡཾ་ཡ་ཏྲི། རླུང་ལྷའི་སྔགས་སོ།། མཾ་མཾ་མ་ཏྲི། རླུང་ལྷ་ཡུམ་གྱི་སྔགས་སོ།། ར་ཙ་སུ་རུ་སུ་རུ་བུའོ།། མ་མ་ཏྲག་སུ་ཏྲ་མཱ་ར་ཡ་ཕཊ། ཡབ་ཡུམ་སྲས་གསུམ་དྲིལ་བའོ།། དེའི་འཁོར་ཡུག་ལ་གོང་གི་ལྟར་གསལ་བྱེད་དབྱངས་ཡིག་བྲི། དེའི་ཕྱི་རིམ་སྔགས་འདི་ནི་ལས་ཀུན་བྱེད་པའི་དམ་པའོ།། ཨོཾ་ཤནྟི་ཀ་རི་ནི་བྲུཾ། ཨོཾ་ཀུ་སུ་མ་མ་ལི་བྷི་ཧཱུ~ཾ་ཛ། ཨོཾ་བཛྲ་ཀུ་བ་ཛི་ཀཾ། ཧཱུ~ཾ་བྷེ་ཋ་ཋ་ཋ། ཨོཾ་གྲོ་ཀེ་མ་ཀྲི་ཏེ་ཆེ་མོ་ལས་མཐའ་བྲི། ཀ་ཀན་དྷ་ཡཱ་ཀན་དྷ་ཡཱཿཁ་ཁ་ཁ་ཧི་ཁ་ཧི། ག་གར་ཛ་ཡ་གར་ཛ་ཡ།། གྷ་གྷན་དྷ་ཡ་གྷན་དྷ་ཡ། ཙ་ཙལ་ཡཱ་ཙ་ལ་ཡ། ཚ་ཚན་དྷ་ཡ་ཚན་དྷ་ཡ། ཛ་ཛཾ་བྷ་ཡ་ཛཾ་བྷ་ཡཱ། ཛྷ་ཛྷ་ད་ཡེ་ཛྷ་ད་ཡ། ཊ་ཊ་ལ་ཡ་ཊ་ལ་ཡ། ཋ་ཋ་ག་ཡ་ཋ་ག་ཡ། ཌ་ཌ་མ་བྷ་ཡ་ཌ་མ་བྷ་ལ་ཡཱ། ཌྷ་ཌྷ་ཀ་ཡ་ཌྷ་ཀ་ཡ། ཎ་ཎེ་ཚུར་ཎ་ཡ་ཎེ་ཚུར་ཡ། ཏ་ཏཾ་པ་ཡ་ཏཾ་བ་ཡཱ། ཐ་ཐཾ་པ་ཡ་ཐཾ་པ་ཡ། ད་ད་ར་ཡ་ད་ར་ཡ། དྷ་དྷ་ར་ར་ཡ་དྷ་ར་ཡཱ། ན་ནཱ་ཤ་ཡཱ་ནཱ་ཤ་ཡཱ། པ་པན་དྷ་ཡཱ་པ་ན་དྷ་ཡཱ། ཕ་ཕན་ཏ་ཡ་ཕན་ཏ་ཡ། བ་བན་ད་ཡ་བན་དྷ་ཡ། བྷ་བྷེ་ད་ཡ་བྷེ་ད་ཡ། མ་མཱ་ར་ཡ་མཱ་ར་ཡཱ། ཡོ་ཏ་ཡ་ཡོ་ཏ་ཡ། ར་རོ་དྷ་ཡ་རོ་དྷ་ཡ། ལ་ལཾ་པ་ཡ་ལཾ་པ་ཡཱ། ཝ་བྷ་ཡཱ་ཝ་བྷ་ཡ། ཤ་ཤོ་ཤ་ཡ་ཤོ་ཤ་ཡཱ། ཥ་ཥ་ན་ཡ་ཥ་ན་ཡཱ། ས་ས་དྷ་ཡ་ས་དྷ་ཡཱ། ཧ་ཧ་ན་ཡ་ཧ་ན་ཡཱ། ཀྵ་ཀྵོ་བྷ་ཡ་ཥྐོཾ་བྷ་ཡ། ཨ་མུ་ཀཾ་ཤ་ཡ་ཏྲིསྟི། ཤནྟིཾ་ཀུ་རུ་པུཥྤིཾ་ཀུ་རུ། ཀྵཾ་པ་ཀུ་རུ། ཀྵོ་བ་ཀུ་རུ་སྭཱཧཱ། ཕོ་མོ་གཉིས་ཀྱི་འཁོར་སྔགས་སོ།། རྩིབས་ལ་དབབ་བ་དྲག་པོའི་སྔགས། བཛྲ་སན་ཏྲི་ཡ། བཛྲ་མ་ཧྲི་ཏྲི་ཡ། བཛྲ་ཁ་ཏ་ཁ་ཏ་ཡ། བཛྲ་ཤག་ཀུ་རུ། བཛྲ་ཞུང་ཡ་ཞུང་ཡ། བཛྲ་ཏྲི་ཤ་མེ་ཁ་ཡ། བཛྲ་ཡཾ་ས་པ་ཡ་བཛྲ་བོང་བོང་ཡ། བཛྲ་ཏི་ར་ཏི་ར་ག་ཡ། བཛྲ་མ་ཞུང་ཡ་མ་ཞུང་ཡཱ། བཛྲ་མཱ་ར་ཡ་ཏྲི་ཡ། བཛྲ་ཏྲི་མ་ཌི་ཡ། བཛྲ་ཙུ་ན་ཀྲོ་ཏ་ཡ། བཛྲ་མ་ར་ཎ་ཧྲི་ཡ། བཛྲ་བོང་བོང་ཡ། བཛྲ་མ་ར་ནན་ཏྲི་ཡ། བཛྲ་ནན་ཏྲི་ཡ། བཛྲ་གྲི་ན་མེ་ཀ་ཡ། བཛྲ་ཀེ་མ་ཤེད་ཀྲེ་ཡ། བཛྲ་ཏྲི་མ་ནི་དུ་རུ་ཡ། བཛྲ་ནཱ་ཤ་ཡ་ཧཱུ~ཾ་ཕཊ། རྩིབས་ལ་སྐྱོན་ལ་སྔགས་མཐའ་བསྒྱུར། གཤིན་རྗེའི་ཞལ་ལ་སྔགས་འདི་བྲི།། ཨོཾ་བཛྲ་སྤྲ་མོ་ཧ་ཧ་ར། མར་ཧ་ཧ་ཨཱ་ཀརྵ་ཡ། སརྦ་དུཥྟིན་པྲ་མོ་ཧ་ཧཱུ~ཾ་ཕཊ། གསང་གནས་འཁོར་ལོའི་རྩིབས་ལ་དྲག་སྔགས་འདི་སྐྱར་ལ་བྲི། བཛྲ་གཾ་ས་ཏ་ཡ། ཀྐ་ལ་ཀྐ་ལ་ཡ་ཏྲི་ཐར་ལི། དུ་ཀཾ་ཀཾ་མཱ་ར་ཡ། མོ་འཁོར་ཡུམ་གྱི་སྔགས་འདིའོ།། ཀ་པ་ཙི་ནི་གནས་སུ་བཀོད་དོ།། མ་སྲོག་འབྲུ་གཅིག་སྙིང་ཁར་བྲི། རྩིབས་སྔགས་ཡབ་དང་འདྲ། རྩིབས་ཀྱི་སྔགས་ཚན་བཅུག་ནི། ཨོཾ་བཛྲ་ཏ་ཤ་ཏ་ཀ་ཡ་ཧྲི་ཏྲི་མ་དེ་བ་ཛ། ཨོཾ་ཤ་མ་ཧཾ་ཏྲི་ཤ་ཏྲཾ། མང་དུ་ཨ་མ་ར་ཏ་ལད་ཏ་དྷཿཙལ་དུ་ནི། ཧནཱ་ན་ཏི། ན་ཏི་ཏ་ན་ལ་ན། ཨ་ཤ་ཧྲི། ཨ་ཏི་པ་ཀ་མ་ཧཱ། ཏྲི་པ་ཏི་ཏ་ཏྲི་ཀྲཾ་ཏྲཾ། ཧཾ་ཤ་ཏྲ། ཧ་ཧི་བྷ་ཧོ། ཡཾ་ཏེ་ཡཾ་ཏེ་པྲ་བཾ་ཧོ། ས་ཧོ་ཡཾ་ཤ་ཤོ། པྲ་ཏི་ཡཾ། ནཱ་ག་བྲཾ། ར་ར་ནི་ནརྀ་ཡཾ་ཧཱུ~ཾ་ཕཊ། བི་ཤ་ཟར་ཏྲི་ཏིང་ར་ར་ས་ལ་དུ་བཾ་བྷི་ནི་རཙཛ་པྲ་མ་མ་ཏྲག་ཛ། ཧི་དུ་པྲ་བྷ་ར་པྲ་ཏ། ཞལ་ལ་བི་ན་ཡ་ཀ་ཙིཏྟ་རྦད་ན་ནཾ་བྲིའོ། ། ཨོཾ་ནིར་ནི་ཕབ་བྱི་ལ་ཡ་ཀ། ཏྲི་པ་ཡཱ་ན་ནན་ཡ། གསང་གནས་རྩིབས་ལ་སྐྱར་ཏེ་བྲི།། དེ་ནི་ལས་བཞིའི་སྙིང་པོ་བཤད།། ཧྲིཿདཀྱིལ་དུ་འབྲི་བའི་འབྲུ་གཅིག་པོ། དེའི་མཐར་ཨོཾ་ཨཱཿཧྲི་ཧཱུ~ཾ། སྔགས་འཆང་ཆེ་གེ་མོ་ནད་གདོན་རྣམ་རྟོག་ཐམས་ཅད་ཤནྟིཾ་ཀུ་རུ་ཡེ་སྭཱཧཱ། ཕྱི་རིམ་ལྷ་གསུམ་ཁོག་པར་ཡང། ཨོཾ་ཨཱཿཧྲི་ཧཱུ~ཾ། ནད་གདོན་རྣམ་རྟོག་ཐམས་ཅད་ཤནྟིཾ་ཀུ་རུ་ཡེ་སྭཱཧཱ། ཡིག་དྲུག་རིག་མའི་ཁོག་པར་ཡང། ཨོཾ་མ་ཎི་པདྨེ་ཧཱུ~ཾ། ཆེ་གེ་མོའི་ནད་གདོན་རྣམ་རྟོག་ཤནྟིཾ་ཀུ་རུ་ཡེ་སྭཱཧཱ། རིག་སྔགས་འཛིན་མའི་ཁོག་པར་ཡང། ཨོཾ་མ་ཎི་པདྨེ་ཧཱུ~ཾ་ཧྲི:་སྔགས་འཆང་ཆེ་གེ་ལ་རྣམ་རྟོག་དང་ནད་གདོན་ཐམས་ཅད་ཤནྟི་ཀུ་རུ་སྭཱཧཱ། ནོར་བུ་འཛིན་པའི་ཁོག་པར་ཡང། ཨོཾ་མ་ཎི་པདྨེ་ཧཱུ~ཾ། སྔགས་འཆང་ཆེ་གེ་མོའི་ནད་གདོན་རྣམ་རྟོག་ཐམས་ཅད་ཤནྟི་ཀུ་རུ་སྭཱཧཱ། གང་གནོད་ལྷ་འདྲེའི་ཁོག་པར་ཡང། ཨོཾ་ཨཱཿ་ཧཱུ~ཾ་ཡཾ་ཡཾ་ཡཾ། དགྲ་བགེགས་ཆེ་གེའི་གདུག་རྩུབ་ཤིནྟིཾ་ཀུ་རུ་སྭཱཧཱ། དེ་ཡི་ཕྱི་རིམ་རྩིབས་བརྒྱད་ལ། ཧྲི་ཧྲི་ཧྲི་ཧྲི་ཧྲི་ཧྲི་ཧྲི་ཧྲི། རྩིབས་མཆན་བརྒྱད་ལ་ལྷ་འདྲེ་ཆེ་གེ་མོའི་གནོད་པ་ཐམས་ཅད་ཤིནྟིཾ་ཀུ་རུ་ཡེ་སྭཱཧཱ། རྩིབས་རྩེའི་མུ་ཁྱུད་ཁོར་ཡུག་ལ། ན་མོ་རཏྣ་ཏྲ་ཡ་ཡཱ། ན་མཿརྱ་ཛྙཱ་ན་སཾ་ཀ་ར། བཻ་རོ་ཙོ་ན་ཡེ། བུ་ཧ་རཱ་ཛ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱ་ཀྶཾ་བུདྡྷ་ཡ། ན་མོ་སརྦ་ཏ་ཐཱ་ག་ཏེ་བྷྱཿརྷ་ཏེ་བྷྱ་པྲ་ཙ་ལ། སམྱ་ཀྶཾ་བུད་དྷེ་བྷྱཿན་མཿརྱ་ཨ་བ་ལོ་ཀི་ཏེ་ཤྭ་ར་ཡ། བོ་དྷི་ས་ཏྭ་ཡ། མ་ཧཱ་ས་ཏྭ་ཡ། མ་ཧཱ་ཀ་རུ་ཎི་ཀ་ཡ། ཏདྱ་ཐཱ། ཨོཾ་དྷ་ར་དྷ་ར། དྷི་རི་དྷི་རི། དྷུ་རུ་དྷུ་རུ། ཨ་ཏི་ཏྲེ་བཱ་ཏྲེ་ཐ་ཏྲེ་ཙ་ལེ་ཙ་ལེ། ཀུ་སུ་མེ་ཀུ་སུ་མེ། སུམ་པ་རེ་ཨི་ལི་མི་ལི། ཙི་ཏྲི་ཛྭ་ལ་མ་པ་ན་ཡེ། གཟུགས་འཛིན་ཆེ་གེ་མོའི་ནད་གདོན་རྣམ་རྟོག་དགྲ་བོ་ཐམས་ཅད་ཤནྟིཾ་རུ་སྭཱཧཱ། གཤིན་རྗེ་ཕོ་འཁོར་མོ་འཁོར་གྱི།། དྲེགས་པ་ལྷ་འདྲེའི་སྔགས་གཞུག་ཏུ།། ཤནྟིཾ་ཀུ་རུ་བཏགས་བྱས་ལ།། དེ་བཞིན་ཀུན་གྲུབ་ཤམ་བུར་ཡང།། དབང་དྲག་སྤངས་ཏེ་ཤནྟིང་བྲི།། སྔགས་འཆང་ཆེ་གེ་མོའི་ནད་གདོན་རྣམ་རྟོག་དགྲ་བགེགས་ལོ་རྟོག་ཐམས་ཅད་ཤནྟིང་ཀུ་རུ་སྭཱཧཱ། ཞེས་རྩིབས་མཆན་དག་ལ་བྲི།། ཚེ་ནོར་བསོད་ནམས་རྒྱས་བྱེད་སྔགས།། ཡང་དག་བཤད་པ་འདི་དག་གོ། ཧྲཱི་ཛ་ཡཾ། དཀྱིལ་དུ་བྲི་བའི་འབྲུ་གསུམ་མོ།། དེའི་མཐའ་ནི་ཨ་ཧྲི་ཧཱུ~ཾ། བྷྲུཾ་ནི་ཛ། ཛཾ་བྷ་ལེན་ཏྲ་ཡེ་སྭཱཧཱ། ཡཾ་བེ་ཡཾ་བེ་ཨཱ་ཨུ་པུ་ཎྱེ་པུཥྟི་སིད་དྷི་ཧཱུ~ཾ། ཕྱི་རིམ་ཚེ་དཔག་མེད་ནང་དུ།། ཧྲཱི་ཨོཾ་བཛྲ་ཨཱ་ཡུ་ཥེ་ཧཱུ~ཾ་བྷྲུཾནརྀ་ཛ། སྔགས་འཆང་འདི་ཉིད་ལ། ཚེ་དང་བསོད་ནམས་ཐམས་ཅད་རྒྱས་པར་གྱུར་ཅིག། པུཥྟི་ཀུ་རུ་ཡེ་སྭཱཧཱ། དེ་བཞིན་ཆུ་དབང་ཁོག་པར་ཡང། ཨོཾ་ཛ་མྦྷ་ལ་ཛ་ལེན་ཏྲ་ཡེ་སྭཱཧཱ། རཏྣ་སིད་དྷི་ཕ་ལ་ཧོ། སྔགས་འཆང་འདི་ཉིད་ལ། ནོར་བུ་གང་བའི་དངོས་གྲུབ་གསོལ་ཅིག། པུཥྟིཾ་ཀུ་རུ་སྭཱཧཱ། དེ་བཞིན་རླུང་ལྷའི་ལྟོ་བར་ཡང། ཛྙཱ་ན་ཡཾ་བ་ཡཾ་བེ་ཡེ་ཨཱ་ཡུ་སིད་དྷི་ཧཱུ~ཾ་ཨ། སྔགས་འཆང་འདི་ཉིད་ལ་ཡེ་ཤེས་རླུང་གི་སྲོག་བཟུང་སྟེ། ཚེ་དང་ཡེ་ཤེས་རྒྱས་པར་གྱུར་ཅིག། པུཥྟིཾ་ཀུ་རུ་ཡེ་སྭཱཧཱ། སྒྲུབ་བྱ་རང་གཟུགས་སྙིང་ཁར་ཡང། ཧྲི་ཛ་ཡཾ་ནི་ཨཱ་ཡུ་སིད་དྷི་ཕ་ལ་ཧྲི་ཧྲིཾ་ཨཱ་ཧཱུ~ཾ་ཧཱུ~ཾ། ཚེ་ནོར་རྒྱས་བྱེད་དངོས་གྲུབ་གསོལ་ཅིག་བྲིའོ།། ཕྱི་རིམ་འཁོར་ལོ་རྩིབས་བརྒྱད་ལ། ཛཾ་བྷ་ལ་ཛ་ལེནྡྲ་ཡེ་སྭཱཧཱ། རྩིབས་མཆན་གོང་རས་བརྒྱད་པོ་ལ། ཨོཾ་ཀཱ་ཡ་སིདྡྷི་ཕ་ལ་ཧཱུ~ཾ། ཨོཾ་བཱག་སིདྡྷི་ཕ་ལ་ཧཱུ~ཾ། ཧཱུ~ཾ་ཙིཏྟ་སིདྡྷི་ཕ་ལ་ཧཱུ~ཾ། ཨཱ་ཡུ་ཥེ་སིདྡྷི་ཕ་ལ་ཧཱུ~ཾ། སིད་དྷི་དྷ་ནཾ་མེ་ཧེ་ཏེ་ཧེ་ཏ་ཧཱུ~ཾ། ན་ན་ཁ་ཏེ་སིདྡྷི་ཧཱུ~ཾ། སརྦ་སིད་དྷི་ཀུན་ཕ་ལ་ཧཱུ~ཾ། སིད་དྷི་སིདྡྷི་ཧཱུ~ཾ་ཧཱུ~ཾ་ཨ་རྩིབས་རྩེ་མུ་ཁྱུད་ལ། ན་མོ་རཏྣ་ཏྲ་ཡཱ་ཡ། ཨོཾ་ན་མོ་བྷ་ག་བ་ཏེ། ཨ་བ་རི་མི་ཏ་ཨཱ་ཡུར་ཛྙཱ་ན་སུཾ་བྷི་ནི། ཙིཏྟ་ཏེ་ཛོ་རཱ་ཛ་ཡ། ཏ་ཐཱ་ག་ཏ་ཡ། ཨརྷ་ཏེ་སམྱཀྶཾ་བུད་དྷ་ཡ། ཏདྱ་ཐཱ། ཨོཾ་པུ་ཎྱེ་པུ་ཎྱེ་མ་ཧཱ་པུཎྱེ་ཨ་པ་ར་མི་ཏ་མ་ཧཱ་པུ་ཎྱེ་ཨ་ཡུ་པུ་ཎྱེ་ཛྙཱ་ན་སརྦ་རཱུ་པ་སིདྡྷི། ཨ་པ་ར་མི་ཏ་ཨ་ཡུ་ཥེ། ཨོཾ་སརྦ་སཾ་ཀ་རི་པ་རི་ཤུད་དྷེ་དྷརྨཱ་སྡེ་ག་ག་ནས་མུརྒ་ཏེ་སྭཱ་བྷ་བ་བི་སུདྡྷེ་མ་ཧཱ་ན་ཡ་པ་རི་ཝ་རེ་ཡེ་སྭཱཧཱ། གཟུངས་འཛིན་ཆེ་གེ་མོའི་ཚེ་དང་དབང་ཕྱུག་བསོད་ནམས་ཡེ་ཤེས་འཕེལ་བར་གྱུར་ཅིག། པུཥྟིཾ་ཀུ་རུ་སྭཱཧཱ། གཤིན་རྗེ་ཕོ་འཁོར་མོ་འཁོར་གྱི།། དྲེགས་པ་ལྷ་འདྲེའི་སྔགས་ཤམ་དུ། གཟུངས་འཛིན་ཆེ་གེ་མོའི་ཚེ་ནོར་སྤེལ། ཨ་ཡུ་པུ་ཎྱེ་སིད་དྷི་པུཥྟིཾ་ཀུ་རུ་སྭཱཧཱ། དེ་བཞིན་ཀུན་གྲུབ་ཤམ་བུར་ཡང།། དབང་དྲག་ཞི་བའི་སྔགས་སྤང་སྟེ།། པུཥྟིཾ་ཀུ་རུ་སིད་དྷི་སིདྡྷི་མ་སིདྡྷི་ཧཱུ~ཾ། སྔགས་འཆང་ཆེ་གེ་མོའི་ཚེ་དང་ལོངས་སྤྱོད་སྤེལ་ཅིག་བྲི་བར་བྱའོ།། བ་ཤངྐ་རུ་སྭཱཧཱ། ལྷ་འདྲེ་མི་གསུམ་དབང་སྡུད་སྔགས།། ཡང་དག་པར་ནི་འདིར་བཤད་དོ།། ཧྲི་མ་ཧྲི། དཀྱིལ་དུ་བྲི་བའི་འབྲུ་གསུམ་མོ།། དེ་ཡི་མཐར་ནི་ཧ་ཡ་ཧྲི་བ་ཧ་རི་ནི་ས། སརྦ་ཙིཏྟ་ཧིཾ་ཧིཾ། ཕེཾ་ཕེཾ་བ་ཤང་ཀུ་རུ་སྭཱཧཱ། ཕྱི་རིམ་དབང་ཆེན་ཁོག་པར་ཡང། ཨོཾ་ཤནྟིཾ་ཀ་རི་ཎྀ་བྷྲུཾ། ཨོཾ་ཀུ་སུ་མ་མ་ལི་བྷི་ཧཱུ~ཾ་ཛ། ཨོཾ་བཛྲ་ཀུ་པ་ཛི་ཀཾ། བྷེ་ཋ་ཋ་ཋ། ཨོཾ་གྲོ་ཀེ་མ་ཀྲི་དེ། ལྷ་འདྲེ་མི་གསུམ་དབང་དུ་སྡུས་ཤིག་པ་ཤངྐུ་རུ་ཧཱུ~ཾ། དེ་བཞིན་ཡུམ་གྱི་ལྷོ་བར་ཡང། ཧ་རི་ནི་ས་ཙིཏྟ་ཧྲིཾ། ལྷ་འདྲེ་མི་གསུམ་དབང་དུ་སྡུས་ཤིག་བ་ཤངྐུ་རུ་སིད་དྷི་ཧཱུ~ཾ། དེ་བཞིན་འདོད་རྒྱལ་ཁོག་པར་ཡང་ཨོཾ་ཧྲི་ཨ་ཧཱུ~ཾ། ཨ་པ་ར་ཛི་ཏ་ཧྲི། ཨུ་མ་རི་ཧྲིཾ་ཧྲིཾ་ཛོ་པ་རི་ཛོ་པ་རི་ཧྲེ་ཧྲི། ཧཱུ~ཾ་ཧཱུ~ཾ་ཧཱུ~ཾ། ཆེ་གེ་མོ་ཨ་ཀརྵ་ཡ་ཛ་ཛ། བ་ཤཾ་ཀ་རུ་ཧཱུ~ཾ། ལྷ་འདྲེ་མི་གསུམ་དབང་དུ་སྡུས་ཤིག། གང་སྒྲུབ་སྒྲུབ་བྱའི་སྙིང་ཁར་ཡང། ཧ་རི་ནི་ས་པདྨོ་ཎི་ཎི་བ་སུ་དྷ་མ་ཆེན་མོའི་ཡིད་དུང་དུང་ཙག་ཙག་ཛ། ལྷ་འདྲེ་མི་གསུམ་ཨ་ཀརྵ་ཡ་ཛ་ཛ། ཕྱི་རིམ་འཁོར་ལོ་རྩིབས་བརྒྱད་ལ། ཧ་རི་ནི་ས་ར་ཙ་ཧྲེ་ཡེ་རྩིབས་མཆན་གོང་རས་བརྒྱད་པོ་ལ།། ལྷ་འདྲེ་མི་གསུམ་ཛ་ཞེས་བྲི།། རྩིབས་རྩེ་ཁོར་ཡུག་མུ་ཁྱུད་ལ།། ཨོཾ་ཨཱཿཧཱུ~ཾ་ཧྲི་མ་ཧ་རི་ནི་ས། ར་ཙ་ཧྲི་ཡ་ཧཱུ~ཾ་ཛ། ཧ་རི་ནི་ས། གུ་ལུ་གུ་ལུ། མ་མ་ཧྲིཾ་ཧྲིཾམ། མ་མ་ཙ་ཤི། མི་སྙིང་སྒུལ་ཧཱུ~ཾ། མི་འགྲམ་ཆོག། ཧྲིཾ་ཧྲིཾ་སྡུས་སྡུས། མ་མ་ཁ་ཤི་བཾ་སྭཱཧཱ། ཨེ་ཏྲིག་ནན། ཙིཏྟ་རྦད་ནན། ཨ་བ་ཤཾ་ཀུ་རུ་ཧཱུ~ཾ། ཁམས་གསུམ་དབང་དུ་སྡུས་ཤིག། བ་ཤཾ་ཀུ་རུ་སྭཱཧཱ། གཤིན་རྗེ་ཕོ་འཁོར་མོ་འཁོར་གྱི།། དྲེགས་པ་ལྷ་འདྲེའི་སྔགས་ཤམ་དུ།། གཟུང་འཛིན་ཆེ་གེ་མོའི་དབང་དུ།། ལྷ་འདྲེ་མི་གསུམ་དབང་དུ་སྡུས་ཤིག། བ་ཤང་ཀུ་རུ་ཡེ་སྭཱཧཱ། དེ་བཞིན་ཀུན་གྲུབ་ཤམ་བུར་ཡང། ། ཞི་རྒྱས་དྲག་པོའི་སྔགས་སྤངས་ཏེ། ཀྵ་བཾ་ཀུ་རུ། ཀྵཾ་བཾ་ཀུ་རུ། ཀྵོ་བཾ་ཀུ་རུ། ཀུ་རུ་སིདྡྷི་སིད་དྷི་མ་ཧཱ་སིད་དྷི། པུ་ཙ་ས་ནི་ཏ། ལྷ་འདྲེ་མི་གསུམ་དབང་དུ་སྡུས་ཤིག་བྱ་བ་བྲི། ཛ་སྒྲུབ་བྱ་ཆེ་གེ་མོ་ཛ། རྩིབས་མཆན་ལ་བྲི་བར་བྱའོ།། གདུག་པ་དགྲ་བགེགས་ཚར་གཅོད་སྔགས།། ཡང་དག་པར་ནི་བཤད་པར་བྱ།། ཨེ་ཡ་ཡཾ། དཀྱིལ་དུ་བྲི་བའི་གསུམ་མོ།། དེ་མཐར་ཡ་ཏྲི་མ་ཏྲི་ར་ཙ་མཱ་ར་ཡ། རླུང་ལྷ་ཕོ་མོ་བུ་གསུམ་ལྟོར། ། གོང་དུ་བསྟན་པའི་སྔགས་གསུམ་དང།། ཕྱེ་ཞིག་སོད་ཅིག་དཀྲུགས་ཤིག་བྲི།། ཆེ་གེ་མོ་འཁོར་དང་བཅས་ལ། ཧུམ་ཐུམས་ཛ་མཱ་ར་ཡ་རྦད། ཅེས་བྲིའོ།། ཆེ་གེ་མོའི་ལིང་གར་ཡང་མ་མ་ཏྲག་རུ་ཏྲ་མཱ་ར་ཡ་ཕཊ། ནརི་ཛི། མིང་རུས་ཆ་གསུམ་དམ་ཉམས་འདི།། རླུང་ལྷ་ཕ་མ་བུ་གསུམ་དང།། དྲེགས་པའི་མིང་ལ་སྟབས་སོ་བྲི།། ཕྱི་རིམ་འཁོར་ལོ་རྩིབས་བཅུ་ལ།། བཛྲ་སརྦ་དུཥྟན། ཏྲིག་ནན། ཙིཏྟ་རྦད་ནན། ཨེ་ཧུར་ཐུམས་ཛ། མཱ་ར་ཡ་རྦད། ཡ་མ་ཡ། མ་མ་རུ་ལུ་མ། ཏི་རྟི་ཀ་ཐ་དུ་ཕྲག་དུ། དུན་ཏིང་དུ། དེ་བ་ཨ། དྷེ་མ་ཧྲིང། རག་ཤ་ར། རག་མོ་ར། རུ་ཏ་ཎི། ཡག་ཤ་ཀྵ། ཡག་མོ་ཀྵཾ། ར། ཡཾ་ཏྲི་ཙ། ཤུ་ལཾ་ཛ། མུན་མུན་པ། བཛྲ་སཱ་དུ་ཏྲི། ཧ་ཤང་ཏྲི་ཧྲི། རུ་ཏྲི་ཏྲི། ནཱ་ག་ཕུ། བ་ཡཾ་བཻ་ཡཾང། བཛྲ་སརྦ་དུཥྟན་ཏྲིག་ནན། ཙིཏྟ་རྦད་ནན། ཆེ་གེ་མོ་ནརི། གནོད་བྱེད་དགྲ་བགེགས་སརྦ་ཤ་ཏྲུཾ་ཧུར་ཐུམས་ཛ། མཱ་ར་ཡ་རྦད། རྩིབས་མཆན་གོང་རས་བཅུ་པོ་ལ། གནོད་བྱེད་དགྲ་བགེགས་ཏྲི་ཛ་ཛ། ། སྡང་བྱ་དགྲ་བོ་ནརྀ་ཛ་ཛ།། ཞེས་པ་སྤེལ་ལ་བསྐོར་ཏེ་བྲི།། རྩིབས་རྩེ་མུ་ཁྱུད་ཁོར་ཡུག་ལ།། བཛྲ་སརྦ་དུཥྟན་ཡ་མ་ཐ་དུ་དུ། ཨ་ར་ར་ནི་ཀྵ་ཀྵ། ཁཾ་ཙ་ཙ་པ་ཏི་ཏྲི་ཏྲི་ཕུ། ས་མ་ཡ་ཛ་ཛ། ཨེ་ཨཱཿཧཱུ~ཾ། མ་ཧཱ་ག་ན་རཀྟ་པཉྩ་ཨ་མྲྀ་ཏ་ཧཱུ~ཾ་ཧྲི། མ་ཧཱ་བ་ལིཾ་ཏ་ཁཱ་ཧི་ཁཱ་ཧི། པཉྩ་ཨ་མྲྀ་ཏ་ཁཱ་ཧི་ཁཱ་ཧི། དགྲ་བགེགས་ཀྱི་ཤ་ཁྲག་མཾ་ས་ཁ་ཧི། ཀེཾ་ནི་རི་ཏི་ཁ་ཧི། བྷི་དྷ་ཡ་བྷི་དྷ་ཡ་ཧཱུ~ཾ་ཕཊ། གནོད་བྱེད་དགྲ་བགེགས་ཁ་རཾ་ཁ་ཧི། ། ཞེས་དྲི་དང་གཏོར་མ་སྦྱོང་བའི་སྔགས་སོ།། གཤིན་རྗེ་ཕོ་འཁོར་མོ་འཁོར་གྱི།། དྲེགས་པ་ལྷ་འདྲེའི་སྔགས་ཤམ་དུ།། དགྲ་བགེགས་ཆེ་གེ་མོ་འདི་གཏད་དོ།། ཕྱེ་དཀྲགས་སོད་ལ་ཐོང། ནརྀ་ཛ་ཨ་མུ་ཀཾ། པྲ་མ་ཡ་ཧཱུ~ཾ་ཕཊ། དེ་བཞིན་ཀུན་གྲུབ་ཤམ་བུར་ཡང།། ཞི་རྒྱས་དབང་གི་སྔགས་སྤངས་ཏེ། ཨ་མུ་ཀཾ། གནོད་བྱེད་དགྲ་བགེགས་ནཱ་ཤ་ཡ། ཏྲ་ཏེ་མ་རཾ་ཀུ་རུ་ཙི་དུ་སོད་ཅིག་ཧུར་ཐུམས་གཏུབས། ཧ་ལ་བ་ཏི་ནན། འཁོར་བ་ཐུལ་ཤ་ཏྲུཾ། ཀཱ་བ་ཙི་རླག་རླག། བྲི་བར་བྱའོ་རྡོ་རྗེ་འཆང།། དྲག་པོ་ལས་ཀྱི་འཁོར་ལོ་ཡིས།། དྲག་པོ་ལྷ་དང་དབྱེ་བའི་སྔགས།། ཨ་ནརི་དྲག་རཀྵ་རུ་ཏྲ་མཱ་ར་ཡ་ཕྱེ། མ་མ་ཏྲག་རུ་མཱ་ར་ཡ་ཕཊ། ཡཾ་ཡཾ་ཡ་ཏྲི་ཕྱེ། མཾ་མཾ་མ་ཏྲི་ཕྱེ། ར་ཙ་སུ་རུ་སུ་རུ་ཕྱེ། དགྲ་བོ་ཆེ་གེ་མོ་དང་ཕྱེ། ཏྲི་འུར་ཏྲི་འུར་ཕྱེ། ཁ་འུར་ཁ་འུར་པ། ཕ་ཤག་ཕྱེ། ཁ་འུར་ཁ་འུར་པ་མ་ཤག་ཕྱེ། རཀ་ཤ་སི་ལི་དགྲ་བོ་ཆེ་གེ་མོ་འགོ་བའི་ལྷ་ལྔ་དང་ཕྱེ་ཕྲོལ་ཅིག། སྐྱོབ་པའི་ལྷ་དང་ཕྲོལ་ཅིག། མཐུན་པའི་གྲོགས་ཕྱེ་ཞིག། ཕྱེ་ཞིག་ཕྱེ་ཞིག། ལྟེ་བའི་ལྷ་གཉིས་རྩིབས་རྩེའི་བར།། ཀུན་ཆུད་པར་ནི་བྲི་བར་བྱ།། ཕོ་འཁོར་བྱ་རོག་རྩིབས་ལ་ནི།། ཨ་ནཱ་ག་དུ་ནི་ཛ་ཛ་ཤེ་ཡ་མ་དུ་ནི་ཛྫ། ཡ་ཀ་མ་ལ་ཏི་པ་ཙ་ཡ་ཛ། ཛྙཱ་ན་རཀ་ཤ་དུ་ནེ་དུ་ཛ། མ་རཀྨོ་དུ་ནེ་དུ་ཛ། མོ་འཁོར་འུག་པའི་རྩིབས་ལྔ་ལ།། དགྲ་བོ་ཆེ་གེ་མོ་སྲོག་ལྷ་དང་ཕྱེ་ཞིག་ཤག་ཕྱེ་ཞིག། དགྲ་ལྷ་དང་ཕྱེ་ཤག་ཕྱེ། ཡུལ་ལྷ་དང་ཕྱེ་ཤག་ཕྱེ། ཞང་ལྷ་དང་ཕྱེ་ཤག་ཕྱེ། མ་ལྷ་དང་ཕྱེ་ཤག་ཕྱེ། མུ་ཁྱུད་ལྷ་འདྲེས་སྙིང་པོ་ལ། དཀྲུགས་ཕྱེ་སྨོད་མོ་བཏགས་པས་བསྐོར། རཀྵ་མུ་ཙུ་རུ་ལུ་བྷྱོ་ཁ་ལ་རཀ་ཐུན་བྷྱོ། བྱ་རོག་འུག་པའི་མཆུ་ལ་བྲི།། ཤེས་རབ་བློ་དང་ལྡན་པ་ཡིན། ། གསང་སྔགས་རིམ་པ་འདི་དག་རྣམས།། གང་དམིགས་ལ་སོགས་འཁྲུལ་ཞིང་སྦྱར།། རླུང་ལས་བྱེད་འཁོར་ལོའི་རྒྱུད་ལས། གསང་སྔགས་ཀྱི་ལེའུ་སྟེ་དགུ་པའོ།།།། ལག་ན་རྡོ་རྗེ་གསང་བའི་བདག། འཕྲིན་ལས་རིམ་པ་བསྟན་པ་ནི།། སྣོད་ཀྱི་འཇིག་རྟེན་རི་རྒྱལ་ལྷུན་པོ་དང།། བཅུད་ཀྱི་སེམས་ཅན་འགྲོ་དྲུག་དམྱལ་འདྲ་རྣམས།། སྲིད་པ་རླུང་ལ་མ་རྟེན་གང་ཡང་མེད།། དུས་གསུམ་བདེ་གཤེགས་རྒྱལ་བ་སྲས་དང་བཅས། ། རླུང་ལས་མ་རྟེན་སངས་རྒྱས་བྱང་ཆུབ་མེད།། ལོ་ཀ་སྣང་སྲིད་དར་རྒུད་བཞུད་པ་རྣམས།། སྲིད་པ་རླུང་གིས་མི་འགྱུར་གང་ཡང་མེད།། དེ་ཕྱིར་རླུང་ལ་ལས་བཅོལ་ཁྱད་པར་འཕགས།། གཤེད་པོའི་ལྕགས་མཁར་དམིགས་པའི་སྟེང། ། ལས་བྱེད་རླུང་གི་འཁོར་ལོ་སྟེ།། འཁོར་ལོ་རྒྱུ་དང་དབྱིབས་དང་དང།། བྲི་ཐབས་ཐུན་རྫས་རབ་གནས་དང།། གང་དམིགས་དགུག་བསྟིམ་འཁོར་ལོ་བསྐོར།། གནས་དང་སྐོར་ཚོད་དུས་ཚོད་དང། ། བསྐུལ་དང་ལས་ཀྱི་མཐའ་སྒྱུར་རྣམས།། ཡང་དག་པར་ནི་འདིར་བཤད་དོ།། ཉོན་ཅིག་དཔལ་ལྡན་རྡོ་རྗེ་འཆང།། དར་དཀར་གླང་ཆེན་བུད་མེད་ཤུན།། རོ་རས་དུག་ཆུས་བཀྲུས་པ་རྣམས།། ཙཀྲའི་རྒྱུ་རུ་ཤེས་པར་བྱ།། ཙན་དན་སྐྱེར་པ་སེང་ལྡེང་ལྕགས།། ཙ་ཀྲཱི་སྦུབས་སུ་དེ་བཞིན་རྒྱུ།། སྲོག་ཤིང་རྒྱུ་ཡང་དེ་བཞིན་ནོ།། འོ་མ་གུར་ཀུམ་སིན་དྷུ་ར།། གྲི་ཁྲག་དང་ནི་སེར་ཆུར་སྦྱར།། བྲི་བའི་རྒྱུ་ཡིན་རིག་པས་སྦྱར། ། བྱུག་པའི་རྒྱུ་ཡང་དེ་དག་ཉིད།། ཟླུམ་པོ་གྲུ་བཞི་ཟླ་གམ་ཨེ།། འབྲུབ་ཁུང་དབྱིབས་ཀྱང་དེ་བཞིན་ནོ།། ཙཀྲའི་དབྱིབས་ཀྱང་དེ་དང་མཚུངས།། ཁྲུ་འདོམ་མཐོ་རྣམས་འཁོར་ལོའི་ཚད།། སྲིད་པ་དབང་ཆེན་ཡབ་ཡུམ་གཉིས། ། ལྡེར་སོར་བཞེངས་སམ་ཡང་ན་བྲི།། དེ་དཀྱིལ་སྲོག་བྲི་ལེ་ཚེ་བཞི།། གླིང་གསུམ་དག་ལ་ལྷ་ཡི་གཟུགས།། རང་རང་སྔགས་དང་བཅས་པ་བྲི།། གླིང་བཞི་བསྒྲུབ་བྱའི་གཟུགས་སུ་བྲི། ། མུ་ཁྱུད་ནང་མ་དབྱངས་ཡིག་བྲི།། དེ་ཡི་ཕྱི་རིམ་གསལ་བྱེད་དོ།། ཕྱི་རིམ་འཁོར་ལོ་རྩིབས་བརྒྱད་ལ།། ལས་བཞི་གང་བྱེད་ཙཀྲ་འོ།། ཕྱི་རིམ་མུ་ཁྱུད་གཅིག་གི་བར།། དགོས་འདོད་འབྱུང་བའི་སྔགས་ཆེན་ནོ། ། ཕྱི་རིམ་རྩིབས་ཆེན་ཉེར་གཅིག་ལ།། དྲེགས་པ་