Wylie |
རྒྱ་གར་སྐད་དུ། ཨརྱ་མན་འཛུ་ཤྲཱི་ཡ་མན་ཏ་ཀ་གུ་ཧྱ་མན་ཏྲ་ཏནྟྲ། བོད་སྐད་དུ། འཇམ་དཔལ་གཤིན་རྗེ་གཤེད་གསང་རྒྱུད།། ཆོས་དབྱིངས་རྣམ་དག་སྐྱེ་མེད་ལས།། སྐྱེ་བའི་ཚུལ་བསྟན་སྤྲུལ་པའི་སྐུ། ། བཅོམ་ལྡན་ཆེ་བ་ལྷ་ཡི་དཔལ།། འཇིགས་བྱེད་ཆེན་པོ་བསམ་མི་ཁྱབ།། ཐམས་ཅད་སྐུར་སྣང་མ་ལུས་པ།། སྐུ་གསུང་ཐུགས་ལ་ཕྱག་འཚལ་ལོ།། ལས་རྒྱུད་འཕྲིན་ལས་སྔགས་སུ་བསྟན།། ཆོ་འཕྲུལ་སྐུར་བསྟན་བསམ་ལས་འདས། ། འདུལ་སྟངས་བསམ་ལས་འདས་པའི་ཕྱིར།། དབུ་དགུ་ཕྱག་ཀྱང་བཅོ་བརྒྱད་དེ།། དབུ་ནི་ཉི་ཤུ་རྩ་གཅིག་དང།། བརྒྱ་རྩ་གཅིག་དང་དབྱེ་བའི་བར།། དྲུག་དང་གཅིག་ཏུ་བསྟན་པ་ལ།། ཐ་དད་ངེས་པ་མེད་པར་བསྟན། ། ལྷ་སྲིན་བདེ་བརྒྱད་འདུལ་བའི་ཕྱིར།། བརྒྱད་དུ་བསྟན་པ་ངེས་པ་དང།། འགྲོ་དྲུག་དོན་དུ་དྲུག་བསྟན་དང།། སྐུ་གསུང་ཐུགས་དང་ལྡན་ཕྱིར་གསུམ།། ངེས་པ་དེ་བཞིན་བཞག་པའོ། ། བགེགས་རིགས་མི་སྲུན་ཀུན་ལ་ལས་འཆོལ་བ།། གང་ཡང་འདྲ་ན་ཁྱད་པར་ཤིས་པ་ནི།། འཇམ་དཔལ་གཤིན་རྗེའི་བསམ་པས་བྱ།། ཀུན་བཟང་རྣམ་དག་མཁའ་ཀློང་ནས།། དུས་གསུམ་བདེ་གཤེགས་ཞི་ཁྲོ་སྤྲུལ། ། ཀུན་གྱིས་དབང་བསྐུར་གཤིན་རྗེ་གཤེད།། དབུ་དང་ཕྱག་ཞབས་གར་འཐད་པར།། མོས་པ་བྱ་བ་ཤིན་ཏུ་གཅེས།། གཤིན་རྗེའི་རྣལ་འབྱོར་བརྩོན་པ་ཡིས།། གང་ཡང་ལས་ལ་ཐེ་ཚོམ་མེད། ། དེ་ལ་འདི་རུ་སྨོས་པ་ལ།། ལ་ལ་གཞུང་དེ་ཡོད་པ་ཡང།། གང་ཡང་འདྲ་བར་བྱ་བའོ།། འདིར་སྨོས་རྩ་བའི་སྔགས་རྫས་གཉིས།། དེ་ལ་ཐེ་ཚོམ་མི་བྱའོ།། དམ་པའི་ལེའུ་གཅིག་པའོ།།།། ཨོཾ་ཡ་མན་ཏ་ཀ་ཧཱུ~ཾ། ཀཱ་ལ་རུ་པ་ཧཱུ~ཾ། ཨོཾ་ཧྲིཥྟི་བི་ཊི་ཧཱུ~ཾ། ཨོཾ་མན་འཛུ་ཤྲི་