CLOSE WINDOW

Gpb042.002: འཕགས་པ་འཇམ་དཔལ་ཁྲོ་བོ་གཤིན་རྗེ་གཤེད་རྒྱལ་པོ་གསང་བའི་རྒྱུད
Wylie

། རྒྱ་རྒྱ་རྒྱ། རྒྱ་གར་སྐད་དུ། ཨཱརྱ་མཉྫུ་ཤྲཱི་ཡ་མ་རཱ་ཛ་ཡཀྴེ། གུ་ཡ་ཏནྟྲ། བོད་སྐད་དུ། འཕགས་པ་འཇམ་དཔལ་ཁྲོ་བོ་གཤིན་རྗེ་གཤེད་རྒྱལ་པོ་གསང་བའི་རྒྱུད། འཇམ་དཔལ་གཤིན་རྗེ་གཤེད་པོ་ལ་ཕྱག་འཚལ་ལོ། ། འདི་སྐད་བདག་ག་ཨུ0f72་ས་ཐོས་པའི་དུས་གཅིག་ན། ཆོས་ཀྱི་དབྱིངས་རང་བཞིན་རྣམ་པར་དག་པའི་གནས། གདུག་པ་མ་ལུས་རང་བཞིན་ལྷུན་གྱིས་སྒྲོལ་བའི། དུར་ཁྲོད་འབར་བས་བརྒྱན་པའི་གཞི་ཡོན་ཏན་འབར་བའི་གནས་ན། བཅོམ་ལྡན་འདས་གཤིན་རྗེ་གཤེད་པོ་ཞེས་བྱ་བ། དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཀྱི་བདག་ཉིད་ཐམས་ཅད་འདུས་པའི་རང་བཞིན་ཏེ། ། ཡུམ་ཟ་བྱེད་པེ་ཏ་ལི་ཞེས་བྱ་བའི་སྲིན་མོ་དང་ཐབས་ཅིག་ཏུ་འཁྲིལ་ནས་བཞུགས་སོ།། གཞན་ཡང་གདུག་པ་མི་བཟད་པའི་འཁོར།། བདུད་འདུལ་བ་གཤིན་རྗེ་གདུག་པ་ཅན་སུམ་ཅུ་རྩ་གཉིས་དང། མྱོས་བྱེད་བདུན་དང། དུར་ཁྲོད་ཀྱི་བདག་པོ་ལ་སོགས་པ་དེ་དག་ཀྱང། རང་རང་གི་འཁོར་གདུག་པ་ཅན་རྣམས་བསམ་གྱིས་མི་ཁྱབ་པ་ཀུན་ཏུ་ཏིལ་གྱི་གང་བུ་ལྟ་བུར་བཞུགས་ཏེ། དེའི་ཚེ་དེའི་དུས་ནས་ཡང་རབ་ཏུ་གཡོས་ཏེ། ཕྱོགས་བཅུ་ཡང་རབ་ཏུ་འཁྲུགས་པར་འགྱུར་རོ།། འཁོར་གྱི་སྤྲུལ་པ་དེ་དག་གི་ནང་ནས། གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་ཞེས་བྱ་བ། མཐུ་དང་སྟོབས་སུ་ལྡན་པ་ཞིག་སྟན་ལས་ལངས་ཏེ། གདུག་པ་དེ་དག་འདུལ་བའི་ཕྱིར། འཇམ་དཔལ་གཤིན་རྗེ་གཤེད་པོ་ལ་འདི་སྐད་ཅེས་གསོལ་ཏོ།། ཀྱཱ+ེ་ཀྱཱ+ེ་འཇམ་དཔལ་གཤིན་རྗེ་གཤེད།། གཤིན་རྗེ་གནོད་སྦྱིན་མ་ལུས་ཀྱི།། ལྷ་མིའི་འཇིག་རྟེན་ཕུང་ལ་ཁང། ། ལོག་པའི་ལམ་དུ་འཁྱམས་པ་རྣམས།། ཞི་བས་འདུལ་བར་མི་འགྱུར་བས།། དྲག་པོ་ཁྲོ་བོ་སྤྲོ་རུ་གསོལ།། ཅེས་གསོལ་བས། དེ་ནས་འཇམ་དཔལ་གཤིན་རྗེ་གཤེད་པོས་ཁྲོ་བོ་རྣམ་པར་སྤྲུལ་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། ཡུམ་ཟ་བྱེད་ཆེན་མོ་བེ་ཏ་ལི་དང་དགྱེས་པའི་རོལ་པས་ཐབས་དང་ཤེས་རབ་ཏུ་འཁྲིལ་ཏེ། བྱང་ཆུབ་སེམས་དཔའ་སྤྲུལ་ནས། ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མནྟ་ཀ་ཤྲི་མཉྫུ་ཧཱུ~ཾ་ཛ། ཞེས་ཐོན་པ་ལས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་འཇིགས་བྱེད་གཤིན་རྗེ་སྐུར་གྱུར་ཏེ། དེའི་ཚེ་དེའི་དུས་ན་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་གཡོས། རབ་ཏུ་གཡོས། ཀུན་ཏུ་རབ་ཏུ་གཡོས། རི་རབ་ཀྱང་འགུལ། རབ་ཏུ་འགུལ། ཀུན་ཏུ་འགུལ་ལོ།། ལྡེག་རབ་ཏུ་ལྡེག་ཀུན་ཏུ་ལྡེག་གོ། ཆེམ་ཆེམ། རབ་ཏུ་ཆེམ་ཆེམ། ཀུན་ཏུ་ཆེམ་ཆེམ་དུ་གྱུར་ཏེ། ཡེ་ཤེས་ཀྱི་སྐུ་དེ་དག་ལས་ཀྱང་རང་རང་གིས་སྤྲུལ་པ་བསམ་གྱིས་མི་ཁྱབ་པ་འཕྲོས་ཏེ། གདུག་པའི་གཤིན་རྗེ་དང། མ་མོ་དང། སྲིན་པོ་དང། སྲིན་མོ་དང། གནོད་སྦྱིན་དང། སྒྲོལ་གི་ཕོ་མོ་ལ་སོགས་པ་སྟེ། གདུག་པ་ཅན་དེ་དག་ཀུན་སྐྲག་ཅིང་སྔངས་ཏེ་བརྒྱལ་བར་གྱུར་ཏེ་གན་བུབ་ཏུ་འགྱེལ་ཏེ། གདན་དུ་བཏིང་ནས་ཁྲག་ཏུ་སྐྱུག་ཅིང། སྨྲེ་སྔགས་འདོན་ཅིང་ལག་ཆ་ཡང་ཕྲོགས། མདངས་ཀྱང་རང་རང་ལ་བསྡུས་སོ།། དེ་ནས་ཡང་འཇམ་དཔལ་འཇིགས་བྱེད་ཆེན་པོས། ཐུགས་རྗེས་དབུགས་འབྱིན་པ་ཞེས་བྱ་བའི་ཏིང་ངེ་འཛིན་པ་སྙོམས་པར་བཞུགས་ཏེ།། ཡ་མ་རཱ་ཛ་ནརི་ཛ་ཧཱུ~ཾ། ཞེས་བརྗོད་པས། གདུག་པ་མི་བཟད་པ་དེ་དག་ཐམས་ཅད་སླར་ཡང་རང་རང་གི་ངོ་བོར་ལངས་ནས། མཐུ་དང། རྫུ་འཕྲུལ་དང། རྩལ་བྱང་ཞིང། དཔལ་འཇིགས་བྱེད་ཡ་མན་ཏ་ཀ་ལ་མགྲིན་གཅིག་ཏུ་འདི་སྐད་བསྒྲགས་སོ།། ཁྲོ་རྒྱལ་འཇིགས་བྱེད་ཆེན་པོ་ལགས།། སྔར་བྱས་ཐམས་ཅད་གནོང་ཞིང་འགྱོད། ། སངས་རྒྱས་བསྟན་པ་འཕེལ་བྱ་དང།། ལས་དང་བསྒོ་བ་ཅི་མཆིས་པ།། ལས་ཀྱི་བྱ་བ་བསྒོ་རུ་གསོལ།། བཟའ་དང་བཏུང་བ་གང་ལ་བགྱི།། ཞེས་དུས་གཅིག་ཏུ་གསོལ་པ་དང། འཇིགས་བྱེད་ཆེན་པོས་བྱང་ཆུབ་སེམས་ཀྱི་དབང་བསྐུར་བས། ལས་ཀྱི་གཤིན་རྗེར་མངའ་གསོལ་ལོ།། བྲས་སུ་དམར་གཏོར་གདུག་པ་དང།། སངས་རྒྱས་བསྟན་པ་འཇིག་པ་ཟོ།། ལས་སྐལ་སངས་རྒྱས་བསྟན་པ་སྲུངས།། ཞེས་བསྒོའོ། ། འཇམ་དཔལ་གསང་བའི་རྒྱུད་ལས། གཤིན་རྗེ་དྲེགས་པ་ཅན་ལས་ལ་གཟུད་པ་དང། གླེང་གཞིའི་ལེའུ་སྟེ་དང་པའོ།།།། དེ་ནས་དཔལ་འཇིགས་བྱེད་ཀྱི་རྒྱལ་པོས། རང་བཞིན་མི་འགྱུར་བ་ཞེས་བྱ་བ་ལ་སྙོམས་བར་ཞུགས་ཏེ། གསང་བའི་བདག་པོ་ཕྱག་ན་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ།། ཆོས་རྣམས་ཡེ་ནས་དག་བྱ་དང།། སྤྲུལ་པས་འགྲོ་བའི་རྒྱུད་འདུལ་བ།། དེ་དག་གང་ལ་གནས་པར་བགྱིའོ།། ཞེས་གསོལ་ཏོ། ། ཡེ་ནས་རྣམ་དག་བྱང་ཆུབ་སེམས།། ཕྱི་ནང་སྣོད་བཅུད་ལ་སོགས་ཀུན།། བདག་དང་གཞན་དུ་དབྱེར་མེད་དེ།། རྣམ་དག་ངང་དུ་ཚུལ་གཅིག་པས།། ཆོས་རྣམས་མ་ལུས་ཡེ་སངས་རྒྱས།། སངས་རྒྱས་ཉིད་ལས་མ་གཡོས་པས། ། ཐེག་པ་གཅིག་ཏུ་ངེས་འབྱུང་བ།། བླ་མེད་གསང་བ་སྐུ་ཡི་རྒྱུད།། ཐུགས་རྗེ་ཆོ་འཕྲུལ་འཕྲིན་ལས་ཟབ།། རང་བཞིན་ཅིར་ཡང་མི་དམིགས་པས།། ཁྲོ་བོའི་དངོས་གྲུབ་ཅིར་ཡང་འགྲུབ།། སངས་རྒྱས་ཀུན་གྱི་སྐུ་འཆང་བ། ། བྱང་ཆུབ་སེམས་ཀྱི་ཐིག་ལེར་གསལ།། གཉེན་པོ་ཅིས་ཀྱང་མི་ཤིག་པས།། ཐབས་ཀྱི་ཕྱག་རྒྱ་སྐུ་སྤྲུལ་པ།། སངས་རྒྱས་ཀུན་གྱི་སྐུ་ཡི་བདག། བྱང་ཆུབ་ངོ་བོ་དག་པ་ལས།། དཔལ་ཆེན་གཤིན་རྗེ་གཤེད་པོ་ནི། ། སྐུ་ནི་མཐིང་ནག་འབར་བ་ལ།། དབུ་སྐྲ་ཁམ་ནག་གྱེན་དུ་འཁྱིལ།། དབུས་གསུམ་ཕྱག་ཀྱང་རྣམ་པ་དྲུག། གཡས་པ་གསུམ་ན་བསྣམས་པ་ནི།། གཤིན་རྗེའི་དབྱུག་དང་དགྲ་སྟ་གྲི། གཡོན་ན་རྒྱུ་ཞགས་འབིགས་པའི་མདུང།། དུང་ཆེན་དམར་གྱིས་རབ་ཏུ་བཀང།། བརྐྱང་བསྐུམ་ཞབས་ཀྱིས་གདུག་པ་བརྫིས།། སྐུལ་དུར་ཁྲོད་ཆས་ཀྱིས་བརྒྱན།། རྡོ་རྗེ་རྣོན་པོ་རལ་གྲི་འཛིན།། སྲིན་མོ་མོ་ནི་ལྕགས་ཀྱུ་འཛིན། ། སྟང་ཞལ་དེ་དག་འཁོར་དང་བཅས།། རང་རང་སྟན་དང་ལག་ཆར་གནས།། སྣ་ཚོགས་ཁྲོས་པའི་བདག་ཉིད་དེ།། ཁྲོ་བོའི་དཀྱིལ་འཁོར་བདག་ཉིད་སྤྲོ།། འཇིགས་པའི་ཚོགས་ཆེན་བདུད་འདུལ་བ། ། བདུད་འདུལ་འཕྲིན་ལས་བཤད་དུ་གསོལ།། ཨ་ལ་ལ་ཧོ། ས་མ་ཡ་ཧཱུ~ཾ། ས་མ་ཡ་སྟོཾ། འཇམ་དཔལ་གསང་བའི་རྒྱུད་ལས།། ཆོས་སྐུ་མི་འགྱུར་བར་བསྟན་པའི་ལེའུ་སྟེ་གཉིས་པའོ།།།། དེ་ནས་དཔལ་འཇིགས་བྱེད་ཀྱི་རྒྱལ་པོས། རབ་ཏུ་ལུང་གནས་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། གསང་བའི་བདག་པོས་འདི་སྐད་ཅེས་གསོལ་ཏོ།། སྐུ་ཡི་རིག་པ་འཛིན་པ་དེ།། འགུ་རུ་བསླབ་བྱ་སྣོད་དམ་ཚིག། ལུང་དང་ལྡན་དང་མི་ལྡན་དང། ། གནས་དང་སྒྱུ་དང་རྫས་ལ་སོགས།། ངོ་བོ་མ་ལུས་གང་ཡང་རུང།། རྒྱུད་དང་གནས་པ་བཤད་དུ་གསོལ།། གང་དང་གང་དུ་གར་གནས་པར།། དེ་དང་དེ་རུ་བསྟན་པར་འགྱུར།། དུར་ཁྲོད་དང་ནི་ལྷ་ཁང་དང། ། རི་ཡི་རྩེ་དང་ཆུ་ཡི་འགྲམ།། མ་མོ་མཁའ་འགྲོ་འདུ་བ་དང།། གདུག་པ་གནས་པར་ངེས་པར་གཏད།། མ་ལུས་པ་ཡི་ལས་རྣམས་བྱ།། ལྟ་སྤྱོད་སྒྲུབ་པར་ལྡན་པ་ལ།། བརྡ་དང་ཕྱག་རྒྱ་ཀུན་ལ་མཁས། ། ངེས་པར་སྡུག་དང་དམ་མ་གནས།། དཔའ་ལ་སེམས་ཀྱི་སྟོབས་ཀྱང་ཆེ།། སྐུ་དང་སྒྲུབ་ལ་རབ་ཏུ་བརྩོན།། དེ་དང་རབ་ཏུ་དང་བར་གནས།། བར་དུ་གནས་པའི་དུས་དང་ནི།། ཕུར་བུས་ཚེས་དང་གཟའ་དུས་འཛིན། ། ཉི་ཤུ་བདུན་ནམ་ཚེས་གཅིག་ཏུ།། བདུད་ཀྱི་ཉི་མ་བརྡམ་པ་ལ།། གཟའ་དང་དུས་དང་བྲ་བཟང་བ། བསྙེན་དང་བསྒྲུབ་པའི་དུས་སུ་བསྟན།། སྐུ་ཡི་རྣལ་འབྱོར་དམ་པ་དེས།། ཚོགས་ཀྱི་འབྱོར་པ་ལྡན་བྱས་ལ། ། མཆོད་དང་བསྒྲུབ་དང་འཁོར་ལོའི་རྫས།། ཤ་ཁྲག་བདུད་རྩི་སྙིང་སྣ་དང།། དུར་ཁྲོད་རྫས་དང་ལུམ་བུ་དང།། མི་ཁྲག་སྤུ་བོ་ཆེ་དང་ཆུང། ཁ་ཁ་ཤུང་དང་དུར་ཁྲོད་སྐུད།། དཔལ་དང་བདུད་ཆས་དགུ་དང་ཡང། ། དེ་ནས་རབ་ཏུ་གནས་པར་བྱ།། ཆོས་ཀྱི་སྐུ་ལ་རབ་གནས་པའི། ཁམས་གསུམ་འཁོར་བ་མ་ལུས་པ།། སྒྱུ་མ་མིག་ཡོར་ཚུལ་དུ་གནས།། སྟོང་གསུམ་སྐུ་རུ་གནས་བཅས་པའི།། ཐེག་དམན་བློ་ཆུང་ཤེས་རབ་ཞན། ། བསྒྲུབ་པར་བྱ་བ་མིང་ཡང་མེད།། གཉིས་ཀ་རབ་ཏུ་སྲེག་པར་སྣང།། དེ་ན་རབ་ཏུ་གསང་བར་བྱ།། སངས་རྒྱས་བདག་ཉིད་ངོ་བོ་ཉིད།། ཡེ་ཤེས་སང་ངེ་ས་ལེར་གནས།། རྟོགས་པའི་བླ་མ་དམ་པ་དེས།། བླ་མེད་ངེས་པར་བསྒྲུབ་པར་བྱ། ། སྲོག་ལ་མི་ལྟ་རྫས་མི་ཆགས།། བླ་མ་དམ་པ་རབ་ཏུ་མཆོད།། གསང་ཐུབ་བསྐལ་པར་རབ་ཏུ་གནས།། སོམ་ཉི་དང་ནི་ཐེ་ཙོམ་མེད།། སྲན་ཐུབ་གསང་བའི་མན་ངག་ལ། ། སྣོད་ངན་དག་ལ་མི་སྦྱིན་ཅིང།། དམ་དང་བཀའ་ལས་གནས་པ་ཡི།། འཇམ་དཔལ་ལས་དང་རྒྱུད་ལས་གྲོལ།། བརྩོན་འགྲུས་ཆེ་ལ་སྐྱོ་ངས་མེད།། གནས་འཁོར་དུས་དང་བདག་ཉིད་གནས།། རིགས་འཛིན་དངོས་གྲུབ་དམ་པ་གྲུབ། ། སོ་སོའི་ལས་དང་རྒྱུད་འདི་དག། མི་གཡོ་རབ་ཏུ་བརྟན་པར་འགྱུར།། དུར་ཁྲོད་ལ་སོགས་མང་པོ་ཀུན།། དངོས་མེད་ནམ་མཁའི་འཇའ་ཚོན་འདྲ།། དག་པས་དག་པས་སེམས་ཅན་གྲོལ། ། འཇམ་དཔལ་གསང་བའི་རྒྱུད་ལས། ཕུན་སུམ་ཚོགས་པ་ལུང་རྫོགས་པའི་ལེའུ་སྟེ་གསུམ་པའོ།།།། དེ་ནས་འཇམ་དཔལ་འཇིགས་བྱེད་རྒྱལ་པོས། གསང་བའི་དཀྱིལ་འཁོར་མི་འགྱུར་བར་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། གསང་བའི་བདག་པོས་འདི་སྐད་ཅེས་གསོལ་ཏོ།། ཀྱེ་མ་ཧོ་འཇམ་དཔལ་གཤིན་རྗེ་གཤེད།། དངོས་པོ་ཡེ་ནས་སངས་རྒྱས་པའི།། ངོ་བོ་དག་པ་གང་ལ་བགྱིས།། དེ་ལས་འགྲོ་དོན་ཇི་ལྟར་སྤྲུལ། ། ཅེས་གསོལ་པ་དང།། ཇི་ལྟར་སྣང་བ་ཐམས་ཅད་ཀུན།། རང་བཞིན་ཡོད་པ་མ་ཡིན་ཏེ།། རང་སེམས་སྣ་ཚོགས་དག་ཏུ་སྣང།། སེམས་ཉིད་ལས་ནི་གཞན་མེད་ཕྱིར།། ཕྱི་ནང་ཆོས་སུ་སྣང་བ་ཀུན། ། སྣང་བ་ཉིད་ན་ངོ་བོ་མེད།། དཔེར་ན་མཁའ་ལ་འཇའ་སྣང་ཚུལ།། སེམས་ཉིད་ཅི་ལའང་མི་རྟོག་ཅིང།། ཅི་ལ་མི་དམིགས་མི་སེམས་པ།། སེམས་ཉིད་རང་བཞིན་མེད་པ་དེ།། དེ་བཞིན་ཉིད་དེ་ཆོས་སྐུར་གནས། ། དེ་ཉིད་མ་དག་ངོ་བོ་ལས།། ཆུ་ཟླ་དང་ནི་འཇའ་ལྟར་སྣང།། སྣང་བ་ཉིད་ན་རང་བཞིན་མེད།། ཀུན་ལ་ཁྱབ་ཀྱང་མ་རྟོགས་པ།། དེས་ན་འཁྲུལ་བ་སྙིང་རེ་རྗེ།། སྣང་བ་ཆོས་སྐུར་དག་པ་ཡིན།། རང་བཞིན་ཅི་ཡང་མ་ཡིན་པས། ། ཇི་ལྟར་བསམས་པ་བཞིན་དུ་འགྲུབ།། སྟོང་པ་ཉིད་དང་སྙིང་རྗེ་དང།། སྐུ་ཉིད་ཅིར་ཡང་སྣང་བ་དང།། གཉིས་མེད་སྤྲོ་དང་བསྡུ་བ་འབྱུང།། ཞེས་གསུངས་སོ།། ཉིད་ཀྱི་བྱང་ཆུབ་སེམས་དག་ལས། ། འབྱུང་བ་རྣམས་ནི་རང་ལས་སྤྲུལ།། སྤྲོ་དང་བསྡུ་བ་རང་རྒྱུད་སྨིན།། རྒྱུ་ཡི་ངོ་བོ་གཞལ་ཡས་ཁང།། ཕྱི་དང་ནང་ཀུན་གྲུ་གསུམ་ལ།། ལྕགས་མཁར་མེ་འོད་དུར་ཁྲོད་བརྒྱན།། དབུས་སུ་རུ་ཏྲ་ཕོ་མོ་བསྣོལ། ། མ་ཧེའི་སྟེང་དུ་འདུག་པ་ཡི།། སྟེང་ཞལ་ཡབ་ཡུམ་འཁོར་ལོ་བསྒོམ།། ཆོ་ག་གསུམ་མམ་ལྔ་རུ་བསྐྱེད།། དེ་དག་མདུན་ནམ་སྤྱན་དྲུང་དུ།། གཤིན་རྗེ་གཤེད་པོ་བསྒོམ་དང་བསྐྱེད།། ཧཱུ~ཾ་དང་ཡ་དང་མ་མ་ལས། ། རང་རང་སྔགས་ཀྱིས་བསྐུལ་ཞིང་དམིགས།། ལས་ཀྱི་ཁྲོ་བོར་དབང་ཡང་བསྐུར།། ཏིང་འཛིན་དེ་ལ་དབང་ཐོབ་ནས།། ཞི་རྒྱས་དབང་དང་དྲག་པོ་དང།། ཅི་འདོད་ལས་རྣམས་གདོན་མི་ཟ།། སེམས་ཀྱི་དངོས་པོ་ཅིར་ཡང་བཏུབ། ། དེས་ན་སྣ་ཚོགས་ཅིར་ཡང་སྤྲུལ།། གདུག་པ་ཚར་གཅོད་དོན་དུ་སྣང།། དངོས་གྲུབ་རབ་འབྲིང་ཐ་མ་ཡང།། དུས་དང་རྣམ་པར་འཕེལ་བར་འགྱུར།། སྐུ་ཡི་ཕྱག་རྒྱ་ལུང་དུ་བསྟན། ། འཇམ་དཔལ་གསང་བའི་རྒྱུད་ལས།། དཀྱིལ་འཁོར་འབྱུང་འཇུག་གི་ལེའུ་སྟེ་བཞི་པའོ།།།། དེ་ནས་འཇམ་དཔལ་འཇིགས་བྱེད་ཀྱི་རྒྱལ་པོས། སྐུ་གསུམ་མངོན་དུ་ཕྱུང་བ་ཞེས་བྱ་བ་ལ་སྙོམས་པར་ཞུགས་ཏེ། མཐུ་སྟོབས་ཀྱི་བདག་པོ་ཉིད་ཀྱིས་འདི་སྐད་ཅེས་གསོལ་ཏོ།། ཐབས་ཀྱི་འགྲོ་དོན་བྱ་བ་ཡི།། བཞི་དང་བསྐུལ་བའི་ལས་ནི་བྱ།། སྐུ་དང་སྦྱོར་བའི་གནས་སྐབས་དང།། ཆོ་འཕྲུལ་ངོ་བོ་གང་ལས་བྱུང།། སྐུ་དང་སྔགས་དང་སྦྱོར་བྱས་ནས། ། ཧཱུ~ཾ་ནི་མ་ལུས་བསྐྱེད་དང་སྡུད།། ཧ་ནི་ཐམས་ཅད་སྡུད་པ་སྟེ།། ང་ནི་མ་ལུས་དེ་ལ་གནས།། ཞབས་བསྐྱེད་མ་ལུས་འདུས་བའི་སྐུ།། སྐུ་ནི་སྤྲུལ་པ་ལྔ་ཡིས་སྐྱེད།། འགོ་དེ་དང་ཡང་འཚམས་སུ་སྦྱར། ། ཧཱུ~ཾ་ཨེ་ཡཾ་རཾ་ཁཾ་སུ་ལཾ།། གཉིས་ཀྱི་ཆོ་འཕྲུལ་ལྔ་རུ་འགྱུར།། ཐམས་ཅད་མ་ལུས་འདུས་པ་བསྒོམས།། བྲུཾ་ལས་རང་བཞིན་གནས་པར་བྱ།། ལས་ནི་རང་རང་སོ་སོར་བྱེད།། ཨོཾ་ནི་ཡེ་ཤེས་ལྔ་དང་ལྡན། ། ཨོཾ་ཨཱ་ཀྲོ་ཏེ་ཀ་ཡ་མན་ཏ་ཀ་ཧ་ན་མ་ཐ་བན་ཛ་ཧཱུ~ཾ་ཕཊ། འབྲུ་རྣམས་གསང་སྔགས་དོན་དང་ལྡན།། ངོ་བོ་ས་བོན་དེ་ལ་གནས།། ཚིག་ཏུ་བརྗོད་པས་སྐུར་ཡང་འགྱུར།། ཨཱ+ོཾ་ས་མ་ཡ་མཉྫུ་ཤྲཱི་མུ་ཏྲ་ཡ་མན་ཏ་ཀ་བན་ཙ་ཏེ་རོ་ནི་ཧཱུ~ཾ་ཛ། ཡེ་ཤེས་སྐུ་དང་དམ་ཚིག་དང། ཁྲོ་བོ་མ་ལུས་སྤྲུལ་ཞིང་འགུག། ཡོན་ཏན་ལྷུན་གྲུབ་དམ་པའི་གསུང།། ལས་རྣམས་གང་ཡང་སྙེས་བར་བྱེད།། གང་དག་སྔགས་འདི་གང་འཛིན་པ།། ཅི་འདོད་ལས་རྣམས་གྲུབ་པ་བསྙེམས། ། གཤིན་རྗེའི་ལྷ་ཚོགས་མང་པོ་དང།། རྡོ་རྗེ་གཡོན་དང་སྲིན་མོའི་སྔགས།། མ་མ་མ་དང་ཡ་འཁྲིལ་བས།། གདུག་པའི་སྦྱོར་ཡུམ་པ་ཏ་ལི།། མ་མ་རག་ཤ་ཡ་ག་ཤ་ཧཱུ~ཾ་ཛཱ་ཧཱུ~ཾ། ཡ་མ་རཱ་ཛ་ནརི་ཛཱ། མ་མ་རུ་ལུ་མ་ཧེ་བྷྱོ་ཧཱུ~ཾ་ཕཊ། བདུད་འདུལ་ཁྲོ་བོ་ཁྲོ་མོ་རྣམས།། མ་ལུས་དེ་དག་རྣམ་པར་སྤྲོ།། ལྷ་ཚོགས་མ་ལུས་ངོར་བསྟན་ཏེ།། ཨོཾ་ཧྲིཥྟི་བི་ཀྲྀ་ཏ་ན་ན་ཧཱུ~ཾ་ཕཊ། བཅུ་བདུན་སྔགས་དང་ཉི་ཤུ་དང།། རང་རང་སྔགས་དང་འབྲུ་རྣམས་ཀྱིས། ། བསྒོམ་བརྒྱུད་གསལ་བར་རབ་ཏུ་བརྟགས།། འཇིགས་བྱེད་འཁོར་བཅས་ཐུགས་ཀ་རུ། སྔགས་ཀྱི་འོད་ཟེར་སྐུར་སྤྲོས་ཀྱང།། སྤྲོས་པས་སྟོང་གསུམ་སྐུ་ཡིས་གང།། བསྟན་དང་གནས་དང་ང་རྒྱལ་ལས། ། མ་ལུས་ཆོས་སུ་དེ་འདུས་སོ།། འཇམ་དཔལ་གསང་བའི་རྒྱུད་ལས། བསྐྱེད་པ་གསུང་གིས་འདུལ་བའི་ལེའུ་སྟེ་ལྔ་པའོ།།།། དེ་ནས་འཇམ་དཔལ་འཇིགས་བྱེད་རྒྱལ་པོ་དེས།། གསང་བའི་དཀྱིལ་འཁོར་བཞིར་འདེབས་ཞེས་བྱ་བ་དང། དྲང་ཞིང་བསྐུལ་པ་ལ་སྙོམས་པར་ཞུགས་ཏེ། གསང་བའི་བདག་པོས་གསོལ་པ། ཡེ་ནས་དཀྱིལ་འཁོར་དག་པ་ལ།། གང་ནས་ཆོས་སྐུ་ཡེ་ཤེས་དང།། བཅོམ་ལྡན་དཔལ་ཆེན་ཁྲོ་རྒྱལ་ནི། ། བཞེངས་ཤིག་ཆོས་སྐུའི་ངང་ལས་བཞེངས།། ཡབ་ཡུམ་དེ་ཡི་ངང་ལ་གནས།། ཆོས་སྐུ་ཡེ་ནས་འཁྲུལ་ལ་སྣང།། རང་བཞིན་ཡེ་ནས་དག་པ་ལ།། བཞེངས་དང་སྤྱན་དྲངས་མི་འགྱུར་ཡང། ། འགྲོ་དོན་སྤྲུལ་པས་ཆོས་ཀྱི་སྐུ་ལས་བཞེངས།། ཆོས་སྐུ་སྤྲུལ་པས་འགྲོ་དོན་སྤྱན་འདྲེན་ན།། དད་པ་དང་ནི་དམ་ཚིག་གིས།། གྲུ་གསུམ་མཐིང་ནག་འབར་བའི་གཞལ་ཡས་སུ།། གདུག་པ་མ་ལུས་འདུལ་ཞིང་གཤེགས་པར་བྱའོ། ། ཉོན་མོངས་ཞེ་སྡང་གདུག་པའི་གནས་ནས་ཀྱང།། ཁྲོ་རྒྱལ་གདུག་པ་འདུལ་ཕྱིར་གཤེགས་སུ་གསོལ།། སྤྲུལ་པ་ཅིར་ཡང་གནས་པ་ལས།། མ་ལུས་ཀུན་ཏུ་གྲུབ་པར་ཤོག། འཇམ་དཔལ་གཤིན་རྗེ་གཤེད་པོ་ནི། ། ཆོས་ཉིད་ཡེ་ནས་དག་པ་ལ།། ཁྲོ་བོ་འབར་བའི་སྐུ་རུ་བྱུང།། དུར་ཁྲོད་འབར་བའི་རབ་ཏུ་བརྒྱན།། གདུག་པའི་སྐུ་ལ་ཁྲོ་བོའི་ང་རོ་སྒྲོགས།། སྐུ་ཡི་ཆ་ལུགས་སྐུ་མདོག་ཁྲོ་ལ་ནག། ཡི་དམ་རྒྱལ་པོ་དགོངས་པ་བསྐོངས་མཛད་པ། ། འཇིགས་བྱེད་སྐུ་ལ་དད་པས་རབ་ཏུ་འདུད།། ཤིན་ཏུ་ཡིག་འབྲུ་ཁྲོ་འདུས་ལས།། མཆོད་རྫས་མ་ལུས་གསང་བ་ཡི།། འབྲུ་དབྱངས་སེམས་ཀྱིས་རབ་སྤྲུལ་པ།། ཕྱོགས་བཅུ་ཐམས་ཅད་ཀུན་ཏུ་གང། ། ནམ་མཁའ་མཛོད་ཀྱི་རིག་པས་སྤྲུལ།། གཟའ་གཏད་ལོངས་སྤྱོད་བདུད་རྩིས་གང།། ཕྱོགས་བཅུའི་འཇམ་དཔལ་འཁོར་བཅས་ལ།། དུག་གསུམ་གདུག་པས་མཉེས་པར་བྱ།། རང་གི་རིག་པ་སྐུར་མ་མཐོང། ། ལིང་ལྟོག་བདུན་པས་འཁོར་བའི་གཡང་སར་འཁྱམས།། ཐུགས་རྗེ་གཟིགས་ལྡན་ཁྱོད་ལ་རབ་ཏུ་མཐོལ།། དཔལ་ཆེན་གསལ་ཞིང་རབ་ཏུ་སྦྱངས།། གྲུ་གསུམ་འབར་བའི་དཀྱིལ་འཁོར་དུ།། ཁྲོ་མཆོག་ཡབ་ཡུམ་སྤྱན་དྲངས་ལ། ། བསྟན་དང་མི་འགྱུར་མཆོད་པས་མཆོད།། བརྙན་མ་དཀྱིལ་འཁོར་རྩིབས་བརྒྱད་ལ།། མུ་ཁྱུད་བར་ཁྱམས་ལྡན་པར་བྱ།། གཤེད་ཆེན་འཁོར་བཅས་སྤྱན་དྲངས་དགོད།། མཆོད་པ་དུས་བཞི་ལྷ་མོས་སུ། ། སྤྲོ་དང་བསྡུ་བའི་ལས་སུ་བྱ།། འཇམ་དཔལ་གསང་བའི་རྒྱུད་ལས། མཚམས་སྦྱོར་རིག་པའི་ངོ་བོ་ཞེས་བྱ་བའི་ལེའུ་སྟེ་དྲུག་པའོ།།།། དེ་ནས་ཡང་འཇིགས་བྱེད་རྒྱལ་པོས། དཀྱིལ་འཁོར་རྒྱུན་དུ་དྲངས་པ་དང། དམ་ལ་གནས་པ་ཞེས་བྱ་བ་ལ་སྙོམས་བར་ཞུགས་ཏེ། དེ་ནས་གསང་བའི་བདག་པོས་གསོལ་པ། མཉམ་ཉིད་ངང་གིས་སྤྲུལ་སྐུ་དབེན་པ་དང།། མ་རིག་དངོས་པོ་དོན་དུ་བསྐྱེད་པ་དང།། སྐལ་པའི་ངོ་བོ་གང་དང་གང་དུ་གྲང། ། ཞེས་གསོལ་ཏོ།། བསྐྱེད་ཐབས་ཆོ་འཕྲུལ་ལྔ་ལས་གཤེན་རྗེར་སྣང།། གཤེད་ཆེན་འཁོར་དང་བཅས་པས་བསྐོར།། དྲག་པོའི་ལས་སུ་གདུག་པ་མ་ལུས་འདུལ།། སྐུ་མདོག་མཐིང་ནག་ཆོས་སྐུར་ཡེ་ནས་དག། དབུ་དང་ཕྱག་ཞབས་ཅིར་ཡང་སྤྲུལ་པའི་སྐུ།། མཚན་ཉིད་ཅིར་ཡང་སྣང་ཡང་སེམས་ཉིད་པས།། ཕྱག་རྒྱའི་ཆོ་འཕྲུལ་སྣ་ཚོགས་འཕྲུལ།། ས་ཟིན་དག་ཏུ་མི་སྣང་བས།། རྣལ་འབྱོར་ཅི་འདོད་དག་ཏུ་སྣང། ། དབུས་གསུམ་པ་ལ་ཕྱག་དྲུག་པོ།། སྤྱན་དགུ་ཞལ་བགྲད་མཆེ་བ་གཙིགས།། འབར་བའི་སྡང་མིག་གློག་ལྟར་འཁྱུག། ཕྱག་དྲུག་འགྲོ་དྲུག་གདུག་པ་འདུལ།། ཞབས་དྲུག་དོར་ཐབས་བརྐྱང་བསྐུམ་བཞུགས། ། འཁོར་བ་སྟོང་མཛད་དུར་ཁྲོད་འབར་བའི་ཆས།། རྩེ་གཅིག་གདུག་པ་འདུལ་ཕྱིར་སྐུ་རུ་བཞེངས།། ཨོཾ་ཨཱ་ཀྲོ་ཏེ་ཀ་ཡ་མན་ཏ་ཀ་ཡ་མ་རཱ་ཛ་སཱ་མཱ་ཡ་སྟོཾ། ཨེ་ཧྱ་ཧི། རུ་ལུ་རུ་ལུ་ཧཱུ~ཾ་བྷྱོ་ཧཱུ~ཾ། ཛ་ཧཱུ~ཾ་བཾ་ཧོ། ཨོཾ་ས་མ་ཡ་མན་འཛུ་ཤྲི་མུ་ཏྲ། ཡ་མན་ཏ་ཀ་པན་ཙ་ཏེ་རོ་ནི་ཧཱུ~ཾ་ཛ། ཡ་མན་ཀྴ་ཡཱ། ཛཱ་ཛཱ། འགུ་ཡ་ཨུ་ཀྲམ་ཛཱ་ཛཱ། ས་མ་ཡཱ་ཛཱ་ཧཱུ~ཾ། ཧྲི་སྟི་ཨ་ན་ཡ་ཧཱུ~ཾ་ཕཊ། ཁྱེད་ཀྱི་གསུང་ནི་ཁྲོ་མཆོག་སྟེ།། གདུག་པ་ཐབས་འདུལ་མ་ལུས་གཤེགས་སུ་གསོལ། ། ཨོཾ་ཡ་མན་ཏ་ཀ་ཛཱ། ཡཱ་མ་ར་ཛ་ཧཱུ~ཾ། འགྷུ་ཡ་ཛྙཱ་ན་མུཾ། མན་འཛུ་ཤྲི་བྱིན་ཛྙཱ་ན། ཡ་མ་ཛ་ཡ་ནན། མུ་ཁ་ལེ་ཁ་ཐུན་མུག་ནན། ཨོཾ་ཡ་མ་རཱ་ཛཱ་ཁ་ཐུན། ཡ་མ་རཱ་ཛཱ་ཧཱུ~ཾ། ཨོཾ་ཤྲི་ཨ་ཀྲོ་བྱ་ཙིར་ཛ་ཧཱུ~ཾ། ཧཾ་ཧེ་རོ་དེ་བག་ཛཱ། ཛཱ་ཧཱུ~ཾ་བཾ་ཧོ་ཛཱ་ཛཱ། ཨོཾ་ཤྲི་མན་འཛུ་ཡ་མན་ཏ་ཀ། ཀ་མ་རུ་པ་ཧཱུ~ཾ་ཛཱ། གདུག་བྱེད་ས་མ་ཡ་བྷྱོ། གདུག་བྱེད་རག་ཤ་ཧཾ། ཨ་ལ་ལ་བྷྱོ་ཧཱུ~ཾ། ཡ་མ་ར་ཛ་ས་ཏོ། མེ་ཡ་རྦད་ཐུཾ་རི་ལི་ལི། ཕྱག་རྒྱ་གསལ་བའི་སྙིང་པོ་འདིས། ། མ་ལུས་ཡེ་ཤེས་སྐུ་རུ་སྣང།། རྒྱུན་དུ་བརྩལ་བ་བཅུ་གཉིས་སོ།། ལས་སུ་སོ་སོའི་རང་བདག་སྔགས།། སྔགས་དང་ཕྱག་རྒྱ་དམ་པ་འདིས།། ཐམས་ཅད་མ་ལུས་འདར་ཅིང་སྐྲག། འཇམ་དཔལ་གསང་བའི་རྒྱུད་ལས། སྔགས་དང་ཕྱག་རྒྱ་འཛིན་པའི་ལེའུ་སྟེ་བདུན་པའོ།།།། དེ་ནས་འཇིགས་བྱེད་ཀྱི་རྒྱལ་པོས།། དཀྱིལ་འཁོར་དུ་ཐམས་ཅད་འདུས་པར་མཆོད་པ་ལ་སྙོམས་པར་ཞུགས་ཏེ། གསང་བའི་བདག་པོས་གསོལ་བ། དཀྱིལ་འཁོར་གདོན་དང་མཉེས་དང་སྤྲོ།། གདུག་པ་འདུལ་ཕྱིར་གཤེགས་སུ་གསོལ།། གསང་བའི་བདག་པོས་གསང་བར་བྱོས།། མཆོག་ཏུ་གསང་བའི་ཡེ་ཤེས་སྐུ།། ཁྲོ་མོ་མ་ལུས་སྐུ་རུ་འདུས། ། བདག་ཉིད་དཔལ་ཆེན་གསང་བའི་བདག། འཁོར་དང་བཅས་པ་བསམ་པར་བྱ།། ཐུགས་ཀར་ཉི་ཟླ་ཁ་སྦྱོར་སྦྱར།། འོད་དང་བཅས་པ་ཧཱུ~ཾ་དུ་བསྒོམས།། རྩ་བའི་སྔགས་དང་འབྲུས་སུ་སྐོར།། སྔགས་ཀྱི་འབྲུས་བརྡས་འབྲུ་རུ་འཕྲོ། ཁམས་གསུམ་མ་ལུས་སྐུ་རུ་གང།། ཁྲོ་བོ་མི་བཟད་དེ་དག་ཀྱང།། རང་རང་སྐུ་དང་གསུང་དུ་གནས།། འོད་ཟེར་འབར་ནས་སྐུ་ལ་བསྟིམ།། འདུས་ཤིང་འཕྲོས་པས་སྐུ་རུ་སྣང།། བསྐྱེད་དང་འདུས་པ་མ་ལུས་བྱ། ། དམ་ཚིག་རོ་དང་ཚོགས་ལ་གནས།། ཨོཾ་དང་ཨཾཿཧཱུ~ཾ་དག་ལས།། འཇིག་རྟེན་འཁོར་ཡུག་དཀྱིལ་འཁོར་དུ།། དངོས་པོ་མ་ལུས་ལོངས་སྤྱོད་ཀྱི།། ཡཾ་དང་རཾ་དང་བཾ་ལས་སུ།། སྟོང་གསུམ་འབྲས་བུ་བྱིན་གྱིས་བརླབས། ། འདུས་པས་གཏོར་ཚོགས་མཆོད་སྦྱིན་བྱ། ཁ་ཁ་ཁཱ་ཧི་ཁཱ་ཧི་བྷན་དྷ་ཡཱ་བྷན་དྷ་ཡཱ། ཏོ་ཤ་ཡཱ་ཏོ་ཤ་ཡཱ། སརྦ་ཨཱ་ན་ཡ་ཧཱུ~ཾ། འབུན་ཛཱ་ཧོ། བི་བ་ཏོ། བྷ་ལིན་ཏ། ཁ་ཁ་ཧཱུ~ཾ། རང་རང་སྔགས་ཀྱིས་སྦྱིན་དང་མཆོད། ། ཚོགས་གཉིས་རབ་ཏུ་རྣམ་པར་དག། མ་ལུས་མཉེས་དང་དམ་པ་བསྐོང།། རྣམ་དག་མཆོད་པ་རྒྱ་མཚོ་སྟེ།། ནམ་མཁའི་དབྱིངས་ན་གང་བར་བསྒོམས།། མ་ལུས་མཆོད་པ་དམ་པ་འགྲུབ། ། ཏིང་འཛིན་ངེས་པར་རྒྱས་པར་བྱ།། མ་ལུས་དག་ཏུ་རབ་ཏུ་ངེས།། འཕགས་པ་འཇམ་དཔལ་གསང་བའི་རྒྱུད་ལས། སྐུ་སྤྲོ་མཆོད་པའི་ལེའུ་སྟེ་བརྒྱད་པའོ།།།། དེ་ནས་འཇིགས་བྱེད་རྒྱལ་པོས། སྔོན་འགྲོ་རྒྱུན་དུ་གནས་པ་ཞེས་བྱ་བ་ལ་སྙོམས་པར་ཞུགས་ཏེ། གསང་བའི་བདག་པོས་གསོལ་པ། སྐུ་གསུང་ཐུགས་དང་ཡོན་ཏན་དང།། འཕྲིན་ལས་གསང་བའི་ལས་རྣམས་ནི།། ཐུགས་རྗེ་ཅན་གྱིས་བཤད་དུ་གསོལ། ། དཔལ་དང་འགུ་རུ་སྤུན་ལ་བྱམས།། སྔགས་དང་ཕྱག་རྒྱ་རྒྱུན་དུ་གནས།། གནས་དང་གཞན་ལ་སྤྲོ་བ་མེན།། ཆ་ལུགས་དག་ལ་རབ་ཏུ་བསྟོད།། བསྙེན་བསྒྲུབ་དུས་ལ་རབ་ཏུ་འབད།། དུར་ཁྲོད་རྫས་ལ་དུས་སུ་འདུན། ། བསྒྲུབ་དང་འགུ་རུ་དག་ལ་ནི།། ལས་རྣམས་མ་ལུས་རབ་འབྱམ་སོགས།། གསང་བའི་སྔགས་དང་ས་མ་ཏི།། དུས་གསུམ་དག་ཏུ་རྒྱུན་དུ་གནས།། སྐུ་ཡི་དམ་པ་གསུང་མཐུན་ལ།། རྒྱུན་ནམ་ཡང་ན་དམ་དུ་གནས། ། དཔའ་བརྟུལ་ཚང་ངམ་སྤྱོད་པ་བྱ།། སྡིག་མཛུབ་ཕྱར་ཞིང་གདུག་པ་འདུལ།། དུས་གསུམ་དག་གིས་ཕྱིར་ཡབ་ལ།། རྟག་ཏུ་དད་པས་རབ་ཏུ་བྱ།། དེ་ལ་གནས་ན་ལས་རྣམས་འགྲུག། སྙིང་རྗེ་བྱང་ཆུབ་ཐོབ་པ་མེད། ། བསྒྲལ་བའི་ལུང་དང་བྱང་སེམས་རྟོགས།། སྐུ་གསུམ་སྤྱོད་ལམ་གྱི་གནས་ན།། སྡོམ་པ་མ་ལུས་སྤྱོད་པ་ཡིན།། མ་མཉམ་གཞུང་དང་གསོ་དང་བསྐངས།། ལས་རྣམས་ཀུན་ལ་རབ་བརྩོན་ན།། རྣལ་འབྱོར་ཞེས་ཀྱང་དེ་རུ་གྲགས། ། དུས་གསུམ་རྣམ་པར་མཆོད་པས་མཆོད།། འདུ་འཛི་སྤང་ལ་དགོན་པར་གནས།། གསང་སྔགས་སྒྲ་དང་སྤྱོད་པ་རྣམས།། གཞན་གྱིས་མི་མཐོང་ཐོས་མི་བྱ།། ཚོགས་རྒྱུ་ཤ་དང་ཁྲག་ལ་རོལ། ། དུར་ཁྲོད་རས་ནི་གདུག་པ་ལ།། གཤིན་རྗེ་གཤེད་པོ་བྲི་ཞིང་ལྡན།། མཆོད་དང་མ་ས་ཟས་སུ་ཟ།། རྒྱུན་དང་རྟག་ཏུ་གནས་པ་ན།། ཅི་འདོད་ལས་རྣམས་འགྲུབ་པར་ངེས།། སྐུ་ཡི་བཞིན་དང་ངོ་བོ་ནི།། རྟོགས་དང་སྣང་དང་དངོས་པོ་ཀུན། ། རྟོག་པ་ལོག་པ་མ་ཡིན་ཏེ།། དེ་ཉིད་སྐུ་དང་སྐུ་རུ་སྣང།། རང་ཉིད་དག་པར་མ་རྟོག་པར།། འཁྲུལ་སེམས་ངན་པ་གདུག་པ་སྟེ།། འཁོར་བར་གནས་ནས་ཐར་མི་སྲིད།། ཞེ་སྡང་རྒྱུ་རུ་བྱས་ནས་སུ། ། བསད་དང་བསྒྲལ་བའི་ཞེ་གཞག་ནས།། གཞི་ལ་སངས་རྒྱས་འཁོར་བའི་རྒྱུད།། དུས་དང་རྣམ་པ་ཐམས་ཅད་དུ།། བདག་ཉིད་དཔལ་ཆེན་གཤིན་རྗེའི་སྐུ།། གཡས་དང་གཡོན་ནི་སྦྱོར་དང་སྒྲོལ། ། མདུན་ནས་གཤིན་རྗེའི་སྤྲུལ་པ་འཕྲོ།། ཐམས་ཅད་ཁྲོ་བོའི་ཚོགས་དང་རོལ།། སྤྲུལ་པ་མ་ལུས་ཚོགས་སུ་སྣང།། གཞི་ནི་དུར་ཁྲོད་འབར་བའི་གནས།། དང་པོ་གནས་བདག་བྱའི་ཕྱིར།། སྐུ་ལྔ་འཁོར་ལོའི་ཚུལ་དུ་བསྒོམ། ། རང་རང་གནས་སུ་གསལ་བ་དང།། བསྒྲུབ་དང་བཟླས་པས་གསང་གནས་སྦྱིན།། འཇམ་དཔལ་གསང་བའི་རྒྱུད་ལས། དམ་ཚིག་སྤྱོད་པ་རྒྱུན་གྱི་ལེའུ་སྟེ་དགུ་པའོ།།།། དེ་ནས་འཇིགས་བྱེད་གདུག་པ་དེས། ། མི་བཟད་སྲིན་པོ་རོལ་པ་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། འདི་སྐད་ཅེས་གསོལ་ཏོ།། ཕྱག་མཚན་རྡོ་རྗེ་སྐུ་འཆང་བ།། གསང་བའི་བདག་པོ་སྐུ་འཆང་བ། ། མ་ལུས་གདུག་པ་མི་བཟད་པའི།། སྲིན་མོ་གཏུམ་མོ་དམ་པ་དེ།། ཆོ་འཕྲུལ་གསུམ་རྣམས་བཤད་དུ་གསོལ།། ཅེས་པས། གཤིན་རྗེ་ཕོ་མོ་གདུག་པ་ཀུན།། རང་རང་ལས་དང་བྱ་བ་ཀུན།། གཉིས་དང་གསུམ་དུ་བྱ་བར་གསུངས། ། བརྗོད་མེད་གདུལ་བྱ་འདི་གསུངས་པས།། འཇིག་རྟེན་ཁམས་རྣམས་རབ་ཏུ་འཁྲུགས།། གསང་སྔགས་དོན་གྱིངོ་བོ་ལས།། གཤིན་རྗེ་གདུག་པ་མི་བཟད་པ།། ཕོ་མོས་འཇིགས་རྟེན་མ་ལུས་བསྐང། ། དབུ་གསུམ་ཕྱག་ནི་དྲུག་པའམ།། ཞལ་གཅིག་ཕྱག་གཉིས་བཞིན་མི་སྡུག། དབུ་དང་ཞབས་ནི་ཁྲོས་པའི་ཚུལ།། དབུ་སྐྲ་སྤྱི་བཅིངས་རལ་གྲི་ཐོགས།། སྐུ་ཆེ་ཡན་ལག་རག་པར་སྣང།། གཤིན་རྗེའི་སྲིན་མོ་གཏུམ་པ་མོ། ། བརྡ་ནི་མི་ཕྲད་བཞིན་མི་སྡུག། ཁྲག་དང་ཞག་གིས་མངའ་བདག་བྱེད།། སེམས་ཅན་མ་ལུས་དབང་དུ་སྡུད།། ཤིན་ཏུ་གཏུམ་པ་མ་མོའི་ཚོགས།། ཨེ་ཀ་ནག་པོ་གཏུམ་པ་དང།། བདུད་མོ་དཔོན་དང་གཡོག་ཏུ་བཅས། ། གཅེར་བུ་མ་བགྲུངས་བདུད་ཀྱི་བུ།། གདུག་པའི་ཞལ་གདངས་མཆེ་བ་གཙིགས།། ལག་ན་ཏྲི་ཤུལ་ལྕགས་ཀྱུ་དང།། ཐོད་ཁྲག་ཙི་ཏ་སྟོབ་པ་མོ།། དུར་ཁྲོད་རྒྱན་གྱིས་སྐུ་ལ་བརྒྱན།། སྦས་པ་མ་བཞི་འཁོར་དང་བཅས། ། རང་རང་སྤྲུལ་པ་ཡང་སྤྲུལ་བདག། དེ་དག་སྔགས་ཀྱིས་བསྙེས་དང་གཟིར།། ཨོཾ་སཱ་མ་ཡ་མན་འཛུ་ཤྲི། ཡ་མན་ཏ་ཀ། ཡ་མར་ཛ། རབ་ཏུ་ཁྲོས་པས་འཇིག་རྟེན་དག། གདུག་ཅིང་རྩུབ་པའི་སྒྲ་དང་བཅས། ། མ་ལུས་གདུག་པ་དབང་དུ་བསྡུས།། ཐམས་ཅད་ཀུན་གྱིས་ཡང་སྙིང་ཕུལ།། མ་མ་ཨེ་ཀ་ཛཱ་ཏི་ཛཱ་ཛཱ། ཏྲག་རག་ཤ་མུ་ཏྲ་སྙིང་ཁ་རག་མ་བྷྱོ་བྷྱོ། རག་མོ་ཏེ་ཀུ་མ་ཛཱ་ཛཱ། ཁ་ཁ་མ་ཧི་བྷྱོ་བྷྱོ། ཡ་ཡ་ལོན། ཙིན་དན་མ་ལ་བྷྱོ་ཛཱ། སྙིང་ཁ་རག་སྲོག་ལ་བྷྱོ་བྷྱོ། སྔགས་འཆང་དངོས་གྲུབ་ཅི་འདོད་པ།། ཐབས་དང་ཤེས་རབ་འོད་ཟེར་གྱིས།། འཇམ་དཔལ་ཡབ་ཡུམ་འཁོར་དང་བཅས།། སྒྱུ་འཕྲུལ་དྲ་བས་མངོན་རྫོགས་འགྲུབ། ། རྩ་བ་འབོད་དང་སྐྱེད་བ་དང།། སྲོག་སྔགས་བས་དང་བསྒྲུབ་པ་གནད།། ཐུགས་དམ་བསྐུལ་དང་རང་རང་སྔགས།། མ་ལུས་འདུས་པའི་ཐིག་ལེ་ཆེ།། གསུང་གི་ཆོ་འཕྲུལ་སྒྲར་གྲགས་ནས།། གཡོ་སྒྱུ་མེད་པར་མ་ལུས་བདུས། ། ཐུགས་དམ་ཆེན་པོ་ས་མ་ཡཱ།། འཇམ་དཔལ་གསང་བའི་རྒྱུད་ལས། རྩ་སྔགས་ཀྱི་ལེའུ་སྟེ་བཅུ་པའོ།།།། དེ་ནས་འཇམ་དཔལ་འཇིགས་བྱེད་ཀྱི་རྒྱལ་པོས་གཉིས་མེད་ཀྱི་བརྡས་བསྐུལ་ནས། དཀྱིལ་འཁོར་དབང་བསྐུར་གནས་པ་ལ་སྙོམས་པར་ཞུགས་ཏེ། གསང་བའི་བདག་པོས་ཞུས་པ། མ་ལུས་ཐབས་དང་རོལ་པས་སྤྲུལ།། ངོ་བོ་མི་འགྱུར་ཅིར་སྤྲུལ་པ།། དེ་དག་མ་ལུས་བསྟན་དུ་གསོལ། ། བསམ་ཡས་དཀྱིལ་འཁོར་བསམ་ཡས་པ།། རིགས་གསུམ་སྔགས་ཀྱི་ངང་ལ་བཞག། གཞལ་ཡས་དག་པར་གདན་རྣམས་རྫོགས།། ལས་དང་བསྐུལ་བ་རང་རང་རྒྱུད།། རྩ་སྔགས་ཐུགས་མཆོག་ཕྱག་རྒྱར་གསལ། ། རང་རང་གནས་སུ་རྫོགས་པ་དང།། འབྱུང་འཇུག་སྐུ་དང་ངོ་བོར་སྣང།། བསྐུལ་བ་ཡེ་ཤེས་བརྡ་དང་ཚིག། རོལ་པས་གཉིས་མེད་དགྱེས་པའི་ཚུལ།། འཕྲོས་པས་འདུས་ནས་གདན་སྟེངས་གནས།། རང་རང་སྔགས་ཀྱི་གདན་སྟེངས་གསལ། ། སྤྱན་དྲངས་དགྱེས་དང་མཆོད་བསྟོད་དང།། བཟླས་པ་རྒྱུན་དུ་དུས་གསུམ་བརྟགས།། སྟོང་གསུམ་མ་ལུས་སྤྲུལ་སྐུར་སྤྲོ།། འཇིག་རྟེན་གསུམ་པོ་རབ་ཏུ་གཡོས།། དཀྱིལ་འཁོར་ལྔ་དང་བདུན་ཡང་རུང། ། རང་རང་འཁོར་བཅས་འཁོར་ལོར་བཤད།། ཚུལ་དུ་ཡེ་ནས་གནས་པར་བཤད།། སྐུ་ཡི་འཁོར་བཅས་དེ་དག་ལ།། ཞག་གྲངས་དུས་དང་མཚན་མ་ཡང།། རབ་ཏུ་རྒྱུན་དུ་གནས་པ་དང། ། འཇིགས་བྱེད་རབ་ཏུ་གདུག་པ་ཙམ།། བསྒྲུབ་ལ་མཉེས་པས་དབང་ཡང་གནས།། ཕན་དང་གནོད་པའི་ལས་ཀུན་གནས།། འཇམ་དཔལ་རྣོན་པོ་རྣམས་ཀྱི་སྐུ།། སྣང་ནི་ཅི་ཡང་སྣང་མོད་ཀྱི།། བཞིའམ་ངོ་བོ་ལྔ་བསྒོམས་པས། ། གང་ཕྱིར་ཅི་དང་ཅི་ལ་གནས།། ང་ཡི་དུས་ནི་གང་ཡིན་པ།། དེ་ཚེ་ང་ཡི་བསྟན་པ་འབྱུང།། ང་ཡི་འགྲོ་བ་ཅིས་འདུལ་བ།། ཤེས་རབ་ཟུང་གིས་དབུ་ལྔ་རུ།། ཁྲག་འཐུང་ལྔ་ཡི་འཕྲེང་བ་བསྒོམས། ། རྡོ་རྗེ་རྣོན་པོའི་སྐུ་དང་ནི།། ཅོད་པན་འཕྲེང་བ་རྒྱ་གྲམ་དང།། རལ་གྲི་བུམ་པ་བསྙེན་བྱས་པ།། མ་ལུས་རང་གི་ཚིག་དོན་སྒྲགས།། བསྒོམ་པ་དང་ནི་བསྒྲུབ་པ་དང།། རང་དང་རྒྱུད་དང་ལས་སུ་བྱིན། ། སྲིད་པ་གསུམ་ལ་དབང་སྒྱུར་བའི།། དངོས་གྲུབ་རབ་འབྲིང་ཐ་མ་འགྲུབ།། མ་ལུས་ཡབ་ཡུམ་ས་མ་ཡ་སྟོམ།། ས་མ་ཡ་ཧོ། ཨ་ལ་ལ་ཧོ། ར་ཧོ་ཧཾ། ར་ག་ཡ་མཾ། རླུང་དང་མེ་དང་སྨིན་པས་འགྲུབ།། རོལ་པས་མ་ལུས་རྣམ་པར་སྤྲོ། ། ཧཱུ~ཾ་ལས་རྡོ་རྗེ་པཾ་ལས་པད།། ཡབ་ཡུམ་མཁའ་གསང་འབྲུ་རུ་བསྒོམས།། གསང་བའི་སྐུ་རྣམས་འབྱུང་བའི་རྒྱུ།། སྤྲོ་བསྡུ་གང་འདོད་དམིགས་བསྒྲུབ།། འཇམ་དཔལ་གསང་བའི་རྒྱུད་ལས། བསྒྲུབ་པ་པོ་ལ་དབང་བསྐུར་བའི་ལེའུ་སྟེ་བཅུ་གཅིག་པའོ།།།། དེ་ནས་འཇིགས་བྱེད་རྒྱལ་པོས། འཇིགས་བྱེད་ལས་ཀྱི་གདུག་པ་ཚར་གཅད་པ་ཞེས་བྱ་བ་ལ་སྙོམས་པར་ཞུགས་ཏེ། གསང་བདག་ཕྱག་ན་རྡོ་རྗེ་ཁྱོད། ། འཇམ་དཔལ་རྒྱུད་ཀྱི་གསང་བ་འདི།། འཇིགས་བྱེད་སྒྱུ་འཕྲུལ་ལྡན་པ་སྟེ།། ཨེ་མ་གདུག་པ་འདུལ་བྱ་བ།། མ་ལུས་ངོ་བོ་བསྟན་དུ་གསོལ།། བསད་པའི་ངོ་བོའི་གནས་བསྟན་པ།། བསད་པ་མ་ལུས་ཡང་དག་འགྲུབ། ། སྙིང་རྗེས་ཡང་དག་གདུག་པ་བསད།། སྔོན་དུ་གནས་པ་རྫོགས་བྱས་ལ།། དེ་ལ་རྒྱུ་རྣམས་གནས་པ་ནི།། དུར་ཁྲོད་དག་དང་འབུར་ཆོས་གོས།། རུ་རུ་ར་དང་ཀ་ན་ཀ། ཐལ་ཆེན་དག་དང་རུ་ག་ཙ། ། རྨེ་བོའི་ཁྲག་དང་གདུག་པའི་དུག། མིང་བྱང་ཁྲོ་བོའི་སྣག་ཚ་བྱ།། དུར་ཁྲོད་རོ་སྐྲ་བླང་བ་དང། ཁ་ཁ་རོག་པོ་བཤས་པའི་རྩ།། འཁོར་ལོ་བྲི་དང་གནས་པར་བྱ།། རིམ་པ་གསུམ་དུ་བསྐོར་བ་ཡང།། དབུས་ལ་མི་འགྱུར་གདབ་པར་བྱ། ། འཁོར་ལོ་རིམ་པ་གཉིས་སུ་བསྐོར།། བཅུ་བདུན་སྔགས་ཀྱི་འཕྲེང་བས་སྤྲས།། འཁོར་ལོའི་རིམ་པ་དེ་རུ་གདབ།། གདུག་པ་ཟ་བྱེད་འཆི་བདག་བྲི།། ལྷོ་རུ་སྲིད་པའི་འཁོར་ལོ་བཞུགས།། ལྷོ་ཕྱོགས་དུར་ཁྲོད་འཆི་བདག་ནི། ། གནས་ནས་བཀུག་ལ་དབྱེར་མེད་བསྟིམ།། མཆོད་དེ་འཕྲིན་ལས་བཅོལ་བར་བྱ།། བྱིན་བརླབས་ལས་ནི་གཤེད་དུ་བསྒོམས།། ལུས་ཀྱི་ཐལ་བའི་མདོག་འདྲ་བའི།། དབྱུག་པ་ཐོགས་ཤིང་ཞགས་པས་འཆིང། ། སྲིད་པ་གསུམ་དུ་རྣམ་པར་འཁྲུགས།། བཅུ་བདུན་སྔགས་དང་ལས་སྔགས་སྤེལ།། བདུན་དང་བདུད་དུ་ལས་རྣམས་བསྐོར།། གདུག་པ་མྱོས་བྱེད་ཐུན་རྣམས་ནི།། རང་རང་དུས་དང་བཤམས་ལ་བརྡེག། འཇིག་རྟེན་དག་དང་ལྷར་སྦྱར་བ།། གདུག་པ་དེ་འདུལ་ནག་པོ་ལ།། གྲུ་གསུམ་དག་ཏུ་འཁོར་ལོ་བྲི།། དུས་གསུམ་རྒྱུན་དུ་བསྒྲུབ་པ་བྱ།། བཅུ་དང་བདུན་གྱིས་ལས་ཀྱི་སྔགས།། གདུག་དང་བསྲེག་དང་བྱུག་པ་བྱ། ། ལས་ཀྱི་རྣམ་པ་མྱུར་བྱས་ལ།། རང་རིག་དཔལ་གྱི་སྐུར་གནས་པས།། བསྡུ་དང་སྤེལ་བའི་གསང་སྔགས་བཟླས།། ཡ་དང་མ་དང་ར་དང་ཙ།། ས་དོ་མེ་ཡང་གཞིབ་དང་བཏབས།། དབུས་ནས་མགོ་བོ་སྣང་བར་བྱ། ། ཡ་དང་ཡོན་རི་ལཀྴེ་ཡ།། དང་པོ་དུས་སུ་བཞི་རུ་བཤད།། དེ་ནི་རུ་སྤྲད་དུས་ལྟར་བྱ།། ཡ་མེ་དོ་རུ་ན་ཡོ་ད་ཡ།། དང་པོའི་འོག་མ་མཐའ་རུ་བཤད།། ཡཀྴེ་ཡ་ཛ་ནི་ར་མ་ཡ།། རུ་སྦྲད་བརྒྱད་དུ་ཡ་ཡིས་བཤད། ། མགོ་ལ་ཡ་དང་མེ་རུ་མཚོན།། རབ་ཏུ་བར་དག་རྒྱན་གྱིས་བརྒྱན།། ཐ་མ་རང་སྔགས་གང་འདོད་གཞུང།། ཡ་མར་ཛ་གཤིན་རྗེ་གཤེད།། འཁོར་ལོ་བསྐོར་བ་ཉིན་བཞིའི་ལས། ཁ་ཐུན་ཁ་ལ་ཐུན་དུ་འབུད། ། ཨོཾ་ཡ་མར་ཛ་ས་ཏོ་མེ་ཡཱ་བྷྱོ། རུ་ལུ་རུ་ལུ་བཾ་རི་ལི་ལི་རྦད་ནན། ཨོཾ་དུབ་ནུར་དུབ་ནུར། ཚལ་པ་ཚལ་པ་ནན། ཨོཾ་སྙིང་གཤོགས། མེ་ཁ་ལ་མུ་ལོ་རྩ་ཐུན་ནན། མ་ར་ཡ་ནན། ཨོཾ་སྭསྟི་རུ་རུ་ཙ་གོང་ཀྲ་ར་ཙ་ནན། མ་ར་ཡ་ནན། ཨོཾ་ཨ་ཀྲོ་ཏེ་ཀ་མན་འཛུ་ཤྲི། ཀ་ལ་རུ་པཀྴ་ཡ་ནན། བཾ་རིལ་རྦད་རུ་ལུ་ཧཱུ~ཾ་ཛཱ། རུ་ལུ་ཚལ་པ་ཡིན་ནོ།། ཤ་རུ་ནི་ནན། མ་ར་ཡ་ནན། ཨོཾ་ཞེས་དང་པོ་ཐ་མ་སྒྲོལ།། གཏུབ་དང་བསྲེག་པ་ཐུན་དུ་དབབ། ། ལས་ཀྱི་གནས་སུ་མ་ལུས་རང།། མ་ར་ཡ་དང་མིང་དུ་སྤེལ།། གདུག་པའི་རྫས་ལ་རབ་ཏུ་སྔགས།། གནས་ནས་དགུག་དང་ལས་རྣམས་བྱ།། འཇམ་དཔལ་གསང་བའི་རྒྱུད་ལས།། འཕྲིན་ལས་གནས་ཀྱི་ལེའུ་སྟེ་བཅུ་གཉིས་པའོ། །།། དེ་ནས་དཔལ་འཇིགས་བྱེད་གསང་བས་ཏིང་ངེ་འཛིན་རོལ་པ་ཞེས་བྱ་བ་ལ་གནས་ནས། གསང་བའི་བདག་པོས་འདི་སྐད་གསོལ་ཏོ།། གཤིན་རྗེ་རོལ་པ་དེ་དག་རྣམས། ། འཇིག་རྟེན་གདུག་པ་མི་བཟད་འདུལ།། ལས་རྣམས་མ་ལུས་རོལ་མཛད་པ།། བྱང་ཆུབ་རོལ་པས་ང་ལ་ཐུད།། ཆོས་སྐུ་ནམ་མཁའ་མཚན་མ་ལ།། ནམ་མཁའི་ངོ་བོ་ཅི་ཡང་མེད།། སྣང་བ་འཇིག་རྟེན་གཤིན་རྗེའི་སྐུ། ། ཚོགས་ཆེན་གཉིས་རྫོགས་གཤིན་རྗེའི་སྐུ།། ཚོགས་ཆེན་གཉིས་རྫོགས་སྐུ་གསུང་ཐུགས།། རྒྱུ་ཡི་སྐུ་ཡིས་འགྲོ་དོན་མཛད།། བསྒོམ་དང་གཉེན་པོ་ཅི་སྤྱད་ཀྱང།། བྱང་ཆུབ་ལ་ནི་གཡོས་པ་མེད།། གདུལ་བྱ་སྣ་ཚོགས་མ་ལུས་པ། ། ཅི་ལ་མོས་དང་ཅིས་འདུལ་སྟོན།། ཨ་ནི་བྱང་ཆུབ་སེམས་ཉིད་ལས།། སངས་རྒྱས་ཀུན་གྱི་སྐུ་སྤྲུལ་པ།། སྣ་ཚོགས་འབྱུང་བ་ཁྱོད་ལ་འདུད།། གསང་བའི་རྒྱུད་མཆོག་དམ་པ་ཡི།། སྔགས་དང་ཕྱག་རྒྱས་བྱིན་བརླབས་ནས། ། བཅོམ་ལྡན་གཤིན་རྗེའི་སྐུ་རུ་སྣང།། ཅིས་འདུག་ཅི་དང་གང་ཡང་རུང།། བསད་པ་ལ་སོགས་སྨོས་ཅི་དགོས།། འཕྲིན་ལས་འབྱུང་བ་ཁྱོད་ལ་འདུད།། གསང་བའི་རྒྱུད་མཆོག་དམ་པ་འདི། ། མི་བཟད་དེ་དང་དེ་རྣམས་ཀྱང།། རང་གི་ངོ་བོ་དེ་ལྟར་དམིགས།། སངས་རྒྱས་ཀུན་གྱི་ཐུགས་ཀྱི་སྲས།། མཐུ་ཆེན་མ་ལུས་དབང་དུ་སྡུད།། སྐུ་ཡི་ཆོས་རྣམས་མ་ལུས་པ།། རེའི་ཡོན་ཏན་བརྗོད་མི་ལང།། ངེས་པའི་བླ་མ་དམ་པ་དེས། ། ངེས་པའི་བཞི་དང་ངོ་བོར་གྱུར།། ཁྲག་འཐུང་འཇམ་དཔལ་སྐུ་ལ་འདུད།། ཚོགས་ཀྱི་དཀྱིལ་འཁོར་གནས་པར་བྱ།། ཡིད་བཞིན་གཙུག་གི་ནོར་བུར་འགྱུར།། བདག་གིས་བསམ་པ་བརྟན་པ་ཡིས། ། བསམ་པའི་ཡེ་ཤེས་བློ་གྲོས་ལྡན།། མཐའ་རྣམས་གཉིས་ལ་མི་ལྟ་ཞིང།། ཉོན་མོངས་གདུག་པ་བྲལ་བར་བྱེད།། མ་ལུས་སྐུ་དང་ཐུགས་སུ་བསྟན།། འཇམ་དཔལ་གསང་བའི་རྒྱུད་ལས། འཕྲིན་ལས་སྒྲོལ་བཞིའི་ལེའུ་སྟེ་བཅུ་གསུམ་པའོ། །།། དེ་ནས་འཇམ་དཔལ་ཡཱ་མཱ་རཱ་ཛཱས། ཐམས་ཅད་ལ་ལས་བྱ་བ་དང།། འཁོར་ལོ་མི་འགྱུར་སྣང་བ་སྟེ།། འགྱུར་ཞེས་བྱ་བ་འདི་གསུངས་སོ།། ལག་ན་རྡོ་རྗེར་གསང་བ་གྱིས། ། བདུད་བཞི་གདུག་པ་འདི་ཡིས་ཆོམས།། དེ་བཞིན་གཤེགས་པའི་ཆོས་སྐུ་དེ།། དེ་ལ་མི་གནས་རྒྱུ་འདྲར་བྱས།། གནས་དང་སློབ་མ་རྫས་རྣམས་དང།། རྒྱུ་ཡི་ངོ་བོ་མ་ལུས་པ།། རྟགས་དེ་ངེས་པར་གཟུང་བར་བྱ། ། རབ་ཏུ་རིམ་གསུམ་དཀྱིལ་འཁོར་ལ།། ཐིག་བཞི་བཏབ་པས་ལེ་ཚེ་དགུ།། བཅུ་གཉིས་དང་ནི་བཅུ་དྲུག་དང།། གྲུ་ཆད་བར་ཁྱམས་སྒོ་རུ་བཅས།། ཕྱི་དང་ནང་དང་གསང་བ་གསུམ།། དབུས་སུ་འཇིགས་བྱེད་ཆེན་པོ་ལ། ། གཡས་གཡོན་ལུས་དང་གྲིབ་མར་སྣང།། གཤིན་རྗེ་མ་ཧེ་གདན་དུ་བཅས།། རྣམ་པ་མཆོག་ཏུ་རྫོགས་པར་གསལ།། ཞལ་དང་ཕྱག་ཞབས་སྐུ་མདོག་མཐིང།། ཕྱོགས་བཞི་ལས་ཀྱི་གཤེད་བཞིར་སྣང། ། གཟུགས་རྣམས་སྣ་ཚོགས་ཅི་འདུལ་སྟོན།། རང་བཞིན་ངོ་བོ་ཐུགས་རྗེར་བཤད།། ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་དེ།། གནས་ནས་ཉེ་བར་བསྒྲུབ་པའི་ཕྱིར།། དབྱིངས་ནས་བཞེངས་དང་སྤྱན་དྲངས་མཆོད། ། བསྟོད་དང་མཆོད་པའི་གནས་སུ་བྱ།། ཡི་གེ་གསུངས་ཀྱི་ཡན་ལག་བསྒྲགས།། དབུས་ཀྱི་གཤེད་པོ་འཁོར་དང་བཅས།། རང་སྔགས་ཡི་གེ་སྔགས་ཚིག་དང།། ཇི་ལྟར་བསྒྲུབ་ན་ལས་སྨིན་འགྱུར། ། ཕོ་དང་མོ་རུ་ཁ་སྦྱོར་བ།། ཐོད་པ་རས་དང་གདུག་པ་ཡི།། མི་བཟད་འཆི་བདག་གསང་བ་བྲི།། རྩ་བ་བཅུ་བདུན་སྔགས་དང་ལྡན།། སྐུ་གསུང་ཐུགས་དང་ཡོན་ཏན་དང།། འཕྲིན་ལས་ལྔ་ཡི་བསྙེན་པ་འདིའོ། ། ཨོཾ་ཨཱ་ཀྲོ་ཏེ་ཀ་ཡ་མན་ཏ་ཀ་ཧ་ན་མ་ཐ་བན་ཛ་ཧཱུ~ཾ་ཕཊ། ཨོཾ་ཀ་ལ་རུ་པ་ཧཱུ~ཾ་ཕཊ། ཨོཾ་ཧྲིཥྟི་བི་ཀྲི་ཏ་ན་ན་ཧཱུ~ཾ་ཕཊ། ཨོཾ་ས་མཱ་ཡ་ཨཱརྱ་མན་འཛུ་ཤྲི་མུ་ཏྲ་ཡ་མན་ཏ་ཀ། པན་ཙ་ཏེ་རོ་ནི་ཧཱུ~ཾ་ཛ། ཡ་མ་ར་ཛ་ས་ཏོ་མེ་ཡ། ཡ་མེ་དོ་རུ་ན་ཡོད་ཡ། ཡ་ཏ་ཡོ་ནིར་ཡ་ཀྴེ་ཡ། ཡཀྴེ་ཡ་ཙ་ནི་ར་མ་ར་ཡ། དབུས་སུ་ཡ་དང་ལྷོ་རུ་མ།། ཤར་དུ་ཀྴེ་ནི་ནུབ་ཏུ་མེ།། བྱང་དུ་རྟ་ཞེས་བྲི་བར་བྱ།། ར་ཛ་ས་ཏོ་རུ་ན་ཡོ་ནི། ར་ཡ་ཛ་ནི་འབྲུ་བཅུ་གཉིས།། ཕྱི་རིམ་དག་ལ་དགོད་པར་བྱ། ། འཁོར་ལོ་བྲི་དང་བཏུན་ནས་བསྐོར།། ཐོད་པ་ལ་སོགས་རང་རང་རྫས།། མ་ལུས་གསང་བ་བཅུ་བདུན་བྲི།། གཡས་སུ་གྲངས་དང་གཡོན་དུ་དྲང།། བསྒྲུབ་དང་བསྒྲུབ་པ་ཆེན་པོ་བྱ། ། འཁྲུལ་དང་འཁོར་དང་བསྡུ་བ་དང།། དམ་པའི་གསང་བ་དེ་དག་ཀུན།། འདོད་ཆགས་ཞེ་སྡང་གཏི་མུག་ལ།། གཏོར་དང་གྲིལ་དང་རུ་ཁུག་བྱ།། འཇིགས་བྱེད་འབར་བའི་ཞལ་དུ་གདངས།། རྔམ་པའི་བརྡ་དང་ཚིག་ཏུ་བསྐུལ། ། འཇིག་རྟེན་སྒྲོལ་བྱེད་ཡིག་འབྲུ་ཉི་མའི་ཟེར།། ཏིང་འཛིན་གྲང་ལྡན་གདུག་པ་མ་ལུས་འབྱེད།། ཤེས་རབ་ཐབས་ལྡན་འཇིགས་པའི་སྐུ་རུ་སྤྲུལ།། མ་ལུས་སྒྲོལ་བའི་གསུང་བཀོད་འཁོར་ལོའི་གསུང། ། རྡོ་རྗེ་འཇིགས་པའི་འཕྲིན་ལས་ཡེ་ནས་འགྲུབ།། འཇམ་དཔལ་གསང་བའི་རྒྱུད་ལས། འཁོར་ལོ་དང་འབྱུང་གནས་སྔགས་ཀྱི་ལེའུ་སྟེ་བཅུ་བཞི་པའོ།།།། དེ་ནས་དཔལ་གཤིན་རྗེའི་རྒྱལ་པོས། འབྱུང་པོ་མ་ལུས་དགུག་པ་དང། ། ལས་ཀྱི་མཐའ་ལ་གཉེར་གཏད་བྱ།། ཞེས་གསུངས་ཏེ།། སྟོབས་ཅན་རྡོ་རྗེ་འཛིན་པ་ཉོན།། དངོས་གྲུབ་སྦྱིན་དང་སྤེལ་བྱ་དང།། འཇིགས་བྱེད་དཔལ་གྱི་སྐུར་གནས་ན།། བྱེ་བྲག་དག་ཏུ་གསོལ་བར་བྱ། ། དུས་གསུམ་ཆོ་འཕྲུལ་རབ་ཏུ་གནས།། ཉམས་སུ་རང་རང་འགྲུབ་པ་ཙམ།། ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མན་ཏ་ཀ། མན་ཛུ་ཤྲི་ཀ་ལ་རུ་པ་ཤ། མུ་ཁྱུད་སྔགས་དང་རང་གིས་མཐུ།། ཅི་ཕྱིར་གདུག་པའི་ལས་སུ་རྩམ། ། མ་ལུས་འདུས་པའི་གསང་བ་སྟེ།། འབྱུང་པོའི་གཏོར་མ་རབ་ཏུ་བརྒྱན།། ཨོཾ་ཨ་ཧཱུ~ཾ། ཛ་ཧཱུ~ཾ་བཾ་ཧོ། ཨརྱ་མན་འཛུ་ཤྲི། ཡ་མན་ཏ་ཀ་མ་མ་རག་ཤ་ནི་བྷྱོ།། ཨོཾ་བྷ་ལིང་ཏ། བ་ལིན་ཏི། ཏི་བྱ་ནི། ཏ་ཀི་ནི་འདའ་ཤ་ཁེ་ཏ་འབའ་ཏེ་བེ་ཁྲ། ས་མ་ཡེ། ལོ་ག་པ་སར། མེ་ཏ་ལི། སུ་ཏྲི་ཀྲོ་ཏ་སི་ཧ་བ་རི། ཁ་རག་ཧཱུ~ཾ། ཡ་མ་ར་ཛ་ས་ཏོ་མེ་ཡ། ཡ་མེ་དོ་རུ་ན་ཡོ་ད་ཡེ། ཡ་ཏ་ཡོ་ནི་ར་ཡ་ཀྴེ་ཡ། ཡཀྴེ་ཡ་ཙ་ནི་ར་མ་ར་ཡ། ཙ་ཏུར་སུར་རྒྱ། ཡ་མ་བོ་ཏི་སྭཱཧཱ། ཡག་ཤ་སརྦ་བུདྡྷ་པྲེ་ཏ་ཡག་ཤ་ཡ་ཀྴེ་ཁྲོ་ཏི། སརྦ་བི་ཏ་ཁར། ཨི་དཾ་བྷ་ལིང་གྷི་ཧ་ན། བྷན་ཛ་ཧོ། སི་པ་ཏོ། ས་མ་ཡ། མ་ཏྲི་ཤཾ། མ་ཏ་ཧཱུ~ཾ། ཨརྱ་མན་འཛུ་ཤྲི། ཡ་མན་ཏ་ཀ་སརྦ་ཨ་ཛྙཱ་པ་ཡ་ཏི། མཧཱ་ཡ་མ་ར་ཛ་ཡེ། སརྦ་དུས་བསྟན་བགྴ་ཡ་བགྴ་ཡ། སརྦ་ཀརྨཱ་ཧཱུ~ཾ། ཏུ་རུ་ཏུ་རུ། ལཾ་ཧཱུ~ཾ་ལཾ་ཧཱུ~ཾ། ཀུ་རུ་ཀུ་རུ་ཧཱུ~ཾ་ཕཊ། ཀི་རི་ཀི་རི་ཧཱུ~ཾ་ཕཊ། སརྦ་ཤ་ཏྲུཾ་ན་ཤ་ཡཱ། སྟཾ་པ་ཡ་ཧཱུ~ཾ་ཕཊ་སྭཱཧཱ། ཕྱག་རྒྱ་བསྒོམ་དང་རྒྱུན་དུ་གནས། ། དགོངས་པ་མ་ལུས་ཐམས་ཅད་མཉེས།། སྣ་ཚོགས་མ་ལུས་ཅིག་བསྒོ་ཉན།། ནམ་མཁའི་ངང་ལ་སྐར་ཚོགས་འབྱུང།། བྱུང་དང་མ་བྱུང་ད་ལྟར་གྱི།། བུ་ཙ་རབ་ཏུ་དད་པས་སྣང།། འཇམ་དཔལ་གསང་བའི་རྒྱུད་ལས། ཐམས་ཅད་རེག་ཆོད་ཀྱི་ལེའུ་སྟེ་བཅོ་ལྔ་པའོ།།།། དེ་ནས་དཔལ་གཤིན་རྗེས་ཐམས་ཅད་ཚོགས་སུ་གཞོམ་པ་དང་བསྒྲལ་བ་ལ་གནས་ཏེ། གསང་བའི་བདག་པོས་གསོལ་པ། གདུག་པ་མ་ལུས་སྒྲལ་སྔགས་དང། ། ཅི་ཕྱིར་གཞི་དང་ལས་སུ་བསྟན།། མ་ལུས་སྣང་བ་བསྒྲལ་བྱས་ན།། ཅི་ཡང་འདུལ་བྱེད་ཁྱོད་ལ་འདུད།། ཡ་མ་ར་ཛས་ཏོ་མེ་ཡ། སྙིང་རྩ་ལ་ཁྲག་སྐྱུག། རུས་དང་རྩ་ལ་བྲེང་ཡཀྴ་ཏེ་ཀུམ། བྲམ་བྲམ་སྙིང་ཁ་ཁ་ཁྲག་མུག། སྙིང་དང་ནང་ཁྲོལ་ལ་ཁྲག་རྦད། དགུང་ལ་ཐོག་ཐོག་མི་ཟད་པ།། ཁྱེའུ་ཆུང་སྔོན་པོ་མ་ཡིན་ནམ།། ཡ་མན་ཏ་ཀ་གཤིན་རྗེ་གཤེད།། ཡ་མར་ཛ་འཇིགས་བྱེད་ཡིན།། དེ་དག་ལ་ཆེམ་ཆེམ་མི་བཟད་པ།། སྒེག་མོ་རལ་གཅིག་གཤིན་རྗེའི་ཡུམ།། དཔལ་ལྡན་ནག་མོ་མ་ཡིན་ནམ།། ཡ་མ་ར་ཛ་གདུག་པ་འདུལ།། བསྒྲལ་བྱ་མ་ལུས་ཁྱོད་ལ་གཏད།། ཟས་སུ་གཏད་དོ་ཤོ་ར་རེ།། གདུག་པ་འདི་ཡི་གཤེད་དུ་བྱོས།། ཡ་མ་ར་ཛ་ས་ཏོ་མེ་ཡ། སརྦ་ཤ་ཏུན་ན་ཤ་ཏུ་ཡ། སྟཾ་པ་ཡ། མ་ར་ཡ། ཀུ་རུ་ཀུ་རུ་ཧཱུ~ཾ་ཕཊ་སྭཱཧཱ། ང་རྒྱལ་དྲེགས་པ་མ་ལུས་པ།། རྡོ་རྗེ་ལྕགས་ཀྱུས་དགུག་པར་བྱ།། མཚན་གྱི་གུང་ལ་རབ་ཏུ་དགུག། ནརི་མ་ར་ཡ། ནརི་མ་ར་དུ། ཡ་མ་སྙིང། ཡ་མ་ཁྲག། ཚལ་པ་བཾ་རིལ། དུམ་བུ་དུམ་བུ་ཧཱུ~ཾ་ཕཊ། རྨུག་པའི་སེམས་ནི་གང་ཡང་རུང།། དེ་དང་དེ་རུ་འགུག་པར་བྱེད།། རྣམ་ཤེས་རླུང་གི་རང་བཞིན་དེ།། ནམ་མཁའི་སྲིན་བུ་མེ་ཁྱེར་ལྟར།། གཟུགས་ལ་ཕབ་ལ་བྱད་དུ་གཞུག་སྔོན་དུ་གནས་པའི་སེམས་ཅན་དེ།། ལྕེ་ཕོག་ནག་པོའི་དུད་པས་བདུག། ལྷ་དང་བྲལ་ཞིང་བདུག་པས་བདུག། གནས་ནས་ལྔ་རུ་ཕུར་པས་གདབ།། ཐུན་བརྡེག་ཉུངས་ཀར་མཚོན་གྱིས་གཏུབ།། ཤ་དང་རུས་པ་འཁོར་ལོ་བསྟབ།། སངས་རྒྱས་སྐུ་དང་ཡེ་ཤེས་ཀྱང།། མ་ལུས་འདི་ཡིས་འཇོམས་པར་བྱེད།། ལྷ་དང་ཕྱག་ན་རྡོ་རྗེ་ཡང།། གསང་བའི་སྔགས་འདིས་འགུག་པར་བྱེད།། ཨུ་པ་རྡེ་ཤ་ཀ་རི་ཀ། ཞེས་སྐུ་དང་ལས་མངོན་དུ་ཕྱུང་ངོ།། འཕགས་པ་འཇམ་དཔལ་གསང་བའི་རྒྱུད་ལས། གདུག་པ་སྔགས་ཀྱི་ལེའུ་སྟེ་བཅུ་དྲུག་པའོ།།།། དེ་ནས་དཔལ་འཇིགས་བྱེད་ཀྱི་རྒྱལ་པོས། ལས་རྣམ་པར་སྦྱང་བ་ཞེས་བྱ་བ་འདི་གསུངས་སོ། ། གསང་བདག་རྡོ་རྗེ་འཛིན་པ་ཁྱོད།། ཤིན་ཏུ་འཕྲིན་ལས་རྣམ་པ་བཞི།། ལས་སུ་བྱ་དང་གདུལ་བྱའི་ཕྱིར།། མ་ལུས་ངེས་དོན་ལས་རྫོགས་བྱ།། ཀུན་ཏུ་འཇམ་དཔལ་ཏིང་འཛིན་བྱ། ། སྣ་ཚོགས་རང་གི་ཏིང་འཛིན་འཇུག། མ་ལུས་ཞི་དང་རྒྱས་པའི་ཕྱིར།། སྔོན་དུ་བསྙེན་པའི་ཚོགས་ལྡན་པས།། རང་གི་ལས་སུ་བྱ་བ་དང།། གནས་དང་དུས་དང་བདག་ཉིད་ཀྱིས།། རྫས་དང་བྱ་བ་རྣམ་ཕྱེ་བ། ། མི་འདུལ་ཁ་ལོ་རྣམས་བསྒྱུར་བ།། བདག་ཉིད་གཤེད་པོའི་ཆ་ལུགས་སུ།། ལྔ་དང་གསུམ་གྱི་རིམ་བྱས་ལ།། ལས་ཀྱི་བྱ་བ་མ་ལུས་པར། ཁ་དོག་སོ་སོའི་སྐུ་རུ་གནས།། མ་ལུས་སྒྱུ་ཡི་ཕྱག་མཚན་ལས།། ངག་གིས་རབ་ཏུ་བརྡམས་ནས་སུ། ། གདུག་པའི་མྱོས་བྱེད་རྫས་རྣམས་དང།། རང་གི་རིག་པའི་འཁོར་ལོ་བྲི།། རིམ་པ་གསུམ་དུ་གནས་པ་དེ།། དགུ་དང་བཅུ་གཉིས་བཅུ་དྲུག་བྲི།། བཅུ་བདུན་སྔགས་ཀྱི་འོད་ཟེར་སྐུ། ། འདོག་སྔགས་རང་རང་མིང་དང་སྤེལ།། འཁོར་ལོ་ཡབ་དང་ཡུམ་དང་བཅས།། གདུག་པའི་ལས་སུ་འདི་ཡིས་བྱ།། ཙ་ཏྲ་དང་ནི་སྟོབས་དག་དང།། ཙན་ཏྲ་མ་ནི་ཡ་མ་ཁྲོས།། སྔགས་དང་མིང་དུ་སྤེལ་ལ་གཞུག། དེ་ནས་སྟོབས་དག་མ་ལུས་དང།། བསྙེན་པའི་རྩ་སྔགས་འཇུག་མ་ཡང།། མ་ནོར་ལས་སུ་སྤེལ་བར་བྱ།། ཞི་བ་ཤན་ཏི་ཀུ་རུ་དང།། པུས་ཏིང་པ་ཤཾ་ཀུ་རུ་དང།། མ་ར་ཡ་དང་མིང་དུ་བཅས།། རེ་དང་བདུད་དང་བྲལ་བ་དང། ། གང་དུ་ཅི་བྱ་དབང་དུ་བྱ།། བསྙེན་བསྒྲུབ་གཞུང་བཞིན་འབད་དེ་བྱ།། གྲངས་དང་དུས་དང་མཚན་མ་ནི།། བསྟན་དང་གནས་དང་ལས་གྲུབ་བྱ།། ཆོས་དབྱིངས་ཡེ་ནས་ཁྱད་པར་གནས།། གཤིན་རྗེ་གཤེད་པོའི་སྐུ་དང་ཡང། ། འཁོར་དང་མ་ཚོགས་སྐར་ལྟར་འཁྲུགས།། གང་ལ་བྱ་བ་དེ་དང་དེར།། འོད་ཟེར་རང་རེའི་ལུང་དུ་སྤྲོ།། སྤྱན་དྲངས་བཞུགས་དང་བསྟན་པར་བྱ།། མི་གཡོ་ཁྲོས་པའི་ཚུལ་ཅན་དེ། ། དགའ་དང་བསྟོད་མཉེས་ཅི་རུང་བསྟན།། དེ་དག་ཐུགས་དང་འཁོར་ལོ་རུ།། གང་གི་འབྲུ་རྣམས་བསམ་བྱས་ལ།། བསྒྲུབ་བྱ་མདུན་དུ་བཞུགས་པར་བསམ།། བདག་གི་འབྲུ་དང་འོད་ཟེར་ལས།། སྤྲུལ་པ་གང་བྱ་དེ་ལ་འདུད། ། བསད་དང་གཡོ་དང་ལུས་དང་ཕན།། ཅི་དང་ཅི་རུ་རབ་ཏུ་བསྒོམས།། མ་ལུས་ཕྱེ་བའི་ཕྱག་རྒྱ་འདུས།། ཕྱི་མ་ཡང་ནི་ཐོག་པ་མེད།། ཅེས་གསུངས་སོ།། འཇམ་དཔལ་གསང་བའི་རྒྱུད་ལས། ལས་རྣམ་བཞིའི་ལེའུ་སྟེ་བཅུ་བདུན་པའོ། །།། དེ་ནས་དཔལ་ཁྲག་འཐུང་རྒྱལ་པོས། ལས་ཀྱི་མཆོད་པ་དང་མནན་པ་བསྲེག་པ་ཞེས་བྱ་བ་འདི་གསུངས་སོ།། གསང་བའི་བདག་པོ་རྡོ་རྗེ་འཛིན།། ལས་རྣམས་མ་ལུས་རྫོགས་བྱས་ནས། ། སྟོང་གསུང་དཔལ་གྱི་ཕྱག་རྒྱར་གསལ།། སྣ་ཚོགས་མེ་ཡི་ཏིང་ངེ་འཛིན།། ཞི་རྒྱས་དབང་དང་མངོན་སྤྱོད་ཀྱི།། མེ་ཐབ་ལས་ཀྱི་གཞུང་དུ་གནས། ཁ་དོག་རྫས་ནི་རྣམ་པ་བཞི།། དཀར་དང་སེར་དང་དམར་དང་ནག། དེ་དག་དུ་མ་ཡོ་བྱད་ལྡན།། བསྐྱེད་དང་སྤྱན་དྲངས་མཆོད་ལས་བསྒོ།། ལས་སུ་བྱ་བ་རྫོགས་པ་དང།། མེ་ཡི་བདག་པོའི་ལས་རྣམས་བྱ།། གདུག་པའི་ཤིང་ལས་མེ་སྤར་ཏེ།། མེ་ལས་རྒྱུ་ཡི་ལས་བྱ་སྟེ། ། གྲུ་གསུམ་འབར་བའི་དཀྱིལ་འཁོར་དུ།། ཞེ་སྡང་གདུག་པ་བསྒྲལ་བའི་ཕྱིར།། ཐམས་ཅད་མ་ལུས་མཆོད་པར་བཞེས།། འགྲོ་བའི་ས་རུ་རྫོགས་བྱས་ན།། རྣམ་བཞིའི་ལས་ལ་རབ་ཏུ་གནས།། གསང་བའི་གསང་གཏོར་རབ་ཏུ་བྱ། ། བྲམ་ཟེ་ཙན་དྷ་ལི་དང་ནི།། ཡེ་ཤེས་གདུག་པ་མེས་སུ་སྦྱར།། བཅུ་དང་བདུན་དང་རང་སྔགས་རྣམས།། བརྒྱ་རྩ་བརྒྱད་དུ་རྣམ་པར་མཆོད།། གདོད་ནས་གདུག་པ་མ་ལུས་པ།། མ་ལུས་ཞི་ཞིང་བསྒྲལ་ལུང་བསྟན། ། རྫས་དང་བརྒྱད་བཅས་མ་ལུས་དང།། རང་དང་གནས་སུ་སྟོབས་བཅས་ལ།། མེ་ལྷ་རང་བདག་གཞུང་དུ་སྦྱར།། གང་གི་གནས་སུ་རབ་ཏུ་རྟགས།། ལས་ནི་མ་ལུས་གནས་བཅས་སོ། ། ཨོཾ་ཧྲིཥྟི་བི་ཀྲི་ཏཱན་ན་ཧཱུ~ཾ་ཕཊ། བར་དུ་རང་དང་འདོད་པ་ཡང།། གང་དང་གང་དུ་བྱ་བ་དེར།། དེ་དང་དེ་རུ་བྱ་བར་གཞུག། ཤནྟི་ཀུ་རུ། པུསིཾཊ་པ་ཤང་མ་ར་ཡ་ཧཱུ~ཾ་ཕཊ། ཛ་ཧཱུ~ཾ་བཾ་ཧོ། སརྦ་ཨཱ་ན་ཡ་ཧོ། མ་དྷ་ལ་མ་ཧེ། ཨ་གད་ཛ་ཡ་སོ་པཱ་ཛཱ་ཛཱ། ཤིན་ཏུ་འཁྲུག་པ་མ་ལུས་པ།། སྔོན་དང་ད་ལྟ་ལས་ཀྱི་བཞིན།། བསྒྲིབ་པ་མེད་པ་ས་ཡ་དང།། མ་ལུས་དེ་དག་རབ་ཏུ་འཇོམས།། འཇམ་དཔལ་རྣམས་ཀྱི་སྣང་བར་མཛོད།། མ་ལུས་བཤད་ཅིང་དམ་ཚིག་བསྒྲག། ཨཱ་ལ་ལ་ཧོ། ས་མ་ཡ་ཧཱུ~ཾ། འཇམ་དཔལ་གསང་བའི་རྒྱུད་ལས། མཆོད་སྒྲོལ་སྦྱིན་སྲེག་གི་ལེའུ་སྟེ་བཅོ་བརྒྱད་པའོ།།།། དེ་ནས་ཡང་དཔལ་འཇིགས་བྱེད་ཀྱི་རྒྱལ་པོས། ཕྱི་ནང་རྒྱུད་དུ་རོལ་པ་ལ་སྙོམས་པར་ཞུགས་ཏེ། གསང་བ་པོས་ཞུས་པ། མི་དམིགས་སྟོང་པ་ཡེ་ནས་གནས།། དེ་ཡི་ངོ་བོ་གང་དུ་འགྱུར།། ཞེས་པས། འཇམ་དཔལ་ཁྲོ་བོ་རྣམས་ཀྱི་སྐུ།། ཆོ་འཕྲུལ་སྣ་ཚོགས་ཅིར་ཡང་སྣང། ། ཀུན་ཏུ་རིན་པོ་ཆེ་ལྟ་བུ།། བསྒོམས་པས་ལས་རྣམས་མ་ལུས་འགྲུབ།། དེ་ལས་རྡོ་རྗེ་རབ་འཕྲོས་འགྱུར།། སྲིད་པའི་རླུང་ཡང་མི་ཤོར་གནས།། ཤེས་བྱ་གནས་མེད་མི་རྟོགས་པ།། རིམ་པ་ལྔ་དང་གཞལ་ཡས་བསམ། ། བྱང་ཆུབ་ལྔ་ལས་རྡོ་རྗེའི་སྐུ།། ཞལ་གསུམ་ཕྱག་དྲུག་སྐུ་མདོག་མཐིང།། ངོ་བོ་སྟོབས་དག་རྡོ་རྗེའི་སྐུ།། སྟེང་ཞལ་ཡབ་དང་ཡུམ་དུ་གསལ།། ཞེ་སྡང་ང་རྒྱལ་འདོད་ཆགས་དང།། ཕྲག་དོག་སྐུ་བཞི་ཁྲོ་རྒྱལ་བཞི། ། རང་བཞིན་ལུས་དང་ཕྱག་རྒྱ་དགོད།། ལུས་ཀྱི་ཕྱག་ལ་འཁོར་ལོ་བྲི།། དྲག་སྔགས་བཅུ་བདུན་གནས་སུ་དགོད།། མི་གཡོ་བརྟན་ནས་སྤྱན་དྲངས་མཆོད།། བསྟན་དང་འཕྲིན་ལས་འཕྲོ་འདུ་བྱ།། བདུད་བཞི་འཇོམས་བྱེད་གཤེད་པོ་ཡིས། ། བཅུ་བདུན་སྔགས་ཀྱི་ངོ་བོ་ཡིས།། མོ་གཤེད་ཐུན་སྔགས་སྤེལ་བྱས་ལ།། གཟས་པ་འཁོར་ལོའི་བར་དུ་གྲིལ།། རྩ་བའི་སྔགས་དང་ཐུན་མོང་དྲིལ།། བདུད་རྩི་ལྔ་དང་ཚོགས་ཀྱིས་མཆོད། ། ཐུགས་ཀྱི་རྟགས་ལས་ལྷ་མོས་མཆོད།། དུས་གསུམ་སངས་རྒྱས་རྣམས་ཀྱི་སྐུ།། བ་ལ་བ་ཡི་སྒྲ་བྱུང་བས།། འཇམ་དཔལ་ཡེ་ཤེས་སེམས་དཔར་སྣང།། འགྲོ་དོན་བྱེད་པས་དུས་གསུམ་མཆོད། ། སངས་རྒྱས་འཕྲིན་ལས་སྐུ་ལ་རྫོགས་ཡེ་ཤེས་སྐུ་སྟེ་སྐུ་ཡི་མཆོག། སྣང་བ་ཆེན་པོ་སྐུ་ཡི་རྒྱལ།། དེ་ཡི་གསང་སྔགས་རིག་སྔགས་མཆོད།། ས་མ་ཡ་ཛྙཱ་ན། ཨོཾ་ཝཱ་གི་ཤྭ་རི་མུཾ། གསང་བའི་དོན་དེ་རབ་འཛིན་པ། ། འགྲོ་བའི་དོན་ནི་མ་ལུས་བྱེད།། འཇིག་རྟེན་བདག་པོ་གཙོ་བོར་མཐོང།། ཚོགས་རྫོགས་མ་ལུས་ཐམས་ཅད་འགྲུབ།། གཟུགས་རྣམས་མ་ལུས་ཀུན་ཏུ་སྤྲུལ།། འཇམ་དཔལ་ཞི་དང་ཁྲོ་བོར་སྣང།། སྲིད་པ་གསུམ་ལ་སྦྱོར་དང་སྒྲོལ། ། ས་བོན་བསྐྱེད་དང་རྒྱུན་སྔགས་དང།། བསྐུལ་དང་མ་ལུས་རང་གནས་བརྗོད།། དགའ་བ་མཆོད་དང་སྤྲོ་བསྡུ་བཟླས།། ཨོཾ་ས་མཱ་ཡཱ་མན་འཛུ་ཤྲི་མུ་ཏ་ཡ་མན་ཏ་ཀ། ཀ་ཏ་རི་བཛྲ་ཏིག་སྣ། ས་མ་ཡ་ཕཊ། སུམ་པ་ནི་ཧཱུ~ཾ་ཕཊ། ཡ་སུམ་བྷ་ནི་ཧཱུ~ཾ་ཕཊ། གསང་བ་པོས་ནི་བཟློག་པ་བྱ།། རྣལ་འབྱོར་རྩ་བ་ཉི་ཤུ་བརྗོད།། སྐུ་མདོག་འོད་ཟེར་སྒྲིབ་པ་གྲོལ།། སྐུ་མཆོག་སྐུ་རུ་རབ་ཏུ་གནས།། སངས་རྒྱས་འཕྲིན་ལས་མ་ལུས་བྱེད། ། ཕྱག་ན་རྡོ་རྗེ་ཡང་དག་འདུད།། འཇམ་དཔལ་གསང་བའི་རྒྱུད་ལས། ཕྱི་ནང་རོལ་པའི་ལེའུ་སྟེ་བཅུ་དགུ་པའོ།།།། དེ་ནས་དཔལ་འཇིགས་བྱེད་གསང་བས། མི་འདུལ་ལས་ཀྱི་མཐའ་རུ་སྐྱེ་བྱ་བ་གསུངས་སོ། ། གསང་བ་པོས་ནི་ལས་ཀྱི་བསྐོངས།། ཅི་ཡང་ཡིན་པས་བསྒྲུབ་བྱ་དང།། མཐའ་རུ་མི་འདུལ་ལས་ཀྱི་དོན།། བདག་དོན་མ་ལུས་རབ་རྟགས་བྱ།། དེས་སུ་ལས་གཞུང་རབ་རྙེད་པ།། སྟོང་གསུམ་འོག་གི་ཁམས་དག་ན། ། མི་བཟད་གདུག་པའི་གྲོང་ཁྱེར་གནས།། བདག་དང་འཁོར་བཅས་འཁོར་ལོར་གནས།། རི་རབ་ལམ་དང་བྲུམ་དུ་སྦྱར།། འཁོར་ལོ་གདུག་པའི་ཚོགས་ལ་གཏད།། གདུག་པའི་གནས་དང་གནོད་སྦྱིན་གནས། ། ཤིན་ཏུ་འདུ་བར་སྦ་བྱས་ཏེ།། གྲུ་གསུམ་དངོས་དང་དབྱིབས་སུ་བྱ།། དེ་རུ་ལས་ཀྱི་རྒྱུ་གནས་པས།། ཁྲག་ཏུ་སྐྱུག་དང་མཛེ་ནད་འོང།། མ་ལུས་དེ་ལ་འདུས་པར་བྱ།། ཏིང་འཛིན་སྔགས་དང་ཕྱག་རྒྱས་གདབ། ། ལག་པ་བསྣོལ་ལ་སོར་མོ་དགུག། རབ་ཏུ་ཕྱེ་ཞིང་དངོས་སུ་གདབ།། གདུག་པ་འདུལ་བྱེད་རྔོམ་པའི་གཟུགས།། སྲིན་མོ་མི་བགྲུངས་འཁོར་དང་བཅས།། འཇིག་རྟེན་ཁམས་ནི་རབ་འབྱམ་ན།། སེམས་ཅན་ལས་ངན་གདུག་པ་རྣམས། ། བྱང་ཆུབ་ངང་དུ་མི་གནས་ན།། རྒྱ་མཚོ་གཏིང་གི་གྲོང་ཁྱེར་དང།། གཤིན་བུ་རྗེ་ཡི་ལག་ཏུ་གཏད།། འཆི་བདག་གདུག་པའི་ཟས་སུ་བྱས།། འཁོར་ལོ་འབར་བའི་རྩིབས་ལ་བསྐྱོན། ། ལས་ཀྱི་འཁོར་བཅས་མ་ལུས་ཀྱིས།། ལས་ངན་གདུལ་བྱ་གཤེད་དུས་གྱིས།། བཛྲ་ལམ་སུ་ཏྲུཾ། ས་མ་ཡ་སྟོཾ། ས་མཱ་ཡ་ཧཱུ~ཾ་ནན། ཡ་མ་ར་ཛ་ནན། འཁོར་དང་བཅས་པའི་འཁོར་ལོ་དང།། དེ་ཡི་མདའ་བཞུགས་འཆི་བདག་ལ། ། མ་ལུས་ལས་ངན་གཉེར་གཏད་དོ།། ཨོཾ་ལཾ་ཧཱུ~ཾ་ལཾ། ཡ་མན་ཏ་ཀ། ཨརྱ་ཨཱ་ཙ་ལ། མ་མོ་ཨེ་ཀ་ཛ་ཏི། རག་ཤ་ནག་པོ་ས་མ་ཡ་ལས་ལ་བྷྱོ། ཧཱུ~ཾ། རི་རབ་ལྷུན་པོ་ཧཱུ~ཾ་དང་ལཾ།། སྣ་ཚོགས་རྒྱ་གྲམ་ཟུར་བརྒྱད་བྱ། ། གཤིན་རྗེ་གཤེད་པོ་ནག་པོ་བསམ།། རྡོ་རྗེ་རྒྱ་གྲམ་འོག་ཏུ་ནི།། གཙོ་བོ་བསྟོད་ལ་རང་སྔགས་བསྐུལ།། གཟས་བ་རི་རབ་ཆེན་པོར་གནན།། འཁོར་ལོ་གསང་བའི་ལས་སྔགས་བསྐུལ། ། ཞི་དང་རྒྱས་དང་དབང་དྲག་རྣམས།། རིམས་ཀྱི་རི་རབ་ས་དང་སྦྱར།། བརྟུལ་ཞུགས་ཅན་གྱི་མཉེས་བྱས་ལ།། གདུག་པའི་ལས་སྔགས་ཤམ་བུ་ཅན།། ཚ་བའི་རྫས་ལ་སྔགས་ལ་བྲག། ཆོས་རྣམས་མ་ལུས་རྒྱས་བྱའི་ཕྱིར། ། གཏུམ་པ་ཚོགས་ཀྱི་བསམ་གཏན་གྱིས།། ཡང་དང་ཡང་དུ་ལྟུག་ཅིང་གནན།། སངས་རྒྱས་བསྟན་པ་འཕེལ་བར་འགྱུར།། འཇམ་དཔལ་གསང་བའི་རྒྱུད་ལས། མན་ངག་གཤེད་གཏད་ཀྱི་ལེའུ་སྟེ་ཉི་ཤུ་པའོ། །།། དེ་ནས་དཔལ་འཇིགས་བྱེད་རྒྱལ་པོས། མ་ལུས་སྤོགས་དང་ལས་ཀྱི་མཐའ།། འདི་ལ་དོན་ནི་བརྒྱད་ཀྱིས་བསྟན།། གསང་བ་པོ་ལ་གསང་བར་བྱོས།། བྱང་ཆུབ་སེམས་དང་དབང་ཕྱུག་ལ།། བདག་ཉིད་འཁོར་བཅས་བསམ་པར་བྱ། ། ས་དང་བཀའ་གཉན་གདུག་པ་འདུལ།། གང་བསྒོ་ལས་སུ་བྱེད་པར་འགྱུར།། དེ་ནི་མི་བཟད་སྟེང་དག་ཏུ།། གདན་དང་རང་རིགས་དུར་ཁྲོད་རྫས།། དངོས་པོ་རང་གི་མཚན་ཉིད་བྱ། ། རྒྱ་གྲམ་ལས་བཞི་གདུག་པ་བཅིང།། འཇམ་དཔལ་ཁྲོས་པས་ཕུར་པའི་སྐུ།། སྟོད་ནི་ཡ་མན་ཏ་ཀ་ལ།། སྨད་ནི་གདུག་པའི་ཕུར་པར་བསྒོམས།། ཡ་མ་ར་ཛ་ཡབ་ཡུམ་ཀྱང།། སྐུ་ནི་ཕུར་པས་རབ་ཏུ་གདག། ཡང་ན་བླ་མེད་འཁོར་ལོ་བྱ།། དེ་ཉིད་བྱིན་དང་ལྡན་པའི་ཕྱིར།། ཡབ་ཡུམ་གཉིས་མེད་རོལ་པ་ལས།། ཕུར་པའི་སྐུ་དང་ངོ་བོར་བསྐྱེད།། སྤྱན་དྲངས་ལས་ལ་རབ་ཏུ་གཟུད།། གྲངས་སུ་བྱས་ལ་བསྒྲུབ་བསྙེན་བཀུར། ། ཁྲོ་འཕྲེང་སྙིང་གར་བསྐུལ་བྱས་ལ།། དུས་གསུམ་འབྱུང་གནས་ལས་སུ་བྱ།། གདུག་པ་མི་བཟད་ཐོད་པ་རུ། ཁྲག་དུག་མྱོས་བྱེད་རྫས་རྣམས་ལ།། མ་མོ་ནག་མོ་རྦད་བྱ་སྟེ། ཁྲག་དང་ཉུངས་ཀར་ཕུར་པས་གདབ། ། ཨོཾ་ཡ་མན་ཏ་ཀ་ཀྴམ། ཨརྱ་ཨཱ་ཙ་ལེ་ཀྴམ། མ་དུག་རྩ་རྩ། ཚལ་པ་ཚལ་པ་རྦད་རྦད། མ་དུག་གཤམས་ཡ་ནན་ཀྴམ། སྲོག་རྩ་མུག་ཏི་རྦད། རྩ་རྩ་ར་རྩ་རྦད། མ་མོ་ཁྲག་ལ་དུན་ཏིང་སྟུབས། སྲིན་པོའི་རུས་ལ་ཆོཾ་ཆོཾ་ཚལ། གཤིན་རྗེའི་ཁྲམ་ལ་ལྷན་ལྷན་ཐོབ། ནར་ཛི་ཁྲམ་རི་ལི་ལི་རྦད། རག་མོ་ཤན་པ་མར་ཡ་ཛཱ་ཛཱ། མགོ་འཕྱངས་མ་ཛཱ་ཛཱ། དུན་རྨུགས་བླ་རྩལ་ཛཱ་ཛཱ། རྩ་བོ་ཆེ་ལ་དུན་རྨུགས། ནང་ཁྲོལ་རྨད་ལྔ་ལ་རྩ་ཐུན་བཾ། ཐུམ་རི་ལི་ལི་བཾ་རྦད་རྦད་ནརི་ཁྲག་ཐུན་ཐུན་རྨུག། ཨོཾ་མུག་ཏི་རྔུབས་ཡ་ཆོ་ཆོ། ཡ་བལ་ཧུབ་ཡ་བལ་ཧུབ། སྙིང་གོང་ཆོད་ཆོད། རྩ་ཐུན་ནན། མ་ཐུན་ནན། ཁྲག་ཐུན་ཁོང་ཁྲག་ལ་ཡ་རྦད། མ་ལུས་གནས་པ་གཟིར་ཞིང་སྒྲོལ། ། ཀྱི་མ་རུ་ཏི་སྒྲ་དང་བཀྲག། གདུག་པ་མ་ལུས་གནོད་དུ་སྔགས།། ལས་ཀྱི་དུས་སུ་ཐུན་དབབ་འཕང།། སྐུ་ཡི་ཆོ་འཕྲུལ་རབ་ཏུ་དགྱེད།། འབར་བ་འཇིགས་བྱེད་གཏུམ་སྒྲ་སྒྲོག། འཇམ་དཔལ་གསང་བའི་རྒྱུད་ལས། ཐུན་སྔགས་ཀྱི་ལེའུ་སྟེ་ཉེར་གཅིག་པའོ།།།། དེ་ནས་འཇིགས་བྱེད་རྒྱལ་པོས། དགྱེས་པ་ཡོངས་སུ་སྐོང་བ་དང།། གཤིན་རྗེ་སྐུའི་ཆ་ལུགས་མ་ལུས་རྟགས་པ་ཞེས་བྱ་བ་ལ་སྙོམས་པར་ཞུགས་ཏེ། རྡོ་རྗེ་འཛིན་པ་རབ་ཏུ་བྱོས།། ཡབ་གཅིག་འཇམ་དཔལ་གཤིན་རྗེ་གཤེད་མཛད་ལྷ།། གཤིན་རྗེའི་ཆ་ལུགས་ཤིན་ཏུ་འཇིགས་པར་སྟོན།། གཤིན་རྗེའི་སྐུ་ནི་འབར་བའི་རྒྱལ་པོ་སྟེ།། ཤིན་ཏུ་འཇིགས་ཤིང་གཏུམ་རྔམ་དྲག་ཤུལ་ཆེ། ཁྱོད་ལ་བདག་གི་དད་པས་བསྟོད་ཅིང་མཆོད་འབུལ་ན།། བདག་ལ་ཁྱོད་ཀྱི་ཡུན་དུ་གྲོགས་མཛོད་ཅིག་ཁྱོད་ཀྱི་ཐུགས་རྗེ་བྲེང་བྲེང་རྒྱུན་མ་དགུམ།། ཐུགས་རྗེ་དད་པའི་ཤུགས་ཀྱིས་མ་ལུས་གཤེགས། ། བཅོམ་ལྡན་ཡ་མན་ཏ་ཀ་སྐུ་ཡི་ཆ་ལུགས་ནི།། ཤིན་ཏུ་ངོ་མཚར་གཤིན་རྗེ་དཔལ་ལ་བརྗིད། ཁྲོ་རྒྱལ་དཔའ་བརྗིད་འབར་བས་དགྲ་བགེགས་འདུལ།། འཇམ་དཔལ་གཤིན་རྗེ་གཤེད་ནི་གྲགས་པའི་བརྗིད་དང་ལྡན། ། མ་མོ་གིང་ལ་འཇམ་དཔལ་དབང་སྒྱུར་ཞིང།། རྟག་ཏུ་ལྷ་མཆོག་བདག་ལ་གྲོགས་མཛོད་ཅིག། སྲིན་མོ་ཤ་ཟ་སྟོང་ནི་བྲན་དུ་འཁོལ།། གིང་ཆེན་ཕོ་མོ་རྣམས་ནི་བྲན་དང་གཡོག་ཏུ་འཁོལ།། ཀླུ་རྒྱལ་ཕོ་མོ་རྣམས་ནི་སྐུ་ལ་རྒྱན་དུ་བྱས། ། ཤ་ཟ་གདུག་བྱེད་རྣམས་ཀྱིས་ཆས་རྣམས་དག་པར་བསྟོད།། དཔལ་ཆེན་གསུང་གི་གདུག་པའི་ང་རོ་བསྒྲོགས།། འཇམ་དཔལ་སྐུ་ཡི་ཐུགས་རྗེས་བདག་ལ་དགོངས།། བཅོམ་ལྡན་འཇིགས་བྱེད་རྒྱལ་པོའི་སྐུ་སྟོད་ཅིག་ཁྲོ་མོ་ཡུམ་དང་ཆས་ཏེ་སྐུ་སྟོན་ལ། ། གཡས་ནས་ཡུམ་བསྐྱེད་ཨེ་ཀེ་ཛ་ཏི་མ།། གཡོན་ནས་ཡུམ་བསྐྱེད་བཛྲ་པེ་ཏ་ལི།། ཡུམ་ཆེན་ཆ་ལུགས་ཁྲོ་རྒྱལ་སྐུ་དང་མཐུན།། སྐུ་མདོག་མཐིང་ནག་དབུ་གསུམ་གདུག་པའི་དབུ། ། སྤྱན་དགུ་སྨིན་མ་གློག་སྟོང་འོད་དུ་འཕྲོ།། ཤངས་དང་ཞལ་ནས་མི་ཁྲག་རྟ་ཁྲག་འཛག། རྣོ་དབལ་མཆེ་བ་དུག་གསུམ་རྩ་བ་གཅོད།། ཕྱག་དྲུག་མི་བཟད་གདུག་པའི་ཕྱག་མཚན་བསྣམས། ། ཞབས་དྲུག་བརྐྱང་བསྐུམ་མ་ཧེའི་སྟེང་དུ་བགྲད།། སྐུ་ལ་འཕྲིན་ལས་རྫོགས་མཛད་དུར་ཁྲོད་ཆས་ཀྱིས་བརྒྱན།། བསྐལ་པ་མེ་དཔུང་འབར་བའི་དཀྱིལ་འཁོར་ནས།། འཇིགས་པའི་ང་རོའི་སྒྲ་ནི་འབྲུག་སྟོང་ལྡིར། ། སྒྲོལ་བྱེད་གཤིན་རྗེ་གཤེད་ལ་ཕྱག་འཚལ་ལོ།། གཏུམ་ཆེན་དྲེགས་པ་ཐམས་ཅད་འཇོམས་པའི་ལྷ།། དབང་བྱེད་བདུད་འདུལ་དུར་ཁྲོད་ཆས་ཀྱིས་བརྒྱན། ཁྲོ་རྔམ་གདུག་པས་སྲིད་གསུམ་ཐལ་བར་རློགས། ། གཏུམ་ཆེན་རབ་འབར་གཤིན་རྗེ་འཇོམས་མཛད་ལྷ།། འཇིགས་བྱེད་ཡ་མ་ར་ཛའི་སྐུ་ལ་ཕྱག་འཚལ་ལོ།། ཉི་མ་འབུམ་གྱི་འོད་ཟེར་ཕྱོགས་བཅུར་འགྱེད།། གདུག་བྱེད་མཚོན་ཆ་མང་པོ་མེ་དཔུང་འབར། ། རབ་འཇིགས་གཤིན་རྗེ་འཇོམས་ལ་ཕྱག་འཚལ་ལོ།། རྡོ་རྗེའི་སྐུ་ལ་ཀླུ་དབང་རབ་བརྒྱན་ནས།། དུར་ཁྲོད་ཤ་ཟའི་པགས་རློན་ན་བཟར་གསོལ།། སྡེར་ཆགས་ཤ་ཟའི་ཚོམ་བུས་ཐོད་དུ་བཅིངས། ཁྲོ་བོའི་རྒྱལ་པོ་འཇིགས་བྱེད་ཧཱུ~ཾ་སྒྲ་ཅན།། ཞལ་ནས་ཕཊ་བསྒྲགས་ཁམས་གསུམ་སྟོང་མཛད་པ།། ཞབས་དྲུག་བརྐྱང་བསྐུམ་བརྗིད་པས་གཤིན་རྗེ་མནན།། ལྗགས་འདྲིལ་ཚེམས་ཀྱི་གསེབ་ནས་རྡོ་རྗེ་ཐོག་ཆེན་འབེབས། ། འཁོར་གྱི་མ་མོ་མི་བཟད་བྲན་དུ་འཁོལ།། ཚམ་རྔམ་དྲག་པོ་ཁྲོ་བོ་དཀན་གཉིས་བརྡབས་པ་ཡིས།། གདུག་པའི་འཁོར་རྣམས་འདར་ལྕུག་ལྕུག། ཚངས་པ་འཁོར་བཅས་རྔུལ་ཐིགས་ཕྱོགས་བཅུར་འཕྲོ། ། ལྷ་ཆེན་ཁྱབ་འཇུག་མ་ཧཱ་དེ་བ་གནོན།། ཕྱག་ན་བྷན་དྷ་རློན་པ་རབ་བསྣམས་ཤིང།། དངོས་གྲུབ་འཁྲུག་ཅིང་ཀླད་ཁྲག་ཞལ་དུ་གསོལ། ཁྱུང་དང་འུག་པ་ལྟ་བུའི་ཁྲ་བསྣམས་ཤིང།། མ་ལུས་གདུག་པ་དག་ལ་སྟོང་པར་མཛད། ། གཤིན་རྗེ་ནག་པོ་ཡ་མ་ར་ཛ་ཁྲོ་བོ་འབུམ་གྱི་རྗེ།། གཏན་གྱི་ལྷར་ཡང་ཁྱོད་ལ་གསོལ་འདེབས་ན། ཁྱོད་ཀྱི་ཐུགས་རྗེས་རྒྱུན་དུ་དགོངས་པར་མཛོད། ཁྱུང་ཆེན་སྔོན་པོ་མཁའ་ལ་ལྡིང་བ་བཞིན། ཁྱོད་ཀྱི་སྤྲུལ་པ་ཁྱེ་ཆུང་སྔོན་པོ་ཡིས།། ནད་གཏོང་སྲིན་མོའི་ཚོགས་རྣམས་དབང་བསྡུས་ལ།། སངས་རྒྱས་བསྟན་པ་འཇིག་པ་རྡུལ་དུ་ལྷོགས།། འཇིགས་བྱེད་དེ་ཡི་ཐུགས་དམ་རྒྱུད་བསྐུལ་བ།། ཨེ་ཀ་ཛ་ཏི་གསང་བ་རལ་གཅིག་མ། ། མི་འཕམ་ཁྲོ་གཉེར་གཡུ་ཡི་རལ་པ་ཅན།། རལ་པ་སྤྲུག་པའི་སྐྲ་གསེབ་རེ་རེ་ནས། ཁྲོ་ཆུང་ཞལ་གསུམ་ཕྱག་དྲུག་སྟོང་ཁམས་འགེངས།། སྐུ་ལས་སྤྲུལ་པའི་ཕོ་ཉས་སྟོང་གསུམ་གང།། ཀུན་ཀྱང་མི་བཟད་རལ་གྲི་ལྕགས་ཀྱུ་ཅན། ། ལྕགས་ཀྱུས་དྲངས་ནས་དམ་ཉམས་སྲོག་རྩ་གཅོད།། བསྟན་པ་འཇིག་པ་མ་ལུས་དབང་དུ་བསྡུས།། རྣལ་འབྱོར་མི་བཟད་བསྟན་ལ་གནས།། རྡོ་རྗེ་བེ་ཅོན་རབ་གནས་ཏེ།། རྒྱ་མཚོ་གཏིང་དུ་འབྲུ་བ་དང། ། རི་རབ་རྩེ་ལ་བསྙག་པར་བྱ།། འཇིག་རྟེན་ཁམས་སུ་གཡབ་ཅིང་འཁྲུག། འཁོར་ལོའི་གཟུགས་བྲི་ཟོར་ཞིང་འཕང།། སྐུ་ནི་ཏིང་འཛིན་ཟས་ཀྱི་མཆོག། འགུ་རུ་བླ་མ་རབ་ཏུ་འདུད། ། ལོངས་སྤྱོད་ཟས་དང་འདུ་ཤེས་སྒྲོལ།། བསྒྲུབ་དང་རྟགས་ནི་ཕྲད་མི་བྱ།། མ་ལུས་གནས་ནས་ལས་སུ་འགྲུབ།། འཇིག་རྟེན་ཁམས་ནི་གཞལ་ཡས་ལ།། མ་ཧེའི་གདན་བསམ་ཁྲོ་རྒྱལ་བསྐྱེད།། བཞེངས་དང་སྤྱན་དྲངས་མཆོད་ཅིང་བསྟོད། ། དེ་ནས་བསྙེན་བསྒྲུབ་ནན་ཏུར་བྱ།། འཇམ་དཔལ་གསང་བའི་རྒྱུད་ལས། ཐུགས་རྗེ་བསྟོད་པའི་ལེའུ་སྟེ་ཉི་ཤུ་གཉིས་པའོ།།།། དེ་ནས་དཔལ་ཁྲོ་མཆོག་གསང་བས་ཆོས་རྣམས་ལུང་དུ་འདུས་ཏེ། གསང་བ་པོ་ལ་བསྒྲག་པ། སྟོང་གསུམ་འཁོར་ལོ་བསྐོར་བྱས་ནས།། འཁོར་བའི་གཞི་དང་ལས་ཀྱི་དོན།། སངས་རྒྱས་རྒྱུད་ལ་འདུས་པར་འབྱུང།། གསང་བའི་རྒྱུད་མཆོག་དམ་པ་འདི། ། སྨིག་སྒྱུ་ལྟ་བུར་མིང་དུ་བཏགས།། མདོ་དོན་རྟོགས་ནས་རྣལ་འབྱོར་པས།། སྟོང་པ་ཉིད་དང་སྙིང་རྗེ་དང།། རྒྱུ་དང་གཞལ་ཡས་གདན་ཁྲི་དང།། སྐུ་ཉིད་ཡོངས་སུ་རྫོགས་པ་ལ།། ཕྲག་ནི་བཅུ་གསུམ་གཉིས་དང་གསུམ། ། ལྔ་དང་བདུན་དང་གང་ཡང་རུང།། ཤེས་རབ་ཐབས་སུ་སྣང་བར་བཤད།། གཉིས་མེད་སྐྱེད་དང་བ་ག་ཡང།། གསང་བའི་གནས་དང་འབྲུ་རུ་འཕྲོ།། གསལ་བྱེད་སྔགས་སུ་རབ་ཏུ་སྔགས།། ཏིང་ངེ་འཛིན་དང་སྐུ་རུ་རྫོགས། ། ཞེ་སྡང་ང་རྒྱལ་ཕྲག་དོག་འཕྲ།། གཏི་མུག་དུག་ལྔ་སྐུ་རུ་གྱུར། ཁྲག་འཐུང་ལྔ་ཡི་ངོ་བོར་བཤད།། རྒྱལ་བ་སངས་རྒྱས་མ་ལུས་དང།། བདེ་གཤེགས་གུད་ན་མེད་པར་བཤད།། འགྲོ་དང་སྲིད་པ་སྐུ་རུ་སྣང། ། སྐུ་ཡི་འཁོར་ལོ་དེ་དང་ཡང།། འགྲོ་བ་མ་ལུས་ཐ་མི་དད།། དེ་དང་ལྡན་པའི་རྣལ་འབྱོར་ལ།། ཆོ་ག་ལྷག་གམ་མ་ཚང་ཡང།། མི་འགྲུབ་མི་སྲིད་གདོན་མི་ཟ།། གྲངས་སུ་རྫོགས་ན་ཤིན་ཏུ་རྫོགས། ། སེམས་ཉིད་དག་པའི་ངང་ཉིད་ལས།། སྤྲུལ་པ་སྣ་ཚོགས་ཟད་མི་ཤེས།། འགྲོ་བ་མ་ལུས་རང་ལ་སྣང།། སྐུ་རུ་སྣང་བ་མ་ལུས་ཀུན།། ལས་འཕྲོ་དག་ཏུ་སྣང་དུ་ཟད།། དེ་བཞིན་ཉིད་ལ་འགྱུར་བ་མེད། ། སེམས་ཅན་ལྟ་སྤྱོད་མི་མཐུན་པས།། ཞི་བས་འདུལ་བའི་སྐལ་མེད་ན། ཁྲོ་བོ་དག་ཏུ་སྤྲུལ་པ་མཛད།། རྣམ་རྒྱལ་གསང་བའི་འཕྲིན་ལས་ལུང།། འཕྲོས་པས་ཐུགས་རྗེས་རྒྱུད་འདི་བསྒྲགས།། ཀུན་རྫོབ་ཙམ་དུ་བསྟན་པ་མཚར། ། གསོ་དང་བདུད་རྩིའི་བསྒྲུབ་པ་སྔགས།། སྲིད་པའི་རྩེ་ལ་རྒྱས་པར་བྱ།། སྟབ་ནས་བྱུང་ན་སྐུ་ལ་བརྒྱན།། སེམས་ཅན་ལས་དང་སྦྱིན་ཞིང་སྟེན།། དྲེགས་པ་གདུལ་བྱ་རྟན་པའི་རྒྱུད། ཁྲོ་བྱ་ཞི་བའི་ངང་དུ་བསྡུ། ། སྐུ་ཡི་འཕྲིན་ལས་འཛམ་གླིང་གྲགས།། ལྔ་བརྒྱའི་དུས་སུ་འཕེལ་བར་འགྱུར།། མ་ལུས་འདུས་པའི་སངས་རྒྱས་ལ།། རབ་ཏུ་འདུས་སོ་ཐིག་ལེ་ཆེ།། འཕྲིན་ལས་གང་བསྒྲུབ་གསང་བ་རྒྱ། ། གསང་བ་ལས་ཀྱི་མཐར་གནས་གང།། རང་གི་བསམ་པ་བརྟན་པོར་གནས།། འཇམ་དཔལ་གསང་བའི་རྒྱུད་ལས།། གསང་བ་འདུས་པའི་ལེའུ་སྟེ་ཉེར་གསུམ་པའོ།།།། དེ་ནས་ཡང་དཔལ་འཇིགས་བྱེད་ཀྱི་རྒྱལ་པོས། ཕྱག་ན་རྡོ་རྗེ་ལ་སོགས་པ་ལ། མི་ནུབ་ཚམ་རྔམ་རྒྱུད་བཤད་དེ།། སངས་རྒྱས་ཀུན་གྱི་གསང་བ་བཤད།། རྣལ་འབྱོར་དབང་ཕྱུག་དམ་པ་ཁྱེད།། གསང་བའི་རྒྱུད་དོན་དམ་པ་འདི།། ལྔ་བརྒྱའི་དུས་སུ་གནས་པའི་ཕྱིར། ། གསུང་མཆོག་ཡི་གེར་སྣང་ནས་ཀྱང།། ཙིཏྟ་གསང་བའི་ཀློང་དུ་ཆུད།། སྐུ་དང་ཐེག་པ་ཀུན་ལ་གནས།། འཇམ་དཔལ་སྐུ་དང་རྒྱུད་དུ་འཛིན།། དེ་ནས་རབ་ཏུ་རྟོགས་དམ་འགྲུབ།། དམ་ལ་གནས་ན་ཕན་དུ་ཐོགས། ། དེ་ནས་ཕྱག་ན་རྡོ་རྗེ་ལ་སོགས་པས་མགྲིན་གཅིག་ཏུ་བསྟོད་པ།། ང་ནི་ཨེ་མ་གཤིན་རྗེ་གཤེད།། འཇིགས་བྱེད་འབར་བའི་ཆ་ལུགས་ཅན།། རབ་ཏུ་ཁྲོས་ཏེ་འཇིགས་བྱེད་པ། ། མ་ལུས་འདུལ་ལ་ཕྱག་འཚལ་བསྟོད།། ཨེ་མ་འཇིགས་བྱེད་གསང་བའི་གསུང།། སྟོང་གསུམ་རི་རབ་འབུམ་སྙིལ་སྐད།། གདུག་པ་འདུལ་བྱེད་གསུང་སྒྲ་ཅན།། མ་ལུས་དགྲ་འདུལ་ཁྱོད་ལ་ཕྱག་འཚལ་བསྟོད། ། ཨེ་མ་བྱང་སེམས་རབ་ཏུ་གསང།། རྣམ་རྟོག་རིག་པ་ཆོས་ཉིད་ཀློང།། སྟོང་གསུམ་སྤྲུལ་པ་ཁྱོད་ལས་སྤྲུལ།། ཐུགས་ཀྱི་ཐུགས་ལ་ཕྱག་འཚལ་བསྟོད།། ཅེས་བསྟོད་ནས། འཁོར་རང་གི་སྟན་ལས་ལངས་ཏེ། ཕྱག་ན་རྡོ་རྗེའི་རྒྱུད་དོན་མ་ལུས་འདི།། ཕྱི་རབས་དོན་དུ་རྒྱུད་དུ་བཅངས།། སྐལ་ལྡན་དབང་ཕྱུག་དག་ལ་གཏད།། ཡིད་བཞིན་ནོར་བུ་ལྟ་བུར་བཅངས།། འོག་མིན་གནས་སུ་རབ་ཏུ་བསྒྲགས།། རྒྱུད་དང་འབྲས་བུ་རབ་བསྟན་པའི། ། གདུལ་བྱ་རྒྱུད་དུ་རབ་བཏུལ་ནས།། སྐུ་གསུང་ཐུགས་ཀྱི་ངང་དུ་སྤྲོས་ཟབ་མོ་གསང་བའི་རྒྱུད་མཆོག་སྟེ།། ཆོས་ཉིད་རིག་པའི་ཀློང་ནས་ཕྱུང།། འཁོར་ལོ་བསྐོར་ནས་ཐུགས་སུ་བརྒྱུད། ། ཁྲོས་པའི་གཤིན་རྗེ་རྒྱུད་དུ་གནས།། སྣ་ཚོགས་འབྱུང་བའི་ཐིག་ལེ་ཆེ།། མ་ཧཱ་སུ་ཀ་ཤྲི་ཧཱུ~ཾ། འཇམ་དཔལ་གསང་བའི་རྒྱུད་ལས། རྩ་བའི་རྒྱུད་གཏད་པ་དང། རྗེས་སུ་ཡི་རངས་པའི་ལེའུ་སྟེ་ཉེར་བཞི་པའོ། །།། འཇམ་དཔལ་རོལ་པ་རྣལ་འབྱོར་རྒྱལ་བའི་ལེའུ་སྟོང་ཕྲག་ལྔ་བཅུ་རྩ་ལྔ་པ་ལ། ཏིང་ངེ་འཛིན་གསང་བའི་རྒྱུད་ལས་ཕྱུང་བ། བདག་དོན་རྣམ་པར་རོལ་བྱེད། གཤིན་རྗེ་ནག་པོ་ཁྲོས་པ་རྩ་བའི་རྒྱུད་ཆེན་པོ་རྫོགས་སོ། །།། འཇམ་དཔལ་བཤེས་གཉེན་ཐུགས་ཀྱི་གསང་མཛོད་ནས།། པདྨ་ཐོད་འཕྲེང་གསང་བའི་ཐུགས་བརྒྱུད་ནས།། ནམ་མཁའི་སྙིང་པོ་ཐུགས་ཀྱི་མཛོད་བརྟོལ་ནས།། དྲི་མེད་ཟླ་ཤར་ཐུགས་ཀྱི་དཀྱིལ་དུ་བསྟིམ། ། བུདྡྷ་རཏྣས་གསང་བའི་མཛོད་བརྟོན་ནས།། ཡོན་ཏན་རྒྱ་མཚོ་གསང་བའི་གཏེར་དུ་བཞག།། ཨྠི+ྀ། གཏད་རྒྱ། གསང་རྒྱ། གཏེར་རྒྱ། རྒྱ་རྒྱ་རྒྱ།།།།

CLOSE WINDOW