ཉར་གཅིག་སྙིང་པོ་བྲི།། ཞལ་དང་གསང་གནས་འཁོར་ལོ་ལ།། ཐམས་ཅད་འདུས་པའི་སྙིང་པོ་བྲི།། དེ་བཞིན་ཡུམ་གྱི་འཁོར་ལོ་ཡང།། ཞལ་ལ་བི་ན་ཡ་ཀ་ཙིཏྟ་བྲི། གསང་གནས་ཐམས་ཅད་འདུས་པ་བྲི།། བཅུ་དྲུག་རྩིབས་ལ་ཡུམ་སྔགས་དགོད།། གཞན་རྣམས་ཡབ་དང་འདྲ་བ་ལ།། ཡབ་ཡུམ་སྔགས་ཀྱི་མགོ་ཕྱོགས་ནི།། ཡབ་ཀྱི་ཕྱིར་བསྟན་ཡུམ་གྱི་ནང།། ཡབ་ཡུམ་རྩིབས་སྔགས་མ་རྟོགས་པ། ། གཅིག་ཐོག་གཅིག་ནི་འབབ་པར་བྱ།། དེ་ནས་ལས་བཞིའི་ཙིཀྲ་ནི།། ཡབ་ཡུམ་དབུ་ལ་གང་འདོད་སྦྱར།། དབུས་འགྱུར་མཐའ་མི་འགྱུར་བ་བྲི།། ཞི་བར་བསྐོར་ན་གླིང་གསུམ་ལ།། ནུབ་ཏུ་སྤྱན་རས་གཟིགས་དབང་བྲི། ། རིགས་དྲུག་ལྷོར་བྲི་ནོར་འཛིན་བྱང།། ཤར་དུ་བསྒྲུབ་བྱ་དེ་ཉིད་བྲི།། རྒྱས་པར་བྱེད་ན་གླིང་གསུམ་ལ།། ནུབ་ཏུ་མགོན་པོ་ཚེ་དཔག་མེད།། ཆུ་བདག་ལྷོ་ལ་རླུང་ལྷ་བྱང།། ཤར་དུ་རང་ཉིད་ཐལ་སྦྱར་བྲི། ། དབང་དུ་སྡུད་ན་གླིང་གསུམ་ལ།། དབང་ཆེན་ནུབ་ཏུ་ཟི་བར་བྱ།། འདོད་རྒྱལ་ལྷོ་ལ་ཕག་མོ་བྱང།། ཤར་དུ་དབང་སྡུད་བསྒྲུབ་བྱ་བྲི།། དྲག་པོ་ཚར་གཅོད་གླིང་གསུམ་གྱི།། ནུབ་ཏུ་རླུང་ལྷ་འཇིགས་པར་བྲི། ། ལྷོ་རུ་གཟོང་མཆུ་སྲིང་མོ་བྱ།། ཤར་དུ་བསྒྲུབ་བྱའི་ལིང་ག་བྲི།། གཞན་རྣམས་དོན་གྱིས་ཤེས་པར་བྱ།། སྔོན་འགྲོ་ལྷ་དབྱེའི་ཙཀྲ་ལ།། བྱ་རོག་འུག་པའི་གཟུགས་བྲིས་ལ།། རྩིབས་ལྔའི་འཁོར་ལོ་སྙིང་ཁར་བྲི། ། ལྷ་དབྱེའི་སྔགས་རྣམས་རིམ་པས་དགོད།། ཐུན་རྫས་བསག་པའི་རིམ་པ་ཡང།། སྤྱི་དང་བྱེ་བྲག་རྣམ་གཉིས་སོ།། མོན་དང་རྟ་ནག་བྱ་རོག་སྙིང།། ར་དམར་ར་ཁམ་གཡུ་རུའི་སྙིང།། ནལ་བུ་ལྕགས་ནག་བྱ་རྒོད་སྙིང། ། གཡག་རོག་གྲི་བོ་གཡག་དཀར་སྙིང།། མི་དང་གླང་དམར་ཁྱི་དཀར་སྙིང།། དེ་རྣམས་ཤ་ཁྲག་གཏོར་མར་གཟུགས།། ཀ་པཱ་ལའམ་རིན་ཆེན་སྣོད།། འབྲུ་ལྔའི་ཟན་དང་ཤ་ཁྲག་དང།། ཤ་སྣ་ཨ་མྲྀ་ཏ་ཕུད་དགོད། ། གསེར་སྐྱེམས་མེད་དུ་མི་རུང་ངོ།། ཁྱད་པར་དམ་རྫས་བསྟན་པ་ནི།། ཞི་ལ་དཀར་གསུམ་གཏོར་མ་བཤམ།། རྒྱས་ལ་མངར་གསུམ་གཏོར་མ་བཤམ།། དབང་ལ་དམར་གསུམ་གཏོར་མ་བཤམ། ། དྲག་ལ་དུག་ཁྲག་གཏོར་མ་བཤམ།། ལྷ་དབྱེ་རྫས་དགོད་དུད་པས་བདུག། མི་མཐུན་དབྱེ་བའི་རྫས་བཤམ་མོ།། དམ་ལྡན་སྔགས་དང་ཁྲིམས་ལྡན་བཙུན།། སྤྱན་དྲངས་ཆོས་སྟོན་མཉེས་བྱས་ཏེ། ། སྨོན་ལམ་དམིགས་དང་སྦྱར་ལ་གདབ།། ཞི་རྒྱས་དམིགས་པའི་ལྷ་དེ་དག། གཤིན་རྗེ་དྲེགས་པ་མ་ལུས་པ།། སྤྱན་དྲངས་མཆོད་ཅིང་བསྟོད་པ་བྱ།། ཙཀྲ་ལ་ནི་ཡང་དག་བསྟིམ།། སྤྱན་དབྱེ་དབང་བསྐུར་རབ་གནས་བྱ། ། དེ་ནས་བསྒྲུབ་བྱ་དེ་ཉིད་ནི།། སྔགས་དང་ཕོ་ཉས་ཡང་ཡང་དགུག། དྲག་ཏུ་བཀུག་ལ་ལིང་གར་བསྟིམ།། ལིང་ག་ཙ་ཀྲའི་བར་དུ་གཞུག། ཙཀྲ་སྐོར་ཐབས་རྣམ་པ་གསུམ།། ཐུན་ཁྲག་རྫས་ཀྱིས་བྲབ་པ་དང། ། གསད་ཟློག་ཞི་བ་ཕྱིར་ལ་བསྐོར།། དེ་བཞིན་བསྲུང་གཟིར་ཕྱིར་ལ་བསྐོར།། དགུག་དང་དབང་རྒྱས་ནང་དུ་བསྐོར།། དབྱེ་དང་དཀྲུག་པ་གན་ལོག་བསྐོར།། སྔགས་ནི་ཀླག་ཐབས་འཁོར་བ་གཅེས།། རིག་པའི་བློ་གྲོས་དེ་བཞིན་དཔག། གནས་ནི་སྤྱི་དང་བྱེ་བྲག་གཉིས།། སྤྱི་ནི་ལྷ་སྲིན་འདུས་པ་དང།། སྒྲུབ་ཁང་གཉན་པོའི་རྩེ་ལ་བསྐོར།། བྱེ་བྲག་ཞི་རྒྱས་དབང་དང་གསུམ།