ཧཱུ~ཾ། ཨོཾ་ཡ་མ་རཱ་ཛ་ཧཱུ~ཾ། ཡི་གེ་དྲུག་ལྔ་སུམ་ཅུ་པ།། རྩ་བའི་རྩ་བ་བསྐྱེད་པའོ།། དེ་ལ་ཡང་དག་བསྐྱེད་པའོ།། དེ་ཡི་དོན་རྟོགས་ཤེས་པའོ།། ཨོཾ་ཨོཾ། ཨོཾ་ཧཱུ~ཾ། ཨོཾ་སྭ། ཨོཾ་ཨོཾ་ཨོཾ་ཧ། བྷྱན་ཛཱ་བྷྱ་ཧཱུ~ཾ་ཕཊ། རུ་པ་ན་ཧཱུ~ཾ་ཕཊ། ཏཧྱ་ནཧྱ་ནཧྱ་ཧཱུ~ཾ་ཕཊ། ཡ་མན་ཧྱ་ཧཱུ~ཾ་ཕཊ། སུ་ཏོ་ཧྱ་ཧཱུ~ཾ་ཕཊ། ལྔ་ལྔ་རྩ་ལྔར་བསྟན་པ་ཡང།། ཡང་ན་བ་ཏེ་ཡན་ལག་གི། དང་པོ་དང་ནི་དེ་མཐའ་ལ།། ལས་སུ་བསྔགས་པ་དེ་ཁོ་ནའོ། ། ཨོཾ་ཡ་མན་ཏ་ཀ་ཛཱ་ཛཱ། ཀཱ་ལ་རུ་པ་ཛཱ་ཛཱ། ཨོཾ་ཧྲིཥྟི་བི་ཀྲི་ཛཱ་ཛཱ། ཨོཾ་མན་འཛུ་ཤྲི་ཛཱ་ཛཱ། ཨོཾ་ཡ་མ་རཱ་ཛཱ་ཛཱ། དེ་དག་རྩ་བ་བགྲང་བའི་ངེས་པའོ།། དེ་ལས་ལན་ཅིག་ཏེ་ཀ་ཧེ།། ངེས་པའི་རྩ་བ་བསྟན་པ་ལ། ། དམིགས་པ་ཁོ་ན་དེ་ལན་ཅིག། གྷུ་ཡ་ཛྙན་མུཾ་ཧཱུ~ཾ། བི་དུ་ཡ་མ་ཛཱ་ཡ་ནན། ཨོཾ་མ་ཁ་ལེ་ཁ་ཐུན་མུག་ནན། ཨོཾ་ཡ་མ་ཁ་ཐུན་རཱ་ཛ་ཧཱུ~ཾ། ཨོཾ་ཤྲི་ཨ་ཀྲོ་བྱ་ཙི་ར་ཛ་ཧཱུ~ཾ། ཧཱུ~ཾ་ཧ་ཧཾ་ཧེ་རོ་ཏ་ཀ་ཡ་བ་ཀ་ཙིཏྟ་ཛཱ་ཧཱུ~ཾ་བཾ་ཧོ། ཡན་ལག་ལྔ་ཡི་སྒོ་ནས་དེ་བཞིན་དུ། ། དམིགས་པ་བཅས་ནས་བྱས་པ་དེ་ལྟའོ།། རྣམ་པ་ཀུན་ཏུ་དེ་བཞིན་བསམ་པ་ཁོ་ནའོ།། གནན་ནམ་གཟིར་བའི་མགོ་བསྟན་ཚོགས།། ལེའུ་གཉིས་པ་ཞེས་བྱའོ།།།། ཛ་ཧཱུ~ཾ་བཾ་ཧོ། ཨོཾ་ཨ་ཀྲོ་ཏེ་ཡ་མན་ཏ་ཀ་ས་མ་ཡ་སྟོཾ། ཛཱ་ཧཱུ~ཾ་བཾ་ཧཱ+ོ། ཨོཾ་ས་མ་ཡཱ་མན་འཛུ་ཤྲི། མུ་དྲ་ཡ་མན་ཏ་ཀ་པན་ཙ་ཏེ་རོ་ནི་ཧཱུ~ཾ་ཛཱ། ཡ་མན་ཀྴ་ཡ་ཛ་ཛ། འགྷུ་ཡ་ཨུ་ཏྲཾ་ཛ་ཛ། ལས་དེ་གོང་འོག་ཐམས་ཅད་ཀྱང།། རིག་པ་བདེ་བ་འབའ་ཞིག་གིས། ། དེ་བཞིན་བཅོལ་བའི་རྣམ་པ་དེས།། བཀའ་ལས་དེ་ལྟར་སྣང་བར་ཁོས།། ཡ་མ་ར་ནི་ཛཱ་ཛཱ། ཞེས་པ་དེ་ཡིས་ཐམས་ཅད་དུ།། བརླག་མཛད་མ་ལུས་དེ་བཞིན་སྩོལ།། བདེ་བར་དེར་ནི་ངེས་པར་རིགས། ། མཱ་མ་རུ་ལུ་མ་ཧེ་མ་བྷྱོ་ཧཱུ~ཾ་ཕཊ་སྭཱཧཱ། དེ་ནི་ངེས་པའི་མ་དེ་ཡང།། འབྱུང་བ་ཇི་བཞིན་ལྟས་པ་དེས། ཁམས་གསུམ་པ་ཙམ་རླག་པར་བྱེད།། དེ་ཁོ་མ་ནོར་ངོ་ཤེས་པའོ།། ཨོཾ་ཨ་ཀྲོ་ཏེ་ཡ་མན་ཏ་ཀ་ཀཱ་ལ་རུ་པ་ཡ་མན་ཏ་ཀ་ཧ་ན་མ་ཐ་བྷན་ཛ་ཧཱུ~ཾ་ཕཊ། བསྐྱེད་པ་དག་དང་ལས་སྔགས་སྦྱར།། དེ་ནི་མི་ནོར་དམ་པ་ཡིས།། སྔགས་སུ་ལྡན་པ་དེ་ཀ་ཡིན།། ཨོཾ་ཨཱ་ཧཱུ~ཾ་པེ་ཏ་ལི་རག་ཀྴ་ཡག་ཨུ་ཙུ་ས་མ་ཀྲོ་དྷ་ཀྲོ་དྷ་ཡ་པེ་ཏ་ལ་ཧཱུ~ཾ་ཕཊ། འཇམ་དབྱངས་ཁྲོ་བོ་གསང་པ་ཡི།། སྙིང་པོ་དང་ནི་དབྱིངས་ཡུམ་གྱི།། མ་ནོར་བ་དེ་ཡིན་པར་སྔགས།། དེ་ཡང་སྐབས་ཀྱི་རིམ་པ་ཤེས་པའོ།། ཨོཾ་མན་འཛུ་ཤྲི་ཡ་མ་ར་ཛ་མ་མོ་ཨེ་ཀ་ཙ་ཏི་ཛཱ་ཛཱ་ཏྲག་རག་ཤ་སྙིང་ཁ་རག་མོ་བྷྱོ། རག་མོ་ཁ་ལི་བཾ་ཛཱ་བྷྱོ། ཁ་འགྲམ་མ་ཡུ་ཟ་འགྲམ་མ་བྷྱོ། རུ་དྲ་རྦད། ཏྲག་རག་ཤ་རྦད། མ་མ་སྙིང་རྦད། ཁ་མུན་རྦད། ཙིཏྟ་རྦད། མ་ར་རྦད། བལ་ཕྱུར་བལ་ཕྱུར། མ་མ་ཐུཾ་མ་མ་ཐུཾ། རྦད་དུ་རྦད་དུ། དུ་ཡཾ་རྩི་ཡཾ་རུ་ཐུཾ་ས་མ་ཡ། རུ་ཐུམས་རུ་ཐུམས་ཡ་ན་རྦད། སྔགས་དང་སྙིང་པོ་གྲངས་མང་ཡང།། གཟེར་སྔགས་བདག་འགའ་ཡིས་ཡིན།། དེ་ན་མན་ངག་ཟིན་པར་བྱས།། དེ་ནི་ཡང་དག་དམ་པ་ཁ།། ལེའུ་གསུམ་པ་ཞེས་བྱའོ། །།། དེ་བྷྱི་ཐུམས་ཏི་ཏ་ཧ་ཧ་དམ་དམ་ས་མ་ཡ་ཡ་གུ་གུ་ཐུམ་ཡ་མ་བཾ་རི་ལི་ལི་རྦད་རྦད་སོད་སོད། ཨོཾ་མན་འཛུ་ཤྲི་ཡ་མན་ཏ་ཀ་ཨུ་ཙུས་མ་ཀྲོ་དྷ་པེ་ཏ་ལི་ན་མ་ཀྲོ་ཏི་ཤྭ་རི་རག་ཤ་ཡཀྴ་ཛཱ་ཛཱ། སྙིང་ཁ་རག་མོ་བྷྱོ། རག་མོ་སྙིང་རྩ་མོ་བྷྱོ། ཁྲག་ལ་མུ་ཤ་མོ་བྷྱོ། ནག་མོ་ཏིང་ཏང་ཁ་ལ་རག་མོ་བྷྱོ། དུམ་བུ་མ་ར་ཡ་དུམ་བུ། ཙིཏྟ་མ་ར་ཡ་དུམ་བུ། ཁྲག་དུ་ཁ་ཁ་ཐུམས་ཐུམས།། མ་དུ་མ་རྩི་རུ་རུ་ཡན་རྦད་རྦད། ཅེས་ཏེ་ཁྲག་ལ་བཟླས་པ་དེ་ཉིད་དོ། ། ཟློས་པ་ཡེ་ཤེས་ཐུན་དུ་བྱས།། རྫས་དེ་བརྒྱུད་དེ་ཀུན་ནས་གསལ།། རྨོངས་པར་མི་བྱ་ཁོང་བརྣག་པའོ།། ཨོཾ་ས་མ་ཡ། ཨརྱ་མན་འཛུ་ཤྲི་མུ་དྲ་ཡ་མན་ཏ་ཀ་བན་ཙ་ཏེ་རོ་ནི་ཧཱུ~ཾ་ཛ། ཨོཾ་ས་མ་ཡ་མན་འཛུ་ཤྲི་ཡ་མན་ཏ་ཀ་ཡ་མར་ཛ། མ་མ་ཨེ་ཀ་ཛཱ་ཏི་ཛཱ་ཛཱ། ཏྲག་རག་ཤ་མུ་ཏྲ་སྙིང་ཁ་རག་མ་བྷྱོ་བྷྱོ། རག་མོ་ཏེ་ཀུ་མ་ཛཱ་ཛཱ། ཁ་ལ་མ་ཏི་བྷྱོ་བྷྱོ། ཡ་ཡ་ལོག་ཙིན་དན་མ་ལ་བྷྱོ་ཛཱ། སྙིང་ཁ་རག་སྲོག་ལ་བྷྱོ་བྷྱོ། དེ་ལ་འདི་ཡི་གཞུང་དག་ཀྱང།། ཀུན་ཀྱང་གཅེས་པ་ཡིན་མོད་ཀྱང། ཁྱད་པར་ལྷག་པ་འགའ་ལས་མེད།། དེ་ཡང་དབྱེ་གསལ་བྱ་བ་དཀའ།། ལེའུ་བཞི་པ་ཞེས་བྱའོ།།།། ཨོཾ་ཡ་མ་ར་ཛ་ས་ཏོ་མེ་བྷྱོ་རུ་ལུ་རུ་ལུ་ཧཱུ~ཾ་ཕཊ། བཾ་རི་ལི་ལི་རྦད་ནན། ཨོཾ་དུབ་ནུར་དུབ་ནུར་ཚལ་པ་ཚལ་པ་ནན། ཨོཾ་ཏྲག་ཤགས་སྙིང་གོ་ཤག་མེ་ཁ་ལ་མུ་ལ་ཙ་ཐུན་ནན། ཨོཾ་སྭ་ཏི་རུ་རུ་རཱ་ཙ་ཀྲོ་ཀྲ་ཙར་ཙར་ནན། མ་ར་ཡ་ནན། དེ་ཡང་དགོས་པ་ལྷག་པའི་སྔགས། ། ལྔའམ་བཞི་རུ་བཟླས་པ་ནི།། མཐུན་པའི་གྲོགས་སུ་འགྲོ་བ་ཡིན།། དེ་ཡང་འདིར་ཏེ་དྲག་པོའི་སྔགས།། ཨོཾ་ཨཱ་ཀྲོ་ཏེ་ཀ་མན་འཛུ་ཤྲི་ཀ་ལ་རུ་པཀྴ་ཡ་ནན། བཾ་རྦད་རུ་ལུ་ཧཱུ~ཾ་ཛཱ། རུ་ལུ་ཚལ་བ་ཡ་ནི་ཏོ་ཤ་རུ་ནི་ནན། མ་ར་ཡ་ནན། ཨོཾ་ཡ་ནན་ཏ་ཀ་ཀྴཾ། ཨརྱ་ཨ་ཙ་ལ་ཀྴཾ། ཨོཾ་མ་དུག་རྩ་རྩ་ཚལ་པ་ཚལ་པ་རྦད་རྦད་མ་དུག་ཀྴཾ། ཡ་མ་ཡ་མན་ཀྴཾ། སྲོག་རྩ་ལ་མུག་ཏེ་རྦད་ཙ་རྩ་ར་ཛཱ་རྦད། མ་ཨེ་ཁྲག་ལ་དུན་དུན་སིང་སྟུབ། སྲིན་པོའི་རུས་པ་ལ་ཆོཾ་ཆོཾ་ཚལ། ། གཤིན་རྗེའི་ཁྲཾ་ལ་ལྷན་