Wylie |
བོད་ཀྱི་ལོ་ཙ་ཨུ་ནན་དགའ་བས་བསྒྱུར་ཏེ་གཏན་ལ་ཕབ་པའོ།།།། །། རྒྱ་གར་སྐད་དུ། ཨེ་མ་མན་ཏྲ་ཀྲ་དྷ་ན་པྲཾ་ཀྲཾ་ཏྲཾ་ཏྲ་རཱ་ཛ། བོད་སྐད་དུ། དྲག་པོ་སྔགས་རྒོད་དེ་ཁོ་ན་ཉིད་རྒྱ་སྡེབས་རྒྱུད་ཀྱི་རྒྱལ་པོ། དཔལ་ཆེན་ཁྲོ་བོ་འཇིགས་བྱེད་འབར་བ་ལ་ཕྱག་འཚལ་ལོ།། འདི་སྐད་བཤད་པའི་དུས་ན། བཅོམ་ལྡན་འདས་ཁྲོ་བོ་རྔམ་པའི་རྒྱལ་པོ་འཇིགས་བྱེད་ཆེན་པོ་དེ། ཡུམ་དང་གཉིས་སུ་མེད་པ་བདེ་བ་ཆེན་པོའི་ངང་ལ། འོག་མིན་གྱི་གནས་སེམས་ཉིད་ཀྱི་མཁའ་རབ་ཏུ་འཇིགས་པའི་གཞལ་ཡས་ཁང་ན། ལྔ་ཉིད་ཞི་ཁྲོར་སྣང་བའི་སྐུ་དང། བཅུ་གསུམ་གཅིག་ཏུ་རྫོགས་པའི་སྐུ་དང། རང་སེམས་སྟོབས་སུ་གྱུར་པའི་སྐུ་དང། སྣ་ཚོགས་ཕོ་མོར་སྤྲུལ་པའི་སྐུ་དང་ཐབས་ཅིག་ཏུ་བཞུགས་སོ།། དེ་ནས་ཁྲོ་བོའི་རྒྱལ་པོ་དེས། ཆོས་ཐམས་ཅད་རང་རིག་བྱང་ཆུབ་ཀྱི་སེམས་ཐིག་ལེ་ཆེན་པོའི་བདག་ཉིད་དུ་བསྡུས་ཏེ། དེ་ཉིད་ཀྱི་རོལ་པ་སྣ་ཚོགས་སུ་སྣང་སྟེ། གསང་སྔགས་ཀྱི་སྒྲ་དུ་མ་གྲག་པར་མཛད་དོ།། དེའི་བྱིན་གྱི་བརླབས་ཀྱིས་ཁྲོ་བོ་ཁྲོ་མོའི་ཚོགས་ཐམས་ཅད་དང། འཇིག་རྟེན་ལས་འདས་པ་དང། འཇིག་རྟེན་པའི་དྲེགས་པ་ཅན་ཕོ་མོ་ཐམས་ཅད་ཀྱི་མཐུ་དང། རྫུ་འཕྲུལ་དང། སྟོབས་དང། སྲོག་སྙིང་དང། ལས་དང། ནུས་མཐུ་ཐམས་ཅད་གཅིག་ཏུ་དྲིལ་ཏེ་སྣ་ཚོགས་སྡེབས་པར་གྱུར་ཏོ།། དེའི་ཚེ་འཁོར་འདུས་པ་དེ་དག་གིས་ངག་མཐུན་པར་འདི་སྐད་ཅེས་གསོལ་ཏོ། ། ཨེ་མའོ་དཔལ་ཆེན་ཁྲོ་རྒྱལ་གཙོ།། བདག་ཅག་རྣམས་ཀྱི་སྲོག་སྙིང་ལས།། དཔལ་བོ་ཆེན་པོའི་སྤྱན་སྔར་འབུལ།། བདེ་ཆེན་ཐུགས་ཀྱི་བྱིན་སྟོབས་ཀྱིས། ། ནུས་མཐུ་ངར་དང་མི་གདུག་གཅོད།། རིམ་པ་དུ་མར་བྱིན་པས་ན།། རྒྱ་སྡེབས་ཐུགས་སྡེབས་གསང་བའི་སྡེབས།། རང་རང་རྐྱང་སྡེབས་བཤད་དུ་གསོལ།། ཅེས་གསོལ་ཏོ།། གླེང་གཞི་དང་ཞུས་པའི་སྐབས་དང་པོའོ། །།། དེ་ནས་ཁྲོ་བོའི་རྒྱལ་པོ་དེས་འདི་སྐད་ཅེས་གསུངས་སོ།། དྲག་པོ་སྔགས་ཀྱི་མཚན་ཉིད་དེ།། ངོ་བོ་བྱང་ཆུབ་སེམས་ཉིད་དང།། ལྷུན་གྲུབ་གཏིང་ཟབ་རྒྱ་ཆེར་རོལ།། རྣམ་པ་ཡི་གེའི་བདག་ཉིད་ལས། ། སྒྲ་དང་ཐ་སྙད་མིང་དུ་ཤར།། རང་བཞིན་ཞི་དང་ཁྲོ་བོ་དང།། མ་མོ་མཁའ་འགྲོ་འཇིག་རྟེན་གྱི།། དྲེགས་པ་ཅན་གྱི་ལྷ་ཡིན་ཏེ།། ནུས་པ་མཚོན་ཆ་སྣ་ཚོགས་ལ།། དུག་གི་ངར་དང་པ་དང་འདྲ།། ལས་ནི་ཕན་གནོད་གཉིས་འགྲུབ་སྟེ། ། དེ་ལྟར་སྔགས་ཀྱི་བདག་ཉིད་ལ།། ངོ་བོ་རང་བཞིན་རྣམ་པ་དང།། ནུས་པ་ལས་དང་དོན་ལྔའོ།། ཡི་གེ་སྔགས་ཀྱི་མཚན་ཉིད་ལས།། སྣ་ཚོགས་སྤྲོས་པའི་ཚིག་བྱུང་ཡང།། དོན་ཉིད་རྩ་བ་ཡན་ལག་དང། ། འདོགས་དང་འཕུལ་དང་འདྲེན་དང་ལྔའོ།། དེ་དག་འདི་ལ་འདའ་མི་སྲིད།། ཀ་ཁ་ག་གྷ་ང། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧ་ཀྵ། ཨ་ཨཱ། ཨི་ཨཱི། ཨུ་ཨུ། ཨེ་ཨཻ། ཨོ་ཨཽ། རྀ་རཱྀ། ལྀ་ལཱྀ། ཨཾ་ཨ། ཡི་གེ་དེ་དག་ཐ་སྙད་དུ།། ཀཱ་ལི་སུམ་ཅུ་རྩ་བཞི་ལ།། སྒྲ་དང་ཐབས་དང་ལུས་དང་རྒྱུ།། རྡོ་རྗེ་གདགས་ཀྱི་ཡི་གེའོ།། ཨཱ་ལི་བརྒྱད་གཉིས་དེ་ཉིད་ལས།། དབྱངས་དང་ཤེས་རབ་ཡན་ལག་དང། ། རྐྱེན་དང་པདྨ་སྲིབས་ཞེས་བྱ།། དོན་དང་ནུས་པ་སྣ་ཚོགས་འབྱུང།། ལན་དང་ཡི་གེ་དབྱེ་བའི་སྐབས་ཏེ་གཉིས་པའོ།།།། དེ་ནས་ཁྲོ་བོ་འཇིགས་བྱེད་ཆེན་པོ་དེས་འདི་སྐད་ཅེས་གསུངས་སོ། ། དྲག་པོ་སྔགས་ཀྱི་མཚན་ཉིད་ལ།། རྣམ་པ་མང་དུ་བཤད་མོད་ཀྱང།། དོན་ནི་གསུམ་དུ་བསྡུས་པ་ཡིན།། རྩ་བ་ལྔ་ཡི་སྲོག་སྙིང་དང།། ཡན་ལག་ལས་གྲུབ་སྙིང་པོ་དང།། བར་དུ་བརྡ་སྦྱར་སྙིང་པོ་དང། ། དེ་དག་རྒྱས་པར་དབྱེ་བ་ཡང།། ཡ་ཐ་རྒྱལ་བ་ཞི་ཁྲོ་ནས།། མ་ཐ་ཐེ་བྲང་ཕོ་མོ་ཡི།། བར་གྱི་སྙིང་སྔགས་ཐམས་ཅད་ལ།། འདི་ལྟར་ཡང་དག་ཤེས་པར་བྱ།། གང་ཡིན་སྒྲུབ་པའི་དུས་དེ་རུ།། གནད་ནས་བོད་ཅིང་འགུགས་པར་བྱེད། ། གཉིས་མེད་རང་ལ་བཅད་ནས་ཀྱང།། མཉམ་ཉིད་ངང་དུ་བྱེད་པ་སྟེ།། ལྷ་ཡི་སྲོག་སྙིང་ཞེས་སུ་བཤད།། དེ་ནས་གང་ཡིན་ལས་ལ་འཛུད།། ཕན་གནོད་གང་ཡིན་སྒྲུབ་བྱེད་ཅིང། ། ཐ་མར་དོན་རྣམས་གྲུབ་པ་སྟེ།། ཡན་ལག་ལས་གྲུབ་ཅེས་སུ་བཤད།། བསྒྲུབ་བྱའི་དམིགས་པ་རྣམ་ཤེས་སྲོག། བར་དུ་གར་སྦྱིན་སྦྱོར་བ་སྟེ།། བར་དུ་བརྡ་སྦྱར་སྙིང་པོར་བཤད།། དྲག་པོ་སྔགས་རྒོད་གནམ་ཐོག་ལ། ། རང་རང་སྟོབས་ཀྱི་བྱིན་བརླབས་ལྡན།། ངར་དང་དཔལ་བཅས་གང་ཡང་འགྲུབ།། གདུལ་བྱ་དགོས་པའི་དོན་དང་སྦྱར།། དེ་དག་དོན་གྱིས་རྒྱལ་བཤད་པ།། ཀ་ནི་སྟོབས་ཆེན་ལས་གྲུབ་ཡིན། ཁ་ནི་དྲག་པོ་སྔགས་བདག་འདུལ། ། ག་ཞེས་བཀྲ་ཤིས་མཆོག་ལྡན་བདེ།། ང་ཞེས་དབང་སྡུད་ལྷུན་བྱིན་འབར།། ཙ་ཞེས་མཚན་མའི་ཆོ་འཕྲུལ་མྱུར།། ཚ་ཞེས་འཇོམས་བྱེད་སྲེག་དང་ལྡན།། ཛ་ཞེས་རྣམ་ཤེས་མཐུ་སྟོབས་འགུགས། ། ཉ་ཞེས་གསལ་བའི་ཐིག་ལེ་འདུས།། ཏ་ཞེས་དགོས་འདོད་འཕེལ་ཆེན་བདེ།། ཐ་ཞེས་མིང་བརྡ་རྣམ་ཤེས་སྙིང།། ད་ཞེས་ཐབས་ལྡན་འདུས་བའི་བཅུད།། ན་ཞེས་ཐབས་ཀྱིས་འདུལ་བྱེད་འགུགས། ། བཟློག་པ་མྱུར་དྲག་འདུས་པའི་སྒྲ།། པ་ཞེས་མ་ཆགས་ཤེས་རབ་ཐབས།། ཕ་ཞེས་ཐབས་རྣམས་རྩ་བར་འདུས།། བ་ཞེས་ལོག་རྟོག་རྒྱུ་སྒྲོལ་འཇོམས།། མ་ཞེས་དབྱིངས་ལྡན་ཡིད་འདུས་ཡུམ།། ཡ་ཞེས་བསྐྱོད་བྱེད་ནུས་སྟོབས་སྒྲོལ། ། ཝ་ཞེས་ཀུན་འདུས་ཐབས་འདྲེན་གསལ།། ར་ཞེས་ཀླད་བྱེད་སྲེག་ཅིང་སྨིན།། ལ་ཞེས་རྗེས་སུ་དཀར་ཞིང་འབོད།། ཤ་ཞེས་མྱོས་བྱེད་གཏུམ་ཞིང་བྱམས།། ས་ཞེས་བརྟན་བྱེད་སྲོག་བཅས་ལེན། ། ཧ་ཞེས་སྟོབས་དྲག་མྱུར་གྲུབ་སྨིན།། ཨ་ཞེས་རྩ་བའི་སྟོབས་ཆེན་བརྟན།། ཨི་ཞེས་སྟོབས་བརྟན་གཞན་འཇོམས་སོ།། ཨུ་ཞེས་འགུགས་འདྲེན་འཕུལ་ཞིང་བསྟིམ།། ཨེ་ཞེས་དྲག་པོ་མྱུར་སྒྲོལ་གསོད། ། ཨོ་ཞེས་རང་དབང་མེད་འཕྲོག་སྡུད།། ཡ་བཏགས་གང་ཡང་མཐུན་པར་བསྐྱེད།། ཧ་བཏགས་རིང་ལ་དྲག་པར་སྒྲོལ།། འ་བཏགས་རིང་ལ་འཇམ་པར་འདུས།། ཡི་གེ་དོན་བཤད་ཚད་མ་འདི།། ཀུན་ལའང་སྦྱར་ཞིང་གདགས་ཞེས་བཤད། ། ཡི་གེ་འབྲུའི་ནུས་པའི་སྐབས་ཏེ་གསུམ་པའོ།།།། དེ་ནས་རྔམ་ཆེན་འབར་བ་དེས་འདི་སྐད་ཅེས་བཀའ་སྩལ་ཏོ།། ཡི་གེ་དང་བཅས་དྲག་སྔགས་ལ།། མཚོན་ཆི་རིམ་པ་མང་ཡོད་ཀྱང། ། རྩ་བའི་དོན་བསྡུས་འདི་ལྟ་སྟེ།། ཡ་དང་རྒྱལ་མཚན་གང་འཕྲད་པ།། འདི་ཡི་ནུས་པ་ཡོན་ཏན་དགུ།། དྲག་པོ་བྱེད་ཀྱང་མྱུར་བར་འགྲུབ།། སྒྲོལ་བྱེད་གསོད་བྱེད་གཟིར་དང་འཇོམས།། གང་ཡང་དགོས་མེད་རྟག་ཏུ་སྲུང། ། རྒྱས་པར་ཀུན་ཁྱབ་ཡོན་ཏན་དགུ།། ན་དང་རྒྱལ་མཚན་འབྲེལ་པ་ལ།། ཡོན་ཏན་ནུས་པ་རྣམ་པ་བདུན།། འགུགས་དང་སྡུད་དང་དབང་དུ་བྱེད།། དྲག་ཏུ་འབོད་དང་འཁུ་དབང་མེད།། སྟོབས་བསྐྱེད་ངར་བླུད་བདུན་དང་ལྡན། ། ཨ་ལས་འབྱུང་བའི་སྟོབས་དང་ལྡན།། ལ་དང་གློག་འགྱུ་འབྲེལ་པ་སྟེ།། རང་དབང་མེད་པར་འཇམ་དུ་འགུགས།། བརྟན་པའི་ཚན་ཆེ་ཞི་བར་སྤུད།། ར་དང་གློག་འགྱུ་འབྲེལ་པ་དེས། ། དྲག་ཏུ་འགུགས་དང་མཐུ་རུ་སྲེག། ཡིད་མི་བདེ་བྱེད་སྡུག་བསྔལ་མྱོང།། ཨ་དང་ནེ་རུ་འབྲེལ་བ་ནི།། སྐྱེ་མེད་མི་འགྱུར་སྟོབས་ཆེན་ལྷུན།། ཨེ་དང་ནེ་རུ་འབྲེལ་པ་ནི།། རོལ་པ་དྲག་པོས་གཏུམ་པོ་སྒྲོལ། ། ཨུ་དང་ནེ་རུ་འབྲེལ་པ་ནི།། རང་གི་གནད་ནས་ཁུབ་མེད་འཇོམས།། དུ་དང་ནེ་རུ་འབྲེལ་པ་དེས།། ཐུགས་རྗེའི་སྟོབས་འདུས་འགུགས་ཤིག་དྲག། ཨོཾ་ནི་ཡོན་ཏན་བདུན་ལྡན་ཏེ།། སྐྱེ་མེད་འབྲས་བུ་ཤུགས་ཀྱིས་བགྲོད། ། ཡེ་ཤེས་ལྷུན་རྫོགས་བྱིན་སྟོབས་ལྡན།། ཚན་ཆེ་མི་ལྡོག་འཁུབ་མེད་ཅིང།། མཐུ་རྩལ་རིང་དུ་འབྱིན་པ་ཡིན།། ཧཱུ~ཾ་ནི་དེ་ལས་མྱུར་དྲག་འགྲུབ།། ཨེ་ཡི་དོན་དུ་ནུས་པ་དགུ།། སྟོང་པ་ཉིད་ཀྱི་ཡེ་ཤེས་སེམས། ། ནམ་མཁའ་ལྟ་བུར་གནས་པ་ལས།། རོལ་པ་ཁྲོ་བདག་ཆེན་པོ་ཤར།། དེ་ལས་མཚོན་ཆ་དུག་ངན་ཅན།། ནུབ་པ་སྟོབས་ཆེན་དཔག་ཏུ་མེད།། གདུལ་བྱ་དྲག་པོ་སྒྲོལ་ཞིང་འཇོམས།། རྒྱུ་དང་རྐྱེན་ལ་མཐུ་མ་ལྟོས། ། ལས་གང་མྱུར་པུ་འགྲུབ་པ་ཡིན།། ཡི་གེ་ཕྲད་ཀྱི་སྐབས་ཏེ་བཞི་པའོ།།།། དེ་ནས་བཅོམ་ལྡན་འདས་ཁྲོ་ཆེན་འབར་བས་འདི་སྐད་ཅེས་གསུངས་སོ།། བདེ་གཤེགས་ཐུགས་ལས་སྤྲོས་པ་ཡི།། དྲག་པོ་སྔགས་རྒོད་གནམ་ཐོག་འདྲ། ། དེ་ཡི་དོན་བཤད་འདི་ལྟ་སྟེ།། ཀ་དང་བ་རུ་འབྲེལ་པའི་དོན།། སྐུ་དང་འཕྲིན་ལས་སྣ་ཚོགས་ཉིད།། མྱུར་དུ་འགྲུབ་དང་ཆགས་མེད་ལྷུན།། ཨ་དང་བ་རུ་འབྲེལ་བའི་དོན།། སྟོང་པ་ཉིད་ཀྱི་བྱིན་བརླབས་ལས། ། སྣ་ཚོགས་སྤྲོས་བཅས་མ་གོས་འགྲུབ།། མུ་དང་ཀ་རུ་འབྲེལ་པའི་དོན།། གསུང་ཉིད་ཆགས་བྲལ་དྲག་པོ་ཡི།། ལས་ཀྱི་མཐུ་བསྟོབས་མྱུར་དུ་འབྱིན།། ཙི་དང་ཏ་རུ་འབྲེལ་བའི་དོན།། ཐུགས་ཉིད་མི་འགྱུར་སྙིང་པོ་ཡིས། ། གཏུམ་རྔམ་འབར་བ་སྒྲོལ་བ་ཡིན།། སི་དང་ང་རུ་འབྲེལ་པ་དེས།། སེང་གེ་ལྟ་བུའི་བྱིན་སྟོབས་ཀྱིས།། གང་ཡང་འཇོམས་བྱེད་འཁུབ་མེད་སྡུད།། བྱ་དང་ཙ་རུ་འབྲེལ་པ་དེས།། རྒྱལ་པོ་ལྟ་བུའི་ནུས་པ་དེས། ། རྔམ་པར་ལས་བྱེད་ཀུན་གྲུབ་སྒྲོལ།། དུ་དང་རུ་ཞེས་འབྲེལ་པ་དེས།། གཤེད་བྱེད་ལྟ་བུའི་བྱིན་རླབས་ཀྱིས།། རང་བཞིན་དྲག་པོས་གསོད་ཅིང་རླག། ཧྲི་དང་ཏ་ཞེས་འབྲེལ་བའི་དོན།། ལྕགས་སྡུད་ཇི་བཞིན་སྲོག་སྙིང་ལས། ། རང་དབང་མེད་པར་གནད་འགུགས་བསྒྲོལ།། ནརི་དང་ཏ་རུ་འབྲེལ་པ་དེས།། རྒྱ་མཚོ་ལྟ་བུའི་རླབས་སྣང་བས།། གང་གི་ལས་རྣམས་ཤུགས་ཀྱིས་མྱུར།། ཧ་དང་ལ་ཞེས་འབྲེལ་པ་དེ། ། བཙན་དུག་ལྟ་བུར་གང་རེག་པ།། ཀུན་སྒྲོལ་དཔལ་དང་ངར་གྱིས་འཇོམས།། ད་དང་ལ་རུ་འབྲེལ་པ་དེ།། རལ་གྲི་ལྟ་བུའི་རྣོ་དབལ་གྱིས།། གདུལ་བྱ་གང་སྒྲོལ་ཤུགས་ཀྱིས་གཅོད།། མ་དང་ལ་རུ་འབྲེལ་པ་དེ། ། ཉི་མ་ལྟ་བུར་འོད་ཟེར་སྣང།། ཡིད་ཀྱི་ཉོན་མོངས་རང་གནད་སྲེག། ཀྱི་དང་པོ་རུ་འབྲེལ་པ་དེ།། ལྕགས་ཀྱུ་ལྟ་བུའི་ཐུགས་རྗེས་ཁྲོས།། རང་དབང་མེད་པར་འདྲེན་གཟིར་གསོད།། ཡ་དང་མ་རུ་འབྲེལ་པ་དེ། ། དགུ་ཐོག་ལྟ་བུའི་ནུས་པ་ཡིས།། མནན་ཅིང་ནུས་པས་ཡུལ་དབང་འཇོམས།། མུ་དང་ཀ་རུ་འབྲེལ་བ་དེ།། རི་རབ་ཇི་བཞིན་གཟས་པའི་ཡུལ།། ཕྱིར་མི་ལྡོག་པར་གཟིར་གནོན་མྱོས།། ཙ་དང་ཀྲ་རུ་འབྲེལ་བ་དེ། ། འབྱུང་བ་བཞི་ཡི་ནུས་པ་བཞིན།། གང་ཡང་འགྲུབ་ཅིང་སྲོག་རྒྱུན་གཅོད།། དྲག་པོ་རྒོད་ཡིག་སྣ་ཚོགས་འདི།། ཐུགས་རྗེ་ཡེ་ཤེས་རོལ་པ་ཡིན།། སྔགས་རྒོད་དོན་གྱི་སྐབས་ཏེ་ལྔ་པའོ།།།། དེ་ནས་ཡང་བདེ་ཆེན་གཏུམ་པོ་འབར་བས་འདི་སྐད་ཅེས་བཀའ་སྩལ་ཏོ། ། རྣམ་པར་ཤེས་པའི་སྲོག་སྙིང་ལ།། བླ་མེད་འཇིག་རྟེན་འདས་པ་གསུམ།། བརྡ་ཞེས་བྱ་བ་མིང་དུ་གྲགས།། རྣམ་ཤེས་ཞེས་བྱ་སྲོག་ཏུ་གྲགས། ། དྭངས་མ་ཡེ་ཤེས་འབྲས་བུར་གྲགས།། སྙིགས་མ་བག་ཆགས་འཕེན་རྒྱུར་གྲགས།། འགུགས་པ་རང་དབང་མེད་པར་གྲགས།། དྭངས་མ་སྙིགས་མ་རང་གསུམ་འདྲེས།། ལས་ལ་སྦྱར་ཞིང་སྙིང་པོ་རྒྱས།། དེ་ཡང་ཆུ་ཟླ་ལྟ་བུར་གནས། ། བརྡ་ཡི་སྙིང་པོ་སྤྲིན་ཆགས་ཚུལ།། འགུགས་བྱེད་སེང་གེའི་སྦར་ཁྱིམ་འདྲ།། འདི་དང་ཕྱི་མ་ཀུན་གྱི་སྟོབས།། མ་ལུས་འདི་ཡིས་བྱེད་པའི་ཕྱིར།། སྲོག་གི་སྙིང་པོ་ཞེས་སུ་གྲགས།། ཤྲཱི་ཤམ་ཏི་ཨོཾ། ཧེ་རུ་ཀ་ཀྲོདྷ་ཧཱུ~ཾ། བཛྲ་ཀྲི་ལ་ཡ་ཏ། ཡ་མ་ཡེ་ཨ་ཡ། ཀརྨ་ཡ་མ་ཙི་ཤམ་ཡ། མ་མ་རུ་ལུ་མ། བཛྲ་པཱ་ཎི་ཧི། ཨ་ཏི་པ་ཏ་ཡེ་ཏཾ། ཀ་རུ་ཀྲོཾ་ཀྲོཾ་ཀྲོཾ། ནཱ་ག་རཱ་ཛ་ཐ། རཱ་ཙ་ཙ། རཱ་ཙ་ཙ་ཏྲི། ཙི་ཤཾ་ཏྲི་ཙ། རུ་ཐུམ་རུ་ཏྲ། བྷ་སྟི་ད་དུན་ཏིང་དུ་མེ་མེ། ཏྲག་རཀ་ཤམ། ཏིར་སྟི་ཀ་ཐ། བྷི་ལི་ཛོ་ལི་ན་དུ། མུན་ཐིབས་པ། རག་ཤ་རག་ར། རག་མོ་མ་མཾ། ཤུ་ལ་ཛ་ཡཾ། ཡཾ་ཏི། ར་ཙ་ཤམ་ཏི་ཛ། དེ་བ་སུ་ཨ། ཡག་ཤ། ཡཀ་མོ་ཀྵ། ཀྵེ་ཏི་ཀྵེ། བཛྲ་སཱ་དུ་ཏྲི། གིང་ཀར་ཧྲི། གྷ་ན་གྷ་ཏི་དུན། ར་ཧུ་ལ་པ་ཀྵཾ། རུ་སྟཾ་ནི། རུ་ཏྲྀ་རུ་ག་དུ་མ། ག་དུན་ན། ས་ཏྲུཾ་མཾ། བེ་ས་བས་ས། ག་ཏྲཾ་ཡ་ག། ནཱ་ག་རཱ་ཙ། ན་དུ་རུ། ནཱ་ག་ར་བ་ག། ནཱ་ག་བ་ཧཱི་ནཱ་ཕུ། ཧོབ་ཤཾ་ཏྲི། རོ་ནི་ཡི་དུ་སྟ་སྟ། པྲ་ཏི་སྟི་ཡ་སྟི། ར་སྟི་ར། ཨུ་ཏི་ཨུ། དེ་དག་སྲོག་གི་སྙིང་པོས་ཏེ།། ཕན་གནོད་ལས་རྣམས་ཀུན་ལ་སྦྱར།། ཨཱ+ོཾ་དང་ཧཱུ~ཾ་དང་ཕཊ་དང་གསུམ།། ལྷ་བསྒྲུབ་ཡེ་ཤེས་གནས་སྐབས་ཡིན།། གང་ཡིན་ཡིག་འབྲུ་དྲག་པོ་དང། ། གཉིས་གསུམ་བཞི་རུ་མནན་པ་ཡིས།། རིམ་པ་བཞིན་དུ་སྟོབས་ཆེན་ལྡན།། སྲོག་སྙིང་གི་སྐབས་ཏེ་དྲུག་པའོ།།།། དེ་ནས་ཡང་ཁྲོ་རྒྱལ་གཏུམ་པོ་བདེ་གཤེགས་ཀྱིས་འདི་སྐད་ཅེས་གསུངས་སོ།། དྲག་པོ་སྔགས་རྒོད་རྒྱ་སྡེབས་དང། ། ཐུགས་ཐིགས་གསང་སྡེབས་རྐྱང་པའི་སྡེབས།། དེ་དག་བཤད་པ་འདི་ལྟ་སྟེ།། བསྙེན་བསྒྲུབ་ལས་ཀྱི་སྔགས་སྡེབས་པ།། རྒྱ་ཡི་སྡེབས་ཞེས་བཤད་པ་ཡིན།། དྲག་པོ་སྔགས་རྒོད་སྟོབས་སྡེབས་པ། ། ཐུགས་ཀྱི་ཐིགས་པའི་སྡེབས་ཞེས་བཤད།། བཟློག་དང་གསད་དང་དབབ་པ་སྡེབ།། གསང་བའི་སྡེབས་ཞེས་དེ་ལ་བཤད།། ལས་ཀ་ཕྲ་རུ་སྡེབས་པ་ནི།། རང་རང་རྐྱང་པའི་སྡེབས་ཞེས་བཤད། ། དེ་ལྟར་སྡེབས་ཀྱི་དོན་བཞིར་གསུངས།། དང་པོ་གང་ཡིན་བསྙེན་པ་ཡི།། སྔོན་དུ་སྡེབ་དང་ཐད་ཀར་སྡེབ།། སྔོན་དུ་གང་ཡིན་ཁུགས་སུ་གཞུག། དེ་ནས་གང་ཡིན་བསྙེན་པ་བྱ།། བསྙེན་ནས་གྲུབ་པ་ཐོབ་པར་བྱ། ། དེ་ནས་དབང་དུ་བསྡུ་བར་བྱ།། དེ་ནས་དམ་བསྲེ་དངོས་གྲུབ་བླང།། དེ་ནས་རང་རང་གཉིས་མེད་གཟུང།། དེ་ནས་ལས་ལ་བྲན་བཞིན་བཀོལ།། དོན་དྲུག་བསྙེན་པའི་རྒྱ་སྡེབས་ཡིན།། འདི་དྲུག་མི་ལྡན་སྒྲུབ་བྱེད་པ། ། དོན་མི་འགྲུབ་ཅིང་འཁུ་བཟློག་བྱེད།། མཐའ་རུ་རང་ཉིད་རླག་པར་འགྱུར།། དེ་ཡི་སྔགས་སྡེབས་རྒྱས་བཤད་པ།། དང་པོ་ཁུགས་སུ་གཞུག་པ་ཡང།། གང་ཡིན་སྔགས་བསྙེན་སྲོག་སྙིང་གི། ཨ་ནི་སུམ་བརྩེགས་ཨ་ཀ་དང། ། ས་མ་ཡ་ལི་ཞེས་མགོ་བོར་སྦྱར།། མཇུག་ཏུ་མུ་ཀ་ཡེ་ནན་ཛ།། ཧྲི་གཉིས་སྦྱར་ལ་ཁུགས་སུ་གཞུག། དེ་ནས་བསྙེན་པ་དངོས་ཉིད་ཀྱིས།། མཇུག་ཏུ་ཛ་ལ་ཛ་བསྐྱོན་བསྙེན།། སྲོག་སྙིང་དེ་ཡི་ཀླད་གནོན་དུ། ། ཨ་དང་ཧྲི་དང་བཛྲ་བཞག། མཇུག་ཏུ་ཨུ་ནེ་སིདྡྷི་ཨ།། དེ་ནས་ཀ་པ་ཡ་ཛ་གཉིས།། སྡེབས་པས་གྲུབ་པ་ཐོབ་པར་ངེས།། མགོ་རུ་ཨ་ནི་གསུམ་བརྩེག་དང།། ཨུ་ནི་སུམ་བརྩེག་ཀླད་གོན་གཏང།། མཇུག་ཏུ་ས་མ་ཡ་ཞེས་དང། ། ཨུ་རྐྱང་སུམ་བརྩེག་ཇ་སུམ་བརྩེགས།། མཐང་བསྒྱུར་བསྡེབས་པས་རང་དབང་འདུ།། དེས་ཀྱང་དབང་དུ་འདུས་བྱུང་ན།། དམ་ཚིག་ཀླད་དུ་ཧ་ར་གཉིས།། ཛ་ཡི་འོག་ཏུ་རི་རི་བཞི།། བར་དེར་རང་སྲོག་འབྲུ་གཅིག་སྡེབས། ། རང་དབང་མེད་པར་དབང་དུ་ངེས།། སྲོག་སྔགས་རྐྱང་པའི་མཐའ་རྒྱ་རུ།། ས་མ་ཡ་བཛྲ་ཨ་མྲྀ་ཏ། ཨུ་ཙི་ཏི་སིདྡྷ་ཁིད་ཕྲོམ་ནན། བི་ཛ་ཡ་ཧཱུ~ཾ་ཨ་ཞེས་སྦྱར།། དམ་བསྲེས་དངོས་གྲུབ་ཐོབ་པར་འགྱུར། ། དེ་ནས་སྲོག་སྙིང་ཀླད་གནོན་དུ།། ཨ་ནི་སུམ་བརྩེགས་ཧྲི་སྟི་ཨ།། མཐའ་རུ་ཨཱདྨ་ཀྲོ་བཛྲ། ཧཾ་ཞེས་སྦྱར་བས་གཉིས་མེད་བསྟིམ།། སྔོན་དུ་འགྲོ་བའི་རྒྱ་སྡེབས་འདི།། གང་ཡིན་བསྒྲུབས་པའི་ལྷ་མཆོག་དེ། ། རང་དང་མཉམ་པར་མངོན་དུ་འགྱུར།། གལ་ཏེ་མངོན་དུ་མ་གྱུར་ན།། རང་ལ་དམ་ཉམས་གྲིབ་ཡོད་པས།། དེ་དག་ཀླད་དུ་ས་མ་ཡ།། སྦྱར་ཞིང་གཤེགས་པའི་རྒྱལ་པོ་གདོན།། འདུས་བྱས་ཚོགས་ནི་ཅི་ནུས་བསག། ལྡན་ན་སེམས་ཀྱི་ཆོས་ཉིད་བསྒོམ།། དེ་ནི་ཐེ་ཚོམ་མེད་པར་འགྱུར།། དཔེར་ན་རྐྱེན་ཚང་འབྲས་བུ་འདྲ།། ལས་ཀྱི་དབང་མི་ལྡན་ཡང་འགྲུབ།། དེ་ནས་ལས་ལ་བཀོལ་བའི་ཐབས།། རྣམ་པ་གསུམ་དང་ལྡན་པར་བཤད། ། ལས་མི་བྱེད་ཅིང་འཁུ་བཟློག་ན།། སྲོག་སྔགས་ཀླད་དུ་དབང་བསྡུ་སྦྱིན།། མཐའ་བསྒྱུར་ཏྲིག་ནན་དུན་དུན་ནན།། དེ་ནས་དབང་བསྡུ་བཞིན་དུ་སྦྱིན།། སོ་པར་ཨ་ཏྲི་བཛྲ་བཏང།། དེས་ནི་རྒྱལ་པོར་འབངས་བཀོལ་བཞིན། ། རང་དབང་མེད་བཅུན་ལས་ལག་སྟོང།། ལས་རྣམས་བྱེད་ཀྱང་ཚན་ཆུང་ན།། སྲོག་སྔགས་ཀླད་དུ་ཧཱུ~ཾ་སུམ་རྩེག། དེ་ནས་དབང་བསྡུ་བཞིན་དུ་དྲུག། དེ་འོག་སྟཾ་པ་ཡ་ཞེས་བརྡེབ། ། མཇུག་ཏུ་རཀ་ཤ་ཀ་པ་ཡེ།། ས་ལ་མྱགས་དང་ཀ་པོ་ཡེ།། དེ་ནས་གསང་སྔགས་གང་རུ་སྦྱར།། སྲུང་དབབ་ལ་སོགས་དེ་བཞིན་ནོ།། ལས་ཀྱང་བྱེད་ལ་ཚན་ཆེ་ཡང།། ལས་དེ་རྡུལ་ཞིང་རྣོ་ཆུང་ནང།། ཀླད་གནོན་ཨེ་ནེ་སུམ་བརྩེགས་ལ། ། དེ་འོག་ཨུ་ནེ་སུམ་རྩེག་སྡེབ།། རྗེས་སུ་བཛྲ་ཏྲི་ཏ་ཀ་པ་ཡེ།། དེ་ལ་སྲོག་སྔགས་རྩ་བ་སྦྱར།། དེ་རྗེས་རི་གསུམ་ཏི་ཀྵཎ་རྦད།། ཤག་ཏི་རྦད་ཅེས་སྤུ་གྲིའི་ཀླད།། མཐའ་རུ་ཐུཾ་རིལ་མཱ་ར་ཡ། ། རྦད་ཅེས་སྦྱར་ན་རྣོ་བར་འགྱུར།། ཚད་ན་རིལ་གྲི་བཞིན་དུ་གཅོད།། ཐོག་དང་གློག་བཞིན་མྱུར་བར་བྱེད།། རྦད་དང་ཟོར་བསྐུལ་སྐབས་དག་ཏུ།། ཀླད་ནོན་ཐུམ་རི་ལི་ལི་དང་སྦྱར།། མཐའ་བསྒྱུར་ཏྲིག་ཤག་སྲོག་ཁྱེར་བྷྱོ། ། ཀྲིན་མྱགས་ཀ་པ་ཡེ་སྡེབས་པས།། གང་ལ་བརྒྱབ་ཀྱང་འཇོམས་པར་བྱེད།། རྒྱ་སྡེབས་སྐབས་ཏེ་བདུན་པའོ།།།། དེ་ནས་ཡང་ཐུགས་རྗེ་ཁྲོས་པའི་རྒྱལ་པོ་དེས་འདི་སྐད་ཅེས་གསུངས་སོ།། སྔགས་ཀྱི་ཕྲ་མེན་དུམ་དུམ་འབྲེལ། ། རིན་ཆེན་དབང་གི་འཕྲེང་བ་འདྲ།། དགོས་འདོད་ཐམས་ཅད་ཡིད་བཞིན་འབྱུང།། ཕྲ་མེན་རྐྱང་སྡེབས་འདི་ལྟ་སྟེ།། དང་པོ་རང་རང་ནུས་པ་ཅན།། ཆོལ་བུར་ཀུན་ལ་བཏུ་བ་ནི།། ཞི་བ་ལྷ་ཡི་ནང་ནས་ཀྱང། ། ཨོཾ་དང་ཧྲི་ཨ་ནུས་པ་ཆེ།། ཁྲོ་བོ་འཇིགས་བྱེད་ནང་ནས་ཀྱང།། ཧཱུ~ཾ་དང་ཀྲོ་དྷ་ནུས་པ་ཆེ།། རྡོ་རྗེ་ཕུར་པའི་ནང་ནས་ཀྱང།། ཏ་དང་ཀི་ལི་ཀཱི་ལ་ཡ།། འཇམ་དཔལ་གཤིན་རྗེའི་ནང་ནས་ཀྱང། ། ཨ་ཀྲོ་ཧྲི་ཏི་ཡ་མ་ཡེ།། ཕྱག་ན་རྡོ་རྗེའི་ནང་ནས་ཀྱང།། བཛྲ་ཧྲིལ་མྱགས་ཧྲི་ཏ་ཡ།། པདྨ་དབང་ཆེན་ནང་ནས་ཀྱང།། ཙན་དྷི་ར་ག་ཧྲི་བི་དྷ་ཡ།། དབྱིངས་ཀྱི་ཡེ་ཤེས་མ་མོ་ནས།། རུ་ལུ་ཧྲི་ཤྲཱི་དེ་མ་ཀྲོ་དྷི་ཤྭ་རི། ། སྣང་སྲིད་མཁའ་འགྲོའི་ནང་ནས་ཀྱང།། མ་མོ་རྡཱ་ཀི་བཛྲ་ཁ་རག། འདོད་ཁམས་དབང་ཕྱུག་ནག་མོ་ལས།། མ་མ་ཏྲ་ཀྲ་རག་ཤ་མ་ཧི།། ལྷ་གདོན་དྲག་པོའི་ནང་ནས་ཀྱང།། དེ་བ་ཨ་སུ་ར་ཧྲི་ཤ། བདུད་སྡེ་འབུམ་གྱི་ནང་ནས་ཀྱང། ། རུ་ཏྲ་བྷ་ཏི་ད་ར་ཁྲག། གཟའ་རྒོད་དྲག་པོའི་ནང་ནས་ཀྱང།། ར་ཧུ་ལ་སྙིང་ཁྲག་བཛྲ་ཡག་ཤ། བཙན་རིགས་སྟོང་གི་ནང་ནས་ཀྱང།། ཙ་རི་ཏྲ་ཤ་ཨ་བེ་ཤུ་ཛ།། རྒྱལ་པོ་སྡེ་ཡི་ནང་ནས་ཀྱང།། མ་ཧཱ་རཱ་ཛ་ཏྲི་པ་ཙི་ཏ་ཤཾ། སྲིན་པོ་ཤན་པའི་ནང་ནས་ཀྱང།། རག་ཤ་རུ་སྟི་ཁ་རག་ཤ། གནོད་སྦྱིན་སྡེ་ཡི་ནང་ནས་ཀྱང།། བྷ་ཧུ་རི་ཏ་ཀྵེ་གིང་ཀ་ར།། གདུག་པ་གསུམ་གྱི་ནང་ནས་ཀྱང།། ནཱ་ག་རཱ་ཛ་ཕུ་ཏ་ཧཱུ~ཾ་ཡ་ཁ་ས་ཁ། འཇིག་རྟེན་སྨན་སྡེའི་ནང་ནས་ཀྱང།། རཾ་ནི་ཀེཾ་རུ་ཙིཏྟ་ཧྲི།། འདི་ནི་དྲག་སྔགས་རྒོད་ཆེན་ཏེ།། གང་ཡིན་ལས་ལ་ཐོགས་མེད་སྡེབས།། འབྲུ་རེ་དྲིལ་བ་སྔོན་བཞིན་ལ།། བརྡ་ཡི་མིང་བཅས་དེ་བཞིན་གཟིར།། ལས་ལ་གཏང་བ་སྲོག་དང་འདིའོ། ། གཞན་ཡང་སྔགས་ཀྱི་སྦྱོར་བ་ལ།། ཡི་གེ་འབྲུ་དེ་གང་མང་བ།། རང་རང་ནུས་པ་བཤད་བཞིན་འབྱུང།། ཡན་ལག་རྐྱང་ནི་དེ་ལྟར་བཤད།། དེ་ལ་ཤིས་པའི་ཡི་གེ་ཡང།། ཞི་དལ་ཚན་ཆེ་ཤིས་འདོད་ན། ། ཨ་ཡིས་གསང་སྔགས་དྲང་བར་བྱ།། ཆོས་ཉིད་དྲག་པོ་སྒྲུབ་འདོད་ན།། ཨེ་ཡིས་གསང་སྔགས་དྲང་བར་བྱ།། མྱུར་གྲུབ་རྣོ་མྱུར་ཐོབ་འདོད་ན།། ཡཾ་གིས་གསང་སྔགས་དྲང་བར་བྱའོ། ། འབྲས་བུ་མྱུར་དུ་སྲེག་འདོད་ན།། རཾ་གྱིས་སྙིང་པོ་དྲང་བར་བྱ།། ཡོན་ཏན་ཀུན་ལྡན་སྒྲུབ་འདོད་ན།། སུམ་གྱིས་བསྙེན་པ་བྲང་བར་བྱ།། ཚན་ཆེ་བརྟན་མི་གཡོ་འདོད་ན།། ལཾ་གི་སྙིང་སྔགས་དྲང་བར་བྱའོ། ། འཇིངས་ཆེན་གཏིང་འགྲུབ་བསླབས་འདོད་ན།། བཾ་གྱི་སྲོག་སྙིང་དྲང་བར་བྱ།། འདི་རྣམས་གཅིག་ལ་གང་བྱས་ཀྱང།། འགྲུབ་པར་ཐེ་ཚོམ་གདོན་མི་ཟ།། གཞན་ཡང་སྲོག་སྙིང་མཐའ་བསྒྱུར་དུ།། འདི་དག་ཀུན་ཀྱང་བརྟགས་པར་བཤད། ། གང་ཡིན་བསྒྲུབ་པའི་ལྷ་སྲིན་དེ།། འཇམས་དང་འགྲུངས་དང་ཚན་ཆེ་བས།། བཀྲ་ཤིས་འཁོར་ལ་བྱམས་བདེ་དང།། དགྲ་དང་གནོད་བྱེད་ཞི་བར་བྱེད།། གཞན་ཡང་བྱམས་དང་རིང་འདོད་ན། ། ཤན་ཏིང་ཨ་ནུ་པྲ་ཡ་སྟེ།། ཨ་པ་ན་ཡ་སྭཱཧཱ་སྡེབ།། བྱིངས་ཆེ་སྟོབས་ལྡན་འཁོར་འདུས་པས།། ཚེ་རིང་དཔལ་བསྐྱེད་རིགས་བརྒྱུད་འཕེལ།། ལོངས་སྤྱོད་འཁོར་གཡོག་རྒྱས་འདོད་ན།། པུཥྟིཾ་ཨ་སུ་རང་ན་རྣི་པ། ། པུ་ཏྲ་བཛྲ་པར་ཡ་ཨ་བྲུཾ་སྡེབ།། དབང་ཆེན་འབབ་པའི་བྱིན་སྟོབས་ཀྱིས།། སྐྱེ་འགྲོ་ཐམས་ཅད་རང་དབང་འདུ།། ལྷ་སྲིན་སྟོབས་ཅན་ལོངས་སྤྱོད་གཞན།། བདག་གི་དབང་དུ་བྲན་འདོད་ན།། བཾ་ཤཾ་ཀུ་རུ་ཨཾ་གྷ་ཤ། ཨུ་ལི་ཨུ་ལི་ཧྲི་ཧྲི་ཛི།། ཛ་ཐུཾ་རི་ལི་ལི་ཞེས་སྡེབ།། གཏུམ་ཆེན་དྲག་པོ་མཐུ་ཆེན་གྱིས།། མྱུར་འགྲུབ་མི་བགྲུངས་རྣོ་དབལ་ངར།། མ་ལུས་ཚ་ར་གཅོད་གསད་འདོད་ན།། རག་ཤ་ཁ་རག་མཱ་ར་ཡ།། ཨཱ་ཀ་བཱ་ཡ་ཐུམ་རྦད་ཧྲིལ་སྡེབ། ། དེ་དག་བཞི་ཡི་ཞབས་ཉིད་དུ།། ཨུ་ནེ་ཨུ་ནེ་སིདྡྷི་ཨ།། སྡེབས་པས་ལས་རྣམས་དེ་དག་གིས།། དྲག་པོ་མཐུ་ཆེན་ཞི་བར་འགྱུར།། སྡོང་ཅིག་ལས་ཀྱང་དུ་མར་འཕེལ།། སྲོད་མེད་བུ་ཡང་དབང་དུ་འགྱུར། ། སྤྲུལ་སྐུ་ཉིད་ཀྱང་འཆི་བར་ངེས།། གཞན་དག་ཀུན་ལ་སྨོས་ཅི་དགོས།། གཞན་ཡང་ལས་ཀྱི་སྡེབས་བཤད་པ།། རང་གི་ཚེ་ནི་རིང་འདོད་ན།། ནརི་བྲུཾ་བཛྲ་ཨཱ་ཡུ་ཥེ་ཨཱ་ཡུ་ཛྙཱ་ན་སིདྡྷ་ཨི་ཧཱུ~ཾ། ནོར་གྱི་ལོངས་སྤྱོད་འཕེལ་འདོད་ན། ། རཏྣ་སིདྡྷི་སྤ་ར་ཡ་ཧཱུ~ཾ་ཨ། ས་ནད་གྲང་ནད་གཞོམ་འདོད་ན།། ཨ་ས་ར་ན་ཡབ་ས་མནན།། ཙི་ལི་སོད་ས་ནཱ་ག་ས་གསོད།། ར་བཾ་རཾ། དུས་མིན་འཆི་བ་བཟློག་འདོད་ན།། མོ་ཧ་ཡ་སྟཾ་པ་ཡ་ཀ་མཾ། ཡ་མི་དྷུས་ནི་ཤཾ་ཀུ་རུ་མཱ་ར་ཡ་བཟློག་ཧྲིང་བྷྱོ། གླང་ཐབས་མི་བཟད་ནད་འཇོམས་ན། ཨ་པ་ས་མ་ར་ནན་བི་ཏྲི་གི་ཨ་པ་ན་ཡ་ཏྲཾ་ཧེ་དུ་སྤོ་ཏེ་ཨེ་རུ་ཏེ་ལེ་དྷེ་སར་ཀ་ལ་ལེ་ཕཊ། བུད་མེད་སྦྲུམ་ནད་སྦྱང་འདོད་ན།། པུ་ཏྲ་ནརི་ས་ཏྲི་ཕྱུང་ཨ་ཤག་པུ་ཏྲ་ཤག་པུ་ཏྲ་ཙན་ཙར་པ་ཡ། གནོད་བྱེད་གདོན་རྣམས་ཚ་བསྐྲད་འདོད་ན།། ཏྲི་ས་མ་ཡ་ཤག་ཀ་པ་ཡེ་མ་ཤ་སྟཾ། བི་ར་ཙཀྲ་ཕཊ་ཡཾ་བྷྱོ། གནོད་དེ་སྲེག་ཅིང་བཟློག་འདོད་ན།། ཏྲི་རི་རི་ཛྭ་ལ་ཨག་ནེ་རཾ་རཾ་ཨུ་ཙ་ཏ་ཡ་ཧལ་ཐང་མུགས་རྦད། དགྲ་བོ་ལྷ་དང་དབྲལ་འདོད་ན།། ནི་ར་དེ་བ་ཤག་པྲ་བི་ཤ་ཤག་ཨ་ནི་ཙིཏྟ་མ་མ་ནུ་ཁམ་ཤག་བི་དེ་ཤ་ཡ་ཕཊ་ཕཊ། དགྲ་བོ་བྱད་དུ་གཞུག་འདོད་ན།། ནརི་ར་ཤ་དྲུཾ་ཙ་ར་ཐུཾ་རིལ་རྣིར་པྲ་མ་ཤུ་དོ་སྡོམ་ན་ཁུག་ཨུ་ཏ་ཡ་ཐུཾ་རིལ་དཾ། དགྲ་བོ་ཁྲག་ཏུ་སྐྱུག་འདོད་ན།། མུ་ཁ་རཀ་ཏ་ཙར་བ་ཡ་ནརི་ཤ་ར་ཏྲུཾ་ཤ་དྲུམ་སྙིང་ཁྲག་ཁ་ནས་ཕྱུང་སི་ར་རྦད། དགྲ་ལ་ལྟས་ངན་དབབ་འདོད་ན།། ཁུ་ཙ་ཧེ་ཀ་པ་ཏི་རྒྱ་ལི་ནི་ག་རུ་པི་པུ་ཧས་ཕོབ་བྷྱོ། ལས་སྔགས་སྣ་ཚོགས་སྡེབས་པ་སྟེ།། གཞན་ནི་རང་རང་མཚན་ཉིད་དོ།། སྔགས་སྡེབས་ཕྲ་མེན་བསྒྱུར་བར་བཤད།། རྐྱང་སྡེབས་ཕྲ་མེན་གྱི་སྐབས་ཏེ་བརྒྱད་པའོ། །།། དེ་ནས་དཔལ་ཆེན་ཁྲོ་བོའི་རྒྱལ་པོ་དེས་འདི་སྐད་ཅེས་བཀའ་སྩལ་ཏོ།། ལྔ་བརྒྱ་དུས་ཀྱི་སྙིགས་མ་ལ།། ཡེ་ཤེས་དཔལ་གྱི་དངོས་གྲུབ་ཡལ།། མཚམས་མེད་ལྔ་ལ་འབའ་ཞིག་སྤྱོད།། དམ་ཚིག་བདེན་པ་ཁྱད་དུ་གསོད། ། བསྟན་པ་ནང་རྨེ་རང་གི་བཤིག། དམ་ཆོས་བདེན་པའི་དགེ་བཅུ་ནུབ།། འབྲས་བུ་རྫོགས་ཆེན་སྙིང་པོ་ལ།། རིགས་མེད་ཀུན་རྟེན་ལོག་ཆོས་སྤྱོད།། གསང་སྔགས་འབྲས་བུ་བོན་དུ་ཁྱེར།། དར་བ་ཉིད་ཀྱིས་ནུས་པའི་དུས། ། ཡང་དག་རྫོགས་པའི་ལུས་བཟུང་ནས།། དོན་གྱི་གདེང་མེད་ཚིག་ལ་ཁྱེར།། ཕྱི་དཀར་ནང་ནག་མཚམས་མེད་སྤྱོད།། རྣམ་སྨིན་སྲོག་ལ་མཛེམ་མི་བྱེད།། དེ་ལྟ་བུ་ཡི་རྣམ་སྨིན་གྱིས།། མ་མོ་མཁའ་འགྲོ་གཏིང་ནས་འཁྲུགས། ། འཇིག་རྟེན་དྲེགས་པ་མཐུ་རྩལ་འགྲན།། ས་ཡི་གདུག་པ་མ་ལུས་ལྡང།། དེ་ལྟར་བྱུང་བའི་ནུས་མཐུ་ཡིས།། དཔེར་ན་མེ་ཡོད་ཚ་བ་བཞིན།། མི་ནད་ཕྱུགས་ནད་སྣ་ཚོགས་འོང། ། ལོ་ནད་སེར་བ་སད་སྔགས་འབྱུང།། རྨེ་འཁྲུགས་ཡུལ་ཁམས་རྨེ་བར་འགྱུར།། ལྟས་ངན་མུ་གེའི་བསྐལ་པ་འབྱུང།། སེམས་ཅན་རང་སྲོག་མྱུར་དུ་ཟད།། ཕལ་ཆེར་འཕྲལ་རྐྱེན་སྲོག་ཀྱང་འཆད།། ས་ནད་མེ་བཞིན་འབར་བའི་དུས། ། དེ་ཚེ་ཞི་བས་མི་འདུལ་ཏེ།། དྲག་པོ་སྔགས་རྒོད་ནུས་པ་འབྱུང།། ངན་སྔགས་མཐུ་སྟོབས་བསམ་དཔག་དཀའ།། བདེ་གཤེགས་ཐུགས་ཀྱི་ཡེ་ཤེས་ལས།། རོལ་པ་གདུལ་དཀའ་འདུལ་བའི་ཕྱིར། ། ཁྲོས་ཆེན་དྲག་པོའི་ཕྱག་རྒྱར་གསལ།། དྲག་པོ་སྔགས་རྒོད་རྣོ་མྱུར་འཕྲོ།། མཐུ་སྟོབས་ཚད་ལྡན་རྨད་དུ་བྱུང།། དྲག་པོ་རྒོད་ཀྱི་འབྲུ་སྡེབས་པས།། གང་ལ་བརྒྱབ་ཀྱང་གདུག་མེད་འཇོམས།། མཁས་ལས་བྱུང་བའི་ཐོག་བབས་ནས། ། ལྡོག་མི་སྲིད་དེ་འབབ་པར་ངེས།། གང་ལ་བརྒྱབ་ཀྱང་གདུལ་དུ་རློག། གལ་ཏེ་ལོག་ན་སྲིད་པ་འཇིག། དེ་བཞིན་སྔགས་རྒོད་མཐུ་སྟོབས་འདི།། གལ་ཏེ་དཀྱུས་བཞིན་མ་བྱུང་ན།། རྣལ་འབྱོར་གཞི་ཟད་མྱུར་དུ་འཆི། ། དགྲ་ལ་རྟེན་དྲུག་ལྡན་པ་གཅེས།། གདོན་ལ་ངོས་ནི་ཟིན་པ་གཅེས།། སྤྱི་རུ་དམ་སྲུང་སྟོབས་ལྡན་གཅེས།། འདི་དེ་བདེ་དང་སྨིན་པའི་ལས།། མ་ལུས་འདུས་པའི་རྩ་བ་ཡིན། ། དྲག་པོ་འབྱུང་བའི་དུས་བསྟན་པའི་སྐབས་ཏེ་དགུ་པའོ།།།། དེ་ནས་རྔམ་ཆེན་ཁྲོ་བོའི་རྒྱལ་པོ་དེས་འདི་སྐད་ཅེས་བཤད་དོ།། ཐུགས་ཀྱི་ཐིགས་པའི་སྡེབས་འདི་ལ།། རྣམ་པ་དགུ་དང་ལྡན་པ་ཡིན།། དེ་ཡང་ཇི་ལྟ་བུ་ཞེ་ན། ། སྔགས་ཀྱི་སོ་པ་བཏང་བ་དང།། ཀླད་གནོན་རྒྱལ་པོའི་དྲག་སྔགས་དང།། བློན་པོ་སྐྱེས་བུ་ལྟ་བུ་དང།། རྒྱབ་རི་དམག་མི་ལྟ་བུ་དང།། སྲ་བྱེད་གོ་ཆ་ལྟ་བུ་དང།། རྣོ་བའི་མཚོན་ཆ་ལྟ་བུ་དང།། དེ་ལང་ངར་བླུད་ཐར་བྱ་དང། ། མཐའ་རུ་དབང་མེད་སྐོས་འདེབས་དང།། དཔའ་བོ་ལོག་ཐེན་མནན་དང་དགུ།། འདི་ནི་སྡེབས་ཀྱི་ངན་སྔགས་ཡིན།། དེ་དག་དོན་གྱིས་ངོས་བཟུང་བ།། སྔགས་ཀྱི་སོ་པ་གང་ཞེ་ན།། ཧཱུ~ཾ་ཧཱུ~ཾ་ཧཱུ~ཾ། ཨུ་ནེ་ཨུ་ནེ་ཨུ་ནེ། ཨུ་ཨུ་ཨུ། ཨེ་ཨེ་ཨེ་ཡ་ཨ་ཧྲི། མ་ཨེ་སྟེ། སྐབས་ཀྱི་འདི་དག་འགྱུར་ཞིང་སྡེབས།། ཀླད་གནོན་རྒྱལ་པོ་གང་ཞེ་ན།། ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཨ་པ་ཡེ། ཧྲི་སྟི་ཀཱ་ལ་རུ་པ་ཀ་པ་ཡེ། བི་ཏྲི་ཏ་མཉྫུ་ཤྲཱི་མུ་ཀ་ཡེ། བཛྲ་ཀྲོ་དྷ་བྷ་ག་བག་སྟོ། བཛྲ་ཙ་ར་མ་ཧཱ་ཙཎྜ་ཀྲོ་དྷ་ཡ་མ་ཡེ། སྐབས་ཀྱིས་འགྱུར་དང་ལྷུན་གྲུབ་སྡེབ།། བློན་པོ་སྐྱེས་བུ་གང་ཞེ་ན།། ཡ་ཚོགས་བཅུ་བདུན་ལ་སོགས་པ།། ཕྱི་ནང་གསང་དགུར་སྡེབས་པའམ། ། རང་རང་རྩ་བའི་དྲག་སྔགས་སམ།། ཡང་ན་གོང་ཕྲ་མེན་ནོ།། དེ་ཡང་གང་བྱེད་སྐབས་ཀྱིས་བསྒྱུར།། རྒྱབ་རི་དམག་མི་གང་ཞེ་ན།། སིང་ང་ཡེ། བྱ་ཙ་ཡེ། དུ་རུ་ཡེ། ཙི་ཏ་ཡེ། ཏྲི་ཏ་ཡེ། ཧ་ལ་ཡེ། ང་ལ་ཡེ། མ་ལ་ཡེ། ཀྱི་པོ་ཡེ། ཧྲི་ཏ་ཡེ། མུ་ཀ་ཡེ། ཙ་ཏྲ་ཡེ། ཨ་ཡ་མ་དུ་རུ་ཙ་ཤན་ལ། ཡ་མ་ཡེ་དུན་ཙ་མུན་ཏྲི་ཤག། ཨེ་རག་རྡེ་ཝ་ཤ་མོ་ཧ་མ་ན་ཨ་རེ་ཤ། སྐབས་ཀྱི་དབྲི་གཞུག་འཁྲུགས་དང་སྡེབ།། ཨ་ཨ་ཨ། ཨ་ནེ་ཨ་ནེ་ཨ་ནེ། དུ་ནེ་དུ་ནེ་དུ་ནེ། ལི་ལི་ལི། སྲ་བྱེད་གོ་ཆ་ལྟ་བུ་འདི།། འགྱུར་དང་ཀུན་སྡེབ་ཕྲལ་ལ་སྡེབ།། ཨི་ཨི་ཨི། དེ་བཞིན་ཀ་ལི་རྣམས་དང་ནི།། སྲ་བྱེད་གོ་ཆའི་སྔགས་ཡིན་ཏེ།། ལས་ཀྱི་སྐབས་དང་སྦྱར་བྱས་ལ།། ནུས་པ་ཅན་ཀུན་སྡེབ་པར་བྱ། ། རྣོ་བ་མཚོན་ཆ་གང་ཞེ་ན།། རང་རང་དྲག་སྔགས་སྤུ་གྲིའམ།། པྲ་མ་ཡ་ཚོགས་རྣམ་བཞི་ལ།། རང་གཤེད་དབབ་པའི་སྔགས་བཞི་བཏགས།། བར་དུ་བསྒྲུབ་བྱའི་མཚམས་སྦྱོར་བ།། དེ་བཞིན་ཆུ་རྒོད་སྤུ་གྲྀའོ། ། ངར་བླུད་ཐར་བྱ་གང་ཞེ་ན།། མཱ་ར་ཡ་རྦད་མྱགས་ཐུམ་རིལ་རྦད། རཀ་ཏ་ཐིབས་ཙིཏྟ་ཁས་ཀྲིན་མྱགས་རྦད་སོད། གང་རུང་དྲག་སྔགས་མཐའ་བསྒྱུར་སྡེབས།། མཐའ་རུ་སྐོས་འདེབས་གང་ཞེ་ན། ། ཨུ་ནན་ཨུ་ནན་ཨུ་ནན། སྟམ་པ་ཡེ་ཀ་པ་ཡེ། བཛྲ་རག་ཤ་ཡག་ཤ། ཨུ་ཨུ་ཨུ་དུན་དུན། ཧྲིཾ་ཧྲིཾ་སི་ཧ་ས་རུ་མུན་ས་མ་ཡེ་ཐུམ་རིལ། དཔའ་བོ་ལོག་ཐེན་གང་ཞེ་ན།། ཤྲཱི་ཧེ་རུ་ཀ་བཛྲ་མ་ཧ་ཀྲོ་དྷ་ཙཎྜ་རོ་ཥ་ཎ། བཛྲ་ཀྲོ་དྷ་ཡ་མནྟ་ཀ་ཨ་ཀྲོ་ཧྲི་སྟི་རག་ཤ་བཛྲ། ས་མ་ཡ་མནྟ་ཀཱི་ལི། ཐུཾ་ཐུཾ་ཐུཾ། ཨེ་ཨེ་ཨེ། རཱི་རཱི་རཱི། ཛཱ་ཛཱ་ཛཱ། ཀླད་གནོན་རྒྱལ་པོ་བཟློག་པ་དང།། དེ་ཉིད་གནས་དང་བཟློག་པ་སྟེ།། འདི་གསུམ་གང་རུང་སྐབས་ལ་སྡེབ། ། ནན་ནན་ནན། རྣམ་གསུམ་ཐུན་གསུམ་མཐའ་རུ་སྡེབས།། སྡེ་བརྒྱད་དྲེགས་པའི་སྔགས་རྒོད་ལ།། ཐུན་མོང་ཁྱད་པར་རྣམ་པ་གཉིས།། རང་བཞིན་འབེབས་པའི་སྐབས་དག་ཏུ།། རྣམ་པར་ཤེས་པའི་ཚོགས་བརྒྱད་དང། ། ཉོན་མོངས་དྲུག་དང་གཟུང་འཛིན་གཉིས།། དེ་ལས་དྲེགས་པ་བརྒྱད་ལངས་ཏེ།། དངོས་དང་བག་ཆགས་ཚུལ་གཉིས་ཀྱིས།། འབྱུང་བ་བཞི་ཡང་དབུགས་ཀྱིས་བརྒྱན།། ལུས་ངག་ཡིད་ཀྱི་རྩ་རྣམས་གཅོད། ། ཀུན་གཞིའི་རྣམ་པར་ཤེས་པ་ལ།། ཞེ་སྡང་ལས་གྲུབ་གཤིན་རྗེ་ལངས།། ཡ་ལས་གྲུབ་སྟེ་ས་དང་ཤ། མ་ཡི་མཚོན་ཆས་རྩ་སྲོག་གཅོད།། ཡིད་ཀྱི་རྣམ་པར་ཤེས་པ་ལ།། ང་རྒྱལ་ལས་གྲུབ་བཙན་དུ་ལངས། ། ར་ཏྲི་ལས་གྲུབ་དབུགས་ཀྱི་རྩ།། མྱགས་ཀྱི་མཚོན་ཆས་གཅོད་པར་བྱེད།། ལུས་ཀྱི་རྣམ་པར་ཤེས་པ་ལས།། འདོད་ཆགས་ལས་གྲུབ་མ་མོ་ལངས།། མ་ལས་གྲུབ་སྟེ་ཁྲག་དང་ཆུ།། ར་ཡི་མཚོན་ཆས་རྩ་སྲོག་གཅོད། ། མིག་གི་རྣམ་པར་ཤེས་པ་ལས།། གཏི་མུག་རང་གྲུབ་བདུད་དུ་ལངས།། ན་དུན་ལས་གྲུབ་མེ་དང་དྲོད།། ཐུམ་གྱི་མཚོན་ཆས་རྩ་སྲོག་གཅོད།། རྣ་བའི་རྣམ་པར་ཤེས་པ་ལས།། ཕྲག་དོག་རང་གྲུབ་རྒྱལ་པོ་ལངས། ། ཙ་ལས་གྲུབ་སྟེ་དབུགས་དང་རླུང།། རིལ་གྱི་མཚོན་ཆས་རྩ་སྲོག་གཅོད།། སྣ་ཡི་རྣམ་པར་ཤེས་པ་ལས།། ཐེ་ཚོམ་ལས་གྲུབ་སྲིན་པོ་ལངས།། ཤ་ཤག་ལས་གྲུབ་ལུས་ཀྱི་རྩ།། རྦད་ཀྱིས་མཚོན་ཆས་གཅོད་པར་བྱེད། ། ཉོན་མོངས་ཅན་གྱི་ཡིད་ལས་ཀྱང།། འཛིན་པ་ལས་གྲུབ་རྨུ་རྒོད་ལངས།། ལ་ཏྲི་ལས་གྲུབ་ངག་གི་རྩ།། ཡ་ཡིས་མཚོན་ཆ་རྩ་སྲོག་གཅོད།། ལྕེ་ཡི་རྣམ་པར་ཤེས་པ་ལས།། བཟུང་བ་ལས་གྲུབ་ས་བདག་ལངས། ། ན་བུན་ལས་གྲུབ་ཡིད་ཀྱི་རྩ།། རྦད་ཀྱིས་མཚོན་ཆས་རྩ་སྲོག་གཅོད།། དུག་ལྔ་ལ་སོགས་སྲོག་གཟུངས་ལ།། སྡེ་བརྒྱད་གཤེད་དུ་དབབ་པ་ཡིན།། གཞན་ཡང་ལུས་ཀྱི་གནད་བཞི་རུ།། འཐོམ་པ་གཤེད་ཆེན་བཞི་དབབ་སྟེ། ། ཀླད་པ་གཏི་མུག་རྨོངས་པའི་གནས།། བྱོལ་སོང་རྒྱལ་པོ་འཐོམ་པའི་གཤེད།། རང་གཤེད་རང་ལ་ཕབ་པ་ཡིས།། ཀླད་རྩ་ཀུན་གཅང་མྱོས་རླམས་རྒྱལ།། མུན་ཁས་ཐིབས་ཧུབ་ལིང་དུན་རུ་ཏྲ་ཁྲག། ཀླད་ཁྲག་མྱོགས་མཱ་རཱ་ཡ་རྦད། མགྲིན་པ་ང་རྒྱལ་དྲེགས་པའི་གནས།། ལྷ་མིན་དབང་པོ་གསོད་པའི་གཤེད།། རང་གཤེད་རང་ལ་ཕབ་པ་ཡིས།། མགྲིན་རྩ་ངག་རྒྱུན་དབུགས་ལམ་གཅོད།། ཤན་ཏྲི་ཨ་དེ་བྷ་ཧྲི་ཧེ་དུན་ཁྲག། མགྲིན་ཁྲག་མྱོགས་མཱ་ར་ཡ་རྦད། སྙིང་ཁ་ཞེ་སྡང་གཏུམ་པའི་གནས།། མི་རྒོད་ཤན་པ་སྲོག་གི་གཤེད།། རང་གཤེད་རང་ལ་ཕབ་པ་ཡིས།། དྭངས་མའི་རྩ་དང་སྲོག་རྟེན་བཅད།། ཙན་དྷ་རག་མ་ཧཱ་ཧ་ཡ་ཏི་ཁྲག། སྙིང་ཁྲག་མཱ་ར་ཡ་མྱོགས་རྦད། ལྟ་བ་འདོད་ཆགས་ཞེན་པའི་གནས།། དམྱལ་བའི་རྒྱལ་པོ་གསོད་པའི་བདུད།། རང་གཤེད་རང་ལ་ཕབ་པ་ཡིས།། སྲིད་པའི་རྟེན་རྩ་བཅད་ནས་ཀྱང།། འཁོར་བ་རླུང་གི་ཀ་བ་བསྒྱེལ། ། ར་ག་ཧུ་སྟི་མོན་ཏ་ཧབ་ཁྲབ། ལྟེ་ཁྲག་མྱོགས་མཱ་ར་ཡ་རྦད། དེ་དག་གདོད་ནས་རང་རང་ལ།། གནས་པ་རང་གྲུབ་རང་གཤེད་ཡིན།། གཞན་ཡང་སྲུང་གཟིར་སྡེབས་ཐུགས་ཐིགས།། གནོད་སྦྱིན་དབང་བསྡུ་འགུགས་པ་ཡིན། ། ཨེ་ཨཱ་ཀརྵ་ཡཾ་ཛ་ཡཾ་ཛ། ཨེ་ཙ་ཙ་ཨ་ཡཾ་ཙ་ཙ་ཨ་ཏྲི་ཛ། གང་ཡིན་གནད་ནས་འགུགས་པར་བྱེད།། གནན་དང་བསྟིམ་པའི་དྲག་