Wylie |
།།། རྒྱ་གར་སྐད་དུ། ཨེ་མ་ར་ན་སུ་པ་ནི་ཏནྟྲ་བྲཾ་ཀྲ་ཏ་ན་སི་ར་རཱ་ཛ། བོད་སྐད་དུ། དྲག་པོ་སྔགས་རྒོད་དམོད་པ་དྲག་སྔགས་གསང་བ་མཆོག་གི་སྤྱི་རྒྱུད་ཀྱི་རྒྱལ་པོ། ། བཅོམ་ལྡན་འདས་དཔལ་འཇིགས་བྱེད་སྐུ་གསུང་ཐུགས་ཀྱི་བདག་ཉིད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་ཁྲོ་བོ་རྔམ་པའི་རྒྱལ་པོ། སྐུ་གསུང་ཐུགས་ཀྱི་བདག་ཉིད། ཆོས་སྐུ་བདེ་བ་ཆེན་པོའི་ངང་ལས། འོག་མིན་གྱི་གནས་སེམས་ཉིད་ཀྱི་མཁའ། རབ་ཏུ་འཇིགས་པ་དུར་ཁྲོད་ཀྱི་གཞལ་ཡས་ཁང་ནང་གདུག་པ་ཅན་འདུལ་བའི་ཕྱིར་དྲག་པོ་གསུམ་དུ་ཁྲོས་ཏེ། རིགས་གསུམ་ཁྲོ་བོའི་རྒྱལ་པོ་དང། འཁོར་ལྔ་གཉིས་ཞི་ཁྲོར་སྣང་བའི་སྐུ་དང། བཅུ་གསུམ་གཅིག་ཏུ་རྫོགས་པའི་སྐུ་དང། རང་སེམས་སྟོབས་སུ་གྱུར་པའི་སྐུ་དང། སྣ་ཚོགས་ཕོ་མོར་སྤྲུལ་པའི་སྐུ་དང། ཞེ་སྡང་ལས་ལ་གྲུབ་པའི་སྐུ་དང་ཐབས་ཅིག་ཏུ་བཞུགས་སོ། ། དེ་ནས་ཁྲོ་བོ་རྔམ་ཆེན་འབར་བ་དེས། ཆོས་ཐམས་ཅད་རིག་པ་བྱང་ཆུབ་སེམས་ཐིག་ལེ་ཆེན་པོའི་ངོ་བོ་ཉིད་དུ་བསྡུས་ཏེ། དེ་ཉིད་ཀྱི་རོལ་པ་སྣ་ཚོགས་སུ་སྣང་ཞིང། སྔགས་ཀྱི་སྒྲ་དུ་མ་གྲག་པར་མཛད་དོ།། དེའི་བྱིན་གྱིས་བརླབས་ཀྱིས་ཁྲོ་བོ་ཁྲོ་མོའི་ཚིགས་ཐམས་ཅད་དང། འཇིག་རྟེན་ལས་འདས་པ་དང། འཇིག་རྟེན་པའི་དྲེགས་པ་ཅན་ཕོ་མོ་ཐམས་ཅད་མཐུ་དང། རྫུ་འཕྲུལ་དང། སྟོབས་དང། སྲོག་སྙིང་ལས་དང་ནུས་པ་ཐམས་ཅད་གཅིག་ཏུ་དྲིལ་ཏེ་སྣ་ཚོགས་པ་སྡེབས་པར་གྱུར་ཏོ།། དེའི་ཚེ་འཁོར་འདུས་པ་ཐམས་ཅད་ཀྱིས་ངག་མཐུན་པར་གསོལ་པ། ཨེ་མ་ཧོ་དཔལ་ཆེན་ཁྲོ་རྒྱལ་གཙོ། ། བདག་ཅག་རྣམས་ཀྱི་སྲོག་སྙིང་འདི།། དཔའ་བོ་ཆེན་པོའི་སྤྱན་སྔ་རུ།། བདེ་ཆེན་ཐུགས་ཀྱི་བྱིན་སྟོབས་ཀྱིས།། ནུས་མཐུ་ངར་དང་མི་མཐུན་གཅོད།། རིམ་པ་དུ་མར་བྱིན་རླབས་ནས།། དྲག་པོ་སྔགས་རྒོད་བཙན་ཐབས་དབྱུང། ། ཕྲ་མེན་ཀྱང་སྡེབས་བཤད་དུ་གསོལ།། ཞེས་གསོལ་ཏོ།། གསང་བ་མཆོག་གི་སྤྱི་རྒྱུད་ལས། གླེང་གཞི་དང་ཞུས་པའི་སྐབས་ཏེ་དང་པོའོ།།།། དེ་ནས་རིགས་གསུམ་ཁྲོས་པའི་རྒྱལ་པོ་དེས་འདི་སྐད་ཅེས་གསུངས་སོ། ། དྲག་པོ་སྔགས་ཀྱི་དོན་ཉིད་ནི།། ངོ་བོ་བྱུང་ཆུབ་སེམས་ཉིད་དེ།། ལྷུན་གྲུབ་གཏིང་ཟབ་རྒྱ་ཆེར་རོལ།། རྣམ་པ་ཡི་གེ་བརྡ་ཉིད་ལས།། སྒྲ་དང་ཐ་སྙད་མིང་དུ་ཤར།། རང་བཞིན་ཞི་དང་ཁྲོ་བོ་དང། ། མ་མོ་མཁའ་འགྲོ་འཇིག་རྟེན་གྱི།། དྲེགས་པ་ཅན་གྱི་ལྷ་ཡིན་ཏེ།། ནུས་པ་མཚོན་ཆ་སྣ་ཚོགས་ལ།། དུག་གི་ངར་དང་ལྡན་པ་འདྲ།། ལས་ནི་ཕན་གནོད་གཉིས་འགྲུབ་སྟེ།། དེ་ལྟར་སྔགས་ཀྱི་མཚན་ཉིད་ལ། ། ངོ་བོ་རང་བཞིན་རྣམ་པ་དང།། ནུས་པ་ལས་དང་དོན་ལྔའོ།། ཡི་གེ་གསང་སྔགས་མཚན་ཉིད་ལས།། སྣ་ཚོགས་པ་ཡི་དོན་བྱུང་ཡང།། དོན་ནི་རྩ་བ་ཡན་ལག་དང།། འདོགས་དང་འཕུལ་དང་འདྲེན་དང་ལྔའོ། ། དེ་དག་འདི་ལས་འགྱང་མི་སྲིད།། ཀ་ཁ་ག་གྷ་ང། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧ་ཀྵ། ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཻ། ཨོ་ཨཽ། ཨཾ་ཨཿ་དེ་ལ་ཡི་གེ་ཐ་སྙད་དུ།། ཀཱ་ལི་སུམ་ཅུ་རྩ་བཞི་ལ།། སྒྲ་དང་ཐབས་དང་ལུས་དང་རྒྱུ།། རྡོ་རྗེ་དགགས་ཀྱི་ཡི་གེའོ།། ཨཱ་ལི་བརྒྱད་གཉིས་དེ་ཉིད་ལ།། དབྱངས་དང་ཤེས་རབ་དེ་ཉིད་དང།། རྐྱེན་དང་པདྨ་སྲིབས་ཞེས་བྱ། ། དོན་དང་མཐུན་པ་སྣ་ཚོགས་འབྱུང།། དམོད་པ་ངན་སྔགས་གསང་བ་མཆོག་གི་སྤྱི་རྒྱུད་ལས། ལན་དང་ཡི་གེའི་ལེའུ་སྟེ་གཉིས་པའོ།།།། དེ་ནས་བཅོམ་ལྡན་འདས་དཔལ་ལྷུན་གྱིས་གྲུབ་པའི་རྒྱལ་པོས་འདི་སྐད་ཅེས་གསུངས་སོ། ། དྲག་པོ་སྔགས་ཀྱི་མཚན་ཉིད་ལ།། རྣམ་པ་དུ་མ་བཤད་མོད་ཀྱང།། དོན་ནི་གསུམ་དུ་འདུས་པ་ཡིན།། རྩ་བ་ལྷ་ཡི་སྲོག་སྙིང་དང།། ཡན་ལག་ལས་གྲུབ་སྙིང་པོ་དང།། བར་དུ་བརྡ་སྦྱར་སྙིང་པོའོ། ། དེ་དག་རྒྱས་པར་བྱེད་པ་དང།། ཡ་ཐ་རྒྱལ་བ་ཞི་ཁྲོ་ནས།། མ་ཐ་ཐེ་བྲང་ཕོ་མོ་ཡི།། བར་གྱི་སྙིང་སྔགས་ཐམས་ཅད་དང།། འདི་ལྟར་ཡང་དག་ཤེས་པར་བྱ།། གང་ཡིན་སྒྲུབ་པའི་དུས་དེ་ན།། གནད་ནས་བོད་ཅིང་འགུགས་པར་བྱེད། ། གཉིས་མེད་ངང་ལ་བཙུད་ནས་ཀྱང།། མཉམ་པ་ཉིད་དུ་བྱེད་པས་ཏེ།། ལྷ་ཡི་སྲོག་སྙིང་ཞེས་སུ་བཤད།། དེ་ནས་གང་ཡིན་ལས་ལ་འཇུག། ཕན་གནོད་གང་བྱེད་སྒྲུབ་བྱེད་ཅིང།། ཐ་མར་དོན་རྣམས་འགྲུབ་པར་ངེས། ། ཡན་ལག་ལས་གྲུབ་ཅེས་སུ་བཤད།། བསྒྲུབ་བྱ་རྣམས་ནི་དམིགས་པའི་སྲོག། བར་དུ་གར་སྤྱིར་སྦྱོར་བར་བྱེད།། བར་དུ་མདབ་སྦྱར་སྙིང་པོ་བཤད།། དྲག་པོ་སྔགས་རྒོད་རྣམ་ཐོག་ལ། ། རང་རང་སྟོབས་ཀྱིས་བྱིན་བརླབས་ལྡན།། དར་དང་དཔལ་བཅས་གང་ཡང་འགྲུབ།། གདུལ་བྱ་དགོས་པའི་དོན་དང་སྦྱར།། དེ་དག་དོན་གྱི་རྩིས་བཤད་པ།། ཀ་ནི་སྟོབས་ཆེན་ལས་ཡིན་ནོ།། ཁ་ནི་སྟོབས་ཆེན་ལས་བདག་འདུལ། ། ག་ནི་བཀྲ་ཤིས་མཆོག་ལྡན་བདེ།། ང་ཞེས་དབང་སྡུད་ལྷུན་བྱིན་འབར།། ཙ་ཞེས་མཚན་མའི་ཆོ་འཕྲུལ་མྱུར།། ཚ་ཞེས་འཇོམས་བྱེད་སྲེག་དང་ལྡན།། ཛ་ཞེས་རྣམ་ཤེས་མཐུ་སྟོབས་འགུགས། ། ཉ་ཞེས་གསལ་བའི་ཐིག་ལེ་འདུས།། བཟློག་པ་མྱུར་དྲག་འདུས་པའི་སྒྲ།། ཏ་ཞེས་དགོས་འདོད་འཕེལ་ཆེ་བདེ།། ཐ་ཞེས་མང་བརྡ་རྣམ་ཤེས་སྙིང།། ད་ཞེས་ཐབས་ལྡན་འདུས་པའི་བཅུད། ། ན་ཞེས་ཐབས་ཀྱིས་འདུ་བྱེད་འགུགས།། པ་ཞེས་མ་ཆགས་ཤེས་རབ་ཐབས།། ཕ་ཞེས་རྣམ་ཤེས་རྩ་བ་འདུས།། བ་ཞེས་ལོག་རྟོག་རྒྱུན་དུ་འཇོམས།། མ་ཞེས་དབྱིངས་ལྡན་ཡིད་དུས་གསུམ།། པ་ཞེས་སྒྲོལ་བྱེད་ནུས་སྟོབས་སྒྲོལ། ། ཝ་ཞེས་ཀུན་འདུས་ཐབས་འདྲེན་གསལ།། ར་ཞེས་རླག་བྱེད་སྲེག་བྱེད་ཅིང་སྨིན།། ལ་ཞེས་རྗེས་སུ་དཀར་ཞིང་འབོད།། ཤ་ཞེས་མྱོས་བྱེད་གཏུམ་ཞིང་བྱམས།། ས་ཞེས་བརྟན་བྱེད་སྲོག་བཅས་ལེན། ། ཧ་ཞེས་བརྟན་སྟོབས་མྱུར་གྲུབ་སྨིན།། ཨ་ཞེས་རྩ་བའི་སྟོབས་ཆེན་བསྟན།། ཨོ་ཞེས་སྟོབས་ལྡན་གཞན་འཇོམས་གསོ།། ཨི་ཞེས་འགུགས་འདྲེན་འཕུལ་ཞིང་བསྟིམ།། ཨེ་ཞེས་དྲག་པོ་མྱུར་སྒྲོལ་གསོད། ། ཨུ་ཞེས་རང་དབང་མེད་སྲོག་སྡུད།། ཡ་བཏགས་གང་ཡང་མཐུན་པར་བྱེད།། ཧ་བཏགས་རིང་ལ་དྲག་པར་སྒྲོལ།། འ་བཏགས་རིང་ལ་འཇམ་པར་འདུལ།། ཡི་གེའི་དོན་བཤད་ཚད་མ་ནི།། ཀུན་ལ་སྦྱར་ཞིང་གདགས་ཞེས་བཤད། ། དམོད་པ་ངན་སྔགས་གསང་བ་མཆོག་གི་སྤྱི་རྒྱུད་ལས། ཡི་གེ་འབྲུ་ནུས་པའི་སྐབས་ཏེ་གསུམ་པའོ།།།། དེ་ནས་རིས་གསུམ་ཁྲོས་པའི་རྔམ་ཆེན་འབར་བ་དེས་འདི་སྐད་ཅེས་གསོལ་ཏོ། ། ཡི་གེ་དང་བཅས་དྲག་སྔགས་ལ།། མཚོན་ཆའི་རིམ་པ་མང་ཡོད་ཀྱང།། རྩ་བའི་སྔགས་བསྡུ་འདི་བཤད་དོ།། ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མནྟ་ཀ་ཧ་ན་མ་ཐེ་བྷཉྫ་ཧཱུཾ་ཕཊ། ཅེས་པ་སྐུ་ཡོངས་སུ་རྫོགས་པར་གྱུར་ཏོ།། ཨོཾ་ཧྲི་བཾ་པདྨ་ཏ་ཀྲིད་མ་ཧཱ་ཀྲོ་དྷ་ཡ་གྲི་བ་ཧུ་ལུ་ཧུ་ལུ་ཧཱུ~ཾ་ཕཊ། ཅེས་པ་གསུང་ཡོངས་སུ་རྫོགས་པར་འགྱུར་རོ།། ཨོཾ་ནཱི་ལཾ་བ་ར་དྷཱ་བཛྲ་པཱ་ཎ་ཧཱུ~ཾ་ཕཊ། ཅེས་པ་གསུང་ཡོངས་རྫོགས་པར་འགྱུར་རོ།། ཨོཾ་ནཱི་ལཾ་བ་ར་དྷཱ་ར་བཛྲ་པཱ་ཎི་ཧཱུ~ཾ་ཕཊ། ཅེས་པ་ཐུགས་ཡོངས་སུ་རྫོགས་པར་གྱུར་ཏོ།། དམོད་པ་དྲག་སྔགས་ཀྱི་རྒྱུད་ལས། སྐུ་གསུང་ཐུགས་ཡོངས་སུ་རྫོགས་པའི་ལེའུ་སྟེ་བཞི་པའོ།།།། དེ་ནས་ཡང་ཁྲོ་བོ་རྔམ་ཆེན་འབར་བ་དེས་དྲག་པོས་སྔགས་ཀྱི་སྡེབས་འདི་གསུངས་སོ། ། དྲག་པོ་རྒོད་ཀྱི་སྡེབས་འདི་ལ།། རྣམ་པ་དྲུག་དང་ལྡན་པ་ཡིན།། དེ་ཡང་ཇི་ལྟ་བུ་ཞེ་ན།། སྔགས་ཀྱི་སོ་པ་བཏང་བ་དང།། ཀླད་གནོན་རྒྱལ་པོའི་དྲག་སྔགས་དང།། བློན་པོ་སྐྱེས་བུ་ལྟ་བུ་དང། ། རྒྱབ་རི་དམག་མི་ལྟ་བུ་དང།། གོ་ཆ་སྲ་བྱེད་ལྟ་བུ་དང།། རྣོ་བའི་མཚོན་ཆ་ལྟ་བུའོ།། འདི་ནི་སྡེབས་པའི་ངན་སྔགས་ཡིན།། དེ་དག་དོན་གྱིས་ངོས་བཟུང་བ།། སྔགས་ཀྱི་སོ་པ་གང་ཞེ་ན། ཨེ་ཨེ་ཡཾ་རཾ་བཾ་ལཾ་ཛ་ན་ད་དུ་ཨ། ཀླད་གནོན་རྒྱལ་པོ་གང་ཞེན། ཨ་ཨི་ཨུ་ཨེ་ཨོ་རི་ལི་ཨཾ་ཨཿ་ཀ་ཁ་ག་གྷ་ང། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། བློན་པོ་སྐྱེས་བུ་གང་ཞེ་ན། ཨ་ཀྲོ་ཏེ་ཀ་ཡ་མནྟ་ཀ། དྲི་སྣ་ཙཎྜ་ཀཱ་ལ་རཱུ་པ། ཧྲི་ཏི་བི་ཏ། ཨ་ནེ་ཨ་ནེ། ཨུ་ནེ་ཨུ་ནེ། དུ་ནེ་དུ་ནེ། མུ་ཀ་ཡེ། ཀ་པ་ཡེ། ཨ་པ་ཡེ། ཡ་མ་ཡེ། ཧྲི་ཏ་ཡེ། བི་ཏ་ཡེ། སིང་ང་ཡེ། དུ་རུ་ཡེ། བྱ་ཙ་ཡེ། ཨུ་ཨུ་ཨུ། ཧྲི་བཛྲ་ཀྲོ་དྷ་ཧ་ཡ་གྲི་བ། པདྨནྟ་ཀྲྀཏ། ར་ག་ཧྲིང་ཧྲིང་ཧྲིང། བཛྲ་པཱ་ཎི་ཙཎྜ་མ་ཏ་ནི་ལཾ་ར་ཤེ་ན། རྒྱབ་རི་དམག་མི་གང་ཞེ་ན། ལམ་ར་ཙ་ཀྲོ་དྷ་ནི་བི་ན་ཡ། ཀཱི་ལི་ཀཱི་ལི་ཡ་ཏིག་སྣ་ཡ། ཀརྨརཀྵ་མོན་ཏ། གོ་ཆ་སྲ་བྱེད་གང་ཞེ་ན། ཨ་མུ་ཀ་གནོན་བྱེད་ཏིག་ནན། སྙིང་གཟིར་སྦུར་ནན། རྣོ་དབལ་མཚོན་ཆ་གང་ཞེ་ན།། མྱགས་ཐུམ་རིལ། མྱོགས་ཏི་ཨེ་ཧུར་ཐུམས་ཛ། ཐུམས་ཡ་རྦད་ཁཾ་ཤག་རཾ་རྦད་ཨེ། སྲུང་གཟིར་སྦྱོར་བའི་རྒྱལ་པོ་འདི།། སྡེབས་ན་གནམ་ལྕགས་དུས་ཀྱི་ཐོག། དམོད་པ་ངན་སྔགས་ཀྱི་སྤྱི་རྒྱུད་ལས། དྲག་པོ་རྒོད་ཀྱི་ལེའུ་སྟེ་ལྔ་པའོ།།།། དེ་ནས་ཡང་ཁྲོ་བོ་རྔམ་ཆེན་འབར་བ་དེས། བཙན་ཐབས་སྲོག་སེར་གྱི་སྦྱོར་བ་འདི་གསུངས་སོ།། དྲི་མ་དྲུག་ལ་དམིགས་པའི་གཟུགས། ། གྲོག་འམ་ཡང་ན་ཤིང་ཤུན་ལ།། མིང་རུས་རྫོགས་ཁྲིས་གཟུགས་ལ་གླན།། གཅན་གཟན་ཐོད་པའི་ནང་དུ་གཞུག། ཞག་སྔར་དྲག་སྔགས་བར་མི་གཅད།། ཨེ་ཨ་ཨཱ། ཨི་ཨཱི། ཀ་ཁ་ག་གྷ་ང། པ་ཕ་བ་བྷ་མ། ཨ་ཀྲོ་ཡ་མ་ཡེ། ཨ་ནེ་ཨུ་ནེ་དུ་ནེ། དགྲ་བོ་ནརི་ཏྲིག་ནན། མྱགས་ཐུམས་རིལ། ཨེ་ཧུར་ཐུམས་རིལ། ཨེ་ཧུར་ཐུམས་ཛ། ཆེ་གེ་མོ་ནརྀ་ཁཾ་ཤག་རྦད། ཨེ་ཡཾ་ཨེ་རཾ། ཨེ་བཾ་ཨེ་ལཾ། ཨུ་ཨཱུ། ཙ་ཚ་ཛ་ཛྷ་ཉ། ཡ་ར་ལ་ཝ། ཧྲི་བཛྲ་ཀྲོ་དྷ་ཧ་ཡ་གྲྀ་བ། པདྨནྟ་ཀྲི་ཧྲི་ཧྲི། དགྲ་བོ་སྦུར་ནན། རོ་མྱགས་ཨེ་ཧུར་ཐུམས་ཛ། ཆེ་གེ་མོ་ཙིཏྟ་ལ་ནརི་རྦད། ཨོ་ཨོ་ར་ལ་ཏ་ཐ་ད་དྷ་ན། ཤ་ཥ་ས། བཛྲ་པཱ་ཎི་ཙན་དྷ་མ་ཧཱ། ནི་ལམ་རོ་ཤ་ན་དགྲ་བོ་ཨུ་ནན། མྱོགས་ཏི་རྔུམས། ཨེ་ཧུར་ཐུམས་ཛ། དགྲ་བོའི་ཙིཏྟ་ལ་བྲེང་ཤག་རྦད། བཾ་ལཾ། ཊ་ཋཌ་ཌྷ་ཎ། ལི་ལི། ཨཾ་ཨཿ་ཡ་མ་བག་ཤ་ཙི་ཀརྨ། མ་མར་ཙ་བཛྲ་ཀཱི་ལ་ཡ། ཀྲོ་དྷ་རག་ཤ། དགྲ་བོ་ཆེ་གེ་མོ་ཨི་ན་ཎ། རྨུགས་མྱགས་ཨོ་རྣིར་ཧུར་ཐུམས་ཛ། རྨུགས་རྟྲིད་ཕྱུང་རྦད། སྒྲུབ་བྱ་ལུས་ཀྱི་གནད་བཞི་རུ།། འཐོམ་པ་གཤེད་དུ་དབབ་པ་སྟེ།། ཀླད་པ་གཏི་མུག་འཐོམ་པའི་གནས།། བྱོལ་སོང་རྒྱལ་པོ་འཐོམ་བའི་གཤེད།། རང་གཤེད་རང་ལ་དབབ་པའི་གནད། ། ཀླད་རྩ་ཀུན་བཅད་མྱོས་པར་བྱེད།། མྱོགས་མུགས་ཁས་ཐིབས། ཧཱུ~ཾ་ལིང་དུན་དུ་རུ་ཏྲ་ཁྲག། ཀླད་ཁྲག་མཱ་ར་ཡ་རྦད། མགྲིན་པ་ང་རྒྱལ་འདྲེས་པའི་གནས།། ལྷ་མི་དབང་པོ་གསོད་པའི་གཤེད། ། རང་གཤེད་རང་ལ་ཕབ་པ་ཡིས།། མགྲིན་རྩ་ངག་རྒྱུན་དབུགས་ལམ་གཅད།། ཤག་ཏྲི་ཨེ་ནེ། བྷ་ཏྲི་ཧེ་དུན་ཁྲབ་ན་ཏྲི་ཧེ་དུན་ཁྲག། མགྲིན་ཁྲག་མྱོགས་མཱ་ར་ཡ་རྦད། སྙིང་ཁ་ཞེ་སྡང་གཏུམ་པའི་གནས།། མི་རྒོད་ཤན་པ་སྲོག་གི་གཤེད། ། རང་གཤེད་རང་ལ་ཕབ་པ་ཡིས།། དྭངས་པའི་རྩ་དང་ལོག་འཐེན་གཅད།། ཙན་དྷ་ཁྲག་རཾ་ཧ་ཧ་ཡ་ཧུ་ཧུ་སྟི་སྟ་ཁྲག། སྙིང་ཁྲག་མྱགས་མཱ་ར་ཡ་རྦད། ལྟེ་བ་འདོད་ཆགས་ཞེན་པའི་གནས། ། དམྱལ་བའི་རྒྱལ་པོ་གསོད་པའི་བདུད།། རང་གཤེད་རང་ལ་ཕབ་པ་ཡིས།། དྭངས་མའི་རྩ་དང་ལོག་འཐེན་གཅད།། སྲིད་པའི་རྟེན་ས་གཅད་ནས་ཀྱང།། འཁོར་བ་རླུངས་ཀྱི་ཀ་བ་བསྒྱེལ། ། ར་ག་ཧུ་ཏི་མོ་ཏ་ཧབ་ཁྲག། ལྟེ་ཁྲག་མྱོགས་མཱ་ར་ཡ་རྦད། དེ་དག་གདོད་ནས་རང་རང་ལ།། གནས་པས་རང་གྲུབ་རང་གཤེད་ཡིན།། གནན་པ་དམངས་རིས་ཆུ་མིག་ལའོ།། གཞན་ཡང་ལོ་ཏོག་འཇོམས་འདོད་ན། ། ཡུལ་ལྷ་གཟིར་ཞིང་སྔགས་འདི་གདགས།། རིགས་གསུམ་སྤྱི་ཡི་རྩ་སྔགས་ཀྱིས།། མཇུག་ཏུ་འབྱུང་བ་ཆུ་རླུང་སྡེབ།། ཡཾ་བཾ་ཧྲིལ་ཕྲོཾ་ཤར་དྲག་ཏུ་ཕོབ། སྦུ་གྲི་ངན་སྔགས་བསྒྱུར་ནས་ནི།། ཡ་མ་ཙཎྜ་ར་ག་པ་ནེ་དུད་ཕྲོཾ་ཡཾ་ཤར། ཀར་ཕྲོཾ་ཡམ་ཤར། ཤུ་ཏི་ཕྲོཾ་ཡཾ་ཤར། ཐུག་ཕྲད་བཙན་ཐབས་དབབ་པའོ།། དམོད་པ་དྲག་སྔགས་ཀྱི་སྤྱི་རྒྱུད་ལས། བཙན་ཐབས་སྲོག་སེར་གྱི་ལེའུ་སྟེ་དྲུག་པའོ།།།། དེ་ནས་དཔལ་ཆེན་རྔམ་པ་ཡིས། ། ཤེས་པ་གཡུང་གི་སྡེབས་འདི་གསུངས་སོ།། རང་གཤེད་འབབས་པའི་སྐབས་དག་ཏུ།། རྣམ་པར་ཤེས་པའི་ཚོགས་བརྒྱད་ལ། ཉོན་མོངས་དྲུག་དང་གཟུང་འཛིན་གཉིས།། དེ་ལ་དྲེགས་བརྒྱད་ལངས་ཏེ། ། དངོས་དང་བག་ཆགས་ཚུལ་གཉིས་ཀྱིས།། འབྱུང་བ་བཞི་དང་དབུགས་ཀྱི་རྒྱུན།། ལུས་ངག་ཡིད་ཀྱི་རྩ་རྣམས་གཅོད།། ཀུན་གཞིའི་རྣམ་པར་ཤེས་པ་ལས།། ཞེ་སྡང་ལས་གྲུབ་གཤིན་རྗེ་ལངས།། ཡ་ལས་གྲུབ་སྟེ་ས་དང་ཤ། མ་ཡིས་མཚོན་ཆས་རྩ་སྲོག་གཅོད།། ཡིད་ཀྱི་རྣམ་པར་ཤེས་པ་ལས།། ང་རྒྱལ་རང་ལུས་གྲུབ་བཙན་དུ་ལངས།། ར་ཏྲི་ལས་གྲུབ་དབུགས་ཀྱིས་རྩ།། མྱགས་ཀྱི་མཚོན་ཆས་གཅོད་པར་བྱེད།། ལུས་ཀྱི་རྣམ་པར་ཤེས་པ་ལས། ། འདོད་ཆགས་ལས་གྲུབ་མ་མོ་ལངས།། མ་ལས་གྲུབ་སྟེ་ཁྲག་དང་ཆུ།། ར་ཡི་མཚོན་ཆས་རང་སྲོག་གཅོད།། མིག་གི་རྣམ་པར་ཤེས་པ་ལས།། ན་དུན་ལས་གྲུབ་བདུན་དུ་མེ་དང་དྲོད།། ཐུན་གྱི་མཚོན་ཆས་རྩ་སྲོག་གཅོད། ། རྣ་བའི་རྣམ་པར་ཤེས་པ་ལས།། ཕྲག་དོག་རང་གྲུབ་རྒྱལ་པོ་ལངས།། རྩ་ལས་གྲུབ་སྟེ་དབུགས་དང་རླུང།། རལ་གྲི་མཚོན་ཆས་རྩ་སྲོག་གཅོད།། སྣ་ཡི་རྣམ་པར་ཤེས་པ་ལས།། ཐེ་ཚོམ་ལས་གྲུབ་སྲིན་པོ་ལངས། ། ཤ་ཤག་ལས་གྲུབ་དུས་ཀྱི་རྩ།། རྦད་ཀྱིས་མཚོན་ཆས་གཅོད་པར་བྱེད།། ཉོན་མོངས་ཅན་གྱི་ཡིད་ལས་ཀྱང།། འཛིན་པ་ལས་གྲུབ་རྨུ་དགོད་ལངས།། ལ་ཧེ་ལས་གྲུབ་ཀྱི་རྩ།། ཡ་ཡི་མཚོན་ཆས་རྩ་སྲོག་གཅོད། ། ལྕེ་ཡི་རྣམ་པར་ཤེས་པ་ལས།། གཟུང་བ་ལས་གྲུབ་ས་བདག་ལངས།། ན་མུན་ལས་གྲུབ་ཡིད་ཀྱི་རྩ།། རྦད་ཀྱིས་མཚོན་ཆས་རྩ་སྲོག་གཅོད།། དུག་ལྔ་ལ་སོགས་སྲོག་གཟུངས་ལ།། སྡེ་བརྒྱད་གཤེད་དུ་དབབ་པ་ཡིན། ། ཨེ་ཡཾ་ཨེ་ཨེ་བཾ་ཨེ་ལཾ། ཛྙཱ་ན་བཛྲ་ཀྲོ་དྷ། ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། ཨེ་ཨཻ། ཨོ་ཨཽ། ཨཾ་ཨཿ་རྀ་རཱྀ། ལྀ་ལཱྀ། ཏ་ཐ་ད་དྷ་ན། ཡ་ཝ་ར་ལ། ཥ་ཤ་ས་ཧ། ཨ་ཀྲོ་ཏེ་ཀ་ཡ་མནྟ་ཀ། ཀ་པ་ཡེ། ཀ་ལ་རཱུ་བ་མུ་ཀ་ཡ། ཧྲི་ཏི་ཨ་པ་ཡེ། ཨུ་ནེ་ཨུ་ནེ་དུ་ནེ། བྱ་ཙ་ལེ། དུ་རུ་ཡེ། སིང་ང་ཡེ། ཙིཏྟ་ཡེ། ཧ་ལ་ཡེ། ཏྲི་སྣ་ཙན་དྷ། བཛྲ་པཱ་ཎི་ཙཎྜ། མ་ཧི་ཏི་ཏ། ཧ་ཡ་གྲི་བ་བཛྲ་ཀྲོ་དྷཱི། རོ་ཤ་ནི། ཏྲ་ཏི་ནཱི་ལཾ་བ་ར་དྷ་ར། སརྦ་དུཥྟཾ་ཡ་མ་རཱ་ཛ་བཛྲ་ཀྲོ་དྷ་ཡ། ཨུ་ཙུས་མ་ཀྲོ་དྷ། ཀ་ལི་རཀ་ཤ། མོན་ཏ་ཀཱི་ལི་ཀཱི་ལ་ཡ། ཏིག་སྣ་བི་ཤ། ཙ་རཀ་ཤ་ཧུ་ཏི། བྷ་ཧི་དུན་ཡ། རུ་ཏྲ་རཀ་ཤ་བཾ། ཨ་མུ་ཀ་ཙིཏྟ་བྲེང་ཤག་རྦད། ཙ་ཁྲག་ཐུམ་ལིང་ཡ་ལོང་རྦད། ཁྲག་ཐིབས། རཾ་ཤག་མཱ་ར་ཡ་རྦད། རོ་མྱོགས་མུགས་ཏི་མཱ་ར་ཡ་རྦད། གནོད་བྱེད་ཀྱི་སྙིང་ཕུང། ཧི་ཧུར་ཐུམས་རྦད་ཡ། དམོད་པ་དྲག་སྔགས་མཆོག་གི་སྤྱི་རྒྱུད་ལས། གཡུང་གི་ལེའུ་སྟེ་བདུན་པའོ། །།། དེ་ནས་བཅོམ་ལྡན་འདས་རིགས་གསུམ་ཁྲོས་པའི་རྒྱལ་པོ་དེས། ཕྲ་མེན་རྐྱང་སྡེབས་འདི་གསུངས་སོ།། སྔགས་ཀྱི་ཕྲ་མེན་དུཾ་དུཾ་འབྲེལ།། རིན་ཆེན་དབང་གི་འཕྲེང་བ་འདྲ།། དགོས་འདོད་ཐམས་ཅད་ཡིད་བཞིན་འབྱུང། ། ཕྲ་མེན་རྐྱང་སྡེབས་འདི་ལྟ་སྟེ།། དང་པོ་རང་རང་ནུས་པ་ཅན།། ཆོལ་བུ་ཀུན་ནས་བཏུ་པ་ཡིན།། ཞི་བ་ལྷ་ཡི་ནང་ནས་ཀྱང།། ཨོཾ་དང་ཧྲི་ཨ་ནུས་པ་ཆེ།། ཁྲོ་བོ་འཇིགས་བྱེད་ནང་ནས་ཀྱང།། ཧཱུ~ཾ་དང་ཀྲོ་དྷ་ནུས་པ་ཆེ། ། རྡོ་རྗེ་ཕུར་པའི་ནང་ནས་ཀྱང།། ཏ་དང་ཀཱི་ལི་ཀཱི་ལ་ཡ།། འཇམ་དཔལ་གཤིན་རྗེའི་ནང་ནས་ཀྱང།། ཨ་ཀྲོ་ཧྲི་དྷི་ཡ་མ་ཡེ།། ཕྱག་ན་རྡོ་རྗེའི་ནང་ནས་ཀྱང།། བཛྲ་ཧྲིལ་མྱགས་ཧྲི་ཏ་ཡ།། པདྨ་དབང་ཆེན་ནང་ནས་ཀྱང། ། ཙན་དྷ་ར་ག་ཧྲི་ཏ་ཡ།། དབྱིངས་དང་ཡེ་ཤེས་ནང་ནས་ཀྱང།། རུ་ལུ་ཧི་ཤ་རི་དི་མ་བྷྱོ།། སྣང་སྲིད་མ་མོའི་ནང་ནས་ཀྱང།། མ་མོ་ཏ་ཀྲི་བཛྲ་ཤག། འདོད་ཁམས་དབང་ཕྱུག་ནག་མོ་ལས། ། མ་མ་ཏྲག་དང་རག་ཤའོ།། ལྷ་གདོན་དྲག་པོའི་ནང་ནས་ཀྱང།། དེ་བ་ཨ་སུ་ར་ཧྲི་ཤ། བདུད་ནག་འབུམ་གྱི་ནང་ནས་ཀྱང།། རུ་ཏྲ་བྷ་དྷི་དྷ་ར་ཁྲག། གཟའ་རྒོད་དྲག་པོའི་ནང་ནས་ཀྱང།། རུ་ཧུ་སྙིང་ཁྲག་བཛྲ་ཡཀ། བཙན་རིགས་སྟོང་གི་ནང་ནས་ཀྱང།། ར་ཏི་ཁྲག་ཨ་བི་ཤུ་ཙ།། རྒྱལ་པོ་སྡེ་ཡི་ནང་ནས་ཀྱང།། རཱ་ཙ་ཧྲི་བ་ཚ་ཏ་ཤམ།། སྲིན་པོ་ཤན་པའི་ནང་ནས་ཀྱང།། ར་ཤ་ཧ་ས་ཏི་ཁ་རག་ཤ། གནོད་སྦྱིན་སྡེ་ཡི་ནང་ནས་ཀྱང། ། བྷ་ཧུ་རི་ཏ་ཀིང་ཀིང་ཀར།། གདུག་པ་གསུམ་གྱི་ནང་ནས་ཀྱང།། ན་ཁཱ་ར་ཙ་ཧུ་ཡ་ཁས།། འཇིག་རྟེན་སྡེ་ཡི་ནང་ནས་ཀྱང།། རཾ་ནི་ཀེང་རུས་ཙིཏྟ་ཧྲི།། འདི་དག་དྲག་པོའི་སྔགས་རྒོད་དེ།། གང་ཡིན་ལས་ལ་ཐོགས་མེད་སྡེབ། ། འབྲུ་རེ་དྲིལ་བ་སྔོན་བཞིན་ལ།། བརྡ་ཡི་མིང་བཅས་དེ་བཞིན་གཟིར།། ལས་ལ་བཏང་བའི་སྲོག་ཀྱང་འདིའོ།། མཱ་ར་ཡ་ཡི་མཐའ་བསྒྱུར་ནས།། གསང་བ་མཆོག་ལ་ཤེས་པའོ།། གཞན་ཡང་ཤིལ་པའི་ཡི་གེ་ནི། ། ཞི་ངལ་ཚན་ཚེ་ཤིས་འདོད་ན།། ཨ་ཡི་གསང་སྔགས་དྲང་བར་བྱ།། ཆོས་ཉིད་དྲག་པོ་བསྒྲུབ་འདོད་ན།། ཨེ་ཡིས་སྲོག་སྙིང་དྲང་བར་བྱ།། མྱུར་འགྲུབ་རྣོ་བ་ཐོབ་འདོད་ན།། རཾ་གྱི་སྙིང་པོ་དྲང་བར་བྱ། ། ཚན་ཆེ་བརྟན་མི་གཡོ་འདོད་ན།། ཡཾ་གྱི་སྲོག་སྙིང་དྲང་བར་བྱ།། བྱིངས་ཆེ་གཏིང་འགྲུབ་རླག་འདོད་ན།། བཾ་གྱི་སྙིང་པོ་དྲང་བར་བྱ།། འདི་རྣམས་ལས་ལ་གང་བྱས་ཀྱང།། འགྲུབ་འགྱུར་འདི་ལ་གདོན་མི་ཟ། ། གཞན་ཡང་སྲོག་སྙིང་མཐའ་བསྒྱུར་དུ།། འདི་དག་ཀུན་ཀྱང་གདགས་པར་བྱ།། གཞན་ཡང་བྱམས་ཤིང་ཞི་འདོད་ན།། ཤན་ཏིང་ཀུན་ཏུ་གདགས་པར་བྱ།། ལོངས་སྤྱོད་འཁོར་གཡོག་རྒྱས་འདོད་ན། ། པུཎྜིཾ་ཀུ་རུ་གདགས་པར་བྱ།། ཐམས་ཅད་དབང་དུ་འདུས་འདོད་ན།། བ་ཤཾཀུ་རུ་གདགས་པར་བྱ།། ཧཱུ~ཾ་ཁྲོ་དྲག་པོ་གསད་འདོད་ན།། མཱ་ར་ཡ་ཡི་མཚོན་ཆས་བརྡེག། དམོད་པ་ངན་སྔགས་ཀྱི་རྒྱུད་ལས། རང་རང་རྐྱང་པ་སྡེབས་པའི་ལེའུ་སྟེ་བརྒྱད་པའོ། །།། དེ་ནས་ཚངས་པ་ཆེན་པོ་ལ་སོགས་ཏེ་ལྷ་ཐམས་ཅད་དང། གང་བ་བཟང་པོ་ལ་སོགས་ཏེ་གནོད་སྦྱིན་ཐམས་ཅད་དང། ཁྱབ་འཇུག་ལ་སོགས་ཏེ་གཟའ་ཐམས་ཅད་དང། ནག་པོ་ནག་མོ་ལ་སོགས་ཏེ་མོན་ཐམས་ཅད་དང། ལང་ཀ་མགྲིར་བཅུ་ལ་སོགས་ཏེ་སྲིན་པོ་ཐམས་ཅད་དང། འཁོར་ལྷ་སྲིན་སྡེ་བརྒྱད་ཐམས་ཅད་ལ། རྔམ་ཆེན་འབར་བས་བཀའ་སྩལ་པ། རྒྱུད་འདི་ནི་མཐུ་ཐམས་ཅད་འདུས་པས། དྲག་པོ་སྔགས་རྒོད་ཀྱི་རྒྱུད་ཅེས་བྱ་བར་ཟུར་ཞིག། སྐུ་གསུང་ཐུགས་གཅིག་ཏུ་དྲིལ་བས། གསང་བ་སྤྱི་རྒྱུད་ཅེས་བྱ་བར་ཟུང་ཞིག། གནོད་སྦྱིན་ཐམས་ཅད་ཀྱི་སྲོག་འདུས་པས། གནོད་སྦྱིན་སྲིག་གུས་རྡར་ཞེས་བྱ་བར་ཟུང་ཞིག་ཅེས་བཀའ་སྩལ་པས། འཁོར་རྣམས་དགྱེས་ནས། བཅོམ་ལྡན་འདས་ཀྱི་སྐུ་གསུང་ཐུགས་ལ་བསྟོད་པ། ཧཱུ~ཾ་ཧཱུ~ཾ་ཧཱུ~ཾ། གཏུམ་ཆེན་རབ་འབར་གཤིན་རྗེ་འཇོམས་མཛད་པ།། ཉི་མ་འབུམ་བས་ལྷག་པའི་འོད་ལྡན་ཁྱོད། ། ཕྱག་འཚལ་མང་པོ་བསྐལ་པའི་མེ་ལྟར་འབར།། རབ་བརྗིད་གཤིན་རྗེ་འཇོམས་ལ་ཕྱག་འཚལ་བསྟོད།། ཧྲིཿརྒྱལ་བ་ཀུན་གྱི་ཆོས་སྐུ་པདྨའི་གསུང།། ཆོས་རྗེ་འོད་དཔག་མེད་པ་རྡོ་རྗེའི་ཆོས། ། སྤྱན་རས་གཟིགས་དབང་རྔམ་ཆེན་འབར་བའི་སྐུ།། རྟ་མགྲིན་རྟ་སྐད་འཚེར་ལ་ཕྱག་འཚལ་བསྟོད།། ཧཱུ~ཾ་མཛད་ཧཱུ~ཾ་སྟེ་ཙཎྜ་མ་ཧཱ་རོ་ཥ་ན།། བདེན་གཉིས་ཐུགས་ཆུད་ཆོས་ཀྱི་སྐུ་མཉེས་པ།། སྤྲུལ་པའི་སྐུར་སྟོན་ཕྱག་ན་རྡོ་རྗེ་སྟེ། ། དུས་མཐའི་མེ་ལྟར་འབར་ལ་ཕྱག་འཚལ་བསྟོད།། ཅེས་བསྟོད་པ་ཕུལ་ལོ།། དམོད་པ་ངན་སྔགས་མཆོག་གི་སྤྱི་རྒྱུད་ལས། རྒྱུད་ཡོངས་སུ་གཏད་བ་དང་བསྟོད་པའི་ལེའུ་དགུ་པའོ། །།། དམོད་པ་ངན་སྔགས་ཀྱི་སྤྱི་རྒྱུད་རྫོགས་སོ།།།།
CLOSE WINDOW