ལྷན་ཐོབ། ཁྲམ་ཁ་ཁྲཾ་རི་ལི་ལི་ནར་ཛི་རྦད། ཨོཾ་ཁྲག་ཐུན་མུག། ཨོཾ་མུག་ཡ་མུག་ཏི་སུབས། ཆོ་ཆོ་ཡཾ། བལ་ཧུབས་བལ་ཧུབས། བལ་ཡུ་བལ་ཡུ་སྙིང་གོང་རྩ་ཐུན་ནན། བལ་ཐུན་ནན། ཁྲག་ཐུན་ཁོང་ཁྲག་ལ་ཡ་ཡ། ཁྲག་ཐིག་ལ་ཕོབ། སྙིང་ཐིག་ལ་ཕོབ། རྩ་ཐིག་ལ་ཕོབ། སྲོག་ཐིག་ལ་ཕོབ། ཨོཾ་རག་མོ་ཤན་པ་མ་ར་ཡ་ནི་ཛ། མགོ་འཕྱང་མ་ཛཱ་ཛཱ། དུན་རྨུགས། བླ་རྩ་ལ་ཛཱ་ཛཱ། རྩ་བོ་ཆེ་ལ་དུན་རྨུགས། ནང་ཁྲོལ་སྨད་ལྔ་ལ་རྩ་བཾ། ཐུན་བཾ་ཐུམ་རི་ལི་ལི་རྦད་རྦད། མཐུན་པའི་རྫས་ནི་བསགས་པ་གཅེས།། མ་ནོར་སྔགས་བཟླས་ཤིན་ཏུ་གཅེས།། དགོས་པའི་མཐུན་སྤྲོད་འཚོགས་པ་ནི། ། འབྲས་བུ་ཆུད་མ་གསན་པར་གྱིས།། ཨ་ལ་ཞེས་བརྗོད་ཡ་བྱར་གྱིས།། དམིགས་པའི་དགོངས་པ་སངས་པར་གྱིས།། ལེའུ་ལྔ་པ་ཞེས་བྱའོ།།།། ཐ་མའི་གསང་སྔགས་ཞེས་བྱ་བ།། ཡ་དང་མ་དང་ར་དང་ཛ། ། ས་དང་དོ་དང་མེ་དང་ཡ།། ཡ་དང་མེ་དང་དོ་དང་རུ།། ན་དང་ཡོ་དང་ད་དང་ཡ།། ཡ་དང་ད་དང་ཡོ་དང་ནི།། ར་དང་ཡ་དང་ཀྴ་དང་ཡ།། ཡ་དང་ཀྴེ་དང་ཡ་དང་ཛ།། ནི་དང་ར་དང་མ་དང་ཡ།། རྩ་བའི་ཡི་གེ་འདི་རྣམས་ཀྱང། ། འཇམ་དབྱངས་དཔལ་གྱི་ཐུགས་ཡིན་ཟེར།། དེ་ལྟ་མ་ཡིན་ལས་བྱེད་པའི།། གཤིན་རྗེའི་ངོ་བོ་ཡོ་རྟོགས་ཡིན།། དེ་ཡི་རྩ་བར་བལྟ་བར་བྱ།། ཡང་ན་ལྷ་སྲིན་སྡེ་བརྒྱད་ཀྱི།། རྩ་བ་བསྡུས་པ་ཡིན་པར་གཞག། དེ་ཕྱིར་གསང་སྔགས་ངོ་ཤེས་བྱ།། དབུས་ན་ཡང་གནས་ཡི་དྭགས་ཆེན་པོ་ཡི།། ཕྱི་བ་བཅུ་དྲུག་གནས་པ་ནི།། ལྷ་སྲིན་སྡེ་བརྒྱད་ཡུམ་དང་བཅས།། དེ་ལ་བཅུ་དྲུག་དག་ཏུ་འདོད།། ཡང་ན་ལས་ཀྱི་གཤིན་རྗེ་བརྒྱད་དུ་འདོད། ། དེ་ཡི་ཆུང་མ་བརྒྱད་དང་བཅུ་དྲུག་འདོད།། ཡང་ན་གིང་ཆེན་བརྒྱད་