སྔགས་ནི།། སྟཾ་པ་ཡ་ནན་ཨུ་ནན་ཏ་ཨ། ཨ་ནན་ཏ་ཨ། རི་རབ་འོག་ཏུ་ཆུད་བཞིན་ནོ།། སྨྲ་བར་འདོད་པའི་དྲག་སྔགས་ནི།། བི་ཏ་ཡ་ཧ་ཧ་པྲ་མ་ཀ་ར་ས་ཏ་ཨ། སེམས་ལ་གང་ཡོད་མངོན་དུ་སྨྲ།། སྡོང་ཟླ་དབྱེ་བར་འདོད་པ་ན།། ཨེ་ཛ་ལ་ཕྱེ་ཨ་ཤག་ཕྱེ་ཁཾ་ཤག་ཕྱེ་པྲ་བེ་ཤེ་ཕྱེ། པྲ་ཙ་ལི་ཕཊ། སྡོང་ཟླ་སྣ་ཚོགས་འབྱེད་པར་ངེས།། དེ་ནས་གཟིར་བའི་སྡེབས་ཆེན་ནི།། གཟིར་དང་སྲོད་དབྲོག་སྦྱོར་བ་གཅད།། མཐའ་རུ་བསྒྲལ་བས་མིག་བཟློག་པའོ།། གཟིར་བ་ལ་ཡང་རྣམ་པ་བདུན། ། གཟིར་བ་ཉིད་དང་གནན་པ་དང།། མྱོས་དང་བརླམས་དང་བརྒྱལ་བ་དང།། སྡུག་བསྔལ་མྱོང་དང་ཡིད་འཁྲུག་པའོ།། དེ་ནས་སྲོག་དབྲོག་དྲག་སྔགས་ལ།། རྣམ་པ་གསུམ་དང་ལྡན་པ་སྟེ།། རྣམ་ཤེས་དབྲོག་དང་བདའ་དབྲོག་དང། ། རང་གི་མཐུ་སྟོབས་དབྲོག་པའོ།། མཐའ་རུ་ལ་སྦྱོར་བཅད་པ་ལ།། རྣམ་པ་ལྔ་དང་ལྡན་པ་སྟེ།། ལས་བཅད་པ་དང་སྦྱོར་བ་བཅད།། དུག་གཅད་པ་དང་བསམ་རྒྱུད་གཅད།། རྣམ་པར་ཤེས་པའི་རྒྱུན་གཅད་པའོ། ། ལོག་ནོན་བསྒྲལ་བས་ཕྱིས་མི་གདོན།། དེ་ཡང་གཉེན་པོས་གཟིར་བ་དང།། རང་གནད་དྲག་པོས་གཟིར་བ་ཡིས།། ཙིཏྟ་སྦུར་ནན། སྟཾ་པ་ཡ་ནན། མྱགས་ཐིབས་རོ་མྱགས་ནན། ཨུ་ནན་ཨེ་ནན་རི་རི་གཟིར། ཏྲིག་ནན་བིག་ནན། དུན་དུན་ཙིཏྟ་དུན་སྙིང་ཁྲག་རྦད། ཤག་ཏི་ཁས་སྙིང་ལ་ཐིབས། དྷྲི་ཨུ་ཨུ་རི་རི། ཧ་ར་ཧ་ཛ་ཡཾ། ཧུར་ཐུམས་ཛ། ས་མ་ཡ་ཧྲི་སྟི་གརྦྷ་ཁུག་དྲོངས་དུན་ཛ་ཧྲི། ཐུམ་རིལ་སྙིང་ལ་ཤག་རྦད། ། རོ་མྱགས་ཨུ་ཤག་རྦད། རག་ཤག་ཙིཏྟ་ཁྲག་རྦད། ཁམ་ཤག་རྦད། མ་ནུ་ཧ་ལ་རཾ་རྦད། ཐུམས་མྱགས་ཏྲིག་ཤག་མཱ་ར་ཡ་རྦད་ཨེ། གོང་བཞིན་དྲག་སྔགས་བཞི་བརྒྱད་ཀྱིས། རང་གི་རྒྱུད་ལ་བསླང་བ་དང། ། བག་ཆགས་དྲག་སྔགས་མཚོན་ཆ་འདི།། རང་ལས་བྱུང་ཞིང་རང་ལས་གཅོད།། འདི་ཤེས་རང་གནད་གཟིར་བ་ཡིན།། དེ་མ་ཡིན་ན་གཉེན་པོས་གཟིར།། རང་གནད་གཉེན་པོའི་སྡེབས་སུ་བཤད།། གཞན་ཡང་གཟིར་བའི་སྔགས་སྡེབས་ནི། ། དྲེགས་པ་རང་རང་སྡེས་འདུས་པ།། ཅིག་ལ་ཐམས་ཅད་ལྡོག་པར་འགྱུར།། དེ་ཡི་སྔགས་སྡེབས་འདི་ལྟ་སྟེ།། དང་པོ་གོ་ཆ་ཡན་ཆད་སྦྱར།། དེ་ནས་ཀཱ་ལིའི་ཚོགས་སྔགས་གཏང། ། རྗེས་སུ་གང་གནོན་མིང་དང་བརྡ།། དེ་འོག་དྲེགས་པ་ཕོ་མོ་ཡི།། རང་གི་རུས་རིགས་དྲག་སྔགས་སྦྱར།། དེ་མཐར་སྲོག་སྙིང་འབྲུ་ཏེ་བསྒྲང།། ཨུ་ནན་ཐུམ་རིལ་ཛ་སྦུར་གཟིར་མྱགས་ཤག་སྙིང་ཁྲག་རྦད་རེ་བོ། འབྲུ་རེའི་བར་དུ་བརྟེམ་པར་བྱ།། དེ་འོག་དྲེགས་པ་རང་རང་སྔགས།། རྗེས་སུ་གང་ཡིན་ཐམས་ཅད་ཀྱི།། སྔགས་ཀྱི་རིགས་རྣམས་ཀུན་ཀྱང་བརྟགས།། མཐའ་རུ་ས་མ་ཡ་ཧྲི་སྟེ།། མཱ་ར་ཡ་ཐུན་རྨུགས་ལིང་ཤག་དུམ་རྦད་ཛ། ཀུན་གྱི་མིང་ནས་གཏོན་ནས་ཀྱང།། འདི་ཡིས་གཤེགས་མ་གྱིས་ལ་སྒྲོལ།། རང་ལ་གནོད་པའི་མིང་ནས་དབྱུང།། བྱ་ནག་གཟན་ལ་འདུ་བཞིན་དུ།། རང་གི་རིགས་རྣམས་ཀུན་འདུལ་ཏེ། ། གང་ཡིན་དེ་ཉིད་བརླག་པར་བྱེད།། དྲེགས་པ་རང་སྡེས་འདུལ་བ་ཡིན།། ཐུགས་སྡེབས་ཀྱི་སྐབས་ཏེ་བཅུ་པའོ།།།། དེ་ནས་དཔལ་ཆེན་རྒྱལ་པོ་དེས་འདི་སྐད་ཅེས་གསུངས་སོ།། གཞན་ཡང་དྲག་པོའི་གསང་སྡེབས་ནི། ། རྣམ་པ་དྲུག་དང་ལྡན་པ་སྟེ།། དང་པོ་འཆི་མེད་དུས་ཀྱི་སྦྱོར་བ་བཟློག། རང་གི་གནོད་བྱེད་མཐའ་དག་གཟིར།། བར་དུ་མཁའ་འགྲོ་གཟན་ལ་དབབ།། སྔགས་ཀྱི་དུག་མདའ་ཁོང་དུ་བསྐྱལ།། ཐ་མ་རང་གཤེད་རྒྱུད་ལ་སླང། ། ལུས་སྲོག་རྩ་ཡི་ལམ་རྒྱུད་གཅད།། དེ་དག་སྡེབས་ཐབས་སྤྱིར་བསྟན་པ།། གང་ཡིན་སྲུང་གཟིར་དང་ལ་བཟླས།། བར་དུ་རྦད་སྔགས་ཟོར་ཐུན་སྔགས།། མཐའ་མར་གསད་པའི་དྲག་སྔགས་གསུམ། ། ལྟོ་སྡེབས་སུམ་སྦྲེལ་བཟླས་པ་ཡིན།། ཁྱད་པར་འདི་ཉིད་སྡེབ་པའི་ཐབས།། སྔགས་ཀྱི་ཕྲ་ལྔ་རྫོགས་མཇུག་ཏུ།། བདག་ཉིད་གཟིར་བའི་དྲག་སྔགས་བཟླས།། དེ་ཡི་རྗེས་སུ་ཨུ་ཨེ་དྲུག། ཤྲཱི་མཉྫུ་བཛྲ་ཙཎྜ་མ་ཧ་ཀྲོ་དྷ་ཨ་ཀྲོ་ཏེ་ཀ་ཡ་མནྟ་ཀ་ཧྲི་ཏི་ཀཱ་ལ་རཱུ་པ་བཛྲ་རག་ཤ་མ་ཧཱ་ཏྲི་ཏ་ཡ་མ་ཏྲི་མྱགས། དེ་རྗེས་བཅུ་བདུན་འཁྲུལ་འཁོར་ལ།། ཀླང་གནོན་ཕོ་མོ་སྐུ་གསུང་ཐུགས།། ཡ་ཨ་ཧྲི། མ་ཧི་སྟི། མོན་ཏ་ནག་མོ་ཨརྱ་རཀ་ཤ་རུ་ཐུམ། དེ་རྗེས་ད་ལ་ཡེ་ལ་སོགས།། ཡང་སྙིང་རྣམ་དྲུག་དེ་ལ་སྦྱར།། རྗེས་སུ་སྡེ་བརྒྱད་དྲག་སྔགས་ལ།། ཀྲོ་དྷཱི་ཤཱ་རི་ཡ། རག་མོ་མ་མ་དུཾ་ཤམ་དུ་མན། སྙིང་ཁ་རག་ཧྲིམ་ཤི་དེ་མ་ཏྲག་རག་ཤ་རུ་ལུ་བྷྱོ། ལྷ་སྲིན་དྲག་སྔགས་ཟབ་མོས་སྦྱར། ། དེ་རྗེས་འདོད་པའི་ཨ་མུ་ཀ། ཐུམ་རི་ལི་བྷྱོ། ཧྲིསྟི་ཁ་ལོང་ཉ་བྷྱོ། ཀ་ཡ་ཧྲི་ཏྲིན་མྱགས་བྷྱོ། བག་ཤ་ཐུམ་རིལ་སྲོག་ཁྱེར། ཙིཏྟ་ཧབ་ཧབ་ཧྲི་ཤག་བྷྱོ། མནྟ་ཧ་ལ་ཙ་མ་ར། སྲོག་ཁྱེར་མཱ་ར་ཡ་བྷྱོ། ཧུབ་ལྡི་ས་མ་ཡ་བྷྱོ་ཡ། དེ་རྫས་རྩ་བར་སྡེབ་པ་ནི།། ཨེ་གསུམ་ཨུ་ནེ་དྲུག་ཨ་གསུམ།། སྐུ་གསུང་ཐུགས་ཀྱི་འབྲུ་དྲུག་དང།། ཨ་ཀྲོ་ཏེ་ཀ་ཨེ་ཡནྟ་ཀ་ཨི། མཉྫུ་ཤྲཱི་ཡེ། བཛྲ་རཀ་ཀ་ཤ་ཙཎྜ་ཨེ། མ་ཧཱ་ཤྲཱི་ཏ་ཨེ། ཧྲི་སྟི་ཀཱ་ལ་རཱུ་པ་ཨེ། ཧྲི་སྟྲི་ཀཱ་ལ་རཱུ་པ་ཨེ། ཡང་ན་རྣམ་གསུམ་རྩ་བ་རུ།། དོན་ལྔ་པ་ནི་སྡེབ་པར་བྱ།། དེ་ཡི་རྗེས་སུ་འདི་ཡང་སྡེག། མ་མ་ཤ་ཏྲུཾ་ཤ་སྙིང་རོ་བཾ་ཐུན་ཁ་རག་ཧྲི་ཤྲཱི་ཨ། ཨེ་ཀ་ཛ་ཏི་མ་མ་ཏྲཀ་རག་ཤ་སྙིང་ཁ་རག་ཨེ། མ་ཧི་ནག་མོ་རཀ་ཤ་ཙིཏྟ་སྲོག་ཐུམ་རིལ་ཨེ། མ་ཏྲག་སྲོག་ལ་ཧཾ་ཤམ། དེ་རྗེས་བཅུ་བདུན་གསང་སྐོར་སྡེབ།། དེ་འོག་སྡེ་བརྒྱད་དེ་བཞིན་སྡེབ།། བཛྲ་ཏྲག་ཤ་ཡ་མ་ཀར་མ་རོ་ཤ་ན། མོན་ཏ་ཀ་ལི་བྷི་ཤ་ཙན་དྷ། ཧྲི་སྟི་ཨ་པ་ཡེ། ཀ་པ་ཡེ། མུ་ཀ་ཡེ། ཀཱ་ལ་རཱུ་པ་ནི་ཤཾ་ཀུ་རུ། ཨ་མུ་ཀཾ། དེ་རྗེས་དྲེགས་པ་སྔགས་རྒོད་སྡེབ།། པྲ་མ་ཡ། མུར་ཙ་ཡ། རག་ཏ་ཙ་ར་ཡ། མཱ་ར་ཡ། སིང་ང་ཡེ། བྱ་ཙ་ཡེ། ཙི་ཏྲ་ཡེ། བྲི་ཏ་ཡེ། ཧ་ལ་ཡེ། ཡ་མ་ཧུར་ཤག་སྙིང་ཁྲག་རྦུད། ཡ་མ་དུན་ཡ་མ་སྙིང་ལ་ཐིབས།། ཡ་མ་ཁ་ཁྲཾ་སྲོག་ཁུགས་དྲོངས། ཡ་མ་ཧྲི་ཧ་ས་མུན་ཁས་ཐུམས།། དེ་རྗེས་འཐོམ་པའི་ངན་སྔགས་བཞི།། མཇུག་ཏུ་ནརི་ཧུར་ཐུམས་ཛ། སྲོག་ཐུམ་རིལ་རྩ་ཁྲག་རྨུགས་ཙིཏྟ་བྲེང་ཤག་མཱ་ར་ཡ་རྦད། ནརི་ཧ་ར་ཧ་ར་དུན་ཁྲམ་རྦད་སོད། མཐའ་རུ་ལོག་ནོན་དྲག་སྔགས་སྦྱར།། འདི་ལ་བསྡེབ་ཐབས་མང་ཡོད་ཀྱང།། འདི་བཞིན་དྲིལ་ལ་བརྡེག་པ་དང།། ཉི་མ་བཞི་རུ་བསྐོར་བ་དང། ། སྤུ་གྲིས་ཁོང་དུ་གཅད་པ་དང།། ཡེ་ཤེས་ལས་ལ་མངག་པ་དང།། ཕྱི་ནང་གསང་བ་དགུ་ཕྱུགས་དང།། གང་རུང་ངན་སྔགས་འདི་ལ་སྡེབ།། སེར་བ་འབེབས་པའི་ལས་བྱེད་ན།། སྤྱི་དང་ཁྱད་པར་གཉིས་སུ་བཤད། ། སྤྱི་ནི་སྔར་གྱི་སྡེབས་བཞིན་ལས།། རང་རང་གང་ཡིན་དྲག་སྔགས་ཀྱི།། འཇུག་ཏུ་འབྱུང་བ་ཆུ་རླུང་སྡེབ།། ཡཾ་ཧྲིལ་ཕྲོཾ་ཤར་དུ་ཕོབ། ཀུན་ལ་སྦྱར་བར་ཤེས་པར་བྱ།། ཁྱད་པར་འདི་ཉིད་སྡེབ་པ་ནི། ། སྤུ་གྲིའི་དྲག་སྔགས་བསྒྱུར་བྱས་ལ།། སིང་ང་ཡེ། བྱ་ཙ་ཡེ། དུ་རུ་ཡེ། ཙི་ཏ་ཡེ། བྲི་ཏ་ཡེ། ཧ་ལ་ཡ། ཡ་མ་ཧུར་ཤག་ཐིབས་ཕྲོཾ་ཡམ་ཤར། ཡ་མ་དུན། ཧབ་དུད་ཁྲོཾ་ཡཾ་ཤར། ཡ་མ་ཁ་ཁྲཾ་ཀར་ཕྲོཾ་ཡམ་ཤར། ཡ་མ་ཧྲི་ཧྲི་ས་ཤུ་ཏི་ཕྲོཾ་ཡཾ་ཤར། ཆུ་དྲིལ་དག་གི་གནས་སྐབས་ཡིན།། ད་ལ་ཡེ། མ་ལེ་ཡེ། ཀྱི་ཕོ་ཡེ། ཧྲི་ཏ་ཡེ། མུ་ག་ཡེ། ཙཏྲ་ཡེ། ཐིབས་ཐིབས་ཕྲོཾ་ཧྲིལ་ཡམ་ཤར་ཕོབ། ཡུལ་འདིར་ཨུ་ནན་དྲག་ཏུ་ཕོབ། བཛྲ་ཡ་ག་ཤར་ཧུ་ལ་སི་སི་སྙིང་ཁྲག་ཧྲིལ་ཤར་དྲག་ཏུ་ཕོབ། དེ་བ་ར་ཙ་ཏྲི་སེར་བ་དུམ་ཧྲིལ་དྲག་ཏུ་ཕོབ་ཕོབ། ཐུག་ཕྲད་ཙན་ཐབས་དབབ་པ་ཡིན།། དེ་ཉིད་བཟློག་ཅིང་སྲུང་བ་ནི།། ས་མ་ཡ་བིག་ནན་སེར་བ་ཐུཾ་རིལ་ཏོ་ས་བ་ཏི་ཤ་ཡ། མོ་ཧ་གྷ་ཡ་ཡ་སྟཾ་པ་ཡ། ཤོ་ཤ་ཡ། ཤ་ཏྲུཾ་ནཱ་ཤ་ཡ་ཧཱུ~ཾ་ཕཊ་ཧཱུ~ཾ་ཕཊ། དྲག་པོ་སྔགས་རྒོད་སྡེབས་ཆེན་འདིས།། གང་ཡང་འགྲུབ་པར་གདོན་མི་ཟ།། སྔོན་དུ་དཔའ་བོ་སུམ་འབུམ་གདོན།། དེ་ནས་གསད་དབབ་ལས་ལ་སྦྱར། ། སྲུང་དང་གཟིར་ལ་ཐུག་ཕྲད་ཡིན།། སྔགས་ཀྱི་ཀ་བ་བཞི་ཡང་གཟུགས།། འདི་ལ་སྟོང་ཚོ་གཉིས་བཞག་པ་ཡི།། སྐུ་གསུང་ཐུགས་དང་བཅུ་བདུན་པའོ།། སྐུ་དང་སྡེ་བརྒྱད་སྡེབས་པ་གསུམ།། འདི་ཡང་སྔགས་རྒོད་གྲོགས་སུ་འགྱུར། ། དམ་ཚིག་སྡོམ་པ་འདི་ལྟར་སྲུང།། ལྟ་བའི་དོན་རྟོགས་ཉམས་སྙིད་བསྒོ།། ཡི་དམ་ཕྱག་རྒྱ་གཏན་མི་སྤང།། མཆོད་བསྟོད་འཕྲིན་ལས་རྒྱུན་མི་བཅད།། འདུས་བྱས་དགེ་རྩ་ཅི་ནུས་བྱ།། ལུང་ཉིད་འབོགས་པའི་དཔོན་ཉིད་ལ། ། བཞེད་ན་སྙིང་ཡང་འབུལ་བར་བྱ།། དད་པ་སྐྱོ་ངས་མེད་པར་བསྐུར།། དབང་གི་རིམ་པ་བསྒྲོད་པར་བྱ།། གཏམ་མི་བྱ་ཞིང་ལམ་མི་གཟུར།། ཕྱག་མི་འཚལ་ཞིང་ཕྱག་རྒྱ་བསྟན། ། འདི་དག་སྔགས་རྒོད་གྲོགས་སུ་འགྲོ།། ཁྱད་པར་གསང་བའི་སྡོམ་པ་ནི།། མར་གྱི་བརྒྱད་དང་བཅུ་གཉིས་དང།། ཚེ་གཅིག་ཉ་དང་བཞི་པ་ལ།། རྣལ་འབྱོར་དྲི་ཆུས་ལུས་རྣམས་བཀྲུ།། དེ་ནས་ཚིལ་ཆེན་ཞེན་པར་བྱུག། མི་རྟ་ཁྱི་དང་མོན་པ་ཡི།། རཀྟའི་ཐིག་ལེ་ལུས་ལ་གདབ།། ཐལ་ཆེན་དག་གིས་དེ་བཞིན་བྱུག། བཞི་ཡི་སྙིང་གིས་འགུར་ཆུ་བྱ།། དབུ་སྐྲ་སྤྱི་གཙུག་སྦྲུལ་གྱིས་བརྒྱན།། སྐུ་ལ་ཞིང་ཆེན་གཡང་གཞི་གསོལ། ། ཕྱག་གཡས་དུང་ཆེན་དམར་བཀང་བསྣམས།། གཡོན་པ་རཀ་ཤའི་འཕྲེང་བ་བགྲང།། ཞལ་དུ་མི་ཤ་ཁྱི་ཤ་མུར།། དུར་ཁྲོད་གནས་སམ་དགོན་པའམ།། མཁའ་འགྲོ་གནོད་སྦྱིན་འདུ་སར་ཕྱིན། ། ཚིལ་སྣ་བཅུ་གསུམ་གསུང་བཏང་ལ།། མཚན་ཕྱེད་ཁོར་ནར་སྔགས་བཟླས་ན།། དངོས་གྲུབ་སྣ་ཚོགས་དེ་ལས་འབྱུང།། མཁའ་འགྲོ་འཇིག་རྟེན་དྲེགས་པ་ཡིས།། བདག་ཁུར་སྲུང་ཞིང་ཅི་བསྒོ་ཉན།། དྲག་སྔགས་ནུས་པ་སྣ་ཚོགས་འབུལ། ། ཚེ་རིང་བདེ་བ་ཕུན་སུམ་ཚོགས།། མཐུ་སྟོབས་རྡོ་རྗེ་ཉིད་དང་མཉམ།། བརྟུལ་ཞུགས་ཅན་ལ་མཁའ་འགྲོ་མ།། ནམ་མཁའ་ས་འོག་གནས་པ་ཀུན།། སྦྱོར་བ་བདེ་བའི་མཆོད་པ་འབུལ། ། སྒྲིབ་སྦྱོང་ཡོན་ཏན་བསམ་མི་ཁྱབ།། འཁོར་འདུས་བླ་མེད་འདས་པའི་འཇིག་རྟེན་པ།། ཕོ་དང་མོ་ཡི་ཆ་བཟུང་རྣམས།། གསང་སྡེབས་སྔགས་རྒོད་རྒྱུད་རྒྱལ་བསྟན།། མི་ནུབ་རྒྱལ་མཚན་ཚུགས་ལ་ཟུང། ། རང་གི་སྙིང་བཞིན་བརྣག་པར་གྱིས།། ནམ་ཞིག་དར་ན་འཇིག་རྟེན་ཕུང།། ཡོན་ཏན་འབྱུང་བའི་གཏེར་ཆེན་ཡིན།། གསང་སྡེབས་དང་དམ་ཚིག་གཏད་པའི་སྐབས་ཏེ་བཅུ་གཅིག་པའོ།།།། རྫོགས་སོ། །།། རྒྱ་གར་སྐད་དུ། ཤྲཱི་ཡ་མནྟ་ཀ་ཨེ་མནྟ་ཙཀྲ་གུ་ཧྱ་ཀྲ་ཏྲཾ་ཏན་ཏྲ་ནཱ་མ། བོད་སྐད་དུ། དཔལ་གཤིན་རྗེ་དྲག་སྔགས་འཁོར་ལོ་གསང་བ་སྡེབས་ཀྱི་རྒྱུད་ཅེས་བྱ་བ། དཔལ་ཁྲོ་བོའི་རྒྱལ་པོ་ཡ་མནྟ་ཀ་ལ་ཕྱག་འཚལ་ལོ།
CLOSE WINDOW