CLOSE WINDOW

Gpb041.003: རྡོ་རྗེ་འཁོར་ལོ་དྲག་པོ་ཞེས་བྱ་བ། རྡོ་རྗེ་ཨུར་མོའི་རྟོག་པ
Wylie

རྒྱ་གར་སྐད་དུ། བཛྲ་ཙཀྲ་ཨེ་ནཱ་མ། བོད་སྐད་དུ། རྡོ་རྗེ་འཁོར་ལོ་དྲག་པོ་ཞེས་བྱ་བ། རྡོ་རྗེ་ཨུར་མོའི་རྟོག་པ། བཅོམ་ལྡན་འདས་དཔལ་རྡོ་རྗེ་འཆང་ཆེན་པོ་ལ་ཕྱག་འཚལ་ལོ།། དེ་ནས་གསང་བའི་བདག་པོ་རྡོ་རྗེ་རྣོན་པོ་ཡིས། རྒྱུད་རྣམས་ཀུན་ཏུ་གསང་བ་ཡིས།། རྡོ་རྗེ་དྲག་པོ་འབར་བ་ཆེ།། རྡོ་རྗེ་རྣོན་པོ་རལ་གྲི་ཆེ།། རྡོ་རྗེ་མི་ཤིགས་སྲ་བའོ།། ལྔ་བརྒྱ་དུས་ཀྱི་ཐ་མ་ལ།། ལྷ་སྲིན་མཐུ་རྩལ་འགྲན་པའི་དུས། ། དྲག་སྔགས་རྩིས་འགྲན་བྱེད་པའི་དུས།། གནམ་ལྕགས་ཨུར་མོ་ནང་འགྲས་དུས།། བཙན་པོའི་མཁར་དུ་འཇུག་པ་དང།། རྣོ་གསུམ་མཚོན་ཆར་བརྡུང་བ་དང།། སྟོང་གསུམ་གཡུལ་དུ་གཅད་པ་ཉིད།། ཡེ་ཤེས་ཆེན་པོས་བཤད་པར་འཚལ། ། ལག་ན་རྡོ་རྗེ་རྡོ་རྗེ་འཆང།། རྡོ་རྗེ་མི་ཆོད་འཇིགས་པ་ཆེ།། རྡོ་རྗེ་འབར་བ་རབ་ཏུ་བསྟན།། རྡོ་རྗེ་ཐོགས་མེད་རྡོ་རྗེ་ཆེ།། རྡོ་རྗེ་འབར་བ་མི་བཟད་ཆེ།། རྡོ་རྗེ་ཁྲོ་བོ་འཇིགས་བྱེད་དྲག། བཅུ་གསུམ་གཉིས་ཀྱིས་ཡང་དག་པར།། བསྲུང་དང་ཕྱིར་བཟློག་འཁོར་ལོ་དང།། མནན་དང་བཤིག་པའི་འཁོར་ལོ་དང།། ཆེ་བ་ཆེ་མཆོག་ལྷ་ཡི་ལྷ།། དེ་ཉིད་གཙོ་བོར་གྱུར་པ་སྟེ།། ཡང་ན་གཙུག་ཏོར་འཁོར་ལོ་སྒྱུར། ། སྐུ་དང་གསུང་དང་ཐུགས་རྗེ་ཡིས།། སྤྲུལ་པ་གསམ་ལས་འཕྲིན་ལས་གསུམ།། སྐུ་ལ་ཕྱག་རྒྱ་རྫོགས་པ་སྟེ།། ཨུར་མོ་སོ་བསྡེབས་གསང་བའི་དོན།། འབྱུང་བཞི་དཀྲུག་དང་དྲེགས་པའི་ལས།། འདི་དག་རྣམ་པར་བཤད་པའོ། ། རྡོ་རྗེ་ཨུར་མོའི་རྟོག་པ་དང་པོའོ།།།། དེ་ནས་གསང་བའི་བདག་པོ་བ།། རྡོ་རྗེ་རྣོན་རྡོ་རྗེ་འཆང།། ཆེ་བའི་ཆེ་མཆོག་ཉིད་ཀྱིས་བཤད།། སྐུ་དང་གསུང་ཐུགས་རྡོ་རྗེ་ལས།། ལྔ་གཉིས་བདག་པོར་གྱུར་བ་ཡིས། ། གསང་སྔགས་རྒྱལ་པོ་འདི་ཉིད་དོ།། ཨེ་ཨེ་ཨེ། ཨ་ཀྲོ་ཏེ་ཀ་ཡ་མཱན་ཏ་ཀ། ཨོཾ་ཨཱ་ཨུཥྞཱི་ཥ་བཛྲ་ཙཀྲ་བརྟཱི་སརྦ་ལཽཀི་ཀ། ལོ་ཀོཏྟ་ར་ཡནྟྲ་མནྟྲ་སརྦ་བི་ཥ་བི་ཙུ་རྞྞ་ཡ། པྲ་ཡོ་ག་ཏི། མ་མ་ཀྲི་ཏེ། ཡེ་ན་ཀེ་ན། ཙིཏྟ། ཀྲི་ཏཱ་ནི་ཏཱ་ནི། སརྦྦ་བིགྷྣན། ཙྪིནྡ་གཉིས་བྷིནྡ་བྷིནྡ། ཀམྤ་ཡ་གཉིས། བི་དྷྭན་ས་ཡ་གཉིས། ཤ་ཏ་ས་ཧ་པྲ་དྷ། བི་ཙཱུརྞྞ་ཡ། ཨུ་ཥྞཱི་ཥ་བཛྲ་ཙཀྲ་བརྟྟི། བྷྲུཾ་གསུམ། དྲུཾ་གསུམ། ཧཱུ~ཾ་གསུམ་ཕཊ། རྡོ་རྗེ་འཁོར་ལོས་འཇོམ་པ་ཆེ། ། རྡོ་རྗེ་མཆོད་འཇིགས་པ་ཆེ།། རྡོ་རྗེ་ལས་ཀུན་གྲུབ་མཛད་པ།། གསང་སྔགས་རྒྱལ་པོ་ཁྱོད་ལ་འདུད།། གསང་སྔགས་ངོ་བོ་ཁྱོད་ལ་འདུད།། རྡོ་རྗེ་ཨུར་མོ་ལས་ཁྲོ་བོ་བཅུའི་དེ་ཉིད་དེ། གསང་སྔགས་བསྟན་པ་རྟོག་པ་གཉིས་པའོ།།།། གསང་བའི་བདག་པོ་རྡོ་རྗེ་ཆེ།། རྡོ་རྗེ་འཁོར་ལོས་གཅོད་པ་པོ།། ངོ་བོ་ས་བོན་དེ་ཉིད་དེ།། སྣ་ཚོགས་གྱུར་པའི་ཡིག་འབྲུ་ལས།། འཁོར་ལོ་རྒྱལ་པོ་དེ་དག་གྱུར། ། ལྔ་གཉིས་རྩིབས་ལྡན་རིན་ཆེན་རྒྱུ།། སྣ་ཚོགས་ཆུ་སྐྱེས་ཉི་མའི་གདན།། དེ་ལས་གྱུར་པ་འཇིགས་བྱེད་ཆེ།། འདོད་པའི་རྒྱལ་པོ་ལྕགས་ཀྱུ་ཆེ།། གཤིན་རྗེ་མཐིང་ནག་བེ་ཅོན་འབར།། ཧ་པ་གྲི་བ་པདྨ་དམར། ། བགེགས་ལ་ཐར་བྱེད་རྡོ་རྗེ་ལྗང།། དབྱུག་པ་སྔོན་པོ་དབྱུག་ཐོ་བསྣམས།། གཞན་གྱིསམི་ཐུབ་དབྱུག་པ་ཐོགས།། སྟོབས་ཆེན་ལག་ན་ཁ་ཊྭཱ་ཁ།། མི་གཡོ་མཐིང་ཁ་རལ་གྲི་འཛིན།། སྣོད་མཛེས་རྡོ་རྗེ་རྩེ་གཅིག་པ། ། རྡོ་རྗེ་ཧཱུ~ཾ་མཛད་ཐོ་བ་ཐོགས།། གཡོན་པ་སྡིབས་མཛུབ་འབར་བ་སྟེ།། སྨ་ར་སྨིན་མ་སེར་བ་སྟེ།། སྐྲ་བརྫེས་གྱེན་དུ་བསྒྲེང་བར་གནས།། དུས་མཐའི་མེ་ལྟར་བཟོད་པར་དཀའ།། ཀུན་ཀྱང་མཐིང་ནག་ཆེན་པོར་གནས། ། ཕྱོགས་མཚམས་ཀུན་དང་སྟེང་འོག་ཏུ།། འཇིགས་པ་ཡི་ནི་འཇིགས་པར་མཛད།། ཕྱོགས་མཚམས་དྲེགས་པའི་གདན་ལ་གནས།། སྔགས་དང་རྒྱུད་དང་འཁྲུལ་འཁོར་དང།། ཁྲོ་བོ་ཐམས་ཅད་འཇོམས་པ་སྟེ། ། ལྟོ་བར་འཁྲུལ་འཁོར་རྩིབས་ཀྱིས་གཅོད།། རྡོ་རྗེ་མེ་རི་འཁོར་ལོ་འབར།། རྔུལ་དུ་བཤིག་ནས་ཕྱེ་མར་བྱེད།། ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་ཏུ།། འཁོར་ལོ་ཐོགས་པ་མེད་པར་འཁོར། ། འདི་འདྲ་གང་ཞིག་རྟག་བསྒོམས་ནས།། གསང་སྔགས་རྒྱལ་པོ་བཟླས་གྱུར་ན།། ལྷ་ཆེན་ལ་སོགས་དྲེགས་པ་ཅན།། སྲིད་པ་གསུམ་ལ་གཅོད་པར་བྱེད།། ཁྲོ་བོ་ཀུན་ཏུ་མི་འགྱུར་ཏེ།། འཁོར་ལོ་ཐམས་ཅད་གཅོད་ཅེས་པ། ། གསང་བའི་བདག་པོས་རབ་ཏུ་བཤད།། གྲོ་ག་ཤིང་ཤུན་ཀ་རི་ཀ། གོང་གི་འཁོར་ལོ་བྲི་བྱ་སྟེ།། བྲིས་པ་བརྒྱན་གྱི་འཁོར་ལོས་བསྲུང།། བཟློག་པ་དག་ཀྱང་བྱེད་པ་ཡིན།། འདི་ནི་གསང་བའི་བདག་པོས་བཤད། ། རྡོ་རྗེ་ཨུར་མོ་ལས་བསྲུང་ཞིང་བཟློག་པ་དེ་ཁོ་ནའོ།། རྟོག་པ་གསུམ་པའོ།།།། དེ་ནས་གསང་བའི་བདག་པོ་བ།། རྡོ་རྗེ་རྒྱལ་པོ་བདེ་བ་ཆེ།། རྡོ་རྗེ་ཧཱུ~ཾ་སྟེ་ཧཱུ~ཾ་ཞེས་སྒྲོགས།། བསྲུང་བ་ཞེས་སུ་རྣམ་པར་བཤད། ། ཡེ་ཤེས་དམ་ཚིག་ཆེན་པོ་བ།། དངོས་པོ་ཁ་དོག་བདུད་ཀྱི་གཅོད།། ཟླ་གམ་དབང་སྡུད་ཐུར་དུ་རྐོ།། གཏོར་སྣོད་རྫ་ལུ་ཞ་ཉེ་ལ།། སྨན་དང་བཅས་པའི་གཏོར་མ་དག། དྲངས་སུ་བཅས་པའི་གཞན་དག་གིས། ། རྦད་འདྲེ་དེ་དག་ལ་བསྔོས་ན།། རྩ་བརྒྱད་བརྒྱ་འམ་ཉི་ཤུ་གཅིག། བདུན་གྱི་ཐ་མ་གཉེན་པོ་གཟའ།། གྲོགས་སུ་ཤེས་པས་དགྲ་ལ་བརྡེག། གཏོར་མའི་སྦྱོར་བ་བཤད་པ་ཡིན།། རབས་ཆད་མི་ཐོད་ཁྲག་དང་འབྲུས། ། བཟླས་ཚོགས་དགྲ་ལ་བརྡེག་པ་ནི།། ཟོར་བཟློག་ནག་པོར་བཤད་པ་ཡིན།། འཁོར་ལོ་བསྐོར་ཞིང་འཕང་བར་བྱ།། གསང་བའི་བདག་པོས་རབ་ཏུ་བཤད།། གསང་བྱ་བ་སྲོག་གཅད་པ།། དུར་ཁྲོད་གཡས་པར་ཙཀྲ་བྲི། ། བཾ་ཆེན་ཐོད་ནག་ཁ་གཡེལ་དུ།། ཞག་གསུམ་སྔགས་བཟླས་སྙིང་ལ་བཏིག། ཡང་ན་བཀའ་རྟེན་ནག་པོ་ལ།། ཉམས་པའི་གཟུགས་བྱ་སྔགས་ཀྱིས་བསྐོར།། བཀའ་རྟེན་བཀའ་བཟློག་ཁྲག་གསུམ་གཏིག། འབྱུང་པོའི་སྲང་བཞིར་མནན་པར་བྱ།། ཨུར་མོ་འདྲིལ་བ་དག་སྲིད་པས།། འཁོར་ལ་རྩེ་བཟློག་མཐའ་ནས་བཤིག། ཟོར་དང་གཏོར་མས་བཤིས་པ་ནི།། གསང་བའི་བདག་པོས་རབ་ཏུ་བཤད། ། སྟོབས་མནན་གསང་བའི་ལས་བྱས་ལ།། མཆོད་རྟེན་ནག་པོས་མནན་པ་དང།། གཏི་མུག་ནག་པོའི་ཙིཏྟ་རུ།། ངག་གི་ནུས་པ་མནན་པ་ཡིན།། ཞེས་ནི་གསང་བའི་བདག་པོས་བཤད།། རྡོ་རྗེ་ཨུར་མོ་ལས་བཞིའི་འཁོར་ལོ་ལས། རྟོག་པ་བཤིག་པ་དང་བཅས་པ་བཞི་པའོ།།།། དེ་ནས་གསང་བའི་བདག་པོ་པས།། རྡོ་རྗེ་ཁྲོ་བོ་འཇིགས་བྱེད་པ།། གསང་བར་འདུས་པ་དེ་ཉིད་དེ།། གསང་སྔགས་རྡོ་རྗེ་རྡོ་རྗེ་ཆེ། ། སྐུ་དང་གསུང་ཐུགས་རྡོ་རྗེ་ལས།། གསང་སྔགས་རྒྱལ་པོ་ཞེས་བྱ་བ།། ཨོཾ་ཨ་ཨུཥྞཱི་ཥ་ཙཀྲ་སརྦ་ལོ་ཀི་སྭཱཧཱ། ཡནྟྲ་མནྟྲ་ལོ་ཀི་སྭཱཧཱ། བཾ་ར་ཏི་དྷི་ལི་ཀི་ལ་སྭཱཧཱ། ཕོ་མོ་སྡེ་བརྒྱད་མནན་པ་སྟེ།། ཁྲོ་བོར་རྒྱལ་པོ་ཚཾ་དཾ་ཡིན། ། ཨོཾ་ཨ་ཨུཥྞཱི་ཥ་ཡ་རྦད། ཡན་ཏྲ་ཙ་ཏྲ་རྦད། མནྟྲ་ཡ་མ་རྦད། བཛྲ་ཀཱི་ལི་ཀཱི་ལ་ནརི་རྦད། མ་མ་ཏེ་ཏམ་བཾ། ཡ་མ་རཱ་ཛ་གར་པ་ནི་ཧཱུ~ཾ་ཛ་མཱ་ར་ཡ་རྦད་རྦད། གསད་པའི་འཁོར་ལོ་དེ་ཉིད།། ཨུ་ཀ་ད་ར་ཙུར་ནར་བྱེད། ། ཨོཾ་མཱ་ཨུཥྞཱི་ཥ་ཡ་མ་རྦད། ཡན་ཏྲ་ཙཀྲ་རྦད། མནྟྲ་ཡ་ཙ་མ་རྦད། མ་མ་ར་ཛ་ནི་ཛ་རྦད། བཛྲ་ཀཱི་ལི་ཀཱི་ལ་ཡ་སྙིང་ཐུམས་ཡ་མ་ཏི། ཏཾ་བཾ་མཱ་ར་ཡ་ཐུན་རྦད། སྐུ་གདུང་ནག་པོའི་ཁྲག་གིས་གསད།། ཨོཾ་ཨ་ཨུཥྞཱི་ཥ་ཡ་རྦད། ཙཀྲ་ཙཀྲ་ཙཀྲ་རྦད། མན་ཏྲ་ཡ་ཡ་ཙ་མ་ཡ་རྦད། མ་མ་ཏེ་རཾ་བཾ། ཐུན་རྦད་ཡ། མ་རཱ་ཛ་སྙིང་ཐུམས་རྦད། བཛྲ་ཀཱི་ལི་ཀཱི་ལ་ཡ་རྦད་རྦད། ཧ་ན་ཧ་ན་བཛྲ། ད་ཧ་ད་ཧ་བཛྲ། པ་ཙ་པ་ཙ་བཛྲ། སྥོ་ཏ་ཡ་སྥོ་ཏ་ཡ་བཛྲ། བི་སྥོ་ཏ་ཡ་བི་སྥོ་ཏ་ཡ་བཛྲ། གརྫ་གརྫ་བཛྲ། ཀུ་རུ་ཀུ་རུ་བཛྲ། མུ་རུ་མུ་རུ་བཛྲ། ཀཾ་པ་ཡ་ཀཾ་པ་ཡ་བཛྲ། བི་ཙུར་ན་བི་ཙུར་ན་བཛྲ། བཛྲ་བཛྲ་བཛྲ་བཛྲ་བཛྲ་བཛྲ་བཛྲ་བཛྲ་བཛྲ་བཛྲ། བྲུཾ་བྲུཾ་བྲུཾ་བྲུཾ་བྲུཾ་བྲུཾ་བྲུཾ་བྲུཾ་བྲུཾ་བྲུཾ། དྲུཾ་དྲུཾ་དྲུཾ་དྲུཾ་དྲུཾ་དྲུཾ་དྲུཾ་དྲུཾ་དྲུཾ་དྲུཾ། ཧཱུ~ཾ་ཧཱུ~ཾ་ཧཱུ~ཾ་ཧཱུ~ཾ་ཧཱུ~ཾ་ཧཱུ~ཾ་ཧཱུ~ཾ་ཧཱུ~ཾ་ཧཱུ~ཾ་ཧཱུ~ཾ། ཨེ་ཨེ་ཨེ། ཧཱུ~ཾ་ཧཱུ~ཾ་ཧཱུ~ཾ། བྲུཾ་བྲུཾ་བྲུཾ། ཏིར་ཁར་ཀྲ་ཙ། བཛྲ་བ་ཤྣི་ཨུ་ཥ་ཡ་ན་ཙུར་བྲི་པྲ་ཧ་ཏ་ན་ཡ་ས་དྷོ་བི་ཡ་བ་ཀཾ་ཡ་པ་ཀཾ། དྷ་བིན་དྷ་བིན། དྷ་ཙིན་དྷ་ཙིན། ནན་བག་རྦ་ས། ནོ་ཏ་ནོ་ཏ། ཏྲིད་ཙི་ན། ཀྱེ་ན་ཡེ་ཏ་ཀྲེད་མ་མ། དྷི་ཀ་ཡོ་ཏྲ། ཡ་ན་ཙུར་བྷི། ས་རྦི་རྦ་ས། ཏྲ་ཏན་ཏྲ་མནྟྲ་ཡན། ར་ཏ་ཀོད་ལོ། ཀ་ཀི་ལོ་རྦ་ས། ཏི་བར་ཏྲ་ཙ་བཛྲ་ཤ། ཤྣི་ཨུ་ཨ་ཨོ། ཕཊ་ཕཊ་ཕཊ། སརྦ་ལོ་ཀི་སྭཱཧཱ། སརྦ་ལོ་ཀི། སརྦ་བི་དྷན་སྟམ་པ་ཡ་ནན། གསང་བའི་བདག་པོས་རབ་ཏུ་གསུངས།། རྡོ་རྗེ་ཨུར་མོ་སྔགས་ཀྱི་ཡང་སྙིང་འདུས་པ་རྟོག་པ་ལྔ་པའོ།།།། དེ་ནས་གསང་བའི་བདག་པོ་བ།། གསད་པའི་སྦྱོར་བ་ཐམས་ཅད་ལ། ། སྐུ་གསུང་ཐུགས་དང་འཕྲིན་ལས་ཏེ།། བདག་པོ་རྣམ་པར་མི་ཤིགས་པ།། སྤྲུལ་པ་གསུམ་ཞེས་རྣམ་པར་གྲངས།། ནག་པོ་ཁ་གདངས་གློག་འཕྲེང་ཅན།། གཤིན་རྗེ་རྒྱལ་པོ་དེ་ཉིད་ཡིན།། བདུད་མོ་ཁྲག་གི་རལ་པ་ཅན། ། སྤྲུགས་པའི་འཆི་བདག་ཚེ་སྲོག་བདག། འདི་ཉིད་སྤྲུལ་པ་ཞེས་གྲགས་པ།། སྐུ་ལ་འཆི་བདག་རྒྱལ་པོ་སྟེ།། རིགས་བཞི་ཀླུ་དང་སྤྲུལ་པ་བརྒྱད།། ས་བདག་ཀླུ་གཉན་བདུད་སོགས་ཡིན། ། གསད་པའི་ལས་ཀྱིས་རྒྱ་གར་འགྲོ།། རྣལ་འབྱོར་ནུས་པའི་སྟོབས་ལྡན་པས།། དྲི་ཡི་ལུས་ཀུན་རབ་བྱུགས་ཏེ།། ནུབ་ཕྱོགས་ཀླུ་ཡི་གྲོང་རྒལ་བའི།། ཁར་ཁོངས་སྲིན་ཁྱེར་བླངས་ནས་ནི།། ས་ཡི་ཕྱ་ཕྱེ་མེད་པར་བཀྲུ། ། འོད་དཔུང་ནག་པོའི་མདུན་དག་ཏུ།། གནོད་སྦྱིན་ནག་པོའི་ཆུ་མིག་ལ།། ས་དང་ཆུ་བླངས་རྒྱལ་བ་ཡིས།། རྡོ་རྗེ་རྒྱལ་པོ་གསང་བདག་བཤད།། སྦྲུལ་ནག་རལ་ཅན་ལྟོ་བར་ནི།། ཞེ་སྡང་སྨོད་པའི་ཙཀྲ་བྲི། ། ནག་པོ་ཀླུ་ཡི་སྔགས་ཀྱིས་བསྐོར།། ཞེ་སྡང་ནག་པོའི་གཟུགས་བརྙན་སྒོམ།། ཨེ་ཀ་ཙ་དུན་ཁྲག་ཡམས་རྔུབས་ཤིག་སྲོག་ལ་བཾ་རིག་ཤག་རྦད། ཛ་ནག་ཛི་ལ་བཾ་ཧུར་ཐུམས་ཛ། ནརྀ་སྲོག་ལ་ཚི་བཾ་ཙིཏྟ་ཁས་ནཱ་ག་ར་བཾ་ནན། ཡང་སྙིང་རྒྱལ་པོ་འདི་ཡང་ཡིན།། ནག་པོ་བཾ་ཙི་ཙི་རྒྲ་ཏྲག་ཐུར་སྙིང་ལ་འགུལ། མྱགས་ཙ་བཞི་རྐུམ་ཤན་ཤན་སྲོག་ལ་ཤན། ཐུར་སོད་སྭཱཧཱ། སྒོམ་བསྐུལ་དྲག་སྔགས་བསྣོལ་མར་བརྡེག། མགོ་དགུའི་སྤྲུལ་པ་ནག་པོ་ནི། ། བྱང་ཕྱོགས་གདོལ་པ་ངོས་བཟུང་གཏད།། སྲང་དང་སྲང་མགོ་གང་ཡང་འདྲ།། མཛེ་དྲི་དྲི་ཐམས་སུ་རྒྱ་ནད།། ཀླུ་ཡི་དུག་མདའ་ནག་པོ་ཡིན།། གལ་ཏེ་ལས་འགྱངས་མ་གྲུབ་ན།། སྔགས་ཀྱི་ལྟོ་དཀྲུགས་འདི་དག་གསུངས། ། ཨེ་ཀ་ཙ་ཏི་དུན་ཁྲག་ཡཾ་རྔུབས་ཤིག། དགྲ་བོའི་སྲོག་ལ་ན་དགར་བཾ་ནན།། བཾ་ཙིཏྟ་ཁས་ནི་ཛ་ལ་ཧུར་ཐུམས་ཛ། ཛ་ནག་ཛི་ལ་བཾ། སྲོག་ལ་བཾ་རིལ་རི་ཤག་རྦད། སྲོག་ལ་ཤན་ཐུར་སོད། རྩ་བཞི་སྐུམ་པ་ནན་ཤག། མྱགས་མྱགས་སྙིང་འགྲུལ།། དྲག་ཐུར་ནག་པོ་ཙི་ཙི་དགྲ་ལ་བྷྱོ། ཤི་མ་ཨར་ལ་གཏད་པ་ཡིན།། འདི་ནི་ཡང་སྙིང་རྒྱལ་པོ་སྟེ།། གནད་གཅོད་སྤུ་གྲི་ནག་པོ་ཡིན།། ཨེ་རཾ་རཾ་ལཾ་ལཾ་བཾ་བཾ་ཡཾ་ཡཾ། སྙིང་ཐུར་ནག་པོ་ཙི་ཙི་ཏྲག་ཐུར་ནིར་རྦུད་རྦུད། ཅེས་ནི་གསང་བའི་བདག་པོས་བཤད།། རྡོ་རྗེ་ཨུར་མོ་ལས། འཆི་བདག་ཀླུའི་རྟོག་པ་དྲུག་པའོ།།།། དེ་ནས་གསང་བའི་བདག་པོ་ནི།། ཤིན་ཏུ་མི་བཟད་རྡོ་རྗེའི་སྐུ། ། གསུང་གི་སྤྲུལ་པ་སྲོག་གི་བདག། དམར་པོ་སྲོག་གི་ལས་མཛད་པ།། གནོད་སྦྱིན་བྱེ་བ་ཕྲག་བརྒྱ་ལས།། སྲོག་གཤེད་བདུན་ཕྲག་བདུན་བྱུང་སྟེ།། བཀའ་ཡི་བསྟན་པ་བསྲུང་བར་མཛད།། བན་དགྲ་ནག་པོ་སྒྲལ་པའི་དོང། ། ཀུན་ཏུ་འཇོམས་བྱེད་ཆེན་པོ་ཡིན།། ཟླ་བ་ནག་པོ་ཅེས་པའི་གྲོགས།། མེའི་རླུང་དུས་རིགས་ཀྱི་མགོ། ཕ་མེས་ཐོད་པར་ར་བ་ཏུ་བཤད།། ཐོད་པ་ཨེ་ཡི་འབྲུ་གནས་གཅས།། ཕུང་ཤུལ་བཀའ་རྟེན་རྙིང་བའི་ས། ། གྲོག་པོ་ཕུགས་བརྡུགས་ས་ལ་བྱའོ།། དུག་དང་སྨེ་ཁྲག་སྦྱར་བྱས་ལ།། སོར་ལྔ་པ་ནི་ཚད་ཡིན་ནོ།། དགྲ་བོའི་རྫས་ལ་འདྲ་འབག་བྱ།། སོར་བཞི་པ་ནི་ཚད་ཡིན་ཏེ།། རང་ལ་རང་གིས་གསོད་པར་བྱ། ། དུག་ཤིང་ཕུར་བས་སྙིང་གཟིར་གདབ།། མཛེ་ཅན་ཐོད་པ་ཁ་གཡེལ་ལ།། བཤིག་པའི་ཙཀྲ་བཅས་ནས་ཀྱང། ཁ་སྦྱར་རྡོ་རྗེ་རྒྱ་གྲམ་ལྡན།། ཛ་བཞི་ཧཱུ~ཾ་བཞི་ཐོད་པ་ལ།། བདག་ཉིད་ཕྱག་རྒྱ་ལྡན་པ་ཡིས། ། གནོད་སྦྱིན་ངན་སྔགས་འདི་དགོད་དོ།། སྐུ་གསུང་ཐུགས་དང་རྡོ་རྗེ་ལས།། གསུངས་པའི་གསང་སྔགས་འདི་དག་ནི།། ངེས་པ་ཁོ་ན་འདི་ལྟ་སྟེ།། ཨོཾ་ཨ་ཀྲོ་རཱ་ཛ་དུར་བྷ་སྙིང་ལ་སིལ་སིལ། ཨ་ཀྲོ་རཱ་ཛ་ཙིཏྟ་ནི་ཤ་ལ་རྦད་རྦད། ཡ་ཡ་མ་རྣལ་མ་ནརྀ་ཛ། སྙིང་ལ་ཁ་ཐུན་མཱ་ར་ཡ་རྦད། ཀྲོ་མ་རི་ཤ་ཤ་ཏྲག་ཐུན། ཙིཏྟ་མཱ་ར་ཡ་ཏྲི་རྦད། ཤོ་ལ་རི་རག་ཤ་ཁ་བཾ། ཙིཏྟ་ཀྲ་མ་རགྴ་རྦད། སྲོག་དེ་དྲི་མ་དྲི་ཤ་ཛ། ཙག་རེ་ཁ་ཏྲི་ཡག་ཤ་ཛ། ཏྲི་ཏ་མ་ཏི་ཡ་ཡ་ཛ། སྲོག་ཙ་ཁྲག་ཏི་སྙིང་ཕྱུང།། ཐུམ་རིལ་རཾ་ཤག་རྦད། རྣྲི་སྲོག་ཧུར་ཐུམས་ཛ། སྲོག་ལ་མཱ་ར་ཡ་རྦད། དམར་པོ་ཡཀྴ་ཁྲོ་བདག་རྗེ།། རག་མོ་སྐར་མ་ཀྲོ་དྷི་མ། སྤྲུལ་པ་གནོད་སྦྱིན་འབར་བ་སྟེ། ། སྙིང་འབྱིན་གནོད་བྱེད་གཅོད་པར་བྱེད།། འགུགས་བྱེད་དང་ནི་བཤིག་བྱེད་དང།། ལས་ཀྱི་གཤིན་རྗེ་ཤན་པའི་སྔགས།། རྒྱུན་དུ་བཟླས་ན་བརྒྱ་བྱིན་ཡང།། ཁྲག་ཏུ་སྐྱུགས་ནས་མ་ར་ཡ།། རྒྱུན་དང་ཞག་བདུན་རྫོགས་པ་དང། ། རྟེན་པ་ཡོད་ན་དེ་ལ་ཡིན།། ཆུ་མིག་སྟེང་བག་ཅན་དུ་མནན།། ཀྴེ་ལས་གྱུར་པར་ཡཀྴ་ནི།། དམར་ལྗང་ཀརྨ་ཧེ་རུ་ཀ། གནོད་སྦྱིན་ནག་པོ་བདུན་དང་བཅས།། སྙིང་སྦྱིན་དམར་པོ་བདུན་དག་དང། གནོད་སྦྱིན་བདུན་ནི་སྦྲུལ་མགོ་ཅན།། གཅོད་བྱེད་གནོད་སྦྱིན་གིང་བདུད་གྲི།། འགུགས་བྱེད་བདུན་ནི་ལྕགས་ཀྱུ་ཅན།། བཤིག་བྱེད་གནོད་སྦྱིན་འཁོར་ལོ་ཅན།། ལས་ཀྱི་གཤི་རྗེ་མོན་པ་བདུན།། སྔགས་ནི་སྲོག་རྩ་གཅོད་པར་གྱུར། ། སྔགས་ནི་ནད་ཀྱིས་སླངས་པར་འགྱུར།། སྙིང་ལ་གནས་པའི་སེམས་དཔའ་ནི།། ལྕགས་ཀྱི་སྡིག་པ་ནག་པོར་འགྱུར།། རང་གཤེད་ནག་པོ་བཤིག་པའི་ལས།། གསང་བའི་བདག་པོས་རབ་ཏུ་བཤད། ། རྡོ་རྗེ་ཨུར་མོ་ལས། སྲོག་གནོད་སྦྱིན་གྱིས་བཤིག་པ་དང་གདུག་པ་ཅན་གཉའ་མནན་པ་སྟེ་རྟོག་པ་བདུན་པའོ།།།། དེ་ནས་གསང་བདག་ཁྲོ་བོ་ཆེ།། རྡོ་རྗེ་ཁྲོ་བོ་རྣམ་པར་འཇོམས།། སྤུ་གྲི་སོ་བསྡེབས་ཀ་མ་ལ། ། འདི་དག་ལས་ཀྱི་བང་ཆེན་ཡིན།། དབེན་པའི་གནས་སུ་ཕྱིན་ནས་ནི།། དགོངས་ཀྱི་གྲིབ་སོ་ནག་པོ་ལ།། མཁས་བས་འཁོར་ལོ་བྲི་བར་བྱ།། རྒྱ་ཤོག་རོ་རས་ཀ་རི་ཀ། སྡིག་པ་ནག་པོའི་ཤ་དག་དང། ། དུག་དང་རྡོ་སོལ་ནག་པོ་ལ།། སྡིག་པ་ནག་པོ་སྟོབས་ཆེན་ལྟོར།། ཕྲག་དོག་བསེ་སྦལ་དམར་པོ་བྲི།། ལྟེ་བར་དགྲ་གཟུགས་ཨ་མུ་ཀ། གྲུ་གསུམ་ཟླ་གམ་རྒྱ་གྲམ་བཞི།། བཅུ་དྲུག་རྩིབས་ལྡན་ལྕགས་མཁར་བདུན། ། དབུས་སུ་རྣམ་ཤེས་སྲོག་ཀྱང་བྲི།། རྒྱ་གྲམ་རྩ་བ་བཅུ་དྲུག་མཆོག། ལྕགས་མཁར་སྣོད་དུ་གསང་སྔགས་བྲི། ཁ་སྦྱར་རབས་ཆད་ཐོད་པར་གཞུག། ཕུང་ས་གསུམ་ལ་ཨེ་བྱས་དགོད།། རྣལ་འབྱོར་ཕྱག་རྒྱ་ལྡན་པར་མཛོད། ། དེ་ནས་ཚེ་བདག་ནག་པོ་ཡིས།། མཆོག་གི་སྦྱོར་བ་དྲག་པོ་ཡི།། གསང་སྔགས་འདི་དག་གསུངས་པའོ།། ཨེ་མྱགས་ཡ་རྔུབས་མུག་ཤག་ཀ་དུན། ཨ་མུ་ཀཾ་ནརྀ་སྲོག་ཧུར་ཐུམས་ཛ། ཚ་ཁྲག་ཙིཏྟ་ཕྱུང། ། སྲོག་ལ་རྦད།། ཐུམ་རིལ་རྦད། དེ་ལ་སྤུ་གྲི་བསྣོལ་མ་ནི།། འབྲུ་བརྒྱད་པ་ནི་སླད་མ་སྟེ།། བདུན་པ་དང་པོ་སྲོག་ལ་རྦད།། གཉིས་པ་ལ་ནི་སྙིང་ལ་ཡིན།། དེ་བཞིན་གསུམ་པ་ཀླད་པ་ལ།། བཞི་པ་དབུགས་ལ་རྦད་པ་སྟེ། ། ལྔ་པ་བླ་ལ་རྦད་པ་ཡིན།། དྲུག་པ་ཤ་ལ་བདུན་པ་ཁྲག། ཐུན་རྦད་བྷྱོ་ཞེས་མཐའ་རུ་སྦྱོར།། རཾ་རཾ་ཁཾ་ཁཾ་ལཾ་ལཾ་ཡཾ་ཡཾ། ཙ་ཁྲག་སྲོག་ཏིག། ཙ་ཐིག་ལ་ཕོག། སྙིང་ཐིག་ཕོབ། སྲོག་ཐིག་ལ་ཕོབ། ཁྲག་ཐིག་བདུན་དུ་སྒྲབ་བྱས་ལ།། ཐོད་པ་ལྷ་ཁང་རྙིང་པར་མནན།། ཅེས་པ་གསང་བའི་བདག་པོས་བཤད།། རྡོ་རྗེ་ཨུར་མོ་ལས། ཚེ་བདག་སྤུ་གྲི་རྣོལ་མར་གཅོད་པ་རྟོག་པ་བརྒྱད་པའོ།།།། གསང་བའི་བདག་པོ་རྡོ་རྗེ་ཆེ། ། ཨུར་མོ་ནང་འགྲས་གྱད་ནོན་ནོ།། མྱུར་དུ་མ་ཆོད་ལས་འགྱངས་ན།། ལྟོ་དཀྲུགས་དྲག་པོ་གསང་སྟེ།། འདི་དག་རྡོ་རྗེ་ལས་འཐོན་ནོ།། ཨེ་མྱགས་ཡ་རྔུབ། མུག་ཤག་ཀ་དུན། ཏྲོ་མ་རི་ཤ་ཤ་ཏྲག་ཐུན། ཆེ་གེ་མོའི་སྲོག་ལ་རྦད། ཐུམ་རིལ་རྦད་རྩ་ཁྲག་ཙིཏྟ་ཕྱུང། ནརྀ་སྲོག་ཧུར་ཐུམས་ཛ། གཉིས་པ་དང་ནི་གསུམ་པ་དང།། བཞི་ལྔ་དྲུག་ཏུ་ཤེས་པར་སྦྱར།། དགེ་བཅུ་མི་སྤང་ཅི་ནུས་བྱ།། འཇམ་དཔལ་མཚན་ནི་ཡང་དག་བརྗོད། ། བླ་མ་མཆོད་ཅིང་བཤགས་པ་བྱ།། མཁའ་འགྲོ་མཉེས་པའི་གཏོར་མ་གཏང།། བནྡྷེ་བོན་པོ་མུ་སྟེགས་དང།། རྒྱལ་པོ་དང་ནི་རྡོ་རྗེ་ཀུན།། འདི་དག་མྱུར་དུ་གང་དག་ཡང།། ངེས་པར་བརླག་ཅེས་གསང་བས་བཤད། ། རྡོ་རྗེ་ཨུར་མོ་ལས་གྱད་ནོན་གྱི་རྟོག་པ་སྟེ། རྟོག་པ་དགུ་པའོ།།།། དེ་ནས་གསང་དབང་རྡོ་རྗེ་ཆེ།། རྡོ་རྗེ་འཇོམས་པ་སྔགས་ཀྱི་བདག། སླད་ཀྱི་གྱད་ནོན་གསང་སྔགས་ཏེ།། རྒྱུད་ཀུན་གྱི་ནི་བདག་པོ་མཆོག། ཉེས་པ་སྐུ་གསུང་ཐུགས་ལས་སོ།། ཨྱེ་ཨྱེ་ཨྱེ། ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་མ་ཡ་ཡེ། ཀ་ལ་རུ་པ་ཀ་པ་ལ་ཡེ། ཧྲི་ཏི་ཨ་བ་ཡེ། ཨ་ཨ་ནེ་ཨ་ནེ། ཨུ་ཨུ་ནེ་ཨུ་ནེ། དུ་དུ་ནེ་དུ་ནེ། ཨ་ཨི་ཨུ་ཨེ་ཨཾ་ཨཾ་ར་རི་ལ་ལི། དུ་རུ་ཡེ་བྱ་ཙ་ཡེ། སིང་ང་ཡེ། ཧྲི་ད་ཡེ། བི་ད་ཡེ། ཧ་ལ་ཡེ་མུ་ཀ་ཡེ། ཨུ་ཨུ་ནེ། ཨུ་ཨུ་ནེ། བྱི་ཏྲི་ཏ། ཨ་ཨ་ན་ན། ཡ་མ་ཏ་ཀ། ཡ་མ་ར་ཛ། ཡ་མ་ཏྲི་ཏེ། མ་ཡ་རཀྴ་ཡ་མ་ར་ཨ་པེ་ཏ་ལི་ཀྲོ་དྷཱི་ཤྭ་རི། མ་མ་ཨེ་ཀ་ཛ་ཏི་ཛ། དེ་མ་ཁ་ལ་བཾ་རིལ། བྷྱོ་བྷྱོ་ཡ། སྙིང་ཁ་རཀ་སྲོག་ལ་བྷྱོ་བྷྱོ། འདི་དག་རྣམ་པར་མི་བཤིག་པ།། གསང་བའི་ཡང་སྙིང་ཁོ་ན་འོ།། རྡོ་རྗེ་ཨུར་མོ་ལས། སྟོབས་ཆེན་ཟིལ་གནོན་གྱི་རྟོག་པ་སྟེ་བཅུ་པའོ།།།། དེ་ནས་གསང་བའི་བདག་པོ་ཡིས། ། ཀུན་ཏུ་རྣམ་པར་གཅོད་པ་སྟེ།། དམར་ལེན་ཡང་གསང་སྲོག་གི་སྡིག། སྔགས་ནི་སྲོག་རྩ་རླུང་དུ་འགྱུར།། སྔགས་དང་དམ་རྫས་གཉིས་སུ་འགྱུར།། བོད་ཅིང་བསྒྲེགས་པའི་སྲོག་ནི་རླུང་དུ་ཤེས། ། ཨོཾ་ཤྲི་བཛྲ་ཀྲོ་དྷ། ཡ་མ་ཡ། མ་མ་མ་རུ་ལུ། ཏ་དུན་ཏིང་ཀཱི་ལ་ཡ། ར་རག་ཤ། ར་རག་མོ། དུན་ཏིང་ཏིར་ཀ། དྷི་རུ་ཏྲ། ཀྴ་ཡག་ཤ། ཙ་ར་ཙ། ཛ་ཤུ་ལེ། ཏྲི་བཛྲ་སཱ་དུ། ཏྲི་ཧཾ་ཤཾ། ཛ་དྷྲི་བ། རུ་རུ་ཏྲི། ཕུ་ནཱ་ག། ཏྲིག་ནན། ཧུར་ཐུམས་ཛ། སརྦ་ཤ་ཏྲུཾ་སྟཾ་པ་ཡ། ད་ཏྲིད་རྦད། སརྦ་རཾ་ཏྲི། ཡ་འདྲིད་ཕྱུང། སྲོག་ལ་གཟིར་ནན་ཕྱུང། མཧཱ་སྟཾ་པ་ཡ། ཨུ་ནན་སྦུར་ནན། ཏྲིག་ནན། སྙིང་ལ་སྟཾ་པ་ཡ་ནན། དམན་ཏྲ་རཾ་མཧཱ་རག་ཐུམ་ལིང། འདི་དག་ཡང་གསང་དམར་ལེན་མཆོག། རྡོ་རྗེ་ཅན་གྱིས་ཡང་དག་བཤད།། རྡོ་རྗེ་ཨུར་མོ་ལས། སྲོག་དམར་ལེན་གྱི་ལེའུ་སྟེ་རྟོག་པ་བཅུ་གཅིག་པའོ།། རྡོ་རྗེ་དྲག་པོ་ལྟོ་བསྡེབས་པ།། བསམ་གཏན་སྙིང་གི་འཁོར་ལོ་བ། ། ཕུང་ས་གསུམ་གྱི་འབྲུབ་གནས་ཏེ།། ཨེ་ཡི་རྩེ་མོ་ལྷོར་བསྟན་ཏེ།། ཁ་ཁྱེར་ལྡན་པ་རྩང་ཐོད་མེ།། དུར་ཁྲོད་སོལ་བ་དུག་གིས་བྱུག། དུར་ཁྲོད་རས་ལ་འཁོར་ལོ་བྲི།། མུ་ཁྱུད་རིམ་པ་ལྔ་རུ་བསྐོར། ། དབུས་སུ་དྲག་པོ་རྣག་པའི་སྲོག། རྒྱ་གྲམ་རྩ་བའི་སྔགས་བཀོད་པ།། འཁོར་ལོ་རྣམས་ལ་སྤུ་གྲིར་ལྡན།། མུ་ཁྱུད་ལས་ཀྱི་ཤམ་སྔགས་སྒྲལ།། གང་ཡིན་དྲེགས་པའི་ལྟོ་བ་འམ།། རྣོ་མྱུར་གཏི་མུག་ཁོག་པར་བཅའ། ། འཁོར་ལོ་དོང་ལ་གཙང་ལ་དགྲམ།། ཁ་སྦྱར་དྲག་པོའི་གསང་སྔགས་བཟླས།། མྱོས་ཤིང་ཚ་བས་གསོད་པའི་རྫས།། རབ་ཏུ་བྲབ་དང་བཤིག་པར་བྱའོ།། བདག་ཉིད་ཕྱག་རྒྱ་རྫོགས་པ་ཉིད།། གཙུག་གཏོར་འཁོར་ལོ་རྒྱུར་བ་ལམ། ། དྲེགས་པ་འདུལ་བའི་ལྷར་བསྒོམས་ལ།། དྲག་སྔགས་ལྕགས་ཀྱུ་བསྣོལ་ཐོག་གིས།། བརྡེག་ཅིང་རྔམ་ཚིགས་གསང་བར་བཟླས།། སྐུ་གསུང་ཐུགས་དང་རྡོ་རྗེ་ལས།། དྲག་པོའི་གསང་སྔགས་འདི་འཐོན་ཏོ། ། ཧདྱ་ཐཱ། ཨེ་མྱགས་ཡ་རྔུབས་མུག་ཤག་ཀ་དུན། སརྦ་ཙིཏྟ་ཡཾ། ཤག་ཧུར་ཁཾའདྲིད་ནན་གཟིར་རྦད། སརྦ་ཤ་ཏྲུཾ་ཏྲིག་ནན། ཨེ་ཧུར་ཐུམས་ཛ། སརྦ་ཤ་ཏྲུཾ་སྙིང་གཟེར་སྦུར་ནན། ཧ་ལ་ཡཾ་ཐུན་གཟིར་ཐུམས་ཛ། ཨེ་ཁ་ཤག་རྦད། ཞག་གྲངས་གསུམ་མམ་བདུན་ནམ་དགུ།། ཉི་ཤུ་རྩ་གཅིག་གྲངས་ཐིམ་ནས།། ནམ་མཁའ་བར་སྣང་ས་གཞི་ལ།། སྦྱོར་བ་མཁས་པས་མནན་པ་སྟེ།། ནམ་གྱི་གུང་ལ་མནན་པར་བྱ། ། རྡོ་རྗེ་ཨུར་མོ་ལས། ཕྱག་རྒྱ་བསམ་གཏན་གྱི་རྟོག་པ་སྟེ་བཅུ་གཉིས་པའོ།།།། རྡོ་རྗེ་འབར་བ་གཤེད་པོ་ཆེ།། གྱད་ཀྱི་གནོན་པ་སྟོབས་པོ་ཆེ།། འབྱུང་བའི་ལྟོ་དཀྲུགས་དྲག་པོ་དགོད།། རྣམ་རྟོག་དྲ་བ་འཇོམས་པའོ། ། ཕུར་པ་གསུམ་དང་དྲག་པོའི་རྫས།། ལས་ཀྱི་བདག་པོ་ཡོད་ན་བྲི།། གཞན་དུ་ཁོ་ཡི་ལྷ་སྲུངས་བྲི།། བག་ཕྱེ་ཁྲག་དང་ས་སྦྱར་ཏེ།། མི་ནག་རལ་བ་རྟིང་བར་བསླེབ།། ཁ་ནས་སྲད་བུ་ནག་པོ་འབྱུང། ། དེ་ཡང་ཡན་ལག་བཅིང་བར་བྱ།། གདོང་པ་ནག་པོར་བྱུག་པར་བྱ།། ཁོག་པ་སྟོང་པར་བྱ་བ་ཡིན།། སྐུ་གདུང་ནག་པོ་བང་རིམ་གསུམ།། དེ་ཡི་སྙིང་ཁར་ཡིན་ཞེས་བཤད།། འཁོར་ལོ་ནག་པོ་རྒྱ་ཤོག་ལ། ། འབྱུང་བཞི་གནད་གཅོད་བྲི་བར་བྱ།། དེ་ཡི་ཁོག་བར་ཡིན་ཞེས་པ།། དུག་ཁྲག་བཙན་དུག་ཉུངས་ཀར་བརྡེག། ནམ་གྱི་གུང་ངམ་ཉིན་གུང་ལ།། དྲག་པོའི་སྔགས་དགོད་བརྒྱ་རྩ་བརྒྱད།། དེས་ནི་རང་གཤེད་རང་ལ་འབེབས། ། ཞེས་པའི་རྡོ་རྗེ་འདི་གསུངས་སོ།། ཨེ་དུན་ཀ་ཡྻཾ། ཨེ་ར་ཀ་ལཾ་རཾ་ཡཾ་ཁཾ་མཱ་ར་ཡ་རྦད། ཧེ་བ་ལཾ་རཾ་རཾ་ཡཾ་ཁཾ་མཱ་ར་རྦད། ཤ་མོ་ཧེ་ལཾ་རཾ་ཡཾ་ཁཾ་མཱ་ར་ཡ་རྦད། ན་མ་ལཾ་རཾ་ཡཾ་ཁཾ་མཱ་ར་ཡ་རྦད། ཨི་རི་ཤི་ལཾརཾ་ཡཾ་ཁཾ་མཱ་ར་ཡ་རྦད། སས་སྟིབས། མེས་ཚིག། ཆུས་སྐུར། རླུང་ཡན། ཁ་རི་བ་ལྡག། རྣ་རིང། ཙི་རིང། རཾ་ལཾ་ཁཾ་ཡཾ་བརྡིབ། འབྱུང་བ་ལྔའི་དྲག་པོ་རྒོད།། སྟོང་ལས་སྒྲལ་བར་ངས་མ་བཤད།། རྫས་དང་སྔགས་ཟེར་བཟློག་མི་བྱ། ། འགྲས་པའི་སོ་མཚམས་བར་དུ་གཞག། བདུད་བཞི་ལས་གྱུར་རྟོག་པའི་ལྷ།། རང་ལས་གྲུབ་པ་དྲེགས་པ་ཅན།། ལུས་ངག་ཡིད་ཀྱི་སྦྱོར་བ་ཀུན།། དྲུག་བཞི་ཁྲོ་བོ་བརྒྱད་ཁྲི་ཡིས།། རང་གི་འབྱུང་བ་བཤིག་པར་འགྱུར། ། རྡོ་རྗེ་ཨུར་མོ་ལས་རྟོག་པ་བཅུ་གསུམ་པའོ།།།། རྡོ་རྗེ་ཨུར་མོ་ཕྱིན་ཅི་ལོག། མུ་སྟེགས་ཀ་ལ་ཀྴ་དེ།། ལོག་འདྲེན་ནག་པོ་ཁ་གདེངས་ཡིན།། ཏིར་ཏི་ཁ་གདངས་དྲེགས་པའི་ཁར། ། འབར་འདྲ་ནག་བོ་རྫངས་པ་ན།། ནག་པོ་འབའ་འདྲ་བརླག་པར་གཟིགས།། དེ་ལ་དེ་ཡི་སྦྱོར་བ་བཤད།། ཡོར་མོ་ཕུར་མོ་སྲི་ཤིང་ལ།། དྲེ་ནག་རྔ་མ་ནག་པོས་བཅིང།། ས་ནག་རྡོ་ནག་དུག་ནག་གསུམ།། ར་རོག་ཕག་རོག་གླང་ཁྲག་དང། ། དེས་ནི་སྤྲུ་བར་རབ་ཏུ་བྱ།། ནག་པོ་ཁ་གདངས་ཆེན་པོ་སྟེ།། ཁྲུ་ཚད་ཕྱེད་དུ་བྱ་བ་ཡིན།། རལ་པ་ས་ལ་བསླེབས་པ་ནི།། དྲེས་ནག་རྔོ་མ་དག་ལ་བྱ།། དེ་ལྟར་བྱས་པའི་གཟུགས་དེ་ཡི། ། ཁོག་པ་སྟོང་པར་དམོད་པ་བྲི།། ཉི་ཤུ་དགུ་ཡི་ནུབ་མོ་ལ།། ལྷོ་ནུབ་མཚམས་སུ་ལས་བྱ་བ།། ཨ་མུ་ཀ་ཞེས་བོས་པ་ལ།། དམོད་པ་ནག་པོ་འདི་དག་གོ།། ཨ་ཀ་དེ་བ་དེ་གར་པ་ནག་པོ་རུ་ཏྲ་ཧ་ལ་ནག་པོ་ཁ་དོང་ཁ། ནག་པོ་ཁ་དོང་ཁའི། ནིར་ནི་ཁའི། དེ་ནི་མིང་དང་སྲོག་བཅུག་ལ།། རུ་དྲ་ནག་པོའི་གནས་ཁང་ངམ།། དེ་ཡི་ལམ་སྲང་དག་ཏུ་མནན།། ངེས་པར་བརླག་པར་རྡོ་རྗེས་བཤད།། རྡོ་རྗེ་ཨུར་མོ་ལས་རྟོག་པ་བཅུ་བཞི་པའོ། །།། དེ་ནས་རྡོ་རྣོན་པོ་ཡིས།། རྒྱུད་རྣམས་ཀུན་ཏུ་གསང་བ་ཡི།། གནད་གཅོད་སྤུ་གྲི་ལྟ་བུ་སྟེ།། འབྱུང་བ་གནད་ཀྱི་ལས་གཅོད་པ།། དེ་ཡི་དྲག་སྔགས་འདི་དག་སྟེ།། སྐུ་དང་གསུང་ཐུགས་རྡོ་རྗེ་ལས། ། གསུངས་པ་འདི་དག་འབྱུང་བའི་གནད།། ཨེ་ཡཾ་རཾ་བཾ་སུཾ་མཱ་ར་ཡ་རྦད་རྦད་རྦད་ཡ། སུཾ་བཾ་ཡཾ་ཨེ། མ་ར་ཡ་རྦུད། རྦུད་རྦུད་རྦད་ཡ། ཨེ་རྦད། ཡཾ་རྦད་རཾ་རྦད། སུམ་རྦད། ཁས་ཁས། ཤིག་ཐིབས་མཱ་ར་ཡ་ཨེ། ཡ་མཱ་མཱ་ར་ཡཾ། རཾ་མཱ་ར་ཡ་རཾ། བཾ་མཱ་ར་ཡ་བཾ་སུཾ་མ་ར་ཡ་སུཾ། སརྦ་ཤ་ཏྲུཾ་གརྫ་གརྫ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། བན་དྷ་བན་དྷ། ཧུ་ལུ་ཧུ་ལུ། ཏིཥྛ་ཏིཥྛ། ཙྪིནྡྷ་ཙྪིནྡྷ། བྷིནྡ་བྷིནྡ། སྥོ་ཏ། རྦ་ན་རྦ་ན། རྦུ་ན་རྦུ་ན། རྦ་ན་རྦུད་