དང་ཆུང་མར་བཅས།། གང་ལྟར་བྱས་ཀྱང་དྲེགས་པ་བརྒྱད།། དེ་ཕྱིར་ལས་མཁན་ཞེས་སུ་གྲགས།། དེ་ལ་དབུས་ཀྱི་ཡི་དྭགས་ཆེན་པོ་ཡི། ། ཕྱོགས་དང་མཚམས་སུ་ཕར་འཕྲོས་པས།། ཡ་ནས་ཡར་བསྐྱལ་ཡ་བརྒྱད་ལ།། འཇམ་དབྱངས་ཁྲོ་བོས་ཡ་བརྒྱད་མན་ན།། ཕར་ལ་བསྐུལ་ཞིང་ཚུར་ལ་བསྡུས།། ལྷ་དང་ཀླུ་དང་གནོད་སྦྱིན་མོ།། དྲི་ཟ་ལྷ་མིན་ནམ་མཁའ་ལྡིང། ། མིའམ་ཅི་དང་ལྟོ་འཕྱེའོ།། ཕྱི་ལྟར་བལྟས་ན་དེ་ལྟར་སྣང་བའོ།། སྲིན་པོ་མ་མོ་བདུད་དང་ནི།། གཤིན་རྗེ་རྒྱལ་འགོང་བཙན་དང་ནི།། ཀླུ་སྲིན་བགེགས་ཆེན་འབྱུང་པོ་བརྒྱད།། ནང་ལྟར་དེ་ཚུལ་གྲགས་པ་ཡིན། ། ཆོས་ཀྱི་རྒྱལ་པོ་ཡ་བ་ཏི།། གླང་མགོ་རྟེལ་པ་ཕྱ་སངས་དང།། རལ་པ་ཚར་དགུ་དམིགས་པ་དང།། མྱོས་བྱེད་འབར་བ་བརྒྱད་དུ་བསྟན།། བཛྲ་ཞིང་དང་བཛྲ་ས།། བཛྲ་ལྷུན་པོ་བཛྲ་སྦྱིན་པ་དང། ། བཛྲ་ཏྲི་འཛིན་བཛྲ་ཀུན་བསྡུས་དང།། བཛྲ་ཉེས་སེལ་བཛྲ་གནས་མེད་དེ།། གིང་དུ་གྲགས་པ་དེ་ཁོ་ན།། དེ་རྣམས་ལས་མཁན་ཡིན་པར་གཅིག། ཕར་ལ་ལས་བྱེད་གཤིན་རྗེ་ཕོ་མོ་ཡིན།། བསྒོ་བའི་ལས་བྱེད་དུ་དཀྲུག་པའོ། ། ཨཱ་མུ་ཀ་སྦྲ་མ་ཡ་ཧཱུ~ཾ། མར་ཤྲི་ཀྲམ་ན་ཤ་ཡ་ཧཱུ~ཾ་ཕཊ། ཨ་མུ་ཀཾ་རཀྟ་ཙར་ཡ་ཧཱུ~ཾ་མར་ཡ་ཤྲ་ཏྲིཾ་ན་ཤ་ཡ་ཧཱུ~ཾ་ཕཊ། ཨ་མུ་ཁ་མུར་རྩ་ཡ་ཧཱུ~ཾ་མ་ར་ཤཱི་ཀྲཾ་ན་ཤ་ཡ་ཧཱུ~ཾ་ཕཊ། ཨ་མུ་ཁཾ་མ་ར་ཡ་ཧཱུ~ཾ། མར་ཤྲི་ཀྴམ། ན་ཤ་ཡ་ཧཱུ~ཾ་ཕཊ། ལས་རྣམས་མ་ལུས་བྱེད་པ་ཡང།། མགོ་འཁོར་བྱེད་དང་ཁྲག་སྐྱུགས་བྱེད།། ཡིད་མྱོས་བྱེད་དང་གསོད་པར་བྱེད།། མགོ་བོ་འཁོར་ཏེ་ལ་འུར་གསད། ཁྲག་ཏུ་སྐྱུགས་ཏེ་ལ་འུར་གསད།། ཡིད་མྱོས་བྱས་ཏེ་ལ་འུར་གསད། ། གསད་པ་ཡིད་ཀྱིས་ལ་འུར་གསད།། ཉིན་བཞིས་གསད་པའི་ལས་དེ་བྱ།། ཡང་དེ་འདི་ལ་བཟླས་པར་བྱ།། ཨོཾ་ཧྲིཥྟི་བི་ཀྲི་ཏ་ནན་ཙིཏྟ་ལ་རཀྟ་ཀ་སྦྲ་མ་ཡ་ཧཱུ~ཾ་ཕཊ། ཨོཾ་ཤྲི་པྲི་ཏི་མན་ཙི་ཏ་པ་ཙ་ཧ་ན་ཕ་རག་ཏ་ཙ་ར་ཡ་ཧཱུ~ཾ་ཕཊ། ཨོཾ་ཨན་དྷ་ནེ་ཏ་ན་བླ་ཨ་མོ་ཀ་ཙི་ཏ་ཏི་ཏ་ཡ་མུར་རྩ་པ་ཧཱུ~ཾ་ཕཊ། ཨོཾ་ཡ་མ་དྷེ་དྷེ་པ་ཏ་དུམ་ཙ་ཏ་མ་ར་ཤྲི་ཡ་མ་ར་ཡ་ཧཱུ~ཾ་ཕཊ། དེ་ཡང་བཞིན་རུ་བཟླས་པས་ནུབ།། ཧཱུ~ཾ་ཡ་མ་རུ་ཛ་མ་ར་ཡ་ཧཱུ~ཾ་ཕཊ། ཧཱུ~ཾ་ཡ་མ་བེ་ཤེ་མ་ར་ཡ་ཧཱུ~ཾ་ཕཊ། ཧཱུ~ཾ་ཡམ་སྙིང་ཏ་མ་ར་ཡ་ཕཊ། ཡ་ལྷ་ཛ་ཛཱ་ཧཱུ~ཾ་ཧཱུ~ཾ། ལས་ཀྱིས་གཟེར་དུ་སྔགས་པ་ཡང།། དེ་ལྟ་བུ་དག་བཟླས་པ་ཡང།། དེ་ལྟར་འཁོར་ལོའི་སྔགས་ལ་གཞན་པ་མེད། ། དེ་ལ་འདུས་པ་དེ་ལྟར་རྩ་བའི་འདུས་པ་ཡིན།། ཨོཾ་མན་འཛུ་ཤྲི་ཡ་མན་ཏ་ཀ་ཨཱུ་ཙུས་མ་ཀྲོ་ཏ་པེ་ཏ་ལི། ཨོཾ་བི་ཀྲི་ཤྲི་རག་ཤ་ཛཱ་ཛྷྱ་སྙིང་ཁ་རག་མོ་བྷྱོ། སྙིང་རྩ་རྩ་མ་བྷྱོ། ཁྲག་ལ་མུ་ཤ་མ་བྷྱོ། ནག་པོ་བཏིང་མཾ་མ་བྷྱོ། ནག་མོ་སྙིང་ཏ་ར་ལ་རག་མོ་བྷྱོ། དུམ་བུ་མར་དུམ་རྩི་ཏ་ར་དུམ་བུ་ཁྲག་ཏུ་སྐྱུགས་ཁ་ཁ་ཐུན། ས་ཐུམས་མ་རྩི་ནུ་རུ་ན་ཡ་རྦད་རྦད། དེ་ལྟར་པེ་ཏ་ནག་མོ་ལ།། སྔགས་ཏེ་བཟླས་པས་བརྡེག་པ་ཡང།། སྐབས་དང་སྦྱར་ཏེ་བཟླས་པར་བྱའོ། ། དེ་ལྟར་མན་ངག་གི་ཤེས་པར་བྱའོ།། ཨོཾ་ཤྲི་མན་འཛུ་བཛྲ་ཀྲོ་ཏ་ཏིབ་ཏ་ཙཀྲ། ཨོཾ་བཛྲ་སྭ་ཏ་ཧཱུ~ཾ་ཧྲི་ཕུར་བུ་ཕུར་བུ་ཧཱུ~ཾ་ཕཊ།། ཨོཾ་བཛྲ་ཀི་ལི་ཀ་ལི་ཡ། སརྦ་བ་དི་ནན་བཾ་ཧཱུ~ཾ་ཧཱུ~ཾ་ཤྲི་པ་ཙ་ཧཱུ~ཾ་ཕཊ། འཇམ་དབྱངས་ནག་པོའི་བཅས་གཞི་སྟེ། ཁྲོ་བོའི་རྒྱལ་པོ་འདི་ཡིས་ནི།། ལས་རྣམས་མི་འགྲུབ་གཅིག་ཀྱང་མེད།། འདི་ལ་མོས་པའི་རྣལ་འབྱོར་པས།། བྱང་ཆུབ་འདི་དོན་གཉིས་ཀ་འགྲུབ།། དེས་བསྟན་དྲུག་རིམ་གསལ་བར་སྣང། ། ནག་པོའི་སྔགས་རྣམས་ཤེས་པར་སྤྱོད།། ལེའུ་དྲུག་པ་ཞེས་བྱའོ།།།། ཡང་དེ་འཇམ་དབྱངས་ནག་པོ་ཡི།། སྔགས་རྣམས་བསྟན་པ་དེ་ལ་ནི།། འཁོར་རྣམས་མི་སྲུན་གང་ཡིན་པ།། ལས་རྣམས་ཇི་ལྟར་བྱ་བ་ནི། ། གསལ་བ་དག་ཏུ་བསྟན་པ་ཡིན།། དེ་ལ་འདི་ཡི་གནས་སྐབས་སུ།། གནས་དང་དུས་དང་མཎྜལ་རྫས།། དགོངས་པ་བསྒྲུབ་དང་བརྡེག་པ་ཡང།། མཚན་མ་གྲོལ་དུས་མནན་པའོ།། དོན་བཅུ་ཚང་བར་བྱེད་དགོས་ཏེ། ། རྒྱུད་གཞན་ཀུན་ནས་ཞིབ་པར་བསྟན།། འདིར་ནི་སྔགས་རྣམས་རྒྱུན་དུ་གསུངས།། ལེའུ་བདུན་པ་ཞེས་བྱའོ།།།། ལྷོ་ཕྱོགས་གཤིན་ཡུལ་རྨེ་ནག་ཏུ།། འཇམ་དཔལ་ཁྲོས་པས་གཤིན་རྗེ་གཤེད། ། འཆི་བདག་བཤན་པའི་ཚོགས་རྣམས་ལ།། ཞེ་སྡང་རང་འདུལ་དྲག་སྔགས་རྒྱུད།། རྩོད་དུས་བསྟན་པ་མར་འགྲིབ་ལ།། འབྱུང་བ་ཡིན་གྱིས་གཞན་དུ་མིན།། ཞལ་གསུམ་མཐིང་ནག་དྲག་པོའི་སྐུ། ། རོ་ལངས་སྲས་མཆོག་ཡབ་ཡུམ་བཞི།། བསྒོམ་པ་ཡིན་གྱིས་གཞན་དུ་མིན།། རྩ་གསུམ་རྩ་བཞི་བཅུ་གཅིག་དང།། བཅུ་གཉིས་དགུ་དང་བདུན་དུ་བསྟན།། རྒྱུན་དང་གཉིས་མེད་རེ་ཏི་སྟོང།། འཇིག་རྟེན་ཕོ་མོའི་སྲོག་ཏུ་བསྟན། ། བསྙེན་པ་དང་ནི་ཉེ་བའི་མཆོག། དམ་པ་ཡིན་ནམ་ཟེར་བའི་མཆོག། ཤེས་པ་ཉམས་སུ་བླངས་པའི་མཆོག། དཔལ་གཤིན་རྗེ་གཤེད་པོས་གསུངས་པ། གདུག་པ་གཏན་རླག་པ་ལ་འཁོར་རྣམས་ཡི་རང་སྟེ་མངོན་པར་བསྟོད་དོ། ། གསང་བ་སྔགས་ཀྱི་རྒྱུད་ལས། ཕྱི་མའི་ལེའུ་སྟེ་བརྒྱད་པའོ།།།། འཇམ་དཔལ་གསང་བའི་རྒྱུད་ཕྱི་མ་རྫོགས་སོ།།།། གནུབས་པདྨ་དབང་རྒྱལ་གྱི་ཐུགས་ཀྱི་བརྣག་པའོ།། ཡ་མ་ར་ཛ་ཁྲོས་པའི་རྒྱུད་དོ། །།།
CLOSE WINDOW