CLOSE WINDOW

Gpb040.008: སེང་གེ་འོ་མའི་ཕྱི་མ་ཞེས་བྱ་བ
Wylie

།།། རྒྱ་གར་སྐད་དུ། སིཾ་ཧ་ཙ་ཏྲ་ཨ་རོད་ན་མ། བོད་སྐད་དུ། སེང་གེ་འོ་མའི་རྒྱུད་ཕྱི་མ་ཞེས་བྱ་བ། དཔལ་གཤིན་རྗེ་གཤེད་ལ་ཕྱག་འཚལ་ལོ།། དེ་ནས་བཅོམ་ལྡན་འདས་ཀྱིས་རྒྱུད་ཕྱི་མ་འདི་གསུངས་སོ། ། དེ་ནས་སྐུ་གསུང་ཐུགས་ལས་སྔགས་འདི་བཏོན་ཏོ།། ར་ཧཱུ~ཾ་ར་མ་ཏྲི་ག། ཕུ་རི་ཙོ་ཏོ་ར། པི་སྦུ་མ། ཙིཏྟ་ཙི་ཤུ་ཚི་མ་ཁུག་ཐང་ཐང། བི་སྦུ་རག་ཏྲི་ཙི་ཤུ་ལ་ཧྲིཾ་ཧྲིཾ། ག་པི་ག་པི། ཙི་ཏོ་ཙི་ཏོ། བ་བུམ་འབུ་མ་འདུ་ཐུ་འདུ་ཐུཿ་རག་ཤོ་རག་ཤོཿ་རག་ཁོ་རག་ཁོཿ་ཡག་གོ་ཡག་གོ། བཛྲ་རུ་ཏྲི་ཏྲམ་བྷྱོ། ནཱ་ག་རུ་ཏྲི་ཏྲི་བྷྱོ། ཡག་ཤ་རུ་ཏི་ཏྲཾ་བྷྱོ། རག་ཤུ་རུ་ཏྲི་ཏྲཾ་བྷྱོ། ཙ་ག་ཤ་རུ་ཏྲི་ཏྲཾ་བྷྱོ། པ་ཏྲ་རུ་ཏྲི་ཏྲཾ་བྷྱོ། ཡ་མ་རུ་ཏྲི་ཏྲཾ་བྷྱོ། འཁྱགས་པ་རླུང་དུ་དབབ་པ་དང།། འཁྱགས་པ་ལམ་དུ་ཞུགས་པ་ཡིན།། ཙ་བ་ནི་ར་ཧཱུ~ཾ་ལ་ཕོབ། ཀྲོ་ཏི་ཀྲོ་ལ་ཤ་ར་ཙ་ཕྲོཾ། ཐ་མ་ནི་ཧུ་རུ་ཧུ་རུ་ཕྲོཾཿམ་མ་ཁྲོ་རིལ་རིལ་ཕོབ། ཤ་ར་ཤ་མ་ཏ་ནཱ་ག་ཕོབཿ་དུལ་ནལ་དུལ་ནལ། ཆེམ་ཆེམ་ཕོབཿ་ཏ་ཀྱི་རཱ་ཛ་ཏི་པ་ཕོབཿ་འབི་སྦུ་རག་ཏྲིག་ཚི་ཤུ་ལ་ཤརཿ་དམ་ཐག་ཧཱུ་མ་ཧཱུ་ཡ་ཕོབ། ན་ག་ལེ་ནཱ་ག་ལེ་ཕོབ། དེ་ནི་བཅུ་རྣམས་ཆགས་སུ་གཤུགས་པ་སྟེ། སེང་གེའི་རྒྱུའོ།། སྲིན་མོ་སྲོག་གཟེར་བཏབ་པ་ནི། ། བི་སྦུ་རག་ཏྲིགཿ་སྟྲི་ཤུལ་ཧྲིཿ་ལོ་ཐོག་ཁ་ཧི། འཕང་འགྲོ་གཟན་ལ་དབབ་པའོ།། བྱ་ཏི་ཏི་ལ་བ་ཤ་མི་ཀི་ར་ཧཱུ་ལ་སྭཱ་ཧཱ། བི་ཤི་མི་ཀི་དུ་རུ་མ་ཤ་ཀི་ཛ་ལ་ཨ་ཏ་སྭཱ་ཧཱ། ཛ་པ་ཏི་ར་ཧཱུ་ལ་མ་ཧཱ་ཀྲོ་དྷ་ཀ་ཕབ་ཤ་ལ་ཤ་ལ་ཏེ་ཧཱུ~ཾ་ཕཊ། བི་སྦུམ་པུ་རི་ཙོ། ཏོར་ར་ཧཱུར་མ་ཏྲིག། ཙི་ཏ་ཙི་ཤུ་ཚིལ་མ་ཁུག་ཐང་ཐང། སྐུ་གསུང་ཐུགས་དང་འཕྲིན་ལས་བཞི་ཡི་སྔགས།། དེ་ཡང་འཕྲིན་ལས་སྔགས་སུ་གསུངས་པའོ།། སེང་གེ་འོ་མའི་རྒྱུད་ལས། སེར་བ་དྲག་པོའི་ལེའུ་སྟེ་དང་པོའོ།།།། དེ་ནས་ཡང་སྲོག་གི་རེག་ཆོད་འདི་གསུངས་སོ།། འཁོར་ལོ་ཆས་སུ་བཅུག་ནས་ནི།། སྔགས་ཀྱི་སྦྱོར་བ་རབ་ཏུ་བཤད།། ཙ་བ་ནི་ར་ཧཱུ་ལ། ཀྲོ་ཧི་ཀྲོ་ལ། ཐལ་མན་ཧཱུ་རུ་ཧཱུ་རུཿ་མ་མ་ཁྲི་རིལ། ཤལ་ཤལ་ཏཿ་དུལ་ནལ་དུལ་ནལཿ་ཏ་ཀི་ཛ་ཏ་པ་ཏི། བི་སྦུ་རག་ཙི་ཤུ་ལ།། སྒྲུབ་པའི་ལས་སུ་དེ་བསྟན་ནོ།། ལས་སྦྱོར་གསང་བའི་སྔགས་དེ་ནི།། སྙིང་མགོ་ཆོད་ཧཱུར་སྤྲུགསཿ་རྦད་ཨུ་ར་བྷྱོཿ་མྱོས་སོད་རྦདཿ་ཐུམ་རིལ་རྦད། ཁྲག་རྔུབས་ཛཿ་སྲོག་ལོང་རྦདཿ་ལུས་དུལ་རྦད་ཡ། སྲོག་ལ་མྱོས་ཐིབས་རྦད་བྷྱོ། སྲོག་ཧཱུ་ལོང་ཕུར་རྦད་ཛཿ་གཟེར་ཐུམ་རྦདཿ་ཙ་ཀྲ་ལིཾ་ག་ཆས་བྱས་ལ། ། རྫས་རྣམས་སྤྱི་ཡི་གཞུང་དུ་ཤེས།། སེང་གེ་འོ་མའི་རྒྱུད་ཕྱི་མ་ལས། སྲོག་གི་རེག་ཆོད་ཀྱི་ལེའུ་སྟེ་གཉིས་བའོ།།།། དེ་ནས་ཡང་བསྙེན་པའི་ལས་སྔགས་འདི་གསུངས་སོ།། པུ་རི་ཙོ་ཏོ་ར་བི་སྦུ་མ་ར་ཧཱུ་ར་མ་ཏྲིགཿ་ཙི་ཏ་ཙི་ཤུ་ཚིལ་མ་ཁུག་ཐང་དེ་ཐང་ངེ། ། བི་གི་ནི་ཀུན་ལེ་མཱ་ར་ཡ་རྦད། ཡ་བ་སྨི་གུ་པ་ཡེ་ཤེ་ན་རྦད། པུས་ཏི་ནས་སེ་ཚིལ་མ་སུ་ཏྲི་བ་ཡ་རྦདཿ་ས་མ་ཡ་ཀ་ལི་ཀུ་པི་ཀ་ར་ནི་ལྡནཿ་དུ་ཀ་ནི་ཨ་ཤུ་རོ་ཧུ་ཙ་པ་ལ་ལྷན། མ་ཧཱ་ཤ་ཏོ་ཀུ་པ་ཡ་ལྷན། བུ་ཀྲི་བ་ཡ་ཨ་ཏྲིག་བལ་མི་རྦད་ཛཿཏྲ་རག་ཤ་མ། མ་ཧ་མ་ཁྲིམ་ཤམ་རྦད་ཛཿ་ཚ་བ་ནི་ཨ་ཛ་ཧ་ཚ་རྦད་ཛཿ་སེང་གེ་འོ་མའི་རྒྱུད་ཕྱི་མ་ལས། བསྙེན་པའི་ལས་ཀྱི་ལེའུ་སྟེ་གསུམ་པའོ། །།། དེ་ནས་ཡང་གསོ་བའི་ལས་འདི་གསུངས་སོ།། ལུག་ནག་འབེན་བརྡས་སྔགས་འདི་བཟླས།། མ་མ་བས་སྨི་གུ་ལི་སྭཱ་ཧཱ། སྲིའུ་གསོ་ན་ར་རོག་འབེན།། སེར་བ་སྲུང་ན་མི་རྟ་ཕུར།། ནད་པ་སྲུང་ན་མདོས་དང་ཟོར། ། བ་སྦྲུ་ཏྲག་བྷྱོ། སེང་གེ་འོ་མའི་རྒྱུད་ཕྱི་མ་ལས། གསོ་བའི་ལེའུ་སྟེ་བཞི་པའོ།།།། དེ་ནས་ཡང་བཅུན་བཟློག་ལས་ཀྱི་སྔགས་འདི་གསུངས་སོ།། འཁོར་ལོའི་རྩིབས་ལ་སྔགས་འདི་བྲིས། ། ཕོ་ལྟོ་དཀྲུགས་ལ་བཙན་ལ་བསྐོར།། མ་ཧཱ་བཱི། ད་པ་ཏྲ། བི་སྦུ། ཙ་ཏྲ། པ་ནི། ར་ཧཱུ་ལ། ལོ་ཐོག་ལ་བྷྱོ། མེ་ལྟོ་བཟློག་པ་ཐེ་རང་བྲིད།། ཁ་ལ་ར་ག་ཤ་ཐུན་བྷྱོཿ་མ་མ་རག་ཤ་ཐུན་བྷྱོཿ་ཏྲི་ཙ་བ་ཨ་ཡ་ཐུན་བྷྱོ། ཡ་མ་རཱ་ཛ་ཀྲི་སྤུ་དུན་ཏི་ཁ་ལ་དུ་ཏི་བྷྱོཿ་ནཱ་ག་རཱ་ཛ་ཐུན་བྷྱོཿ་བ་རུ་ན་ཐུན་བྷྱོཿ་རག་ཤ་ཐུན་ཕོབ། པོ་ལྟོ་གཟིར་བ་ལྷ་བསྐོར། མ་ཧཱ་ཙནྡྷ་ལ་རགྴ་ཕོབ། བཙན་དང་ཀླུ་དང་ལྷས། སེར་སྲུན་གྱི་ཡོན་ལག་ལ།། ཐོག་མཐའ་བཏང་བའི་ལས་ཐབས་ནི། ། རིན་ཆེན་སྣ་ལྔ་གྱོ་མོ་ལྟོ་བྱས་ལ་གང་རུང་སར་སྦའོ།། མོ་ལྟོ་གཟིར་ལ་ཆུ་མིག་ཆུ་ལ་བསྐོར།། ན་ག་རཱ་ཛ་བེ་ནི་ཨ་ནནཿ་ཕྲོཾ་ཧྲིལ་ཤར་ཕོབཿ་མ་ཧཱ་ཙན་དྷ་རགྴཿ་ཏྲི་ཐ་ནརི་མཱ་ར་ཡ་ཆེ་གེ་མོ་ལ་ཏྲི་བྷྱོ། ཕོ་ལྟོ་གཟིར། ན་ག་ར་ཛ་བེ་ནི་ཨ་ནན་ཐ། ནཱ་ག་བཛྲ་རག་ཤ་ཏི། སན་ད་ར་ཤུ་ན། ཙིཏྟ་བོ་སྨི་གུ་རུ། མོ་ལྟོ་གཅུན། མ་ཧཱ་བི་ཨ་ཏྲ་བི་སྦུ་ཙ་ཀྲ་ས་ནི། ར་ཧཱུ་ལ་དགྲ་བོའི་ཙིཏྟ་ལ་བུན་ཛ་ཧོ་ཁཱ་ཧི། ཧེ་ཁཾ་ལི་མ་ཧཱ་ཙན་དྷ་མཱ་ར་ཡ་ཁུག་ཛ་ཛ། ཕོ་ལྟོ་དཀྲུག། ཁ་ལ་རག་ཤ་རག་ཤ་ཐུན་བྷྱོ། མ་མ་རག་ཤ་ཐུན་བྷྱོ། ཏྲི་ཛ་པ་ལ་ཨ་ཐུན་བྷྱོ། ཡ་མ་ཙ་ཀྲི་སྣ་དུན་ཏིང་ཁ་ཐུན་བྷྱོ། ནཱ་ག་རཱ་ཛ་བ་རུ་ན་ཐུན་བྷྱོ། མོ་ལྟོ་བཟློག། སེང་གེ་འོ་མའི་རྒྱུད་ཕྱི་མ་ལས། བཅུན་པ་གཟེར་མནན་གྱི་ལེའུ་སྟེ་ལྔ་པའོ།།།། དེ་ནས་ཡང་མཁའ་འགྲོ་གཟན་དབབ་པ་དང། འཁྱག་པ་རླུངས་སུ་དབབ་པ་ནི། རཏ་ཏྲིག་ཙི་ཤུལ་ཧྲིང་བི་སྦུ་མ་དམ་ཐོབ། འབྲི་རུ་གཡས་པའི་ནང་ནས་འཕང། ། མི་སོགས་ཁྱེད་བྱས་ཐབ་ཟོར་འཕང།། སེང་གེ་འོ་མའི་རྒྱུད་ཕྱི་མ་ལས། འཁྱག་པ་རླུངས་སུ་དབབ་པའི་ལེའུ་སྟེ་དྲུག་པའོ།།།། དེ་ནས་ཡང་མ་ཐེབས་ན། མོན་པ་མོན་མོ་བལ་མོ་གསུམ། ། ཟ་གསུམ་གཟིར་བས་ལས་རྣམས་འགྲུབ།། དེས་ཀྱང་ཐེབས་པར་མ་གྱུར་ན།། རྩ་བ་བཟློག་པས་རང་གཟིར་ནས། སྐྱིན་ཐང་རབ་རུ་འབབ་བར་ངེས།། དེས་ཀྱང་ལས་བྱེད་མ་འདོད་ན།། སྔགས་ཀྱི་ཡང་རྒོད་གོ་བཟློག་གོ། དེ་ནས་རྣལ་འབྱོར་ལས་རྣམས་བྱེད།། སེང་གེ་འོ་མའི་རྒྱུད་ལས། སྔགས་བཟློག་པ་ཏྲག་པོའི་ལེའུ་སྟེ་བདུན་པའོ།།།། དེ་ནས་ཡང་ཕུང་སྲི་ཐོད་པའི་འཁོར་ནི། ཕྱི་མ་བསྙེན་སྔགས་མིག་ལ་ཤར། ། རྣ་བ་ཐོབ་ལ་སྣ་ལ་ཧྲིལ།། རྫས་རྣམས་ལ་སོགས་སྔོ་རྣམས་བླུགས་ལ་མནན།། རྟ་མ་རྣམས་ཀྱི་མཆོག་ཏུ་གསུངས།། འདི་མེད་རྟ་མ་འཁྱམས་པ་ཡིན།། ར་རོག་ལུག་ནག་ར་དམར་སྙིང།། རྟ་ནག་གཡག་རོག་གླང་དམར་སྙིང། ། བྱ་ནག་ནལ་བུ་བཙན་བྱའི་སྙིང།། སྲོག་དང་སེར་བ་གཉིས་ཀའི་རྫས།། སྐྱེར་ལྡེ་སེང་ལྡེང་མཛོ་ལྡེང་དང།། འདི་གསུམ་ལྷ་ནི་རྟན་པའི་རྫས།། ལྕགས་ཕུར་སྐྱེར་ཕུར་མཆོག་ཕུར་གསུམ། ། འདི་གསུམ་གདབ་པའི་ཕུར་བའོ།། འདི་མེད་ལས་བྱེད་ཡུག་པ་རྐྱང།། འཁོར་ལོ་སྔགས་མེད་ས་ཡི་གཏེར་ཏེ་ཡུགས་པ་རྐྱང།། སེང་གེ་འོ་མའི་རྒྱུད་ཕྱི་མ་ལས། ཕུར་ཤིང་ཐོད་པའི་ལེའུ་སྟེ་བརྒྱད་པའོ། །།། དེ་ནས་ཡང་བསྟོད་པ་འདི་གསུངས་སོ།། འཇམ་དཔལ་བསྟོད་ལ་ལྷ་རྣམས་བསྐུལ།། འཇིགས་བྱེད་ཆེན་པོ་སྤྲུལ་པའི་སྐུ།། གཟའ་བདུད་ཆེན་པོ་མི་སྲུན་པ།། ཁྱབ་འཇུག་ཆེན་པོ་ཀུན་ཏུ་རྒྱུ། ། ཕ་ནི་སྲིན་ལ་མ་ནི་ཀླུ།། ཀླུ་སྲིན་ཚོགས་པའི་སྲས་པོ་མཐུ་པོ་ཆེ།། ལུས་པོ་གཅིག་ལ་མགོ་བོ་དགུ།། མགོ་ལུས་མེད་པ་མིག་གིས་ཁེངས།། རོ་སྟོད་མི་ལ་རོ་སྨད་སྤྲུལ།། སྡེ་བརྒྱད་ཀུན་གྱི་དམག་དཔོན་མཛད། ། ཕྱོགས་མཚམས་ཀུན་གྱི་དམག་དཔོན་རེ།། བཅོལ་བའི་ལས་སུ་ཐོག་སེར་ཕོབ།། ཤར་གྱི་སྟག་སྲིན། ལྷོའི་བཾ་སྲིན། ནུབ་ཀྱི་རྐང་སྲིན། བྱང་གི་འབྲོག་སྲིན།། འདོད་ཆགས་ཁྲག་མཚོ་འཁྲུག་པའི་དཀྱིལ་འཁོར་ནས། ། ཡུམ་ཆེན་ཀླུ་མོ་ཡག་མ་ནི།། བཅོལ་བའི་ལས་སུ་ཐོག་སེར་ཕོབ།། བསྙེན་པའི་དུས་སུ་ལས་བཅོལ་ལོ།། འཇམ་དཔལ་བསྟོད་ལ་སྡེ་བརྒྱད་བསྐུལ།། སེང་གེ་འོ་མའི་རྒྱུད་ཕྱི་མ་ལས། བསྟོད་བཅོལ་ལེའུ་སྟེ་དགུ་པའོ། །།། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ལས་ཀྱི་མཐའ་བསྟན། བི་སྦུ་རྩ་བ་གསུམ་གྱི་བསྙེན་པ་བྱ།། རྩ་བ་ནས་ནི་སྒྲུབ་པ་བྱ།། འགའ་ཡི་བརྒྱད་ཀྱིས་ཟོར་མཐའ་བསུ།། ཏྲམ་བརྒྱད་