Wylie |
། རྩིས་བྱུགས་ཆུ་བྲག་གཉིས་ལ་གཞག། ཅེས་གསུངས་སོ།། སྔགས་དང། མཚོན་ཆ་དང། བཀའི་བདག་པོ་གསུམ་གྱིས་རྒྱས་བཏབ་བོ།།།། རྒྱ་གར་སྐད་དུ། ཤྲཱི་ཡ་མ་བི་དཱ་ར་ཛྭ་ལ་ཏན་ཏྲ་ན་མཿ། བོད་སྐད་དུ། དཔལ་གཤིན་རྗེ་འཇོམས་བྱེད་འབར་བའི་ཞེས་བྱ་བའི་རྒྱུད། བཅོམ་ལྡན་འདས་འཇོམས་བྱེད་འབར་བ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་ཆོས་ཐམས་ཅད་གཉིས་སུ་མེད་པའི་ངང་ལ་སྙོམས་པར་ཞུགས་སོ།། དེའི་ཚེ་དེའི་དུས་ན། ལྷ་བྱིན་བདུད་ཀྱི་རྒྱལ་པོ་བཙུན་མོ་དང།། བུ་དང། བུ་མོ་དང། འཁོར་དང། གཡོག་ཏུ་བཅས་པ་གྲངས་མེད་པ་འཁོར་དེ་ཉིད་དུ་ལྷགས་ཏེ། བདུད་ཀྱི་དཔུང་ཆེན་པོ་དང། སླུ་བྲིད་དང། རྫུ་འཕྲུལ་མང་པོ་སྟོན་སྟེ། མ་རུངས་པ་ཅ་ཅོ་མང་པོས་འཁོར་རྣམས་ལ་བར་ཆད་སྣ་ཚོགས་བྱས་སོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་ཆོས་རྣམས་ཐམས་ཅད་ཅིའང་མ་ཡིན་པ་སྣང་བར་བྱས་ཏེ། ཡེ་ཤེས་རོལ་པའི་སྐུ་འཇོམས་བྱེད་འབར་བ་བཞེངས་ཏེ། ཐུགས་ཁ་ནས་འཇིགས་པའི་སྤྲུལ་པ་སྣ་ཚོགས་པ་མང་པོ་བྱུང། ཞལ་ནས་འཇིགས་པའི་གསུང་སྒྲ་ཕྱུང་སྟེ། སྤྱན་འབར་བ་སྡང་མིག་ཏུ་བདུད་ཀྱི་རྒྱལ་པོ་ལ་གཟིགས་ཏེ། གསང་སྔགས་དྲག་པོ་འདི་དག་གསུངས་སོ། ཤ་རི་བྷྱོ། མ་རི་བྷྱོ། ཁྲག་མ་མ་བྷྱོ། ཙིར་སྙིང་བྷྱོ། སྙིང་བྷྱོ། མ་ཀྵི་ཐོད་ཁྲག་ཛ། ཁྲག་ཏི་སྙིང་ལ་ཡ། ནརྀ་ཏྲི་ཆོད། ན་ག་ཆོད། མུ་ལོ་ཆོད། བདུད་ཏྲི་ཆོད། ཤ་ལོ་ཆོད། ཡ་མ་ཆོད། ར་ཛྭ་ཆོད། ཤ་ལ་ཀྱིང་ཀྱིང་བྷྱོ་བྷྱོ། གསང་སྔགས་རྒྱལ་པོ་དེ་བརྗོད་མ་ཐག་ཏུ་བདུད་ལྷ་སྦྱིན་བརླག་ཅིང་འཁོར་མང་པོ་བརྒྱལ་བར་གྱུར་ཏོ། ། དེའི་ཚེ་སྟོང་གསུམ་གྱི་འཇིག་རྟེན་ཐམས་ཅད་ཀྱང་མེར་མེར་ཤིག་ཤིག་ཏུ་འབར་ཞིང་རབ་ཏུ་འབར་ཞིང་ལྡེག་སྟེ། ཐམས་ཅད་ཀྱང་འདར་ཞིང་རབ་ཏུ་འདར་བ་དང། སྔངས་ཤིང་རབ་ཏུ་སྔགས་པ་དང། བརྒྱལ་བར་གྱུར་ཏོ།། ལ་ལ་ནི་གན་ཅིང་བུབ་ནས་ཁ་ནས་ཁྲག་དང་ལྦུ་བར་སྐྱུག་གོ། ལ་ལ་ནི་སྐད་ངན་པ་སྣ་ཚོགས་འདོན་ཅིང་སྐྱབས་ཚོལ་བར་དོང་ངོ། ། དེ་དག་ཐམས་ཅད་ཀྱང་མེར་མེར་པོར་སོང་ཞིང་ས་མ་ཡའོ།། གླེང་གཞི་བྱོལ་སྔགས་དང་བཅས་པའི་སྐབས་ཏེ་དང་པོའོ།།།། དེ་ནས་སྙིང་པོ་རྡོ་རྗེ་འཛིན་པ་ཞེས་བྱ་བས། བཅོམ་ལྡན་འདས་ལ་གསོལ་པ། ཀྱེ་འཇོམས་བྱེད་རྒྱལ་པོ་བཅོམ་ལྡན་འདས།། མ་འོངས་པ་ཡི་དུས་ཉིད་ན།། ལམ་ལ་གནས་པའི་རྣལ་འབྱོར་པ།། བདུད་དང་བར་དུ་གཅོད་པ་ལ།། དཔའ་བོ་ཐུགས་རྗེ་ཐབས་མཁས་པས།། མི་འཇིག་རྡོ་རྗེ་ལྟ་བུ་ཡིས། ། ཕས་ཀྱི་རྒོལ་བ་འཇོམས་པ་ཡི།། བྱོལ་སྔགས་ཐབས་དང་བཅས་པ་ཡིས།། ཉིད་ཀྱི་བསྟན་པ་བསྲུང་བའི་དོན།། རོལ་པ་མཆོག་གིས་བཤད་པར་མཛོད།། ཅེས་གསོལ་པས། བཅོམ་དན་འདས་རྡོ་རྗེ་ཁྲོས་པའི་རྒྱལ་པོ་འཇོམས་བྱེད་འབར་བ་དེས་འདི་སྐད་ཅེས་བཀའ་སྩལ་ཏོ། ། ཐུབ་པ་ཆེན་པོ་དགོངས་པ་ཡི།། བདུད་ཀྱི་དཔུང་ཆེན་གཞོམ་པ་དང།། དགྲ་ཡི་དཔུང་ཆེན་བཤིག་པའི་ཕྱིར།། འཇོམས་བྱེད་འབར་བ་དེ་ཉིད་བསྒོམས། ། སྟོང་ཉིད་སྙིང་རྗེའི་འབྲས་བུ་ནི།། མཐིང་ནག་འབར་བའི་ཡིག་འབྲུ་ལས།། གཤིན་རྗེའི་དབྱུག་པ་ནག་པོར་གྱུར།། དེ་ནས་འཇོམས་བྱེད་འབར་བ་ཡི།། ནག་པོ་འཇིགས་བྱེད་ཆེན་པོར་སྐུ།། གསང་སྔགས་རྒྱལ་པོ་དེ་ཉིད་འབར། ། ཐུགས་ཁར་ཆུ་སྐྱེས་ཉི་མའི་སྟེང།། རྡོ་རྗེ་སྔོན་པོ་ཡིག་འབྲུ་འབར།། འོད་ཀྱི་འཕྲེང་བས་གདུག་པ་འདུལ།། གསང་སྔགས་རྒྱལ་པོ་འདི་དག་གོ། ཨོཾ་ཧྲི་ཤྟཱིཿབི་ཀྲྀ་ཏཱ་ན་ན་ཨོཾ་ཕཊ། རྡོ་རྗེ་འཇིགས་བྱེད་འཇིགས་པར་བྱེད། ། མི་ཆོད་མི་ཤིགས་རྡོ་རྗེའི་སྐུ།། མ་རུངས་པ་དག་འཇོམས་པར་མཛོད།། ཁྲོ་བོའི་རྒྱལ་པོ་གདུག་པ་གདུལ།། གཟི་བརྗིད་འཕགས་པ་དུས་མཐའི་མེ།། སྤུ་གྲི་རླུང་དང་འཁོར་ལོ་འབར། ། དེ་ཉིད་འཇོམས་བྱེད་འབར་བ་ཡིན།། བསྙེན་པ་བྱ་བའི་སྐབས་ཏེ་གཉིས་པའོ།།།། དེ་ནས་འཇིགས་བྱེད་ཆེན་པོ་ཡིས།། གདུག་པ་ཐམས་ཅད་འཇོམས་མཛད་པ།། དཔལ་གྱི་ཟོར་སྒྲུབ་ཆེན་པོ་སྟེ། ། གཤིན་རྗེའི་དོང་ཟེར་ནག་པོ་འདི།། རྡོ་རྗེ་ཅན་ལ་བཀའ་སྩལ་ཏོ།། དུར་ཁྲོད་དགོན་པའི་ས་ཕྱོགས་སུ།། མཎྜལ་མདའ་གང་གྲུ་བཞི་བྱ།། ཕོ་བྲང་ཟླུམ་པོས་ཡོངས་སུ་བཅད།། དབུས་སུ་གཤིན་རྗེའི་ཞལ་ཡིན་ཏེ། ། རེ་གས་མཚམས་གཅད་དཀར་དང་དམར།། ཟུར་དྲུག་པོའི་དབང་དྲག་ལ།། གོང་རས་ཞི་བ་མུ་ཁྱུད་ནག། མཐའ་སྐོར་དབང་གི་རེ་བྱ།། དབུས་སུ་འཇིགས་བྱེད་ཡབ་ཡུམ་གཉིས།། མཐིང་ནག་དམར་ནག་འབར་བ་ལ། ། ཐོད་དབྱུག་མེ་ཡི་འཁོར་ལོ་དང།། གྲི་གུག་ཐོད་ཁྲག་འཛིན་པ་ཡིན།། དབང་དྲག་གྲུ་གསུམ་དྲུག་པོ་ལ།། ས་བོན་ལས་ནི་སྐུར་གྱུར་བ།། སྟག་དང་སེང་གེ་དོམ་དང་དྲེད།། ཆུ་སྲིན་གླིང་གི་མགོ་ཅན་ལ། ། སྟ་རི་ཁྲམ་བཾ་ལག་ཆར་བསྣམས།། ལས་མཁན་ཕོ་ཉ་མི་བཟད་པ།། ཕྱོགས་བཞིར་སྲོག་གི་ཙ་ར་བ།། བན་དེ་བོན་པོ་ཞང་བློན་དང།། མོན་པ་ནག་པོ་བསམ་པ་ཡིན།། ཟོར་ཀོང་སོར་གཉིས་གྲུ་གསུམ་པ། ། བདུན་ནམ་བཅུ་གསུམ་ཉི་ཤུ་གཅིག། ཡང་ན་བརྒྱ་རྩ་བརྒྱད་དུ་བྱ།། དེར་ནི་ཟོར་གྱི་རྫས་བསག་པ།། འབྲུ་གསུམ་གང་བུ་བྲག་ནག་ཚེ།། འབྲུ་ནག་གསུམ་དང་ཕུར་པ་གཙང།། མར་མེ་ལྷ་བཤོས་ནག་པོ་དང། དུད་པ་སྦང་མ་མདའ་དང་བྲལ།། ཙན་དྷ་ལི་འཕང་རྩ་མོ་དང།། ཕས་ཀྱི་རྒོལ་བའི་ལིང་ག་དང།། དྲག་པོའི་སྔགས་རྣམས་སྤེལ་ལ་དགོད།། གཟའ་རྒོད་དམག་དཔོན་དར་བ་ལ།། ཡང་ན་ཕུར་པ་དག་ལ་གཏད།། ཟླ་བ་ནག་པོའི་མར་ངོ་ལ། ། གུང་གཉིས་བཅས་དང་འཕང་བ་སྟེ།། དྲག་པོའི་ལས་སུ་ཡང་དག་བཤད།། བསྒྲུབ་པ་བྱ་བའི་སྐབས་ཏེ་གསུམ་པའོ།།།། ཕས་ཀྱི་རྒོལ་བ་གཅོད་བྱེད་པའི།། གཟའ་རྒོད་དྲག་པོ་རྒྱུ་དུས་སུ། ། དུར་ཁྲོད་ལ་སོགས་དབེན་གནས་སུ།། བྲག་འགྲུམ་ཕུང་ཤུལ་རོ་བསྲེགས་ས།། མཐིང་ནག་ཨེ་བྱས་རོ་སོལ་བྱུག། སྲོག་དང་ལྕགས་ཀྱུ་དམར་པོ་བྲི།། མ་ནུ་མུ་སུ་ཀ་བ་ལ།། ལྷ་སྦྱིན་བདུད་ཀྱི་རྟེན་བྲིས་ལ།། སྲོག་ཁང་དམར་པོར་གཞུག་པར་བྱ། ། སྟེང་དུ་འཁོར་ལོ་རྩིབས་བཞི་ལ།། སྲོག་བདག་ཆེན་པོའི་ཕྱག་བྱར་ལྡན།། གཏོར་མ་དམ་ཐུན་རྫས་དགོད།། འཇོམས་བྱེད་འབར་བའི་ཏིང་འཛིན་གྱིས།། གཤེད་བཞིའི་ལས་ཀྱི་སྔགས་ཀྱིས་གསད། ། མཐའ་བརྟུལ་ཨུར་མོ་མེ་ལ་བྱ།། དུར་ཁྲོད་གནས་སམ་རྒྱ་གྲམ་ལམ།། རི་རབ་རྒྱ་གྲམ་འབར་བས་གནན།། ཟོར་ཁ་བསྐུལ་དང་འཕང་བར་བྱ།། དམག་དཔོན་བཞིས་ཉམས་པ་བསྒྲལ་བའི་སྐབས་ཏེ་བཞི་པའོ། །།། མཱ་ར་ཡ་ཡི་ལས་དག་ལ།། བསྲེག་པ་མེ་ཡི་སྦྱོར་བ་ནི།། ལྷོ་ཕྱོགས་གྲུ་གསུམ་མེ་ཐབ་ཏུ།། གདུག་པ་ཅན་གྱི་ཤིང་བཅེར་ལ།། བདག་ཉིད་ལྟ་ཡི་ང་རྒྱལ་གྱིས།། ནུབ་དང་ལྷོ་རུ་ཁ་བལྟས་ལ། ། སྐྲ་བཤིག་བྱད་བཞིན་སོལ་བས་བྱུག། ཁྲོས་པ་ཉིད་ཀྱིས་རྫས་རེ་དང།། ལྷ་བྱིན་གཟུགས་ལ་བསྟམ་བྱས་ཏེ།། མི་བསད་མཚོན་གྱིས་གཏུབས་བྱས་ལ།། ཁྲག་དང་དུག་གིས་བསྣུན་པར་བྱ། ། འཇོམས་བྱེད་ནག་པོའི་ཞལ་དུ་དབུལ།། མཆོད་བ་རྣམས་ཀྱང་ཚང་བར་དབུལ།། ཐལ་བ་བཱ་ཡུ་ཡཾ་ལ་བསྐུར།། སྦྱིན་སྲེག་གིས་བསྒྲལ་བའི་སྐབས་ཏེ་ལྔ་པའོ།།།། མ་རུངས་པ་དང་ལྷ་སྦྱིན་རྨོངས། ། ཕས་ཀྱི་རྒོལ་བ་ངན་པ་དག། གནན་པ་བྱ་བ་གཏོར་སྟེགས་འོག། གྲུ་གསུམ་མཐོ་གང་བྲུས་བྱས་ལ།། གང་ལ་བྱ་བའི་ལིང་ག་གཞག། སྟེང་ནས་དུ་ནན་རི་རབ་བཅའ། སྟེང་དུ་དཔལ་གྱི་གཏོར་མ་གཞག། རི་རབ་ཆེན་པོར་གནན་པར་བསམ། ། གཏོར་སྟེགས་ཀྱིས་གནན་པའི་སྐབས་ཏེ་དྲུག་པའོ།།།། གཞན་ཡང་ཁམ་ཀོང་སོར་བཞི་པ།། ཞབས་སུ་སྲོག་ཡིག་དམར་པོ་བྲི།། ལྷ་སྦྱིན་བདུད་ཀྱི་ལིང་ཁ་གཞག། ཟོར་གྱི་བྱོལ་སྔགས་དྲག་པོ་བསྟིམ། ། ཁྲག་དང་དུག་གིས་རྫས་རྣམས་དང།། ལྟས་ངན་མདའ་ཡི་ཟོར་བསྣུན་ཏེ།། བདག་ཉིད་ལྷ་ཡི་ང་རྒྱལ་གྱིས།། གདུང་བའི་གླུ་དང་རུ་དུང་དང།། སྤྱུགས་པའི་གད་མོ་དང་སྒྲོགས་ཏེ།། ཨ་མུ་ཀ་ཡི་སྔགས་བརྗོད་བྱ། ། དྲག་སྔགས་གཞན་ཡང་འཆར་བཞིན་དབབ།། སྟེང་ནས་མཆོད་རྟེན་ནག་པོས་གནན།། མཆོད་རྟེན་ཀླུ་ཡི་གྲོང་ཁྱེར་རམ།། དུར་ཁྲོད་རོ་ཁུང་དག་ཏུ་གནན།། གང་ལ་བྱས་པ་གདོན་མི་ཟ། ། གནན་པས་ལས་ལ་སྦྱར་བ་སྟེ་སྐབས་བདུན་པའོ།།།། དེ་ནས་འཇིག་རྟེན་ཆེན་པོ་ཡིས།། བྱོལ་སྔགས་ཐབས་དང་བཅས་པ་དང།། འཁོར་ལོའི་ངེས་པ་བཀའ་སྩལ་པ།། ལྷ་ཡི་རྣལ་འབྱོར་ལྡན་པ་ཡིས། ། གཙང་མའི་གནས་སུ་མཎྜལ་བཤམ།། གང་ལ་བྱ་བའི་ཁ་ཟས་ལ།། གླུད་བྱ་གཏོར་མ་གཏང་བར་བྱ།། གལ་ཏེ་གྲོལ་བར་མ་གྱུར་ན།། ཟོར་ཀོང་བྱོལ་ཟོར་གཞུང་བཞིན་བཅའ།། རང་གི་ཁ་ཟས་དག་ལ་ཡང། ། གླུད་བྱ་ལུས་ཀྱི་དྲི་མ་བཀྲུ།། རང་གི་ཁྲུ་ཚད་གང་ལྡན་ལ།། དྲི་མ་ཅན་གྱི་གོས་བསྐོན།། ཕོ་དང་མོ་ཡི་ཤིང་བྱང་ལ།། ལོ་གྲགས་དུ་ལོན་ཁྲམ་བྱས་ལ།། ཕྲག་པ་གཡས་གཡོན་དག་ལ་གཟུགས།། ར་རོག་གྲོད་པར་ཆང་བླུགས་ལ། ། གླུད་ལ་བསྐུར་ཏེ་ཐོད་ནག་བཅང།། ལག་ཏུ་ར་རོག་ཤ་བསྐུར་ལ།། ནད་པའི་མདུན་དུ་གཞག་བྱ་སྟེ།། གདན་ཡང་དཀར་ནག་བརྗེ་བར་བྱ།། བསྲུང་བྱ་རས་དཀར་སྟན་ལ་གཟུགས།། གླུད་དེ་རྫས་དང་བཅས་པར་ནི། ། བྱོལ་སྔགས་དྲག་པོས་བཞི་མདོར་བསྐྱལ།། ནད་དང་གདོན་རྣམས་མེད་པར་འགྱུར།། ནད་པ་གསོ་བའི་སྐབས་ཏེ་བརྒྱད་པའོ།།།། བུས་པ་ཆུང་བ་གསོ་བྱ་བ།། སེ་བའི་ཕུར་བུ་བཅུ་བྱས་ལ། ། དར་ནག་ཐུམ་པོར་སྔགས་འབྲུ་བླུགས།། ཕ་མའི་མལ་ལ་བསྐོར་ཏེ་གཟུགས།། ནུབ་ནས་ནས་སྨུག་བྲེ་གང་ལ།། མདའ་དར་མེ་ལོང་ལྡན་ལ་གཟུགས།། ཤར་དུ་སྟན་དཀར་བཏིང་བྱས་ལ།། ཕ་མའམ་བུ་ཚ་བཙས་པ་གཞག། ནུབ་ཀྱི་ལྷ་ཡི་མདའི་བླངས་ལ།། སྔགས་བཟླས་ཕ་མར་བཅས་པ་བསྐོར།། དར་དཀར་གྲོ་ག་དེ་དག་ལེ།། འཁོར་ལོ་རྩིབས་དྲུག་མུ་ཁྱུད་ལྡན།། གུར་ཀུམ་གྱིས་ནི་བྲི་བར་བྱ།། ལྟེ་བར་སྣ་ཚོགས་རྡོ་རྗེ་ལ། ། བསྒྲུབ་པའི་མིང་དང་རཀྵར་སྦྱར།། གསང་སྔགས་རྒྱལ་པོ་བཅུ་པ་བྲི།། རྩིབས་སོགས་བྱོལ་སྔགས་དྲག་པོ་བྲི།། རྟེན་འབྲེལ་སྔགས་དང་མཚོན་ཆ་བྲི།། རབ་ཏུ་གནས་པ་བྱས་ནས་ནི། ། དང་པོ་མ་ཡི་ལུས་ལ་གདགས།། བཙས་ནས་བུ་ཡི་ལུས་ལ་གདགས།། སྲི་ཅན་ལིང་ཁ་བྲིས་བྱས་ལ།། ཟོར་བརྡེག་དྲག་པོའི་མེ་ལ་བསྲེག། ཐལ་བ་ཡང་ནི་ལུས་ལ་བཅང།། སྲི་ཅན་ཁ་བཅིང་རྒྱལ་པོ་ཡིན། ། སྲིའུ་གསོ་བའི་སྐབས་ཏེ་དགུ་པའོ།།།། གཞན་ཡང་མཛེ་འཕྲོ་གཅོད་འདོད་ན།། པདྨའི་དཀྱིལ་འཁོར་མཐའ་ཡས་ལ།། ཆུ་སྣ་ཚོགས་པའི་གཏོར་མ་ཤར།། སྔོ་སྣའི་གཏོར་མ་ལྷོ་རུ་སྟེ།། དཀར་གཏོར་ནུབ་ལ་དམར་གཏོར་བྱང། ། ཟོར་ཀོང་རེ་རེ་སྤེལ་བར་བྱ།། ལྷ་གྲངས་མཉམ་པའི་ནམ་མཁའ་དང།། མདའ་འཕང་ཀུན་ལ་ཤེས་པར་བྱ།། ལོ་གྲངས་མཉམ་པའི་གླུད་བྱས་ལ།། མཐའ་མ་ཚོན་སྐུད་ལྔ་དང་ལྡན། ། གླུད་དང་ཞབས་སུ་བསྐོར་བྱས་ལ།། གཏོར་མ་ཕྱོགས་སུ་གཏང་བར་བྱ།། གཏེར་གཞག་ཞི་བས་བྲིད་བྱས་ལ།། གདོང་ཟོར་ནག་པོས་ཚར་གཅད་ཅིང།། བསྲུང་སྐུད་ལ་སོགས་གདགས་པར་བྱ།། སྐུ་གཉན་གདུག་པའི་འཁྲུན་གཅད་པའོ། ། མཛེ་འཕྲོ་གཅད་པའི་སྐབས་ཏེ་བཅུ་པའོ།།།། དུས་ཀྱི་འཆི་བ་བྱུང་གྱུར་ན།། དམར་གཏོར་བཅུ་གསུམ་པར་བར་དུ།། ཀོང་ཟོར་བཅུ་གསུམ་བསྣོལ་མར་བཤམ།། དྲག་སྔགས་མཁས་པས་བཟློག་པ་བྱ། ། གཏོར་མ་ངར་གླུད་བཅུ་གསུམ་ལྡན།། དེ་དག་སྦྱོར་བ་འཁོར་རེ་ལ།། གཏོར་མ་རེ་རེ་བསྐོར་བྱ་ཞིང།། ཀོང་བུ་རེ་རེ་སྐོར་ཞིང་འཕང།། ལས་ཀྱི་རྣམ་སྨིན་ཚེ་ཟད་བཟློག། ཕྲལ་གྱི་རྐྱེན་ལ་སྨོས་ཅི་དགོས། ། འཆི་བ་བསླུ་བའི་སྐབས་ཏེ་བཅུ་གཅིག་པའོ།།།། རྨི་ལམ་བདུད་ཀྱིས་བསླུས་གྱུར་ན།། ཏིང་འཛིན་སྦྱོར་བ་ལྡན་པ་ཡིས།། བྱོལ་སྔགས་ཤམ་བུར་ལྡན་པ་ཡི།། ཉལ་བའི་སྔགས་ལ་བསྒྱུར་བཟློག་བྱ། ། རྗེས་ལ་བཟློག་པའི་རྟགས་རྣམས་འབྱུང།། གལ་ཏེ་རྟགས་རྣམས་མ་བཟློག་ན།། གདོང་ཟོར་ནག་པོའི་སྦྱོར་བ་བྱ།། རྨི་ལམ་ངན་པ་བཟློག་པའི་སྐབས་ཏེ་བཅུ་གཉིས་པའོ།།།། གང་གི་བྱོལ་པོ་བཟློག་འདོད་པས། ། ཀོང་ཟོར་བཅས་ལ་ཕྱོགས་སུ་བསྒྲིགས།། གཟའ་དང་རྒྱུ་སྐར་ལ་སོགས་པ།། བཟློག་པར་བྱ་བའི་མིང་བྱང་ནི།། རྟ་བོང་རྔ་མོའི་ཁྲག་གིས་བྲི།། བྱ་མོ་ནག་མོའི་སྒོ་ང་ལ།། རྩ་བའི་ལས་སྔགས་བྲི་བ་དང། ། འབབ་ཆུའི་རྡོ་ལའང་དེ་བཞིན་བྲི།། ཀོང་ཟོར་འོག་ཏུ་བྱོལ་པོ་གཞུག། དབལ་ཟོར་རེ་རེ་ཕྱོགས་སུ་འཕང།། ཡུགས་སའི་སྐྲ་ཡི་འུར་རྡོ་ཡིས།། རྡོ་ཟོར་ཕྱོགས་སུ་འཕངས་པ་ཡི།། ཕ་ཚན་གྱི་བྱོལ་པོ་བཟློག་པའི་སྐབས་ཏེ་བཅུ་གསུམ་པའོ། །།། དེ་ནས་རིམས་ནད་བསྲུང་བ་ནི།། ཚོན་སྣ་ལྔ་ཡི་སྲད་བུ་ལ།། བྱོལ་སྔགས་མདུད་པ་རེ་རེ་དང།། སྔགས་ཀྱྀ་ཤམ་བུ་བསྡེབ་པར་བྱ།། བལ་གྱི་ཐུམ་པོ་བཅུ་གསུམ་ཡང།། ཟོར་ཀོང་རེ་རེར་བླུག་བར་བྱད། ། ཕོ་རྒྱུད་མོ་རྒྱུད་དབང་ཆེན་གསུམ།། སོ་སོའི་སྔགས་ལྡན་ཕུར་བུ་གདབས།། གསེར་དང་གླ་རྩི་སོ་སོར་གཏུམ།། གུ་གུལ་ཉུངས་ཀར་བཙན་དུག་བསྲེགས།། ལུས་ལ་བཏགས་པས་སྲུང་བར་བྱེད། ། ཟོར་གྱིས་ཡམས་ནད་ཟློག་པར་བྱེད།། རིམས་དལ་བསྲུང་བའི་སྦྱོར་བའོ།། དལ་ཡམས་རིམ་ནད་བསྲུང་བའི་སྐབས་ཏེ་བཅུ་བཞི་པའོ།།།། བོལ་སོང་དུད་འགྲོ་བསྲུང་བ་ནི།། ཡེ་ཤེས་ལྔ་ལྡན་ཚོན་སྐུད་བསྡེབས། ། མདུད་པའི་ནང་དུ་སྔགས་ཉུངས་གཏུམ།། དྲག་པོ་མི་ཡི་ལས་བྱས་པའི།། ཐལ་བ་ལ་སོགས་ཕུར་དུ་གདགས།། སྔོན་དུ་ཕྱུགས་ཀྱི་གཟུགས་གླུད་གཏང།། གློ་དང་གོར་དང་ཡོར་ལ་སོགས། ། ནད་རྣམས་ཐུབ་པར་ཡང་དག་བཤད།། དུད་འགྲོའི་ནད་རིམས་བསྲུང་བའི་སྐབས་ཏེ་བཅོ་ལྔ་པའོ།།།། གཞན་དང་ལོ་ཏོག་བསྲུང་བ་ནི།། ཟོར་ཀོང་ནང་དུ་སྔགས་བཅུག་ལ།། ཐལ་ཆེན་ཉུངས་ཀར་གྱིས་བྲབ་ཅིང། ། ཕུར་པ་ལ་སོགས་བསྲུང་རྫས་རྣམས།། ཕྱོགས་མཚམས་དབུས་སུ་སྦ་བ་དང།། དབུས་སུ་ཁྱི་ཡི་ཐོད་པ་རུ།། རྫས་དང་དྲག་པོའི་སྔགས་བླུག་སྟེ།། ལྷ་སྲིན་རྣམས་ལ་རྟ་བསྡམ་ལ།། གསེར་སྐྱེམས་ལ་སོགས་གཏང་བར་བྱ། ། དེ་ཡིས་ཐུབ་པ་འགྱུར་བ་ཡིན།། སེར་བ་བསྲུང་བའི་སྐབས་ཏེ་བཅུ་དྲུག་པའོ།།།། གཞན་གྱི་དམག་དཔུང་བཟློག་པ་ནི།། མཚོན་ཆའི་རྩེ་དང་དམག་དཔོན་མིང།། ཟོར་ཀོང་ནང་དུ་བཅུག་ལ་བཟློག། ཟོར་ཀོང་ནང་དུ་སྔགས་དང་རྫས།། བླུག་ལ་དགྲ་ཡི་ཕྱོགས་སུ་འཕང།། དམག་དང་ཇག་པ་ཆོམ་རྐུན་བཟློག། དམག་དཔུང་བཟློག་པའི་སྐབས་ཏེ་བཅུ་བདུན་པའོ།།།། ཤི་ཁ་བྱེ་བ་གཅད་པ་ན།། ཕོ་མོ་དུ་ཡོད་ལོ་གྲངས་ཀྱི། ། གླུད་དང་གཏོར་མ་གཏང་པ་དང།། མཆོད་རྟེན་བརྩིག་པ་ལ་སོགས་བྱ།། ཚོན་སྐུད་ལྔའི་འུར་རྡོ་ཡིས།། ཟོར་རྣམས་རོ་ཁུང་ཐོག་ཏུ་འཕང།། གཏོར་ཟོར་རོ་ཡི་སྟེང་དུ་འཕང།། སྐྲ་དང་སོ་དང་སེན་མོ་དང་རྐང་དྲེག་རྣམས་ལ་ལིང་ག་བྱ། ། བྱད་དགྲོལ་དྲེག་ཕྱིས་ལ་སོགས་བྱ།། དེ་སྟེངས་ཚ་ཚ་མཆོད་རྟེན་བརྩིགས་པས་གནན།། ཤི་ཁ་ཆོད་པར་ཐེ་ཚོམ་མེད།། ཤི་ཁ་གཅོད་པའི་སྐབས་ཏེ་བཅཝ་བརྒྱད་པའོ། །།། ཤྭ་བུད་ཆེན་པོ་བཟློག་པ་ནི།། མཛེ་ཅན་ཐོད་པ་ནག་པོ་རུ།། གདུག་བྱེད་ཟོར་གྱི་ཀོང་བུ་བྲུབ།། གཙུག་ཏོར་ནང་དུ་གཞག་ནས་ཀྱང།། ཁ་ནི་གྱེན་དུ་བསྟན་པར་བྱ།། གཞན་ཡང་ལྟས་ངན་ལ་སོགས་པ། ། གོང་གི་རྫས་དང་མིང་བཅས་པ།། ཟོར་གྱི་ལས་ཀྱིས་འཇོམས་ཤིང་བཟློག། ཤྭ་བུད་བཟློག་པའི་སྐབས་ཏེ་བཅུ་དགུ་པའོ།།།། དེ་ནས་འཇིགས་བྱེད་ཆེན་པོ་ཡིས།། འཇིགས་བྱེད་འབར་བའི་གསང་སྔགས་འདི། ། འབར་བའི་ཀློང་ནས་བཀའ་སྩལ་ཏོ།། ཨོཾ་བཛྲ་ཙི་དུན་རྦད་རྦད། སྙིང་ཁྲག་ཐུན་ཁྲག་རྦད་རྦད། ཐུམ་ཤིག་ཁུག་ལིང་རྦད་རྦད། སྙིང་ཁྲག་དུན་རྨུགས་རྦད་རྦད། ཙེ་ཙེ་ན་རྦད་ཡ་ཡ། སྙིང་ལ་ཡ་ཡ་རྦད་རྦད། པྲ་ཏི་ས་མཉྫུ་རྨུགས། པྲ་ཏི་ས་མཉྫུ་ཆོད་ཆོད། ཁ་ལ་རཀ་ཤ་རྦུད་རྦུད། དུམ་བུ་རག་ཤ་རྦུད་རྦུད། ཙིཏྟ་རཀྴ་རྦུད་རྦུད། ཙཀྲ་རཀྴ་རྦུད་རྦུད། ཙི་ཏ་ཧ་ན་ཧ་ན་རྦད་རྦད། ཤི་ཤི་ན་ཙ་ནེ་རྦད་རྦད། ཙི་པ་ཏ་རྦད། སྲོག་གི་ཛ་པ་ར་བཞི་ཡིས་གསད་པའོ།། ཐི་པུར་ཡ་མ་ཤག་ཏེ་བྷྱོ་ཐི་བུར་ཡ་མ་ཙནྟྲ་བྷྱོ། ཐི་པུར་ཡ་མ་ར་ཏི་བྷྱོ། ཐི་བུར་ཡ་མ་ར་ཏྲི་བྷྱོ། སྲོག་བདག་བཞི་ཡི་བཟློག་པའོ།། ས་མ་ཡ་ཨ་ཏི་ཀྲ་མ་ནི་མཱ་ར་ཡ་བཟློག་བཟློག། གདོང་བཟློག་གོ། ཨ་པ་ར་ཧི་ཆེ་གེ་མོ་རཀྵ་པུ་ཏྲ་རཀྵ་རཀྵ། བདག་གཞན་བསྲུང་བའོ།། ནཱ་ག་ཙིཏྟ། ནཱ་ག་ཨ་པ་ར་ནཱ་ག་ཤིག་བཟློག་བྱེར། མཛེ་འཕྲོ་གཅད་པའོ།། ར་ཛ་ཙ་ཏང་ཨ་པར་ཤ་ཡ། སྲིའུ་བསྲུང་བའོ།། ཨ་ནརི་སུ་ཧྲ་ཤིག། ཕྱོགས་བསྲུང་བའོ།། བ་ནི་རུ་ཏྲ་བཟློག་བྱེར་ཡམ། བི་ཤ་མཱ་ར་ཡ། བྷ་རི་ཤ་ཨུར་ན་མི་ནི་བྷྱོ། ཤྭ་དང་སེར་བ་བསྲུང་བའོ།། མཱ་ར་ཡ་ཨ་བ་ར་ན་ཆེ་གེ་མོ་བཟློག། བྱོལ་པོ་བཟློག་པའོ། ། མནྟྲ་མུན་ཏྲ་ས་མནྟ་རུ་ཏྲ་རཀྵ་མན་བཟློག་བཟློག། སྔགས་པ་ནང་འགྲས་པ་བཟློག་པའོ།། མ་ར་ནི་ཛི་བེན་ཏྲ་ཡ། འཆི་བདག་བཟློག་པའོ།། དུ་ན་ནན། ས་དུ་ནན། སྙིང་དུ་ན་ནན། པྲི་དུ་རྦད། ཁ་ཐུན་རྦད། ཙི་ཏ་ནི་ཤ་ཀུ་ལུ་རྦད། མོ་ཧ་ནི་སྟམ་བྷ་ཡ་ནན། སས་སྟིབ། མེས་ཚིག། ཆུས་སྐྱུར། རླུང་ཡེན། ཁ་རི་བལྡག་རྣ་རི་ཙི་རི་སྟིབ། སྟོབས་གནན་པའོ། ཞེས་གསུངས་སོ།། སྔགས་ཀྱི་འཕྲེང་བ་བསྟན་པའི་སྐབས་ཏེ་ཉི་ཤུ་པའོ། །།། དེ་ནས་འཇིགས་བྱེད་ཆེན་པོ་ཡིས།། འཇོམས་བྱེད་འབར་བ་ཆེན་པོ་ནི།། ཐུགས་དམ་གནད་ནས་བསྐུལ་བར་བཤད།། ཧཱུ~ཾ། འཇིགས་བྱེད་འཇོམས་བྱེད་འབར་བ་ནི།། ཞལ་གསུམ་ཕྱག་དྲུག་འབར་བའི་གཟུགས། ། ཞབས་བཞི་འཛམ་བུའི་གླིང་བཞིར་བགྲད།། སྐུ་མདོག་མཐིང་ནག་འབར་བ་ལ།། འོད་ཟེར་འཇིགས་ཚུལ་སྣ་ཚོགས་འཕྲོ།། དབུ་སྐྲ་ཁམ་ནག་གྱེན་དུ་འཁྱིལ།། ཁམས་གསུམ་ཟ་བྱེད་ཞལ་གསུམ་ནི། ། དབུས་མ་སྨུག་ནག་བགྲད་པའི་ཞལ།། གཏི་མུག་ཤ་ལ་ཀམ་ཀམ་ཟ།། གཡས་པ་མཐིང་ནག་མཆེ་གཙིགས་ཞལ།། ཞེ་སྡང་རུས་པ་ཆེམ་ཆེམ་ཟ།། གཡོན་པ་དམར་ལ་ལྕེ་འབུར་ཞལ།། འདོད་ཆགས་ཁྲག་ལ་ཅིབ་ཅིབ་འཐུང། ། རྒྱུད་དྲུག་སྒྲོལ་མཛད་ཕྱག་མཚན་དྲུག། མཚོན་ཆ་འབར་བས་དགྲ་སྲོག་གཅོད།། ཞབས་བཞི་གྱད་ཀྱི་དོར་སྟབས་ཀྱིས།། སྐྱེ་འཆི་རྩད་གཅོད་ལྷ་བཞི་གནོན།། དམ་ཉམས་བསྒྲལ་བའི་གདན་ལ་བཞུགས། ། སྐུ་ལ་དུར་ཁྲོད་རྒྱན་གྱིས་བརྒྱན།། བསྐལ་པའི་མེ་དཔུང་ཀློང་ན་བཞུགས།། འཇིགས་བྱེད་ནག་པོའི་ཚོགས་ཀྱི་དབུས་ན་འགྱིང།། འཇོམས་བྱེད་ནག་པོའི་ཚོགས་ནི་སྤྲིན་ལྟར་གཏིབས།། གསོད་བྱེད་ནག་པོའི་ཚོགས་ནི་ཕོ་ཉར་འགྱེད། ། ཟ་བྱེད་ནག་པོའི་ཚོགས་ནི་བྲན་ལྟར་འཁོལ།། ཐུགས་དམ་དུས་ལ་བབ་ཀྱིས་གཤེགས་སུ་གསོལ།། ཆེ་མཆོག་ཡ་མཱནྟ་ཀའི་བཀའ་བྱུང་གིས།། དམ་རྫས་བདུད་རྩི་འབར་པ་འདི་གསོལ་ལ། ། ཐུགས་དམ་རྒྱུད་བསྐུལ་བཅོལ་བའི་འཕྲིན་ལས་མཛོད།། དེ་ནས་བཟློག་པའི་ཕོ་ཉ་གཏང།། ཧཱུ~ཾ། ང་ནི་འཇིགས་བྱེད་གཤིན་རྗེ་གཤེད།། ལུས་ལ་མེ་ཡི་འོད་འཕྲོ་ཞིང།། གཡས་པ་དབྱུག་ཐོས་མ་མོ་དབང་དུ་སྡུད། ། གཡོན་པ་མེ་ཡི་འཁོར་ལོ་ཡིས།། ཐུན་དང་ཕུར་ཁ་སྔགས་ཟོར་བཟློག། ང་ནི་སྔགས་འཆང་རྒྱལ་པོ་སྟེ།། ཕུར་ཟོར་བཟློག་པའི་དབང་ཕྱུག་གཙོ།། མདའ་ཟོར་ཁྲག་ཟོར་གཏོར་ཟོར་དང། ། དུག་ཟོར་བལ་མོའི་རྡོ་འཕེན་དང།། གཙོ་རུ་བྱོལ་ཟོར་བཟློག་པའི་བདག། གདོན་དང་ནད་དང་མི་མཐུན་ཕྱོགས།། ཐམས་ཅད་བཟློག་པའི་རྒྱལ་པོ་ཡིན།། སྔོན་ལྟ་བཟློག་པ་གང་ནས་བྱུང།། གདོང་ཟོར་ནག་པོ་གང་ནས་བྱུང། ། ཟོར་བཟློག་ནག་པོ་སུ་ཡིས་མཛད།། རྒྱལ་བ་ཤཱཀྱ་བྱང་ཆུབ་ལ།། ནག་པོ་བདུད་ཀྱི་དཔུང་ཆེན་དང།། སླུ་བྲིད་བདུད་མོའི་རྫུ་འཕྲུལ་དང།། ལྷ་སྦྱིན་བདུད་ཀྱི་ཆད་པ་བྱུང།། དཔའ་བོ་ཁྲོས་པོའི་ཆ་བྱད་ཀྱིས། ། ཁྲག་གི་ཟོར་ཀོང་བརྒྱབ་པའི་ཚེ།། གདུག་བྱེད་སྔགས་ཀྱི་བྱོལ་ཟོར་བརྒྱབ།། བདུད་ཀྱི་དཔུང་ཆེན་བྱུང་བ་བཟློག། བདུད་མོའི་སླུ་བྲིད་ཆོ་འཕྲུལ་བཟློག། ལྷ་སྦྱིན་བདུད་ཀྱི་ཆད་པ་བཟློག། ཡང་དག་སངས་རྒྱས་གདུང་མ་ཆད། ། སྔོན་ལྟའི་བཟློག་པ་དེ་ནས་བྱུང།། ད་ལྟ་བཟློག་པ་འདི་ལྟར་བཟློག། སྔགས་འཆང་རྣལ་འབྱོར་བདག་ཅག་ལ།། མ་མོ་འབུམ་གྱི་དལ་ཁ་དང།། བདུད་ནག་འབུམ་གྱི་ཁྲམ་ཁ་དང། ། བཙན་དམར་འབུམ་གྱི་ཤད་དྷེའུ་དང།། གཤིན་རྗེ་འབུམ་གྱི་ཆད་པ་དང།། ལྷ་ཆེན་གདུག་པའི་ཡུལ་ངན་དང།། ལྷ་མ་ཡིན་གྱི་རྒྱུ་ཐབས་དང།། ས་བདག་ཀླུ་ཡི་བྱད་ཁ་དང།། འཕྲ་མེན་མ་ཡི་ཉེ་འབྱེད་བཟློག། ངན་སྦྱོར་བསམ་པ་ངན་པ་དང།། སྦྱོར་བ་རྩུབ་པ་ཐམས་ཅད་ཟློག། ཅེས་བཟློག་པའི་འཕྲིན་ལས་གཙོར་བྱའོ།། སྲིན་པོ་གདོང་ཟོར་གཤིན་རྗེ་ནག་པོའི་ལུང།། འཕྲིན་ལས་གནད་ནས་བསྐུལ་བའི་སྐབས་ཏེ་ཉི་ཤུ་གཅིག་པའོ། །།། སྲིན་པོ་གདོང་ཟོར་གཤིན་རྗེ་འཇོམས་བྱེད་འབར་བའི་རྒྱུད་ཅེས་བྱ་བ་རྫོགས་སོ།།།། སྣུབས་སངས་རྒྱས་ཡེ་ཤེས་རིན་པོ་ཆེས་བསྒྱུར་པའོ།།།།
CLOSE WINDOW