རྦ་ན་རྦུད། ཐུན་བྷྱོ་ཐུན་བྷྱོ། རྦད་ནས་ཛ་ལ་འབྲི་ཤ་ཧ་ལ་ཧ་བྷྱོ་རྦད། དྲེགས་པ་ཅན་ནི་གཏད་གཅོད་པ།། འབྱུང་བ་གནས་ཀྱི་འཁྲུལ་འཁོར་ཏེ།། དྲག་པོ་སོ་རུ་ཡང་དག་བཤད།། རྡོ་རྗེ་ཨུར་མོ་ལས་རྟོག་པ་བཅོ་ལྔ་པའོ། །།། རྡོ་རྗེ་འབར་བ་དྲག་པོ་ཡིས།། གནོད་སྦྱིན་རྣམ་པར་མི་ཤིགས་བ།། དྲེགས་པའི་ནང་ན་དབང་ཆེན་ཏེ།། དེས་ན་འབའ་འདྲ་ནག་པོའི་གཤེད།། དེ་ཡི་ཆུང་མ་འདྲེ་སྲིན་མོ།། སྲིན་མོ་ནག་མོ་འཆི་བལྟས་ཅན། ། དེ་ཡིས་བལྟས་ཅན།། དེ་ཡྀ་བལྟས་པས་ཉམས་པ་འབྱིན།། དེས་ནི་མྱིར་བར་བརླག་པར་འགྱུར།། རླུང་ལྷའི་ཕྱོགས་སུ་ཕྱིན་ནས་ནི།། སཱུརྱ་མེད་པའི་གྲོག་པོ་ནས།། ས་ནག་ཕུལ་གང་བསླངས་ནས་ནི། ། མཆོད་རྟེན་རྙིང་པའི་ས་དང་སྦྱར།། ཕག་པ་རྟ་དང་ཁྱི་ཡི་ཁྲག། དུག་དང་སྦྱར་བས་གཟུགས་བྱས་ལ།། བོང་ནག་རྔོག་མས་སྐྲ་བྱས་ཏེ།། མི་ལུས་ཕག་པའི་མགོ་ཅན་ལ།། ཁྱིད་གང་བ་རུ་བྱ་བར་བཤད། ། གཟའ་རྒོད་མིག་དམར་དར་བའི་ཚེ།། དེ་ཡི་གུབ་མོ་སྲིད་ལ་བྱ།། ཨ་མུ་ཀ་ཡི་གཟུགས་དག་གིས།། ཁོ་ཡི་རྫས་རྙེད་རབ་ཏུ་བཤད།། མ་རྙེད་མིང་རུས་གསང་མཚན་བྲི།། གཟུགས་ལ་དུག་གི་ཆུ་ཁྲག་བྱུག། ཚེར་མས་ཕུག་ལ་ཁ་རུ་རྩང།། སོ་མཚམས་ཡང་ན་ཕྱི་སྒོའི་དྲུང།། འོག་ཏུ་ཡིན་ཞེས་དགྲ་ལ་བསྟན།། མ་མ་རཀྴ་ཙིཏྟ་ཤད་དུ་སོད། རཀ་མོ་ཁ་ལོང་ཁའི། ཡག་མོ་ཁ་ལོང་ཁའི། རུ་དྲ་ཁ་ལོང་ཁའི། ཀ་མ་དྷི་ཀ་ནི་ཨ་མུ་ཀ་ཁའི། གཟུགས་ཀྱི་མཐའ་མ་ཡིན་ཞེས་པ།། བརྒྱ་འམ་སྟོང་གིས་བྱ་བར་བཤད།། སྲོད་ཀྱི་དུས་སུ་བྱ་བར་ཡིན།། རྡོ་རྗེ་ཨུར་མོ་ལས་རྟོག་པ་བཅུ་དྲུག་པའོ།།།། རྡོ་རྗེ་ཁྲོ་བོས་ཡང་དག་བཤད། ། འབའ་འདྲ་ནག་པོ་སྒྲལ་བ་ཡི།། ཨུར་མོ་གསང་བའི་རྟོག་པ་འདི།། འདི་ལས་གསང་བའི་ཡང་ཏིག་མེད།། བླ་མ་རྡོ་རྗེ་སྤུན་དག་དང།། སྔགས་པ་བྱང་ཆུབ་སེམས་དཔའི་རིགས། འདི་དག་ཡོངས་ཀྱི་སྲོག་ཡིན་པས། ། དེ་ལ་བྱས་ན་བྱང་ཆུབ་མེད།། འབྲས་བུ་རང་ཕུང་ན་རག་པེས།། དེ་ཡི་རྣམ་ཤེས་འཕྲོག་པར་བྱེད།། ཇི་སྲིད་རྡོ་རྗེ་ནང་འགྲས་ན།། རང་གིས་མ་ཉེས་ངེས་པས་ཙམ།། བཤགས་དང་མཁའ་འགྲོ་མཆོད་དང་བསྐང། ། ལྟ་བ་དོན་དང་ལྡན་པར་བྱ།། དགེ་བཅུ་བླང་དང་ཡང་དག་བརྗོད།། དེ་བས་དེ་རྫོགས་བཤགས་པ་བྱ།། རྡོ་རྗེ་ཨུར་མོ་ལས་རྟོག་པ་བཅུ་བདུན་པའོ།།།། རྡོ་རྗེ་འབར་བ་དྲག་པོ་ཡིས།། ཨུར་མོ་ནག་གཅོད་རྣམ་པར་རྒྱལ། ། སེང་གེ་ཁ་འཐབ་རྩལ་གྱི་མཆོག། ཉི་ཟླ་ཁ་སྦྱོར་གསལ་བའི་མཆོག། ཨུར་མོ་ནང་འཐབ་ཤིག་པའི་མཆོག། རྡོ་རྗེ་ཁྲོ་བོ་ཁྱོད་ལ་འདུད།། རྡོ་རྗེ་ལས་གྲུབ་ཁྱོད་ལ་འདུད།། སྔགས་ཀྱི་ངོ་བོ་ཁྱོད་ལ་འདུད། ། རྡོ་རྗེ་འཇིགས་བྱེད་འཇིགས་པར་བྱེད།། རྡོ་རྗེ་རྣོན་པོ་རལ་གྲི་ཆེ།། མ་ལུས་སྒྲོལ་འདུད་ཁྱོད་ཕྱག་འཚལ།། རྫོགས་པའི་སངས་རྒྱས་ཀུན་འདུས་པའི།། དཀྱིལ་འཁོར་རྫོགས་པ་བླ་མེད་དོན།། རྡོ་རྗེ་གཅོད་པའི་ལས་གསུངས་པའོ། ། རྡོ་རྗེ་གཅོད་བ་ཨུར་མོ་ལས་རྟོག་པ་བཅོ་བརྒྱད་པའོ།།།། རྡོ་རྗེ་ཁྲོ་བོ་རྣམ་པར་གཅོད་ཁྲོ་བོ་རྣམ་རྟོག་རྒྱལ་བའི་ཡང་སྙིང།། རྟོག་པ་བསྡུས་པའི་རྒྱུད་ཁྲོ་བོ་ཐམས་ཅད་ཀྱི་ཡང་སྙིང་རྫོགས་སོ། །།། རྒྱ་གར་སྐད་དུ། བཛྲ་མ་སཱུརྱ་རཀྟ་ཏནྟྲ། བོད་སྐད་དུ། རྡོ་རྗེ་ཉི་མཁྲག་འཐུང་གི་རྒྱུད།། བཅོམ་ལྡན་འདས་དཔལ་ཡ་མན་ཏ་ཀ་ལ་ཕྱག་འཚལ་ལོ།། རྡོ་རྗེ་ཉི་མ་ཁྲག་འཐུང་གིས།

CLOSE WINDOW