མཁའ་འགྲོ་ལས་ལ་གཟུད། ། གཅུན་བཟློག་འཁོར་ལོ་གཟིར་ལ་དབབ།། སྐུ་གསུང་ཐུགས་ཀྱིས་ཟོར་ཐབ་བྱ།། སྐྱིན་ཐང་འཁོར་ལོས་རྟ་མ་བྱ།། ལྷག་མ་བཞི་ཡིས་གནས་སྐབས་སྦྱར།། སེང་གེ་འོ་མའི་རྒྱུད་ཕྱི་མ་ལས། གབ་པ་ལས་སེར་གྱི་ལེའུ་སྟེ་བཅུ་པའོ། །།། དེ་ནས་སྒྲུབ་པའི་བྱེ་བྲག་བསྟན་པ་ནི།། ཕྱི་སྒྲུབ་ནང་སྒྲུབ་གསང་སྒྲུབ་གསུམ།། ཕྱི་ནི་དཀྱིལ་འཁོར་ལ་གསད་པ་ནི།། མཎྜལ་འདོམ་གང་གྲུ་བཞི་ལ།། དབུས་སུ་གྲུ་གསུམ་སུམ་བརྩེག་གོ། ཁ་ཁྱེར་གསེར་གྱི་ཕུར་བ་བཅོ་བརྒྱད་དགོད།། དེ་སྟེངས་དར་གྱི་གུར་ཡང་དབུབ།། ནང་དུ་ལིང་ག་ཞིང་གི་རྒྱུས་པ་རྟགས།། ཐུན་གསུམ་ཕྱོགས་བརྡེག་ལིང་གའི་གནས།། སྙིང་གསུམ་ལ་སྒྲུབ། རྟ་ནག་ར་རོག་བཙན་བྱའི་སྙིང། ། ཐོད་པ་གསུམ་པ་སྒྲུབ། མོན་ཐོད་སྦྱང་ལོ་རབས་ཆད་ཐོད་པར་འཁོར་ལོ་བསྐོར།། ཁྲག་གསུམ་ལ་བསྒྲུབ། ར་རོག་ལུག་ནག་ར་དམར་ཁྲག། རྟེན་གསུམ་ལ་བསྒྲུབ། སེང་ལྡེང་སྐྱེར་པ་མཆོག་ཕུར་དྲིལ་དེ་ཅན།། ཐུན་གསུམ་ལ་བསྒྲུབ། ཁྲག་དུག་ཡུངས་ཀར་ཐུན།། ནང་རལ་གསད་པའོ།། གསང་བ་འཁོར་ལོས་གསད་པའོ།། སེང་གེ་འོ་མའི་རྒྱུད་ཕྱི་མ་ལས། ཕྱི་གསང་བས་གསང་པའི་ལེའུ་སྟེ་བཅུ་གཅིག་པའོ། །།། དེ་ནས་གསང་བའི་སྡེབས་བསྟན་པ་ནི། ཆུ་བསྡུད་བསྙེན་པ་སྟེ། ཆུ་ཚགས་སུ་གཞུགས་བསྒྲུབ་པའོ།། ཕྲོམ་གཉིས་ཤར་གསུམ་དྲིལ་བའོ།། ཏྲམ་བརྒྱད་སྔགས་ཀྱི་ཤམ་བུ་སྟེ། ། འགའ་ཡི་ཟོར་གྱིས་ལས་སུ་བསྟན།། སྐུ་གསུང་ཐུགས་འཕྲིན་ལས་བཞིས་ཉེ་བར་བྱ།། སེར་བའི་ལམ་བསྟན་འཁྱག་པ་ལམ་དུ་གཞུག་པ་ནི། ཨོཾ་ན་ཕྱ་ན་ཕྱ་ཧཱུ~ཾ་ཁ་ཧི་ཁ་ཧི། བཅུན་བཟློག་འཁོར་ལོ་རབ་ཏུ་བརྡེག། ཕྲོཾ་ཕྲོཾ་ཤར་གསུམ་སེམས་ཀྱི་རྟེན།། སེང་གེ་འོ་མའི་རྒྱུད་ལས། བསྡེབས་སུ་བསྟན་པའི་ལེའུ་སྟེ་བཅུ་གཉིས་པའོ།།།། དེ་ནས་སྡེ་བརྒྱད་ཀྱི་སྲོག་སྙིང་ཕུལ་ནས་རང་རང་གནས་སུ་གྲམ་མོ།། གཟས་བག་གི་ཕུལ། ཀླུ་ཡིས་ཙིཏྟ་ཕུལ་ལོ།། གཤིན་རྗེས་རག་ཏོ་ཕུལ། ལྷས་འབུ་ལ་འཕུལ། ལྷ་མ་ཡིན་གྱི་འདུ་ཐུ་ཕུལ། སྲིན་པོས་རག་ཤོ་ཕུལ། མ་མོའི་རཀ་གོ་ཕུལ། གནོད་སྤྱིན་གྱིས་ཡག་གོ་ཕུལ། སྡེ་བརྒྱད་དྲིལ་ནས་བི་སྦུམ་པུ་རི་ཙོ་ཏོར་ར་ཧཱུ་ར་མ་ཏྲིག་ཙིཏྟ་ཙི་ཤུ་མ་ཁུག་ཐང་ཐང་ཕུལ་ལོ། ། ཡང་གཟས་ཙ་པ་ནི་ཕུལ། བཙན་གྱིས་ཀྲོ་དྷི་ཀྲོ་ལ་ཕུལ། གཤིན་རྗེ་ཐལ་བ་ནི་ཕུལ། མ་མོས་ཁྲཾ་རིལ་ཕུལ། ཀླུས་ཤ་ལ་ཤལ་ཏ་ཕུལ། བདུད་ཀྱིས་དུལ་ནལ་ཕུལ། རྒྱལ་པོས་ཏ་ཀྱི་ཛ་ཏི་ཕུལ་ལོ།། སྐྱེ་བརྒྱད་དྲིལ་ནས་བི་སྦུ་རག་ཏྲིག་ཙི་ཤུ་ལ་རྡྷིང། ཞེས་ཕུལ་ནས། རང་རང་གནས་སུ་སོང་ངོ།། སེང་གེ་འོ་མའི་རྒྱུད་ཕྱི་མ་ལས། སྲོག་སྙིང་ཕུལ་བའི་ལེའུ་སྟེ་བཅུ་གསུམ་པའོ། །།། དེ་ནས་ཡང་ཏྲམ་བརྒྱད་སྔགས་ཀྱི་ལྕགས་གཟེར་ནི། ནཱ་གུ་རུ་ཏི་ཏྲཾ་བྷྱོ། ཀླུས་ཕུལ། དེ་བ་རུ་ཏྲི་ཏྲཾ་བྷྱོ། ལྷས་ཕུལ། ཡ་མ་རུ་ཏི་ཏྲཾ་བྷྱོ། གཤིན་རྗེས་ཕུལ། ཡུལ་ཤ་རུ་ཏྲི་ཏྲཾ་བྷྱོ། སྲིན་པོས་ཕུལ། དེས་ཡུལ་ལྷའི་སྦྱོར་བ་གཞོམ་པའོ།། ཁ་རག་རུ་ཏྲི་ཏྲཾ་བྷྱོ། ཙག་ཤ་རུ་ཏྲི་ཏྲཾ་བྷྱོ། པ་ཏྲི་རུ་ཏྲི་ཏྲཾ་བྷྱོ། དེས་སྲུན་གྱི་སྦྱོར་བ་གཞོམ་པའོ།། ཁྱི་ལུད་རྭ་རུ་ཚིལ་ཆེན་བསྲེགས།། མི་རུས་ཡུངས་ཀར་འབོབ་དུད་བཏང།། དེས་ནི་སྦྱོར་བ་ཀུན་བཅོམ་སྟེ། ། ཏྲཾ་བརྒྱད་སྔགས་ཀྱི་ཤམ་བུ་བྱ།། སེང་གེ་འོ་མའི་རྒྱུད་ཕྱི་མ་ལས། སྦྱོར་བ་གཞོམ་པའི་ལེའུ་སྟེ་བཅུ་བཞི་པའོ།།།། དེ་ནས་གནད་ཀྱི་སྦྱོར་བ་ནི།། འཁོར་ལོའི་བར་ནས་སྔགས་ཀྱི་གནད། ། ལྟོ་བ་སྦྱར་ན་བསད་པའི་གནད།། བཙུན་བཟློག་ཕན་ཚུན་རྒྱ་གྲམ་གནད།། ཡི་གེ་མགོ་སྤྲོད་པ་གསད་པའི་གདན།། དེ་ཡིས་བར་ནས་དགྲ་ཡི་མིང།། འཁོར་ལོ་བཞི་ཡིས་དབབ་པའི་གནད།། ལྷ་དང་བཙན་ཀླུ་དང་ཐེ་བྲང་ངོ། ། ཕྱོགས་ཀྱི་འགའ་པི་ཟོར་གྱི་གནད།། མཚམས་ཀྱི་ཏྲཾ་བརྒྱད་ཤམ་བུའི་གནད།། སྐུ་གསུང་ཐུགས་འཕྲིན་ལས་བསྙེན་པའི་གནད།། གཟིར་བ་ཕུར་པའི་གནད། གནན་པ་ཐོད་པའི་གནད། རོ་རས་འཁོར་ལོ་དགུ་ཡི་གནད། ཅེས་གསུངས་སོ།། དྲག་པོ་གསོད་པ་སེང་གེ་འོ་མའི་རྒྱུད་ཕྱི་མ་ལས། གནད་བསྟན་པའི་ལེའུ་སྟེ་བཅོ་ལྔ་པའོ།།།། དེ་ལས་རྒྱུད་འདི་གཏད་པ་ནི།། སེང་གེ་ཞེས་པ་རབ་ཏུ་དཀོན། ། འོ་མ་ཞེས་པ་བཅུད་ཡིན་ཏེ།། འཇིག་རྟེན་འདི་རུ་འབྱུང་བ་རབ་ཏུ་དཀོན།། དེ་ལས་བྱུང་བའི་ཆོས་འདི་ནི།། ཚངས་པ་བརྒྱ་བྱིན་ཁྱོད་ལ་གཏད།། ཉིན་ཀུན་སྙིང་གཟེར་ཁྱོད་ལ་གཏད།། བརྗེད་བྱ་སྲོག་གཅོད་ཁྱོད་ལ་གཏད། ། དྲག་པོ་ལས་སྡུད་ཁྱོད་ལ་གཏད།། སེང་གེ་འོ་མའི་རྒྱུད་འདི་ཁྱོད་ལ་གཏད།། དེ་སྐད་གསུངས་ནས་སླར་གཤེགས་སོ།། སེང་གེ་འོ་མའི་རྒྱུད་ཕྱི་མ་ལས།། གཏད་བའི་ལེའུ་སྟེ་བཅུ་དྲུག་པ།།།། སེང་གེ་འོ་མའི་རྒྱུད་ཕྱི་མ་རུ་བྱུང་བ་རྫོགས་སོ།།།། འདི་གནས་རྙིང་རྒྱུད་འབུམ་ན་མེད།།།།

CLOSE WINDOW