CLOSE WINDOW

Gpb041.004: རྡོ་རྗེ་ཉི་མཁག་འཐུང་གི་རྒྱུད
Wylie

།།། རྒྱ་གར་སྐད་དུ། བཛྲ་མ་སཱུརྱ་རཀྟ་ཏནྟྲ། བོད་སྐད་དུ། རྡོ་རྗེ་ཉི་མཁྲག་འཐུང་གི་རྒྱུད།། བཅོམ་ལྡན་འདས་དཔལ་ཡ་མན་ཏ་ཀ་ལ་ཕྱག་འཚལ་ལོ།། རྡོ་རྗེ་ཉི་མ་ཁྲག་འཐུང་གིས། ། འོད་ཟེར་འཕྲོས་པས་དུག་ལྔ་སྒྲོལ།། རྡོ་རྗེ་ཉི་མ་དབང་དྲག་འབར།། རྡོ་རྗེ་ཉི་མ་སྐུ་གཏུམ་ཚོགས།། དེ་ནི་སྐུ་ཡི་སྤྲུལ་པར་བཤད།། རུ་དྲའི་ཁྲག་ལས་གྲུབ་པ་ནི།། རྡོ་རྗེ་བསེ་ཡི་ལྟ་མོ་བཞི།། ཁྲོས་པས་སྲིད་གསུམ་སྒྲོལ་བར་མཛད། ། འདི་ནི་གསུང་གི་སྤྲུལ་བར་བཤད།། ཕ་བདུད་མ་ཀླུ་གཉིས་ལས་བསྐྱེད།། གདུག་པ་བསེ་ཡི་ལྕམ་དྲལ་ཚོགས།། ཡས་ཕྱིན་བསེ་ཕྱིན་དེ་ཕྱིན་ཕག་ཕྱིན་མར་ཁུ་སྦྲང་རྩི།། ཁྲག་ཞག་འོ་མའི་མཚོ། ། ཀུ་མ་ད་རི། ཀྴུ་ལ་ད་རི། ཙ་མུན་ད་རི། ཀཾ་ཀ་ད་རི། ཆེན་མོ་བཞི།། བློན་མོ་འཁོར་དང་བཅས་པ་ཡིས།། བདུད་དང་གཟའ་དང་བཙན་དང་ཀླུ་དང་བཞི།། བསྒྲལ་ཏེ་ཡུལ་དང་མཚོ་དང་རྟ་ཕྲོགས་པས།། འདུལ་བའི་ལྷ་མོ་ཆེན་མོ་བཞི། ། ཕུར་བུའི་བསྲུངས་མར་དམ་བཅས་ཤིང།། གཤིན་རྗེའི་སྒོ་མར་ཁས་བླངས་ཤིང།། རྣལ་འབྱོར་བསྲུངས་མར་ཞལ་འཆེས་པ།། རྡོ་རྗེ་བསེ་ཡི་ལྷ་མོ་བཞི།། འདི་སྒྲུབ་པ་ལ་དོན་གསུམ་སྟེ། ། སྐུ་དང་གསུང་དང་ཐུགས་ཀྱི་གཏེར།། སྒྲུབ་པའི་སྙིང་པོ་བསྟན་པར་བྱ།། གླེང་གཞིའི་ལེའུ་སྟེ་དང་པོའོ།།།། དང་པོ་སྐུ་ཡི་སྒྲུབ་པ་བཤད།། གནས་དང་ས་གཞི་བཟུང་བ་དང།། ཕྱི་མཚམས་སྲུང་ཞིང་ནང་མཚམས་གཅད། ། དཀྱིལ་འཁོར་མཐིང་ནག་གྲུ་གསུམ་ལ།། དབང་གི་ཟླ་གམ་གསུམ་གྱིས་བསྐོར།། ཕྱི་རིམ་ཟླ་གམ་དམར་ནག་བརྒྱད།། ཐོད་པའི་འཕྲེང་བས་རྣམ་པར་མཛེས།། མེ་དཔུང་སྒོ་བཞིར་བྲི་བར་བྱ།། ལྷ་དང་སྦྱར་ཏེ་ཕུར་པ་དགོད། ། བསེ་ཕོར་དམར་པོ་སྲུབས་མེད་བཞིར།། བསེ་མོའི་དམ་རྫས་དགོད་པར་བྱ།། དཔལ་གྱི་གཏོར་མ་བརྒྱན་དང་ལྡན།། བྱང་ཤར་ལས་ཀྱི་འབྲུབ་ཁུང་དུ།། ཆེ་གེ་མོ་ཡི་ལིང་ག་བཅའ།། དེ་ནས་འབར་བའི་དཀྱིལ་ལ་འཁོར་བསྐྱེད། ། འཛབ་རྫོགས་འཕྲིན་ལས་དྲག་ཏུ་བཅོལ།། དེ་ནི་སྐུ་ཡི་སྒྲུབ་པར་བཤད།། སྐུའི་སྒྲུབ་པའི་ལེའུ་སྟེ་གཉིས་པའོ།།།། དེ་ནས་གསུང་གི་སྒྲུབ་པ་ནི།། དཀྱིལ་འཁོར་གྲུ་གསུམ་རྒྱས་པ་ནི། ། ཕྱོགས་བཞི་ཟླ་གམ་བཞི་པོ་ལ།། རྩ་བའི་སྙིང་པོར་བྲི་བར་བྱ།། དེ་ཡི་བར་ཁྱམས་ཟླ་གམ་ནག་པོ་ལ།། བརྣག་པའི་ཐུན་སྔགས་བྲི་བར་བྱ།། དེ་ཡི་ཕྱི་རིམ་ལྗང་ཁུ་ལ།། དགུག་པའི་དྲག་སྔགས་བྲི་བར་བྱ། ། སྒོ་བཞིའི་རྩ་བའི་ཐུན་སྔགས་བྲི།། དེ་ནས་ཝ་ཐོད་དམར་པོ་བཞིར།། རྩ་བའི་སྔགས་དང་ཆེ་གེ་མོ།། སྤེལ་ཞིང་བྲིས་ལ་ཟླ་གམ་དབུས་སུ་གཞུག། བདག་ཉིད་རྩ་བའི་ཡི་དམ་ལྷར།། ཡུད་ཙམ་གསལ་བའི་ཐུགས་ཁ་ནས། ། ཛ་ལས་ཁྲོས་བའི་ལྷ་མོ་བཞི།། དམར་མོ་སྦྲུལ་གྱི་རལ་པ་ཅན།། ཕུར་པ་གཡས་ལ་ལྕགས་ཀྱུ་གཡོན།། དེ་འདྲ་བཞི་རུ་གསལ་བ་དང།། སྲོག་གི་སྙིང་པོ་འདི་དག་ལས།། ཨོཾ་སུ་ཏྲི་བ་ཡ། བ་ར་ཙིཏྟ་ཡོ་ཏྲི་ཤོ་རི། ཡ་མ་ཙིཏྟ་ཧཱུ~ཾ་ཕཊ་སྭཱཧཱ། ཟླ་གམ་དམར་པོའི་སྔགས་སུ་ཤེས།། དེ་ནས་ཟླ་གམ་ནག་པོ་ཡི།། ཨོཾ་ཀྱི་ཁྲིད་ར་ཁྲིད་རོ་ལ་ཁྲག་འཐུང། ཀང་ཀཾ་ཀེཾ་ཀེང་ཀཾ་ཀ་ཡ། ཙིནྡྷ་མ་ལ་རོ་ལ་ཁྲག་འཐུང། ཀཾ་ཀཾ་ཀེཾ་ཀེཾ་ཀཾ་ཀ་ཡ། སྙིང་ཟ་བའི་ཙིཏྟ་ལ་མར་ཤ་རོ་ལ་ཁྲག་འཐུང། ཀཾ་ཀཾ་ཀེཾ་ཀེཾ་ཀཾ་ཀ་ཡ། ཨ་ཏང་པར་ལ་ཏོ་ཤ་ལ་ཀྱི་ཀྱི་ཧི་ཧི་ཧཱུ~ཾ་ཕཊ་རྦད། ཙ་ཙ་ར་ཛ་ཛ་རྦད། བསེ་མོའི་སྐུ་མདོག་ནག་མོར་སྒོམ།། ཕྱོགས་བཞིའི་སྔགས་རྣམས་མ་ནོར་བར། ། དེ་ནས་ཟླ་གམ་ལྗང་ཁུ་ཡི།། ཨོཾ་ཙི་བི་རི་ཙཀྲ་པ་ན་ས་མ་ཡ། ཚལ་པ་ཨ་ནརྀ་ཏྲི་མཱ་ར་ཡ་ཨཾ་གུ་ཤ་ཛ་ཛ། ན་ག་མཱ་ར་ཡ། ཚལ་པ་ཨ་ནརི་ཏྲི་མཱ་ར་ཡ་ཨ་གུ་ཤ་ཛ་ཛཱ། ཤུ་ཤུ་རཀྴ་ཡ་ཚལ་པ་ཨ་ནརི་ཏྲི་མཱ་ར་ཡ། ཨཾ་གུ་ཤ་ཛ་ཛཱ། ཨ་བེ་ཤ་ཡ་ཚལ་བ། ཨ་ནརི་ཏྲི་མཱ་ར་ཡ། ཤ་ཨཾ་གུ་ཤ་ཛཱ་ཛཱ། བསེ་མོའི་སྐུ་མདོག་ལྗང་ཁུར་བསམ།། སྔགས་ནི་བརྒྱ་འམ་རྩ་བརྒྱད་བཟླས།། ཝ་ཐོད་དུག་རྫས་ཁྲག་གིས་བཀང་བ་བཞིར། ། རྩ་བའི་ཐུན་སྔགས་འདི་ཡིས་འཕང།། ཨོཾ་སུ་ཏྲི་མཱ་ར་ཡ་ཐུན་ཡཾ། བ་ར་ཙིཏྟ་ཏུན་ཡཾ། ཡོ་ཀི་ཤྭ་རི་ཐུན་ཡ། ཡ་མ་ཙིཏྟ་ཐུན་ཡ། བཛྲ་མ་ཧཱ་ཡཀྴ་ཐུན་ཡ། སྒོ་ཐུན་བཞི་ནི། ཤར་དུ་མདའ་ལ་ལྷོ་རུ་རྡོ།། ནུབ་ཏུ་ཁྲག་ལ་བྱང་དུ་ཚ། དབུས་ཀྱི་ཕུར་བ་བཅུ་བདུན་དང།། སོ་སོར་གདབ་པའི་ཕུར་པ་བཞི།། སྤྱི་རུ་དྲག་ཏུ་བཟླས་པ་ནི།། མཱ་ར་ཡ་ཐོད་པ། ཏ་ཀི་ནི་ལ་ཐོད་པ། སྙིང་ལ་ཡ་ཐོད་པ། རྣམ་ཤེས་མཱ་ར་ཡ་ཐོད་པ། གཟུགས་ཕུང་མཱ་ར་ཡ་ཐོད་པ། ། འཁོར་བཅས་མཱ་ར་ཡ་ཐོད་པ། དུན་ཏིང་མཱ་ར་ཡ་ཐོད་པ། འདི་ནི་ཐོད་པ་གཉིས་ལ་བསྔག། ཨོཾ་ར་ག་རགྟ་མཱ་ར་ཡ་ཐུན། ཙི་བི་རི་ཐུན། སྲ་མ་ཨ་ནརི་ཏྲི་ཐུན། ནཱ་ག་མ་ཐུན། ཀྴུ་ཀྲི་ཀ་རི་ཐུན། འདི་དུག་རྫས་ཉིད་ལ་བསྔག། དེ་ནས་སྒྲུབ་པ་ཐོན་ཀའི་ལས་ཀྱི་རིམ་པ་ནི། དབུས་ཀྱི་ཕུར་པ་བཅུ་བདུན་ནི།། འབྲུབ་ཁུང་དུ་སུ་ཏྲིའི་སྔགས་ཀྱི་བཏབ་ལ། དེ་ནས་ཝ་ཐོད་སྤྱན་དྲངས་ཏེ།། ཤར་གྱི་ཝ་ཐོད་སྤྱན་དྲངས་པ། ། ཀུ་མ་ད་རི་ས་མ་ཡ་ཛ། དེ་ལས་སུ་ཏྲི་རྩ་བརྒྱད་ལས།། དེ་ནས་ནག་པོའི་སྟེང་དུ་གཞག། ཀྱི་ཁྲིད་རྩ་བརྒྱད་བཟླས་པར་བྱའོ།། དེ་ནས་ལྗང་ཁུའི་སྟེང་དུ་གཞག། ཙི་བི་རི་ཙཀྲ་བཟླས་པ་བྱའོ།། དེ་ནས་སྒོ་ཐུན་དང་མཚམས་གཅད་པ་བསྲེས་ལ། ཐུན་སྔགས་བཟླས། དེ་ནས་འཕངས་ན་དགྲ་བོ་བརླག། དེ་ཡིས་ཕྱོགས་གཞན་འདྲེ་བར་བྱ།། དེ་ནས་སླར་ལ་སྒྲུབ་པ་བྱེད་འདོད་ན།། ཝ་ཐོད་ནང་དུ་མིང་རུས་གཞུག། ཚོན་སྐུད་སྔོ་དམར་ཉིད་ཀྱིས་བཅིང། ། བདག་ཉིད་དགོངས་པ་གསལ་བ་དང།། སུ་ཀྲིའི་སྙིང་པོ་སྟོང་སྟོང་བཟླས།། ཡང་ན་འཕྲིན་ལས་རྣམ་པ་བཞི།། ཤར་གྱི་ཐོད་པ་གཏའ་རུ་བཟུང།། ལྷོ་ཡི་ཐོད་པར་སྦྱིན་སྲེག་བྱ།། ནུབ་ཀྱི་ཐོད་པ་ཀླུ་ལ་གཏད། ། བྱང་གི་ཐོད་པ་སྲི་རུ་གནན།། ལྷ་ལ་བྱས་ཀྱང་གདོན་མི་ཟ།། འདི་ནི་གསུངས་གི་བསྒྲུབ་པའོ།། གསུང་གི་སྒྲུབ་པའི་ལེའུ་སྟེ་གསུམ་པའོ།།།། དེ་ནས་ཐུགས་ཀྱི་སྤྲུལ་པ་བཤད།། འདི་ནི་འཕྲིན་ལས་ཟབ་མོའི་ལུང། ། མན་ངག་ཐུགས་ཀྱི་སྒྲུབ་ཐབས་ཏེ།། དཀྱིལ་འཁོར་དབུས་མཐིང་ནག་གྲུ་གསུམ་ཧོམ་ཁུང་ཅན།། གྲུ་གསུམ་བར་ཁྱམས་བཞི་པར་བྱས་པ་ལ།། ཟླ་གམ་བཞི་སྐོར་སྒོ་བཞི་གཞུང། ། དབུས་སུ་ལྕགས་ཕུར་ཉིད་ལ་ནི།། ཡ་མཱན་ཏ་ཀ་དགོད་པར་བྱ།། ཟླ་གམ་བཞི་ལ་སེང་ལྡེང་ཕུར་པ་བཞི།། རྩ་བའི་སྙིང་པོ་བྲིས་ལ་དགོད་པར་བྱ།། རྩ་རུ་གདབ་ཕུར་བཞི་ཡང་གཟུགས།། སྒོ་བཞིར་སེང་ལྡེང་ཕུར་པ་བཞི། ། གཞན་ཡང་བསེ་ཕོར་དངུལ་ཕོར་མཛོ་རུ་བ་མེན་རྭར།། སོ་སོའི་དམ་རྫས་དགོད་པར་བྱ།། རུ་སྐྱོགས་ལ་ནི་སྤྱན་དྲངས་ལ།། མ་མོ་རྣམས་ལ་མཆོད་པ་བྱ།། བསེ་ཕོར་ཁ་སྦྱར་ནང་དུ་ནི།། མི་ཁྱི་ར་དང་ཕག་གི་ཁྲག། བླུག་ལ་ཧོམ་ཁུང་གྲུ་ལ་གཞག། སྨྱུག་མ་ཚིགས་ལྔ་རྟེན་དུ་བཅའ།། བྱང་ཤར་འབྲུབ་ཁུང་ནག་པོ་རུ།། ཙ་ར་རོག་པོ་ཏེ་དཀར་ལ།། རྣམ་ཤེས་བརྒྱད་ལ་མཚན་བྱང་བརྒྱད།། བརྣག་པའི་རྫས་སུ་གཞག་པར་བྱ། ། དང་པོར་སྣང་ལ་རང་བཞིན་མེད་པར་སྒོམ།། གཉིས་ལ་ཁྱབ་པའི་ཏིང་ངེ་འཛིན།། གསུམ་པ་མཚོན་པའི་ཧཱུ~ཾ་ལས་ཀྱང།། དབང་ཆེན་རིམ་པ་ཆགས་པ་དང།། བདག་ཉིད་ཡ་མཱན་ཏ་ཀ་དང།། དབུ་གསུམ་སྔོ་སྐྱ་མཐིང་དང་ལྗང་བའི་ཞལ། ། ཕྱག་དྲུག་བེ་ཅོན་དགྲ་སྟ་རལ་གྲི་བསྣམས།། སྡིགས་མཛུབ་རྔེའུ་ཆུང་དྲིལ་བུ་ཐོད་རློན་གཡོན།། ཞབས་དྲུག་བདུད་དང་མ་ཧེ་གདན་ལ་བརྐྱང་བསྐུམ་ཚུལ།། ཁྲོ་བོའི་རྒྱན་ཆ་བདུན་དང་ལྡན་པར་སྒོམ། ། བདག་ཉིད་ཀྱི་ནི་ཐུགས་ཁ་ནས།། མ་དང་ཛ་ལས་སྤྲོས་པ་ནི།། སྦྱོར་སྒྲོལ་ཡུམ་གཉིས་སྐུ་ལ་འཁྲིལ་བར་བསམ།། ཡབ་ཡུམ་སྦྱར་བའི་བྱིན་རླབས་ལས།། བདག་ཉིད་ཐུགས་ཁར་ཡི་གེ་ཧཱུ~ཾ། ། དམར་ནག་རབ་ཏུ་འཚེར་བ་ལས།། བཛྲ་ཡཀྴ་མ་རུ་རྩེ་དུན་དུན། ཅེས་བརྗོད་པས།། སྒྲོལ་གིང་གི་བདག་པོ་མ་རུ་ཙེ།། སྐུ་ཆེ་ལ་ཡན་ལག་རགས་པ་ནི།། དམར་ནག་མདོག་ལ་སྤྱན་གསུམ།། བེ་ཅོན་གཡས་ལ་སྡིགས་མཛུབ་གཡོན། ། རལ་པའི་ཐོར་ཚུགས་སྦྲུལ་གྱིས་བཅིངས།། བདུད་ཀྱི་གདན་ལ་བརྐྱང་བསྐུམ་ཚུལ།། སྒྲོལ་གིང་ཉིད་ཀྱི་ཐུགས་ཁ་ནས།། མ་ལས་ཁྲོས་པའི་ལྷ་མོ་ནི།། ཀུ་མ་ད་རི་ཧཱུ~ཾ་བྷྱོ། ཤར་དུ་རྡོ་རྗེ་ཡན་བྱིན་བསྐྱེད། ། ཀྴུ་ལ་ད་རི་ཧཱུ~ཾ་བྷྱོ། ལྷོ་རུ་རྡོ་རྗེ་བསེ་བྱིན་བསྐྱེད།། ཙ་མུན་ད་རི་ཧཱུ~ཾ་བྷྱོ། ནུབ་ཏུ་རྡོ་རྗེ་དེ་བྱིན་བསྐྱེད།། ཀཾ་ཀ་ད་རི་ཧཱུ~ཾ་བྷྱོ། བྱང་དུ་རྡོ་རྗེ་ཕག་ཕྱིན་བསྐྱེད།། རྒྱུན་གྱི་འཛབ་ཏུ་དྲངས་པ་ནི།། ཐུགས་ཀྱི་ཡང་སྙིང་ལ། ཨོཾ་ས་མ་ཡ། ཤྲཱི་མཉྫུ་ཡ་མཱནྟ་ཀ། ཡ་མ་རཱ་ཛ། མ་མ་ཨེ་ཀ་ཛ་ཏི་ཛ་ཛ། ཏྲག་རག་ཤ། ཁ་མུན་ཏྲ། རུ་ལུ་རུ་ལུ་ཧཱུ~ཾ་བྷྱོ། ནུབ་རེ་ལ་སྟོང་སྟོང་ཚང་བར་བཟླས་སོ།། ཨོཾ་ཤྲཱི་མཉྫུ་ཡ་མ་རཱ་ཛ་ས་ཏོ་མེ་ཡ། ཡཾ་ཡཾ་ཐུཾ་ཐུཾས་གཤིན་རྗེ་ནག་པོའི་སྙིང་ཁྲག་ལ་དུན་བྷྱོ། མ་རུ་རྩེ་རྩལ་ཧུར་ལྕུགས་ལ་ཐུམ་སྲོག་ལ་ཡཾ་ཡཾ་ཛ་ཛ། སྟོང་དྲངས། མོན་མོ་རྩ་བའི་སྙིང་པོ་ལ།། ཨོཾ་སུ་ཏྲི་བ་ཡ། བ་ར་ཙིཏྟ་ཡོ་ཀྲི་ཤ་ར། ཡ་མ་ཙིཏྟ་ཧཱུ~ཾ་ཕཊ། རྩ་བའི་སྙིང་པོ་སྟོང་སྟོང་ས་ཡ་དྲང་ངོ། ། བསམ་རྒྱུད་ནི་གཟན་པ་པོ་ལ་བཏང། བརྣག་པའི་ཐུན་ནག་བལ་མོའི་ངན་སྔགས་ལ། ཨོཾ་ཁྱི་ཁྲིད་ར་ཁྲིད་མི་རོ་ལ་ཁྲག་འཐུང། ཀཾ་ཀཾ་ཀེཾ་ཀེཾ་ཀཾ་ཀ་ཡ། ཙིནྡྷ་མ་ལ་རོ་ལ་ཁྲག་འཐུང། ཀཾ་ཀཾ་ཀེཾ་ཀེཾ་ཀཾ་ཀ་ཡ། སྙིང་ལ་ཟ་བའི་ཙིཏྟ་ལ་མཱ་ར་ཡ། རོ་ལ་ཁྲག་འཐུང། ཀཾ་ཀཾ་ཀེཾ་ཀེཾ་ཀཾ་ཀ་ཡ། ཏང་བར་ལ་ཏོ། ཤ་ལ་ཀྱི་ཀྱི་ཏི་ཏི་ཧཱུ~ཾ་ཕཊ་རྦད། རྩ་ཙ་རཱ་ཛ་རྦད། ཤ་རུས་ཟ་བའི་སྙིང་པོ་སྟེ། ཕྱག་རྒྱ་བཅས་ལ་ལིང་གའི་སྤྱི་བོར་གཏུགས་ལ་བཟླས་རྒྱུན་དུ་ཡང་དྲང་ངོ། ། དེ་ནས་ལས་དྲག་པོའི་བྱ་ཐབས་ནི། རོ་ཙས་རས་ལ་ལིང་ག་བྲི།། དཔྲལ་བར་མིང་ལ་སྙིང་ཁར་རུས་དང་བྲི།། གཡས་སུ་མ་ར་ཡ་བྲི།། གཡོན་དུ་མ་ར་ནི་བྲི། ། མངོམས་སུ་མ་ར་ད་བྲི།། མགོ་བོ་མ་ར་ཛ་ཡིས་བསྐོར།། དུར་ཁྲོད་ཐོད་པ་དག་དང་སྦྲེལ།། ཕྱི་རོལ་དག་ཏུ་སྦས་ནས་ཀྱང།། ཐུགས་དམ་རྒྱུད་བསྐུལ་ཕོ་ཉ་གཏང།། འགུགས་པའི་སྙིང་པོ་འདི་དག་གྲངས།། དགྲ་བོ་ནི་ནརི་ཤ་ཁུ་རུ་ནི་ཛ་ཛཱ། ཞེས་བཟླས་པ་ནི་དྲག་ཏུ་དགུག། དེའི་དུས་སུ་སྔགས་པ་ཆས་སུ་འཇུག་སྟེ། དར་ནག་ཐོད་བཅིང་མེ་ལོང་གདགས།། འཁོར་ཡང་ཆས་སུ་གསལ་ལ།། གྲ་བོ་དགུག་པའི་ལས་བྱ།། དེ་ནས་ཁུགས་པ་དང། ལྷ་དང་དབྱེ་བའི་ལས་བྱས་ཏེ། གུ་གུལ་ལ་སོགས་པའི་དུད་པས་བདུག་ཅིང། སྔགས་འདི་བཟླས་སོ།། ཨོཾ་ལང་ཀུ་ས་མ་ཡ་དུ། ཧུ་ལུ་ལིང། མྱོས་ན་རྒྱལ་ཁ་གཟེར་ག་རྣ་ཡ། ཞེས་བཟླས་སོ།། དེ་ནས་བྱ་རོག་དང་རུ་གཡས་པ་དང། འུག་པའི་དང་རུ་གཡོན་པས་དབྱེ། ཨ་ནིར། ཏྲག་རཀྴ་མཱ་ར་ཡ་ཕྱེ། ཞེས་བཟླས་སོ།། དེ་ནས་སེང་ལྡེང་དཔྱུག་པས་བཏགས་པ་ནི།། ཨོཾ་ཙི་པ་སྭཱཧཱ། ཀ་རུ་ཧཱུ~ཾ་ཕཊ། ཅེས་བཏག། དེ་ནས་དྲག་པོའི་ངན་སྔགས་བརྡེག། ཉུངས་ཀར་ཉུངས་ནག་སྐེ་ཚེས་བརྡེག། ལུས་ནི་ལྷ་ཡི་དཀྱིལ་འཁོར་སྒོམ།། སྲིང་མོས་བཀུག་ཅིང་མིང་པོས་སྒྲོལ།། ཨོཾ་ཙི་པི་རི་ཙཀྲ། བ་ན་ས་མ་ཡ། ཚལ་བ་ཨ་ནི་ཏྲི་མཱ་ར་ཡ། ཨཾ་གུ་ཤ་ཛ་ཛ། ནཱ་ག་མ་རཱ་ཛ། ཚལ་པ་ཨ་ནརི་ཏྲི་མཱ་ར་ཡ། ཨཾ་གུ་ཤ་ཛ་ཛ་ཛ། ཤུ་ཤུ་རཀྴ་ཡ། ཚལ་པ་ཨ་ནརི་དྲི་མ་ར་ཡ། ཨཾ་གུ་ཤ་ཛ་ཛ་ཛ། ཨ་བེ་ཤ་ཡ། ཚལ་བ་ཨ་ནརི་ཏྲི་མཱ་ར་ཡ། ཨཾ་གུ་ཤ་ཛ་ཛ། ཞེས་བཟླས་སོ།། བསེའི་ལྷ་མོས་བཀུག་པར་བསམ་ལ། མིང་པོའི་སྔགས་ཀྱིས་གདབ་སྟེ། ཨོཾ་ཏྲི་ལིང་ཤང་ཀ་དུ། དྲི་ཟ་ཡཀྴ་རྦད་པུ་ཕྱེ་མ་ཁ་འདར། རུ་རུ་པྲ་པྲ། དུཾ་དུཾ། ཤིག་ཤིག། དགྲ་བོ་མཱ་ར་ཡ། ཙ་ཙ་ར་ཛ་རྦད། མ་རུ་རྩེ་ཡིས་བསད་པར་བསམ། ། དེ་ནས་ཉིན་མཚན་མེད་པ་རུ།། མ་རུ་རྩེ་དང་བསེ་མོའི་ངན་སྔགས་ཀྱི་ཏུན་དུ་གདབ་པོ།། དེ་ནས་ཕོ་ན་དགྱེ་ཞིང་ཕུར་པས་གདབ་པ་ནི།། སྙིང་ཁར་ཡ་མཱན་ཏ་ཀས་གདབ།། གཡས་སུ་ཨེ་ཀ་ཛ་ཏིས་གདབ། ། གཡོན་དུ་པེ་ཏ་ལི་ཡིས་གདབ།། འདོམས་སུ་མ་རུ་རྩེ་ཡིས་གདབ།། དཔྲལ་བར་བསེ་ཡི་ལྷ་མོས་གདབ།། རྩ་བའི་སྙིང་པོས་བཟླས་ཤིང་གདབ།། དེ་ནས་གཟུགས་དང་མིང་རུས་ལ་རཀྟའི་ཐུན་གདབ། དེ་ནས་ཡང་བསེ་ཕོར་གྱི་ཁྲག་ལ། རྩ་བའི་སྔགས་དང་ཐུན་སྔགས་སྟོང་ཙམ་བཟླས་ལ་ཁྲག་ལ་བསྟིམ། དེ་ནས་ནུབ་ཐ་མ་བནྡྷ་ལྕང་ལོ་ཅན་དུ་བྱོ་ལ། ལས་ཀྱི་སྔགས་བཟླས་ལ། མ་ཉེས་པའི་དཔང་བཙུགས་ལ་འཕང་ངོ། ། མ་གྲུབ་ན་སྤོགས་པའི་ཆོ་ག་བྱ།། དེ་ནས་ར་བསྒྲལ་ལ་སྙིང་དུ་མིང་བྱང་བཅུག་ལ། དེ་ནས་མགོ་ཡི་ནང་དུ་གཞུག། པགས་པས་གཏུམས་ལ་སྐུད་པས་བསྡམས།། བདག་ཉིད་ཡ་མཱན་ཏ་ཀར་བསྒོམ། ། རྒྱ་མཚོའི་གཏིང་ནས་བྱུང་བ་ཡི།། སྒྲོལ་གིང་བདག་པོ་མ་རུ་རྩེ།། དམར་ནག་བསེ་ཡི་རལ་པ་ཅན།། དེ་ལ་དགྲ་བོ་གཏད་པར་བསམ།། ཨོཾ་ཧྲི་ཏི་བྱི་ཀྲི་ཏ་མོན་ཏུ་དགྲ་བོ་མཱ་ར་ཡ་ནན། བྱས་ལ་གནོད་པར་ངས་པའི་སར་སྦ། གཉེར་གཏད་ལས་ཀྱི་རིམ་པ་བྱ།། འཕྲིན་ལས་རྣམ་བཞིའི་བྲོ་ཡང་བརྡུང།། ཐུགས་ཀྱི་སྒྲུབ་པའི་ལེའུ་སྟེ་བཞི་པའོ།།།། རྡོ་རྗེ་ཉི་མ་ཁྲག་འཐུང་གི་རྒྱུད་ཅེས་བྱ་བ་རྫོགས་སོ།།།།

CLOSE WINDOW