། རང་ཉིད་གནས་པའི་ཁང་པར་བསྐོར། ། དབྱེ་དཀྲུགས་བསད་པ་དུར་ཁྱེར་རམ།། རྩི་ཤིང་མི་སྐྱེ་ཡ་ངའི་གནས།། ལྷ་སྲིན་འཁྲག་པའི་ས་རུ་བསྐོར།། བསྲུང་བཟློག་དགྲ་བཟློག་ཁ་བསྟན་བསྐོར།། རིག་པ་བཟང་པོས་དཔག་པར་བྱ།། བསྐོར་ཚད་ནད་གདོན་དགྲ་བགེགས་ཞིང། ། ཞི་བའི་འཁོར་ལོ་མི་བསྐོར་བཞག། ཚེ་ནོར་རྒྱས་བྱེད་ཙ་ཀྲ་ནི།། བསོད་ནམས་མི་སྐྱེ་བར་དུ་བསྐོར།། ཁམས་གསུམ་དབང་སྡུད་ཙཀྲ་ནི།། གང་དམིགས་དབང་དུ་འདུས་པར་བཞག། དྲག་པོ་ཚར་གཅོད་ཙཀྲ་ནི།། ནམ་དགོས་དུས་སུ་བསྐོར་བྱ་ཞིང།། ཤོལ་དུས་རྟེན་གྱི་འོག་ཏུ་མནན།། དུས་ཚོད་ལོ་ཟླ་བཟང་པོ་དང།། ཚེས་དང་གཟའ་སྐར་བཟང་རྩིས་ལ།། དབང་དར་རྒྱས་པའི་ཙིཀྲ་བསྐོར། ། དོན་དམ་ཐུགས་ཀྱི་ཙཀྲ་ནི།། ངས་མེད་རྒྱུན་པར་བསྐོར་བར་བྱ།། སྟོན་ཟླ་འབྲིང་པོའི་ཉ་སྟོང་ལ།། ཞི་བར་བྱེད་པའི་ཙཀྲ་བསྐོར།། ལོ་ཟླག་གཤེད་དང་ཚེས་གྲངས་བསྟུན།། གཟའ་སྐར་བདུད་དང་དགྲ་གཤེད་ལ། ། དྲག་པོ་བསད་བཟློག་ཙཀྲ་བསྐོར།། འཇིག་དང་མི་མཐུན་ཚེས་གྲངས་ལ།། ལྷ་དབྱེ་དྲག་པོའི་ཙཀྲ་བསྐོར།། དེ་ཡང་རིག་པ་བཟང་པོས་བསྣུན།། ལོ་ཟད་ཟླ་ཟད་ཉི་མ་ནུབ།། ལིང་ག་བྲི་བའི་དུས་ཚོད་ཡིན། ། ནམ་ཕྱེད་ཉི་ཕྱེད་གུང་གཉིས་ལ།། བསྐུལ་དང་དགུག་པའི་དུས་ཡིན་ནོ།། སྐྱ་རེངས་འཆར་བའི་དུས་ཚོད་དང།། རླུང་ནག་ས་གཡོས་དུས་སུ་དབྱེ།། ཙཀྲ་བསྐུལ་བ་རབ་ཏུ་གཅེས།། གཤེད་པོ་ཡབ་ཡུམ་རླུང་ལྷ་གསུམ། ། སྣང་སྲིད་དྲེགས་པ་བསྐུལ་བ་གཅེས།། རྐྱེན་དང་འཚམས་པར་རིག་པས་བསྐུལ།། ཞི་རྒྱས་ལྷ་ལ་གསོལ་བ་གདབ།། ཙཀྲའི་མཆོད་པ་རྒྱུན་མི་བཅད།། ཡང་ཡང་ཙཀྲའི་ལྷ་གསལ་གདབ།། དེ་བཞིན་སྔགས་ཀྱང་ཚར་རེ་བཟླས། ། རང་ལུས་སྟོང་གསུམ་ཁམས་ཉུལ་ཡང།། དམིགས་པས་སྐྱབས་སུ་འཁོར་ལོ་ལ།། གནག་པར་བཅའ་ཡོ་གསང་བའི་བདག། ཡེ་ཤེས་ལྷའམ་གང་ཡང་རུང།། བསྙེན་བསྒྲུབ་ལས་ཀྱི་མཐའ་བསྒྱུར་ན། ། ཙཀྲ་གླིང་བཞི་གླིང་གསུམ་ལ།། ཡི་དམ་ཡབ་ཡུམ་སྲས་བཅས་དགོད།། རང་རང་སྲོག་སྔགས་སྙིང་གོང་ནས།། ཞལ་གྱི་སྒོ་རུ་ཐོན་ནས་ནི།། རང་གཟུགས་སྒྲུབ་བྱའི་སྤྱི་བོར་བསྟིམ།། སྙིང་ལ་བསྐོར་ནས་རང་ལུས་གང། ། ངག་ཏུ་སྟོན་ནས་རང་གཟུགས་ཀྱི།། མཐའ་མ་ལན་གསུམ་འཁོར་བར་བྲི།། ཕྱི་རིམ་ཁ་བསྒྱུར་ཙཀྲའི་རྩིབས།། ལྷ་ཚོགས་གྲངས་མཉམ་རང་རང་སྔགས།། རྩིབས་རྩེའི་མུ་ཁྱུ་ཁོར་ཡུག་བར། ། ལྷ་སྔགས་དྲིལ་བའི་ཞབས་དག་ཏུ།། གསང་མཚན་རྡོ་རྗེ་ཆེ་གེ་ལ།། ཡེ་ཤེས་ལྷ་ཚོགས་ཁྱེད་རྣམས་ཀྱིས།། མཆོག་དང་ཐུན་མོང་དངོས་གྲུབ་གསོལ།། དེ་ཡིས་མཐའ་མ་འཁོར་བར་བྲི།། རབ་གནས་ལ་སོགས་གོང་གིས་འདྲེ། ། ལྷ་བསྐྱེད་དམིགས་པ་དེ་བརྟན་བྱ།། འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད།། དེས་འདྲེ་ཁ་བསྒྱུར་གང་འདོད་བྲི།། ཐམས་ཅད་སེམས་ཀྱི་ཆོ་འཕྲུལ་ཡིན།། གང་དམིགས་ལས་དེ་འགྲུབ་པར་འགྱུར། ། ཤེས་རབ་བློ་དང་ལྡན་པ་གཅེས།། དཔེར་ན་དུས་གསུམ་སངས་རྒྱས་ལ།། དམིགས་མེད་སྤྲོས་བྲལ་མོས་བྱས་ན།། འབྲས་བུ་ཡང་དག་ཐོབ་པར་འགྱུར།། ལྷར་མཐོང་ལ་མོས་བྱས་ན།། དེ་ཡིས་དངོས་གྲུབ་ཐོབ་པར་འགྱུར། ། འདྲེར་མཐོང་དེ་ལ་སེམས་གཏད་ན།། འབྲས་བུ་དེ་དང་སྐལ་བ་མཉམ།། བསམ་རྒྱུད་སེམས་སུ་རྟོགས་པ་ལ།། འཁོར་འདས་གཉིས་སུ་གྲུབ་པ་མེད།། དེ་ཕྱིར་འཕྲིན་ལས་སེམས་ལ་རྫོགས། ། རླུང་ལས་བྱེད་འཁོར་ལོའི་རྒྱུད་ལས།། འཕྲིན་རྒྱས་པར་བསྟན་པའི་ལེའུ་སྟེ་བཅུ་པའོ།།།། ཀྱེ་མ་རྡོ་རྗེ་འཆང་ཉོན་ཅིག། ཙཀྲའི་ངོ་བོ་བྱང་ཆུབ་སེམས།། སྐྱེ་འགག་མེད་པ་གཅིག་ལ་བྱ།། ཙཀྲའི་ངེས་ཚིག་བསྟན་པ་ནི། ། འཁོར་ནི་དབྱིངས་སུ་གཅིག་པས་འཁོར།། ལོ་ནི་སྐྱེ་བ་མེད་པས་ལོ།། བྱང་ཆུབ་སེམས་སུ་གཅིག་པས་འཁོར།། ལོ་ནི་འགག་པ་མེད་པས་ལོ།། ཐམས་ཅད་གཅོད་ཕྱིར་ངེས་ཚིག་གོ། དབྱེ་ན་འཁོར་ལོ་རྣམ་པ་བཞི། ། གནས་ཁྱབ་ཡེ་ཤེས་ཙཀྲ་དང།། གསང་བ་བྱང་ཆུབ་ཙཀྲ་དང།། ཚད་མེད་སྙིང་རྗེའི་ཙཀྲ་དང།། མཚན་མ་རྫས་ཀྱི་ཙཀྲའོ།། ཙཀྲ་རྣམ་བཞི་དེ་ཉིད་ལ།། ཙཀྲའི་རྒྱུ་དང་བསྐོར་བའི་ཡུལ། ། འཁོར་བའི་ཚད་དང་མ་འཁོར་སྐྱོན།། རྣམ་པ་བཞི་རུ་ཤེས་པར་བྱ།། ཤེས་པའི་དགོས་ཆེད་བསྟན་པ་ཡང།། ཙཀྲ་ཡེ་ཤེས་ལྔ་དང་ལྡན།། ཙཀྲ་སྐུ་གསུང་ཐུགས་དང་ལྡན།། ཙཀྲ་དངོས་པོར་སྣང་བས་སྐུ། ། ཙཀྲ་རང་བཞིན་མེད་པས་གསུང།། ཙཀྲ་དབྱེ་རུ་མེད་པས་ཐུགས།། དབྱེར་མེད་ཙཀྲ་དོན་ཆེན་འདིས།། འགྲོ་ཀུན་མྱ་ངན་འདས་པར་སྒྲོལ།། རླུང་ལས་བྱེད་འཁོར་ལོའི་རྒྱུད་ལས། ཙཀྲའི་དགོས་ཆེད་དང་ངོ་བོ་ཚིག་དབྱེ་བ་བསྟན་པའི་ལེའུ་སྟེ་བཅུ་གཅིག་པའོ། །།། དེ་ནས་རྡོ་རྗེ་འཆང་ཆེན་པོ་དང། འདུས་པའི་འཁོར་རྣམས་རྗེས་སུ་ཡི་རངས་ཏེ་མངོན་པར་བསྟོད་པ། འཇམ་དཔལ་དཔལ་དང་ལྡན་པའི་མཆོག། སྤྲུལ་པའི་འཁོར་ལོ་སྣ་ཚོགས་འཆང།། ནམ་མཁའི་བདག་པོ་སྣ་ཚོགས་སྟོན།། ཚིག་བདེན་པ་དང་བདེན་པར་སྨྲ།། གཉིས་མེད་གཉིས་སུ་མེད་པར་སྟོན།། འཇམ་མགོན་ཆོས་སྐུ་ཉིད་ལ་བསྟོད།། བདག་ཅག་རྡོ་རྗེ་མཆོག་ཁྱོད་འདུད། ། ཐམས་ཅད་ཐམས་ཅད་ཁྱོད་ལ་འདུད།། ཅེས་བསྟོད་ནས། རང་རང་གི་གནས་སུ་དེངས་ཏེ་མི་སྣང་བར་འགྱུར་རོ།། རླུང་ལས་བྱེད་འཁོར་ལོའི་རྒྱུད་ལས། རྗེས་སུ་ཡི་རངས་ཏེ་མངོན་པར་བསྟོད་པའི་ལེའུ་སྟེ་བཅུ་གཉིས་པའོ། །།། འཕགས་པ་འཇམ་དཔལ་དངོས་གྲུབ་སྣ་ཚོགས་འབྱུང་བ་རླུང་ལས་བྱེད་འཁོར་ལོའི་རྒྱུད་རྫོགས་སོ།།།། རྒྱ་གར་གྱི་མཁན་པོ་པདྨ་སཾ་བྷ་བ་དང། བོད་ཀྱི་ལོ་ཙ་བ་སྤ་གོར་བཻ་རོ་ཙ་ནས་བསྒྱུར་བ། །།། ཡང་གསང་ཐུགས་ཀྱི་མན་ངག་འདི།། རྒྱུད་མ་འཇོལ་བའི་རིག་པ་ཡིས།། སྤྱོད་པས་དངོས་གྲུབ་འབྱུང་བར་འགྱུར།། མཚན་བརྗོད་པ་ལ་བརྩོན་པ་ཡིས།། ལས་རྣམས་འགྲུབ་པར་གདོན་མི་ཟ། ། ལྷག་པར་ངེས་པས་གནོད་མི་འགྱུར།། གཤིན་རྗེ་དྲེགས་པའི་སྣ་སྡུར་འཇོམས།། དེ་ཕྱིར་རྟག་ཏུ་མཚན་བརྗོད་དོ།། ཨྠི+ྀ། རྒྱ་རྒྱ་རྒྱ།། ཐམས་ཅད་འདུས་པའི་རླུང་རྒྱུད་འདི།། མེ་རི་འབར་བའི་དུར་ཁྲོད་དུ། ། ཨོ་རྒྱན་པདྨ་བདག་ཉིད་ལ།། གསང་བའི་བདག་པོས་ཡང་དག་བཤད།། ལས་ཀྱི་མནར་བ་ཕྱི་མའི་དུས།། རྐྱེན་སྒྲུབ་མི་ཁོམ་པ་ཡི་དུས།། མཁས་བཙུན་བཟང་སྤང་བྱེད་པའི་དུས།། མན་ངག་འདི་ཉིད་དར་བར་ཤོག། རྒྱ་རྒྱ་རྒྱ། ས་མ་ཡ་ཨྠི+ྀ། འདི་ཆོས་དབང་གི་གཏེར་མ་ཡིན།།།། རྒྱ་གར་སྐད་དུ། བྷུ་ཏྲེ་བ་ཡཾ་ཀཱ་ལ་བྱ་ཀུ་ལ་ཏན་ཏྲ་ནཱ་མ། བོད་སྐད་དུ། འབྱུང་བ་རླུང་ནག་འཁྲུགས་པ་ཞེས་བྱ་བའི་རྒྱུད།

CLOSE WINDOW