Wylie |
རྒྱ་གར་སྐད་དུ། ཨཱརྱ་མཉྫུ་ཤྲཱི་ཡ་མཱ་ན་ཏ་ཀ་གུ་ཧྱ་ཧྲི་ཤི་བན་ཤོ་ནཱ་མ་ཏན་ཏྲ། བོད་སྐད་དུ། འཕགས་པ་འཇམ་དཔལ་གཤིན་རྗེ་གཤེད་པོའི་གསང་བ་དྲུག་ཅུ་པ་ཞེས་བྱ་བའི་རྒྱུད། འཕགས་པ་འཇམ་དཔལ་གཤིན་རྗེ་གཤེད་པོ་ལ་ཕྱག་འཚལ་ལོ། ། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། ཆོས་ཀྱི་དབྱིངས་ཀྱི་སྣང་བའི་ཡེ་ཤེས་ཆེན་པོའི་ཕོ་བྲང་རིན་པོ་ཆེ་ཤིན་ཏུ་འབར་བའི་གནས་ན། སེང་གེ་དང། པདྨ་དང། ཉི་མ་དང། ཟླ་བའི་གདན་སྟེངས་ན། འཕགས་པའི་རྒྱལ་པོ་བཅོམ་ལྡན་འདས་བཞུགས་སོ།། འཁོར་ས་བཅུའི་བྱང་ཆུབ་སེམས་དཔའ་བྱེ་བ་ཕྲག་བརྒྱ་ལ་ཐེག་པ་བཞིའི་ཆོས་ཀྱི་འཁོར་ལོ་བསྐོར་ཅིང་བཞུགས་སོ། ། ཐུགས་རྗེ་ཆེ་ལ་ཐབས་མཁའ་པ་དེས་འགྲོ་བ་དྲུག་གིས་སེམས་ཅན་ལ་ཡེ་ཤེས་ཆེན་པོའི་སྤྱན་རྣམ་པར་དག་པས་གཟིགས་པས། སེམས་ཅན་རྣམས་དུག་ལྔ་དུག་གསུམ་དང་ཉོན་མོངས་པས་ཤིན་ཏུ་སྡུག་བསྔལ་ཞིང་རྣམ་པར་དག་པ་རི་རབ་ཆེན་པོའི་འགྲམ། རྒྱ་མཚོ་ཆེན་པོའི་གཏིང་ན། ང་བདག་ཉིད་རྟག་པ་ལས་གོལ་བའི་ལས་ཀྱི་གཤིན་རྗེ་ཆེན་པོ་དྷ་རྨ་ས་ཧ་ཞེས་བྱ་བ་དེ་ལ་ཆུང་མ་ཙ་མུན་དྲ་ཞེས་བྱ་བ་དང་སྦྱོར་བ་བྱས་པའི་བུ་ཚ་མིང་སྲིང་ཉི་ཤུ་རྩ་བརྒྱད་ཡོད་དེ། ཡ་མཱ་ར་ཛ་དང། མྱོས་བྱེད་འབར་བ་དང། ཨཱརྱ་མ་རུ་དང། རལ་པ་ཚར་དགུ་དང། ཀོང་རྩེ་བྲག་འཇོམས་དང། ཨ་བ་གླང་མགོ་དང། ཡ་བ་ཏི་དང། ཕྱ་སངས་དང། སྨིགས་པ་དང། ཏེལ་པ་དང། ལྷ་མཆོག་དུད་ཁ་དང། ཆོས་ཀྱི་རྒྱལ་པོ་དང། མིག་དམར་དང། བདུད་འཇོམས་དང། ཕོ་བཅུ་བཞི་སྟེ། མོ་ཡང་རག་ཏའི་དྲི་མནམ་མ་དང། ལྕགས་ཀྱི་སྤྱང་མོ་མགོ་དགུ་མ་དང། ཡེ་ཤེས་མཁའ་ལྡིང་མོ་དང། འབར་མ་དང། སྲིན་མོ་མགོ་འཕྱང་མ་དང། མི་བཟང་རྡོ་རྗེ་རལ་གཅིག་མ་དང། དྲང་སྲོང་དཀར་སྐྱའི་མཆེ་བ་ཅན་དང། གཤིན་རྗེའི་ཡུལ་གཅིག་རེ་མ་ཏི་དང། ཉམ་ཅན་ཁྲག་གི་རལ་གཅིག་མ་དང། ཀླུ་མོ་ནག་མོ་ལུས་འགྲོ་མ་དང། རླུང་ལྟ་སྤྱན་གསུམ་མཆེ་བ་ཅན་དང། གནོད་སྤྱིན་བུ་མོ་ཨེ་ཤན་དང། མེ་ལྷ་རྡོ་རྗེ་རལ་གཅིག་མ་དང། པ་ལ་མ་དྲེ་སྣ་མ་དང། བུ་ཚ་ཉི་ཤུ་རྩ་བརྒྱད་ཀྱིས་བསྐོར་ནས་འཁོད་དོ། ། དེའི་འཁོར་ཡང་ཕོ་བདུན་མོ་བདུན་ཀྱིས་བསྐོར་ནས་འཁོད་དོ།། དེའི་ཕྱི་རིམ་ན་ལྷ་མ་སྲིན་སྡེ་བརྒྱད་ཀྱིས་བསྐོར་ནས་འཁོད་དོ།། དེའི་ཕྱི་རོལ་ན་མ་མོའི་ཚོགས་དཔག་ཏུ་མེད་པས་བསྐོར་ནས་འཁོད་པ་ལས། ལས་ཀྱི་གཤིན་རྗེ་ཆེན་པོ་དེས། སེམས་ཅན་ཐམས་ཅད་ཀྱི་སྲོག་འཕྲོག་པར་བྱེད། མདངས་འཕྲོག་པར་བྱེད། དབུགས་འཕྲོག་པར་བྱེད། ཤ་ཟ། ཁྲག་འཐུངས། རུས་པ་འཆའ། རྐང་བལྡག། པགས་པ་གོན། སྐྱེ་འགྲོ་ཐམས་ཅད་ཀྱི་སྲོག་གཅོད་དོ།། མ་ཤི་བའི་སེམས་ཅན་དེ་ཡང་ཁྲམ་ལ་འདེབས་ཤིང་གཟིར་རོ།། བྱིན་འཕྲོག་པར་བྱེད་ཅིང་འཁོད་པ་ལས། དེ་འཕགས་པ་འཇམ་དཔལ་གྱིས་གཟིགས་པས། སེམས་ཅན་དེ་ལ་ཐུགས་རྗེ་སྐྱེས་ནས། ཞི་བས་མི་འདུལ་ཁྲོ་བོའི་རྣམ་པར་སྤྲུལ་པ་དགོངས་ཏེ། ཞི་བའི་སྐུ་ལས་ཁྲོ་བོ་གཤིན་རྗེ་གཤེད་པོར་བསྒྱུར་ཏེ། ལས་ཀྱི་གཤིན་རྗེ་དེ་ཅི་འདྲ་བར་སྤྲུལ་ནས། འཁོར་ཡང་ཁོའི་འཁོར་དེ་འདྲ་བ་མང་པོར་སྤྲུལ་ཏེ། ཁོའི་སྔས་སུ་གཤེགས་ཏེ། ཁོའི་གནས་ཐོད་པ་སྐམ་རློན་ལ་སོགས་པ་ལྷ་ཆེན་པོའི་གདུང་ཅན་མི་རོ་གསར་རྙིང་མང་པོ་ཡོད་པ་དེ་ཀུན་བཤིག་བྲལ་ཏེ་ཁོ་རང་ཞབས་འོག་ཏུ་མནན་ཏེ། ཞལ་ནས་ཧཱུཾ་ཧཱུཾ་དང། ཕཊ་ཕཊ་དང། ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མཱན་ཏ་ཀ་ཧ་ན་མ་ཏ་བྷ་ཉྫ་ཧཱུཾ་ཕཊ། ཅེས་བརྗོད་པས། ལས་ཀྱི་གཤིན་རྗེས། ཀྱེ་མ་འོ་དཔའ་བོ་ཆེན་པོ་སྐུ་གསུང་ཐུགས། གློང་འཚལ་མ་བསྒྲལ་ཅེས་པའི་སྒྲ་འབོད་པ་དེ་དཔལ་ཆེན་པོ་གཤིན་རྗེ་གཤེད་པོས་ཡུམ་སྒྲོལ་མ་ཉིད་ཁྲོ་མོ་ཨེ་ཀ་ཛ་ཌི་མར་སྤྲུལ་ཏེ། ཡབ་ཡུམ་གཉིས་སུ་མེད་པའི་འཁོར་ཅི་འདྲ་བ་རེ་རེ་འཁོར་ཡང་ཞབས་འོག་ཏུ་གཟིར་བ་ལས། འཁོར་ཐམས་ཅད་ཀྱང་སྐད་ངན་འདོན་ཅིང་དཔལ་ཆེན་པོའི་བཀའ་ཅི་སྩོལ་ཉན་ཞེས་ཏེ། ལས་ཀྱི་གཤིན་རྗེ་རང་རང་གི་སྲོག་གི་སྙིང་པོ་ཕུལ་བ་ནི། ཡ་མ་མེ་ཏ་ཀྵེ་རཱ་ཛ་ས་ཏོ་རུ་ན་ཡོ་ནི་ར་ལ་ཙ་ནི། ཞེས་པ་དེར་ཕུལ་ལོ། ། སྲོག་སྙིང་དེ་ནས་དཔལ་གཤིན་རྗེ་གཤེད་བོས་དྲངས་ཏེ་དམ་ཕོག་པ་ནི། ཁྱོད་ཀྱིས་སྔར་སེམས་ཅན་གྱི་སྲོག་ཕྲོགས་པ་མ་ལེགས་ཏེ། ད་ཡང་སེམས་ཅན་ལ་མ་འཚེ་བར། སངས་རྒྱས་ཀྱི་བསྟན་པ་ལ་གནོད་པའི་དམ་ལ་མི་གནས་པའི་སྲོག་ཕྲོག་ཕྲོགས་ཤིག། དུས་ལྔ་བརྒྱ་སྙིགས་མ་ལ། བདེ་བར་གཤེགས་པའི་བསྟན་པ་གང་གིས་ཀྱང་མི་འདུལ་བའི་དུས་སུ་ཁྱོད་ཀྱིས་ངའི་བཀའ་མ་གཅག་པར་བཅོལ་བའི་ལས་གྱིས་ཤིག་ཅེས་དམ་ཕོག་གོ། དམ་ཕོག་པའི་གཏིང་ལ་ལས་ཀྱི་གཤིན་རྗེ་ཆེ་བར་བསྐྱུང་བའི་ཕྱིར་གདན་དུ་མཛད་དོ།། དེའི་ཆུང་མ་ཡང་ཕྲོགས་ཏེ་གཤིན་རྗེ་གཤེད་པོའི་ཡུམ་དུ་མཛད་དོ། ། འཁོར་ཐམས་ཅད་ཀྱང་ཕྲོགས་ནས་དབང་དུ་མཛད་དེ་དེ་ཉིད་འཁོར་དུ་མཛད་དོ།། དེ་ལྟར་ལས་ཀྱི་གཤིན་རྗེ་འཁོར་དང་བཅས་པའི་ང་བདག་གི་ཆེ་བ་བསྐྱུངས་ཏེ། དཔལ་གཤིན་རྗེ་གཤེད་པོ་ཉིད་ཡང་དག་པའི་ས་ལ་བཀོད་དེ། ཡུམ་ཨེ་ཀ་ཛ་ཌི་དང་གཉིས་ཀྱིས་བསྒྲལ་བ་ལས། ལས་ཀྱི་གཤིན་རྗེ་འཁོར་དང་བཅས་པ་དཔལ་གཤིན་རྗེ་གཤེད་པོའི་འཁོར་དུ་མཛད་ནས་ཡང་དག་པའི་དོན་སྟོན་ཅིང་གདན་དུ་བྱོན་ནས་བཞུགས་སོ། ། གཤིན་རྗེའི་རྒྱུད་གསང་བ་དྲུག་ཅུ་པ་ལས། གླེང་གཞིའི་ལེའུ་སྟེ་དང་པོའོ།།།། དེ་ནས་ཡང་དཔལ་ཕྱག་ན་རྡོ་རྗེས། གཤིན་རྗེ་གཤེད་པོ་ལ་གསོལ་པ། ཧེ་ཧེ་འཇིགས་བྱེད་ཆེན་པོ་ལགས། ། ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས།། ཆོས་སྐུ་ཞི་པའི་འཇམ་དཔལ་དེས།། འཁོར་ནི་ས་བཅུའི་བྱང་ཆུབ་སེམས།། ཐེག་པ་བཞི་ཡི་ཆོས་སྟོན་པ།། ཐུགས་རྗེ་ལས་ཀྱི་གཤིན་རྗེ་གཟིགས།། ཁྲོ་བོ་ཉིད་དུ་སྤྲུལ་ནས་ཀྱང། ། ལས་ཀྱི་གཤིན་རྗེ་གདུལ་བའི་ཕྱིར།། ཡུམ་དང་གཉིས་སུ་སྤྲུལ་པ་མཛད།། ལས་ཀྱི་གཤིན་རྗེ་བསྒྲལ་ནས་ཀྱང།། ཉིད་ལ་ཉིད་ཀྱི་གདན་དུ་གཏིང།། ཆུང་མ་སྦྱོར་བའི་ཡུམ་དུ་བྱས།། དེ་ལྟར་མཛད་སྤྱོད་མཛད་པ་ཡི། ། ཐུགས་རྗེ་ཅན་གྱི་ཁྲོ་བོ་ཁྱེད།། མ་འོངས་པ་ཡི་སེམས་ཅན་གྱིས།། དངོས་གྲུབ་བསྒྲུབ་པ་ཇི་ལྟར་སྒྲུབ།། གཤིན་རྗེ་གཤེད་པོས་བཤད་དུ་གསོལ།། ཅེས་སྡུད་པོ་རྡོ་རྗེ་འཛིན་པས་གསོལ་པའོ།། གཤིན་རྗེ་གཤེད་པོའི་རྒྱུད་གསང་བ་དྲུག་ཅུ་པ་ལས། གླེང་བསླང་བའི་ལེའུ་སྟེ་གཉིས་པའོ།།།། གཤིན་རྗེ་གཤེད་པོས་བཀའ་སྩལ་པ། ཨེ་མ་རྡོ་རྗེ་འཛིན་པ་པོ།། འདས་དང་མ་འོངས་ད་ལྟར་གྱི།། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། ། སྐུ་གསུང་ཐུགས་ཀྱི་བདག་པོ་ཅན།། ཁྲོ་བོའི་རྒྱལ་པོ་གཤིན་རྗེ་དང།། དམ་ལ་གནས་པའི་རྣལ་འབྱོར་པས།། ཐུན་མོང་མཆོག་གི་དངོས་གྲུབ་དང།། འབྲས་བུ་དམ་པར་འདོད་པ་ཡིས། ། དང་པོ་དམ་ཚིག་དབང་ནོས་ལ།། དེ་ནས་བསྙེན་དང་བསྒྲུབ་པ་བརྩམ།། གང་འདོད་པའི་ལས་ལ་བསྒྲུབ།། དེ་དག་རིམ་པར་བཤད་པར་བྱ།། རྡོ་རྗེ་འཛིན་པ་ཁྲོ་བོ་རྒྱལ།། གུས་པས་ཡིད་ཀྱིས་རབ་ཏུ་ཉོན། ། ཅེས་གསུངས་སོ།། གཤིན་རྗེ་གཤེད་པོའི་རྒྱུད་གསང་བ་དྲུག་ཅུ་པ་ལས། སྟོན་པས་རྒྱུད་ཞལ་ནས་བཤད་པར་དམ་ཚིག་བཞེས་པའི་ལེའུ་སྟེ་གསུམ་པའོ།།།། དེ་ནས་གཤིན་རྗེ་གཤེད་པོ་ཡིས།། ལག་ན་རྡོ་རྗེ་འཛིན་པ་ལ། ། དངོས་གྲུབ་བསྒྲུབ་པ་ཀུན་གྱི་རྟེན།། དཀྱིལ་འཁོར་གྲངས་དང་རྫས་དང་བསྟན།། དཀྱིལ་འཁོར་རྣམ་པ་བཞི་རུ་བཤད།། རང་བཞིན་དཀྱིལ་འཁོར་ཆོས་ཀྱི་དབྱིངས།། ང་བདག་བྲལ་བ་ཡེ་ཤེས་ཏེ། ། དུས་གསུམ་སངས་རྒྱས་བཞུགས་གནས་ཡིན།། རྫུ་འཕྲུལ་མཛད་པའི་དཀྱིལ་འཁོར་ནི།། ནོར་བུ་འབར་བའི་ཁང་བཟང་ན།། འཁོར་དང་སྟོན་པ་བསྟན་པ་དང།། ཞི་དང་ཁྲོ་བོར་བཞུགས་པའི་སྐུ། ། ཕྱིན་ནང་སྣོད་བཅུད་ཐམས་ཅད་དོ།། ཏིང་འཛིན་དཀྱིལ་འཁོར་རྣལ་འབྱོར་པས།། བསྐྱེད་ཆོག་བྱས་པའི་སེམས་ཅན་ལུས།། ལྟ་ཡི་འཁོར་ལོ་སྤྲུལ་པའོ།། གཟུགས་བརྙན་དཀྱིལ་འཁོར་ས་ལ་བྱ།། གྲུ་གསུམ་ཟླ་གམ་གསུམ་རྒྱན་ཅན། ། འཁོར་ལོ་རྩིབས་བཞི་རྩིབས་བརྒྱད་པ།། འཁོར་ལོ་ཉིས་འགྱུར་རྩིབས་ནི་བཅུ་དྲུག་པ།། རྡོ་རྗེ་ར་ཐོད་པའི་རྩིག་པ་དང།། བར་ཁྱམས་སྒོ་བཞིའི་རྒྱན་ཆ་མང་པོས་སྤགས།། དཀྱིལ་འཁོར་རིམ་པ་དེ་ལྟར་བསྟན། ། དཀྱིལ་འཁོར་དེ་ཡི་སྟེང་དུ་ཡང།། ཚོན་གྱི་རིམ་པ་ལྷ་ཡི་རིགས་དང་སྦྱར།། དཀྱིལ་འཁོར་བྲིས་པའི་སྟེང་དུ་ཡང།། གཤིན་རྗེའི་སྐུ་གཟུགས་ཕུར་པ་ཡི་གེ་དགོད།། གཤིན་རྗེ་མཆོད་པ་གཏོར་མ་ཆ་གསུམ་དང། ། ཛ་གད་བདུད་རྩི་རག་ཏ་དང།། མཆོད་པ་ལྔ་དང་ལྡན་པར་བྱ།། ཞིང་གི་བླ་རེ་ཞིང་གི་རྒྱལ་མཚན་དང།། རལ་གྲི་མེ་ལོང་མདའ་ལ་དར་བཏགས་ངང།། དཀྱིལ་འཁོར་དེ་ཡི་རྒྱན་དུ་དགྲམ་པར་བྱའོ། ། དངོས་གྲུབ་བསྒྲུབ་པའི་རྟེན་དུ་བཤད་པའོ།། གཤིན་རྗེ་གཤེད་པོའི་རྒྱུད་གསང་བ་དྲུག་ཅུ་པ་ལས། དངོས་གྲུབ་སྒྲུབ་པའི་རྟེན་དཀྱིལ་འཁོར་གྱི་རིམ་པ་དང། དམ་རྫས་དགོད་པའི་ལེའུ་སྟེ་བཞི་པའོ། །།། མཎྜལ་ལེགས་པར་བྲི་བ་དང།། དངོས་གྲུབ་རབ་འབྲིང་ཐ་མ་དང།། གང་འདོད་འབྲས་བུ་ཐོབ་པའི་ཐབས།། ལས་ཀྱི་ཁོག་གཞུང་ཆེན་པོ་བསྟན།། རྡོ་རྗེ་འཛིན་པས་རབ་ཏུ་ཉོན།། ཞེས་གསུངས་སོ། རྡོ་རྗེ་འཛིན་པས་ཤིན་ཏུ་གུས་པ་ཡིས།། ཐལ་མོ་སྦྱར་ནས་འཁོད་པ་ལས།། འཕྲིན་ལས་ཆེན་པོའི་ཁོག་གཞུང་གསུངས།། ལས་ཀྱི་གོ་རིམ་བསྟན་པ་ལ།། ཚེ་འདིར་བདེ་གཤེགས་སངས་རྒྱས་ཀྱིས།། བླ་མེད་གོ་འཕང་ཐོབ་པའི་ཕྱིར། ། ཏིང་འཛིན་གསུམ་གྱིས་རྟོགས་པར་བསྒོམ།། ཞེས་གསུངས་པའི་དོན་བསྟན་ནས། ཧཱུ~ཾ། རྟོག་མེད་སྤྲོས་བྲལ་ཆོས་ཀྱི་དབྱིངས།། མི་དམིགས་མཁའ་མཉམ་བྱང་ཆུབ་སེམས།། དངོས་པོ་མཚན་མར་མི་དམིགས་པས། ། ཆོས་ཉིད་ངང་དུ་རོ་གཅིག་མཉམ།། ཨོཾ་མ་ཧཱ་ཤཱུ་ནྱ་ཛྙཱ་ན་ས་མ་ཏི་ཧཱུ། ཕྱི་དང་ནང་དང་འཁོར་འདས་ཀུན།། སྟོང་པ་ཉིད་དུ་བསྒོམ་པར་བྱ།། བློ་འཕངས་བསྟོད་པ་འདི་ཡང་བརྗོད།། ཧཱུ~ཾ། ཆུ་ཟླའི་དཀྱིལ་འཁོར་ཇི་བཞིན་དུ།། སྒྱུ་མའི་སེམས་ཉིད་དེ་དང་འདྲ།། མཁའ་ལ་འཇའ་ཚོན་སྣང་བ་ཡང།། ནམ་མཁའི་ངང་དུ་རོ་གཅིག་མཉམ།། དྷརྨ་དྷ་ཏུ་ས་མ་ཡ་ཧཱུ~ཾ། ཞེས་པས། ཆོས་རྣམས་སྟོང་པ་ཡིན་པ་ལ། ། འཁྲུལ་པས་ང་དང་བདག་ཏུ་བརྟས།། འཁྲུལ་པའི་སེམས་ཅན་ཐམས་ཅད་ལ།། ཕྱོགས་མེད་པའི་སྙིང་རྗེ་བསྒོམ།། སྟོང་པའི་སྙིང་རྗེ་བླ་མེད་ཉིད།། ཆོ་འཕྲུལ་མཛད་པ་འདི་བསྒོམ་མོ།། ཧཱུ~ཾ། ཡོད་དེ་ཡོད་པ་མ་ཡིན་ཏེ། ། གཟུགས་དང་ཁ་དོག་ཡུལ་ལས་འདས།། མེད་དེ་མེད་པ་མ་ཡིན་ཏེ།། སྟོང་པ་ཉིད་ལ་ཆོ་འཕྲུལ་འབྱུང།། ཛྙཱ་ན་བཛྲ་སྭ་བྷཱ་བ་ཧཱུ~ཾ། རང་སེམས་གང་ཡིན་མི་སྣང་བ།། གསལ་བའི་ཧཱུ~ཾ་དུ་སྣང་བ་ན། ། བྱང་ཆུབ་སེམས་ནི་ཧཱུ~ཾ་དུ་གྱུར།། ཧཱུ~ཾ་གིས་འཕྲོ་འདུ་སྦྱོར་བ་ལས།། འཇིག་རྟེན་གསུམ་པོ་རབ་འབྱམས་ཀུན།། རིམ་གྱིས་བསྲེགས་ཏེ་ཡི་གྱིས་གཏོར།། ཁཾ་ལས་ཆུ་བྱང་བཀྲུས་པར་བསམ།། ཞེས་པས་སྲིད་པ་འཇིགས་པའི་ཚུལ། ། ཞིག་པས་ཆགས་པ་བྱས་པའི་ཚུལ།། སྟེང་འོག་འཁོར་ལོ་པདྨར་གནས།། འོད་འདུས་ཐོག་མའི་གཟུགས་ལ་གཟུང།། ཨོཾ་སརྦ་ཏ་ཐཱ་ག་ཏ་བུད་དྷ་གརྦྷེ་ལཾ། སྟེང་དུ་ཐབས་ཀྱི་རང་བཞིན་འཁོར་ལོ་སྟེ། ། རྩིབས་ནི་དཔག་ཏུ་མེད་པར་བསམ།། ཨོཾ་པདྨ་དྷརྨ་ཨ་བྷི་ཥིཉྩ་ཨ། འོག་ཏུ་ཤེས་རབ་རང་བཞིན་པདྨ་སྟེ།། དཔག་ཏུ་མེད་པའི་འདབ་མ་བསམ།། ཐབས་དང་ཤེས་རབ་ལྡན་པ་ལ།། ཆོས་རྣམས་མ་ལུས་བྱུང་བའི་ཚུལ། ། ཁམས་གསུམ་འཁོར་བའི་སེམས་ཅན་དང།། རྣལ་འབྱོར་པའི་དུག་ལྔ་པའོ།། མ་སྤངས་གནས་སུ་དག་པ་ལ།། འབྱུང་བ་བརྩེགས་པའི་རིམ་པ་བསྒོམ།། ཞེ་སྔང་འབར་བའི་ནམ་མཁའ་ལ།། ཕྲག་དོག་འབར་བའི་རླུང་ནག་འཁྲིགས། ། འདོད་ཆགས་འབར་བའི་མེད་དཔུང་ཆགས།། ང་རྒྱལ་འབར་བའི་ཀེང་རུས་བརྩིགས།། གཏི་མུག་འབར་བའི་ས་གཞི་ཆགས།། ཨེ་ཨ་ག་ནེ་མཎྜལ་ཧཱུཾ། ཤེས་པས་ནམ་མཁའི་དཀྱིལ་འཁོར་བསྒོམ་མོ། ། ཡཾ་ཀརྨ་རཀྵ་ཧཱུཾ། ཞེས་དེའི་སྟེང་དུ་རླུང་གི་དཀྱིལ་འཁོར་སྔོ་སྐྱ་གཞུ་འོད་མ་འདྲ་བ་མཐའ་དབུས་མེད་པར་བསམ། རཾ་བཛྲ་ཛྭ་ལ་མཎྜལ་ཧཱུཾ། ཞེས་པས་མེའི་དཀྱིལ་འཁོར་དམར་པོ་མཐའ་དང་དབུས་མེད་པ་ཡོངས་སུ་ཁྱབ་པ་བསམ། ། སུ་རཀྟ་ས་མུནྟ་མཎྜལ་ཧཱུཾ། ཞེས་པས་དེའི་སྟེང་དུ་ཆུའི་དཀྱིལ་འཁོར་ཏེ། རཀྟའི་རྒྱ་མཚོ་མཐའ་དང་དབུས་མེད་པར་བསམ། སུ་ཏིཏ་བཛྲ་མཎྜལ་ཧཱུཾ། ཞེས་དེའི་སྟེང་གསེར་གྱི་ས་གཞི་མཐའ་དབུས་མེད་པར་བསམ། ཀེང་ནི་རི་ཛྭ་ལ་མཎྜལ་ཧཱུཾ། ཞེས་དེའི་སྟེང་དུ་ཀེང་རུས་ཀྱང་རི་རབ་རྒྱ་ཁྱོན་དཔག་ཏུ་མེད་པར་བསམ། འབྱུང་བ་རིམ་པ་དེ་ལྟར་བརྩེགས།། སྲིད་པ་ཆགས་པའི་ཚུལ་དུ་བསྒོམ།། རི་རབ་ཆེན་པོའི་སྟེང་དུ་ཡང། ། ལྷ་ཡི་བཞུགས་གནས་བསྒོམ་པའོ།། དུར་ཁྲོད་འབར་བའི་གཞལ་ཡས་ཁང།། ཡེ་ཤེས་འབར་བའི་གནས་ཆེན་པོ།། མཐའ་དང་དབུས་མེད་ནམ་མཁའི་དབྱིངས།། ཕྱི་དང་ནང་མེད་ཆོས་ཉིད་ངང། ། བྲུཾ་བི་ཤྭ་བི་ཤུད་དྷེ། ཞེས་པས་རིན་པོ་ཆེ་དང་ཐོད་པ། རྒྱན་ཆ་དང་ལྡན་པའི་བཞུགས་གནས་ནི།། འཁོར་ལོ་རྩིབས་བརྒྱད་སྒོ་བཞིར་ལྡན།། མུ་ཁྱུད་གྲུ་ཆད་ལྕགས་རི་བཅས།། སྦྲུལ་གྱི་རྒྱ་གྲམ་མཐའ་བསྐོར་ཏེ། ། རྡོ་རྗེ་རྒྱ་གྲམ་ཐོད་འཕྲེང་མཛེས།། ཛྙཱ་ཙཀྲ་མཎྜལ་ཧཱུཾ། བརྗོད་པའི་སྔགས་ཀྱི་མཐའ་ལས་གྲུབ།། རྟོག་ཅིང་རྟོག་པའི་རྟོག་གེ་བ།། ཐེག་པ་འོག་མ་ས་པ་ཡིན།། དཔག་ཅིང་གཞལ་བའི་མཐའ་ལས་འདས། ། གཞལ་ཡས་ཁང་པ་བརྩེགས་པ་བསྟན་པའོ།། དེ་ལྟ་བུ་ཡི་བཞུགས་གནས་དེ།། དངོས་གྲུབ་ཐོབ་པའི་དོན་དུ་ནི།། ལྷ་གདན་ཡང་གདིང་བ་སྟེ།། གཙོ་འཁོར་བཅས་པ་ཐམས་ཅད་ལ།། ཧཱུཾ་བདུད་དང་མུ་སྟེགས་ཐམས་ཅད་དང། ། གནོད་སྦྱིན་སྲིན་པོ་གདན་དུ་བཏིང།། གཤིན་རྗེ་ཕོ་མོ་ཁྱོ་ཤུག་སྟེ།། མ་ཧེ་གླང་ཆེན་བརྫིས་པའོ།། ཡ་མ་ཧི་ར་བཾ། ཞེས་པ་དང། མ་ཧེ་མཎྜལ། རུ་ཏྲ་ཏི་ར་བཾ། ཡཀྵ་ཏི་ར་བཾ། རཀྵ་ཏི་ར་བཾ། དེ་བ་ཕྲ་ཏི་རི་བཾ། མ་སཱུརྱ་མཎྜལ་ལ་ཧཱུཾ། ཨ་ཙནྡྲ་མཎྜལ་ཧཱུཾ། སོ་སོའི་སྔགས་ཀྱིས་སོ་སོའི་གདན་དུ་བསམ།། ཐུན་མོང་སྔགས་ཀྱིས་ཐུན་མོང་གདན་དུ་བསམ།། གདན་ཐོག་དེ་རུ་བདག་གི་ཧཱུཾ། བྱང་ཆུབ་སེམས་དེ་གསལ་བ་ལས། ། གདན་སྟེངས་ཧཱུཾ་གི་འཕྲོ་འདུ་ལས།། འཕྲོ་འདུ་ལྔ་ཡི་སྦྱོར་བ་ལས།། ཡ་མཱནྟ་ཀའི་སྐུ་རུ་གྱུར།། གཤིན་རྗེ་ཡབ་ཡུམ་འཁོར་བཅས་བསྒོམ།། ཧཱུཾ་དེ་ཡི་འཕྲོ་འདུ་ལས།། རྡོ་རྗེ་རྩེ་ལྔ་གཅིག་ཏུ་གྱུར།། རྡོ་རྗེ་རྩེ་ལྔ་འོད་དུ་ཞུ་བ་ལས། ། འཇམ་དཔལ་སྐུ་ཆུང་གཅིག་ཏུ་གྱུར།། འཇམ་དཔལ་འོད་དུ་ཞུ་བ་ལས།། ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མཱན་ཏེ་ཀ་ཧ་མ་ཐ་བྷཉྫ་ཧཱུཾ་ཕཊ། ཅེས་པས་ཡ་མཱནྟ་ཀའི་སྐུར་གསལ།། དབུ་གསུམ་ཕྱག་དྲུག་གཡས་དཀར་གཡོན། ། དམར་དབུས་མཐིང་ནག་རྒྱན་ཆར་ལྡན།། རྡོ་རྗེ་ཊཱཾ་ཁ་ལྕགས་ཀྱུ་གཡས།། བ་སུ་ཞིང་ཆུང་དུང་ཁྲག་གཡོན།། ཉི་ཟླའི་སྟེང་དུ་ཐུགས་ཁ་རུ།། ཡེ་ཤེས་སེམས་དཔའ་རྡོ་རྗེ་ཧཱུཾ།། ཧཱུཾ་ལས་ཨ་ཀྲོས་བསྐོར་བའོ། ། ཐུགས་ཁའི་ཧཱུཾ་ལས་ཀྵེ་དང་མ་འཕྲོས་པས། སྦྱོར་བ་དང་སྒྲོལ་བའི་ཡུམ་གཉིས་སྔགས་འདིས་བསམ། ཨོཾ་བེ་ཏ་ལ་རིག་ཤ་རག་ཤ་མན་ཧཱུཾ་ཕཊ། ཨོཾ་ཏྲིག་ཏྲིག་སེར་སེར་ཁུ་ལུ་མུ་ལུ་ཧཱུཾ། ཡབ་ཡུམ་སྐུ་རུ་བདག་བསྒོམས་ཏེ། ། སྐུ་གསུང་ཐུགས་སུ་བརླབས་ཕྱིར་སྙིང་པོ་འདི་ཡང་བཟླས།། དེ་བཞིན་གཤེགས་པ་རྣམས་ཀྱིས་བྱིན་གྱིས་རློབས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀ་ཡ་བཛྲ་སྭ་བྷ་ཝ་ཨཱདྨ་ཀོུ྅་ཧཾ། ཨོཾ་སརྦ་ཏཐཱ་ག་ཏ་རྦཀ་བཛྲ་སྭཱ་བྷ་བ་ཨཱ་རྨ་ཀོུ྅་བྷ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཅི་ཏྟ་བཛྲ་སྭཱ་བྷ་མ་ཨརམ་ཀོ་ཨུ྅ཧཾཞེས་བརྗོད་པས་རྡོ་རྗེའི་གསུང་རྡོ་རྗེའི་ཐུགས་རྡོ་རྗེའི་སྐུ་རུ་བྱིན་གྱིས་བརླབས་པའོ།། དེ་ནས་ཡབ་ཡུམ་སྦྱོར་བ་མཛད་པའི་བྱང་ཆུབ་སེམས་ཀྱི་བྱིན་རླབས་ལས། འཇིག་རྟེན་ཐམས་ཅད་སྤྲུལ་པར་བཀྱེ།། ལྷའི་འཁོར་ལོ་བྱིན་གྱིས་བརླབས།། ཡ་མ་ར་ཛ་ས་ཧོ་མེ་ཡ། ཡ་མེ་ཏོ་རུ་ན་ཡོ་ཏ་ཡ། ཡ་ཏ་ཡོ་ནི་ར་ཡ་ཀྵེ་ཡ། ཡ་ཀྵེ་ཡ་ཙ་ནི་རཱ་མ་ཡ། ཨོཾ་ཧྲི་སྟི་ཀུ་རུ་ཛ་ལ་ནི་ཧཱུཾ་ཕཊ། ཨོཾ་ཨེ་ཧྲི་ཏེ་ཀུན་རུ་ཛ་ལ་ནི་ཧཱཾ་ཕཊ། ཨོཾ་མ་ཧཱ་པ་ཏ་ཧཱུཾ་ཕཊ། ཨོཾ་དེ་རི་ཤ་ཏི་ཧཱུཾ་ཕཊ། ཨོཾ་སརྦ་ཏྲེ་ཀ་ཧཱུཾ་ཕཊ། ཨོཾ་སརྦ་པ་ཏ་ཧཱུཾ་ཕཊ། ཨོཾ་ཧྲི་ཏི་བཾ་ཧཱུཾ་ཕཊ། ཨོཾ་ཨརྱ་དྷརྨ་ཧཱུཾ་ཕཊ། ཅེས་ལྷ་ཕོ་མོ་རྣམས་བསྟན། ། མོའི་ཚོགས་རྣམས་ལུས་དང་གྲིབ་མའི་ཚུལ་དུ་ཕོའི་ཞོར་ལ་བསམ་པར་བྱ།། ལྷ་གཙོ་བོ་རང་བ་ལ་ཡེ་ཤེས་ལྔའི་དབང་ཡང་བསྐུར། ཨོཾ་བུདྡྷ་ཀུ་ལན་ཏེ་ཧེ་ཧེ་ཧོ་ཧཱུཾ་ཕཊ། ཧཱུཾ་བཛྲ་ཀུ་ལན་ཏེ་ཧེ་ཧེ་ཧོ་ཧོ་ཧཱུཾ་ཕཊ། སྭ་རང་ན་ཀུ་ལན་ཏེ་ཧེ་ཧེ་ཧོ་ཧོ་ཧཱུཾ་ཕཊ། ཧྲེ་པདྨ་ཀུ་ལན་ཏེ་ཧེ་ཧེ་ཧོ་ཧོ་ཧཱུཾ་ཕཊ། ཨ་ཀརྨ་ཀུ་ལན་ཏེ་ཧེ་ཧེ་ཧོ་ཧོ་ཧཱུཾ་ཕཊ། དཔལ་གཤིན་རྗེ་གཤེད་པོ་འཁོར་དང་བཅས་པ་ལ། རིགས་ལྔ་ཁྲག་འཐུང་ལྔ་རྒྱས་དབུ་བརྒྱན་ཏེ་དབང་བསྐུར་རོ། ། གཤིན་རྗེ་གཤེད་པོའི་རྒྱུད་གསང་བ་དྲུག་ཅུ་པ་ལས། ཏིང་ངེ་འཛིན་གྱི་དཀྱིལ་འཁོར་བསྐྱེད་པའི་ལེའུ་སྟེ་ལྔ་པའོ།།།། དེ་ནས་རྡོ་རྗེ་འཛིན་པ་ཡིས།། གཤིན་རྗེ་གཤེད་པོ་ཁྲོ་བོ་ལ། ། འདི་སྐད་ཅེས་ནི་གསོལ་པ་ལས།། དམ་ཚིག་ལྡན་པའི་རྣལ་འབྱོར་པས།། རང་བཞིན་དཀྱིལ་འཁོར་ཆེན་པོ་ཡི།། དངོས་གྲུབ་ཐོབ་པའི་དོན་དུ་ནི།། སྙན་གསན་དབབ་ཅིང་སྤྱན་དྲངས་པའོ།། ཆོས་སྐུ་ཞི་བའི་ངང་ལས་ཀྱང། ། གཟུགས་སྐུ་བཞེངས་སུ་གསོལ་བ་ལ།། ཚིག་དང་སྔགས་དང་ཏིང་འཛིན་བསྟན།། ཕྱག་རྒྱ་སེ་གོལ་བརྡབས་པའོ།། བཞེངས་ཤིག་ཆོས་ཀྱི་དབྱིངས་ནས་བཞེངས།། འཕགས་པའི་རྒྱལ་པོ་ཁྲོ་རྒྱལ་གཤིན་རྗེ་གཤེད། ། ཆོས་སྐུ་བྱང་ཆུབ་སེམས་ཀྱི་བྱིན་བརླབས་ལས།། བྱམས་དང་སྙིང་རྗེ་སེམས་ཀྱིས་བཞེངས་ནས་ཀྱང།། བདག་ཉིད་ཁྲོ་བོ་འབར་བའི་སྐུར་བསྟན་པ།། ཚངས་པ་བརྒྱ་བྱིན་ལྷ་ཆེན་དྲུག་པོ་རྣམས། ། གཉིས་མེད་བྱང་ཆུབ་སེམས་ཀྱིས་སྒྲོལ་བར་མཛོད།། ཐུགས་རྗེ་ཆེན་པོའི་དབང་གིས་བཞེས་སུ་གསོལ།། ཧྲི་ད་ཡ་ཧཱུཾ། འཕགས་པའི་རྒྱལ་པོ་ཁྲོ་རྒྱལ་གཤིན་རྗེ་གཤེད།། ཉེ་རིང་མེད་པར་འཇོམས་པའི་གཤིན་རྗེ་གཤེད། ། ཐམས་ཅད་རླག་པར་མཛད་པའི་གཤིན་རྗེ་གཤེད།། མ་ཧེའི་སྟེང་ན་བརྐྱང་བསྐུམ་ཚུལ་དུ་བཞུགས།། རྡོ་རྗེ་ཞགས་པ་ཉིད་ཀྱིས་བཅིངས་ནས་ནི།། ལས་ཀྱི་དབྱུག་པ་དག་གིས་རྡུལ་དུ་རློག། བདག་དང་མཐའ་ཡས་སེམས་ཅན་དོན་སླད་དུ། ། རང་བཞིན་གྲུབ་པའི་གནས་སྤྱན་འདྲེན་ན།། ཐུགས་དམ་ཆེན་པོའི་དབང་གིས་གཤེགས་སུ་གསོལ།། ཆོས་ཉིད་ཞི་བའི་ངང་ལས་ཀྱང།། གཟུགས་སྐུར་བཞེངས་སུ་གསོལ་ནས་ཀྱང། ། སྔགས་དང་ཕྱག་རྒྱའི་བྱིན་རླབས་ཀྱིས།། བདག་གིས་གནས་སུ་སྤྱན་ཡང་འདྲེན།། ཧཱུཾ། གྲུ་གསུམ་མཐིང་ནག་འབར་བའི་དཀྱིལ་འཁོར་ནས།། ཡ་མན་ཏ་ཀ་ཡབ་ཡུམ་གཤེགས་སུ་གསོལ།། ཞེ་སྡང་མེ་ལྟར་འབར་བའི་དཀྱིལ་འཁོར་ནས། ། ཡ་མ་རཱ་ཛ་ཡབ་ཡུམ་གཤེགས་སུ་གསོལ།། ང་རྒྱལ་བྲག་ལྟར་གཏམས་པའི་དཀྱིལ་འཁོར་ནས།། མྱོས་བྱེད་འབར་བ་ཡབ་ཡུམ་འཁོར་བཅས་གཤེགས་སུ་གསོལ།། འདོད་ཆགས་ཆུ་ལྟར་བྲུབ་པའི་དཀྱིལ་འཁོར་ནས། ། ཨཱརྱ་མ་རུ་ཡབ་ཡུམ་འཁོར་བཅས་གཤེགས་སུ་གསོལ།། ཕྲག་དོག་རླུང་ལྟར་འཚུབ་པའི་དཀྱིལ་འཁོར་ནས།། རལ་པ་ཚར་དགུ་ཡབ་ཡུམ་འཁོར་བཅས་གཤེགས་སུ་གསོལ། ། རུ་དྲ་ཕོ་མོ་བསྣོལ་བའི་གདན་སྟེང་ནས།། བདུད་འཇོམས་འཁོར་བཅས་གཤེགས་སུ་གསོལ།། དྲི་ཟ་ཕོ་མོས་བསྣོལ་བའི་གདན་སྟེང་ནས།། ཀོང་ཙེ་བྲག་འཇོམས་ཡབ་ཡུམ་གཤེགས་སུ་གསོལ། ། མེ་ལྷ་ཕོ་མོ་བསྣོལ་བའི་གདན་སྟེང་ནས།། ཨ་བ་གླང་གོ་ཡབ་ཡུམ་གཤེགས་སུ་གསོལ།། གྲུལ་བུམ་ཕོ་མོ་བསྣོལ་བའི་གདན་སྟེང་ནས།། ཡབ་ཏི་ཡབ་ཡུམ་གཤེགས་སུ་གསོལ།། སྲིན་པོ་ཕོ་མོ་བསྣོལ་བའི་གདན་སྟེངས་ནས། ། ཕྱ་སངས་ཡབ་ཡུམ་གཤེགས་སུ་གསོལ།། ཀླུ་རྒྱལ་ཕོ་མོ་བསྣོལ་བའི་གདན་སྟེང་ནས།། དམིགས་པ་ཡབ་ཡུམ་གཤེགས་སུ་གསོལ།། རླུང་ལྷ་ཕོ་མོ་བསྣོལ་བའི་གདན་སྟེང་སུ།། ཏེལ་པ་ཡབ་ཡུམ་གཤེགས་སུ་གསོལ། ། གནོད་སྦྱིན་ཕོ་མོ་བསྣོལ་བའི་གདན་སྟེང་དུ།། ལྷ་མཆོག་དུད་ཁ་ཡབ་ཡུམ་གཤེགས་སུ་གསོལ།། དབང་ལྡན་ཕོ་མོ་བསྣོལ་བའི་གདན་སྟེང་ནས།། ཆོས་ཀྱི་རྒྱལ་པོ་ཡབ་ཡུམ་གཤེགས་སུ་གསོལ། ། ས་བདག་ཕོ་མོ་བསྣོལ་བའི་གདན་སྟེང་ནས།། མིགས་དམར་ཡབ་ཡུམ་གཤེགས་སུ་གསོལ།། ཕྱོགས་སྐྱོང་གཤིན་རྗེའི་ཚོགས་དང་མ་མོའི་ཚོགས།། འཁོར་དང་བཅས་ཏེ་གཤེགས་སུ་གསོལ།། ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུའི་ཕྱག་རྒྱ་བཅས་ལ། ཨ་གད་ཚ་ཡ་ཨ་གང་ཚ་ཡ་ཛཿཧཱུཾ་བཾ་ཧོ། ཞེས་པས་སྤྱན་དྲངས་ལ་བསྟིམ་མོ།། ཡེ་ཤེས་ཀྱི་ལྷ་དང་དམ་ཚིག་གི་ལྷ་ལ་ཆུ་དང་འོ་མ་བཞིན་དུ་འདྲེས།། ཐ་མི་དད་པར་གྱུར་བ་ལ། ། བརྟན་པར་བཞུགས་པར་བྱ་བ་ནི།། འཁོར་ལོ་འབར་བའི་རྩིབས་སྟེངས་སུ།། ཡི་དྭགས་འབར་བའི་ཁྲི་སྟེངས་སུ།། བརྐྱངས་བསྐུམ་ཚུལ་གྱིས་བརྗིད་པར་བཞུགས།། ཧྲིཥྟི་བི་ཀྲི་ཏཱ་ན་ན་ཡ་ཧཱུཾ་ཕཊ། ས་མ་ཡ་སྟིཥྛ་ལྷན། ཡེ་ཤེས་དཀྱིལ་འཁོར་མ་ལུས་པས།། དམ་ཚིག་དཀྱིལ་འཁོར་མ་ལུས་ལ།། དངོས་གྲུབ་གསོལ་ཞིང་དབང་བསྐུར་མཛད།། ཤིན་ཏུ་བརྟན་པར་གྱུར་པའོ།། གཤིན་རྗེ་གཤེད་པོའི་རྒྱུད་གསང་དྲུག་ཅུ་པ་ལས། རང་བཞིན་གྱི་དཀྱིལ་འཁོར་གྱི་ལེའུ་སྟེ་དྲུག་པའོ།།།། རྡོ་རྗེ་འཛིན་པས་ཡང་ཞུས་པ།། རང་བཞིན་དཀྱིལ་འཁོར་དེ་དག་ལ།། འབྲས་བུ་འདོད་པའི་རྣལ་འབྱོར་པས།། ཡེ་ཤེས་ལྷ་ཚོགས་མཆོད་པའི་ཕྱིར། ། མཆོད་པའི་རིམ་པ་ཇི་ལྟར་བགྱི།། ཞེས་པས། གཤིན་རྗེ་གཤེད་པོས་བཀའ་སྩལ་པ།། ཡེ་ཤེས་ལྷ་ཚོགས་མཉེས་པ་ལ།། མཆོད་པའི་རིམ་པ་བྱས་པ་ལ།། དང་པོ་ཕྱག་ནི་སྔོན་དུ་བཏང།། དེ་ནས་རྫས་ཀྱིས་མཆོད་པར་བྱའོ། ། མི་གནས་མི་དམིགས་ཆོས་སྐུ་དག་པ་ལ།། བདུད་འདུལ་ཁྲོ་བོ་མཆོག་གི་སྐུར་སྟོན་པ།། ཐུགས་རྗེ་གཟི་ལྡན་གདུག་པ་ཐབས་ཀྱིས་འདུལ།། ཁྲོ་བོ་གཤིན་རྗེ་གཤེད་ལ་ཕྱག་འཚལ་ལོ། ། མཉམ་ཉིད་མཐུ་མངའ་གཏུམ་ཆེན་འབར་བའི་སྐུ།། དུག་གསུམ་ཟ་བྱེད་བསྐལ་པའི་མེ་ལྟར་འབར།། མ་རུངས་འཇོམས་པའི་ཁྲོ་རྒྱལ་བགེགས་ཀྱི་གཙོ།། མཐར་བྱེད་གཞོན་ནུའི་ཚོགས་ལ་ཕྱག་འཚལ་ལོ། ། ལྷག་པའི་ཡེ་ཤེས་སྤྱན་གསུམ་རྣམ་པར་དག། ཐུགས་རྗེའི་སྦྱན་མངའ་ཁྲོ་བོ་རབ་སྡིགས་མཛད།། མཉམ་ཉིད་ཡེ་ཤེས་སྤྱན་ལ་ཕྱག་འཚལ་ལོ།། ཁྲོ་མཆོག་ཡེ་ཤེས་ཐབས་ཀྱི་སྐུ་མངའ་བ།། དཔག་བསམ་ཤིང་ལྟར་རེ་བ་སྐོང་མཛད་པ། ། མཆོད་པའི་སྡིག་སྦྱང་མཐོང་ནས་བདེ་ཐོབ་པ།། འདོད་པ་མ་ལུས་གཙོ་ལ་ཕྱག་འཚལ་ལོ།། ཁྲོ་གཏུམ་མི་བཟད་རྩུ་བ་པའི་སྒྲར་ལྡན་པ།། ཁྲོད་ཀྱི་མཚན་མཐོང་ཙམ་གྱི་བགེགས་ཆེན་འདུལ། ། འབར་བའི་སྐུ་མཐོང་གསུང་སྒྲ་ཐོས་པ་ཡིས།། དགྲ་བགེགས་བརླག་པར་མཛད་ལ་ཕྱག་འཚལ་ལོ།། ཁྲོ་བོའི་རྒྱལ་པོ་གདོང་དྲུག་ཧཱུཾ་སྒྲ་ཅན།། བརྗིད་པའི་སྐུ་ལ་སྟག་ལྤགས་ན་བཟར་གསོལ།། མཐུ་མཆོག་བསྟན་པའི་སྤྲུལ་ནག་སྐུ་ལ་བཅིངས། ། འཇིགས་བྱེད་མཐའ་ཡས་སྒྲོལ་ལ་ཕྱག་འཚལ་ལོ།། འོད་དཔུང་སྟུག་པོ་བསྐལ་པའི་མེ་ལྟར་འབར།། ཡེ་ཤེས་འོད་ཀྱིས་གཏི་མུག་འཇོམས་པའི་ཚུལ།། སྟོང་གསུམ་དབང་དུ་སྡུད་ལ་ཕྱག་འཚལ་ལོ། ། ཁྲོ་བོའི་ཐོད་འཕྲེང་ཅོད་པན་དབུ་ལ་མཛེས།། ཁམས་གསུམ་མ་ལུས་དབང་དུ་སྡུད་ལ་ཕྱག་འཚལ་ལོ།། ཡེ་ཤེས་མཁའ་འདྲ་སྔོན་པོའི་མཆོག་ཏུ་གྱུར།། སྐུ་མདོག་སྔཽ་ནག་དབྱར་གྱི་ཆར་སྤྲིན་འདྲ། ། དུག་གསུམ་མུན་ཁང་འཇོམས་པར་དམ་བཅས་པ།། དྲི་མེད་ཡེ་ཤེས་མཆེ་བ་དཀར་པོ་གཙིགས།། མ་རུངས་སྡིགས་པའི་མཛུ་མོ་བསྒྲེང་བྱས་ནས།། ཐབས་ཀྱི་ཞགས་པས་འགྲོ་བ་མ་ལུས་འདྲེན། ། མཚུངས་མེད་ཐུགས་རྗེ་ཆེ་ལ་ཕྱག་འཚལ་ལོ།། འདི་དང་ཕྱི་མ་གཉིས་ཀ་བདེ་འཚལ་བའི།། ལྷ་མཆོག་ཁྱོད་ལ་བརྟེན་ནས་གཞན་མི་བཞུགས།། ཡུན་གྱི་ལྷ་རུ་ཁྱེད་ལ་གསོལ་འདེབས་ན།། རི་རབ་གསེར་གྱི་ངོས་ལ་བྱ་གནས་པ། ། བྱ་ཡི་རང་བཞིན་བོར་ནས་གསེར་དུ་སྣང།། ཐམས་ཅད་ཁྱོད་ཀྱི་སྐུ་རུ་བདག་བསྒོམས་པས།། བདག་གི་རང་བཞིན་བོར་ནས་ཁྲོ་བོར་གསལ།། མི་ཕྱེད་དད་པས་བསྟོད་དེ་ཕྱག་འཚལ་ལོ། ། ཡིད་བཞིན་མཆོད་རྟེན་འབར་བ་འདྲ།། ཉིད་ཀྱི་སྐུ་མཆོད་རིམ་གྲོ་བགྱིད་འཚལ་ན།། བདག་ལ་སྨན་མཆོག་ཕུན་སུམ་ཚོགས་པ་སྩལ་དུ་གསོལ།། ནང་གི་ཚུལ་མཆོག་དག་པར་ཚུལ་སྦྱར་ཞིང།། ཕྱི་རོལ་དམ་རྫས་གཅེས་པར་མི་བགྱིང་ཀྱང། ། མི་གཙང་དངོས་འདི་འཕགས་པ་མི་གཅེས་ཀྱང།། བདག་གིས་ལུས་འདི་འཕགས་ལ་ཡོངས་འབུལ་ན།། རྫས་དང་གསེར་གྱིས་མཆོད་དེ་ཕྱག་འཚལ་ལོ།། ཁྲོ་བོའི་རྒྱལ་པོ་དྲི་མེད་ཡེ་ཤེས་སྐུ། ། རབ་ཏུ་མི་བཟད་ཁྲོ་བོར་གཟིར་སྣང་ཡང།། ཆོས་ཉིད་མཉམ་པའི་ངང་ལ་མི་གཡོ་བ།། ཐུགས་རྗེའི་ཚུལ་གྱིས་འགྲོ་ལ་ཕྱག་འཚལ་ལོ།། མི་རབས་བརྒྱུད་མར་དད་པས་ཕྱུག་འཚལ་ཞིང།། དད་པ་རབ་ཀྱིས་འཕགས་མཆོག་མི་གཏོང་ན། ། འགྲོ་ལ་ཕན་ཕྱིར་ཁྲོ་རྒྱལ་བསྒོམས་པ་ལ།། གནོད་པར་བྱེད་པའི་དགྲ་བགེགས་ཐལ་བར་རློག། ཕྱག་འཚལ་ནས་ནི་དམ་ཡང་བཅའ།། ཡེ་ཤེས་སེམས་དཔའི་ལྷ་ཚོགས་ལ། ། ཁྱེད་ཀྱི་མཛད་སྤྱོད་གང་ལགས་པ།། མཐུན་པར་རྣལ་འབྱོར་བདག་བགྱིད་དོ།། སངས་རྒྱས་ཀུན་དང་མཉམ་སྦྱར་ནས།། སངས་རྒྱས་བཞིན་དུ་བདག་བགྱིད་པས།། ཁྲོ་རྒྱལ་འདུལ་བའི་དཀྱིལ་འཁོར་འདིར། ། འཕྲིན་ལས་རྫོགས་པར་མཛད་དུ་གསོལ།། ཅེས་སོ།། རྫས་དང་ཕྲག་གི་མཆོད་པ་ཡང།། ལྷའི་ཚོགས་ཀྱི་སྐུ་མདོག་དང། ཕྱག་མཚན་དང། མིང་ནས་བརྗོད་པའོ།། རྣམ་པ་ལེགས་བསྒོམས་རྫས་ཀྱིས་མཆོད་པ་ནི། རྣལ་འབྱོར་དམ་ཚིག་ལྡན་པ་ཡིས།། བྱིན་གྱིས་བརླབས་པ་བྱས་ནས་སུ།། མཆོད་པ་འདི་དག་དབུལ་བར་བྱའོ།། ཁྲོ་བོའི་རྒྱལ་པོ་གཤིན་རྗེ་གཤེད།། སྔོན་ཚེ་ཡེ་ཤེས་བསྙེན་པའི་ལྷ།། ཨརྒྷ་བདག་གིས་འབུལ་བ་ནི། ། ཁྲོ་རྒྱལ་ཡབ་ཡུམ་རྣམས་ཀྱིས་བཞེས་སུ་གསོལ།། ཨོཾ་ཨ་ཧ་ར་མ་ཧཱ་ཧ་ར་ཁུ་ཁུ་རེ་པེ་ག་ཏོད་ག་ཏེ་སྭཱ་ཧཱ། ཁྲོ་བོའི་རྒྱལ་པོ་གཤིན་རྗེ་གཤེད།། སྔོན་ཚེ་ཡེ་ཤེས་བསྙེན་པའི་ལྷ།། དྲི་ཆབ་བདག་གིས་ཕུལ་བ་ནི། ། ཁྲོ་རྒྱལ་ཡབ་ཡུམ་རྣམས་ཀྱིས་བཞེས་སུ་གསོལ།། གནྡྷེ་མ་ཧཱ་གནྡྷེ་ཁུ་ཁུ་རེ་པོ་ཏོང་ག་རེ་སྭཱ་ཧཱ། ཁྲོ་བའི་རྒྱལ་པོ་གཤིན་རྗེ་གཤེད།། སྔོན་ཚེ་ཡེ་ཤེས་བསྙེན་པའི་ལྷ།། བདུག་སྦོས་བདག་གིས་ཕུལ་བས་ནི། ། ཁྲོ་རྒྱལ་ཡབ་ཡུམ་རྣམས་ཀྱིས་བཞེས་སུ་གསོལ།། ཨོཾ་དྷུ་པེ་མཧཱ་དྷཱུ་པེ་ཁུ་ཁུ་རེ་བྲ་ཏོད་ག་རེ་སྭཱ་ཧཱ། ཁྲོ་བོའི་རྒྱལ་པོ་གཤིན་རྗེ་གཤེད།། སྔོན་ཚེ་ཡེ་ཤེས་བསྙེན་པའི་ལྷ།། མེ་ཏོག་བདག་གིས་ཕུལ་བ་འདི།། ཁྲོ་རྒྱལ་ཡབ་ཡུམ་རྣམས་ཀྱིས་བཞེས་སུ་གསོལ། ། ཨོཾ་པུཥྤེ་མ་ཧཱ་ཁུ་ཁུ་རེ་ཕྲེང་གད་ཏེ་སྭཱ་ཧཱ། ཁྲོ་བོའི་རྒྱལ་པོ་གཤིན་རྗེ་གཤེད།། སྔོན་ཚེ་ཡེ་ཤེས་བསྙེན་པའི་ལྷ།། མར་མེ་བདག་གིས་ཕུལ་བ་ནི།། ཁྲོ་རྒྱལ་ཡབ་ཡུམ་རྣམས་ཀྱིས་བཞེས་སུ་གསོལ། ། ཨོཾ་ཨཱ་ལོ་ཀེ་མ་ཧཱ་ཨཱ་ལོ་ཀེ་ཁུ་ཁུ་རེ་པྲ་ཏོད་ག་ཏེ་སྭཱ་ཧཱ། ཁྲོ་བོའི་རྒྱལ་པོ་གཤིན་རྗེ་གཤེད།། སྔོན་ཚེ་ཡེ་ཤེས་བསྙེན་པའི་ལྷ།། ལྷ་བཤོས་བདག་གིས་ཕུལ་བ་ནི།། ཁྲོ་རྒྱལ་ཡབ་ཡུམ་རྣམས་ཀྱིས་བཞེས་སུ་གསོལ། ། ཨོཾ་དིབ་བྱ་བོ་ཙི་ནི་ཁུ་ཁུ་ནི་རོ་པྲ་ཏོད་ག་རེ་སྭཱ་ཧཱ། ཁྲོ་བོའི་རྒྱལ་པོ་གཤིན་རྗེ་གཤེད།། སྔོན་ཚེ་ཡེ་ཤེས་བསྙེན་པའི་ལྷ།། གཏོར་མ་བདག་གིས་ཕུལ་བ་ནི།། ཁྲོ་རྒྱལ་ཡབ་ཡུམ་རྣམས་ཀྱིས་བཞེས་སུ་གསོལ། ། ཨོཾ་བ་ལི་ཏ་མ་ཧཱ་བ་ལི་ཏ་ཁུ་ཁུ་རེ་པྲེ་ཏོད་ག་ཏེ་སྭཱཧཱ། ཁྲོ་བོའི་རྒྱལ་པོ་གཤིན་རྗེ་གཤེད།། སྔོན་ཚེ་ཡེ་ཤེས་བསྙེན་པའི་ལྷ།། བདུད་རྩི་བདག་གིས་ཕུལ་བ་ནི།། ཁྲོ་རྒྱལ་ཡབ་ཡུམ་རྣམས་ཀྱིས་བཞེས་སུ་གསོལ། ། ཨོཾ་ཨ་མྲི་ཏ་མཧཱའ་སཱརྦ་པཉྫ་ཨ་མྲི་ཏ་ཁཱ་ཧི། ཁྲོ་བོའི་རྒྱལ་པོ་གཤིན་རྗེ་གཤེད།། སྔོན་ཚེ་ཡེ་ཤེས་བསྙེན་པའི་ལྷ།། རཀྟ་བདག་གིས་ཕུལ་བ་ནི།། ཁྲོ་རྒྱལ་ཡབ་ཡུམ་རྣམས་ཀྱིས་བཞེས་སུ་གསོལ།། ཨོཾ་རག་ཏ་མ་ཧཱའ་རག་ཏ་ས་མུན་དྲ། གཤིན་རྗེ་གཤེད་པོའི་རྒྱུད་གསང་བ་དྲུག་ཅུ་པ་ལས། ཡེ་ཤེས་ལྷ་ཚོགས་ལ་ཕྱག་འཚལ་བ་དང།། རྫས་ཀྱི་མཆོད་པའི་ལེའུ་སྟེ་བདུན་པའོ།།།། རྡོ་རྗེ་འཛིན་པས་ཐལ་མོ་སྦྱར། ། རྫས་དང་ཕྱག་གིས་ལ་སོགས་མཆོད།། བསྒྲལ་བའི་མཆོད་པ་དུག་ལྔ་ཇི་ལྟར་ལགས།། གཤིན་རྗེ་གཤེད་ལ་བདག་ཉན་འཚལ།། གཤིན་རྗེ་གཤེད་པོས་བཀའ་སྩལ་པ།། འཁོར་ལ་ཡོངས་བསྒྲལ་མཆོད་པར་འབུལ། ། མ་ལུས་བསྒྲལ་བའི་མཆོད་པ་དང།། གཏུམ་འཆའ་སྟོབས་དང་ལྡན་པའི་མཾ་ས་མཆོག། རྐང་དང་ཚིལ་བུ་བཅད་ཀྱི་མཆོག། འཇམ་དཔལ་གཤིན་རྗེ་འཁོར་བཅས་དང།། མ་མོའི་ཚོགས་མཆོད་པར་འབུལ། ། ཨོཾ་མཧཱའ་མཾ་ས་ཙ་མེ་ཙ་ཁཱ་ཧི། དུག་ལྔའི་མཆོད་པ་འབུལ་བ།། བཅོམ་ལྡན་ཡབ་ཡུམ་རྣམས་ཀྱི་སྤྱན་སྔ་རུ།། བླ་མེད་མཆོག་གིས་མཆོད་པ་དང།། ཤ་ཁྲག་དམར་གྱི་མཆོད་པ་དང།། རྨེ་གཏོར་རྨད་དུ་བྱུང་བའི་མཆོད་པ་དང། ། བསྟན་པ་བཤིག་པའི་དགྲ་བགེགས་མཆོད་པར་བཞེས།། རག་ཤ་དགྲ་བགེགས་ཤ་ནི་ཟན་པས་ཞིམ།། གཏི་མུག་མཆོད་པ་བླ་ན་མེད།། སྐུ་ཡི་མཆོད་པར་བཞེས་སུ་གསོལ།། རག་ཤ་དགྲ་བོའི་ཁྲག་ནི་ཆང་བས་ཞིམ། ། འདོད་ཆགས་མཆོད་པ་བླ་ན་མེད།། གསུང་གི་མཆོད་པ་བཞེས་སུ་གསོལ།། རག་ཤ་དགྲ་བོའི་དགྲ་བོའི་རུས་པ་འཆོས་བོའི་རུས་པ་འཆོས་ཤིང་མངར།། ཞེ་ལྡང་མཆོད་པ་བླ་ན་མེད། ། ཐུགས་ཀྱི་མཆོད་པར་བཞེས་སུ་གསོལ།། རག་ཤ་དགྲ་བོའི་མཁྲིས་པ་སྨན་གྱི་རྒྱུ།། ང་རྒྱལ་མཆོད་པ་བླ་ན་མེད།། ཡོན་ཏན་མཆོད་པར་བཞེས་སུ་གསོལ།། རག་ཤ་དགྲ་བོའི་གློ་སྙིང་གསོལ་བའི་རྒྱུ།། ཕྲག་དོག་མཆོད་པ་བླ་ན་མེད། ། འཕྲིན་ལས་མཆོད་པར་བཞེས་སུ་གསོལ།། འདི་ནི་དུག་ལྔའི་མཆོད་པ་སྟེ།། བཅོམ་ལྡན་གཤིན་རྗེ་ཡབ་ཡུམ་རྣམས་ཀྱིས་བཞེས་སུ་གསསོལ།། ཧཱུཾ། འཁོར་བའི་རྒྱ་ལིངས་ཆེན་པོ་ལ།། དུས་ངན་ཐ་མའི་སྙིགས་མ་ལ། ། དམ་སྲི་སྒྲོལ་བའི་ལས་འབྱུང་གིས།། བཅོམ་ལྡན་གཤིན་རྗེ་ཡབ་ཡུམ་རྣམས་ཀྱིས་བཞེས་སུ་གསོལ།། སྤྲུལ་པའི་འཕྲ་མེན་རྣམས་ཀྱི་ས་དང་རུ་ཆུམ།། རྣལ་འབྱོར་དུག་གསུམ་དཔལ་གྱི་ཞལ་དུ་བཏབ། ། བསྟན་པ་བཤིག་པའི་བགྲ་བགེགས་མཆོད་པར་བཞེས།། ཨོཾ་ས་མ་ཡ་མཉྫ་ཤྲཱི་མུ་ཏྲ་ཡ་མཱན་ཏ་ཀ་པཉྩ་ཏེ་རོ་ནི་ཧཱུཾ་ཛ། མ་ཧཱ་མཾ་ས། མ་ཧཱ་རག་ཏ། མ་ཧཱ་མ་ཁ་ཁ། མ་ཧཱ་བ་སུ་ཏ། མ་ཧཱ་གོ་རོ་ཙ་ན། མ་ཧཱ་ཙིཏྟ་ཁཱ་ཧི། ཞེས་པའོ།། གཤིན་རྗེ་གཤེད་པོའི་རྒྱུད་གསང་བ་དྲུག་ཅུ་པ་ལས། སྒྲོལ་བ་དུག་ལྔའི་མཆོད་པ་བསྟན་པའི་ལེའུ་སྟེ་བརྒྱད་པའོ།།།། ཨེ་མ་གཤིན་རྗེ་གཤེད་པོ་ལགས།། ཡེ་ཤེས་དཀྱིལ་འཁོར་མཆོད་བྱས་ལ། ། དེ་ཡི་བཟླས་པ་ཅི་ལྟར་བྱ།། ཞེས་པས། ཨེ་མ་ལག་ན་རྡོ་རྗེ་འཛིན།། མཆོད་པ་རྣམས་ཀྱིས་མཆོད་བྱས་ལ།། ཁྲོ་བོའི་སྙིང་པོ་ནུས་ཐང་གིས།། བྱེ་བ་ས་ཡ་ཁྲི་ཡང་བགྲང།། ཁྲོ་བོའི་སྙིང་པོ་ཞལ་ནས་ནི། ། ཨོཾ་ཨ་ཀྲོ་དྷེ་ཀ་ཡ།། མན་ཏ་ཀ་ཧ་ན་མ་ཐ་བྷན་ཧཱུཾ་ཕཊ། ཅེས་པས་སྔགས་དེ་ཉིད་ནི།། མགོན་པོ་ཉིད་ལ་གུས་བྱས་ལ།། སྔགས་དེ་སྟོང་སྟོང་ཐོན་པ་དང།། ཡང་ན་ཁྲི་ཚར་བསྟན་བྱས་ལ།། བསྟོད་པ་མཆོད་པ་འབུལ་བར་བྱའོ། ། བཟླས་པ་བྱ་བའི་ཏིང་འཛིན་ལ།། སྔགས་ལས་འོད་འཕྲོས་འཕགས་པ་མཆོད།། སེམས་ཅན་ཀུན་གྱི་སྡིག་སྒྲིབ་སྦྱངས།། འོད་དེ་སླར་ལ་འདུས་པ་དང།། བདག་གིས་དངོས་གྲུབ་ཐོབ་པར་བསམ། ། བཟླས་པ་གཏོང་བར་འདོད་པས་ན།། རྫས་ཀྱི་མཆོད་པ་མཆོད་བྱས་ལ།། ལྷ་ཡི་ང་རྒྱལ་བདག་གི་གནས།། བསྙེན་པ་ཆེན་པོའི་དོན་བསྟན་པའོ།། གཤིན་རྗེ་གཤེད་པོའི་རྒྱུད་གསང་བ་དྲུག་ཅུ་པ་ལས། འཕྲིན་ལས་ཆེན་པོའི་ཁོག་གཞུང་གིས་བསྙེན་པ་ཆེན་པོའི་དོན་བསྟན་པའི་ལེའུ་སྟེ་དགུ་པའོ།།།། ལག་ན་རྡོ་རྗེ་འཛིན་པ་ཡིས།། གཤིན་རྗེ་གཤེད་པོ་ཁྲོ་བོའི་རྒྱལ།། ཁྱོད་ཀྱི་མཛད་སྤྱོད་མཐའ་ཡས་ན། ། འཕྲིན་ལས་རྣམ་བཞི་བཤད་པར་འཚལ།། སེམས་ཅན་འདུལ་བའི་དབང་གིས་ན།། ཞི་བའི་འཕྲིན་ལས་ཇི་ལྟར་བགྱི།། ཞེས་པས། གཤིན་རྗེ་གཤེད་པོས་གསུངས་པའི་དོན།། ཞི་བའི་གནས་ནི་དཀར་པོ་ཤར་དུ་བལྟས། ། དྲི་བྲ་གནས་པའི་ས་ཕྱོགས་དང།། ཉམས་ནི་དགའ་བའི་གནས་སུ་བྱ།། མཎྜལ་ཟླུམ་པོ་རྩིབས་བྱས་ལ།། བ་ཡི་ལྔ་དང་དྲི་ཆུས་བྱུག། དཀར་ལ་འཚར་བའི་མཎྜལ་བྱ།། མཆོད་པའི་རྫས་རྣམས་དཀར་པོས་བྱ། ། རྫས་དང་ཡོ་བྱད་ཚར་བ་དང།། ཏིང་འཛིན་རྣམ་གསུམ་བྱིན་རླབས་ཡས།། རྒྱུ་ཡི་ཧཱུཾ་ནི་དཀར་པོ་ལས།། ལྷ་མཆོག་རངས་པ་དཀར་པོ་ལས།། ཞི་བའི་ཆ་ལུགས་མངའ་བ་ཅན།། ཐམས་ཅད་ཞི་བར་མཛད་པར་བསྒོམ། ། དཀྱིལ་འཁོར་བསྐྱེད་དང་སྤྱན་དྲངས་དང།། ཕྱག་དང་རྫས་ཀྱི་མཆོད་པས་མཆོད།། བཟླས་པའི་སྙིང་པོ་འདི་ཡང་བཟླས།། ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མཱན་ཏ་ཀ་ཧ་ན་མ་ཐ་བྷཉྫ་ཧཱུཾ་ཕཊ། ཆེ་གེ་མོ་ཞི་བ་ཤཱནྟི་ཀུ་རུ་སྭཱ་ཧཱ། ཞེས་པའི་བཟླས་པ་བྱས་པ་ཡིས།། གང་ལ་བྱ་བ་ཞི་བར་བསམ།། གཤིན་རྗེ་གཤེད་པོའི་རྒྱུད་གསང་བ་དྲུག་བཅུ་པ་ལས། ཞི་བའི་ལས་བསྟན་པའི་ལེའུ་སྟེ་བཅུ་པའོ།།།། ཞི་བའི་ས་ནི་དེ་ལགས་ན། ། རྒྱས་པའི་ལས་ནི་ཇི་ལྟར་ལགས།། གཤིན་རྗེ་གཤེད་པོས་གསུངས་པའི་དོན།། རྒྱས་པའི་གནས་ནི་སེར་པོ་བྱང་དུ་བལྟས།། གནོད་སྦྱིན་གནས་པའི་ས་ཕྱོགས་སུ།། ཡོ་བྱད་ཚང་བའི་གནས་སུ་བྱ། ། མཆོད་ཅིང་འབྱོར་པ་སེར་པོར་བཤམས།། རྫས་དང་ཡོ་བྱང་ཚང་བ་དང།། ཏིང་འཛིན་རྣམ་གསུམ་ཆོ་ག་ཡིས།། རྒྱུ་ཡི་ཧཱུཾ་ཡང་སེར་པོར་བསམ།། ལྷ་ཚོགས་རངས་པ་སེར་པོར་བསྐྱེད།། རྒྱས་པའི་ཆ་ལུགས་མངའ་བ་ཅན། ། ཐམས་ཅད་རྒྱས་པར་མཛད་པ་བསྒོམ།། དཀྱིལ་འཁོར་བསྐྱེད་དང་སྦྱན་དྲངས་ལ།། ཕྱག་དང་རྫས་ཀྱིས་མཆོད་པས་མཆོད།། བཟླས་པའི་སྙིང་པོ་འདི་ཡང་བཟླས།། ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མཱན་ཏ་ཀ་ཧ་ན་མ་ཐ་བྷཉྩ་ཧཱུཾ་ཕཊ། ཆེ་གེ་མོ་པུཥྟཾ་ཀུ་རུ་ཧཱུཾ་ཕཊ། ཅེས་བཟླས་པས། གང་ལ་བྱ་བ་རྒྱས་པར་བསམ།། གཤིན་རྗེ་གཤེད་པོའི་རྒྱུད་གསང་བ་དྲུག་ཅུ་པ་ལས། རྒྱས་པའི་ལས་བསྟན་པའི་ལེའུ་སྟེ་བཅུ་གཅིག་པའོ།།།། རྒྱས་པའི་ལས་ནི་དེ་ལགས་ན།། དབང་གི་ལས་ནི་ཇི་ལྟར་བགྱི།། གཤིན་རྗེ་གཤེད་པོས་གསུངས་པའི་དོན།། དབང་གི་གནས་ནི་དམར་པོ་ནུབ་ཏུ་བལྟས།། ལྷ་བཙན་གནས་པའི་ས་རུ་བྱོན་ནོ།། རི་བོའི་རྩེ་མོ་ཉམས་དགའ་བ། ། མཎྜལ་ཟླ་གམ་བྱས་ནས་ནི།། དྲི་དང་བ་ཡི་རྣམ་ལྔས་བྱུག། ཡོ་བྱད་ཅི་འབྱོར་མང་པོར་བྱའོ།། རྫས་དང་ཡོ་བྱང་ཚང་བ་དང།། ཏིང་འཛིན་རྣམ་གསུམ་བྱིན་བརླབས་ནས།། རྒྱུ་ཡི་ཧཱུཾ་ཡང་དམར་པོར་བསམ། ། ལྷ་ཚོགས་རངས་པ་དམར་པོར་བསམ།། དབང་གི་ཆ་ལུགས་མངའ་བ་ཅན།། ཐམས་ཅད་དབང་དུ་སྡུད་པར་བསམ།། དཀྱིལ་འཁོར་བསྐྱེད་དང་སྤྱན་དྲངས་དང།། རྫས་དང་ཕྱག་གི་མཆོད་པས་མཆོད། ། བཟླས་པའི་སྙིང་པོ་འདི་ཡང་བཟླས།། ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མཱན་ཏ་ཀ་ཧ་ན་མ་ཐ་བྷཉྫ་ཧཱུཾ་ཕཊ། ཆེ་གེ་མོ་པ་ཤང་ཀུ་རུ་ཧཱུཾ་ཕཊ། ཅེས་བཟླས་པ་བྱས་པ་ཡིས།། གང་ལ་བྱ་བ་དབང་དུ་སྡུད།། གཤིན་རྗེ་གཤེད་པོའི་རྒྱུད་གསང་བ་དྲུག་ཅུ་པ་ལས། དབང་གི་ལས་བསྟན་པའི་ལེའུ་སྟེ་བཅུ་གཉིས་པའོ།།།། དབང་གི་ལས་ནི་དེ་ལགས་ན།། དྲག་པོའི་ལས་ནི་ཇི་ལྟར་བགྱི།། གཤིན་རྗེ་གཤེད་པོས་གསུངས་པའི་དོན།། དྲག་པོའི་གནས་ནི་ནག་པོ་ལྷོ་རུ་བལྟས། ། ཀླུ་ཆེན་གནས་པའི་ས་རུ་བསྒྲུབ།། ཆུ་མིག་ཡོད་སར་མཎྜལ་གྲུ་གསུམ་བྱ།། ཁྲག་དང་བདུད་རྩིས་ཆག་ཆག་གདབ།། གནག་ལ་འཚེར་བའི་མཎྜལ་བྱ།། མཆོད་པ་ཅི་འབྱོར་ནག་པོར་བཤམས། ། རྫས་དང་ཡོ་བྱད་ནག་པོར་ཚོགས་པ་དང།། ཏིང་འཛིན་རྣམ་གསུམ་བྱྀན་བརླབས་ལས།། རྒྱུ་ཡི་ཧཱུཾ་ཡང་ནག་པོར་བསམ།། ལྷ་ཚོགས་རངས་པ་ནག་པོར་བསྐྱེད།། དྲག་པོའི་ཆ་ལུགས་མངའ་བ་ཅན། ། ཐམས་ཅད་གསོད་དང་སྤོར་བར་བསྒོམ།། དཀྱིལ་འཁོར་བསྐྱེད་དང་སྦྱན་དྲངས་དང།། ཕྱག་དང་རྫས་ཀྱི་མཆོད་པས་མཆོད།། བཟླས་པའི་སྙིང་པོ་འདི་ཡང་བཟླས།། ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མཱན་ཏ་ཀ་ཧ་ན་མ་ཐ་བྷཉྫ་ཧཱུཾ་ཕཊ། ཆེ་གེ་མོ་མཱ་ར་ཡ་རྦད་ཧཱུཾ་ཕཊ། ཅེས་བཟླས་པ་བྱས་པ་ཡིས།། གང་ལ་བྱ་བ་བསྒྲལ་བར་བསམ།། གཤིན་རྗེ་གཤེད་པོའི་རྒྱུད་གསང་བ་དྲུག་ཅུ་པ་ལས། དྲག་པོའི་ལས་བསྟན་པའི་ལེའུ་སྟེ་བཅུ་གསུམ་པའོ། །།། རྡོ་རྗེ་འཛིན་པས་ཡང་གསོལ་པ།། ཨེ་མ་གཤིན་རྗེ་གཤེད་པོ་ལགས།། འཕྲིན་ལས་རྣམ་བཞི་དེ་ལྟར་ལགས།། སྐུ་གསུང་ཐུགས་དང་ཡོན་ཏན་དང།། འཕྲིན་ལས་རྣམ་པ་ལྔ་པོ་ཡི།། ལས་ཀྱི་གོ་རིམས་བཤད་པར་འཚལ། ། གཤིན་རྗེ་གཤེད་པོས་གསུངས་པའི་དོན།། གཤིན་རྗེ་སྐུ་ཡི་སྒྲུབ་པ་ཡང།། གནས་ནི་དུར་ཁྲོད་དབེན་པ་རུ།། མཎྜལ་ལེགས་པར་བྱས་པ་དང།། མཆོད་དང་བསྟོད་པའི་ཡོ་བྱད་བཤམས། ། ཏིང་འཛིན་རྣམ་གསུམ་རིམ་པ་ནས།། ཆོ་ག་ལས་གཞུང་ཆེན་པོ་ལྟར།། བཟླས་པ་སྙིང་པོ་འདི་ཡང་བཟླས།། ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མཱན་ཏ་ཀ་ཧ་ན་མ་ཐ་བྷཉྩ་ཧཱུཾ་ཕཊ། ཅེས་པས་སྐུ་ཡི་ལས་རྣམས་བྱ།། གང་འདོད་པ་ཡི་ལས་རྣམས་འགྲུབ། ། གཤིན་རྗེ་གསུང་གི་བསྒྲུབ་པ་ཡང།། གནས་དང་བྱ་བ་གོང་མ་ལྟར།། ལས་གཞུང་ཆེན་པོ་བཤད་པའོ།། བཟླས་པའི་སྙིང་པོ་འདི་ཡང་བཟླས།། ཡ་མ་མེ་ཏ་ཀྵེ་ར་ཛ་ས་ཏོ་རུན་ཡོ་ནི་ར་ཡ་ཙ་ནི། ཞེས་པའམ། ཡང་ན་རུ་བསྐོར་བརྒྱད་པ་བཞིན།། སུམ་ཅུ་རྩ་གཉིས་དྲིལ་ལ་བགྲང།། དེ་ནི་གཤིན་རྗེ་གསུང་གི་ལས།། གང་འདོད་པ་ཡི་ལས་ཀྱང་འགྲུབ།། གཤིན་རྗེ་ཐུགས་ཀྱི་སྒྲུབ་པ་ཡང། ། གནས་དང་བྱ་བ་གོང་མ་ལྟར།། ལས་གཞུང་ཆེན་པོ་བཤད་པའོ།། བཟླས་པའི་སྙིང་པོ་འདི་སྙིང་པོ་འདི་ཡང་བཟླས།། ཨོཾ་ཧྲིཥྟི་བི་ཀྲྀ་ཏ་ནན་སརྦ་ཤ་ཏྲཾ་ནྴ་སྟཾ་པ་ཡ་ཧཱུཾ་ཕཊ། ཅེས་པས་ཐུགས་ཀྱི་ལས་རྣམས་འགྲུབ། ། གང་འདོད་པ་ཡི་ལས་ཀྱང་འགྲུབ།། གཤིན་རྗེ་ཡོན་ཏན་སྒྲུབ་པ་ཡང།། གནས་དང་བྱ་བ་ཐམས་ཅད་ཀུན།། ལས་གཞུང་ཆེན་པོར་བཤད་པའོ།། བཟླས་པའི་སྙིང་པོ་འདི་ཡང་བཟླས།། ཨོཾ་ས་མ་ཡ་མཉྫུ་ཤྲཱི་མུ་ཏྲ་ཡ་མཱན་ཏ་ཀ་ཡ་མ་རཱ་ཛ་མ་མ་ཨེ་ཀ་ཛ་ཊི་ས་མ་ཡ་ཛ་ཛ། ཞེས་པས་ཡོན་ཏན་ལས་རྣམས་འགྲུབ།། གང་འདོད་ལས་ལ་སྦྱར་བར་བྱའོ།། གཤིན་རྗེའི་འཕྲིན་ལས་བསྒྲུབ་པ་ལ།། གནས་དང་བྱ་བ་གོང་མ་ལྟར། ། ལས་གཞུང་ཆེན་པོར་བཤད་པའོ།། བཟླས་པའི་སྙིང་པོ་འདི་ཡང་བཟླས།། སྐུ་གསུང་ཐུགས་དང་ཡོན་ཏན་གྱིས།། སྔགས་ནི་གང་དང་གང་གདགས་པས།། དྲག་པོ་ཤམ་བུར་གདགས་པར་བྱ།། རྐྱང་བར་བྱ་བ་ཤེས་པར་བྱ། ། ཐིག་ནི་གཅིག་མེད་གཉིས་ཕྲག་བརྒྱད།། བཅད་དུད་འཕྲོམ་གནམ་མཐོངས་ཕྱེ་ལྕགས་སྒྲོག་ཁྲོལ། མི་རིས་སོང་རྒྱ་རྗེ་རྒྱ་ལོ་ཅུ་རུ་འོད་ཏ་པ་ཏ་ཡ་ཧཱུཾ་ཕཊ། ཅེས་པ་བཟླས་པ་བྱ་བ་དང།། གང་འདོད་པ་ཡི་ལས་དང་སྦྱར། ། གཤིན་རྗེ་གཤེད་པོའི་རྒྱུད་གསང་བ་དྲུག་ཅུ་པ་ལས། སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ལྔའི་སྒོ་ནས་སྒྲུབ་ཐབས་བསྟན་པའི་ལེའུ་སྟེ་བཅུ་བཞི་པའོ།།།། རྡོ་རྗེ་འཛིན་པས་ཡང་ཞུས་པ། ། ལས་ཀྱི་བྱེ་བྲག་དེ་རྣམས་དང།། ཕྱི་ནང་གསང་བ་གང་ལ་གཏོགས།། གཤིན་རྗེ་གཤེད་པོས་བཀའ་སྩལ་པ།། ལས་ཀྱེ་བྱེ་བྲག་དེ་རྣམས་ཀུན།། ནང་དུ་བསྙེན་པའི་ཐབས་སུ་བསྟན།། ཕྱི་ལྟར་བསྙེན་པ་བྱ་ཐབས་དང། ། འདི་ལྟར་ཤེས་པར་བྱས་ལ་བརྟེན།། དབེན་ཞིང་ཉམས་དགའི་ས་ཕྱོགས་སུ།། བྱི་དོར་བྱས་པའི་གནས་དག་ཏུ།། མཎྜལ་ཁྲུ་དོ་བྱས་པ་ལ།། དྲི་དང་བ་ཡི་རྣམ་ལྔས་བྱུག། གཏོར་མ་དཀར་པོ་བཤམས་པ་དང། ། ཁྲག་དང་ཨརྒྷ་བྱས་པ་ཡང།། མཆོད་པ་ལྔ་པོ་ཚང་བར་བསོག། དང་པོར་སྟོང་པ་ཉིད་དུ་བསྒོམ།། མ་ཧཱ་ཤཱུ་ནྱ་ཏ་ས་མ་ཡ་ཏི། དེ་ནས་སྙིང་རྗེ་ཆེན་པོར་བསྒོམ།། དྷརྨ་དྷཱ་ཏུ་ས་མ་ཏི་ཧཱུཾ། དེ་ལས་རང་སེམས་ཧཱུཾ་དུ་གྱུར། ། མུཾལས་བྷྲུཾ་འཕྲོས་གཞལ་ཡས་ཁང།། རིན་ཆེན་རྣམ་ལྔ་ལས་གྲུབ་པའི།། མཐའ་དབུས་དཔག་ཏུ་མེད་པར་བསམ།། འཁོར་ལོ་རྩིབས་བཞི་རྩིབས་བརྒྱད་པ།། སྒོ་བཞི་པར་ཁྱམས་ལྡན་པ་ལ།། ཁ་དོག་སེར་པོ་རིགས་དང་སྦྱར། ། དེ་དབུས་སེང་གེ་ཉི་ཟླ་དང།། པདྨོའི་གདན་དང་ལྡན་པ་ལ།། མུཾ་དེ་འོད་དུ་ཞུ་པ་ལས།། འཇམ་དཔལ་སྐུ་ནི་སེར་པོར་འགྱུར།། ཞལ་གཅིག་ཕྱག་ནི་གཉིས་པ་ལ།། གཡས་པ་ཨུཏྤལ་གཡོན་པ་པོ་ཏི་འོ། ། ཐུགས་ཁར་ཉི་ཟླའི་སྟེང་ན་ཡེ་ཤེས་སེམས།། དེའི་ཐུགས་ཀར་ཉི་ཟླའི་སྟེང་རྡོ་རྗེ་ལ།། ལྟེ་བར་མུཾ་ལས་འོད་འཕྲོས་ཕྱོགས་བཅུའི་རྒྱལ་པ་སྤྱན་དྲངས་ལ། ཨོཾ་བཛྲ་ས་མ་ཡ་ཛ་ཞེས་སེ་གོལ་བརྡབ། གཞལ་ཡས་ཁང་དུ་བརྟན་པར་བཞུགས།། ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ལ།། མཆོད་པ་བྱིན་གྱིས་བརླབས་ལ་དབུལ།། ཨོཾ་ཨ་ཧ་ར་ཨ་ཧ་ར་སརྦ་པི་ཏར་པུ་ཛ་སྭཱཧཱ། ཞེས་པས་ཨརྒྷཾ་དབུལ། ཨོཾ་བཛྲ་པུཥྤེ་ཧཱུཾ། མེ་ཏོག་དབུལ། ཨོཾ་བཛྲ་དྷཱུ་པེ་ཧཱུཾ། སྤོས་དབུལ། ཨོཾ་བཛྲ་ཨཱ་ལོ་ཀེ་ཧཱུཾ། མར་མེ་དབུལ། ཨོཾ་བཛྲ་གནྡྷེ་ཧཱུཾ། དྲི་ཆབ་དབུལ། ཨོཾ་བཛྲ་ནཻ་ཝི་དྱ་ཧཱུཾ། ལྷ་བཤོས་དབུལ། ཨོཾ་བཛྲ་ཤཔྟ་ཧོ། རོལ་མོ་དབུལ། ཨོཾ་བཛྲ་བ་ལིང་ཏ་ཧཱུཾ། ཞེས་པས་གཏོར་མ་དབུལ། ཕྱོགས་བཅུའི་རྒྱལ་བ་འཁོར་བཅས་ལ།། མཆོད་པ་དེ་ལྟར་ཕུལ་བྱས་ན།། འཇམ་དཔལ་སྐུར་ནི་གསལ་བསྒོམས་ལ།། ཨོཾ་ཝཱ་གཱི་ཤྭ་རི་མུཾ། ཞེས་པ་འབུམ་མམ་བྱེ་བ་བཟླས་པར་བྱའོ། ། ཁྲིའམ་སྟོང་གི་བར་དག་ཏུ།། མཆོད་པ་ཡང་ནས་ཡང་དུ་དབུལ།། དུས་དྲུག་དག་ཏུ་མཆོད་པ་བྱ།། བཟླས་པ་བྱ་བའི་ཏིང་འཛིན་ཡང།། མུཾ་ལས་འོད་འཕྲོས་དུས་གསུམ་རྒྱལ་བ་མཆོད།། སེམས་ཅན་མ་ལུས་སྒྲིབ་པ་སྦྱངས། ། འོད་དེ་ཚུར་འདུས་བདག་ལ་ཐིམ།། དུས་གསུམ་རྒྱལ་བའི་དངོས་གྲུབ་དང།། སེམས་ཅན་མ་ལུས་ཀུན་བསྡུས་ནས།། བདག་གིས་དངོས་གྲུབ་ཐོབ་པར་བསམ།། དེ་ལྟར་རིམ་པ་ཕྱི་ལྟར་བསྙེན་པ་ཡིན། གཤིན་རྗེ་གཤེད་པོའི་རྒྱུད་གསང་བ་དྲུག་ཅུ་པ་ལས། ཕྱི་ལྟར་བསྙེན་པ་བྱ་བའི་ལེའུ་སྟེ་བཅོ་ལྔ་པའོ།།།། ཡང་རྡོ་རྗེ་འཛིན་པ་ཡིས།། ཕྱི་ལྟར་བསྙེན་པ་དེ་ལགས་ཏེ།། གསང་བའི་བསྙེན་པ་གང་ལ་བྱ། ། ཞེས་པས། གཤིན་རྗེ་གཤེད་པོས་བཀའ་སྩལ་པ།། གསང་བའི་བསྙེན་པ་བྱ་བར་འདོད་པས།། དུར་ཁྲོད་དབེན་པར་སོང་ནས་ནི།། མཎྜལ་བྱས་ལ་བྲི་བ་དང།། རྫས་དང་ཡོ་བྱད་ཚང་བར་གསོག། དང་པོ་སྟོང་པ་བྱང་ཆུབ་སེམས། ། དེ་ནས་སྙིང་རྗེ་བྱང་ཆུབ་སེམས།། དེ་ལས་རང་སེམས་ཧཱུཾ་དུ་བསམ།། དེ་ལས་བྷྲུཾ་བྱུང་གཞལ་ཡས་ཁང།། གཤིན་རྗེ་མ་ཧེའི་གདན་དང་ཧཱུཾ་གིས་བྱིན་བརླབས་ནས།། འོད་ཀྱིས་བཀུག་ལ་གདན་དུ་བཏིང། ། ཕྱོགས་སྐྱོང་དྲེགས་པ་ཉི་ཟླ་དང།། པདྨའི་གདན་ཡང་བསམ་བྱས་ལ།། དབུས་ཀྱི་གདན་ལ་ཧཱུཾ་ལས་ཁྲོ་བོར་བསམ།། རྒྱན་དང་ཆ་ལུགས་ལྡན་པ་ལས།། འཁོར་དང་ཡབ་ཡུམ་ཏིང་ངེ་འཛིན་གྱིས་བསྐྱེད། ། སྤྱན་དྲངས་ལ་སོགས་ཏིང་འཛིན་གྱིས།། མཆོད་པ་བྱིན་གྱི་བརླབས་ལ་དབུལ།། ཚོགས་དང་སྒྲིབ་པ་མ་ཡིན་ཏེ།། སྔགས་དང་ཕྱག་རྒྱ་ཡིད་ཀྱིས་དབུལ།། བཟླས་པ་བྱ་བའི་ཏིང་འཛིན་ཡང། ། ཚིག་དང་སྒྲ་ལ་མ་བརྟེན་བཟླས་པ་ལ་བརྩོན་པར་བྱའོ།། ཐེག་པ་འོག་མའི་རྟོག་པ་ཅན།། གསང་སྔགས་དོན་རྣམས་མ་མཐོང་བར།། དེ་དག་ཀུན་ལ་གསང་བར་བྱའོ།། སྒྲོ་སྐུར་འདེབས་པའི་སྐྱེ་བོ་དང། ། དྲེགས་པས་བསྙེན་པའི་རྒྱལ་པོ་དང།། བར་ཆོད་བྱེད་པ་རྣམས་ལ་གསང།། རྣལ་འབྱོར་པ་དག་རངཉིད་ཀྱིས།། དངོས་གྲུབ་མ་ཐོབ་བར་དུ་གསང།། ཚིག་དང་སྒྲ་ལ་མི་གཙོ་བར།། ཏིང་འཛིན་ཟབ་མོ་དང་དུ་བླང། ། བཟླས་པའི་སྙིང་པོ་གཙོ་བོར་བཟུང།། དེ་ལ་གསང་བའི་སྒྲུབ་པ་བྱའོ།། གཤིན་རྗེ་གཤེད་པོའི་རྒྱུད་གསང་བ་དྲུག་ཅུ་པ་ལས། གསང་བའི་བསྙེན་པ་བྱ་བའི་ལེའུ་སྟེ་བཅུ་དྲུག་པའོ།།།། རྡོ་རྗེ་འཛིན་པས་ཡང་གསོལ་བ། ། བསྙེན་པ་བྱ་བ་དེ་དག་གིས།། སྔོན་དུ་འགྲོ་ལས་བཤད་དུ་གསོལ།། གཤིན་རྗེ་གཤེད་པོས་བཀའ་སྩལ་པ།། བསྙེན་པ་བྱ་བའི་སྔོན་འགྲོ་ལས།། དང་པོ་གནས་ནི་དབེན་པ་དང།། དུར་ཁྲོད་ལ་སོགས་མཚན་ལྡན་དང། ། སྒྲུབ་པ་པོ་ཡི་རིགས་འཛིན་གྱིས།། ས་སྦྱངས་པ་དང་ས་སློང་ནི།། ས་ཡི་ལྷ་ལ་གཏོར་མ་དབུལ།། དང་པོ་ཚ་ཚྭ་ཆུ་གཏོར་བཏང།། སྤང་ཀོང་ཀློང་ཅིང་ཉམས་ཆག་བསྐང།། གཏོར་མ་ཆ་གསུམ་དབུལ་བ་དང། ། གནས་ཀྱི་ཕྱོགས་བཞི་གཙུག་ཏོར་བཞི།། རྒྱལ་ཆེན་བཞི་རུ་མངའ་གསོལ་ལ།། གཏོར་མ་ཕུལ་ལ་མཚམས་བཅད།། གསེར་སྐྱེམས་གཏང་ལ་འཕྲིན་ལས་བཅོལ།། གང་ལ་འདོད་པའི་སྨོན་ལམ་གདབ། ། མཎྜལ་འདོམ་གང་གྲུ་བཞི་བརྩིགས།། བ་ཡི་རྣམ་ལྔས་ཞལ་ཞལ་བྱ།། ཆག་ཆག་རྣམ་གསུམ་ཚང་བར་གདབ།། ཐིག་ནི་མ་ནོར་བུར་གདབ།། ས་ཚོན་བྱིན་གྱིས་བརླབས་པ་དང།། ས་ཚོན་ལེགས་པར་བྲི་བ་དང། ། ལྷ་ཡི་རྣམ་པ་དགོད་པ་དང།། དམ་རྫས་ཚང་བར་དགྲམ་པ་དང།། གཏོར་མ་ཆ་གསུམ་བདུད་རྩི་དང།། རགྟའི་མཆོད་པ་རྣམ་ལྔ་དང།། ལྷ་རྣམས་མཉེས་པར་བྱ་ཕྱིར་བཤམས།། མཆོད་པ་དལ་དུ་བཀྲམ་བྱས་ལ། ། ལས་ཀྱི་སྡོན་དུ་འདི་ལྟར་བྱ།། དང་པོར་རང་སེམས་ཨ་རུ་བསམ།། ཨ་ལས་འོད་འཕྲོས་ཕྱིན་ནང་སྣོད་བཅུད་བསྲེགས།། ཨ་ཡི་འོད་འདུས་བདག་གི་རྣམ་རྟོག་དང།། རྣམ་པར་སྨིན་པའི་ལས་ཀྱང་བསྲེགས། ། ཨ་ལས་འོད་དུ་ཞུ་ནས་ཧཱུཾ་དུ་གྱུར།། ཧཱུཾ་ལས་ཡི་དམ་ལྷ་རུ་གྱུར་པ་སྟེ།། ལྷ་དེའི་སྙིང་པོ་བརྗོད་པས་གསལ་བར་བསྒོམ།། ཡི་དམ་ལྷ་ཡི་ཐུགས་ཀ་ནས།། ཧཱུཾ་གི་འོད་བྱུང་ཡ་མན་ཏ་ཀའི་སྐུའི་བཅུད།། ཆེ་བའི་བྱིན་བརླབས་ཀུན་བསྡུས་ཏེ། ། འོང་དེ་ཐིམ་པས་ཡི་དམ་ལྷ།། གཤིན་རྗེ་གཤེད་པོར་གྱུར་པ་སྟེ།། ཨ་ཀྲོ་བརྟན་ཞིང་གསལ་བར་བསྒོམ།། གཤིན་རྗེ་གཤེད་པོའི་ཐུགས་ཀ་ནས།། རྡོ་རྗེ་ཆུང་དུ་སྤྲུལ་པས་ནང་མཚམས་བཅད། ། ཉི་ཟླའི་དཀྱིལ་འཁོར་སྟེང་དུ་ནི།། ས་མ་ཡ་ཛ་དང་སེ་གོལ་སྒྲ།། དུས་གསུམ་རྒྱལ་བ་སྤྱན་དྲངས་ལ།། ཆ་ཉམས་སྡིག་པ་བཤགས་པ་དང།། མཆོད་པའི་ཡོ་བྱད་བྱིན་གྱིས་བརླབས།། དམ་བཅའ་བ་དང་བྱིན་ཕབ་ལ། ། ཉི་ཟླའི་སྟེང་གི་ལྷ་ཚོགས་ཀྱེ།། བདག་ལ་བྱིན་གྱིས་བརླབས་པའི་ཕྱིར།། བདག་གི་ཚངས་པའི་བུ་ག་རུ།། འོད་དུ་ཞུ་ནས་ཧཱུཾ་ལ་ཐིམ།། དེ་ནས་ལས་ལ་འཇུག་པར་བྱ།། སྔོན་དུ་བྱ་བའི་ལས་བསྟན་པའོ། ། གཤིན་རྗེ་གཤེད་པོའི་རྒྱུད་གསང་བ་དྲུག་ཅུ་པ་ལས། སྔོན་དུ་འགྲོ་བའི་ཐབས་བསྟན་པའི་ལེའུ་སྟེ་བཅུ་བདུན་པའོ།།།། རྡོ་རྗེ་འཛིན་པས་ཡང་གསོལ་བ།། བསྙེན་པ་བྱ་བ་ལྷ་རྣམས་ཀྱིས། ། རྣལ་འབྱོར་པ་ནི་གང་དག་གིས།། མཚན་མའི་ཏིང་འཛིན་བསྒོམ་པ་ལ།། སྐུ་མདོག་ཕྱག་མཚན་བཞུགས་ཕྱོགས་ཀྱི།། རྣམ་པ་མ་ལུས་བཤད་དུ་གསོལ།། ཅེས་པས། གཤིན་རྗེ་གཤེད་པོས་བཀའ་སྩལ་པ། ། ལྷ་ཡི་འཁོར་ལོ་དག་གི་ནི།། སྐུ་མདོག་ཕྱག་མཚན་བཞུགས་ཕྱོགས་ཀྱིས།། རྣམ་པ་བདག་གིས་བསྟན་པ་ལས།། དེ་ལ་གཤིན་རྗེ་གཤེད་པོའི་སྐུ་མདོག་སྔོ་ནག་ཞལ་གཡས་དཀར། གཡོན་དམར་བའི་མདོག་ཅན་ནོ། ། ཕྱག་དྲུག་གཡས་པ་གསུམ་ན་རྡོ་རྗེ་ལྔ་དང།། ཁ་ཊཱཾ་ག་རྩེ་གསུམ་དང། ལྕགས་ཀྱུ་བསྣམས་པ། གཡོན་པ་གསུམ་ན་བ་སུ་ཏིའི་རྒྱུ་ཞགས་དང། ཞིང་ཆུང་གི་དབྱུག་ཏོ་དང། དུང་དམར་གྱིས་བཀང་བ་གསོལ་བའོ། ། ཡུམ་ཨེ་ཀ་ཛ་ཊི་མ་སྐུ་མདོག་སྔོན་མོ་གཡོན་ཏྲི་ཤཱུ་ལ་བཟུང་ནས་ཡབ་ལ་འཁྱུད་པ།། གཡས་བནྡྷ་དམར་གྱིས་བཀང་བ་གཙོ་ལ་སྟོབ་པའོ།། ཡུམ་བེ་ཏ་ལེ་སྐུ་མདོག་སྔོན་མོ་གཡས་ཏྲི་ཤཱུ་ལ་བཟུང་ནས་ཡབ་ལ་འཁྱུད་པ། ། གཡོན་དུང་དམར་གྱིས་བཀང་ནས་གཙོ་ལ་སྟོབ་པའོ།། གཤེད་པོ་ཡ་མ་རཱ་ཛ་སྐུ་མདོག་སྔོ་ནག་ཕྱག་གཡས་པ་མ་ཏྲ་རོ་དབྱུག་འཕྱར་བ། གཡོན་པ་འཁོར་ལོ་བསྐོར་བས་གསོད་པར་བྱེད་པའི་ཤ་རུས་འཇོམས་པ་ལ། སྲུང་བར་བྱེད་པ་བརྟེན་ཞིང་མི་གཡོ་བར་བྱེད། ཤར་ཕྱོགས་ལ་དབང་བྱེད་པའོ།། ཉོ་བྱེད་འབར་བ་སྐུ་མདོག་སེར་ནག། ཕྱག་གཡས་ན་མ་ཏྲང་རོ་དབྱུག་ཐོགས་པ། གཡོན་མེའི་འཁོར་ལོས་གསོད་པར་བྱེད་པ། བསྲེགས་པས་སྲུང་བར་བྱེད་པའོ།། སྨིན་ཅིང་རྒྱས་པར་མཛད་པ། ལྷོ་ལ་དབང་མཛད་པའོ།། ཨ་རྱ་མ་རུ་ཙེ་སྐུ་མདོག་དམར་ནག་གཡས་པ་མ་ཏང་གི་རོ་དབྱུག་འཕྱར་བ་གཡོན་པ་ཆུའི་འཁོར་ལོས་གསོད་པར་བྱེད་པ། རྨུགས་པར་བྱེད་པ། སྲང་བར་བྱེད་པ། གང་འདོད་པའི་འབྲས་བུ་སྡུད་ཅིང། དབང་བྱེད་ནུས་པའོ།། ནུབ་ལ་དབང་མཛད་པའོ།། རལ་པ་ཚར་དགུ་སེར་ནག་གཡས་པ་མ་ཏང་རོ་དབྱུག་འཕྱར་བ། གཡོན་རླུང་གི་འཁོར་ལོ་བསྐོར་བས་གསོད་པར་བྱེད་པ། དབུགས་འཕྲོག་པ་དང་གསོ་བའི་ལས་སོ།། སྲང་བར་བྱེད་པ་གང་འདོད་པའི་གནས་སུ་ཕྱིན་པར་བྱེད་པའོ།། བྱང་ལ་དབང་མཛད་པའོ།། བདུད་འཇོམས་སྐུ་མདོག་ནག་པོ་གཡས་དགྲ་སྟ། གཡོན་འཁོར་ལོ་བསྐོར་བའོ།། སྟེང་ལ་དབང་མཛད་པའོ།། ཀོང་རྩེ་བྲག་འཇོམས་སྐུ་མདོག་དཀར་པོ། ཕྱག་གཡས་པ་ལྷ་ཆེན་པོ་བསྣམས་པ། གཡོན་པ་འཁོར་ལོ་བསྐོར་བའོ། ། ཤར་ལ་དབང་མཛད་པའོ།། ཨ་བ་གླང་མགོ་སྐུ་མདོག་ལྗང་ཁུ་གཡས་ཏྲི་ཤཱུ་ལ། གཡོན་འཁོར་ལོ་བསྐོར་བའོ།། ཤར་ལྷོ་ལ་དབང་བྱེད་པའོ།། ཡ་བ་ཏི་སྐུ་མདོག་སེར་ནག་ཕྱག་གཡས་ལྕགས་ཀྱུ། གཡོན་འཁོར་ལོ། ལྷོ་ལ་དབང་མཛད་པའོ།། ཕྱ་སངས་སྐུ་མདོག་མཐིང་ཁ་གཡས་རལ་གྲི། གཡོན་འཁོར་ལོ་གསོར་བའོ།། ལྷཽ་ནུབ་ལ་དབང་མཛད་པའོ།། དམིགས་པ་དམར་ནག་ཕྱག་གཡས་ཐོད་འཕྲེང། གཡོན་འཁོར་ལོ་བསྐོར་བའོ། ། ནུབ་ལ་དབང་མཛད་པའོ།། ཏེལ་པ་སྔོན་མོ་ཕྱག་གཡས་པ་ན་དབྱུག་ཐོ། གཡོན་འཁོར་ལོ་བསྐོར་བའོ།། ནུབ་བྱང་ལ་དབང་བྱེད་པའོ།། ལྷ་མཆོག་དུད་ཁ་ལྗང་གུ་ཕྱག་གཡས་ཐོད་པ། གཡོན་འཁོར་ལོ་བསྐོར་བའོ། ། བྱང་ལ་དབང་བྱེད་པའོ།། ཆོས་ཀྱི་རྒྱལ་པོ་སྐུ་མདོག་སྨུག་པོ་ཕྱག་གཡས་ཁྲཾ་བཾ། གཡོན་འཁོར་ལོ་བསྐོར་བའོ།། བྱང་ཤར་ལ་དབང་བྱེད་པའོ།། མིག་དམར་སྐུ་མདོག་དམར་པོ་ཕྱག་གཡས་ཤོ་རྡེའུ། གཡོན་འཁོར་ལོ་བསྐོར་བའོ།། འོག་ལ་དབང་བྱེད་པའོ།། རྣམས་ཡུམ་ཀུན་ཡང་སྐུ་མདོག་རང་རང་གི་ཡབ་དང་མཐུན་པ་ལས། ཕྱག་གཡས་ཀུན་ན་ཏྲི་ཤཱུ་ལ་རེ་ཐོགས་ནས་ཡབ་ལ་འཁྱུད་པའོ།། གཡོན་ཀུན་དམར་གྱིས་བཀང་བ་ཐོགས་ནས་ཡབ་སོ་སོ་ལ་སྟོབ་པའོ། ། འཇམ་དཔལ་གྱི་ཐུགས་ལས་སྤྲུལ་པའི་ལས་ལ་གྲུབ་པའི་ལྷ་ཡོ་གའི་སྐུ་ནི་རང་རང་གི་སྐབས་ཀུན་ཏུ་ཤེས་པར་བྱའོ།། གཤིན་རྗེ་གཤེད་པོའི་སྐུ་མདོག་ཕྱག་མཚན་བཞུགས་ཚུལ་དང་དེ་དག་གི་རིམ་པར་བྱེད་པའོ། ། སྐུ་མདོག་ནི་རྣམ་པར་དག་པ་བསྟན་པ་ལ། སྐུ་མདོག་མཐིང་ཀ་ཆོས་ཉིད་འགྱུར་བ་མེད་པའི་དོན་སྟོན།། སྐུ་མདོག་དཀར་བ་ནི་ཆོས་ཀྱི་དབྱིངས་ལ་སྐྱོན་གྱིས་མ་གོས་པ་དང་ཞི་བའི་ལས་གྲུབ་པའོ། ། སྐུ་མདོག་དམར་བར་བསྟན་པ་ནི། ཐུགས་རྗེ་ཆེན་པོའི་སེམས་ཅན་གྱི་དོན་ལ་ཆགས་པ་ཁམས་གསུམ་དབང་དུ་སྡུད་པ་དབང་གིས་ལས་གྲུབ་པའོ།། སྐུ་སེར་བར་བསྟན་པ་ནི། ཆེ་བའི་ཡོན་ཏན་རྒྱས་པ་དང། རྒྱས་པའི་ལས་གྲུབ་པའོ།། སྐུ་གནག་པར་བསྟན་པ་ནི་ཆོས་ཉིད་ལས་མི་འགྱུར་བ་དང་དྲག་པོའི་ལས་གྲུབ་པའོ།། སྐུ་ལྗང་བར་བསྟན་པ་ནི། ཆོས་ཉིད་ཀྱི་དོན་ཕྱོགས་གཅིག་ཏུ་བསྟན་པ་དང། ལས་སྣ་ཚོགས་པར་མཛད་པའོ།། སྐུ་མདོག་དཀར་ནག་གིས་ཞི་བ་དང་དྲག་པོའི་ལས་འགྲུབ་པའོ།། དཀར་སེར་གྱིས་ཞི་བ་དང་རྒྱས་པའི་ལས་འགྲུབ་པའོ།། དཀར་དམར་གྱིས་ཞི་བ་དང་དབང་གི་ལས་འགྲུབ་པའོ། ། དཀར་སྔོ་ཆོས་ཉིད་ཞི་བ་ལས་འགྱུར་བ་མེད་པའོ།། དཀར་ལྗང་གིས་ཞི་བ་ལས་ཚང་བར་མཛད་པའོ།། སྐུ་སེར་ནག་གིས་དྲག་པོ་དང་རྒྱས་པའི་ལས་འབྱུང་བའོ།། དམར་ནག་གིས་དབང་དང་དྲག་པོའི་ལས་འགྲུབ་པའོ། ། སྔོ་ནག་ཆོས་ཉིད་འགྱུར་བ་མེད་པ་སྟེ་དྲུག་པོ་མི་འགྱུར་བའོ།། ལྗང་ནག་འཕྲིན་ལས་སྣ་ཚང་བས་མི་འགྱུར་བའོ།། སྨུག་ནག་ནི་དབང་དྲག་གི་ལས་འགྲུབ་པའོ།། དམར་སེར་ནི་རྒྱས་པའི་ལས་དེས་དབང་དུ་སྡུད་པའི་རྟགས་སོ། ། སེར་ལྗང་ནི་རྒྱས་པའི་ལས་སྣ་ཚོགས་མཛད་པའོ།། དམར་ལྗང་ནི་དབང་གི་ལས་སྣ་ཚོགས་མཛད་པའོ།། ཕྱག་མཚན་གྱི་རྣམ་པ་ལ་རྡོ་རྗེ་རྩེ་ལྔའི་དོན་ཡེ་ཤེས་ལྔའི་དོན་ཐུགས་སུ་ཆུད་པའི་རྟགས་ཀྱི་ཕྱག་མཚན་ནི། ཁ་ཊྭཱཾ་ག་རྩེ་གསུམ་ནི་བདུད་ལས་རྒྱལ་བའི་རྟགས་སོ།། ལྕགས་ཀྱུ་བསྣམས་པ་ནི་འཁོར་བ་ནས་འདྲེན་པ་དང། དགྲ་བགེགས་འགུགས་པའི་རྟགས་སོ།། རྒྱུ་ཞགས་ནི་འཁོར་བར་སེམས་ཅན་མི་གཏོང་བ་དང། ། གནས་ནས་འདྲེན་པའི་རྟགས་སོ།། ཞིང་ཆུང་གི་དབྱུག་པ་བསྣམས་པས་ཉོན་མོངས་པ་ཕྲ་མོ་འཇོམས་པའི་རྟགས་སོ།། དུང་དམར་གྱིས་བཀང་བ་ཞལ་དུ་གསོལ་བ་དང་སྟོབ་པ་ནི་འཁོར་བ་ཉོན་མོངས་པ་ཟད་པར་བྱ་བའི་རྟགས་སོ། ། ཏྲི་ཤཱུ་ལ་ཐོགས་པས་སྐུ་གསུང་ཐུགས་ཀྱི་དོན་བསྟན་པའི་རྟགས་སོ།། གཤིན་རྗེ་མ་ཏང་རོ་དབྱུག་ཐོགས་པ་ནི་འཁོར་བ་ཉིད་ཀྱིས་ཉིད་འཇོམས་པའི་རྟགས་སོ། ། འཁོར་ལོ་བསྐོར་བ་ནི་སྲིད་པ་གསུམ་ལ་དབང་བྱེད་པ་དང། ཉོན་མོངས་པ་གསོད་པའོ།། དགྲ་ན་ཐོགས་པས་དགྲ་བགེགས་གཏུབས་པ་དང།། ཉོན་མོངས་པ་འབྲལ་བའོ།། ལྷ་ཆེན་པོ་རྡོ་རྗེ་ཕྱག་ན་བསྣམས་པ་ནི་དྲེགས་པ་ཅན་འཇོམས་པའོ། ། རལ་གྲི་ཐོགས་པ་ནི་ཤེས་རབ་མ་ཡིན་པ་དང། ཉོན་མོངས་པ་གཅོད་པ་ལ་ཐོགས་པ་མེད་པའོ།། ཐོད་འཕྲེང་ཐོགས་པ་ནི་འཁོར་པ་ཟད་པ་མེད་པ་འདྲེན་བའི་རྟགས་སོ། ། ཁྲམ་བམ་བསྣམས་པ་ནི་སྐྱེ་འགྲོའི་ཚེ་དང་སྲོག་དབང་མཛད་པའི་རྟགས་སོ།། ཤོ་རྡེའུ་བསྣམས་པ་ནི་ལེགས་ཉེས་སྟངས་རྩི་བ་དང་སྐྱེ་འགྲོའི་ཚེ་སྲོག་ལ་རྩིས་བྱེད་པའོ།། གཤིན་རྗེ་གཤེད་པོའི་རྒྱུད་གསང་བ་དྲུག་ཅུ་པ་ལས། ལྷ་རྣམས་ཀྱི་སྐུ་མདོག་དང། ཕྱག་མཚན་དང། བཞུགས་ཚུལ་གྱི་རྣམ་དག་བསྟན་པ་སྟེ་བཅོ་བརྒྱད་པའོ།།།། རྡོ་རྗེ་འཛིན་པས་ཡང་ཞུས་པ།། ལྷ་རྣམས་དེ་དག་ཐམས་ཅད་ཀྱི།། རྒྱན་དང་ཆས་དང་གདན་དང་བཞུགས་ཚུལ་དང། ཞེས་པས། གཤིན་རྗེ་གཤེད་པས་གསུངས་པ་ནི།། ལྷ་རྣམས་དེ་དག་ཐམས་ཅད་ཀུན།། དུར་ཁྲོད་རྒྱན་ཆས་རྒྱན་དང་ལྡན།། སོ་སོར་རང་རང་གདན་ལ་བཞུགས།། གཡས་བསྐུམ་གཡོན་ནི་བརྐྱང་ནས་བཞུགས། ། གཏི་མུག་མ་སྤངས་གནས་སུ་དག། གླང་ཆེན་ཀོ་རློན་སྐུ་སྟོད་གསོལ།། ཞེ་སྔང་མ་སྤངས་གནས་སུ་དག། སྤྲུལ་རིགས་ལྔ་ཡིས་བརྒྱན་པའོ།། འདོད་ཆགས་མ་སྤངས་གནས་སུ་དག། སྟག་གི་པགས་པས་སྐུ་སྨད་གཡོགས།། ང་རྒྱལ་མ་སྤངས་གནས་སུ་དག། ཞིང་གི་གཡང་གཞི་སྐུ་སྟོད་གཡོགས།། ཕྲག་དོག་མ་སྤངས་གནས་སུ་དག། ཐོད་པ་ཚར་གསུམ་སེ་རལ་བྱས།། ཐུགས་རྗེ་འགྲོ་བའི་དོན་ལ་ཆགས། ། རག་ཏིའི་ཐིག་ལེ་དགུ་ཡིས་བརྒྱན།། དོན་དམ་སེམས་ཅན་སྒྲོལ་བ་ཡི།། ཞག་གི་ཚོམ་བུ་གསུམ་དང་ལྔན།། གང་ལ་གང་འདུལ་འཕྲིན་ལས་མཛད།། ཐལ་ཆེན་ཟོ་རིས་བཅོ་ལྔས་བརྒྱན།། བར་ཆོད་བགེགས་ཀྱིས་མི་ཚུགས་མེ་འོད་འབར། ། བདག་གིས་ཐུན་མོང་ཁྱད་པར་ལྡན།། ལས་ཀྱི་གཤིན་རྗེ་གདུལ་ཕྱིར་གཙོ་བོའི་གདན།། གོང་ན་ཆེ་བ་མེད་ཕྱིར་མ་ཧེ་གདན་དུ་བཏིང།། རུ་དྲ་གདུལ་ཕྱིར་ཡ་མ་ར་ཛཱ་གདན་དུ་གཏིང། ། མུ་སྟེགས་གདུལ་ཕྱིར་མྱོས་བྱེད་འབར་བའི་གདན་དུ་བཏིང།། སྲིན་མོ་གདུལ་ཕྱིར་ཨཱརྱ་མ་རུ་ཙེའི་གདན་དུ་གཏིང།། གནོད་སྦྱིན་གདུལ་ཕྱིར་རལ་པ་ཚར་དགུའི་གདན་དུ་གཏིང། ། ཕྱོགས་སྐྱོང་ཆེ་བ་བསྐྱུང་བ་དང།། དེ་ཡི་འཁོར་ཀུན་དབང་དུ་བསྡུ་བའི་ཕྱིར།། སྲིན་པོ་བཅུ་གདན་དུ་གཏིང་བར་བྱ།། ཐབས་ཀྱི་རོལ་པས་བསམ་ཡས་ཉི་མའི་གདན།། ཤེས་རབ་རོལ་བས་མཐའ་ཡས་ཟླ་བའི་གདན། ། ཆགས་པའི་སྐྱོན་དང་བྲལ་བས་པདྨའི་གདན།། ནང་གི་ཡོན་ཏན་ཕྱི་རུ་བསྟན་པའོ།། གཡས་པ་བསྐུམ་པའི་བཞུགས་ཚུལ་གྱིས།། ཆོས་ཉིད་ཐུགས་སུ་ཆུད་པའི་རྟགས།། གཡོན་པ་བརྐྱང་བའི་བཞུགས་ཚུལ་གྱིས། ། སེམས་ཅན་མ་ལུས་དོན་མཛད་རྟགས།། ཞེས་གསུངས་སོ།། གཤིན་རྗེ་གཤེད་པོའི་རྒྱུད་གསང་བ་དྲུག་ཅུ་པ་ལས། རྒྱན་ཆ་དང། གདན་དང། བཞུགས་ཚུལ་གྱི་ལེའུ་སྟེ་བཅུ་དགུ་པའོ།།།། རྡོ་རྗེ་འཛིན་པས་ཡང་གསོལ་པ། ། གཤིན་རྗེ་གཤེད་པོ་ཁྱེད་ཀྱི་འཁོར།། སྤྱི་དང་ཁྱད་པར་འཕྲིན་ལས་ཀུན།། སོ་སོའི་དམ་དུ་ཇི་ལྟར་བཅའ།། ཞེས་པས། གཤིན་རྗེ་གཤེད་པོས་བཀའ་སྩལ་པ།། གཙོ་བོའི་འཕྲིན་ལས་དབང་དང་ནི། ། དཔག་ཏུ་མེད་པ་བསམ་ཡས་སྟོན།། སྤྱི་ཡི་འཕྲིན་ལས་སེམས་ཅན་དོན་དང་ལྡན།། བསྟན་པ་གཤིག་པའི་དམ་ཉམས་སྒྲོལ།། ཁྱད་པར་སོ་སོའི་ཁས་བླངས་པ།། གཤིན་རྗེ་གཤེད་པོའི་སྤྱན་སྔ་རུ། ། ཡ་མ་ར་ཛས་ཞེ་སྡང་རྩད་གཅད་དེ།། ཉི་མ་དང་པོ་མགོ་འཁོར་བའི་ལས་བྱ་བར་དམ་བཅས།། མྱོས་བྱེད་འབར་བས་ང་རྒྱལ་རྩད་ནས་གཅད་དེ། ཉི་མ་གཉིས་པ་ལ་ཡིད་འཁྲུག་པར་དམ་བཅས། ཨཱརྱ་མ་རུས་འདོད་ཆགས་རྩད་གཅད་དེ། ཉི་མ་གསུམ་པ་རྒྱལ་བའི་ལས་བྱ་བར་དམ་བཅས། རལ་པ་ཚར་དགུས་ཕྲག་དོག་རྩད་གཅད་དེ། ཉི་མ་བཞི་པ་ལ་དགྲ་བོ་དེ་གསད་པར་དམ་བཅས་པའོ།། བདུད་འཇོམས་ཀྱིས་སྲིད་པའི་སྐོས་གདབ་པར་དམ་བཅས། ཀོང་རྩེ་བྲག་འཇོམས་ཀྱིས་སྲིད་པའི་ཆོ་འཕྲུལ་གཏང་བར་དམ་བཅས། ཨ་བ་གླང་མགོས་བྲན་དུ་དམ་བཅས། ཡ་བ་ཏིས་སྤྲུལ་པའི་ལྟས་ངན་གཏོང་བར་དམ་བཅས། ཕྱ་སངས་ཀྱིས་སྲིད་གསུམ་གྱི་བྱ་ར་བྱ་བར་དམ་བཅས། ། སྨིག་པས་སྲིད་པའི་བླ་འགུགས་པར་དམ་བཅས།། ཏེལ་བས་སྲིད་པའི་དབུགས་འཕྲོག་པར་དམ་བཅས། ལྷ་མཆོག་དུད་ཁས་སྲིད་པའི་མདངས་འཕྲོག་པར་དམ་བཅས། ཆོས་ཀྱིས་རྒྱ་པོས་སྲིད་པའི་སྲོག་འཕྲོག་པར་དམ་བཅས། མིག་དམར་གྱིས་སྲིད་པ་ཁྲམ་ལ་གདབ་པར་དམ་བཅས་ཏེ། དེ་རྣམས་ཀྱིས་དམ་བཅས་པ་དེ་ཡང་སྲིད་བ་གཞན་མ་ཡིན་ཏེ། སངས་རྒྱས་ཀྱི་བསྟན་པ་འཇིག་པ་དང། དམ་ཚིག་ལ་མི་གནས་པ་ལ་ཁྱེད་ཀྱིས་ཁྱད་པར་དུ་ལས་དེས་དབང་དུ་བགྱིས་པ་ལས། གཞན་ལ་གནོད་པ་མ་བྱེད་ཅེས་འཁོར་རྣམས་ལ་དམ་དབོག་གོ། གཤིན་རྗེ་གཤེད་པོའི་རྒྱུད་གསང་བ་དྲུག་ཅུ་པ་ལས། འཁོར་རྣམས་ཀྱི་སྤྱི་དང་ཁྱད་པར་གྱི་ལས་བྱ་བར་ཁས་བླངས། གཙོ་བོས་དམ་ཕོག་པའི་ལེའུ་སྟེ་ཉི་ཤུ་པའོ།།།། རྡོ་རྗེ་འཛིན་པས་ཡང་ཞུས་པ།། གོང་དུ་བསྟན་པའི་ལས་དེ་དག། བསྙེན་པ་ཞེས་སུ་ཁྱོད་ཀྱིས་བཤད།། སྒྲུབ་པའི་ལས་ལ་སྦྱོར་དུས་སུ།། ཉེ་བ་བསྙེན་པ་ཇི་ལྟར་བྱ།། ཞེས་པས། གཤིན་རྗེ་གཤེད་པོས་བཀའ་སྩལ་པ། ཉེ་བར་བ་སྙེན་པ་བྱ་བ་ཡང།། གནས་དང་ཆོ་གའི་རིམ་པ་ཡང། ། ལས་གཞུང་ཆེན་པོ་བལྟ་བར་བྱ།། བཟླས་པའི་རིམ་པ་འདི་ལྟར་བྱ།། ཡ་མ་མེ་ཏ་ཀྵ་རཱ་ཛ་ས་ཏོ་རུ་ན་ཡོ་ནི་ར་ཡ་ཙ་ནི། ཞེས་པའི་གསང་སྔགས་བཟླས་པ་ནི།། བདག་ཉིད་ཡ་མནྟ་ཀར་བསྒོམ།། ཐུགས་ཀའི་སྔགས་ཀྱི་འཕྲེང་བ་དེ། ། ཉི་ཟླའི་ཡེ་ཤེས་སེམས་དཔའ་དེ།། ཐུགས་ཀའི་རྡོ་རྗེའི་ལྟེ་བ་ལས། ཡིག་མགོ་ཕྱི་རུ་བསྟན་བྱས་ལ།། བཟླས་པའི་ཡི་གེའི་འཕྲེང་བ་དེ།། ལྕེ་ཡི་སྟེང་དུ་བསམ་བྱས་ལ།། གསང་སྔགས་དེ་ཉིད་བརྗོད་ཙམ་ན། ། བདག་ཀྱང་གཙོ་བོར་གསལ་བྱས་ལ།། སྔགས་ལས་འོད་འཕྲོས་ཐུགས་ཀ་དང།། ལྕེ་ཡི་སྟེང་དུ་འཕྲོ་བར་བསམ།། སྔགས་ཀྱི་འོད་ཀྱིས་དུས་གསུམ་གྱི།། རྒྱལ་བ་རྒྱ་མཚོའི་ཐུགས་དམ་བསྐུལ། བདག་ལ་དངོས་གྲུབ་གསོལ་བ་དང།། དབང་བསྐུར་བ་དང་བྱིན་གྱིས་རློབས།། སྔགས་ཀྱི་འོད་ཀྱི་བྱིན་རླབས་ཀྱིས།། གཤིན་རྗེའི་འཁོར་ཚོགས་ཐུགས་དམ་བསྐུལ།། གང་ལ་བྱ་བའི་ལས་དེ་འགྲུབ།། ལས་ཀྱི་གཤིན་རྗེ་དབང་མེད་བཀུག། གང་ལ་བྱ་བའི་ལས་དེ་ལ།། ཐོགས་ཆགས་མེད་པར་བྱེད་པར་བསམ།། སྲིད་པའི་ལྷ་སྲིན་སྡེ་བརྒྱད་དང།། ལས་ཀྱི་གཤིན་རྗེའི་འཁོར་ཡིན་པས།། གང་ལ་བྱ་བའི་དགྲ་བགེགས་ལ། ། འཆིང་དང་འཛིན་དང་སྲོག་གཅོད་དང།། ཤ་ཟ་ཁྲག་འཐུང་རུས་པ་འཆའ།། མེད་དང་རྡུལ་དུ་རློག་པར་བྱེད།། དེ་ལྟ་བུ་ཡི་ཏིང་འཛིན་གྱིས།། ཁྲི་ཁྲི་སྨྲ་བ་བཅད་པ་ཡི།། འབུམ་དང་བྱེ་བ་ཐོན་པ་དང།། ཉེ་བར་བསྙེན་པ་བྱ་བ་སྟེ། ། སྒྲུབ་པ་ལ་འཇུག་གོང་དུ་ནི།། འཁོར་ལོ་བསྐོར་ཁར་ཁྲི་ལམ་འབུམ།། ཤིན་ཏུ་བསྒྲིམས་ཏེ་བཟླས་པར་བྱའོ།། སྔགས་ཀྱི་གྲངས་ཐིམ་པ་དང།། སྔགས་ཀྱི་ནུས་པ་ཐོབ་པ་དང།། མཚན་མ་མ་ནོར་བྱུང་བ་དང། ། འཁོར་ལོ་བསྐོར་སྔགས་འདི་ནི།། ཉིན་ཞག་ཕྲུགས་གཅིག་བར་དུ་བསམ།། སྐད་ཅིག་མ་ཡེངས་ཐང་ཅིག་གམ།། བར་མ་ཆད་པར་གསལ་ལ་བཟླས།། ཡ་མ་ཀྵེ་ཏེ་མེ་ནི་ཙི་ཡ་ར་ནི་ཡོ་ན་རུ་ཏོ་ས་རཱ་ཛ་ར། ཞེས་པས་ནི།། གསང་བར་བྱེད་པའི་སྔགས་སོ།། རོ་ནི་ལྡང་བ་མི་སྲིད་དེ།། ལངས་པ་ཞེས་ཀྱང་བྱ་བ་ཡི།། སྔགས་སུ་གཤིན་རྗེ་གཤེད་པོས་གསུངས།། བཟླས་པ་སྔས་ན་སྔགས་པ་འཆི།། བཟླས་ཀྱང་འབྲས་བུ་མེད་པའོ། ། སླར་ལ་གསང་སྔགས་བཟློག་པར་འགྱུར།། དེས་ན་བསྙེན་པ་འབད་པར་བྱ།། བསྙེན་པ་མ་གྲུབ་མ་ཐོབ་པར།། བསྒྲུབ་དང་ལས་ལ་སྦྱར་བ་ནི།། གཅེར་བུ་རལ་ཀ་བྱས་པ་འདྲ།། དེ་ནས་བསྙེན་པའི་གསང་སྔགས་ཏེ། ། ཐེ་ཙོམ་མེད་པར་མང་དུ་ཐོན།། བསྙེན་པ་ཞེས་སུ་གསུངས་པ་ཡང།། ལྷ་ཡི་སྐུ་གསུངས་ཐུགས་དང་ནི།། རྣལ་འབྱོར་ལུས་ངག་ཡིད་གསུམ་བསྙེན།། བསྙེན་པ་ཞེས་ནི་དེ་ལྟར་ཡིན། ། ལྷ་ཡི་སྐུ་གསུང་ཐུགས་དང་ནི།། བདག་གི་ལུས་ངག་ཡིད་གསུམ་བསྙེན། བསྒྲུབ་པ་བྱ་བའི་མཚན་ཉིད་ཀྱང།། དེ་ལྟར་ཤེས་པར་བྱས་ལ་སྒྲུབ།། གཤིན་རྗེ་གཤེད་པོའི་རྒྱུད་གསང་བ་དྲུག་ཅུ་པ་ལས། བསྙེན་པ་དང། ཉེ་བསྙེན་དང། བསྒྲུབ་པའི་ངེས་ཚིག་བསྟན་པའི་ལེའུ་སྟེ་ཉི་ཤུ་རྩ་གཅིག་པའོ།།།། གཤིན་རྗེ་གཤེད་པོ་ཉིད་ཀྱིས་ཀྱང།། བདག་ལ་བསྟན་པ་བསྲུང་པར་ཁས་བླངས་པ།། ཉིད་ཀྱི་དམ་བཅའ་ཞལ་ནས་གསུངས། ། ཐུགས་དམ་དབང་གིས་འདི་གསུངས་སོ།། ལྔ་བརྒྱ་ཐ་མ་དུས་ཀྱི་སྙིགས་མ་ལ།། དུས་ངན་ལས་ངན་སྤྱོད་པའི་ཚེ།། རིགས་འཛིན་ཀུན་ཀྱང་དངོས་གྲུབ་ཡལ།། གཤིན་རྗེ་ཐར་བྱེད་གང་ཟློས་པ། ། ང་ནི་དེ་ལ་ཐུགས་བརྩེ་འོ།། དགེ་བཅུ་དག་ཀྱང་ནུབ་པའི་ཚེ།། འདི་ཡི་ཆོས་རྣམས་འཕེལ་བར་བྱེད།། དམ་ཚིག་ཉམས་པ་མང་བའི་ཚེ།། ང་ཡི་བསྟན་པ་སྲུང་བར་བྱེད།། གོས་ངན་རེ་བ་གྱོན་པའི་ཚེ།། ཟས་ངན་ལྕི་བ་ཟ་བའི་དུས། ། དེ་ཚེ་ང་ཡི་དངོས་གྲུབ་བྱིན།། ང་ནི་དུས་གསུམ་མངོན་དུ་བྱུང།། ང་ནི་ད་ལྟ་མངོན་པའི་ལྷ།། ང་ནི་དུས་གསུམ་ཕྱིས་ཀྱང་འབྱུང།། སུ་ཞིག་ང་ལ་གང་སྒོམ་པ།། སུ་ཞིག་གང་ལ་གང་མཆོད་པ། ། དཀྱིལ་འཁོར་ཐམས་ཅད་འགྲུབ་པར་འགྱུར།། མདོར་ན་འཕྲིན་ལས་རྣམ་བཞི་འགྲུབ།། འཕགས་པའི་ནང་ནས་འཇམ་དཔལ་ཉིད།། ལྷ་མོའི་ནང་ནས་འོད་ཟེར་ཅན།། འདི་གཉིས་མ་གཏོགས་དངོས་གྲུབ་གཞན། ། རིགས་འཛིན་ཀུན་ཀྱང་དངོས་གྲུབ་ཡལ།། ཁྲོ་བོའི་རྒྱལ་པོ་འདི་ཡིས་ནི།། དང་པོ་འདས་དང་ད་ལྟར་གྱིས།། ཕྱྀས་ནི་འབྱུང་བ་གང་ཡང་མེད།། དགྲ་བོའི་སྟོང་དང་འབུམ་ཡང་རུང།། དེ་མ་ཐག་ཏུ་གསོད་པར་བྱེད། ། ཇི་སྟེ་དགྲ་བོ་མང་སོད་ན།། ཁྲག་གིས་ཆར་ཡང་འབེབས་པར་བྱེད།། ཅེས་དམ་བཅས་ནས། ཐུགས་དམ་ལས་མི་འདའ་བར་སྔགས་འདི་ཡང་བཟླས་སོ།། ཨོཾ་ས་མ་ཡ་མཉྫུ་ཤྲི་ཡ་མཱན་ཏ་ཀ་པཉྩ་ཏེ་རོ་ནི་ར་ཧཱུཾ་ཛ་ཛ། ཞེས་པའོ།། གཤིན་རྗེ་གཤེད་པོ་ཉིད་ཐུགས་དམ་ལས་མི་འདའ་བར་ཞལ་གྱིས་བཞས་པའི་ལེའུ་སྟེ་ཉི་ཤུ་གཉིས་པའོ།།།། རྡོ་རྗེ་འཛིན་པས་གསོལ་བ་ནི།། བསྙེན་པ་བྱ་ཐབས་དེ་ལགས་ན། ། བསྒྲུབ་པ་བྱ་ཐབས་བཤད་དུ་གསོལ།། ཅེས་བྱ་སྟེ། གཤིན་རྗེ་གཤེད་པོས་བཀའ་སྩལ་པ།། བསྙེན་པ་དེ་ལྟར་བྱས་ནས་ཀྱང།། བསྙེན་པའི་གཏོར་མ་བཏང་བ་དང།། མ་བཏང་བ་ཡིས་རིམ་པ་ཡིས།། བསྙེན་པ་མཎྜལ་ས་ཚོན་ཕྱག། ཆག་ཆག་རྣམ་པ་གསུམ་ཀྱང་གདབ།། ཧཱུཾ། རྡོ་རྗེ་དྲི་ཆེན་ཆགས་ཆག་འདི་བཏབ་པས།། ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཏེ།། སྣང་བྱེད་ཀུན་གྱི་རང་བཞིན་ཏེ།། སྟོང་པ་ཉིད་ཀྱི་སྐུ་རུ་གསལ། ། རྡོ་རྗེ་དྲི་ཆེན་དྲི་ཆུ་ཡིས།། གསང་བའི་མཎྜལ་ཆག་ཆག་གདབ།། མ་ཧཱ་བ་སུ་ཏ་གུ་ཧྱ་མཎྜལ། དེ་ནས་བྱང་ཆུབ་སེམས་ཀྱི་ཆག་ཆག་གདབ་པ་ནི།། མ་ནོར་བྱང་ཆུབ་སེམས་ཀྱི་རང་བཞིན་ལ།། གཟི་བྱིན་དོན་དམ་ཐིག་ལེ་ཆེ། ། ཁྱབ་བརྡལ་བྱང་ཆུབ་སེམས་ཀྱི་ངོ་བོའོ།། གསང་བའི་མཎྜལ་ཆག་ཆག་འདེབས།། ཨོཾ་བོ་དྷི་ཙིཏྟ་གུ་ཧྱ་ས་མ་ཡ་མཎྜལ་ཧཱུཾ། དེ་ནས་རཀྟའི་ཆག་ཆག་གདབ་པ་ལ།། ཧཱུཾ། ཤེསརབ་ཡུམ་གྱི་རགྟ་འདི། ། ཐམས་ཅད་བསྐྱེད་པའི་རྒྱུ་ཡིན་ཏེ།། ཁམས་གསུམ་དབང་དུ་སྡུད་པའི་ཕྱིར།། གསང་བའི་མཎྜལ་ཆག་ཆག་འདེབས།། རག་ཏ་གུ་ཧྱ་ས་མ་ཡ་མཎྜལ་ལ་ཧཱུཾ། ཞེས་པས་མཎྜལ་ཆག་ཆག་བཏབ་ལ། ཐིག་གདབ་ནི། གཤིན་རྗེ་གཤེད་པོ་ཡབ་ཡུམ་གྱི་སྦྱོར་མཚམས་ནས། ལས་མཁན་ཁྱེའུ་ཆུང་སྔོན་པོ་བྱུང། ལག་པ་གཡས་གཡོན་ཉི་ཟླའི་དལ་དུ་བསམ་ལ། ཐིག་སྐུད་བཀལ། ཧཱུཾ། འཇམ་དཔལ་སྐུ་ཡི་དཀྱིལ་འཁོར་དུ།། དུར་ཁྲོད་འབར་བའི་གཞལ་ཡས་སུ། ། གདུག་པའི་ཚོགས་རྣམས་མ་ལུས་བསྒྲལ་སླད་དུ།། བྱང་ཆུབ་ཕོ་བྲང་གཞལ་ཡས་ལྷུན་གྱི་གྲུབ།། ཨོཾ་ཛྙཱ་ན་ཙཀྲ་མཎྜལ་ལ་ཧཱུཾ། ཞེས་པས། སྟེང་འཁོར་ལོའི་དཀྱིལ་འཁོར་དུ་གཤིན་རྗེའི་ལྷ་ཚོགས་ཀྱིས་གཏམས་པར་བསམ་མོ། ། ཡེ་ཤེས་ཀྱི་ཐིག་བཏབ་པའོ།། ལས་ཀྱི་ཐིག་བཏབ་པ་ལ། ཐིག་སྐུད་རཀྟས་སྦྱངས་ལ། ཧཱུ~ཾ་འཇམ་དཔལ་སྐུ་ཡི་དཀྱིལ་འཁོར་དུ།། དུར་ཁྲོད་འབར་བའི་གཞལ་ཡས་སུ། ། འདུག་པའི་ཚོགས་རྣམས་མ་ལུས་བསྒྲལ་སླད་དུ།། ཕོ་བྲང་གཞལ་ཡས་ལྷུན་གྱིས་གྲུབ།། གཤིན་རྗེའི་ཕོ་བྲང་བཞུགས་གནས་དོར།། མ་ཧཱ་རཀྟའི་ས་ཐིག་གདབ།། ཡེཾ་ཀརྨ་ཙ་ཀྲ་མཎྜལ་ཧཱུ~ཾ། འོག་ཕྱོགས་ཀྱི་མཎྜལ་དུ་སལ་གྱིས་བྱུང་བར་བསམ་མོ། ། གནམ་ཐིག་བཏབ་པའོ། ཎྜལ། ས་ཐིག་གདབ་པ་ཡང་བདག་ཡ་མཱན་ཏ་ཀར་བསྒོམས་ལ། སློབ་མ་ཁྱེའུ་ཆུང་སྔོན་པོར་བསྒྱུར་ལ་གདབ་པོ།། མཉྫུ་ཤྲཱི་སྤུ་ཏི་ཀ་ལ་ཧཱུཾ། བྱ་བ་ཡིས་གདབ་སྟེ། ཚངས་ཐིག་ཟུར་ཐིག་འགྲུས་མེད་གདབ།། ཚངས་པའི་ཐིག་གཡས་གཡོན་ལ། སོར་ལྔ་པ་ལ་ལྟ་བ་བྱ།། སོར་གསུམ་པ་ལ་རྡོ་རྗེས་བསྐོར།། མཛུབ་གང་བཏབ་ལ་རྩིབས་བཞི་བྱ།། སོར་གཉིས་པ་ལ་ཐོད་པ་གཏང། ། མཛུབ་གང་བ་ལ་རྩིབས་བཅུ་དྲུག། སོར་གཉིས་པ་ལ་ཐོད་ཚར་བཏང།། སོར་གཅིག་པ་ལ་གྲུ་ཆད་བཏང།། སོར་ལྔ་པ་ལ་ལྷ་སྣམས་བྱ།། སོར་བཞི་པ་ལ་སྒོ་ཁྱུད་བྱ།། སོར་གསུམ་པ་ལ་སྒོ་ལོགས་བྱ། ། སོར་གཉིས་སྒོ་ཡི་ཡ་ཕུབས་བྱ།། སོར་བཞི་མེ་རི་ལྕགས་རི་བྱ།། སྒོ་རྒྱན་ལ་སོགས་བྱེད་པ་ལ།། སྤྱི་ཡི་སྐལ་ལས་བསྟུན་ལ་བྱ་བའོ།། ཐིག་ཀྱང་ལོགས་པར་སྤྱི་ལྟར་གདབ།། འདོད་ཡོན་ཕ་གུ་དྲཝ་བ་དང། ། དྲཝ་ཕྱེ་དར་བུ་ཁ་ལ་སོགས།། དེ་ལ་སོགས་པའི་རྒྱན་ཆ་དང།། རྟ་བབས་གདུགས་དག་ཆོས་ཀྱི་འཁོར་ལོའོ།། ཀ་བ་ཟླ་ཕྱེད་རི་དྭགས་དང།། མཛེས་པའི་རྒྱན་གྱིས་སྤྲས་པ་ཡི།། མཎྜལ་འདོམ་གང་མཐོ་གང་ལ། ། མཁས་པས་ཐིག་དེ་གདབ་པའོ།། དེ་ནས་ས་ཚོན་བྲི་བར་བྱ།། དབུས་སུ་ཟླ་ཁམ་དམར་པོ་བྱའོ།། འཁོར་ལོ་རྩིགབས་བཞི་རིགས་དང་བསྟུན།། བཅུ་གཉིས་འཁོར་ལོ་དམར་པོར་བྱའོ།། བཅུ་དྲུག་འཁོར་ལོ་སེར་པོ་བྱ། ། རྩིབས་མཚན་ཐམས་ཅད་སྔོན་པོའམ།། ཡང་ན་རིགས་དང་སྦྱར་བ་བྲི།། རྡོ་རྗེ་དྲཝ་བ་ཐོད་པའི་མཚོན་དང་ནི།། ཅི་རིགས་པར་ནི་བྲི་བར་བྱ།། ལྷ་རྣམས་སེར་དང་ཕྱོགས་དང་བསྟན།། སྒོ་བཞི་ཕྱོགས་དང་བསྟན་པ་བྱ། ། སྒོ་རྒྱན་ལ་སོགས་ཅི་མཛེས་བྱ།། ལྕགས་རི་གནག་ལ་མེ་རི་དམར།། དེ་ལྟར་དཀྱིལ་འཁོར་བྲིས་བྱས་ལ།། ལྷ་ཡི་དཀྱིལ་འཁོར་དགོད་པ་ཡང།། འཁོར་ལོ་རེ་ལ་ཕུར་བུ་རེ།། དབུས་སུ་གཤེད་པོ་ཡབ་ཡུམ་དགོས། ། རྩིབས་བཞི་ལས་ཀྱི་གཤེད་པོ་བཞི།། བཅུ་གཉིས་ལས་ཀྱི་རྩིབས་བསལ་བྲི།། རྩིབས་བཅུ་ལ་ནི་འཆི་བདག་བཅུ།། བཅུ་དྲུག་རྩིབས་ལས་གིང་གིས་བསྐོར།། ལྷ་རྣམས་ཕོ་ཉ་གསུམ་པོ་དང། ། དུར་ཁྲོད་ལྕེ་སྤྱང་ལ་སོགས་དགོད།། སྒོ་བ་ཞིར་བསེ་མོ་བཞི་པོ་དགོད།། གྲ་བཞིར་དུར་ཁྲོད་ཀུན་གཟུངས་དགོད།། ལྷ་རྣམས་དགོད་པའི་རིམ་པའོ།། བསྒྲུབ་བའི་རྫས་སུ་བྱ་བ་ཡང།། ཤ་སྣ་ཚང་བའི་རྒྱན་བྱས་པའི། ། གཏོར་མ་ཆ་གཅིག་ཡེ་ཤེས་ལྷ་ལ་དབུལ།། གཏོར་ཆ་གཅིག་ལས་ཀྱི་གཤིན་རྗེ་ལ།། གཏོར་མ་ཆ་གཅིག་མ་མོ་མཁའ་འགྲོ་ལ།། ཐུགས་དམ་བསྐང་བའི་ཆེད་དུ་བྱ།། ཁྲག་སྣ་སྣ་ཚོགས་མང་པོ་དང།། མི་ཁྲག་བྷནྡྷ་གང་ཡང་བཞག་ཛ་གད་བདུད་རྩི་བྷན་དྷ་གང། ། རྐང་གི་གླིང་བུ་གསུར་གྱི་དུད་པ་དང།། ཚིལ་ཆེན་མཾ་ས་ཧ་སྟའི་གཡབ་མོ་དང།། ཞིང་གི་བླ་རེ་ཤ་འཕྲེང་གདགས། ཕུར་བུ་རལ་གྲི་མཐུན་རྫས་བཤམས། ། འཁོར་ལོ་དགུ་ཡི་ཚོགས་བྱས་ལ།། མར་གྱི་ཚེས་ལྔ་བསྒྲུབ་ལ་འཇུག། གཤིན་རྗེ་གཤེད་པོའི་རྒྱུད་གསང་བ་དྲུག་ཅུ་པ་ལས། ལྷ་དགོད་པའི་རྫས་དགྲམ་པའི་ལེའུ་སྟེ་ཉི་ཤུ་གསུམ་པའོ།།།། རྡོ་རྗེ་འཛིན་པས་ཞུས་པའི་དོན། ། བསྒྲུབ་པའི་མཎྜལ་བྲིས་པ་དང།། ལྷ་དགོད་པ་དང་རྫས་བསྟན་ནས།། འཁོར་ལོ་བྲྀ་བ་ཇི་བཞིན་བྱ།། ཞེས་པས། གཤིན་རྗེ་གཤེད་པོས་བཀའ་སྩལ་བ།། འཁོར་ལོ་བྲི་བའི་ལས་ལ་ཡང། ། དང་པོ་འཁོར་ལོའི་རྒྱུ་བསྟན་པ་དང།། དྲག་པོ་འཁོར་ལོ་བྱ་བའི་རྒྱུ།། ཕྱི་ལྟར་རོ་རས་དག་ལ་བྱ།། ནང་དུ་ཐོད་པ་མཚན་ངན་ཡིན།། གསང་བར་ཞིང་གི་པགས་པས་བྱ།། རོ་རས་འཁོར་ལོ་བྲི་བ་ལ།། ཀ་ཕྱི་ཏའམ་བ་ཕྱི་གུས། ། ལེགས་པར་བགྱངས་ལ་བསྐམ་པར་བྱ།། འཁོར་ལོ་བྲི་བའི་སྣག་ཚ་ཡང།། བོང་ང་སྤྱང་དུག་བསེ་ཤིང་དང།། དུག་གི་རྣམ་པ་ཚང་བ་དང།། མི་ཁྲག་ར་ཁྲག་ཁྱི་ཁྲག་དང།། ཁྲག་གི་རྣམ་པ་མང་པོ་ཡང། ། སྣག་ཚ་རང་གི་དངོས་པོ་དང།། སྒོང་ང་བསྲེས་ལ་སྦྱང་བར་བྱ།། གཤིན་རྗེ་གཤེད་པོར་བདག་བསྒོམས་པ།། ཕོ་ཉ་བཏང་ལ་དགྲ་བོ་དགུག། དགྲ་བོ་ཤེས་པ་སྣག་ཚར་བསྟིམ།། གཡོན་བ་བསྡིགས་པའི་མཛུབ་མོས་གནན། ། གཡས་བ་བསྡིགས་པའི་མཛུ་བ་མོ་མཉེ།། སྔགས་འདི་བརྗོད་ཅིང་སྣག་ཚ་མཉེས།། ཨོཾ་ཨ་ཀྲོ་ཏེ་ཀེ་དུ་མན་ཏ་ཀ་ར་ཧཱུཾ། སྣ་ཚ་ལེགས་པར་ཟིན་པ་དང།། སྨྱུ་གུ་འདི་ཡིས་འཁོར་ལོ་བྲིས། ། བྱ་རོག་འུག་པ་ཁྭ་ཏ་ཡི།། སྒྲོ་རྩ་སྨྱུག་གུ་ཁ་ལ་གཞུག། སྲིན་ལག་གཉིས་ཀྱིས་སྨྱུ་གུ་གཟུང།། དབུས་སུ་སོར་ནི་བཅུ་དྲུག་པར།། བསྐོར་བ་ནང་གི་འཁོར་ལོ་ཡིན།། སོར་བཅུ་དྲུག་པ་དེ་ཡང། ། ཚངས་པ་ཐིག་གི་གཡས་གཡོན་ལ།། སོར་བརྒྱད་བསྐོར་བ་བྱས་ནས་ཀྱང།། ཚངས་ཐིག་གཡས་གཡོན་ཆ་མཉམས་ལ།། ཐིག་བཞི་གདབ་པའི་ལིང་ཚེ་དགུ།། དབུས་ཀྱི་ལིང་ཚེ་གྲུ་གསུམ་གནག། ཕྱོགས་བཞིའི་ལིང་ཚེ་འཁོར་རྩིབས་བཞི། ། དེ་ནས་སོར་བཞི་ཟླུམ་པོར་བསྐོར་བྱས་ལ།། དེ་ནས་བཅུ་གཉིས་འཁོར་ལོ་བྱའོ།། དེ་ནས་སོར་བཞི་ཟླུམ་བོར་བསྐོར་བྱས་ལ།། དེ་ལ་བཅུ་དྲུག་འཁོར་ལོ་བྱའོ།། དེ་ནས་སོར་ཚད་བརྒྱད་བཏང་ལ། ། གཤིན་རྗེའི་གཟུགས་ཀྱང་མཛེས་བྱས་ནས།། དེ་ལྟར་འཁོར་ལོའི་ས་བཅད་ནས།། སྔགས་ཀྱི་རིམ་པ་དགོད་པ་ནི།། འཁོར་ལོའི་དབུས་སུ་ཡ་བཀོད་ལ།། ཤར་གྱི་ལིང་ཚེར་མ་བྲིས་ལ།། ལྷོ་ཡི་ལིང་ཚེར་མེ་ཡང་བྲི། ། ནུབ་ཀྱི་ལིང་ཚེར་ད་ཡང་བྲི།། བྱང་གི་ལིང་ཚེ་ཀྞེ་ཡང་བྲི།། མཚམས་ཀྱི་ལིང་ཚེ་བཞི་བོ་དེ།། ལིང་ག་བཞག་པའི་གནས་སུ་བྱའོ།། ཕྱིར་རོལ་འཁོར་ལོ་བཅུ་གཉིས་ལ།། དང་པོ་ཤར་ནས་བརྩམས་པ་ལ། ། རྩིབས་རེར་ཡི་གེ་རེ་རེ་བྲི།། རཱ་ཛ་ས་ཏོ་རུ་ན་ཡོ་ན་ར་ཡ་ཙ་ནི། ཞེས་པའི་ཡི་གེ་བཅུ་གཉིས་དགོད།། དེ་ཡི་ཕྱིར་རོལ་འཁོར་ལོ་བཅུ་དྲུག་ཏུ།། ཧྲི་ཏིའི་སྔགས་དང་བསྒྲུབ་བྱ་ཡི།། མིང་རུས་བཅས་པ་སྤེལ་ལ་བྲི། ། ཕོ་བསྐོར་བཞིན་དུ་མོ་བསྐོར་ཡང།། འཁོར་ལོ་བྲི་བ་བྱས་ནས་ནི།། མོ་ཡི་གཟུགས་ཀྱང་བྱས་ནས་སུ།། ཡི་གེ་ཕྱིན་ཅི་ལོག་ཏུ་བྲི།། དེ་ལྟར་བྲིས་བ་ཡབ་ཡུམ་གྱི།། འཁོར་ལོ་ཡི་གེ་འགྲིག་པར་འགྱུར།། འཁོར་ལོ་ཡི་གེ་མ་འགྲིག་ན། ། ཡབ་ཡུམ་ཆོ་རོལ་སོང་བས་ན།། འབྲས་བུ་མེད་ལ་རླག་པར་འགྱུར།། དེས་ན་འགྲིག་པར་བྱ་བ་གཅེས།། འགྲིག་པར་བྱ་བའི་ཐབས་སུ་ནི།། འཁོར་ལོ་བྲི་བའི་གཞི་མ་སྟེ།། མཆུ་དང་ཞེང་མཉམ་འདྲ་བྱས་ལ། ། འཁོར་ལོ་བྲི་བའི་རང་ནས་ནི།། ཟླུམ་པོ་ཐིག་གིས་བསྐོར་ཙམ་ན།། རིམ་པ་རེ་རེ་བསྐོར་བསྐོར་བའི།། ཕོ་ཡི་འཁོར་ལོ་བྲི་བ་ནི།། སྣག་ཚ་མ་བསྐམས་རློན་པ་དེ།། མོ་ཡི་འཁོར་ལོ་དེ་ལ་སྦྱར།། སྣག་ཚ་གོས་པའི་ཤུལ་དེ་ནི། ། དེ་ནས་རི་མོ་དོད་པར་བྲི།། ཕོའི་ཟླུམ་པོ་རེ་རེ་སྐོར་ཙམ་ན།། ཕོགས་རེ་དག་ལ་མོ་ཡི་འཁོར་ལོ་སྦྱར།། ཡི་གེ་རེ་ལ་ཕོགས་རེ་སྦྱར།། སྣག་ཚ་མ་བསྐམས་པར་བྱས་ལ།། སྣག་ཚ་གོས་ཤུལ་ལེགས་པར་བྲི། ། དེ་ལྟར་བྱས་པའི་སྦྱར་བ་ཡིས།། འཁོར་ལོའི་རེ་ག་རེ་ག་མཉམ།། ཡིག་འབྲུ་ཡིག་འབྲུ་མཉམ་པ་ལ།། ཡ་དང་ཡ་ཡི་བར་དང་ནི།། ཛ་དང་ཛ་ཡི་བར་དང་ནི།། འཁོར་ལོའི་བར་དུ་དགྲ་ཡི་མིང་རུས་གཞུག། འཁོར་ལོ་རང་ལ་ལྡོག་པར་འགྱུར།། དེ་ལྟར་འཁོར་ལོ་བཅས་པ་དང།། དགྲ་ཡི་གཟུགས་དང་མིང་རུས་ལ།། དགྲ་བོ་དགུག་ཅིང་ལྷ་དང་དབྲལ།། གུ་གུལ་དུད་པས་པར་བྱ།། དེ་ནས་གཤིན་རྗེའི་ལྷ་ཚོགས་ལ། ། མཚན་ནས་བརྗོད་ཅིང་ཕྱག་ཀྱང་འཚལ།། གཤིན་རྗེ་གཤེད་པོ་ཁྱེད་ཀྱི་བཀའ།། གསང་སྔགས་བདེན་པའི་བྱིན་བརླབས་ཏེ།། བདག་གིས་ཡོངས་སུ་འགྲུབ་གྱུར་ཅིག། བདག་གི་དགྲ་བོ་ལས་ངན་འདི། ། གཤིན་རྗེའི་རྒྱལ་པོ་འཁོར་བཅས་ཀྱི།། དུས་འདི་ཚེ་ན་ཤོ་ར་རེ།། དམ་ཚིག་ཆེན་པོ་དུས་ལ་བབ།། དེ་ནས་འཁོར་ལོ་བཅས་པ་དང།། བཞི་དུག་ཤིང་བཞི་བརྒྱངས་ལ།། ཕོ་ཡི་འཁོར་ལོ་ཡས་འཕྱང་བ།། མོ་ཡི་འཁོར་ལོ་མས་དགྲམ་བྱ། ། མཚམས་བཞི་ལིང་ཚེ་སྟོང་པ་ལ།། དགྲ་ཡི་གཟུགས་དང་མིང་རུས་གདགས།། དེ་ལྟར་འཁོར་ལོ་བྲིས་ནས་འགྲེམ།། འཁོར་ལོ་བྲི་བའི་ཐབས་བསྟན་པའོ།། གཤིན་རྗེ་གཤིད་སོའི་རྒྱུད་གསང་བ་དྲུག་ཅུ་ས་ལས། ། འཁོར་ལོ་བྲི་བའི་ཐབས་ཀྱི་ལེའུ་སྟེ་ཉི་ཤུ་བཞི་པའོ།།།། རྡོ་རྗེ་འཛིན་པས་ཞུས་པ་ནི།། འཁོར་ལོ་བྲི་ཐབས་དེ་ལེགས་ཏེ།། འཁོར་ལོ་བསྐོར་ཐབས་བཤད་དུ་གསོལ།། གཤིན་རྗེ་གཤེད་པོས་གསུངས་བའི་དོན། ། དེ་ལྟར་འཁོར་ལོ་བྲིས་པ་དང།། རྒྱ་ཆེན་ས་ཡི་དཀྱིལ་འཁོར་དུ།། འཁོར་ལོ་སྟེང་ནས་དགྲམ་བྱས་ལ།། ལས་གཞན་རིམ་པས་གཞུང་བསྲང་ནས།། གཤིན་རྗེ་གཤེད་པོའི་ཐུགས་ཀ་ནས། ། བདག་ཉིད་བདུན་དུ་བྱུང་བྱས་ལ།། གཙོ་བོ་དབུས་སུ་བཞུགས་བྱས་ལ།། བདག་ཉིད་ཡ་མ་རཱ་ཛར་བསྒོམ།། གཤེད་པོ་ཆ་ལུགས་གསལ་བ་ཡི།། ཐུགས་ཀར་ཡ་ལས་སྔགས་ཀྱིས་བསྐོར།། དགྲ་བོ་བཀུག་ལ་ལྷ་དང་དབྲལ། ། གཉིས་པ་རི་རབ་རྩེ་ཤར་ནས།། དམར་ཐག་ཆད་པའི་བར་དུ་ནི།། གསང་སྔུགས་འདི་ནི་བཟླས་པར་བྱའོ།། ཡ་མ་རཱ་ཛ་ས་ཏོ་མེ་ཡ་ཆེ་གེ་མོ་ཨ་མོ་ཀམ་པྲ་མ་ཡ་ཧཱུཾ་ཕཊ། ཅེས་པའི་གསང་སྔགས་དེ་བདག་གིས་བཟླས་པར་བྱའོ། ། ཏིང་ངེ་འཛིན་ནི་ཐུགས་ཀའི་ཡ་དང་སྔགས་ལས་ཀྱང།། འོད་དང་མཚོན་ཆའི་བར་སྤྲོས།། བསྒྲུབ་བྱའི་ཚངས་པའི་རྩ་བཅད་དེ།། ཐལ་བར་རླགས་པར་བསམ་པར་བྱ།། ཚངས་པའི་རྩ་བཅད་རླག་པ་དེས། ། ཉི་མ་དང་པོ་མགོ་འཁོར་བའོ།། གོང་མའི་གསང་སྔགས་བརྒྱ་ཚད་ལ།། འཁོར་ལོ་བསྐོར་ཞིང་ཐུན་ཡང་བརྡེག། སྔགས་ནི་ཁྲི་ཁྲི་སྨྲ་བ་བཅད་ལ་བཟླས།། ཉི་མ་དམར་ཐག་ཆད་པ་དང།། འདི་སྐད་བསྐུལ་ལ་འཕྲིན་ལས་བཅོལ། ། གཤེད་ཆེན་ཡ་མ་རཱ་ཛ་ལ།། ཤ་ཁྲག་མཉེས་པའི་གཏོར་མ་དབུལ།། འདི་སྐད་བརྗོད་ལ་འཕྲིན་ལས་བཅོལ།། ཧཱུཾ། བཅོམ་ལྡན་དཔལ་ཆེན་ཁྲོ་རྒྱལ་གཤིན་རྗེ་གཤེད།། བསྐལ་པ་རྒྱད་ཁྲི་བཞི་སྟོང་ཕ་རོལ་ན། ། ཐོད་ཆེན་མང་པོའི་གཞལ་ཡས་ན།། རྟ་རོ་འབུམ་ནི་གཅལ་དུ་བཀྲམ།། མི་རོ་འབུམ་གྱི་ཁྲི་སྟེང་ན།། དབུ་གསུམ་ཕྱག་དྲུག་ཞབས་བཞིར་བགྲད།། སྐུ་མདོག་ནག་པོ་དུག་ཆེན་འཁྱིལ་བ་འདྲ། ། ཧཱུཾ་གིས་སྒྲ་བསྒྲགས་ཁམས་གསུམ་དབང་དུ་སྡུད།། ཕཊ་ཀྱི་སྒྲ་བསྒྲགས་མ་མོ་དབང་དུ་སྡུད།། བདུད་ཀྱི་བདུད་གཅིག་ཁྲོ་བོ་གཤིན་རྗེ་གཤེད།། འཆི་བདག་མི་ཡི་བདུད་དུ་ཁྱེད་ལས་ལྷག་པ་མེད། ། མི་བཟང་ཡུན་གྱི་ལྷར་ཡང་བདག་མི་གཏོང།། གྲུ་གསུམ་མཐིང་ནག་འབར་བའི་དཀྱིལ་འཁོར་འདིར།། ཤ་ཁྲག་དམར་གྱི་གཏོར་མ་འདི་འབུལ་གྱིས།། རྣལ་འབྱོར་བདག་གི་འཕྲིན་ལས་གྲུབ་པར་མཛོད། ། བསྐལ་བ་བརྒྱད་ཁྲི་བཞི་སྟོང་ཕ་རོལ་ན།། ཁྲོ་བོའི་རྒྱལ་པོ་ཡ་མ་རཱ་ཛ་ནི།། སྐུ་མདོག་ནག་པོ་དུག་ཆེན་འཁྱིལ་བ་འདྲ།། ཤ་ཁྲག་སྒྲོལ་ལ་དབང་སྒྱུར་བདུད་ཀྱི་གཙོ།། མི་ཤ་རྟ་ཤ་མ་ཡིན་གཞན་གྱི་ཤ་མི་ཟ། ། མི་ཁྲག་རྟ་ཁྲག་མ་ཡིན་གཞན་གྱི་ཁྲག་མི་འཐུང།། འགྲོ་བ་མི་ཡི་བདུད་དུ་ཁྱོད་ལས་ལྷག་པ་མེད།། གཟས་པ་ཕོ་མོ་གདན་དུ་བཏིང་བ་ནི།། འགྲོ་ཀུན་སྙིང་རྗེ་མེད་པར་ཟ་བར་བྱེད།། གཤིན་རྗེ་ཕོ་མོ་གདན་དུ་བཏིང་བ་ནི། ། བདུད་དང་གཤིན་རྗེའི་ཚོགས་ལ་དབང་སྒྱུར་ཞིང།། འགྲོ་བ་ཀུན་གྱི་སྙིང་ཁྲག་དྲོན་མོ་འཐུང།། མ་ཧེ་གླང་ཆེན་གདན་དུ་བཏིང་བ་ནི།། འཛམ་བུ་གླིང་བཞི་གཟིར་གནོན་བྱེད་པའི་རྟགས།། ཞབས་བཞི་བརྐྱང་བསྐུམ་ཚུལ་དུ་བཞུགས་པ་ནི། ། སྐྱེ་བ་རྣམ་བཞི་ཉམ་ཐག་གཅོད་པའི་རྟགས།། སྤྲུལ་ནག་སྟོང་གིས་ཚིགས་རྣམས་བརྒྱན་པ་ནི།། ས་བདག་ཀླུ་སྲིན་སྟོང་ལ་དབང་སྒྱུར་ཞིང།། གླིང་བཞི་མཛེ་དང་ལྷོག་པས་འགེངས་པའི་རྟགས། ། སྟག་ལྤགས་རློན་པས་སྐུ་ལ་བརྒྱན་པ་ནི།། གདུག་པ་སྲིད་གསུམ་ཟིལ་གྱིས་གནོན་པའི་རྟགས།། མེ་དཔུང་འབར་བ་སྐུ་ལ་གསོལ་བ་ནི།། ཟ་བྱེད་ཁྲོ་བོ་གཞན་པས་སྤགས་པའི་རྟགས།། བ་གླང་དམར་པོའི་ཀོ་བ་གསོལ་བ་ནི། ། བདུད་དང་གཤིན་རྗེ་ཕོ་ཉར་འགྱེད་པའི་རྟགས།། གཅད་གཅང་ལས་ལ་བརྩོན་པས་འགྲོ་བའི་སྙིང་ཁྲག་འཐུང།། ཞིང་ཆེན་མང་པོ་གཡང་གཞིར་གསོལ་བ་ནི།། དུར་ཁྲོད་གནས་སུ་རྒྱུ་ཞིང་ལེགས་ཉེས་ཞལ་ལྕེ་གཅོད། ། སྤྲུལ་ནག་ཐོད་པས་སྐུ་ལ་བརྒྱན་པ་ནི།། གླིང་བཞིར་རིམ་གྱྀས་རྒྱུ་ཞིང་འགྲོ་བའི་སྙིང་ཁྲག་འཐུང།། ཤ་ཆེན་ཟས་སུ་ཟ་ཞིང་ཚིལ་ཆེན་དྲི་ལ་སྣོམ།། རཀ་ཏ་སྐོམ་དུ་འཐུང་ཞིང་ཡ་བདུད་ཕོ་ཉར་འགྱེད། ། འགྲོ་ལ་ཁྲོས་པས་ཁྲོ་བོའི་སྙིང་ཤ་ཟ།། གཏུམ་ཁྲོ་གདུག་པས་དམར་པོ་གཅེར་བུ་འདོན།། ཁྲོ་བོའི་དབྱུག་པས་མ་བདུད་ཕོ་ཉར་འགྱེད།། གཡས་དཀར་གཡོ་དམར་དབུས་མཐིང་ཞལ། ། དབུས་མཐིང་མཆེ་བ་རྔམ་པས་ཁྲོ་བོའི་ཞལ།། སྤྱན་རྩ་དམར་པོ་བཟློག་ཅིང་སྒྱུར་བ་ཡིས།། ཕྱོགས་བཅུའི་འཆི་བདག་བཅུ་ལ་དབང་སྒྱུར་ཞིང།། རྦད་པའི་ཚེ་ན་ལྷ་ཡང་ཕུང་བར་མཛད།། རྐན་སྒྲ་ཏོག་ཏོག་མཛད་ཅིང་དགྲ་བོའི་སྙིང་ཁྲག་འཐུང། ། སྤྱན་རྩ་རིག་རིག་མཛད་ཅིང་ཉེས་ལེགས་ཞལ་ལྕེ་གཅོད།། བདུད་ཀྱི་ཆས་སུ་ཆས་ཤིང་ཁམས་གསུམ་ཁྲམ་ལ་འདེབས།། སྨིན་མ་མེ་རུ་འབར་ཞིང་ལྟས་ངན་སྤྲུལ་པ་འགྱེད། ། དབུ་སྐྲ་ཁམ་ནག་ནད་ཀྱི་རླངས་པ་འཐོར།། འགྲོ་བ་མི་ཡི་བདུད་དུ་ཁྱོད་ལས་ལྷག་པ་མེད།། གང་ཞིག་བསྟན་པ་གཞིག་པའི་དགྲ་བོ་དམ་ཉམས་འདི།། བདུན་རྒྱུད་རྩད་ནས་གཅད་ནས་གཅད་པའི་དུས་ལ་བབ། ། ཁྱོ་སྡུག་གོང་ནས་ཁྲོལ་ལ་ཆུང་སྡུག་འོག་ནས་ཕྲོལ།། བུ་སྡུག་མཆན་ནས་དབྲལ་བའི་དུས་ལ་བབ། འཁོར་ལོ་བསྐོར་བའི་དུས་ལ་བབ།། ཡ་མ་རཱ་ཛ་དེ་ལྟར་བསྐུལ།། མྱོས་བྱེད་འབར་བ་དང། ཨཱརྱ་མ་རུ་དང། རལ་པ་ཚར་དགུ་དང། ཐུགས་དམ་བསྐུལ་ཞིང་འཕྲིན་ལས་བཅོལ།། རགྟ་སྤྲེང་ཞིང་གསང་སྔགས་བཟླས།། འཁོར་ལོ་བསྐོར་ཞིང་ཐུན་ཡང་བརྡེག། ཉི་ཤུ་དྲུག་གི་ཐོ་རངས་ཁ་ནས།། ཉི་མ་རྒས་རྒས་བར་དུ་བྱའོ། ། ཉི་མ་དང་པོ་བྱ་བའི་ལས།། གཤིན་རྗེ་ཡ་མ་རཱ་ཛ་བྱ།། ཉི་མ་དང་པོ་ནུབ་མོ་དེ།། ལས་གཞུང་རྫོགས་པར་བྱས་པ་དང།། ཡ་མ་རཱ་ཛ་བསྒོམ་པ་དང།། སྔགས་ཀྱི་འཕྲོ་འདུ་ཏིང་འཛིན་དང།། ཉིན་མོ་བཞིན་དུ་ནུབ་མོ་བྱ། ། ནུབ་མོའི་གསང་སྔགས་བསྟན་པ་ནི།། ཡ་མ་རཱ་ཛ་ནི་ཙ་ཡ་ཀྵེ་ཡ་ཡ་ཀྵེ་ཡ་ར་ནི་ཡོ་ཏ་ཡ།། ཡ་ཏ་ཡོ་ནི་རུ་མ་ཡ། ཡ་མ་ས་ཙ་ར་མ་ཡ། ཆེ་གེ་མོ་ཨ་མོ་ཀམ་པྲ་མ་ཡ་ཧཱུཾ་ཕཊ། ཅེས་པའི་སྔགས་དེ། ནུབ་མོ་མཚན་ཐག་བཟླས་པར་བྱ།། ནམ་གྱི་བརྒྱད་ཆ་ཡོད་ན་ཡང།། ཡ་མ་རཱ་ཛའི་ཡུམ་ཡང་བསྐུལ།། ཤར་གྱི་ཕྱོགས་ནས་བཞུགས་པ་ནི།། ལྷ་མོ་ཆེན་པོའི་དཀྱིལ་འཁོར་ནས།། དཔལ་ལྡན་མདངས་འཕྲོག་ནམ་མཁའི་དབྱིངས། ། དུང་རལ་གསིགས་པས་སྤྱན་ནས་ཁུ་འཕངས་འབེབས།། སྙན་ནས་བུ་ཡུག་འཚུབ་ཅིང་ཤངས་ནས་ཉི་ཟེར་འཆང།། བཞད་པའི་ཞལ་ནས་ཁྲག་གི་ངན་སྐྱུགས་འཐོར།། སྤྱི་གཙུག་ཞེ་སྡང་འབར་བའི་འོད་ཟེར་སྐྱེ། ། སྐར་མདའི་ཕྱག་གཉིས་རོལ་ཅིང་བཞད་ཞགས་སྐྱོང།། གཡས་པ་རག་ཏ་དུང་ཆེན་ཐོགས།། དྲི་ཟའི་མགོ་བཅུད་བྷན་དར་ཐོགས།། ཁྱོད་ནི་མདངས་འཕྲོག་ཆེན་མོ་ཡིན།། ཀླད་པའི་གནམ་རྩ་བཅད་ནས་ནི། ། ཀླད་ཁྲག་དམར་ལ་དྲི་སྣོམ་མ།། སྡང་བའི་དགྲ་བོ་ཐལ་བར་འཐོར།། ཅེས་པས་ཡ་མ་རཱ་ཛའི་ཡུམ་བསྐུལ།། ཡུམ་གཞན་ཡང་གསུམ་པོ་བསྐུལ་ལོ།། གཤིན་རྗེ་ཉིན་ནུབ་དང་པོ་ལས།། ཡ་མ་རཱ་ཛ་ཡབ་ཡུམ་གྱིས། ། གང་ལ་བྱ་བའི་གཟས་པ་དེ།། ཀླད་པའི་རྩ་ནས་ཉམས་ནས་ཀྱང།། མགོ་བོ་འཁོར་བར་བྱས་པའོ།། གཤིན་རྗེ་གཤེད་པོའི་རྒྱུད་གསང་བ་དྲུག་ཅུ་པ་ལས། ཉི་མ་དང་པོའི་འཁོར་ལོའི་ཐབས་ཀྱི་ལེའུ་སྟེ་ཉི་ཤུ་ལྔ་པའོ། །།། ཉི་མ་གཉིས་པའི་དོན་གསུངས་པ།། ཉི་ཤུ་བདུན་གྱི་ཐོ་རངས་ཁ།། ལས་གཞུང་འཕྲིན་ལས་གཞུང་བསྲངས་ནས།། གཤིན་རྗེ་གཤེད་པོའི་ཐུགས་ཀ་ནས།། བདག་ཉིད་མདུན་དུ་འབྱུང་བྱས་ལ། ། གཙོ་བོ་དབུས་སུ་བཞུགས་བྱས་ལ།། བདག་ཉིད་མྱོས་བྱེད་འབར་བར་བསྒོམ།། དེ་ཡི་ཆ་ལུགས་ལྡན་པ་ནི།། ཐུགས་ཀར་ཡ་ལས་སྔགས་ཀྱིས་བསྐོར།། ཉི་མ་གཉིས་པའི་སྔགས་ཀྱིས་སོ།། དགྲ་བོའི་ལིང་ག་ནུབ་ཀྱི་ལེའུ་ལེ། ། ལྕགས་ཀྱུ་ཡི་ནི་ཕྱག་རྒྱས་བཞག། དེ་ལ་ཤེས་པ་བཀུག་ལ་བསྟིམ།། ལྷ་དང་དབྲལ་པ་བྱས་ནས་ནི།། ཉི་མ་རི་རབ་རྩེ་ཤར་ནས།། དམར་ཐག་ཆད་པའི་བར་དུ་ནི།། གསང་སྔགས་འདི་ནི་བཟླས་པ་བྱ། ། ཡ་མེ་ཏོ་རུ་ན་ཡོ་ཏ་ཡ། ཆེ་གེ་མོ་ཨ་མུ་ཀཾ་མཱ་ར་ཡ་ཧཱུཾ་ཕཊ། ཅེས་པའི་སྔགས་འདིས། བདག་གིས་བརྗོད་པའི་ཏིང་འཛིན་ནི།། ཐུགས་ཀའི་ཡ་དང་སྔགས་ལས་ཀྱང།། འོད་དང་མཚོན་ཆའི་ཆར་དུ་འཕྲོས། ། བཟླས་པའི་མགྲིན་པའི་རྩ་དེ་ནི།། ཐལ་བར་རླག་པར་བསམ་བྱས་ལ།། མགྲིན་པའི་རྩ་བཅད་ཁྲག་སྐྱུགས་བསམ།། ཉི་མ་གཉིས་པ་ཁྲག་སྐྱུག་པ།། གོང་མའི་གསང་སྔགས་བརྒྱ་བརྒྱ་ལ།། འཁོར་ལོ་བསྐོར་ཞིང་ཐུན་ཡང་བརྡེག། སྔགས་ནི་ཁྲི་ཁྲི་སྨྲ་བཅད་བཟླས།། ཉི་མ་དམར་ཐག་ཆད་པ་དང།། འདི་སྐད་བསྐུལ་ལ་འཕྲིན་ལས་བཅོལ།། གཤེད་ཆེན་མྱོས་བྱེད་འབར་བ་ལ།། འདི་སྐད་བརྗོད་ལ་འཕྲིན་ལས་བཅོལ།། ཤ་ཁྲག་མཉེས་པའི་གཏོར་མ་དབུལ། ། གཤིན་རྗེ་གཤེད་པོ་བགེགས་ཀྱི་རྒྱལ།། ཁྲོ་བོའི་ཆ་ལུགས་སྐུ་ལ་རྫོགས།། ཕྱག་ན་སྲིད་པའི་འཁོར་ལོ་བསྒྱུར།། རྒྱལ་བའི་བཀའ་ཕྱང་ཡ་མཚན་ཆེ།། སྐུ་མདོག་ནག་ཅིང་འོད་དབུང་གནག། བཀའ་ལས་འདས་པའི་སྡིག་ཅན་བརྡུངས།། རལ་པ་ལྕང་ལོ་སྤྲུག་པ་ཡིས།། སྤྲུལ་པའི་ཁ་ལོ་གྱེན་དུ་བསྒྱུར།། ཡ་མཚན་ཆེ་བའི་འོད་ཟེར་ལས།། འོད་ཟེར་ཞགས་པས་འཕྲོ་འདུ་གཏོངས།། བཀའ་ལས་འདས་པའི་སྡིག་ཅན་སྲེག། སྦྱན་གྱིས་ཅིར་ཡང་ཁམས་གསུམ་འསྲེག། གཟིགས་པ་ཙམ་གྱིས་གཟིགས་མ་འབར།། ཁྲོ་བོ་འབར་བའི་ཆ་ལུགས་ཅན།། རྒྱལ་བ་ཡོངས་ཀྱི་ཕྱོགས་ཀྱང་འཛིན།། བསྒྲུབ་པ་པོ་ལ་ལས་ཡང་བསྟན། ། དམ་ཚིག་ཅན་གྱི་གྲོགས་ཀྱང་མཛད།། ཐུགས་དམ་དབྱིངས་ལ་མཆོད་པ་མཛད།། ཧ་ཧ་བགྱིས་པས་འདྲེ་སྲིན་གཏུབ།། ཧེ་ཧེ་བགྱིས་པས་ཞལ་དུ་གསོལ།། ཧཱུཾ་ཧཱུཾ་བགྱིས་པས་དབང་དུ་སྡུད། ། ཤངས་ཀྱི་རླུང་མཆོག་ཆེན་པོ་ཡིས།། ཧཱུཾ་དག་ཕཊ་ཀྱིས་གཏོར་བ་ལ།། ཁམས་གསུམ་འཇིག་རྟེན་བཅུ་མཛད་ནས།། དགྲ་བགེགས་མ་ལུས་འཐོར་བར་མཛད།། སྲིད་པ་གསུམ་གྱི་བུ་ཡུག་འདུལ།། རྡོ་རྗེ་ཐོག་འབེབས་ལམས་སེ་ལམས། ། དུག་གསུམ་དཔལ་གྱི་འཕན་ཁར་འགྲིམ།། གདུག་པ་སྤྲུལ་གྱི་ཞགས་པ་ལས།། ཡ་མཚན་རྨད་ཀྱི་རླུང་སྒྲོམ་ཅན།། ཕཊ་ཀྱིས་གཏོར་བས་ཡང་བར་མཛད།། ཉ་པའི་སྙན་ཁུང་རྦ་ཀློང་ཡངས། ། ལྷ་སྲིན་གདུག་པ་རྡུལ་དུ་ལྷོགས།། དམ་ཉམས་དགྲ་བོ་བཞེས་སུ་གསོལ།། གཤིན་རྗེ་གཤེད་པོ་བགེགས་ཀྱི་རྒྱལ།། གྲགས་པའི་རྒྱལ་པོ་རྣོན་པོའི་དཔལ།། ལྷ་ཡི་དབང་པོ་མན་ཆད་ནས།། ན་རག་དམྱལ་ཁམས་ཡན་ཆད་དུ། ། ཁྱོད་ཀྱིས་མི་ཐུབ་གང་ཡང་མེད།། གཤིན་རྗེའི་རྒྱལ་པོའི་དུས་ལ་བབ།། གཡོན་པ་བསྡིགས་པའི་མཛུབ་མོ་ཡིས།། དམྱལ་བའི་གནས་ནས་གནས་སུ་སྤྲུལ།། སྡིག་པའི་བག་ཆགས་སྤགས་ཤུན་རལ། ། ཤ་དང་རུས་པ་རྐང་དང་ནི།། ཤ་རུས་རྐང་རུས་ཉི་ལི་ལི།། ཞིང་ཆེན་ལྷུན་རྡུལ་ཁྲ་ལ་ལ།། རག་ཏའི་རྒྱ་མཚོ་ཁྱི་ལི་ལི།། གཤིན་རྗེ་གཤེད་པོ་བགེགས་ཀྱི་རྒྱལ།། ཡ་མཚན་རྨད་ཀྱི་མཐུ་རྩལ་ཅན། ། གཤིན་རྗེ་གཤེད་པོའི་དང་རུ་ལ།། གཤིན་རྗེ་རྒྱལ་པོའི་སྔགས་ཀྱིས་གདབ།། སྡང་དགྲ་གནོད་བགེགས་ཁ་ལོང་ལ།། ཞལ་གྱིས་རི་རབ་བརྗིད་པ་ཡིས།། རིམ་པ་གསུམ་པོ་ས་ལ་ཞོན།། ཀླུ་སྲིན་གདུག་པའི་གནས་སུ་བསྐྱལ། ། དགྲ་བགེགས་སྡིག་ཅན་གནས་སུ་བསྐྱལ།། དམྱལ་བའི་ཁང་དཔོན་ཆེན་པོ་དེ།། བསྡུས་ཤིང་འཇོམས་པའི་ལས་སུ་མཛད།། སྙིང་རྗེ་མེད་པའི་མེ་དཔུང་འབར།། ལ་ལ་ཁྲོ་བོ་བགེགས་ཀྱི་རྒྱལ། ། གཤིན་རྗེ་རྒྱལ་པོའི་དང་རུ་ཆུམ།། དམ་ཉམས་དགྲ་བགེགས་རྡུལ་དུ་མཐོང།། དུག་གསུམ་དབང་དུ་སྡུད་པ་དང།། རིག་པ་གསུམ་གྱི་གནས་ཆེན་དུ།། ཅི་ལ་ཐོགས་པ་མེད་པར་སྒྲོལ།། དེ་ཡང་གཤིན་རྗེ་གཤེད་པོས་ཏེ། ། དམ་ཚིག་འབུམ་སྡེའི་དུས་ལ་བབ།། དགྲ་བགེགས་གང་ཡིན་རྡུལ་དུ་ཐོང།། མྱོས་བྱེད་འབར་བ་བསྐུལ་བའོ།། དེ་ནས་ཨཱརྱ་མ་རུ་དང།། རལ་པ་ཚར་དགུ་ཡ་མ་རཱ་ཛ་བསྐུལ།། ཐུགས་དམ་བསྐུལ་ཞིང་འཕྲིན་ལས་བཅོལ། ། རག་ཏ་སྦྲེང་ཞིང་གསང་སྔགས་བཟླས།། འཁོར་ལོ་བསྐོར་ཞིང་ཐུན་ཡང་བརྡེག། ཉི་ཤུ་བདུན་གྱི་ཐོ་རངས་ནས།། ཉི་མ་རྒས་རྒས་བར་དུ་བྱ།། ཉི་མ་གཉིས་པ་བྱ་བའི་ལས།། གཤིན་རྗེ་མྱོས་བྱེད་འབར་བས་བྱ། ། ཉི་མ་གཉིས་པའི་ནུབ་མོ་དེ།། ལས་གཞུང་རྫོགས་པར་བྱས་པ་དང།། མྱོས་བྱེད་འབར་བ་བསྒོམས་པ་དང།། སྔགས་ཀྱི་སྤྲོ་ཞིང་ཏིང་འཛིན་གྱིས།། ཉིན་མོ་བཞིན་དུ་ནུབ་མོ་བྱ།། ནུབ་གཉིས་པའི་གསང་སྔགས་སོ། ། ཡ་མ་ར་ཛ་ནི་ཡ་ཀྵེ་ཡ། ཡ་ཀྵེ་ཡ་ར་ནི་ཡོ་ཏ་ཡ། ཡ་ཏ་ཡོ་ན་རུ་ཏོ་མེ་ཡ། ཡ་མེ་ཏོ་ས་ཙ་ར་མ་ཡ་ཆེ་གེ་མོ་ཨ་མུ་ཀཾ་རག་ཏ་ཙ་ར་ཡ་ཧཱུཾ་ཕཊ། ཅེས་པ་མོའི་གསང་སྔགས་ཏེ།། ནུབ་མོ་མཚན་ཐག་བཟླས་པ་བྱ། ། ནམ་གྱི་བརྒྱད་ཆ་ཡོད་ན་ཡང།། མྱོས་བྱེད་འབར་བའི་ཡུམ་ཡང་བསྐུལ།། ལྷོ་ཡི་ཕྱོགས་ནས་བསྐུལ་བ་ནི།། ལྕགས་ཀྱི་སྤྱང་མོ་མགོ་དགུ་མ།། ཡ་མ་གཤིན་རྗེའི་དཀྱིལ་འཁོར་ནས།། ཡ་མ་དེ་ཞེས་བརྗོད་པ་ལས། ། དཔལ་གྱི་ཕྱག་བརྙན་ཁྲག་འཕྲོག་མ།། ལྕགས་ཀྱིས་སྤྱང་མོ་མགོ་དགུ་མ།། མེ་དཔལ་འབར་བའི་རལ་པ་ཅན།། སྦྱན་ནས་མེ་དཔལ་དམར་པོ་འབེབས།། སྙན་ནས་མེ་ཡི་ཚུབ་མ་འཚུབས།། ཤངས་ནས་མེ་ཡི་ཕུང་པོ་འཐོར། ། བཞད་པའི་ཞལ་ནས་ཁྲག་གི་ངན་སྐྱུགས་འཐོར།། སྤྱི་བོའི་གཙུག་ནས་ཁྲག་གི་རལ་བ་འགྱེད།། སྐར་མདའི་ཕྱག་གཉིས་སྐྱོང་ཞིང་ཞགས་པ་འགྱེད།། གཡས་པ་ཁྲོ་ཆུང་ཕྱག་ཆར་ཐོགས། ། གཤིན་རྗེའི་བྷན་ད་མགོ་བཅད་དུ།། མཁལ་མ་མགྲིན་པའི་རྩ་འགྲོ་མ།། ཁྱོད་ནི་ཁྲག་འཐོར་ཆེན་མོ་སྟེ།། མཁའ་མགྲིན་ཁྲག་ལ་དྲི་སྣོམ་ཞིང།། མཁལ་མ་དང་ནི་མགྲིན་པའི་རྩ།། ད་ལྟར་དྲང་པའི་དུས་ལ་བབ། ། ཅེས་མྱོས་བྱེད་འབར་བ་བསྐུལ་བའོ།། ཉི་མ་གཉིས་པའི་འཁོར་ལོ་ལ།། གཤིན་རྗེ་ཉི་མ་གཉིས་པ་ལ།། མྱོས་བྱེད་འབར་བ་ཡབ་ཡུམ་གྱིས།། གང་ལ་བྱ་བའི་དགྲ་བོ་དེ།། མགྲིན་པའི་རྩ་ནས་དྲངས་ནས་ཀྱང། ། ཉི་མ་གཉིས་པ་ཁྲག་ཏུ་སྐྱུག། གཤིན་རྗེ་གཤེད་པོའི་རྒྱུད་གསང་བ་དྲུག་ཅུ་པ་ལས། ཉི་མ་གཉིས་པའི་འཁོར་ལོ་བསྐོར་ཐབས་ཀྱི་ལེའུ་སྟེ་ཉི་ཤུ་དྲུག་པའོ།།།། ཉི་མ་གསུམ་པའི་དོན་གསུངས་བ། ། ཉི་ཤུ་བརྒྱད་ཀྱི་ཐོ་རངས་ཁ།། ལས་ཀྱི་འཕྲིན་ལས་གཞུང་བསྲངས་ལ།། གཤིན་རྗེ་གཤེད་པོའི་ཐུགས་ཁ་ནས།། བདག་ཉིད་མདུན་དུ་ཕྱང་བྱས་ལ།། གཙོ་བོ་དབུས་སུ་གཞུགས་བྱས་ལ།། བདག་ཉིད་ཨཱརྱ་མ་རུར་བསྒོམ། ། དེ་ཡི་ཆ་ལུགས་ལྡན་པ་ཡིས།། ཏུགས་ཀར་ཡལ་ག་སྔགས་ཀྱིས་བསྐོར།། ཉི་མ་གསུམ་པའི་སྔགས་ཀྱིས་ནི།། དགྲ་བོའི་མིང་རུས་བྱང་གི་ལིང་ག་ལ།། ལིང་ཚེར་ལྕགས་ཀྱུའི་ཕྱག་རྒྱས་བཞག། དེ་ལ་ཤེས་པ་བཀུག་ལ་བསྟིམ།། ལྷ་དང་དབྲལ་བ་བྱས་ནས་ནི།། ཉི་མ་རི་རབ་རྩེ་ཤར་ནས།། དམར་ཐག་ཆད་པའི་བར་དུ་ནི།། གསང་སྔགས་འདི་ནི་བཟླས་པར་བྱ།། ཡ་ཏ་ཡོ་ནི་རཀྵེ་ཡ། ཆེ་གེ་མོ་ཨ་མུ་ཀཾ་མུར་ཙ་ཡ་ཧཱུཾ་ཕཊ། ཅེས་པའི་གསང་སྔགས་དམ་པ་དེས།། བདག་གིས་བརྗོད་པའི་ཏིང་འཛིན་ཡང།། ཐུགས་ཁའི་སྔགས་དང་ཡ་ལས་ཀྱང།། འོད་དང་མཚོན་ཆའི་ཆར་དུ་སྤྲོ།། གཟས་པའི་སྙིང་གི་རྩ་དེ་ནི། ། བརྩད་ནས་བཅད་པར་བསམ་པར་བྱ།། ལྟེ་བའི་རྩ་གཅད་བརྒྱལ་བར་བསམ།། ཉི་མ་གསུམ་བས་བརྒྱལ་བར་བསམ།། གོང་མའི་གསང་སྔགས་བརྒྱ་བརྒྱ་བཟླས།། འཁོར་ལོ་བསྐོར་ཞིང་ཐུན་ཡང་བརྡེག། གསང་སྔགས་ཁྲི་ཁྲི་སྨྲ་བཅད་བྱ།། ཉི་མ་དམར་ཐག་ཆད་པ་དང།། གཤེད་ཆེན་ཨཱརྱ་མ་རུ་ལ།། ཤ་ཁྲག་མཉེས་པའི་མཆོད་པ་དབུལ།། འདི་སྐད་བརྗོད་ལ་འཕྲིན་ལས་བཅོལ།། ཡེ་ཤེས་ཐུགས་ཀྱི་བྱིན་བརླབས་ལས། ། སྤྲུལ་བའི་ཕོ་ཉ་ལས་ཀྱི་མཚོན།། ཉེ་བར་བསྙེན་པ་གིང་གི་བདག། སྒྲོལ་གིང་བདག་པོ་མ་རུ་རྩེ།། ཁྲོ་རྒྱལ་དཔལ་ཆེན་ཡབ་ཡུམ་གྱིས།། འདོད་ཆགས་དགྲ་བོ་བསྒྲལ་བར་དབང་བསྐུར་གྱིས།། སྒྲོལ་ཅིག་གནོད་སྦྱིན་མ་རུ་རྩེ། ། དབུ་ལ་འཇིགས་པའི་སྦྲུལ་གྱིས་བརྒྱན།། ས་བདག་ལྷ་ཀླུ་དབང་དུ་སྡུད།། དབུ་སྐྲ་དམར་པོ་སྲིད་རྩེར་འབར།། ནམ་མཁའི་ཁམས་ཀུན་དབང་དུ་སྡུད།། སྤྱན་གསུམ་ཁྲག་མིག་དམར་བོར་བལྟ། ། སྟོང་གསུམ་ཤ་ཁྲག་དབང་དུ་སྡུད།། ལྕགས་ཀྱི་མཆེ་བ་གཙིགས་པ་ཡིས།། སྟོང་གསུམ་དགྲ་བོའི་ཚེ་དཔལ་འདྲེན།། སྙན་ཆ་མགུར་ཆ་རྣ་ཆས་བརྒྱན།། ཐོད་སྐམ་ཐོད་རློན་འཕྲེང་བས་བརྒྱན།། སྲིད་གསུམ་མ་ལུས་དབང་དུ་སྡུད། ། ཕྱག་ན་རྡོ་རྗེ་བེ་ཅོན་གྱིས།། གང་ལ་དམིགས་པའི་ལུང་སྲོག་འབྲེལ།། གཡོན་པས་སྡིགས་མཛུབ་རྒྱུ་ཞགས་ཀྱིས།། དམིགས་པའི་མགོ་དང་ཡན་ལག་འཆིང།། ཞབས་དང་ཞབས་ཀྱིས་དོར་སྟབས་ཀྱིས། ། ཡི་དྭགས་བདུད་ཀྱི་རྒྱལ་པོ་གནོན།། ཡི་དྭགས་དབང་མེད་སྐད་ངན་འདོན།། ཚེ་སྲོག་འཕྲོག་ཅིང་འོ་དོད་འབོད།། གང་ལ་དམིགས་པ་རྡུལ་དུ་རློགས།། སྐུ་ལ་སྡོ་བའི་དགྲ་བོ་འདི།། དབང་དུ་སྡུད་ཅིག་ས་མ་ཡ། ། སྔོན་གྱི་ཐ་ཚིགས་ཉམས་ས་རེ།། བཅོལ་བའི་འཕྲིན་ལས་གྲུབ་པར་མཛོད།། ཨཱརྱ་མ་རུ་བསྐུལ་བའོ།། དེ་ནས་རལ་བ་ཚར་དགུ་དང།། ཡ་མ་རཱ་ཛ་མྱོས་བྱེད་འབར་བ་བསྐུལ།། ཐུགས་དམ་བསྐུལ་ཞིང་འཕྲིན་ལས་བཅོལ། ། རག་ཏ་སྦྲེང་ཞིང་གསང་སྔགས་བཟླས།། འཁོར་ལོ་བསྐོར་ཞིང་ཐུན་ཡང་བརྡེག། ཉི་ཤུ་བརྒྱད་ཀྱི་ཐོ་རངས་ནས།། ཉི་མ་རྒས་རྒས་བར་དུ་བྱ།། ཉི་མ་གསུམ་གྱི་བྱ་བའི་ལས། ། གཤིན་རྗེ་ཨཱརྱ་མ་རུས་བྱའོ།། ཉི་མ་གསུམ་པའི་ནུབ་མོ་དེ།། ལས་གཞུང་རྫོགས་པར་བྱས་པ་དང།། ཨརྱ་མ་རུ་བསྒོམ་པ་དང།། སྔགས་ཀྱི་འཕྲོ་འདུ་ཏིང་འཛིན་དང།། ཉིན་མོ་བཞིན་དུ་ནུབ་མོ་བྱའོ།། ནུབ་གསུམ་པའི་གསང་སྔགས་སོ། ། ཡ་མ་རཱ་ཛ་ནི་ཛ་ཡཀྵེ་ཡ། ཡ་ཀྵེ་ཡ་ར་ནི་ཡོ་ཏ་ཡ། ཡ་ཏ་ཡོ་ན་རུ་ཏོ་མེ་ཡ། ཡ་མེ་ཏོ་ས་ཛ་ར་མ་ཡ། ཆེ་གེ་མུར་ཙ་ཡ་ཧཱུཾ་ཕཊ། ཅེས་པའི་སྔགས་དེས། ནུབ་མོ་མཚན་ཐག་བཟླས་པར་བྱ། ། ནམ་གྱི་བརྒྱད་ཆ་ཡོད་ན་ཡང།། ཨཱརྱ་མ་རུའི་ཡུམ་ཡང་བསྐུལ།། ཧཱུཾ། ནུབ་ཀྱི་ཕྱོགས་ནས་བསྐུལ་པ་ནི།། ཀླ་དབང་གདུག་པའི་དཀྱིལ་འཁོར་ནས།། ན་ག་དེ་མ་བརྗོད་པ་ལས།། ཡེ་ཤེས་མཁའ་ལྡིང་མི་མོ་དམར། ། དཔལ་གྱི་ཕྱག་བརྙན་ཁྲག་འདོམ་མ།། ཁྲག་འདོམ་བསེ་ཡི་རལ་བ་ཅན།། ཁྲག་གི་རལ་པས་སྟོང་ཁམས་ཁེངས།། ཕྱག་ནས་ཁྲག་གི་ཆར་ཡང་འབེབས།། སྙན་ནས་བསྐལ་བ་འབྲུག་སྟོང་དི་རི་རི།། ཤངས་ནས་བུ་ཡུག་ཚུབ་མ་འཚུབ། བཞད་བའི་ཞལ་ནས་ཁྲག་གིས་ངན་སྐྱུག་འཐོར།། སྤྱི་གཙུག་མེ་ཡི་ཞེ་སྡང་དམར་པོ་སྐྱེ།། མེ་ཡི་ཕྱག་གཉིས་གར་སྟབས་ལིངས་སེ་ལིངས།། མེ་ཡི་ཞབས་གཉིས་ལམས་སེ་ལམས།། ཕྱག་གཡས་མེད་དཔུང་འབར་བ་ལ། ། གཡོན་པ་མེ་དཔུང་འབར་བའི་ཞགས་པ་འདེགས།། ལྟེ་བ་བཞུགས་པའི་རྩ་འགྲོ་མ།། ཁྱོད་ནི་དྲོད་འཕྲོག་ཆེན་མོ་ཡིན།། དྲོད་དང་དབྲལ་བའི་དུས་ལ་བབ།། ཅེས་ཨཱརྱ་མ་རུ་ཙེའི་ཡུམ་ཡང་བསྐུལ། ། ཡུམ་གཞན་གསུམ་ཡང་བསྐུལ།། གཤིན་རྗེ་ཉི་མ་གསུམ་པའི་ལས།། ཨཱརྱ་མ་རུ་ཡབ་ཡུམ་གྱིས།། གང་ལ་བྱ་བའི་གཟས་པ་དེ།། ལྟེ་བའི་རྩ་ནས་དྲངས་ནས་ཀྱང།། ཉི་མ་གསུམ་པས་བརྒྱལ་བར་བྱེད། ། གཤིན་རྗེ་གཤེད་པོའི་རྒྱུད་གསང་བ་དྲུག་ཅུ་པ་ལས། ཉི་མ་གསུམ་པའི་འཁོར་ལོ་བསྐོར་བའི་ལེའུ་སྟེ་ཉི་ཤུ་བདུན་པའོ།།།། ཉི་མ་བཞི་པའི་དོན་གསུངས་པ།། ཉི་ཤུ་དགུ་ཡི་ཐོ་རངས་ཁ། ། ལས་ཀྱི་གཤིན་རྗེའི་ལས་གཤུང་བསྲང།། གཤིན་རྗེ་གཤེད་པོའི་ཐུགས་ཀ་ནས།། བདག་ཉིད་བདུན་དུ་ཕྱུང་བྱས་ལ།། གཙོ་བོའི་དབུས་སུ་བཞུགས་བྱས་ལ།། བདག་ཉིད་རལ་པ་ཚར་དགུར་བསྒོམ། ། དེ་ཡི་ཆ་ལུགས་ལྡན་པ་ཡིས།། ཐུགས་ཀར་ཡ་ལ་སྔགས་ཀྱིས་བསྐོར།། ཉི་མ་བཞི་པའི་སྔགས་ཀྱིས་སོ།། དགྲ་བོའི་ལིང་ག་བྱང་ཤར་གྱི།། ལིང་ཚེར་ལྕགས་ཀྱུའི་ཕྱག་རྒྱས་གཞག། དེ་ལ་ཤེས་པ་བཀུག་ལ་བསྟིམ། ། ལྷ་དང་དབྲལ་བ་བྱས་ནས་ནི།། ཉི་མ་རི་རབ་རྩེ་ཤར་ནས།། དམར་ཐག་ཆད་པའི་བར་དུ་ནི།། གསང་སྔགས་ཡ་ཀྵེ་ཡ་ཙ་ན་རི་མ་ཡ།། ཆེ་གེ་མོ་ཨ་མུ་གཾ་མཱ་ར་ཡ་ཧཱུཾ་ཕཊ། ཅེས་པའི་གསང་སྔགས་དམ་པ་དེས། ། བདག་གིས་བརྗོད་པའི་ཏིང་འཛིན་ནི།། ཐུགས་ཀའི་ཡ་དང་སྔགས་ལས་ཀྱང།། འོད་དང་མཚོན་ཆའི་བར་དུ་སྤྲོ།། གཟས་པའི་རྩ་ནི་བཅད་པར་བསམ།། སྙིང་གི་རྩ་དེ་གསང་པར་བསམ།། ཉི་མ་བཞི་པས་གསད་པ་ཡི། ། གོང་མའི་སྔགས་ནི་བརྒྱ་བརྒྱ་ལ།། འཁོར་ལོ་བསྐོར་ཞིང་ཐུན་ཡང་བརྡེག། གསང་སྔགས་ཁྲི་ཁྲི་སྨྲ་བཅད་བྱ།། ཉི་མ་དམར་ཐག་ཆད་པ་དང།། གཤེད་ཆེན་རལ་པ་ཚར་དགུ་ལ།། ཤ་ཁྲག་མཉེས་པའི་གཏོར་མ་དབུལ། ། འདི་སྐད་བརྗོད་ལ་འཕྲིན་ལས་བཅོལ།། འཕགས་པའི་རྒྱལ་པོ་ཁྲོ་བོ་གཤིན་རྗེ་གཤེད།། འཇམ་དཔལ་གཤིན་རྗེ་གཤེད་ནི་དྲེགས་པའི་བརྗིད་དང་ལྡན།། མ་མོ་ཀུན་ལ་གཤིན་རྗེ་དབང་སྒྱུར་ཞིང། ། རྟག་ཏུ་བདག་ལ་ལྷ་མཆོག་གྲོགས་མཛོད་ཅིག། སྲིན་མོ་ཤ་ཟ་སྟོང་ནི་བྲན་དང་འཁོར་པོ་ཡིན།། གིང་ཆེན་ལྕམ་དྲལ་བྲན་དང་གཡོག་ཏུ་བྱས།། ཀླུ་ཆེན་ཕོ་མོ་རྣམས་ནི་སྐུ་ཡི་རྒྱན་དུ་བྱས།། ཤ་ཟ་གདུག་བྱེད་རྣམས་ནི་ཆས་རྣམས་དག་པར་སྟོན། ། ཁྲོ་བོ་གཤིན་རྗེ་ཉིད་ནི་གདུག་པའི་ང་རོ་ཅན།། ཁྲོ་མོ་ཡུམ་དང་བཅས་ཏེ་སྐུ་སྟོན་ཅིག། གཤིན་རྗེའི་སྐུ་ཡི་ཐུགས་རྗེས་བདག་ལ་དགོངས།། བཅོམ་ལྡན་གཤིན་རྗེའི་རྒྱལ་པོ་སྐུ་བསྐྱོད་ལ། ། གཤིན་རྗེའི་སྐུ་ནི་བདག་ལ་དགོངས་སུ་གསོལ།། གཡས་ན་ཡུམ་བསྐྱེད་ཨེ་ཀ་ཛ་ཊི་མ།། གཡོན་ན་ཡུམ་བསྐྱེད་སྤྱང་མོ་མགོ་དགུ་མ།། གཉིས་ཀའི་སྐུ་མདོག་དབུས་ཀྱི་གཙོ་དང་མཐུན།། ཡབ་གཅིག་འཇམ་དཔལ་སྐུ་ཡི་ཆ་ལུགས་ནི། ། རལ་བ་དམར་ནག་སྲིད་པའི་རྩེ་མོ་འབར།། ཡབ་ཅིག་འཇམ་དཔལ་སྤྱན་གྱི་ཆ་ལུགས་ནི།། སྤྱན་གསུམ་གཟིགས་པས་བསྐལ་བའི་མེ་དཔུང་འབར།། ཡབ་གཅིག་འཇམ་དཔལ་ཤངས་ཀྱི་ཆ་ལུགས་ནི། ། ཉོན་མོངས་བག་ཆགས་འཐོར་བའི་ཚུབ་མ་འཐོར།། ཡབ་གཅིག་འཇམ་དཔལ་ཞལ་གྱི་ཆ་ལུགས་ནི།། ཉོན་མོངས་བག་ཆགས་ཁྲག་གི་རྦ་ཀླཽང་འཁྱིལ།། ཡབ་ཅིག་འཇམ་དཔལ་ཐུགས་ཀྱི་ཆ་ལུགས་ནི། ། ཉོན་མོངས་དུག་གསུམ་བག་ཆགས་རྩད་ནས་གཅོད།། ཡབ་ཅིག་འཇམ་དཔལ་ཕྱག་མཚན་ཆ་ལུགས་ནི།། གཡས་པ་གདུག་པ་འཇོམས་མཛད་ཐོད་དབྱུག་བསྣམས།། བར་པ་གཅོད་ཅིང་གཏུབ་པའི་དགྲ་སྟ་སྔོན་པོ་བསྣམས། ། ཐ་མ་ཉོན་མོངས་འཇོམས་བྱེད་ཤེས་རབ་རལ་གྲི་བསྣམས།། གཡོན་གྱི་དང་པོ་གདུག་འཐོར་བྱེད་སྡིགས་བའི་མཛུབ་མོ་བསྣམས།། བར་མ་ཞེ་སྡང་འབུགས་བྱེད་མདུང་ཐུང་བསྣམས། ། ཐ་མ་ཐུགས་རྗེ་ཆགས་པའི་ཐོད་ཁྲག་བསྣམས།། གདུག་པ་འགྱིང་སྟབས་ཞབས་དྲུག་བྱུང་བ་ནི།། ཞབས་གཉིས་གྱད་ཀྱི་དོར་སྟབས་སྲིན་པོ་སྲིན་མོ་འདུལ།། ཞབས་གཅིག་གྱད་ཀྱི་དོར་སྟབས་མ་མོ་འདུལ། ། ཞབས་གཉིས་གྱད་ཀྱི་དོར་སྟབས་ཆོས་ཀྱི་དབྱིངས་དང་སྦྱོར།། ཡབ་ཅིག་འཇམ་དཔལ་སྐུ་ཡི་ཆ་ལུགས་ནི།། སྐུ་སྟོད་གདུག་པ་འདུལ་ཕྱིར་གླང་ཆེན་ཀོ་རློན་གསོལ།། སྐུ་སྨད་གདུག་པ་བསྒྲལ་ཕྱིར་སྟག་གི་ཤམ་ཐབས་གསོལ། ། ཐོད་རློན་འཕྲེང་བ་མང་པོས་སྐུ་ཡི་རྒྱན་དུ་བྱས།། ཐོད་སྐམ་སྐུ་ཡི་རྒྱན་དུ་བྱས།། ཐོད་རློན་འཕྲེང་བས་སྐུ་ཡི་སྐེ་རགས་བྱས།། དཀར་ཁྲ་སྤྲུལ་གྱིས་སྐུ་ཡི་རྒྱན་དུ་བྱས།། སེར་ཁྲ་སྤྲུལ་གྱིས་དབུ་ཡི་སེ་རལ་ཁ། ། དམར་ཁྲ་སྤྲུལ་གྱིས་སྐུ་ཡི་རྒྱན་དུ་བྱས།། ནག་ཁྲ་སྤྲུལ་གྱིས་ཡན་ལག་ལྷུན་ཚིགས་བརྒྱན།། བསྐལ་པ་མེ་ལྟར་འབར་བའི་ཀློང་དཀྱིལ་ནས།། ཧཱུཾ་དང་ཕཊ་ཀྱི་སྒྲ་ནི་འབྲུག་སྟོང་ལྡིར་བ་བཞིན།། འཇིགས་བྱེད་འབར་བའི་ཁྲོ་རྒྱལ་གཤིན་རྗེ་གཤེད། ། རང་བཞིན་གྲུབ་པའི་གནས་ནས་སྦྱན་འདྲེན་ན།། གཟུགས་བརྙན་དཀྱིལ་འཁོར་འདི་རུ་བཞུགས་སུ་གསོལ།། སྒྲུབ་པ་པོ་ཡི་དགྲ་དང་བགེགས།། དབང་དུ་བསྡུས་ལ་བསྒྲལ་དུ་གསོལ། ། ཞེས་རལ་པ་ཚར་དགུ་བསྐུལ་ལོ།། དེ་ནས་ཡ་མ་རཱ་ཛ་དང།། མྱོས་བྱེད་འབར་པ་དང། ཨཱརྱ་མ་རུ་བསྐུལ། ཐུགས་དམ་བསྐུལ་ཞིང་འཕྲིན་ལས་བཅོལ།། རག་ཏ་སྦྲེང་ཞིང་གསང་སྔགས་བཟླས། ། འཁོར་ལོ་བསྐོར་ཞིང་ཐུན་ཡང་བརྡེག། ཉི་ཤུ་དགུ་ཡི་ཐོ་རངས་ནས།། ཉི་མ་རྒས་རྒས་བར་དུ་བྱས།། ཉི་མ་བཞི་པ་བྱ་བའི་ལས།། གཤིན་རྗེ་རལ་བ་ཚར་དགུ་བྱ།། ཉི་མ་བཞི་པའི་ནུབ་མོ་དེ།། ལས་གཞུང་རྫོགས་པར་བྱས་པ་དང། ། རལ་བ་ཚར་དགུ་བསྒོམས་པ་དང།། སྔགས་ཀྱི་འཕྲོ་འདུ་ཏིང་འཛིན་དང།། ཉིན་མོ་བཞིན་དུ་ནུབ་མོ་བྱའོ།། ནུབ་བཞི་བའི་གསང་སྔགས་སོ།། ཡ་མ་ར་ནི་ཛ་ཡ་ཀྵེ་ཡ། ཡ་ཀྵེ་ཡ་ནི་ཡོ་ཏེ་ཡ། ཡ་ཏ་ཡོ་ན་རུ་ཏོ་མེ་ཡ། ཡ་མེ་ཏོས་ཙ་ར་མེ་ཡ།། ཞེས་པས་མོའི་གསང་སྔགས་དེ།། ནུབ་མོ་མཚན་ཐག་བཟླས་པ་བྱའོ།། ནམ་གྱི་བརྒྱད་ཆ་ཡོད་ན་ཡང།། རལ་པ་ཚར་དགུའི་ཡུམ་ཡང་བསྐུལ།། བྱང་གི་ཕྱོགས་ནས་བསྐུལ་བ་ནི། ། གནོད་སྤྱིན་དྲེགས་པའི་ཡུལ་རྩེ་ནས།། ཁ་རག་དེ་མ་བརྗོད་པ་ལས།། དཔལ་གྱི་ཕྱག་བརྙན་དབུགས་ལེན་སྲོག་འཕྲོག་མ།། སྐུ་མདོག་ལྗང་ཁུ་སྤྲིན་གྱི་རལ་པ་ཅན།། སྤྱན་ནས་དཀར་ཆེན་འོད་ཟེར་འཕྲོ། ། སྙན་ནས་རླུང་ནག་བུ་ཡུག་འཚུབ།། ཤངས་ནས་རླུང་ནག་བུ་ཡུག་འཚུབ།། བཞད་པའི་ཞལ་ནས་ཐོག་དང་སེར་འབེབས།། སྤྱི་གཙུག་རླུང་གིས་ཕྲག་དོག་ལྗང་ཁུ་སྟེ།། རླུང་གི་ཕྱག་གཉིས་གར་སྟབས་ལིངས་སེ་ལིངས། ། འདུ་བའི་ཞབས་གཉིས་ལངས་སེ་ལངས།། གཡས་པར་རལ་གྲི་རྒྱ་གྲམ་འདེབས།། གཡོན་པ་སྲོག་གི་སྙིང་བྲོར་ཐོགས།། ཁྱོད་ཀྱི་ལོངས་སྤྱོད་དབུགས་ཡིན་ཕྱི།། དབུགས་ལེན་སྲོག་འཕྲོག་དུས་ལ་བབ། ། ཅེས་པ་རལ་པ་ཚར་དགུའི་ཡུམ་བསྐུལ་ལོ།། གཤིན་རྗེ་ཉིན་ནུབ་བཞི་ཡི་ལས།། ཚར་པ་ཚར་དགུ་ཡབ་ཡུམ་གཉིས།། གང་ལ་བྱ་བའི་གཟས་པ་དེ།། སྙིང་རྩ་དམར་པོ་རྩད་ནས་གཅོད།། དབུགས་ནི་ཀུན་ལ་ཕྱུང་ནས་ཀྱང། ། ཉི་མ་བཞི་བས་གསད་པ་དྲུག་ཅུ་པ་ལས། ཉི་མ་བཞི་བའི་འཁོར་ལོ་བསྐོར་བའི་ལེའུ་སྟེ་ཉི་ཤུ་རྩ་བརྒྱད་པའོ།།།། ཉི་མ་བཞི་པའི་ལས་དེ་ལས།། ཉི་མ་བཞི་པ་དེ་དག་རེ་རེ། ། གྲོགས་ཀྱི་ལས་ནི་འདི་དག་བྱའོ།། དང་པོ་འཕྲིན་ལས་གཞུང་བསྲང་ལ།། གཙོ་བོ་གཤིན་རྗེ་གཤེད་པོ་ལ།། འཁོར་གྱིས་བསྟོད་པའི་དོན་ཏེ།། གཏུམ་ཆེན་བསྟོད་པས་གཙོ་ལ་བསྟོད།། ལྕགས་ཀྱུའི་ཕྱག་རྒྱ་བཅས་པ་ཡང། ། རྩ་བའི་གསང་སྔགས་གང་ཡིན་ལ།། བཛྲ་ཨཱ་ཀརྵ་ཡས་དགུག། ཨ་ཤག་ཤག་ནི་ཤག་ཤག། ཡ་མ་ཕྱེ་རཱ་ཛ།། ཞེས་པ་དང། གུ་གུལ་ར་གཞོབ་བསྲེགས་ལ་ལྷ་དང་ཕྲལ།། ཕྱོགས་སྐྱོང་བཅུ་ཡང་བསྐུལ་བ་དང། ། ཁྲམ་ཐོགས་བདུད་ཀུན་བསྐུལ་བ་དང།། གྲི་ཐོགས་གིང་ཡང་བསྐུལ་བ་དང།། ཕོ་ཉ་རྣམ་པ་གསུམ་ཡང་བསྐུལ།། ཉེས་ལེགས་གཉིས་ཀྱི་སྟང་ཡང་བརྩི།། སྔོན་གྱི་དྲང་སྲོང་བསྒྲུབ་པ་ནི།། དམོད་པ་དྲག་པོ་རྣམས་ཀྱང་བོར། ། ལྷ་སྲིན་སྡེ་བརྒྱད་ཐམས་ཅད་ཀྱི།། དམོད་པ་དྲག་པོ་ལྕོགས་ཚད་བོར།། ཉི་མ་བཞི་པ་དེ་དག་ནི།། ལས་ཀྱི་ལྷག་ཆད་འདི་ཡིས་བསྐང།། གནམ་སྟོང་ཐོ་རངས་ལས་གཞུང་བསྲང།། བདག་ཉིད་གཙོ་བོར་བསྒོམ་བྱས་ལ། ། དྲག་སྔགས་འདི་དག་བཟླས་པར་བྱ།། ཨོཾ་མཉྫ་ཤྲཱི་ཨ་ཀྲོ་ཏི་ཀ་ཡ་མཱ་ནྟ་ཀ། ཀ་ལ་རཱུ་བ་ནིར་ཤ་ཀུ་རུ་ཧཱུཾ་ཕཊ། ཅེས་པའི་གསང་སྔགས་བཟླས། བཟླས་པ་བྱ་བའི་ཏིང་འཛིན་ནི།། བདག་ཉིད་གསང་སྔགས་བརྗོད་པ་ཡིས། ། ལྷ་རྣམས་སོ་སོའི་རང་རང་ཀུན།། རང་རང་དྲག་སྔགས་ཟློས་པར་བསམ།། དགྲ་བོ་བསྒྲལ་བའི་ཤ་རུས་ལ།། ལྷ་ཡི་གཙོ་བོ་འཁོར་བཅས་ཀུན།། ལ་ལ་ཤ་ཟ་ཁྲག་འཐུང་ཞིང། ། ལ་ལ་རུས་འཆའ་ཁྲོལ་ཟ། ལ་ལ་བགས་བ་རློན་པ་གོན་པར་བསམ།། རྟོད་ཅིང་རྟོད་ཅིང་ཟ་བར་བསམ།། ཡབ་ཡུམ་འཁོར་དང་བཅས་པ་ཀུན།། བསྟོད་དང་ཐུགས་དམ་བསྐུལ་བར་བྱ།། འབྱོར་ཚོགས་མཆོད་དང་ཐུགས་དམ་བསྐུལ། ། མཆོད་དང་བཤགས་པ་བྱ་བ་དང།། ལིང་ག་བཅས་ལ་བསྒྲལ་བ་དང།། ལིང་ག་བསྒྲལ་བའི་དུམ་བུ་དེ།། གཏོར་མར་བསྟབས་ལ་སྦྱིན་སྟེག་བྱ།། ལྷ་ཡི་དཀྱིལ་འཁོར་གསལ་བཏབ་ལ། ། མཆོད་པ་རྣམས་ཀྱིས་ལེགས་མཆོད་ལ།། བཅོལ་བའི་འཕྲིན་ལས་གྲུབ་པར་བསམ།། ཨོཾ་ས་མ་ཡ་མཉྫ་ཤྲཱི་ཡ་མཱན་ཏ་ཀ། པནྩ་ཏེ་ཏོ་ནི་ཧཱུཾ་ཛ་ས་མ་ཡང་ཤྲཱི། བྱིན་གྱིས་བརླབ་ཏུ་གསོལ། ཤྲཱི་ཨ་ཀྲོ་ཏེ་ཀ་ཡ་མཱན་ཏ་ཀ་ཀཱ་མ་རཱུ་ཛ་ཛ། ཨོཾ་ཤྲི་ཏྲི་ཏྲི་ཧ་ཧ་བྷྱོ་ལམ་ཐུམས་ནི་ཛ་འགལ་བྱེད་སོད། ས་མ་ཡ་མཉྫ་ཤྲཱི་ཀུ་ག་ཏེ་ཧཱུཾ། དེ་ཐུམས་ཐུམས་ཏེ་སྟི་དམ་དམ།། ས་མ་ཡ་ཁུག་ཐུམ་རིལ། དགྲ་བོ་དམ་ཉམས་པ་རྩ་བ་ཆོད། ས་མ་ཡ་མ་རང་ཤོ་ར་རེ། ། རྟགས་མངོན་དུ་ཕྱུང་ཞིག། དགྲ་བོ་ནུབ་གཅིག་དམ་ཉམས་པའི་སྟེང་ནས་རྡོ་རྗེའི་ཐོག་ཕོ་བ་ཅིག། བཀའ་ནན་དུ་གྱུར་ཅིག། བིག་ནན་དུ་གྱུར་ཅིག། ལས་ཀྱི་རླུང་དམར་གྱིས་རྒྱབ་ནས་ཕུལ་ཅིག། འཇིགས་པའི་མུན་ནག་གིས་མདུན་ནས་བསུ་ཅིག། སྙིང་ཨ་ཛ་ཀའི་དོག་པ་བཞིན་དུ་ཁོས་ཤིག། ཁ་སོ་སིལ་བུར་ཐོང་ཞིག། སྙིང་ཁྲག་ཁ་རུ་ལྷུགས་ཤིག། དཔལ་ཡ་མཱནྟ་ཀའི་དམོད་བ་ཆེན་པོ་སྡིགས་ཤིག། ཡུམ་ཨེ་ཀ་ཛ་ཏི་དང་པེ་ཏ་ནག་མོའི་དམོད་པ་ཆེན་པོ་སྡིགས་ཤིག། ཤིང་ཏ་ལའི་མགོ་བཅད་པ་བཞིན་དུ་གྱུར་ཅིག། ས་བོན་མེས་ཚིག་བ་ལྟར་རྩ་བ་ཆོད་ཅིག། ཁྱུངས་ནམ་མཁའ་སྟོང་པར་མ་དབྱུང། དུས་འཇིག་རྟེན་ཕྱི་མར་མ་གདབ། བཅོལ་བའི་ལས་རྣམས་གྲུབ་པར་མཛོད་ཅིག། བྱས་ལ་དྲང་སྲོང་གི་དམོད་པ་བོར་བའོ།། དེ་ནས་ལྷག་མ་མཆོད་པ་དང་ལས་ལ་གྲུབ་པའི་དཀྱིལ་དང་འཁོར་ལ་མཆོད་དོ།། གནན་པའི་འཁོར་ལོས་གནན་པ་དང། ། ལྷ་ཡི་དཀྱིལ་འཁོར་མཆོད་ནས་གཤེགས།། ཏིང་འཛིན་དཀྱིལ་འཁོར་རང་ལ་བསྡུའོ།། རང་ཉིད་ཡ་མན་ཏ་ཀ་ལས།། སྤྱོད་ལམ་རྣམ་བཞིར་མ་ངེས་པར་བསམ།། གཤིན་རྗེ་གཤེད་པོའི་རྒྱུད་གསང་བ་དྲུག་ཅུ་པ་ལས། ཉི་མ་བཞི་པའི་འཁོར་ལོ་ཁ་བསྐང་བའི་ལེའུ་སྟེ་ཉི་ཤུ་དགུ་པའོ།།།། རྡོ་རྗེ་འཛིན་བས་ཡང་ཞུས་པ། ཉི་མ་བཞི་པའི་འཁོར་ལོ་བསྐོར་བའི་ཐབས་ནི་ཇི་ཙམ་ཡོད། ། གཅིག་ཡིན་ནམ་དུ་མར་བགྲངས་སུ་མཆིས། ཞེས་པས། གཤིན་རྗེ་གཤེད་པོས་བཀའ་སྩལ་པ།། གཤིན་རྗེའི་ཉི་མ་བཞི་པ་ལ།། འཁོར་ལོ་བསྐོར་ཐབས་བསམ་ཡས་སོ།། བསྡུ་ན་རྣམ་པ་གཉིས་སུ་འདུས། ། གནམ་སྐོར་ཐོག་འདྲ་བྱ་བ་དང།། འཁྲུལ་འཁོར་ལྕགས་འདྲ་བྱ་བའོ།། རྣམ་སྐོར་ལ་ཡང་རྣམ་པ་གཉིས།། འཁྲུལ་འཁོར་སྐོར་ཐབས་དགུ་རུ་བྱའོ།། ཕྱི་ནང་གསང་བ་གསུམ་གསུམ་དགུའོ།། དེ་ཡི་ལས་དག་ལྡན་པར་བྱ། ། ཕྱིར་དྲང་བའི་ཉི་མ་བཞི་པོ་བཞི་པ་ལས། ཡ་མ་རཱ་ཛ་ས་ཏོ་མེ་ཡ། ཨ་མུ་ཀཾ་ནི་ཤ་ཀུ་རུ་ནི་ཧཱུཾ་ཕཊ། ཉི་མ་གཉིས་པ། ཡ་མེ་ཏོ་རུ་ན་ཡོ་ཏ་ཡ། ཨ་མུ་ཀམ་རག་ཏ་ཙ་ར་ཡ་ནི་ཤ་ཀུ་རུ་ནི་ཧཱུཾ་ཕཊ། ཉི་མ་གསུམ་པ། ཡ་ཏ་ཡོ་ནི་ར་ཡ་ཀྵེ་ཡ་ཨ་མུ་ཀཾ་མུར་ཙ་ནི་ཤ་ཀུ་རུ་ནི་ཧཱུཾ་ཕཊ། ཉི་མ་བཞི་པ་ལ། ཡ་ཀྵེ་ཡ་ཙ་ན་ར་མ་ཡ། ཨ་མུ་ཀཾ་མཱ་ར་ལ་ཧཱུཾ་ཕཊ། ཉིན་གཏོར་མཚན་དྲིལ། ཕྱི་དྲིལ་ནང་དྲིལ་དུ་དྲིལ་ལ། ཡ་མ་རཱ་ཛ་ས་ཏོ་མེ་ཡ། ཡ་མེ་ཏོ་རུ་ན་ཡོ་ཏེ་ཡ། ཡ་ཏ་ཡོ་ནི་ར་ཡ་ཀྵེ་ཡ། ཡ་ཀྵེ་ཡ་ཙ་ནི་རཱ་མ་ཡ། ཨ་མུ་ཀཾ་པྲམ་ཡ་ཧཱུཾ་ཕཊ། ཉི་མ་གཉིས་པ་ལ། ཡ་མ་རཱ་ཛ་ས་ཏོ་མེ་ཡ། ཡ་མེ་ཏོ་རུ་ན་ཡོ་ཏ་ཡ། ཡ་ཏ་ཡོ་ནི་ར་ཡ་ཀྵེ་ཡ། ཡ་ཀྵེ་ཡ། ཡ་ཀྵེ་ཡ་ཙ་ནི་ར་མ་ཡ། ཨ་མུ་ཀཾ་རག་ཏ་ཙ་ར་ཡ་ཧཱུཾ་ཕཊ། ཉི་མ་གསུམ་པ་ལ། ཡ་མ་རཱ་ཡ་ཛ་ས་ཏོ་མེ་ཡ། ཡ་མེ་ཏོ་རུ་ན་ཡོ་ཏ་ཡ། ཡ་ཏ་ཡོ་ནི་ར་ཡཀྵེ་ཡ། ཡ་ཀྵེ་མ་ཙ་ར་ནི་ར་མ་ཡ། ཨ་མུ་ཀཾ་མུ་ར་ཙ་ཡ་ཧཱུཾ་ཕཊ། ཉི་མ་བཞི་པ་ལ། ཡ་མ་རཱ་ཛ་ཏོ་མེ་ཡ། ཡ་མེ་ཏོ་རུ་ན་ཡོ་ཏ་ཡ། ཡ་ཏ་ཡོ་ནི་ར་ཡ་ཀྵེ་ཡ། ཡ་ཀྵེ་ཡ་ཛ་ནི་ར་མ་ཡ། ཨ་མུ་ཀཾ་མཱ་ར་ཡ་ཧཱུཾ་ཕཊ། ཉིན་དྲིལ་ལ་གཡས་བསྐོར།། ནུབ་དྲིལ་ལ་གཡོན་བསྐོར། སུམ་ཅུ་རྩ་གཉིས་དྲིལ་བའི་འཁོར་བའོ། ། ཕྱི་ཡི་གསང་བ་དྲང་བ་ལ། ཡ་མེ་ཏ་ཀྵེ། ཧྲི་སྟི་ཨ་མུ་ཀཾ་པྲ་མ་རྦད་ཡ། ཉི་མ་གཉིས་པ་ལ། ར་ཛ་ས་ཏོ་ཧྲི་སྟི་ཨ་མུ་ཀཾ། ཆེ་གེ་མོ་རགྟ་ཙ་ར་ཡ་རྦད་ཡ། ཉི་མ་གསུམ་པ་ལ། རུ་ཏོ་ཡོ་ནི་ཧྲི་ཏི་ཨ་མུ་ཀཾ་མུར་ཙ་ཡ་རྦད་ཡ། ཉི་མ་བཞི་པ་ལ། རཱ་ཛ་ཡ་ནི་ཧྲི་སྟི་ཆེ་གེ་མོ་མཱ་ར་ཡ་རྦད་ཡ། ནུབ་བཞི་དྲིལ་ཏེ། ནི་ཙ་ཡར་ནི་ཡོད་རུ་ཏོ་ས་ཙ་ར། ཀྵེ་ཏ་མེ་ཡ་ཧྲི་སྟི་ཨ་མུ་ཀམ་ཆེ་གེ་མོ་བྲ་མ་ཡ་རྦད་ཡ། ནུབ་གཉིས་པ། ནི་ཙ་ཡ་ར་ནི་ཡོ་ན་རུ་ཏོ་ས་ཙ་ར་ཀྵེ་ཏ་མེ་མ་ཡ། ཧྲི་སྟི་ཨ་མུ་ཀཾ། ཆེ་གེ་མོ་རགྟ་ཙ་ར་ཡ་རྦད་ཡ། ནུབ་གསུམ་པ་ཡ། ད་ཛ་ཡ་ནི། ར་ནི་ཡོ་ན་རུ་ཏོ་ས་ཙང་ཀྵེ་ཏ་མེ་མ་ཡ། ཧྲི་སྟི་ཨ་མུ་ཀཾ་ཆེ་གེ་མོ་མུར་ཙ་ཡ་རྦད་ཡ། ནུབ་བཞི་པ་ལ། ནི་ཛ་ཡ་ར་ནི་ཡོ་ན་རུ་ཏོ་ས་ཙ་རཀྵེ་ཏ་མེ་མ་ཡ། ཧྲི་སྟི་ཀ་བ་ཡེ་ཆེ་གེ་མོ་མ་ར་ཡ་རྦད་ཡ། ནང་དུ་གསུམ་དུ་ཕྱེ་བ་ལ། ཕྱི་ལྟར་ཨ་ཀྲོ་ཏེ་ཀ་ཡི་གེ་བཅུ་བདུན་པ་ལ་བྱའོ།། ནང་གི་ནང་ནི། ཡ་མ་མེ་ཏ་ཀྵེ། རཱ་ཙ་ས་ཏོ་རུ་ན་ཡོ་ནི་ར་ཡ་ཛ་ནི། ཞེས་པའོ།། ནང་གི་གསང་བ། ཡ་མ་ཀྵེ་ཏ་མེ་ནི་ཛ་ཡར་ནི་ཡོ་ན་རུ་སྟོ་ས་ཛ་ར། ཨ་མུ་ཀཾ་བྲ་མ་ཡ་རྦད་ཡ། ཞེས་པའོ།། གསང་བ་གསུམ་དུ་ཕྱེ་བ་ལ།། གསང་བ་ཕྱི་ལྟར་དྲང་བ་ལ། ཉི་མ་དང་པོ་ལ། ཡ་མ་རཱ་ཛ་ས་ཏོ་མེ། མ་ར་ཙ་ས་ཏོ་མེ་ཡ་མ་རཱ་ཛ། ཏོ་མེ་ཡ་མ་ར། ས་མེ་ཡ་མ་རཱ་ཛ། ཏོ་མེ་ཡ་མ་རཱ་ཛ་ཡ། མེ་ཡ་མ་རཱ་ཛ་ས་ཏོ། ཆེ་གེ་མོ་ཕྲ་མ་པྲ་མ་ཡ་རྦད་ཡ། གཉིས་པ་ལ། ཡ་མེ་ཏོ་རུ་ན་ཡོ་ཏ་ཡ། མེ་ཏོ་རུ་ན་ཡོ་ཏ་ཡ་མ་མེ། ཡུ་མ་ཡོ་ཏ་ཡ་མེ་ཏོ། ན་ཡོ་ཏ་ཡ་མེ་ཏོ་རུ། ཡོ་ཏ་ཡ་མེ་ཏོ་རུ་ན། ཏ་ཡ་མེ་ཏོ་རུ་ན་ཡོ། ཆེ་གེ་མོ་རག་ཏ་ཙ་ར་ཡ་རྦད་ཡ། ཉི་མ་གསུམ་པ་ལ། ཡ་ཏ་ཡོ་ནི་ར་ཡ་ཀྵེ། ཏ་ཡོ་ནི་ར་ཡ་ཀྵེ་ཡ། ཡོ་ནི་ར་ཡ་ཀྵེ་ཡ་ཏ། ར་ཡ་ཀྵེ་ཡ་ཏོ་ཡོ་ན། ཡ་ཀྵེ་ཡ་ར་ཡོ་ནི་ར། ཀྵེ་ཡ་ཡོ་ཏ་ནི་ར་ཡ། ཆེ་གེ་མོ་མུ་ཙ་ཡ་རྦད་ཡ། ཉི་མ་བཞི་པ་ལ། ཡ་ཀྵེ་ཡ་ཙ་ནི་ར་མ། ཀྵེ་ཡ་ཙ་ནི་ར་ཡ་ཀྵེ། ཙ་ནི་ར་མ་ཡ་ཀྵེ་ཡ་ནི། ར་མ་ཡ་ཀྵེ་ཡ་ཛ་ནི། མ་མ་ཀྵེ་ཛ་ནི་ར། ཆེ་གེ་མོ་རྦད་ཡ། ཞེས་ཉི་མ་བཞི་པའི་ལས་སོ།། གསང་བའི་ནང་ནི།། ནུབ་མོའི་ལས་ལ་བྱ་སྟེ། ནུབ་དང་པོ་ལ། མེ་ཏོ་ས་ཙ་ར་མ་ཡ། ཏོ་ས་ཙ་ར་མ་ཡ་མེ། མེ་ཏོ་ས་ཙ་ར་མ་ཡ་མེ་ཏོ་ས་ཅ་ཡ་མེ་ཏོ་ས་ཙ་ར་མ་ཡ་ཏོ་ས་ཙ་ར་མ། ཆེ་གེ་མོ་བྲ་མ་ཡ་རྦད། ནུབ་གཉིས། ཏ་ཡོ་ན་རུ་ཏོ་མེ་ཡ། ཡོ་ན་རུ་ཏོ་མེ་ཡ་ཏ་ན་རུ་ཏོ་མེ་ཡ་ཏ་ཡོ། རུ་ཏོ་མེ་ཡ་ཏ་ཡོ་ནི་རུ། མེ་ཡ་ཏ་ཡོ་ན་རུ་ཏོ། ཆེ་གེ་མོ་རག་ཏ་ཙ་ར་ན་རྦད་ཡ། ནུབ་གསུམ་པ་ལ། ཀྵེ་ཡ་ཏ་ནི་ཡོ་ཏ་ཡ། ཡ་ར་ནི་ར་ཏ་ཡ་ཀྵེ། ར་ནི་ཡོ་ཏ་ཡ་ཀྵེ་ཡ། ཡོ་ཏ་ར་ཡ། ཀྵེ་ཏ་ར་ཡ། ཏ་ཡ་ཀྵེ་ཇ་ནི་ཡོ། ཡ་ཀྵེ་ཡ་ར་ནི་ཡོ་ཏ། ཆེ་གེ་མོ་མུར་ཙ་ཡ་རྦད་ཡ། ནུབ་བཞི་པ་ལ། ཡ་མ་ར་ནི་ཙ་ཡ་ཀྵེ། མ་ར་ནི་ཙ་ཡ་ཀྵེ་ལ། ར་ནི་ཙ་ཡ་ཀྵེ་ཡ་མ་ནི་ཛ་ཡ། ཀྵེ་ཡ་མ་ར་ཙ་ཡ། ཀྵེ་ཡ་མ་ར་ནི་ཙ་ཡ། ཡ་མ་མེ་ན་ཛི་ཀྵེ། ཆེ་གེ་མོ་མཱ་ར་ཡ་རྦད་ཡ། རྣམ་ཐུགས་འབྲུག་དེད་ཅེས་ཀྱང་བྱས། བྱ་རིག་འཁུང་འཕྲོག་ཅེས་ཀྱང་བྱ། སྟག་མོ་འཕྱོངས་པ་ཞེས་ཀྱང་བྱ། ། གསང་བ་ནང་ལྟར་དྲང་བའོ།། གསང་བའི་གསང་བ་ལྟར་དྲང་བ་ནི། ཡ་མེ་ཏོ་ས་ར་ཙ་ར་མ་ཡ། ཧྲི་སྟི་ཨ་མུ་ཀཾ་ཆེ་གེ་མོ་ཕྲ་མ་ཡ་རྦད། གཉིས་པ་ལ། ཡ་ཏ་ཡོ་ནི་རུ་ཏོམེ་ཡ། ཧྲི་སྟེ་ཨ་མུ་ཀཾ་རག་ཏ་ཙ་ར་ཡ་རྦད་ཡ། ནུབ་གསུམ་པ་ལ། ཡ་ཀྵེ་ཡ་ར་ནི་ཡོ་ཏ་ཡ། ཧྲི་སྟི་ཨ་མུ་ཀཾ་ཆེ་གེ་མོར་མུར་ཙ་ཡ་རྦད་ཡ། བཞི་བ་ལ། ཡ་མ་ར་ན་ཛ་ཡ་ཀྵེ་ཡ། ཧྲི་སྟི་ཨ་མུ་ཀཾ་ཆེ་གེ་མོ་མཱ་ར་ཡ་རྦད་ཡ། ཞེས་བ་ཁྲི་ཁྲི་བཏོན་ལ། མི་ཚིག་གིས་བར་མི་གཅད་པ་དང། སྒྱིད་སྙོམས་ར་རོ་གཉིད་ཀྱང་སྤང།། བརྟུལ་ཞུགས་དགོངས་པ་བསལ་ལ་བྱའོ།། འཁྲུལ་འཁོར་ཆེན་པོ་ལྕགས་འདྲའོ།། འཁོར་ལོ་བསྐོར་ཐབས་བསྟན་པའོ།། གང་ལ་བྱ་བ་གདོན་མི་ཟ། ། གནམ་བསྐོར་ཐོག་འདྲ་འཁོར་ལོ་ཡིས།། བསྐཽར་ཐབས་གཉིས་པ་བསྟན་ཅིང་བཤད་པ་ལ། ཉི་མ་དང་པོ་ལ། ཡ་མེ་སྟ་མེ་ཏ་ཀྵེ་ར་ཙ་ས་ཏོ་རུ་ན་ཡོ་ནི་ཡ་ཛ་ནི། ཧྲི་སྟི་ཨ་མུ་ཀཾ་ཆེ་གེ་མོ་སྲ་མ་ཡ་རྦད་ཡ། ཉི་མ་གཉིས་པ་ལ། ཡ་མེ་མེ་ཏོ་ཀྵེ། རཱ་ཛ་ས་ཏོ་རུ་ནི་ཡོ་ནི་ར་ཡ་ཙ་ནི། ཧྲི་སྟི་ཨ་མུ་ཀཾ་ཆེ་གེ་མོ་རགྟ་ཙ་ར་ཡ་རྦད་ཡ། ཉི་མ་གསུམ་པ་ལ། ཡ་མ་མེ་ཏ་ཀྵེ། རཱ་ཛ་ས་ཧོ་རུ་ན་ཡ། ནི་ར་ཡ་ཙ་ནི། ཧྲི་སྟི་ཡ་མུ་ཀཾ་ཆེ་གེ་མོ་མུར་ཙ་ཡ་རྦད་ཡ། བཞི་པ་ལ། ཡ་མ་མེ་ཏ་ཀྵེ་ཡ་རཱ་ཛ་ས་ཏོ་རུ་ན་ཡོ་ནི་ར་ཡ་ཀྵེ་ཡ་ཡ་ཙ་ནི། ཧྲི་སྟི་ཨ་མུ་ཀཾ་ཆེ་གེ་མོ་མཱ་ར་ཡ་རྦད་ཡ། ཕོ་བསྐོར་རོ།། མོ་སྐོར་ལ་ཡང་ཉིན། མོའི་སྔགས་བཟློག་པའོ།། ནི་ཛ་ཡ་ར་ནི། ཡོ་ན་ཙ་ར་ཡ་རྦད་ཡ། ནུབ་གསུམ་པ་ལ་ནི། ནི་ཙ་ཡ་ར་ནི། ཡོ་ན་རུ་ཏོ་ས་ར་ཙ་ཏ་ཀྵེ་ཏ་མེ་མ་ཡ། ཧྲི་ཏི་ཨ་མ་ཀཾ་ཆེ་གེ་མོ་མུ་ར་ས་ཙ་ཡ་རྦད་ཡ། བཞི་པ་ལ། ན་ཙ་ཡ་ར་ནི་ཡོ་ནི་རུ་ཏོ་ས་ཙ་ར་ཀྵེ་ཏ་མེ་མ་ཡ། ཧྲི་སྟི་ཨ་མུ་ཀཾ་ཆེ་གེ་མོ་མཱ་ར་ཡ་རྦད་ཡ་ཞེས་པ་ནི་གནམ་བསྐོར་ཐོག་འདྲི་ཕོ་བསྐོར་དང། མོ་བསྐོར་གཉིས་ཀྱི་སྐབས་སོ།། གཤིན་རྗེ་གཤེད་པོའི་རྒྱུད་གསང་བ་དྲུག་ཅུ་པ་ལས། འཁོར་ལོ་བསྐོར་ཐབས་ཀྱི་གྲངས་བསྟན་པའི་ལེའུ་སྟེ་སུམ་ཅུ་པའོ། །།། རྡོ་རྗེ་འཛིན་པས་ཡང་ཞུས་པ།། འཁོར་ལོ་བསྐོར་ཐབས་དེ་ལགས་ན།། འཁོར་ལོའི་རྣམ་གྲངས་བཤད་དུ་གསོལ།། གཤིན་རྗེ་གཤེད་པོས་བཀའ་སྩལ་པ།། འཁོར་ལོའི་རྣམ་གྲངས་མང་བར་བཤད། ། བསྡུ་ན་རྣམ་པ་གསུམ་དུ་འདུས།། གནས་པ་ཆོས་ཀྱིས་འཁོར་ལོ་དང།། དེ་ལས་བྱུང་བའི་འཁོར་ལོ་དང།། སྤྲུལ་པ་ལས་ལ་བྱུང་བའི་འཁོར་ལོ་དང།། རྣམ་པ་གསུམ་དུ་བཤད་པ་ལས།། གནས་བ་ཆོས་ཉིད་ཀྱི་འཁོར་ལོ་ནི། ། སྣང་སྲིད་སྣོད་བཅུད་ཐམས་ཅད་ཀུན།། འཁོར་བ་མྱ་ངན་འདས་པ་ཡི།། རྣམ་རྟོག་དང་ནི་གཟུང་འཛིན་དང།། ང་དང་ཉོན་མོངས་ཐམས་ཅད་དང།། ཟུག་རྔུའི་སྒྲིབ་པ་ཀུན་བཅོམ་པས། ། གཅད་རྒྱུ་གཟུང་འཛིན་གཉིས་ཡོད་པས།། གཟུང་འཛིན་མཚོན་མ་མ་ལུས་པ།། ཆོས་ཉིད་ངང་དུ་ཆོས་ཉིད་ཤར།། དེ་ལྟ་བུ་ཡི་རང་བཞིན་ལ།། གནས་པ་ཆོས་ཉིད་འཁོར་ལོ་བྱའོ།། དེ་ལས་བྱུང་བའི་འཁོར་ལོ་ནི། ། ཆོས་ཉིད་གནས་པའི་བྱིན་བརླབས་དང།། ཆོས་ཉིད་ངོ་བོའི་བྱིན་རླབས་དང།། ཐེག་པ་གསུམ་དང་གསང་སྔགས་ཀྱི།། བསྙེན་དང་བསྒྲུབ་པ་མང་པ་བསྟན།། གློ་བུར་བག་ཆགས་རིམ་གྱིས་གཅོད། ། ཆོས་ཉིད་ངང་ལས་མ་གཡོས་པས།། དེ་ལས་བྱུང་བའི་འཁོར་ལོ་བྱའོ།། སྤྲུལ་པ་ལས་ཀྱི་འཁོར་ལོ་ལ།། དབྱེ་ན་རྣམ་པ་གཉིས་སུ་བསྟན།། འཁོར་ལོ་འཁོར་བའི་འཁོར་ལོ་དང།། མི་འཁོར་བ་ཡི་འཁོར་ལོའོ། ། འཁོར་བའི་འཁོར་ལོ་དེ་ལ་ཡང།། མ་བསྐཽར་བ་ཡི་འཁོར་ལོ་དང།། བསྐོར་ཡང་ཕན་མེད་འཁོར་ལོ་འོ།། བསྐོར་ཡང་ཕན་མེད་འཁོར་ལོ་ནི།། བསྙེན་པ་ཚད་དུ་མ་སྐྱོལ་ན།། འཁོར་ལོ་བསྐོར་ཡང་ཕན་མེད་པས། ། བསྐོར་ཡང་ཕན་མེད་འཁོར་ལོ་འོ།། མ་བསྐོར་འཁོར་བའི་འཁོར་ལོ་ནི།། བསྙེན་པ་ཚད་དུ་སྐྱོལ་བ་སྟེ།། བཅད་རྒྱུ་གང་ལ་ཡང་བྱ་བ་ཡི།། དགྲ་དང་བགེགས་ལ་བྱ་བའོ།། དེས་ནི་དགྲ་བགེགས་འཇོམས་པར་བྱེད། ། མི་འཁོར་བ་ཡི་འཁོར་ལོ་ནི།། ཞི་དང་རྒྱས་དང་དབང་དང་ནི།། དྲག་པོ་ལས་ཀྱི་འཁོར་ལོ་ནི།། འཕྲིན་ལས་བཞི་པ་ཐམས་ཅད་ཀྱང།། སྤྲོས་ནས་ལས་བཅུ་འཁོར་ལོ་སྟེ།། བསྡུས་ན་ཕོ་སྐོར་མོ་སྐོར་རོ། ། འཁོར་ལོ་བྲི་བའི་རྒྱུ་དག་དང།། བཅུ་གཉིས་རྩ་བས་ཅན་འཁོར་ལོ་འདི།། ཡི་དྭགས་ཀྱི་ནི་གོས་ལ་བྲི།། འཁོར་ལོ་བྲི་བའི་གཞི་མ་ཡང།། གསད་པ་གཤིན་རྗེའི་ལྟོ་རུ་བྲི། དབྱེ་བའི་འཁོར་ལོ་རྟ་དང་མ་ཧེའི་རྒྱབ་ཏུ་བྲི། ། རྨོངས་པའི་འཁོར་ལོ་ལུག་གི་ལྟོ་རུ་བྲི།། བསྐྲད་བའི་འཁོར་ལོ་རྔ་མོའི་རྒྱབ་ཏུ་བྲི། སྨྱོ་འབོག་ཤ་དམར་རྒྱབ་ཏུ་བྲི།། དེ་ལས་དྲག་པོའི་ལས་བཞི་པ།། ཞི་པ་ཟླ་བའི་དཀྱིལ་འཁོར་ལ།། རྒྱས་པའི་འཁོར་ལོ་གླང་པོའི་རྒྱབ་ཏུ་བྲི། ། གནན་པའི་འཁོར་ལོ་རི་རབ་འོག་ཏུ་ཆུད་པ་བྲི།། གཉིས་པ་དེ་ཡི་རྒྱུས་པའི་ལས།། དབང་དུ་བྱ་བའི་འཁོར་ལོ་ཆུང་མའི་སྙིང་ཁར་བྲི།། དགུ་པའི་འཁོར་ལོ་དེད་དང་སེང་གེའི་རྒྱབ་ཏུ་བྲི།། གཉིས་པ་དེ་ནི་དབང་གིས་ལས་སུ་བྱའོ། ། འཁོར་ལོ་དེ་དག་སྣག་ཚ་ཡང།། རོ་བསྲེགས་ཐལ་བ་དུག་སྣ་ཚོགས།། ཏིལ་དང་ཡུངས་ནག་མར་ཁུ་དང།། དགྲ་བོའི་ཕྱིས་ར་ཁྲག་དང།། དྲག་བོའི་སྣག་ཚར་བཤད་པའོ།། མ་དཀར་སྐྱེ་ཚེ་ལན་ཚྭ་ཞི་བའི་སྣག་ཚའོ། ། ཙན་དན་གིའུ་ཝང་རྒྱ་སྐྱེགས་དབང་གི་སྣག་ཚའོ།། ལྡོང་རོས་གུར་ཀུམ་རྒྱས་པའི་སྣག་ཚའོ།། བྲི་བའི་སྨྱུ་གུ་བསྟན་པ་ལ།། ཞི་བའི་སྨྱུ་གུ་འུག་པ་ལ།། བྱ་རོག་འུག་པ་ཁྲ་ཡི་སྒྲོ་བཅུག་ལ། ། དྲག་པོའི་སྨྱུ་གུ་རུས་པ་བཀས་ལ་བྱ།། སྒྲོ་གསུམ་པོ་ཡང་གང་ཡོད་གཞུག། འཁོར་ལོ་དེ་དག་གཞུག་པའི་སྣོད།། དྲག་པོའི་འཁོར་ལོ་ཕོ་ཐོད་མོའི་ཐོད་པར་གཞུག། གཞན་མའི་འཁོར་ལོ་འཇིམ་པ་ལ། ། གའུ་ལེགས་བར་སོ་བཏང་དུ།། འཁོར་ལོ་དེ་དག་གང་བྱེད་གཞུག། འཁོར་ལོ་ཞེས་ནི་བྱ་བ་ཡང།། གཅོད་བའི་ཕྱིར་ནི་འཁོར་ལོ་སྟེ།། གཅད་རྒྱུ་རྣམ་པ་གསུམ་ཡོད་པས།། འཁོར་ལོ་རྣམ་པ་གསུམ་དུ་བསྟན། ། ཕྱི་ཡི་དགྲ་བོ་དགྲ་བོ་དངོས་སུ་གཅོད་པ་དང།། དགྲ་བགེགས་བར་དུ་གཅོད་པ་སྟེ།། ནང་གི་དགྲ་བོ་གློ་བུར་སྐྱེས་པ་ཡིས།། རྣམ་རྟོག་ཉོན་མོངས་བག་ཆགས་སོ།། གཟུང་འཛིན་ང་བདག་ཞེན་པ་ཡི།། ཡི་ནི་ཤེས་བྱའི་སྒྲིབ་པ་སྟེ། ། གནས་པ་ཆོས་ཉིད་འཁོར་ལོ་ཡིས།། ཆོས་ཉིད་དོན་དེ་རྟོགས་པ་ཡིས།། གཟུང་འཛིན་ཤེས་བྱའི་སྒྲིབ་པ་ཉིད།། ཆོས་ཉིད་འཁོར་ལོ་ཤར་བ་ཡིན།། དེ་ལས་བྱུང་བའི་འཁོར་ལོ་ཡིས།། ཆོས་ཉིད་རོལ་པ་མ་འགགས་པས། ། ཞེས་པ་བསམ་ཡས་དོན་འབྱུང་བས།། གློ་བུར་རྟོགས་པ་ངང་གིས་སྤངས།། སྤྲུལ་པ་ལས་ཀྱི་འཁོར་ལོ་ཡིས།། བདེ་གཤེགས་བཀའ་ལས་འདས་པ་ཡི།། བགྲ་བགེགས་གང་ཡིན་དབྲལ་བ་ཡིན། ། གཤེན་རྗེ་གཤེད་པོའི་རྒྱུད་གསང་བ་དྲུག་ཅུ་པ་ལས། འཁོར་ལོ་རྣམ་གྲངས་དབྱེ་བ་དང། སོ་སོའི་ཐབས་བསྟན་པའི་ལེའུ་སྟེ་གསུམ་ཅུ་གཅིག་པའོ།།།། རྡོ་རྗེ་འཛིན་པས་ཡང་ཞུས་པ།། འཁོར་ལོ་དེ་དག་ཐམས་ཅད་ཀྱིས། ། གནན་པ་བྱ་བའི་ཐབས་གསུངས་འཚལ།། ཞེས་པས། གཤིན་རྗེ་གཤེད་པོས་གསུངས་པའི་དོན།། གནན་པའི་ལས་ནི་འདི་གསུངས་པ།། འཁོར་ལོ་གའུའི་ནང་དུ་གཞུག། གོང་དུ་བྲིས་པའི་འཁོར་ལོ་དེ། ། མཚམས་ཀྱི་རེ་མིག་སྟོང་པ་དེར།། དགྲ་བོའི་མིང་བྱང་བྲིས་བ་དང།། འཁོར་ལོ་བཅུ་དྲུག་རྩིབས་ལ་ཡང།། ཧྲི་སྟིའི་སྔགས་དང་མིང་རུས་གཉིས།། སྤེལ་ལ་བྲི་བར་བྱ་བ་དང།། དེ་ལྟ་བུ་ཡི་འཁོར་ལོ་དེ། ། ཐམས་ཅད་མོན་མཛེ་དྲེའི་ཐོད་པའོ།། ཐོད་པ་མཚན་ངན་གང་ཡོད་ལ།། སྤྱི་བོར་འཆི་བདག་གཤིན་རྗེའི་གཟུགས།། ཆུང་མ་དང་བཅས་པ་བྲིས་ལ།། ལམ་གྱི་ཐོད་པ་འཁོར་ལོ་ཟི།། དེ་ཡི་མཐའ་མར་སྤྲུལ་གྱིས་བྲི། ། དེ་ལྟར་བྲིས་བའི་ཐོད་པ་དེ།། ཉི་མ་དང་པོ་ཁ་ནས་བཤམས།། གནམ་སྟོང་ནམ་གྱི་བརྒྱད་ཆ་ནས།། གོང་གི་རོ་རས་འཁོར་ལོ་དེ།། ཕོ་སྐོར་མ་སྐོར་ཁ་སྦྱར་ལ།། བར་དུ་དགྲ་བོའི་མིང་རུས་གཞུག། འཁྲུལ་བ་མེད་པར་དྲིལ་བྱས་ལ། ། ལ་ཆ་སྤྲ་ཚལ་རྒྱ་ཡིས་གདབ།། བག་ཟན་གྲིལ་ལ་ལ་ཆས་གཡོགས།། འཁོར་ལོའི་ཡིག་འབྲུ་དེ་རྣམས་ནི།། ཡིག་འབྲུ་ཡེ་ཤེས་ལྷ་ཡི་ནི།། རྒྱལ་ཆེན་ས་ཡི་དཀྱིལ་འཁོར་ལ།། ལྷ་ཚོགས་བཀུག་ནས་ཐིམ་ནས་བཞུགས། ། འཁོར་ལོ་ཡིག་འབྲུ་བཅུ་བདུན་ནོ།། ལས་ཀྱི་འཆི་བདག་གཙོ་འཁོར་དུ།། བསམས་ལ་དེ་ཡི་གང་འདོད་པའི།། མིང་རུས་བཞུགས་པའི་དགྲ་བོ་དེའི།། འཁུབ་དབང་མེད་པར་འགུག་བྱས་ནས། ། ཤ་ཟ་ཁྲག་འཐུང་རུས་པ་འཆ།། དངོས་པོ་མེད་པར་གཟིར་པར་བསམ།། འཁོར་ལོ་ལ་ཆས་དྲིལ་བ་དེ།། ཐོད་པར་བཅུག་ལ་ཞབས་མས་གྲིལ།། སྔོན་དམར་སྐུད་པས་བཅིངས་བྱས་ནས། ། མཆོད་རྟེན་འོག་གམ་ལྷ་ཁང་ནང།། མཆོད་ཁང་ཐེམ་པར་གནན་པར་བྱ།། གོང་གསུམ་ལམ་ཆེན་རྒྱ་གྲམ་དུ།། འཁོར་ལོ་ཆེན་པོ་ཐེམ་པའམ།། དུར་ཁྲོད་ལ་སོགས་གང་རུང་དུ།། ཐོད་པ་དེ་ཡི་ནང་དུ་ཡང། ། སྒྲུབ་པའི་ཕུད་གཏོར་འཕྲུགས་པ་དང།། བཟླས་པའི་ཡུངས་ཀར་ཕུད་བླུགས་ལ།། གནན་པ་བརྒྱད་པོ་དེ་དག་གིས།། ལྷ་འདྲེ་གདུག་པ་གང་ཡོད་ནི།། དེ་དང་མཐུན་པའི་རྫས་བླུགས་ལ།། བདག་ཉིད་གཤིན་རྗེ་གཤེད་པོ་བསྒོམ། ། གནན་པ་གང་དུ་བྱེད་པ་དེར།། ལྷ་ཡི་ང་རྒྱལ་གསལ་བྱས་ལ།། གཏོར་མ་ཆ་གཅིག་ཤ་ཁྲག་དང།། རག་ཏ་ཕུད་ཀྱིས་བསྐང་བྱས་ལ།། མདུན་དུ་བཞག་པའི་བྱིན་རླབས་ལ།། ལས་ཀྱི་འཆི་བདག་བོད་པར་བྱ། ། རི་རབ་འབར་པ་གཤགས་ལ་བོད།། རི་རབ་ཆེན་པོ་གཤགས་པ་ཡང།། བདག་ཉིད་གཤིན་རྗེ་གཤེད་པོར་བསྒོམས་པ་དེས།། ལག་པ་གཡོན་པ་སྡིགས་མཛུབ་བྱ།། གཡས་པ་བེ་ཅོན་ཕྱག་རྒྱ་ནི། ། སོར་མོ་གཞན་མ་གཤིབས་པ་ཡིས།། མཐེ་བོང་པར་ཆང་བཅུག་ནས་ཀྱང།། ཕྱག་རྒྱ་དེ་དག་སྔགས་འདི་ཡིས།། རི་རབ་གཤགས་པར་བྱ་བ་དེ།། ཨོཾ་ན་མོ་བུ་དྡྷ་ཡ། དྷ་རྨ་སཾ་གྷེ་བྷྱཿཏ་ཐཱ་ག་ཏ་ཀྲོ་དྷི་བི་ཛ་ཡ། ཨ་ནིར་ཛ་ལི་ཏ་པ་རྩ་ཤི་ཀ་པྲ་ཏ་ཡ་ཧཱུཾ་ཕཊ། ཅེས་པས། ས་ནི་དཔག་ཚད་བརྒྱད་ཁྲི་བཞི་སྟོང་དང།། ཆུ་ནི་དཔག་ཚད་བརྒྱད་ཁྲི་བཞི་སྟོང་དང།། མེ་ཡི་དཔག་ཚད་བརྒྱད་ཁྲི་བཞི་སྟོང་དང།། གནམ་ས་ཡང་དྲུག་འབུམ་གཤགས་ནས། ། དེ་ཡི་འོག་ན་སྒོ་མེད་པའི།། ལྕགས་མཁར་ནག་པོ་བཅུ་གཉིས་ནས།། ལས་ཀྱི་གཤིན་རྗེ་དེས་ཡོངས་ནས།། དེ་ལ་གཏོར་མ་དེ་བྱིན་ལ།། ཨོཾ་ཡ་མ་གརྨ་པྲ་བྷ་ཏ་བ་ལི་ཏ་ཁཱ་ཧི། ཞེསས་པས་ལན་བདུན་གྱིས་གཏོར་མ་དེ་བྱིན་གྱིས་བརླབས་ལ། ། གོང་གི་ཐོད་པ་མཚན་ངན་དེ།། དེ་ཡི་ལག་ཏུ་གཏད་བྱས་ལ།། སྐལ་པ་བཟང་པོའི་སེམས་ཅན་འདི།། འཆི་བདག་ཁྱོད་ཀྱི་ཟས་སྐལ་དུ།། ང་ཡིས་གཏད་དོ་དམ་ཉམས་འདི། ། ལུས་སེམས་མ་བྲལ་བར་དུ་གཏད།། ཅེས་པས་འཕྲིན་ལས་བཅོལ་ཏེ། ཁྱོད་ཀྱི་ལྟོ་ན་སྲིད་པ་གསུམ་ཡོད་པས། དམ་ཉམས་འདི་གཏད་དོ་ཤོ་ར་རེ་བྱས་ལ་ཐོད་པའི་འོག་ཏུ་ཁྲུ་དོ་རྐོས་ལ་ཐོད་པ་གཞུག། རྡོ་བ་སྔོན་པོ་ལེབ་མོ་ལ།། རྡོ་རྗེ་རྒྱ་གྲམ་གཟུགས་བྲིས་ལ། སྲཾ་དང་ལཾ་གྱིས་བསྐོར་ལ་མནན།། སྟེང་དུ་དོན་ཡོད་གྲུབ་པ་ཡབ་ཡུམ་བསྒོམ།། ལས་ཀྱི་གཤིན་རྗེ་རལ་པ་ཚར་དགུ་ལ།། གང་དུ་གནོན་ཀྱང་དངོས་སུ་དེ་ལ་གཏད། ། ཆུ་མིག་དག་ཏུ་གནོན་པ་ནི།། ཀླུ་ཡི་རིགས་ནི་ནག་པོ་ལ།། གཏོར་མ་ཀླུ་སྨན་དཀར་མོ་ལ།། ན་ག་རཱ་ཛ་པུས་བ་བ་ལི་ཏ་ཁཱ་ཧི། ཞེས་པས་གཏོར་མ་བྱིན་གྱིས་བརླབས་ལ་དབུལ།། གོང་གི་འཁོར་ལོ་གླང་རུ་རུ། ཀླུ་སྨན་དང་པོ་འོ་མས་བསྐང་ལ། གླང་རུའི་ཁ་ལ་བས་བཀའ་ལ།། ལ་ལྕེ་བྱེ་སས་དྲིལ།། རས་ནས་དཀར་རྩ་ཕུལ་གང་ཡང། ཆུ་དཀྲུགས་པའི་ཀླུ་དེ་ལ་ངས་མ་ཉེས་ཞེས་དཔང་བཙུགས་ལ་དེ་རུ་གཏད། བདག་ཉིད་གཤིན་རྗེ་གསལ་བྱས་ལ།། སྙིང་པོ་བཟླས་ཤིང་གནན་པ་བྱ།། རྩ་དེ་ཆུ་མིག་ཕུགས་སུ་སྦ།། ལག་པ་བཀྲུས་ལ་རྩི་སྨན་བྱུགས་ལ་སྦ།། སྔགས་དང་ཕྱག་རྒྱས་གནན་པ་དང། ། ཏིང་འཛིན་བསྒོམས་པས་གནན་པ་དང།། གཏད་ཁྲམ་ཚིག་གིས་གནན་པའོ།། འབྲས་བུ་ཐོན་ནས་འཁོར་ལོ་དབྱུང།། འཁོར་ལོ་འབྲས་བུ་མ་བྱུང་ཡང།། བཏོན་པས་སྦོགས་པ་བྱས་པ་ཡང།། གནམ་ས་གཞན་དུ་སྤོས་ལ་ཡང། ། འབྲ་བུ་བྱུང་ནས་འཁོར་ལོ་དབྱུང།། ཐ་མ་འཁོར་ལོ་མ་བྱུང་ན།། དགྲ་བོ་བརླག་པར་གྱུར་པ་དང།། ཐ་མ་རྣལ་འབྱོར་རང་ལ་གནོད་པ་དང།། དེ་ནས་འཁོར་ལོ་ཐ་མ་ནི།། འབྲས་བུ་བྱུང་ནས་འཁོར་ལོ་གདོན། ། ཡུམ་ཀུན་སྔགས་བཟླས་འོ་མ་རྩི་སྨན་གྱིས།། འཁོར་ལོ་བཀྲུས་ལ་དབྱུང་བའོ།། གཤིན་རྗེ་གཤེད་པོའི་རྒྱུད་གསང་བ་དྲུག་ཅུ་པ་ལས། འཁོར་ལོ་གནོན་པའི་ལེའུ་སྟེ་སོ་གཉིས་པའོ། །།། དེ་ལྟར་འཁོར་ལོ་གནན་པ་དེར།། རྟགས་རྣམས་བྱུང་ནས་སླར་ཡང་དབྱུང།། རྟགས་བྱུང་འཁོར་ལོ་མ་བཏོན་ན།། ཐ་མར་རང་དང་རིགས་བརྒྱུད་དང།། འཇིག་རྟེན་ཕྱི་མར་གནོད་པས་ན། ། འཁོར་ལོ་གདོན་པའི་ཐབས་གསུངས་པའོ།། གནོན་པའི་ལྷ་འདྲེ་དེ་ལ་ཡང།། དེའི་མཐུན་རྫས་དང་གཏོར་མ་བྱིན།། ལས་ཀྱི་འཆི་བདག་དེ་ལ་ཡང།། གཏོར་མ་བྱིན་ལ་གཏང་རག་བཏང།། འཁོར་དང་ཡུམ་རྣམས་སོ་སོ་ཡི། ། སྔགས་བཟླས་འོ་མ་ཀླུ་སྨན་གྱིས།། འཁོར་ལོ་བཀྲུ་ཞིང་གདོན་པར་བྱའོ།། ཨོཾ་མ་མ་ཨེ་ཀ་ཛ་ཏི་ཏྲག་རག་ཤ་ས་མ་ཤིནྟི་ཀུ་རུ་སྭཱ་ཧཱ།། ཨོཾ་ཨཿཧཱུཾ་པེ་ཏ་ལེ་རག་ཤ་རག་ཤ་མན་ཏྲ་ཤན་ཏིང་ཀུ་རུ་སྭཱ་ཧཱ། ཨོཾ་བཛྲ་ཀྲོ་དྷི་ཧེ་མ་དེ་ཤཱིནྟ་ཀུ་རུ་སྭཱ་ཧཱ། ཨོཾ་བཛྲ་ཀྲོ་དྷི་ཡ་མ་དེ་བི་ཤིནྟ་ཀུ་རུ་སྭཱཧཱ། ཨོཾ་བཛྲ་ཀྲོ་དྷི་ན་ག་དེ་མ་ཤིནྟ་ཀུ་རུ་སྭཱ་ཧཱ། ཨོཾ་བཛྲ་ཀྲོ་དྷི་ཁ་རག་དེ་མ་ཤིནྟ་ཀུ་རུ་སྭཱ་ཧཱ། ཨོཾ་བཛྲ་ཀྲོ་དྷི་ཁ་ལ་ད་རོང་བྷྱོ་རུ་ལུ་རུ་ལུ་ཤིནྟ་ཀུ་རུསྭཱ་ཧཱ། ཨོཾ་བཛྲ་ཀྲོ་དྷི་ཁ་ལ་ང་རོད་བྷྱོ་རུ་ལུ་རུ་ལུ་ཤིནྟ་ཀུ་རུ་སྭཱ་ཧཱ། ཨོཾ་བཛྲ་ཀྲོ་དྷི་པྲ་ཏི་ད་རོད་མ་བྷྱོ་རུ་ལུ་རུ་ལུ་ཤིནྟ་ཀུ་རུ་སྭཱ་ཧཱ། མ་མ་ཁ་ལ་བྷྱོ་ད་རོད་མ་བྷྱོ་རུ་ལུ་རུ་ལུ་ཤིནྟ་ཀུ་རུ་སྭཱ་ཧཱ། རག་ཤ་ཁ་ལ་རོད་མ་བྷྱོ་རུ་ལུ་རུ་ལུ་ཤིནྟ་ཀུ་རུ་སྭཱ་ཧཱ། ན་ག་ཁ་ལ་ད་རོད་མ་བྷྱོ་རུ་ལུ་རུ་ལུ་ཤིནྟཀུ་རུ་སྭཱ་ཧཱ། པྲ་ཏེ་ད་མནཱ་ག་ད་རོད་མ་བྷྱོ་རུ་ལུ་རུ་ལུ་ཤིནྟ་ཀུ་རུ་སྭཱ་ཧཱ། ཁ་ཡཀྵ་ད་ལ་ད་རོད་མ་བྷྱོ་རུ་ལུ་རུ་ལུ་ཤིནྟ་ཀུ་རུ་སྭཱ་ཧཱ། མ་མ་དུན་བྷྱོ་རུ་ལུ་རུ་ལུ་ཤིནྟ་ཀུ་རུ་སྭཱ་ཧཱ། མ་མ་དུན་བྷྱོ་རུ་ལུ་རུ་ལུ་ཤིནྟ་ཀུ་རུ་སྭཱ་ཧཱ། མ་མ་ཧེ་དུན་དུ་རུ་ཨེ་ནེ་དུན་དུན་ཤིནྟ་ཀུ་རུ་སྭཱ་ཧཱ། ཨོཾ་བཛྲ་དུན་དུན་མ་ཏི་ཤིནྟཀུ་རུ་སྭཱ་ཧཱ། ཨོཾ་བཛྲ་ཀྲོ་དྷ་རག་ཤ་མུ་ཀ་ཤིནྟ་ཀུ་རུ་སྭཱ་ཧཱ། ཞེས་པས་ཡུམ་རྣམས་ཀྱི་སྔགས་ཏེ། འཁོར་ལོ་འོ་མ་དང་སྨན་སྦྱར་བས་བཀྲུ་ཞིང་གདོན་པའོ།། འཁོར་ལོ་དེ་ནི་བཏོན་བྱས་ནས།། ཡེ་ཤེས་ཅན་དང་ལས་ཅན་གྱི།། ལྷ་ཚོགས་ཡོངས་ལ་བཏང་རག་གཏོང།། འཁོར་ལོ་རྙིང་པ་དེ་ཡང་ནི། ། རྫས་དང་བཅས་པས་སྦྱིན་སྲེག་བྱ།། སྦྱིན་སྲེག་ཐལ་བ་རླུང་ལ་བསྐུར།། དགྲ་བོ་རླུང་ལ་བསྐུར་བའོ།། གཤིན་རྗེ་གཤེད་པོའི་རྒྱུད་གསང་བ་དྲུག་ཅུ་པ་ལས། འཁོར་ལོ་གདོན་པའི་ཐབས་བསྟན་པའི་ལེའུ་སྟེ་སོ་གསུམ་པའོ། །།། རྡོ་རྗེ་འཛིན་པ་ཡང་གསོལ་པ།། འཁོར་ལོ་གསད་པའི་སྒྲུབ་པ་དེ་གང་ལགས།། འབྲུབ་ཁུང་སྒྲུབ་པའི་སྒྲུབ་པ་ཇི་ལྟར་བཅའ།། ཞེས་གསོལ་པ་དང།། གཤིན་རྗེ་གཤེད་པོས་བཀའ་སྩལ་བ། འབྲུབ་ཁུང་རྟེན་པའི་སྒྲུབ་པ་ནི།། ཐབས་ནི་ཇི་ལྟར་ཤེས་པ་བྱ།། བསྙེན་པ་ཉེ་བསྙེན་ཚད་ཕྱུང་ལ།། རྒྱ་ཆེན་པོའི་དཀྱིལ་འཁོར་ནི།། མཁས་པས་ཤིན་ཏུ་བྲི་བར་བྱ།། འཁོར་ལོ་དེ་ཡི་བྱང་ཤར་དུ།། འབྲུབ་ཁུང་གྲུ་གསུམ་སུམ་རྩེག་བྱ། ། ནང་ཀུན་སོལ་བས་ནག་པོར་བྱ།། འབྲུབ་ཁུང་དེ་ཡི་ནང་དཀྱིལ་དུ།། དྲི་མ་དྲུག་ཏུ་གནས་ཕྱེ་ལ།། སྤྲུས་པའི་ལིང་ཀ་མཛུབ་གང་བྱ།། མིང་རུས་སྙིང་ཁ་དཔྲལ་བར་གླན།། སྔོན་དམར་ཐགས་པས་སྐེ་རགས་བཏགས། ། ཕུར་བ་གཤིན་རྗེ་དམར་པོར་བསྒོམ།། དེ་ལ་བཏགས་ལ་ལེགས་པར་སྦྱར།། སྒྲུབ་རྫས་འཁོར་ལོ་བཞིན་དུ་བཤམས།། ཁྱད་པར་ཕུར་བ་བཅཝོ་ལྔ་དགོད།། ཕུར་པ་གཤིན་རྗེ་གཤེད་པོ་དང། ། གཤེད་བཞི་ཕྱོགས་སྐྱོང་བཅུ་རུ་བསམ།། ལས་གཞུང་རིམ་པར་བྱ་བ་ཡང།། བཅུ་བདུན་སྙིང་པོ་ནུས་ཚད་བཟླས།། ལྷ་ཀུན་ཐུགས་དམ་བསྐུལ་བྱས་ནས།། དགྲ་བགེགས་གང་ཡིན་འདི་ཡིས་དགུག། ལྕགས་ཀྱུའི་ཕྱག་རྒྱས་བཅས་ལ་དགུག། ཨོཾ་བཛྲ་ཨཱ་ཀརྵ་ཡ་ཆེ་གེ་མོ་ཛ་ཛཿ། ཞེས་བདག་གི་ཐུགས་ཀ་ནས།། ལྷ་མོ་ལྕགས་ཀྱུ་ཐོགས་པ་སྤྲོས།། དགྲ་བགེགས་སྙིང་ནས་བཟུང་ནས་ཀྱང།། ལིང་ག་དེ་ལ་འདི་སྐད་གདབ་ཨོཾ་བཛྲ་བྲ་བེ་ཡ་ཕཊ། ཅེས་ཁ་ཕྱེ་ལ། ཨ་བེ་ཤ་ཨ་བེ་ཤ་ཡས་བསྟིམ།། གུ་གུལ་ར་གཞོབ་ཚིལ་ཆེན་དང།། མེ་ལ་བསྲེགས་པའི་དུད་པས་བདུག། ཨ་ནི་ཤག་ཤག་དུ་རི་པྲ་མ་ནི་དེ་བ་ཕྱེ། ཞེས་ལྷ་དང་དཔྲལ། ཞེས་ལྟ་དང་དབྲལ། དེ་ནས་བདེན་པ་བརྡར་ལ་ཡང་ལྷ་དང་དབྲལ།། དེ་ནས་གཙོ་བོ་ཡབ་ཡུམ་དང།། གཤེད་བཞི་ཡབ་ཡུམ་བརྒྱད་ཀ་བསྐུལ།། ཕྱོགས་སྐྱོང་བཅུ་ཡང་བསྐུལ་བར་བྱ།། དེ་ཡི་ཡུམ་ཡང་བསྐུལ་བར་བྱ། ། ཕོ་ཉ་རྣམ་པ་གསུམ་ཡང་བསྐུལ།། གིང་དང་བདུད་དང་ཤན་པ་དང།། མོན་པ་མོན་མོ་ཐམས་ཅད་བསྐུལ།། ཕྱོགས་སྐྱོང་བཅུ་པོ་བསྐུལ་བ་ནི།། ཤར་གྱི་ཕྱོགས་ཀྱི་མགོན་པོ་དང།། གཤིན་རྗེ་ཀོ་རྩེ་བྲག་འཇོམས་ནི། ། དུང་ཁྲབ་ཁྲ་བོ་ལྡེམས་སེ་ལྡེམས།། ཐོད་རུས་ཆགས་པ་བྲེངས་སེ་བྲེངས།། དེ་ན་ཀོང་རྩེ་བྲག་འཇོམས་བཞུགས།། སྐུ་ལ་ལུས་ཁྲབ་ཁྲ་བོ་གསོལ།། དབུ་ལ་ཁྲོ་ཆུའི་ཟླ་ཞུན་གསོལ།། ཕྱག་ན་གནོད་འདུལ་བྲག་ཀྱང་བསྣམས། ། བཞུགས་ཀྱང་རྡོ་རྗེ་བྲག་ལ་བཞུགས།། ཀོང་རྩེ་བྲག་འཇོམས་འཁོར་བཅས་ཀྱིས།། དགྲ་བགེགས་མ་ལུས་རྡུལ་དུ་རློགས།། ཤར་ཕྱོགས་ཨ་བ་གླང་མགོ་ཅན།། ཞལ་ནི་བགྲད་ཅིང་འཇིགས་པའི་གཟུགས། ། སྨིན་མ་སེར་ལ་དབུས་ཡང་སེར།། ཆར་སྤྲིན་ནག་པོའི་ཁ་དོག་འདྲ།། སྐུ་ལ་ཞིང་ལྤགས་རློན་པ་གསོལ།། སྐུ་སྨད་སྟག་གི་ཤམ་ཐབས་ཅན།། སྦྲུལ་དང་ཐོད་པས་སྐུ་ལ་བརྒྱན། ཆིབས་སུ་དྲེ་རྟ་རྐང་གསུམ་ཆིབས།། ཕྱག་ནི་ཏྲི་ཤཱུལ་རྩེ་གསུམ་བསྣམས།། སྡང་དགྲ་གནོད་བགེགས་ཐལ་བར་རློགས།། ལྷོ་ཡི་ཕྱོགས་ཀྱི་མ་གོན་པོ་ནི།། གཤིན་རྗེའི་རྒྱལ་པོ་ཡ་བ་སྟི།། དབུ་སྐྲ་ཁམ་གནག་གྱེན་དུ་འཁྱིལ། ། སྨ་ར་བསྐལ་པའི་མེ་ལྟར་འབར།། སྨིན་མ་ནམ་མཁའི་གློག་ལྟར་འཁྱུག། ཞིང་ལྤགས་རློན་པ་ན་བཟར་གསོལ།། སྟག་ལྤགས་རློན་པའི་ཤམ་ཐབས་ཅན།། ཆིབས་སུ་མ་ཧེ་ནག་པ། ཆིབས།། ཕྱག་ན་འཛིན་པའི་ལྕགས་ཀྱུ་བསྣམས། ། དགྲ་བགེགས་མ་ལུས་ཐལ་བར་རློགས།། ལྷོ་ནུབ་མཚམས་ནས་དགྲ་འགུགས་པ།། གཤིན་རྗེའི་རྒྱལ་པོ་ཕྱ་སངས་ནི།། ཞལ་གཅིག་བགྲད་ཅིང་འཇིགས་པའི་གཟུགས།། སྨིན་མ་སེར་པོ་དབུ་ཡང་སེར། ། ཆར་སྤྲིན་སེར་པོའི་ཁ་དོག་འདྲ།། སྤྲུལ་དང་ཐོད་པ་རྒྱན་དུ་བྱས།། སྐུ་ལ་ཞིང་ལྤགས་རློན་པ་གསོལ།། སྐུ་སྨད་སྟག་གི་ཤམ་ཐབས་གསོལ།། ཆིབས་སུ་སྲིན་རྟ་ཕྱ་སངས་ཆིབས།། ཕྱག་ན་ཤེས་རབ་རལ་གྲི་བསྣམས། ། དགྲ་བགེགས་མ་ལུས་དབང་དུ་སྡུས།། ནུབ་ཀྱི་ཕྱོགས་ནས་དགྲ་འགུགས་པ།། གཤིན་རྗེའི་རྒྱལ་པོ་སྨིགས་པ་ནི།། དབུ་སྐྲ་ཁམ་ནག་གྱེན་དུ་འཁྱིལ།། སྨ་ར་བསྐལ་པའི་མེ་ལྟར་འབར།། སྨིན་མ་ནམ་མཁའི་གློག་ལྟར་འགྱུར། ། གླང་ཆེན་རློན་ན་བཟར་གསོལ།། སྟག་ལྤགས་རློན་པོའི་ཤམ་ཐབས་ཅན།། ཐོད་པ་སྐམ་རློན་འཕྲེང་བས་བརྒྱན།། ཆིབས་སུ་ཆུ་གླང་ནག་པོ་ཆིབས།། ཕྱག་ན་ཐོད་པའི་འཕྲེང་བ་བསྣམས། ། གཤིན་རྗེ་སྨིགས་པ་འཁོར་བཅས་ཀྱིས།། དགྲ་བགེགས་མ་ལུས་ཐལ་བར་རློགས།། ནུབ་བྱང་མཚམས་ནས་དགྲ་འགུགས་བ།། གཤིན་རྗེའི་རྒྱལ་པོ་རྟེལ་པ་ནི།། ཞལ་ནི་བགྲད་ཅིང་འཇིགས་པའི་གཟུགས། ། སྨིན་མ་སེར་པོ་དབུ་ཡང་སེར།། ཆར་སྲིན་སེར་པོའི་ཁ་དོག་འདྲ།། ཐོད་པ་དག་གིས་རྒྱན་དུ་བྱས།། སྤྱན་གསུམ་དབུ་ཡང་གྱེ་ན་དུ་བརྗེས།། ཞལ་གཅིག་པ་ལ་མདངས་ཀྱང་གསལ།། སྐུ་ལ་ཞིང་ལྤགས་རློན་པ་གསོལ། ། སྐུ་སྨད་སྟག་གི་ཤམ་ཐབས་ཅན།། ཆིབས་སུ་རླུང་རྟ་རུ་ལྡེམས་ཆིབས།། ཕྱག་ན་རྡུང་པའི་དབྱུག་ཐོ་བསྣམས།། དགྲ་བགེགས་མ་ལུས་རྡུལ་དུ་རློགས།། བྱང་གི་ཕྱོགས་ནས་དགྲ་འགུགས་བ། ། གཤིན་རྗེའི་རྒྱལ་པོ་ལྷ་མཆོག་དུད་ཁ་ནི།། དབུ་སྐྲ་ཁམ་ནག་རལ་བ་གྱེན་དུ་འཁྱིལ།། སྨྲ་ར་བསྐལ་བའི་མེ་ལྟར་འབར།། སྨིན་མ་ནམ་མཁའི་གློག་ལྟར་འགྱུར།། ཞིང་ལྤགས་རློན་པའི་བཟའ་ལ།། སྟག་ལྤགས་སྟོང་གི་ཤམ་ཐམས་ཅན། ། ཆིབས་སུ་རྔ་མོ་སྔོ་ནག་ཆིབས།། ལག་ན་གདུག་པའི་སྤུ་གྲི་ཐོགས།། དགྲ་བགེགས་མ་ལུས་ཐལ་བར་རློགས།། བྱང་ཤར་མཚམས་ནས་དགྲ་འགུགས་པ།། གཤིན་རྗེ་ཆོས་ཀྱི་རྒྱལ་པོ་ནི། ། ཞལ་ནི་བགྲད་ཅིང་འཇིགས་པའི་གཟུགས།། སྨིན་མ་སེར་པོ་དབུ་ཡང་སེར།། ཆར་སྤྲིན་སེར་པོའི་ཁ་དོག་འདྲ།། ཐོད་པ་དག་གིས་རྒྱན་དུ་བྱས།། སྤྱན་གསུམ་དབུ་ཡང་གྱེན་དུ་བརྫེས།། ཞལ་གཅིག་པ་ལ་མདངས་ཀྱང་གསལ། ། སྐུ་ལ་ཞིང་ལྤགས་རློན་པ་གསོལ།། སྐུ་སྨད་སྟག་གི་ཤམ་བུ་ཅན།། ཆིབས་སུ་མ་ཧེ་སྔོན་པོ་ཆིབས།། ལག་ན་གཅོད་གཞོ་ཁྲམ་བམ་ཐོགས།། དགྲ་བགེགས་མ་ལུས་རྡུལ་དུ་རློགས།། སྟེང་གི་ཕྱོགས་ནས་དགྲ་འགུགས་པ། ། གཤིན་རྗེའི་རྒྱལ་པོ་བདུད་འཇོམས་ནི།། ཞལ་ནི་བགྲད་ཅིང་འཇིགས་པའི་གཟུགས།། སྣིང་མ་སེར་པོ་དབུ་ཡང་སེར།། ཆར་སྤྲིན་སེར་པོའི་ཁ་དོག་འདྲ།། ཐོད་པ་དག་གིས་རྒྱན་དུ་བྱས། ། སྤྱན་གསུམ་དབུ་ཡང་གྱེན་དུ་བརྫེས།། ཞལ་གཅིག་པ་ལ་མདངས་ཀྱང་གསལ།། སྐུ་ལ་ཞིང་ལྤགས་རློན་པ་གསོལ།། སྐུ་སྨད་སྟག་གི་ཤབ་བུ་ཅན།། ཆིབས་སུ་མ་ཧེ་སྔཽན་པོ་ཆིབས།། ལག་ན་གཏུབ་པའི་སྟ་རི་བསྣམས། ། དགྲ་བགེགས་མ་ལུས་ཐལ་བར་རློགས།། འོག་གི་ཕྱོགས་ནས་དགྲ་འགུགས་པ།། གཤིན་རྗེའི་རྒྱལ་པོ་མིག་གམར་ནི།། ཞལ་ནི་བགྲད་ཅིང་འཇིགས་པའི་གཟུགས།། སྨིན་མ་དམར་པོ་དབུ་ཡང་དམར། ། ཆར་སྤྲིན་དམར་པོའི་ཁ་དོག་འདྲ།། ཐོད་པ་དམར་པོས་རྒྱན་དུ་བྱས།། སྤྱན་གསུམ་དག་ནི་གྱེན་དུ་བརྫེས།། ཞལ་གཅིག་པ་ལ་མདངས་ཀྱང་གསལ།། ཞིང་ལྤགས་རློན་པ་སྐུ་ལ་གསོལ།། སྐུ་སྨ་ད་གློག་གི་ཤམ་ཐམས་ཅན། ། ཞལ་ནས་ལྕགས་ཀྱི་ཚ་ཚ་འཕྲོ།། ཚེམས་ནས་རྡོ་རྗེ་སེར་ཆེན་འབེབས།། གཡས་ན་ཤེས་རབ་རལ་གྲི་བསྣམས།། གཡོན་པ་རླུང་གི་འཁོར་ལོ་ཐོགས།། ལྗགས་ལ་ཁྲག་གི་རྦ་ཀློང་འཁྱིལ།། དམ་ཉམས་དགྲ་བོ་དབང་དུ་སྡུས། ། ཕྱོགས་སྐྱོང་བསྐུལ་བའོ།། དེ་ནི་གཤེད་པོའི་ཡུམ་བཞི་བསྐུལ་ལོ།། ལྷ་མོ་ཆེན་པོའི་དཀྱིལ་འཁོར་ནས།། ཧེ་མ་དེ་ཞེས་བརྗོད་པ་ལས།། དཔལ་ལྡན་མདངས་འཕྲོག་ནམ་མཁའི་མདངས། ། དུང་གི་རལ་པས་གཟིགས་ཤིང་སྤྱན་ནས་ཁུ་འཕང་འབེབས།། སྙན་ནས་བུ་ཡུག་འཚུབ་ཅིང་ཤངས་ནས་ཉི་ཟེར་འཆར།། བཞད་པའི་ཞལ་ནས་ཁྲག་གི་ངན་སྐྱུགས་འཐོར།། སྤྱི་གཙུག་ཞེ་སྔང་དཀར་པོའི་འོད་ཟེར་སྐྱེ། ། སྐར་མདའི་ཕྱག་གཉིས་རོལ་ཅིང་འཇའི་ཞགས་པ་སྐྱོང།། གཡས་པ་དུང་ཆེན་རག་ཏ་ཐོགས།། དྲི་ཟའི་མགོ་བཅད་མན་དར་ཐོགས།། ཁྱོད་ནི་མདངས་འཕྲོག་ཆེན་མོ་ཡིན།། སྙིང་གི་རྩ་ཆེན་སྤྲོས་ནས་ནི། ། སྙིང་ཁྲག་དམར་ལ་དྲི་སྣོམ་མ།། སྡང་བའི་དགྲ་བགེགས་ཐལ་བར་རློགས།། ལྕགས་ཀྱི་སྤྱང་མོ་མགོ་དགུ་མ་བསྐུལ་བ།། ལྷོ་ཡི་ཕྱོགས་ནས་བསྐུལ་བ་ནི།། ཡ་མ་གཤེད་ཀྱི་དཀྱིལ་འཁོར་ནས།། ཡ་མ་དེ་མ་བརྗོད་པ་ལས། ། དཔལ་གྱི་ཕྱག་བརྙན་སྐྲ་འཕྲོག་མ།། ལྕགས་ཀྱི་སྤྱང་མོ་མགོ་དགུ་ནི།། མེ་དཔལ་དམར་པོའི་རལ་བ་ཅན།། སྤྱན་ནས་མེ་ཡི་སེར་བ་དམར་པོ་འབེབས།། སྙན་ནས་མེ་ཡི་འཚུབ་མ་འཐོར། ། བཞད་པའི་ཞལ་ནས་ཁྲག་གི་ངན་སྐྱུགས་འཐོར།། སྤྱི་གཙུག་ཁྲག་གི་རལ་པ་དམར་པོ་སྐྱེ།། སྐར་མདའི་ཕྱག་གཉིས་སྐྱོང་ཞིང་འཇའ་ཞགས་འཕེན།། གཡས་པ་ཁྲོ་ཆུ་གཙགས་ཆ་ཐོགས།། གཤིན་རྗེའི་བན་དང་མགོ་བཅད་དུ། ། མཁལ་མའི་རྩ་ཆེན་སྤྲོས་ནས་ནི།། ཁྱོད་ནི་ཁྲག་འཕྲོག་ཆེན་མོ་ཡིན།། མཁལ་མའི་རྩ་ལ་དྲི་སྣོམ་ཞིང།། དགྲ་བོའི་མཁལ་རྩ་དྲང་བའི་དུས་ལ་བབ།། ནུབ་ཀྱི་ཕྱོགས་ནས་བསྐུལ་བ་ནི།། ཀླུ་དབང་གདུང་བའི་དཀྱིལ་འཁོར་ནས། ། ན་ག་དེ་མ་བརྗོད་པ་ལས།། ཡེ་ཤེས་མཁའ་ལྡིང་མ་མོ་དཔལ།། དཔལ་གྱི་ཕྱག་བརྙན་ཁྲག་འཕྲོག་མ།། ཁྲག་མདོག་བསེ་ཡི་རལ་བ་ཅན།། ཁྲག་གི་རལ་པས་སྟོང་ཁམས་ཁེངས། ། སྤྱན་ནས་ཁྲག་གི་ཆར་པ་འབེབས།། སྙན་ནས་བསྐལ་པའི་འབྲུག་སྟོང་ལྡི་རི་རི།། ཤངས་ནས་རླུང་འབྱུང་ཚུབ་མ་འཚུབ།། བཞད་པའི་ཞལ་ནས་ཁྲག་གི་ངན་སྐྱུགས་འཐོར།། སྤྱི་གཙུག་མེ་ཡི་ཞེ་སྡང་དམར་མོ་སྐྱེ། ། མེ་ཡི་ཕྱག་གཉིས་གར་སྟབས་ལིངས་སེ་ལིངས།། གཡས་པ་མེ་དཔུང་འབར་བ་ལ།། གཡོན་པ་མེ་ཡི་ཞགས་པ་འདེབས།། ཚིགས་པ་གཞུང་གི་རྩ་འཕྲོག་མ། ཁྱོད་ནི་དྲོངའཕྲོག་ཆེན་མོ་ཡིན།། དྲོད་དང་དབྲལ་བའི་དུས་ལ་བབ། ། བྱང་གི་ཕྱོགས་ནས་འབྱུང་བ་ནི།། གནོད་སྦྱིན་དྲེགས་པའི་དཀྱིལ་འཁོར་ནས།། ཁ་རག་དེ་མ་བརྗོད་པ་ལས།། དཔལ་གྱི་ཕྱག་བརྙན་དབུགས་ལེན་སྲོག་འཕྲོག་མ།། རླུང་མདོག་ནག་མོ་སྤྲིན་གྱི་རལ་པ་ཅན། ། སྤྱན་ནས་དཀའ་ཆེན་འོད་ཟེར་འཕྲོ།། སྙན་ནས་རླུང་ནག་བུ་ཡུག་འཚུབ།། ཤངས་ནས་རླུང་ནག་བུ་ཡུག་འབྱོར།། བཞད་པའི་ཞལ་ནས་ཐོག་དང་སེར་བ་འབེབས།། སྤྱི་གཙུག་རླུང་གི་ཕྲག་དོག་ལྗང་གུ་སྐྱེ། ། རླུང་གི་ཕྱག་གིས་གར་སྟབས་ལིངས་སེ་ལིངས།། འདུ་བའི་ཞབས་གཉིས་ལངས་སེ་ལངས།། གཡས་པ་རལ་གྲི་རྒྱ་གྲམ་འདེབས།། གཡོན་པ་སྲོག་གི་སྙིང་རྩ་ཐོགས།། ཁྱོད་ཀྱི་ལོངས་སྤྱོད་དབུགས་ཡིན་ཏེ། ། དབུགས་ལེན་སྲོག་འཕྲོག་དུས་ལ་བབ།། དར་ལམ་མ་བྷྱོ་རུ་ལུ། ཡུངནག་བསྲེགས་ལ་ལན་ཉི་ཤུ་རྩ་གཅིག་བཟླས་སོ།། གཤེད་མོ་བཞིའི་འཁོར་བཞི་བསྐུལ་བ་ནི། ཧཱུཾ། བྱང་ཤར་མཚམས་ཀྱི་དགྲ་འདུལ་མོ། ། སྟག་སྨད་ཟོར་འདོང་ཆེན་མོ་ནི།། ཆིབས་སུ་ལྟོ་ཡི་སྟག་མ་ཆིབས།། འཁོར་དུ་སྟག་གཟིག་འབུམ་སྡེ་རོལ།། གཡས་གཡོན་སྟག་གཟིག་ཤ་ར་ར།། ཤུལ་ནས་གཅན་གཟན་མང་པོ་འབྲང།། གཡས་པ་ལྕགས་ཀྱི་གྲེ་པ་ཐོགས། ། ཁྲོ་ཆུང་འབུམ་ཁྲི་ཕྲག་ལ་བཀལ།། མེ་ཡིས་ཙིཏྟ་ཕྲག་མར་བཅུག། བྱང་ཤར་དགྲ་འདུལ་དུས་ལ་བབ།། ནུབ་བྱང་མཚམས་ཀྱི་དགྲ་འདུལ་མ།། ནག་མོ་དུང་ཚུབ་མཆེ་བཅན།། ཆིབས་སུ་བྱང་གི་བྲོང་ལ་ཆིབས། ། འཁོར་དུ་ནམ་གྲུ་སྟོང་གིས་བསྐོར།། གཡོན་ན་མཛོ་ཞོན་ཤར་ར།། ཤུལ་ན་གནོད་སྦྱིན་འབུམ་གྱིས་བསྐོར།། གསེར་གྱི་མདུང་དམར་གཡས་ན་ཆེམས།། སྟི་རའི་གཡང་གཞི་གཡོན་ན་གདེངས། ། ནུབ་བྱང་དགྲ་འདུལ་དུས་ལ་བབ།། ལྷོ་ནུབ་མཚམས་ཀྱི་དགྲ་འདུལ་མ།། ཁྲི་སྨན་ཐོག་ལྡེམ་ཆེན་མོ་ནི།། ཆིབས་སུ་གནམ་གྱི་དཀར་པོ་ཆིབས།། འཁོར་དུ་ལྷོ་སྤྲིན་ལང་ལིང་བསྐོར།། གཡས་ན་སྨན་བརྒྱ་ཤར་ར། ། གཡོན་ན་གློག་འགྱུ་ལྗིབས།། ཐོག་སྨན་རོལ་པ་སྨན་ནས་འབྲེང།། གཡས་གཡོན་འབྲུག་དང་གནམ་ལྕགས་ཐོག། ལྷོ་ནུབ་དགྲ་འདུལ་དུས་ལ་བབ།། ཤར་ལྷོ་མཚམས་ཀྱི་དགྲ་འདུལ་མ།། མཚན་ནི་བ་ལམ་དེ་སྣམ། ། ཆིབས་སུ་དྲོད་ཀྱི་ཕག་ལ་ཆིབས།། འཁོར་དུ་གཟའ་དང་རྒྱུ་སྐར་བསྐོར།། གཡས་གཡོན་རྔ་ཞོན་བོང་ཞེན་འབུམ།། བུད་མེད་འབུམ་ཕྲག་སླད་ནས་འབྲང།། གཡས་གཡོན་སྐོར་མདའ་གཟའ་ཆེན་འཕེན། ། ཤར་ལྷོའི་དགྲ་འདུལ་དུས་ལ་བབ།། གཤེད་མོ་བཞི་འཁོར་དང་བཅས་པ་བསྐུལ་ལོ།། ད་ནི་ཕྱོགས་སྐྱོང་གི་ཡུམ་བཅུ་བསྐུལ་བ་འདི་སྐད་དོ།། ཧཱུཾ། འདོད་པའི་བུ་མོ་ཁས་ལེན་མ།། ནམ་མཁའ་དང་བའི་སྐུ་མངའ་བ། ། ཏིང་འཛིན་ཟླ་བའི་གསུང་མངའ་མ།། ཡེ་ཤེས་ཉི་མའི་ཐུགས་མངའ་བ།། སྐུ་ཁྲི་སྟོང་གི་རྒྱལ་པོ་ཡིས།། འདོད་ཆགས་རྒྱ་མཚོའི་གདན་དུ་བཏིང།། ཕྱོགས་མཚམས་སྟོང་གི་རྒྱལ་མོ་ཡིས།། ཐུགས་དམ་རི་རབ་རྩེ་ལ་བཞེངས། ། ཐུགས་ཀྱི་སྦྱོར་བའི་སྲས་བལྟམ་པ།། འདོད་པའི་བུ་མོ་བརྒྱད་དུ་བལྟམ།། ཤར་ཕྱོགས་ཁམས་ཀྱི་མངའ་བདག་མོ།། ནམ་མཁའི་བུ་མོ་དཀར་ཤར་འདོད།། མི་བཟང་རྡོ་རྗེ་རལ་གཅིག་མ། ། དཀར་མོའི་མདོག་ལ་བཞད་མོ་ཆེ།། སྤྱན་དཀར་མཆེ་བ་ཆ་ལུགས་ཅན།། དུང་གི་དྲེའུ་རྐང་གསུམ་ནི།། མྱུར་བའི་ཚད་ནི་གློག་པས་མགྱོགས།། ཉི་ཟེར་ཞགས་པ་སྡོགས་ཤིང་འཕེན།། ལག་ན་སྙིང་འཛིན་ཁུ་རུ་འཛུད། ། སྙིང་རྩ་དྲང་བའི་དུས་ལ་བབ།། བཛྲ་ཁ་ལ་ད་རོད་བྷྱོ། རུ་ལུ་རུ་ལུ། ཧཱུཾ། འདོད་པའི་བུ་མོ་ཁས་ལེན་མ།། ཤར་ལྷོ་མཚམས་ཀྱི་མངའ་བདག་མོ།། དྲང་སྲོང་དཀར་སྐྱ་མཆེ་བ་ཅན། དཀར་བའི་གཟུགས་དང་ལྡན་ཞིང་མངའ་མཛད་མ། ། དཀར་བའི་མདོག་ལ་བཞད་མོ་ཆེ།། གཟའ་སྐར་ཐོད་འཕྲེང་གཡང་གཞི་ཅན།། ཟླ་ཟེར་ཞགས་པས་ལྡོགས་ཅིང་འཕེན།། སྐར་མདའི་ཆིབས་ནི་གློག་པས་མགྱོགས།། སྡང་བའི་དགྲ་བོའི་མདངས་འཕྲོག་མ། ། མཁལ་མའི་སྙིང་ཕྱུང་ཞལ་དུ་སྟོབས།། མཁལ་རྩ་དྲང་བའི་དུས་ལ་བབ།། ཕུ་ཏྲ་ཁ་རོད་མ་རུ་ལུ་རུ་ལུ། འདོད་པའི་བུ་མོ་ཁས་ལེན་མ།། ལྷོ་ཡི་ཕྱོགས་ནས་བསྐུལ་བ་ནི།། གཤིན་རྗེའི་ཡུམ་གཅིག་རེ་མ་ཏི། ། རྒྱ་མཚོའི་གཟུགས་ལ་འབར་བའི་སྐུ།། སྔོ་སྐྱའི་སྐུ་ལ་ནམ་མཁའི་མདོག། སྤྲུལ་ནག་གཡང་གཞི་སྐུ་ལ་བརྒྱན།། རུས་སྦལ་ཆིབས་ནི་གློག་པས་མགྱོགས།། སྡང་བ་དགྲ་བོའི་མདངས་འཕྲོག་མ།། རྩེ་ཆུང་གཡས་གཡོན་རྩ་དྲངས་ནས། ། ལྕེ་རྩ་དྲང་བའི་དུས་ལ་བབ།། ཡ་མ་ཁ་ལ་རོད་མ་མ་བྷྱོ་རུ་ལུ་རུ་ལུ། འདོད་པའི་བུ་མོ་ཁས་ལེན་མ།། ལྷོ་ནུབ་མཚམས་ནས་བསྐུལ་བ་ནི།། དྲེད་མོའི་གཟུགས་ལྡན་འབར་བའི་སྐུ། ། ཉམས་ཅན་ཁྲག་གི་རལ་གཅིག་མ།། སྐུ་མདོག་སྨུག་གནག་མདངས་བཟང་མ།། དྲེད་མོའི་གཡང་གཞི་སྐུ་ལ་བརྒྱན།། རྔ་མོ་གྭ་ཆིབས་གློག་བས་མགྱོགས།། སྡང་བའི་དགྲ་བོའི་སྟོད་གཟེར་མ།། བློ་རྩ་གཡས་གཡོན་རྩ་ནས་དྲངས། ། རག་ཤད་རོད་མ་མོ་བྷྱོ་རུ་ལུ་རུ་ལུ། འདོད་པའི་ཁམས་ཀྱི་ཁས་ལེན་མ།། ནུབ་ཀྱི་ཕྱོགས་ལ་མངའ་མཛད་མ།། ཀླུ་མོ་ནག་མོ་བུས་འགྲོ་མ།། རུས་སྦལ་གཟུགས་ལྡན་ཀླུ་མོའི་སྐུ། ། དམར་ནག་སྐུ་ལ་མདངས་བཟངས་མ།། ཆུ་སྲིན་མགོ་དགུ་གློག་འགྱུ་ཆིབས།། སྡང་བའི་དགྲ་བོ་མེས་ལེན་མ།། ནང་ཁྲོལ་རྩ་ཆེན་དྲང་དུ་གསོལ།། ན་ག་ཁ་ལ་ད་རོད་མ་མ་བྷྱོ་རུ་ལུ་རུ་ལུ། འདོད་པའི་བུ་མོ་ཁས་ལེན་མ། ། ནུབ་བྱང་མཚམས་ནས་མངའ་མཛད་མ།། རླུང་ལྷ་སྤྱན་གསུམ་མཆེ་བ་ཅན།། ཀླུ་མོ་ནག་མོ་བུས་འགྲོ་མ།། ནག་མོའི་ལུས་ལ་སྤྲིན་གྱིས་བརྒྱན།། སྨུག་ནག་འཐིབས་པའི་ཆ་ལུགས་ལ།། རླུང་གི་ཤ་བ་ལྗང་ཁུ་ལ། མྱུར་བའི་ཚད་ནི་གློག་བས་མགྱོགས།། བདུང་དང་བ་དན་བསྡིག་ཅུང་འཕེན།། ལག་ན་ཡིད་འཕྲོག་བཀག་དང་འབྲེལ།། མཆིན་པའི་རྩ་ཆེན་དྲང་དུ་གསོལ།། པ་ཏ་དེ་མ་ན་ཁ་རོད་བྷྱོ་རུ་ལུ་རུ་ལུ། འདོད་པའི་བུ་མོ་ཁས་ལེན་མ། ། བྱང་ཕྱོགས་ལས་ལ་མངའ་མཛད་མ།། གནོད་སྦྱིན་བུ་མོ་ཨེ་ཀ་ཤན།། གནོད་སྦྱིན་ནག་མོའི་གཟུགས་ལྡན་མ།། ནག་མོའི་སྐུ་ལ་གཟུགས་མི་སྡུག། མི་ལྤགས་གཡང་གཞི་སྐུ་ལ་བརྒྱན། ལྕགས་ཀྱི་དྲེ་རྟ་མགོ་དགུ་ཆིབས། ། མྱུར་བའི་ཚད་ནི་གློག་བས་མགྱོགས།། ལག་ན་སྤྱང་ལོ་འཕྱར་ཞིང་འཕེན།། སྐྱེ་རྒྱུད་རྩད་ནས་གཅད་པའི་ཕྱིར།། ཚིགས་པའི་རྩ་ཆེན་དྲངས་དུ་གསོལ།། ཁ་ན་རོད་རུ་ལུ་རུ་ལུ། འདོད་པའི་བུ་མོ་ཁས་ལེན་མ། ། བྱང་ཤར་མཚམས་ཀྱི་མངའ་བདག་མོ།། མེ་ལྷ་རྡོ་རྗེ་རལ་གཅིག་མ།། དམར་མོའི་སྐུ་ལ་མེ་ཡིས་བརྒྱན།། མེ་དབལ་མཆེད་པའི་ཆ་ལུགས་ཅན།། ར་སྐྱེ་ཆིབས་ནི་གློག་པས་མགྱོགས།། ལག་པར་མེ་དཔུང་འབར་བ་ཐོགས། ། ལུགས་ངག་ཡིད་གསུམ་དབྲལ་བའི་ཕྱིར།། སྲེགས་ཤིང་མེ་དཔལ་དམར་པོས་བསྲེགས།། མ་དུ་བྷྱོ་རུ་ལུ་རུ་ལུ། མ་མ་ཡེད་དུན་དུན། ཡེ་ཀ་ཛ་ཏི་དང། བ་ལ་མ་དྲེ་སྣ་མ་གཉིས་གོང་མ་དང་གཞན་ནས་འདྲེའོ། ། དེ་སྐད་བསྐུལ་ནས་དགྲ་བོ་དགུག། ལྷ་ཚོགས་རངས་པ་བསྐུལ་ཞིང་འགུག། ལིང་གིའི་དྲ་རུ་མིང་བྱས་ལ།། ཐུན་དང་ཕུར་པས་གདབ་པར་བྱ།། ཐ་མར་ལིང་ག་རལ་གྲིས་གཏུབ།། ལིང་ག་དུམ་བུར་གཏུབས་ལ་བསྲེག། གནན་པ་བྱ་བ་གང་ཡང་རུང།། ཕོགས་གསུམ་བྱས་ལ་ལས་རྣམས་འགྲུབ།། ཕྱི་ཡི་ལིང་ག་རྐང་རྗེས་ལ།། དྲི་མ་རྡུགས་ལ་བྱས་པ་དེ།། ནང་གི་ལིང་ག་མིང་རུས་ལ།། གསང་བའི་ལིང་ག་རྩ་ར་རོག། དེ་ལྟར་བྱས་པས་ལས་རྣམས་འགྲུབ།། གཤིན་རྗེ་གཤེད་པོའི་རྒྱུད་གསང་བ་དྲུག་ཅུ་པ་ལས། འབྲུབ་ཁུང་བསྒྲུབ་པར་བྱ་བའི་ཐབས་བསྟན་པའི་ལེའུ་སྟེ་སོ་བཞི་པའོ།།།། གཤིན་རྗེ་གཤེད་པོས་གསུངས་པའི་དོན་བསྟན་པ། འཁོར་ལོ་འབྲུབ་ཁུང་གཉིས་པའོ།། ཐུན་རྡེག་སྐབས་སུ་འདི་ལྟར་བརྡེག། དུག་སྣ་ཚང་བའི་ཐུན་དེ་ལ།། དྲག་སྔགས་འདི་ཡིས་བསྔགས་ཤིང་བརྡེག། ཡ་མ་རྩ་ཁྲག་ཐིབས་རྦད། ཡ་མ་རཱ་ཛ་མུགས་ཐིབས་རྦད། ཡ་མཱ་ར་ཛ་གླིང་དུ་ཡ་རྦད། ཡ་མ་ར་ཛ་མྱགས་ཚལ་བི་མ་ཡ་འུབ་འུབ་ཐུམ་སྙིང་མགོ་ཆོད་ཁ་སོ་ཚལ་སྙིང་ཙ་རོ་ལ་གམ་རིལ་རྦད། ཅེས་པས་དུག་ཐུན་བརྡེག་པའི། ། འཁར་ཕོར་ཟངས་ཕོར་ལྕགས་ཕོར་དུ།། ར་དུག་རེ་ལྕག་ཐར་ནུ་དང།། སྤྱང་ངག་སྤྱི་མོང་སྦྱར་ལ་བརྡེག། ཁྲག་སྣ་ཚང་བ་ཡོད་ན་རབ།། ར་ཁྲག་མི་ཁྲག་ཁྱི་ཁྲག་ཕག་པའི་ཁྲག། དྲག་སྔགས་འདི་ཡིས་བསྔགས་ཤིང་བརྡེག། ཟངས་ཀྱི་ཕོར་བུར་བསྔགས་ཤིང་བརྡེག། ཡ་མ་རཱ་ཛ་སྙིང་འདོད་པ་ཁུང་ཐུམ་རིལ་རྦད། སྙིང་ཁྲག་བམ་རིལ་རྦད། ཡ་མ་རཱ་ཛ་སྙིང་རྩ་རྩ་ནན། སྲོག་སྲོག་མུག་མུག་ཆེ་གེ་མོ་ཐུམ་རིལ་རྦད། ཡུངས་ཀར་ཡུངས་ནག་སྐེ་ཚེ་དང།། ཏིལ་ནག་པོ་དང་དེ་རྣམས་ལ།། དྲག་སྔགས་འདི་ཡིས་བསྔགས་ལ་བརྡེག། ལྕགས་ཕོར་ནང་དུ་བསྔགས་ལ་བརྡེག། ཡ་མཱ་རཱ་ཛ་ཆེ་གེ་མོ་ཧྲི་སྟི་ཡ་ཏ་ཀ། སྙིང་ཁྲག་ལ་བམ་རིལ་རྦད།། ཡ་མ་རཱ་ཛ་ལ་གློ་རྩ་ལ་རལ་མེ་བམ་རིལ་རིལ་རྦད། ཡ་མ་རཱ་ཛ་གློ་རྩ་བམ་མཆིན་རྩ་རུལ་སྙིང་རྩ་ལ།། ཏྟི་རལ་རྩ་རོལ་བམ། སྙིང་རྩ་རྒྱུ་རྩ་སྙིང་རྩ་སྲ་མ་ཡ། སྲོག་བྲལ་དེ་བར་རྩ་སྙིང་རྩ་ལ་རྦད། སྙིང་རག་ཐུམ་ཁུམ་གཟེར་སྙིང་རོལ་བམ་རིལ་རྦད། ཐུན་གསུམ་ལས་ཀྱི་ཤམ་བུ་ཡིས།། ཉི་མ་བཞི་པའི་འཁོར་ལོ་ཡི།། བར་མཚམས་དག་ཏུ་ལིང་ག་ལ།། བསྔགས་ཤིང་བརྡེག་པར་བྱ་བ་ཡི།། ལིང་ག་བསྒྲལ་བར་བྱ་བ་ལ།། དྲུག་སྔགས་འདིས་ཀྱང་གདབ་པའོ། ། ཡ་མན་ཏ་ཀ་ཀཱ་ལ་རུ་པ་ནི། ཤ་ཀུ་རུ་ཨཱ་ཀ་རཱ་ཡ། ཞེས་པས་དགུ་པའོ།། ཡ་མན་ཏ་ཀ་ནརི་ཤ་ཀུ་རུ་ཤག་ད་ཡ་མ། ཕྱེ་ནས་ལྷ་དང་དབྲལ་བའི་སྔགས་སོ།། ཡ་མན་ཏ་ཀ་ཧྲི་སྟི་མུ་ཀ་ཡེ་མ་ཡ་མ་ནེ་ད་ར་ཐ་ཐུམ་རིལ་ཙ་ཀྲ་རྦད། ཙ་མ་ར་ཡ་ད་ར་ཐིབས་རྦད། མིག་ལ་བརྒྱབ་པའོ།། ཡ་མན་ཏ་ཀ་ཧྲི་སྟི་མུ་ཀ་ཡེ་ཨ་ནེ་ཨུ་ནེ་མ་ད་ར་ཡ་མུགས་ཐིབས་རྦད། རྣ་བ་ལ་བརྡེག་པའོ།། ཡ་མནྟ་ཀ་ཧྲི་ཏི་མུ་ཀ་ཡེ་ཨུ་ནེ་མ་ར་ད་ར་ཡ་སུ་བས་རིལ་ཙ་ཀྲ་རྦད། སྣ་ལ་བརྡེག་པའོ།། ཡ་མན་ཏ་ཀ་ཧྲི་གི་ཀ་པ་ཡེ་ནེ་ད་ར་ཡ་ལྡིབས་ལྡིབས་རྦད་རྦད། ལྕེ་ལ་བརྡེག་པའོ།། ཡ་མན་ཏ་ཀ་ཧྲི་ཏི་མུ་ཀ་ཡེ་ཨུ་ནི་ཡེ་རྩ་དགྲ་བོའི་དོ་སྤགས་པ་མྱགས་ཐུམ་རིལ་རྦད་རྦད། ལུས་ཀྱི་སྤྱི་བོ་ལ་བརྡཻག་པའོ།། ཡ་མནྟ་ཀ་ཧྲི་སྟི་མུ་ཀ་ཡེ། ཨ་ར་ར་ཀུ་རུ་མ་རུ་ཡ་རྩིད་ཏི་ཀུ་རུ་ཀུ་རུ་བྱ་རྩ་ཡོ་རྦད་རྦད། ཡིད་ཀྱི་རྣམ་པར་ཤེས་པ་ལ་བརྡེག་པའོ།། ཡ་མན་ཏ་ཀ་ཧྲི་ཏི་མུ་ཀ་ཡེ་མུ་ནེ་མོ་མོ་མ་ར་ཡ་ནི་ཤ་ཀུ་ལི་ལི་དུ་རུ་ཡེ་ཏ་ཡ། ཨ་ཙན་ད་ཡེ་པྲ་མ་རྟ་ནི་ཡ་སྙིང་མགོ་ཆོད་ད་ར་ཡ་ཤ་ཏི་སྟ་རྦད་རྦད། ཀུན་གཞིའི་ཡིད་ཀྱི་རྣམ་པར་ཤེས་པ་ལ་བརྡེག་པའོ།། ཡ་མནྟ་ཀ་ཧྲི་སྟི་ཀ་བ་པ་ཡེ་ཨེ་ར་ར་ཀུ་རུ་མ་ར་ཡ་ཨ་རྩི་ཏེ་ཀུ་རུ་སིང་ང་ཡ་ཙིཏྟ་པ་ཡེ་རྦད་རྦད། ཉོན་མོངས་པ་ཅན་གྱི་ཡིད་ལ་བརྡེག་པའོ།། ཡ་མན་ཏ་ཀ་ཧྲི་སྟི་མུ་ཀ་ཡེ་ཨུ་ནི་ཏི་ཙ་དགྲ་པོའི་དོན་མྱགས་ཐུམ་རིལ་རྦད། ཚོགས་དྲུག་དྲག་པོའི་ལས། དགྲའི་རྣམ་པར་ཤེས་བའི་ཚོགས་བརྒྱད་བཀག་ལ་བསྒྲལ་བའི་ཐབས་སོ། ། གཤིན་རྗེ་གཤེད་པོའི་རྒྱུད་གསང་བ་དྲུག་ཅུ་པ་ལས། འཁོར་ལོ་དང་འབྲུབ་ཁུང་གི་ལས་བསྟན་པའི་ལེའུ་སྟེ་སོ་ལྔ་པའོ།།།། དེ་ལྟར་བསྒྲལ་བའི་རྗེན་ཤུལ་དེ། ། སྦྱིན་སྲེག་བྱ་བའི་ཐབས་གསུངས་བ།། རྒྱ་ཆེན་ས་ཡི་དཀྱིལ་འཁོར་གྱི།། ཤར་ལྷཽ་མཚམས་སུ་མེ་ཐབ་བྱ།། གྲུ་གསུམ་ཟུར་ནི་གཏིང་དུ་བརྐོ།། ནང་དུ་གྲུ་གསུམ་བཀོད་པ་ལ།། ཟུར་གསུམ་ཁྲུ་ནི་གཏིང་དུ་བརྐོ། ། ནང་ནི་ནག་པོས་བྱུག་པའོ།། ཐབ་ཁུང་ཁའི་སྟེང་དུ་ནི།། པདྨ་ཉི་མ་ཟླ་བ་གསུམ།། བརྩེགས་པའི་གདན་ནི་སུམ་ཅུ་གཉིས།། ལྷ་ཡི་གདན་དུ་བསམ་བྱས་ལ།། གདུག་པའི་ཤིང་ནི་ཁྲུ་གང་ལ། ། ཐབ་ཁུང་མཚམས་པ་བཞག་བྱས་ལ།། བྱ་རོག་འུག་ཚང་གི་ཤིང།། དེ་དག་ཐབ་ཏུ་བཞག་བྱས་ལ།། རིགས་ངན་ཁྱིམ་ནས་མེ་བླངས་ལ།། ཐབ་ཁུང་ནང་དུ་མེ་བཏང་ལ།། གཅོད་པའི་རྫས་སུ་བྱས་པ་ཡང། ། མཆོད་པ་བདུད་རྩི་རག་ཏ་དང།། འབྲུ་སྣ་ཚོགས་དང་སྨན་སྣ་ཚོགས།། མར་དང་མར་ཁུ་ཚིལ་ཆེན་ཞུན།། དགྲ་བོའི་མིང་དང་རུས་བྱང་ལ།། མཆོད་པ་རྣམ་པ་ལྔ་པོ་དང།། ལིང་ག་གཏུབས་པའི་དུམ་བུ་དང། ། དེ་དག་རིམས་པས་བསྲེས་ལ་སྲེག། སྲེག་པའི་ཐབས་ནི་འདི་ལྟར་བྱའོ།། དང་པོ་མེ་ལྷ་སྤྱན་དྲངས་ལ།། ཨགྣེ་བྱ་བཛྲ་ས་མ་ཡ་ཛ། ཞེས་པས་སྤྱན་དྲངས་ལ། ཐབ་ཁུང་དུ་ཞུགས་པ་ལ། ཨ་ནི་ཡེ་ཤེས་སེམས་དཔའི་སྙིང་པོའོ། ། སོ་སོའི་སྔགས་ཀྱིས་དབུལ་བར་བྱ།། ཨགྣེ་ཡེ་ཨ་ཧ་ར་མ་ཧཱ། ཨ་ཧཱ་ར་ཁུ་ཁུ་རི་པྲི་སྟོད་ག་ཏེ་སྭཱཧཱ། ཞེས་ཨརྒྷམ་དབུལ། མཚོད་པ་རིམ་པས་མཆོད་བྱས་ལ།། ཨགྣེ་ཡེ་དྷཱུ་བེ་མཱ་ཧཱ་དྷཱུ་པེ་ཁུ་ཁུ་རེ་པྲེ་ཏོད་ག་ཏེ་ཆེ་གེ་མོ་མ་རཱ་ཡ་ཕཊ། ཅེས་སྤོས་དབུལ་ལོ།། ཨགྣེ་ཡེ་པུཥྤེ་མ་ཧཱ་པུཥྤེ་ཁུ་ཁུ་རེ་པྲོ་ཏོད་ག་ཏེ་ཆེ་གེ་མོ་ར་ཡ་ཕཊ། ཅེས་མེ་ཏོག་དབུལ། ཨ་གྣེ་ཡེ་ཨཱ་ལོ་ཀེ་མཧཱ་ཨཱ་ལོ་ཀེ་ཁུ་ཁུ་རི་སྲཻ་ཏོད་ག་ཏེ་ཆེ་གེ་མོ་མཱ་ར་ཡ་ཕཊ། ཅེས་མར་མེ་དབུལ། ཨགྣེ་ཡེ་གནྡྷེ་མ་ཧཱ་གྡྷེ་ཁུ་ཁུ་རི་པྲེ་ཏོད་ག་ཏེ་ཆེ་གེ་མོ་མཱ་ར་མ་ཡ་ཕཊ། ཅེ་དྲི་ཆབ་དབུལ། ཨགྣེ་ཡེ་བ་ལེ་ཏ་ཁུ་ཁུ་རི་སྲཻ་ཏོད་ག་ཏེ་ཆེ་གེ་མོ་མཱ་ར་ཡ་ཕཊ། ཅེས་པས་གཏོར་མ་དབུལ།། ཨགྣེ་ཡེ་ནཻ་ཝི་ཏེ་མ་ཧཱ་ནཻ་ཝི་ཏེ་ཁུ་ཁུ་པྲེ་ཏོད་ག་ཏེ་ཆེ་གེ་མོ་མཱ་ར་ཡ་ཕཊ། ཅེས་པས་ལྷ་བཤོས་དབུལ། ཨགྣེ་ཡེ་རག་ཏ་མ་ཧཱ་རག་ཏ་ཁུ་ཁུ་རི་པྲེ་ཏོད་ག་ཏེ་ཆེ་གེ་མོ་མ་ར་ཡ་ཕཊ། ཅེས་པས་ཁྲག་སྣ་ཚོགས་དབུལ། ཨགྣེ་ཡེ་མཾ་ས་མ་ཧཱ་མཾ་ས་ཁུ་ཁུ་རེ་བྲེ་ཏོད་ག་ཏེ་ཆེ་གེ་མོ་མཱ་རཱ་ཡ་ཕཊ། ཅེས་ཤ་སྣ་ཚོགས་དབུལ། ཨགྣེ་ཡེ་ཨ་མྲི་ཏ་མ་ཧཱ་ཨ་མྲྀ་ཏ། ཞེས་པས་མར་ཁུ་དང། མར་དང། ཚིལ་ཆེན་དང། རྐང་གི་ཞུན་དང། སའི་འབྲུ་སྣ་ཚོགས་དང། རངས་པ་བསྲེགས་ལ་གཏོར་མར་དབུལ་ལོ།། རྫས་དེ་རྣམས་དགྲའི་ལིང་ག་དུམ་བུ་རེ་དང། མིང་དང་རུས་པས་སུ་སྤེལ་ཞིང་བསྲེགས་ལ་མེ་ལྷ་མཆོད་པ་དབུལ་ལོ།། བསྟོད་པ་བྱ་པྲ་བསྟོད་བྱས་ལ། ། མེ་ལྷ་ཤར་ལྷོའི་ཐབ་ཁུང་ཁ་རུ་དཔང་པོར་བཞུགས་པའོ།། དེ་ནས་རྒྱལ་ཆེན་སའི་དཀྱིལ་འཁོར་གྱི་ལྷ་ཚོགས་རངས་པ་མེ་ཐབས་ཁའི་པདྨ་ཉི་ཟླའི་གདན་སྟེངས་སུ་ལྕགས་ཀྱུའི་ཕྱག་རྒྱས་དགུག། མཆོད་པའི་ཡོ་བྱད་དེ་དག་གིས། ། སོ་སོའི་རང་རང་རྩ་སྔགས་ལ།། མཆོད་པའི་སྔགས་ནི་བདག་ལ་མཆོད།། ལྷ་རེ་ལ་བརྒྱ་རྩ་བརྒྱད་ཉི་ཤུ་རྩ་གཅིག་ཡང་ན་བདུན།། ཐ་མ་སྐུ་གསུང་ཐུགས་ལ་བདུན།། ཅི་འབྱོར་པ་ཡི་མཆོད་པ་དང། ། དེ་ནས་ལྷ་ལ་བསྟོད་པ་བྱ།། སླར་ཡང་ལྕགས་ཀྱུའི་ཕྱག་རྒྱ་ཡིས།། དཀྱིལ་འཁོར་ཐོག་ཏུ་སྤྱན་དྲངས་བཞུགས་སུ་གསོལ།། རྫས་ཀྱི་ལྷག་མས་མེ་ལྷ་མཆོད།། སླར་ཡང་མེ་ལྷ་གནས་སུ་གཤེགས།། འདོད་པའི་དོན་ཡང་བཅོལ་བར་བྱ། ཨགྣེ་བཛྲ་མ་ཛ། ཞེས་པས་མེ་ལྷ་གཤེགས་སུ་གསོལ།། ལས་ཀྱིས་ལྷག་ཆད་ཁ་བསྐང་བ་དང།། ལྷ་རྣམས་མཉེས་པར་བྱ་བ་དང།། བདག་གིས་དངོས་གྲུབ་ཐོབ་པ་དང།། དགྲ་བགེགས་བརླག་པར་བྱ་ཕྱིར་དང། ། སྦྱིན་སྲེག་བྱ་ཐབས་གསུངས་པའོ།། དེ་ནས་ལས་རྣམས་མ་ལུས་བྱའོ།། གཤིན་རྗེ་གཤེད་པའི་རྒྱུད་གསང་བ་དྲུག་ཅུ་པ་ལས། སྦྱིན་སྲེག་བྱ་བའི་ཐབས་བསྟན་པའི་ལེའུ་སོ་དྲུག་པའོ།། དེ་ནས་རྡོ་རྗེ་འཛིན་པ་དེས། ། གཤིན་རྗེ་ལྔའི་གྲུབ་པའི་ཐབས་ནི་ཁྱེད་ཀྱིས་གསུང་དུ་གསོལ་ཅེས་པ་ནི། གཤིན་རྗེ་གཤེད་པོས་གསུངས་བའི་དོན།། གནས་དང་དམ་རྫས་ཕྱི་དང་འདྲའོ།། རིམ་པ་འདི་ལྟར་བསྒོམ་པར་བྱའོ། ། དང་པོ་ཉིད་དུ་བསྒོམ་པ་ནི།། སྟོང་པ་བྱང་ཆུབ་སེམས་སུ་བསྟན།། དེ་ནས་སྙིང་རྗེ་བྱང་ཆུབ་སེམས།། དེ་ནས་ཧཱུཾ་དུ་རབ་བསམས་ལ།། ཧཱུཾ་ལས་བྷུཾ་འཕྲོས་གཞལ་ཡས་ཁང།། རཾ་ལས་མ་གཡོས་གཞལ་ཡས་ཁང། ། དུག་ལྔ་དག་པའི་རིམ་པ་བརྩེགས།། ཡུམ་ལྔ་མཁའ་ཀློང་དག་པ་ཡི།། གཞལ་ཡས་ཁང་བརྩེགས་བསྒོམ་པར་བྱའོ།། གནས་དེར་གདན་ཡང་བསམ་པར་བྱའོ།། ཧཱུཾ་ལས་རྡོ་རྗེ་ལས་ཡབ་ཡུམ་གྱི་སྐུ་རུ་བསྐྱེད། ། ཡབ་ཀྱི་སྐུ་ལས་ཡུམ་གྱི་སྐུ་རུ་བསྐྱེད།། ཡབ་ཡུམ་སྦྱོར་བ་མཛད་པའི་སྦྱོར་མཚམས་ནས།། ཡ་མ་ར་ཛ་མྱོས་བྱེད་འབར་བ་དང།། ཨཱརྱ་མ་རུ་དང། རལ་པ་ཚར་དགུ་དང། ཡུམ་དང་བཅས་ཏེ་སོ་སོའི་གདན་ལ་བསྒོམ། འདི་སྐད་བརྗོད་ལ་བསྒོམས་པ་སྤྱན་ཡང་དྲངས་ལ་མཆོད་པ་དབུལ།། ཧཱུཾ། ཏིང་འཛིན་རྣམ་གསུམ་འཕྲོ་འདུ་ལས།། བསྡུས་པས་ཡི་གེ་ཧཱུཾ་དུ་གྱུར།། ཧཱུཾ་ཆེན་མཐིང་ནག་འཕྲོ་འདུ་ལས། གསལ་ནས་རྡོ་རྗེ་རྩེ་ལྔར་གྱུར། ། རྡོ་རྗེ་རྩེ་ལྔའི་འཕྲོ་འདུ་ལས།། ཡི་གེ་ཡ་ཡི་སྐུ་རུ་བསྐྱེད།། ཡི་གེ་ཡ་ལས་སྐུ་བཞེངས་ཏེ།། ཁྲོ་བོའི་རྒྱལ་པོ་རྣམ་པར་རྒྱལ།། ཡ་མན་ཏ་ཀ་གཤིན་རྗེ་གཤེད།། དབུ་གསུམ་པ་ལ་ཕྱག་ཀྱང་དྲུག། གཡས་ནི་དཀར་ལ་གཡོན་ནི་དམར།། དབུས་ནི་མཐིང་ཀ་རྔམ་བའི་ཞལ།། སྐུ་མདོག་སྟག་ཟིལ་བཅག་པ་འདྲ།། ཞལ་བཞད་རྡོ་རྗེ་མཆེ་བ་བརྩེགས།། དབུ་སྐྲ་ཁམ་ནག་གྱེན་དུ་འཁྱིལ།། ཕྱག་དྲུག་གཡས་ཀྱི་དང་པོ་ན། ། གསེར་གྱི་རྡོ་རྗེ་རྒྱ་གྲམ་བསྣམས།། བདེ་གཤེགས་རྒྱལ་བ་ཐུགས་ཀྱི་མཆོག། ཕྱག་དྲུག་གཡས་ཀྱི་བར་པ་ན།། ཁ་ཊཱཾ་ཁ་དང་རྔེའུ་ཆུང་བསྣམས།། མ་མོ་མཁའ་འགྲོ་དམ་ལ་འདུ།། ཕྱག་དྲུག་གཡས་ཀྱི་ཐ་མ་ན། ། རྡོ་རྗེ་ལྕགས་ཀྱུ་སྔོན་པོ་བསྣམས།། ཉོན་མོངས་གནས་ནས་འདྲེན་པའི་རྟགས།། ཕྱག་དྲུག་གཡོན་གྱི་དང་པོ་ན།། བ་སུ་ཏ་ཡི་རྒྱུ་ཞགས་བསྣམས།། བདུད་དང་དགྲ་བགེགས་འཆིང་བའི་རྟགས།། ཕྱག་དྲུག་གཡོན་གྱི་བར་པ་ན། ། ཞིང་ཆུང་དབྱུག་ཏོ་སྔོན་པོ་བསྣམས།། བདུད་དང་དགྲ་བགེགས་རྡུལ་དུ་རློགས།། ཕྱག་དྲུག་གཡོན་གྱི་ཐ་མ་ན།། དུང་ཆེན་དམར་གྱི་བཀང་བ་བསྣམས།། ཉོན་མོངས་ཆགས་པ་དམ་ལ་འདུ། ། སྐུ་ཡང་ཆེ་སྟེ་རྔམ་རིལ་བཟང།། གླང་ཆེན་ཀོ་རློན་ན་བཟར་གསོལ།། ཞིང་ཆེན་རློན་པའི་ཡ་བ་བསྐོར།། སྟག་ལྤགས་རློན་པའི་ཤམ་ཐབས་ཅན།། སྤྲུལ་ནག་སྟོང་གིས་ལྷུ་ཚིགས་བརྒྱན།། འཕགས་པའི་ཁྲོ་རྒྱལ་གཤིན་རྗེ་གཤེད། ། གཏན་གྱི་ལྷར་ཡང་གསོལ་འདེབས་ན།། རི་རབ་གསེར་གྱི་ངོས་ལ་བྱ་གནས་པ།། བྱ་ཡི་རང་བཞིན་བོར་ནས་གསེར་དུ་སྣང།། ལྷ་མཆོག་ཁྱེད་ཀྱི་སྐུ་རུ་བདག་བསྒོམས་པས།། བདག་གི་རང་བཞིན་བོར་ནས་ཁྲོ་བོར་གསལ། ། ཁྲོ་མོ་ཡུམ་དག་བཅས་ཏེ་སྐུར་སྟོན་ཅིག། གཡོན་ན་ཡུམ་བསྐྱེད་ཁྲོ་མོ་ཉེར་བག་མ།། ཟ་བྱེད་ནག་མོ་ཆེན་མོ་པེ་ཏ་ལེ།། གཏུམ་མོ་དུག་ཧྲུལ་གོས་གྱོན་མོ།། གདོང་ནས་མིག་གསུམ་ཁྲོས་པའི་ཚུལ། ། མིག་གསུམ་གདོང་ནི་ཁྲོ་གཉེར་ཅན།། ཟ་བྱེད་གཟི་ཆེན་རབ་ཏུ་སྡིགས་པར་བྱེད།། གྱེན་དུ་སྐྲ་རྫེས་གསུས་པོ་ཆེ།། རབ་ཏུ་འཇིགས་པའི་ཁ་ཡང་བགྲད།། ལུས་ནི་མེ་ལྕེ་འབར་བ་འདྲ།། གཡས་པའི་ཕྱག་ན་ཏྲི་ཤུལ་བསྣམས། ། བདུད་དང་དགྲ་བགེགས་རྡུལ་དུ་རློགས།། གཡོན་པའི་ཕྱག་ན་བསྣམས་པ་ནི།། ཐོད་རློན་དམར་གྱིས་བཀང་བ་བསྣམས།། སྟོབ་པ་ཡབ་ཀྱི་ཞལ་དུ་སྟོབ།། ཡིད་ཙམ་གཙོ་ལ་འདུད་པའི་ཚུལ། ། བདེ་གཤེགས་ཡབ་ཀྱི་བཀའ་བསྟོད་མ།། ཞིང་ཆུང་བཀྲམ་པའི་གདན་སྟེངས་འདིར།། བརྐྱང་བསྐུམ་ཚུལ་དུ་བརྗིད་པར་བཞུགས།། མེ་རི་འབར་བའི་དཀྱིལ་འཁོར་འདིར།། འཁོར་ནི་ཐོགས་མེད་ཙན་ཐབས་དང། ། ཁྲོ་མོ་ཀཻ་རི་བརྒྱད་ཀྱིས་བསྐོར།། སིང་ཧ་འཕྲ་མེན་བརྒྱད་ཀྱིས་བསྐོར།། ཐར་བྱེད་ཆེན་མོ་བརྒྱད་ཀྱིས་བསྐོར།། མ་མོ་ནག་མོའི་ཚོགས་ནི་སྤྲིན་ལྟར་གཏིབས།། དབང་ཕྱུག་མ་མོའི་ཚོགས་དང་ལྡན།། ཡི་དྭགས་བལ་ཆེན་གནས་འདི་རུ། ། བྱོནཅིག་གཤེགས་པའི་གནས་ངན་ཡང།། བསྙེན་ཅིང་བསྒྲུབ་པའི་ལྷ་ལགས་ཀྱིས།། ཡལ་གམ་ཅན་རྣམས་བརྩེ་དགོངས་ལ།། རྣལ་འབྱོར་བདག་གི་དོན་ལ་གཤེགས་སུ་གསོལ། ། ཨོཾ་མཉྫུ་ཤྲི་ཡ་མ་བཛྲ་ཏ་ཨུ་ཙུཥྨ་ཀྲོ་དྷ་པོ་ཏ་ལི་ལ། ཞེས་པའི་སྔགས་བཟླས། གཡས་ནས་ཡུམ་བསྐྱེད་ཨེ་ཀ་ཛ་ཏི་མ།། གཉིས་ཀའི་སྐུ་ནི་དབུས་ཀྱི་གཙོ་དང་མཐུན།། སྲིད་པ་གསུམ་གྱི་གཙོ་ནི་ཐོད་པའི་འཕྲེང་བ་ཅན། ། འཁོར་ནི་རྔ་ཞོན་མང་པོ་དང།། གཡེར་དང་ཤེལ་གྱི་རྔ་མོ་ལ།། གཡུ་ཡི་རྟ་སྒ་ཝང་སེ་ཝངས།། གཡུ་ཡི་ན་བུན་ཐིབས་སེ་ཐིབས།། མུ་མེན་གུར་ཆེན་ཁྱི་ལི་ལི།། སྔ་འཕྲེང་མཛེས་པའི་དོ་ཤལ་མ།། ཕྱེ་འཕྲེང་གཡས་ནས་གཡུལ་ཟློག་མ། ། ཕྱག་ན་མདུང་དམར་ཆེམས་སེ་ཆེམས།། བྲན་གཡོག་མང་པོའི་འཁོར་དང་བཅས།། ཁྱོད་ཀྱི་འཁོར་ནི་རབ་ཏུ་མི་སྲུན་ཏེ།། ང་རྒྱལ་དྲག་ཤུལ་ཆེ་ཞིང་བདུད་ཀྱི་བུ་སྨད་འཁོལ། ། གསོད་པ་དོན་དུ་གཉེར་ཞིང་དགྲ་སྙིང་ཚལ་པར་གཤོག། དབང་ཕྱུག་ཆེན་མོ་བསྐྱེད་ཙམ་ན།། ནམ་མཁའི་རྒྱལ་པོ་གཤེག་སུ་གསོལ།། བཟློག་ཅིང་བསྒྱུར་བའི་དུས་ལ་བབ།། བདུད་ཀྱི་ཁྲམ་བམ་དགྲ་ལ་བསྒྱུར། ། ནད་ཀ་རིམས་ཁ་དགྲ་ལ་ཐོང།། སྡང་དགྲ་གནོད་བགེགས་ཐལ་བར་ཐོང།། ཨོཾ་བཛྲ་ཤྲཱི་ཡ་མ་ར་ཛ་མ་མ་ཨེ་ཀ་ཛ་ཏི་ཛ།། ཞེས་སྤྱན་དྲངས་ལ་མཆཽད་པ་དབུལ།། ཕྲིན་ལས་བཅོལ།། གཤིན་རྗེ་ཡ་མ་ར་ཛ་དང། ། མྱོས་བྱེད་འབར་བ་ཨཱཏྱ་མ་རུ་དང།། རལ་པ་ཚར་དགུ་ཡབ་ཡུམ་བརྒྱུད།། གནས་འདི་བརྩེ་ཕྱིར་གཤེགས་སུ་གསོལ།། ཡ་མ་རཱ་ཛ། ས་ཏྭ་མེ་ཡ། ཡ་མེ་ཏོ་རུ། ན་ཡོ་ཏ་ཡ། ཡ་ཏ་ཡོ་ནི་ར་ཡཀྵེ་ཡ། ཡ་ཀྵེ་ཡ་ཙ་ནི་ར་མ་ཡ། ཞེས་པས་སྦྱན་དྲངས་ལ།། ག་པུར་གསུམ་དང་དྲི་ཞིམ་སྤོས།། ཨ་ཀ་རུ་དང་དུ་རུ་ཀ། ཛཱ་ཏི་ཕ་ལ་གུར་ཀུམ་མཆོག། གཤིན་རྗེའི་ཚོགས་ལ་མཆོད་པར་འབུལ།། ཨོཾ་ཨ་ཧ་ར་དྷུ་པ་པུཥྤེ་ཨཱ་ལོ་ཀ་གནྡྷེ་དྷུ་པེ་སད། གནྡྷེ་པ་ཙ་ཀྲ་ས་མ་ཡ། ཞེས་མཆོད་པ་རྣམ་ལྔ་དབུལ། ཛ་གད་འབྲུ་བཅུད་དཔའ་བོ་ཡིས།། རྩ་བ་བརྒྱད་ལ་ལོ་མ་སྟོང།། སངས་རྒྱས་ཡོངས་ཀྱི་ཐུགས་དམ་འདི།། གཤིན་རྗེ་མམོའི་ཚོགས་ལ་འབུལ།། ཨོཾ་ཨཱཿཧཱུཾ། སརྦ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། སྨན་དབུལ། བདུད་རྩི་བཅུད་ལྡན་ཞལ་ཟས་རོ་མཆོག་འདི།། གཟུགས་དང་སྒྲ་དང་དྲི་དང་རོ།། རེག་བྱ་ལ་སོགས་མཆོད་པ་འདི།། གཤིན་རྗེ་མ་མོའི་ཚོགས་ལ་མཆོད་པར་འབུལ།། རགྟ་ཁཱ་ཧི་ཁཱ་ཧི། ཞེས་འདོད་ཡོན་ལྔའི་མཆོད་ཡོན་དབུལ་ལོ།། མ་ལུས་བསྒྲལ་བའི་ཤ་སྣ་དང།། གཏུབས་གཏོར་ལྡན་པའི་མཾ་ས་ཤ་ཡི་མཆོག། རྐང་དང་ཚིལ་བུ་བཅུད་ཀྱི་རྒྱུད།། གཤིན་རྗེ་མ་མོའི་ཚོགས་ལ་མཆོད་པར་འབུལ། ། ཨོཾ་མཾ་ས་མ་ཙ་རགྟ་བ་ལིཾ་ཏ་ཁ་ཧི། ཞེས་ཤ་ཁྲག་གི་གཏོར་མ་དབུལ་ལོ།། འཁོར་བའི་མགོ་བཅད་བན་ད་མཚན་དང་ལྡན།། འདོད་ཆགས་ཁྲག་གི་རྒྱ་མཚོ་ཁྱི་ལི་ལི།། དམར་ཆེན་དམ་པ་མ་མོའི་དམ་རྫས་མཆོག། གཤིན་རྗེ་མ་མོའི་ཚོགས་ལ་མཆོད་པར་འབུལ།། མ་ཧཱ་རགྟ་ས་མུན་ཏྲ་ཁ་ཧི། ཞེས་ཁྲག་དབུལ། དེ་ནས་ཧཱུཾ་གཏུམ་ཆེན་གྱིས་བསྟོད། ལྔ་བརྒྱ་ཐ་མས་ཐུགས་དམ་བསྐུལ། བཟླས་པ་བྱའོ། ། བསྙེན་པ་དང་ནི་སྒྲུབ་པ་ཡང།། འཕྲིན་ལས་ཆེན་པོའི་གཞུང་དང་མཐུན།། གཤིན་རྗེ་གཤེད་པོའི་རྒྱུད་གསང་བ་དྲུག་ཅུ་པ་ལས། གཤིན་རྗེ་ལྔའི་སྒྲུབ་པའི་ཐབས་ཀྱི་ལེའུ་སྟེ་སོ་བདུན་པའོ།།།། རྡོ་རྗེ་འཛིན་པས་ཡང་ཞུས་པ། ། གཤིན་རྗེ་གཤེད་པོ་ཁྱོད་ཀྱིས་ནི།། དངོས་གྲུབ་མྱུར་བར་བྱ་བའི་ཐབས།། རས་རི་སྒྲུབ་པའི་ཐབས་གསུངས་ཏེ།། ཞེས་པ་ནི་མཚན་མ་ཅན་ལ་དད་པ་དང།། ཏིང་འཛིན་གཡེལ་བ་སྤངས་པ་དང། ། འབྲས་བུ་མ་ཡེངས་སྒྲུབ་པའི་ཕྱིར།། རས་རིས་གྲུབ་པ་འདི་ལྟར་བྱ།། ལྷ་ཡི་བསྙེན་པ་འདི་ལྟར་བྱ།། རས་སམ་དར་དཀར་གཞི་མ་ལ།། ལྷ་བཟོ་མཁས་པ་དམ་ཚིག་ཅན།། ཚོན་རྩི་ལེགས་པར་བྱ་བའི་ཕྱིར། ། ཕོ་བྲང་བཞུགས་སྐུར་བྲི་བ་དང།། བཞེངས་སྐུར་བྲི་བ་གང་རུང་བྱ།། དབུས་སུ་གཙོ་བོ་བྲི་བ་དང།། གཡས་ཡུམ་གཉིས་བྲི་བ་དང།། གཤེད་པོ་ཕྱོགས་སྐྱོང་ཡབ་ཡུམ་དང།། གིང་དང་བདུད་ཀྱི་ཕོ་ཉ་དང། ། དབུས་ནས་རིམ་པར་ཇི་བཞིན་བྲི།། སྐུ་མདོག་ཕྱག་མཚན་གདན་ཁྲི་དང།། བཞུགས་ཚུལ་རྒྱན་ཆ་ལ་སོགས་པ།། རྒྱུད་འདིས་བཤད་པ་བཞིན་དུ་བྲི།། རི་མོ་ལེགས་པར་ཟིན་པ་དང།། རྣལ་འབྱོར་བདག་གི་མདུན་དུ་ནི། ། ལྷོ་ནས་བྲིས་སྐུ་དགྲམ་པར་བྱ།། མདུན་དུ་མཎྜལ་ལེགས་པར་བྱ།། མཎྜལ་བ་བྱུང་དྲི་ཡིས་བྱུག། ཆག་ཆག་ལེགས་པར་བྱ་བ་དང།། མཎྜལ་སྟེང་དུ་མཆོད་པ་ནི།། གོང་དུ་བཤད་པ་དགྲམ་པར་བྱ། ། འཕྲིན་ལས་དམིགས་པ་གཞུང་བཞིན་དུ།། ཞག་ལྔ་བསྙེན་པ་བྱ་བ་དང།། ཞག་བདུན་ནུབ་མོ་བྲིས་སྐུ་སྟེ།། བདག་ཉིད་ལྷ་རུ་གསལ་བ་ལས།། ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས་པས།། བྲིས་སྐུའི་དངོས་པོ་མཚན་མ་སྦྱངས། ། བྲིས་སྐུ་སྟོང་པར་གྱུར་པ་དེ།། ཧཱུཾ་གི་གཟུགས་སུ་གྱུར་བ་ལས།། ཧཱུཾ་ལས་བྲུཾ་ཆད་བྲིས་སྐུའི་གནས་སུ་གྱུར།། ཧཱུཾ་ཉིད་རྡོ་རྗེ་རྩེ་ལྔར་གྱུར་བ་དེ།། རྡོ་རྗེ་ཆེན་པོར་བརྗོད་པ་ལས།། ཡ་མནྟ་ཀའི་སྐུ་རུ་གྱུར། ། ཡུམ་ལ་སོགས་པའི་ལྷ་རྣམས་ཀུན།། སྟོང་པའི་ངང་ལས་ཡི་གེ་ཧཱུཾ་དུ་གྱུར།། ཧཱུཾ་ཉིད་རང་རང་ཕྱག་མཚན་གྱུར།། ཕྱག་མཚན་རང་རང་སྐུ་རུ་གྱུར།། སོ་སོ་རང་རང་སྐུ་དེ་ལ།། ཡེ་ཤེས་སེམས་དཔའ་སྦྱན་དྲངས་ལ། ལྕགས་ཀྱུའི་ཕྱག་རྒྱས་དགུག་པ་དང།། ཞགས་པའི་ཕྱག་རྒྱས་ཡེ་ཤེས་སེམས་དཔའ་རྣམས།། དམ་ཚིག་བྲིས་སྐུའི་ལྷ་ལ་གཞུག། ལྕགས་སྒྲོག་ཕྱག་རྒྱས་གཉིས་མེད་བསྟིམ་ལ་བཅིངས།། དྲིལ་བུའི་ཕྱག་རྒྱས་བྲིས་སྐུ་ལ། ། དམ་ཚིག་དབང་གིས་བཞུགས་པར་བསམ།། ཨོཾ་མཉྫུ་ཤྲཱི་ཡ་མནྟ་ཀ་དེ་བ་པི་ན་ནརེ་ཏྲང་ཤ་གཤའ་བཛྲ། ཞེས་བྲིས་སྐུའི་ལྷ་ཐམས་ཅད་ལ་ཡེ་ཤེས་ཀྱི་སྤྱན་རྣམས་པར་ཕྱེ་ལ། ཡེ་ཤེས་སེམས་དཔའ་དང་བྲིས་སྐུའི་ལྷ་གཉིས་སུ་མེད་པ་ལ། མཆོད་པ་ཐམས་ཅད་ཀྱིས་མཆོད་ལ། བྲིས་སྐུ་ལ་དམིགས་ལ། རྣལ་འབྱོར་པ་ཉིད་ཡ་མནྟ་ཀར་བསྒོམས་ལ་བཟླས་པ་བྱའོ།། བཟླས་པའི་ཏིང་ངེ་འཛིན་བདག་གི་ཐུགས་ཀའི་ཉི་ཟླའི་སྟེང་ན་ཡེ་ཤེས་སེམས་དཔའ། དེའི་ཐུགས་ཀའི་ཉི་ཟླའི་སྟེང་ན་རྡོ་རྗེ་རྩེ་ལྔ་པ། རྡོ་རྗེའི་ལྟེ་བ་ལ་ཧཱུཾ། ཧཱུཾ་གི་མཐའ་མ་ཨ་ཀྲོས་བསྐོར་བའོ།། མདུན་གྱི་བྲིས་སྐུའི་ཐུགས་ཀར་ཡང་དེ་ལྟར་བསམ། དེ་ལྟར་བྱས་ལ་བཟླས་པ་བྱའོ། ། བདག་གི་ཐུགས་ཀ་ནས་འོད་འཕྲོས་ཏེ། བྲིས་སྐུའི་ཐུགས་དམ་བསྐུལ།། མཆོད་པར་བསམ།། བྲིས་སྐུའི་ཐུགས་ཀ་ནས་འོད་ཕྱུང་བདག་ལ་ཐིམ་སྒྲིབ་པ་སྦྱངས་དངོས་གྲུབ་ཐོབ་པར་བསམས་ལ་བཟླས་པ་བྱའོ། ། དེ་ལྟར་མཆོད་དང་བསྟོད་བྱས་ནས།། བཟླས་པ་དུས་གསུམ་རྒྱུན་དུ་བྱ།། བྲིས་སྐུ་དེ་ལ་དམིགས་བྱས་ལ།། བྲིས་སྐུ་འཛུམ་ཡལ་གཡོ་བ་དང།། གང་འདོད་དངོས་གྲུབ་ཐོབ་པར་བྱའོ།། གང་འདོད་ལས་ལ་ཐེ་ཚོམ་མེད། ། ལྷ་ཚོགས་རངས་པ་བྲི་བ་དང།། གཙོ་བོ་གཅིག་ཏུ་བྲི་བ་དང།། ལྷ་ལྔ་སྒྲུབ་པ་བྲི་བ་དང། གང་ལྟར་སྒྲུབ་པ་དེ་ལྟར་བྱའོ།། གཤིན་རྗེ་གཤེད་པོ་རྒྱུད་གསང་བ་དྲུག་ཅུ་པ་ལས། རས་བྲིས་ལ་སྒྲུབ་པའི་ཐབས་ཀྱི་ལེའུ་སྟེ་སོ་བརྒྱ་པའོ། །།། རྡོ་རྗེ་འཛིན་པ་དེ་ལྟ་བས་ན་འཇམ་དཔལ་གཤིན་རྗེའི་དཀྱིལ་འཁོར་དུ།། སློབ་མ་གཞུག་ཅིང་དབང་བསྐུར་བའི།། ཐབས་ནི་བཤད་པར་བྱ་བ་ལ།། རྡོ་རྗེ་འཛིན་པའི་སློབ་མ་དེ། ། གོང་དུ་འཇམ་དཔལ་གཤིན་རྗེ་ཡི།། སྤྱི་དང་ཁྱད་པར་དམ་ཚིག་ཀུན།། སྐུ་སྲུང་ཐུབ་པ་མི་ཐུབ་པ།། སློབ་མ་དེ་ལ་བྲི་པར་བྱའོ།། ཐུབ་པ་ཁས་ནི་ལེན་པ་ནི།། དབང་གི་རིམ་པ་བསྐུར་བ་ནི།། གུ་རུ་བསྙེན་པ་ཚད་ཕྱུང་ལ། ། བསྒྲུབ་པའི་དཀྱིལ་འཁོར་བྲི་བ་དང།། མཆོད་པ་ཚང་བར་བྱ་བ་དང།། ལས་ཀྱི་ཁོག་གཞུང་བྱ་བ་དང།། བཟླས་པ་བསྟོད་པ་ཚིག་གི་འཁོར་ལོ་དང།། མཆོད་པ་བྱས་པའི་སློབ་མ་དེ།། གདོང་གཡོགས་ནང་དུ་འོངས་པ་དང། ། ལྷ་ཚོགས་རངས་པའི་མཚན་སྨོས་ལ།། ལྷ་ཕྱག་ཕྱོགས་བཞིར་བཙལ་བ་དང།། བར་ཆོད་བགེགས་ཀུན་བསལ་བ་དང།། དམ་ཚིག་སྡོམ་པ་དབོག་པ་དང།། མེ་ཏོག་འཐོར་དུ་གཞུག་པ་དང། ། མེ་ཏོག་གང་ལ་འཕོག་པའི་ལྷ།། ལྷ་དེ་བསྒོམ་དུ་གཞུག་པ་དང།། ལྷ་དེ་ཉིད་ཀྱི་སྐུར་མི་བརྗིད་འཕྲེང་བ་འམ།། ཡེ་ཤེས་རྣམ་ལྔ་རྡོ་རྗེའི་དབང།། གསུང་ཐབས་གྲོལ་བ་དྲིལ་བུའི་དབང།། ཉན་པའི་དབང་ནི་རིན་པོ་ཆེ། ། བཤད་པའི་དབང་ནི་རིན་པོ་ཆེ།། བཤད་པའི་དབང་ནི་འཁོར་ལོ་དང།། སྣོད་བཅུད་སྣོད་དུ་བན་དྷེའི་དབང།། རྟོག་པ་འཇོམས་པ་ཞིང་ཆེན་དབང།། དམ་ཚིག་མི་སྲུང་བདུད་རྩིའི་དབང། ། དགྲ་བགེགས་འདུལ་ཕྱིར་ཕུར་བའི་དབང།། སེམས་ཉིད་རྟོག་མེད་མེ་འབར་དབང།། དངོས་གྲུབ་ཐོབ་ཕྱིར་ཞལ་ཟས་དབང།། རྣམ་རྟོག་བཀྲུ་ཕྱིར་བུམ་པའི་དབང།། རིགས་འཛིན་ས་ཐོབ་མིང་གི་དབང། ། དྲེགས་པ་ཅན་རྣམས་འདུལ་ཕྱིར་དུ།། དུར་ཁྲོད་ཆས་བརྒྱད་དབང་ཡང་བསྐུར།། དེ་ཡང་དབང་བདག་ལ་མ་ལུས་ཐོབ་པ་དང།། བསྒོམ་དང་བསྒྲུབ་པ་བྱས་གྱུར་ན།། དངོས་གྲུབ་མྱུར་ཏེ་བྱིན་རླབས་ཆེ། ། རིག་པ་འཛིན་པའི་ས་ལ་གནས།། དེ་ནས་དབང་དང་དམ་ཚིག་ཐོབ།། དེ་ནས་ལས་རྣམས་གྲུབ་པར་བཤད།། དམ་ཚིག་དབང་དང་མི་ལྡན་ན།། དངོས་གྲུབ་ཐོབ་པར་མི་འགྱུར་རོ།། གཤིན་རྗེ་གཤེད་པོའི་རྒྱུད་གསང་བ་དྲུག་ཅུ་པ་ལས། དབང་གི་ལེའུ་སྟེ་སོ་དགུ་པའོ།།།། དེ་ནས་དམ་ཚིག་བསྟན་པ་ལས།། སྤྱི་ཡི་དམ་ཚིག་རྣམས་ཀྱང་མ་ཉམས་བསྲུང།། ཁྱད་པར་དམ་ཚིག་བསྟན་པ་ལས།། སྐུ་ཡི་དམ་ཚིག་གཤིན་རྗེ་རྒྱུན་དུ་བསྒོམ། ། གསུང་གི་དམ་ཚིག་སྙིང་པོ་རྒྱུན་དུ་བགྲང།། ཐུགས་ཀྱི་དམ་ཚིག་སྤྲོས་པ་གཞན་སྤོངས་ལ།། སྤྱོད་པའི་དམ་ཚིག་ཆོས་སྤྱོད་ཅི་ནུས་བྱ།། མི་སྤང་དམ་ཚིག་ལྷ་ཡི་བླང་དོར་སྤང། ། དང་དུ་བླང་བའི་དམ་ཚིག་དུས་གསུམ་མཆོད་པ་བསྟན་པར་བྱ།། ཤེས་པའི་དམ་ཚིག་བསྙེན་བསྒྲུབ་ལས་ལ་མཁས།། བསྒྲུབ་པའི་དམ་ཚིག་གཤིན་རྗེའི་དངོས་གྲུབ་ཐོབ།། གཞན་མ་རྣམས་ལ་ཕྱག་མི་འཚལ། ། ལམ་ཁར་མི་གཟུར་དྲང་པོར་འགྲོ།། གཞན་དང་གཏམ་ཡང་མི་བྱའོ།། དམ་རྫས་ཕུད་ནི་མ་ཉམས་དང།། མཆོད་པའི་ཡོ་བྱད་བཟང་པོ་དང།། ཁས་བླངས་དུས་སུ་བྱ་བ་དང།། སྙིང་རྗེའི་སེམས་དང་ལྡན་པ་དང། ། སྤྱོད་པ་རས་ཆོད་སྤངས་པ་དང།། ཉམས་པའི་ཆོ་ག་བྱ་བ་སྤང།། དམ་རྫས་མ་ཚང་སྒྲུབ་པ་སྤང།། བསམ་པ་ལོག་པའི་ཆོ་ག་སྤང།། གཉིད་ཀྱིས་ནོན་པའི་བཟླས་པ་སྤང།། དེ་རྣམས་ཁྱད་པར་དམ་ཚིག་གོ། དམ་ཚིགས་གཞི་ལྟ་བུ་སྟེ།། དངོས་གྲུབ་འབྱུང་བའི་རྒྱུ་ཡིན་པས།། དམ་ཚིག་མ་ཉམས་བསྲུང་བ་གཅེས།། དེ་ལྟར་དམ་ཚིག་ཚུལ་བཞིན་བསྲུངས།། གཤིན་རྗེ་གཤེད་པོའི་རྒྱུད་གསང་བ་དྲུག་ཅུ་པ་ལས། དམ་ཚིག་གི་ལེའུ་སྟེ་བཞི་བཅུ་པའོ། །།། དེ་ནས་གཤིན་རྗེ་གཤེད་པོས་བསྒྲུབ་པའི་སྤྱོད་པ་དཀའ་ཐུབ་བསྟན་པ།། ཐ་མ་སྤྱོད་པ་གཞན་དང་མི་མཐུན་པར་བྱའོ།། བསྙེན་པའི་དུས་ཀྱི་སྤྱོད་པ་ནི།། སྙིང་རྗེ་ཏིང་འཛིན་ཚུལ་བཞིན་སྤྱད། ། དུས་དྲུག་མཚན་བརྗོད་འདོན་པ་དང།། ཚ་ཚྭ་འགྲུབ་ཚད་གདབ་པ་དང།། ཆུ་གཏོར་ཆ་གསུམ་བཏང་བ་དང།། བསྙེན་པ་བྱེད་པའི་ནུབ་མོ་ཀུན།། དགེ་བའི་གྲོགས་ནི་ཅི་ནུས་བྱ།། སྟོང་ཚོགས་མཆོད་པ་གཞུང་ལྟར་སྤྱད། ། བསྙེན་པའི་འཛབ་ནི་ཅི་ནུས་བཟླས།། བསྒྲུབ་པའི་དུས་ཀྱི་མཆོད་པ་ནི།། ཕྱག་མི་འཚལ་བ་གཞན་མ་ལ།། ལྷ་ཡི་ང་རྒྱལ་གནས་པ་ཡི།། ཆེ་བ་ཉམས་སུ་དོགས་པས་ན།། ལམ་ཡང་མི་གཟུར་གཏམ་མི་སྨྲ། ། བསྒྲུབ་པ་ཆེན་པོ་བྱེད་དུས་ཚེ།། གཡལ་པ་གཞན་མ་རངས་པ་སྤང།། ལག་པ་གཡས་པ་སེང་ལྡེང་གི། དབྱུག་པ་ཐོགས་ལ་འཁར་བ་བྱའོ།། གཡོན་པ་སྡིགས་མཛུབ་བསྒྲེང་བར་བྱའོ།། ཞིང་དང་གླང་ཆེན་པགས་པ་གོན། ། སྟག་གི་པགས་པའི་ཤམ་ཐབས་བྱའོ།། རི་ཡི་ཁྲོད་ནས་རི་ཁྲོད་འགྲོ།། ས་ཆེ་པ་དང་ཆུང་པ་སྤྱད།། ཁམས་གོས་སོ་བའི་ཐུན་མཚམས་སུ་སྤྱོད་པ་དེ་དག་བྱའོ།། གནས་སུ་ཡང་འོང་ལྷའི་སྐུ། གསལ་བར་བསྒོམས་ལ་མཆོད་པས་མཆོད།། ཕྱག་རྒྱ་བེ་ཅོན་ཕྱག་རྒྱ་བཅའ།། གཡས་པ་འཕྲེང་བ་བགྲང་བར་བྱ།། ཁྲི་ཁྲི་སྨྲ་བ་བཅད་ལ་བཟླས།། བཟླས་པ་མྱུར་ལ་རགས་པ་ནི།། ཡི་གེའི་མཚམས་འདྲེས་བྱིན་བརླབས་ཆུང། ། བཟླས་པ་བུལ་ན་གྲངས་མི་ཐོན།། མྱུར་ལ་བུལ་བ་རན་པར་བྱའོ།། ཤིན་ཏུ་གསལ་བར་སྨྲ་བའོ།། དཀའ་ཐུབ་དྲག་པོས་སྤྱད་པར་བྱའོ།། བསྒྲུབ་པ་ཐོན་ནས་སྤྱོད་པ་ཡང།། ལྷ་ཡི་རྣལ་འབྱོར་མ་ཉམས་པས། ། སྤྱོད་པ་གར་བདེ་གར་སྐྱེད་བྱ།། ཆོས་སྤྱོད་སྙིང་རྗེ་ཆེ་བར་བྱ།། གང་ལ་གང་ཅི་མཐུན་པར་བྱ།། རྒྱུན་གྱི་སྤྱོད་པ་བྱའོ།། གཤིན་རྗེ་གཤེད་པོའི་རྒྱུད་གསང་བ་དྲུག་ཅུ་པ་ལས། སྤྱོད་པའི་ལེའུ་སྟེ་ཞེ་གཅིག་པའོ། །།། གཤིན་རྗེ་གཤེད་པོ་བསྒོམ་པའི་རྣལ་འབྱོར་པས།། འདི་ལྟར་སྣང་བ་སྲིད་པ་གསུམ།། གཤིན་རྗེའི་ལྟོ་ན་ཡོད་བར་ལྟ།། སྣོད་ཀྱི་འཇིག་རྟེན་ལྷ་ཡི་དཀྱིལ་འཁོར་ཏེ།། བཅུད་ཀྱི་སེམས་ཅན་མཁའ་འགྲོ་ལྟ་བུར་ལྟ། ། འཇིག་རྟེན་ཁམས་ནས་འདོད་པ་ལྔ།། ལྷ་ཚོགས་མཆོད་པའི་རྫས་སུ་ལྟ།། ཀུན་རྫོབ་ལྟ་བ་དེ་ལྟར་རོ།། དོན་དམ་ལྟ་བ་འདི་ལྟར་རོ།། ལྷ་ཡི་འཁོར་ལོ་ཐམས་ཅད་ཀྱང།། སྣང་ལ་རང་བཞིན་མེད་པ་ཆུ་ཟླ་འདྲ། ། གསལ་ལ་རྟོག་པ་མེད་དེ་གཞའ་ཚོན་འདྲ།། ཐུགས་རྗེ་ཕྱོགས་དང་བས་ཉི་ཟླ་འདྲ།། ལྷ་ཡི་སྐུ་མདོག་ཕྱག་མཚན་ཡང།། ལྷང་ངེ་སལ་ལེ་རང་བཞིན་མེད།། རྟག་པའི་མུ་མཐའ་སྤངས་པའོ། ། སྐྱེ་བ་མེད་པས་ནམ་མཁའ་ལྟ་བུ་ལས། སྐྱེ་བའི་ཆོ་འཕྲུལ་འཇའ་དང་ན་བུན་ལྟ་བུ་ལ།། སྐྱེ་བ་མེད་པའི་ཆོ་འཕྲུལ་ལས།། སྐྱཻ་བའི་ཆོ་འཕྲུལ་འཇམ་དཔལ་གྱི།། གཤིན་རྗེའི་ལྷ་ཚོགས་སྐུ་རུ་གསལ།། དེ་ཡང་མཚན་མའི་སྐྱོན་དང་བྲལ། ། ཆད་པའི་མུ་མཐའ་སྤངས་པའོ།། རྟག་ཆད་སྤངས་པས་ལྷ་ཡི་དཀྱིལ་འཁོར་ལྷ།། ཡེ་ཤེས་གཤིན་རྗེ་དུས་གསུམ་སངས་རྒྱས་ཡིན།། ལས་ཀྱི་གཤིན་རྗེ་དུས་ཀྱི་སངས་རྒྱས་ཡིན།། སངས་རྒྱས་སེམས་ཅན་གཉིས་སུ་མེད་པར་ལྟ། ། གཉིས་མེད་སྣང་བ་ཐུགས་རྗེའི་མཛད་སྤྱོད་དེ།། སེམས་ཅན་གདུལ་བའི་ཚད་དུ་བསྟན།། ཡང་དག་ཉིད་ལ་གཉིས་སུ་མེད།། མ་རྟོགས་པ་ལ་དྲང་དོན་དུ།། གདུལ་བྱ་འདུལ་བྱེད་གཉིས་སུ་བསྟན། ། གཤིན་རྗེ་གཤེད་པོའི་རྒྱུད་གསང་བ་དྲུག་ཅུ་པ་ལས། ལྟ་བ་བསྟན་པའི་ལེའུ་སྟེ་ཞེ་གཉིས་པའོ།།།། གཤིན་རྗེ་གཤེད་པོས་སྡུད་པ་པོ་རྡོ་རྗེ་འཛིན་པ་ལ་ཡང་གསུངས་པ། ཕོ་ཡིས་གསད་དང་མོ་ཡིས་གསང། ། རྨེ་ཐབ་དཀྲུགས་ནས་གསད་པ་དང།། ཆོས་སྐུས་གདས་པ་ཐབས་བསྟན་པའོ།། ཞེས་གསུངས་སོ།། གསད་ཐབས་དང་པོ་བཤད་པ་ལ།། ཕོ་གསད་ཐབས་བསྟན་པ་ལ།། ཆོ་ག་བཞིན་དུ་བསྙེན་པ་བྱ། ། དུར་ཁྲོད་དབེན་བར་འཁོར་ལོ་བྲི།། རྒྱ་ཆེན་ས་ཡི་འཁོར་ལོ་བྲི།། ཡིག་འབྲུ་དགོད་དང་ཕུར་བུ་དགོད།། འཁོར་ལོ་ལེགས་བྲིས་པར་སྣང་ལ།། ཡས་མར་འཕྱང་དང་མས་འདེགས་པ། ། སྔོན་དམར་བཏགས་ལ་ཡས་མར་འཕྱང།། སྔགས་ཀྱི་ཐུན་མཚམས་ཤེས་པར་བྱ།། མ་ནི་རཱ་ཛ་ཀྵེ་ཡ། པྲ་མ་ཡ་རྦད། ཉི་མ་དང་བོའོ།། ཀྵེ་ཡ་ཏོ་ཏ་ཡོ་ཡ། མུ་རྩ་ཡ་ཧཱུཾ་ཕཊ། ཉི་མ་གཉིས་པའོ། ཡ་ཡ་རུ་ཏོ་མེ་ཡ། རག་ཏ་ཙ་ར་ཡ་རྦད། གསུམ་པའོ།། མེ་ས་ཏོ་ཙ་མ་ཡ། མཱ་ར་ཡ་དགྲ་བོ་མཱ་ར་ཡ་རྦད། ཉི་མ་བཞི་པའོ།། ནུབ་བཞི་པའི་སྔགས་སོ།། ཨོཾ་ཨ་ཀྲོ་རི་ར་རྩོ་མཱ་ར་ཡ་རྦད།། ཨོཾ་མ་ཙ་སྲི་ར་མ་ར་ཡ་རྦད།། ཨོཾ་མ་ཏེ་ཡི་ཏི་ག་ས་མཱ་ར་ལ་རྦད། ཨོཾ་ཡ་ཁ་དུ་རུ་མཱ་ར་ཡ་རྦད་ཡ། ཉི་མ་བཞི་པའི་ལས་ཚང་ན།། ཕུར་བུས་གདབ་པ་དང་གནན་པའི་ལས་བྱ།། ལས་ཀྱི་གཤིན་རྗེ་ནག་པོའི་ཕྱག་ཏུ་སྦ།། གཤིན་རྗེ་གཤེད་པོའི་རྒྱུད་གསང་བ་དྲུག་ཅུ་པ་ལས། སྒྲོལ་བ་སྤུ་གྲིའི་ལེའུ་སྟེ་ཞེ་གསུམ་པའོ།།།། ཡང་གསད་པའི་ཐབས་གསུངས་པ། མ་མོའི་འཁོར་ལོ་ལོགས་བྱས་ལ།། དང་པོ་ལྷ་བསྙེན་ཚད་ཕྱུང་ལ།། དེ་ནས་སྒྲུབ་པ་བྱ་བ་ནི།། མཁས་པས་དུར་ཁྲོད་དབེན་པ་རུ། མ་མོའི་འཁོར་ལོ་བྲི་བ་ནི།། ཕྱི་རུ་བསྟན་པ་ཐོད་པའོ།། གསང་བ་དེ་ཉིད་དྲང་བའོ།། བསྙེན་པ་སྒྲུབ་པ་བྲིས་བྱས་ལ།། རྒྱ་ཆེན་ས་ཡི་དཀྱིལ་འཁོར་ཡང།། མཁས་པས་གསང་ལ་ནུབ་མོ་བྲི།། ཐིག་བཞི་བཏབ་པས་ལེ་ཚེ་དགུ། དབུས་སུ་ཨེ་བཞི་འཁོར་ལོ་བྲི།། བཅུ་གཉིས་བཅུ་དྲུག་རྩེ་སྤྲད་དེ།། རྩེ་སྤྲད་བར་དུ་མིང་རུས་བྲི།། འཁོར་ལོ་གྲུ་བཞི་ཞལ་བཞི་ཡང།། ཕྱག་གིས་འཁོར་ལོ་བསྐོར་བའོ།། མིང་གི་མ་ལྟོར་འཁོར་ལོ་གཞུག། འཁོར་ལོའི་ཐུན་མཚམས་སྤྱི་དང་མཐུན།། ཨོཾ་ཡ་མ་རཱ་ཛ་ས་མེ་ཏོ་ཡ་བྲ་མ་རྦད། ཉི་མ་དང་པོའོ།། ཨོཾ་མེ་ཏོ་རུ་ན་ཏ་ཡོ་ཡ། རག་ཏ་ཙ་ར་ཡ་རྦད་ཡ། གཉིས་པའོ།། ཨོཾ་ཏ་ནི་ཡོ་ར་ཀྵེ་ཡ་ཡ། མུ་ར་ཙ་ཡ་རྦད་ཡ། གསུམ་པའོ།། ཨོཾ་ཀྵེ་ཙ་ཡ་ནི་མཱ་ར་ཡ།། དགྲ་བོ་མཱ་ར་ཡ་རྦད་ཡ། ཉི་མ་བཞི་པའོ།། ནུབ་བཞི་པའི། ཨེ་རག་ནི་ཤ་མ་ཧཱུཾ་ཕཊ། ཨོཾ་མ་པ་ར་ཙ་ཏྲ་ནི་ཤ་ཡ་ཧཱུཾ་ཕཊ། ཨོཾ་མ་ཏྲ་ཙི་ས་ར་ནི་ཤ་ཡ་ཧཱུཾ་ཕཊ། ཨོཾ་མཁས་ལི་ནི་ཤ་ཡ་ཧཱུཾ། ཞེས་ཉིན་མཚན་དྲྀལ་ཕུར་བུས་གདབ་དང་མནན་པ་བྱ། གཤིན་རྗེ་གཤེད་པོའི་རྒྱུད་གསང་བ་དྲུག་ཅུ་པ་ལས། སྦྱོར་བ་མདུང་ཐུང་གི་འཁོར་ལོ་བསྐོར་བའི་ལེའུ་སྟེ་ཞེ་བཞི་པའོ།།།། གསད་ཐབས་རྨེ་ཐབ་གསུངས་པ་ནི། ། དང་པོ་བསྙེན་པ་ཚད་ཕྱང་ལ།། དེ་ནས་འཁོར་ལོ་བྲི་བ་ནི།། དབུས་སུ་ཨ་བཞག་རྩིབས་བཞིས་བསྐོར།། བཅུ་གཉིས་བཅུ་དྲུག་རྩེ་སྤྲད་བྲི།། རྩེ་སྤྲད་བར་དུ་མིང་རུས་བྲིས།། དེ་ཡི་ཕྱིར་རིམ་རྡོ་རྗེ་འཁོར་ལོ་བྲི། ། དེ་ཡི་བར་དུ་གསང་མཚན་གཞུག། སྲིད་པའི་ལྷ་སྲིན་མ་མོ་ལ།། དམ་ཡང་བདར་ལ་དབང་ཡང་གཟུགས།། ཉིན་མོ་གཏོར་ལ་མཚན་མོ་དྲིལ།། ཡ་མ་རཱ་ཛ་ས་ཏོ་མེ་ཡ་ནག་མོ་རག་ཤ་ཆེ་གེ་མོ་བམ་རིལ་རྦད། ཡ་ཀྵེ་ཡ་ཙ་ནི་ར་མ་ཡ། ཏྲག་རག་ཤ་ཤིག་ཆེ་གེ་མོ་ཐུམ་རིལ་རྦད་ཡ། ནུབ་བཞི་པའི་སྔགས། ཨོཾ་རུ་རུ་ཁ་རག་མ་དེ་ཙ་སྙིང་ཁ་རག་ཏྲེ་ཏྲེ་ར་ག་ཤ་དམ་ཉམས་དུན་བྷྱོ། ཨོཾ་སིང་ང་ཙ་དུར་ཁ་རག་སྙིང་ལ་རྦད་ཡ། ཙད་དམ་ཉམས་ལྕེ་སྡིབས། དྲག་རག་ཤ་ཙ་པ་ལ་ཕྲ་མ་རྦད། ཨོཾ་བཛྲ་ཏི་ཀ་མ་དུ་རཀ་ཤ་པོ་ལེ་དམ་ཉམས་ཏྲཾ་ཏྲཾ་སྲིན་པོ་ཁ་ལ་རྦད། ཨོཾ་རག་མོ་རུ་རུ་ཙ་བ་ལ་ཏྲིག་མོ་ཏྲོ་ཏྲོ་ཤོ་རི་སྙིང་ལ་མ་རཱ་ཡ་རྦད་ཡ། ཞེས་པ་ནི་རེ་མ་ཏི་དང། རྨུ་ལུགས་ནག་མོ་དང་རག་ཤ་ནག་མོ་དང། ཨེ་ཀ་ཛ་ཏི་དང། མ་མོ་བཞི་ཡི་སྔགས་དང། ཨེ་ཀ་ཛ་ཏིའི་སྔགས་ཀྱིས་མགོ་བོ་དྲངས་ལ་བཟླས་ལ། ཉིན་མོ་ཕོ་སྐོར་ལ་མོན་པ་བཞི་བསྐུལ། མཚན་མོ་མོ་སྐོར་ལ་མ་མོ་བཞི་བསྐུལ། ཐུན་མཚམས་འཁོར་ལོ་སྤྱི་དང་མཐུན།། ཕུར་བུ་གདབ་དང་མནན་པ་བྱ།། གཤིན་རྗེ་གཤེད་པོའི་རྒྱུད་གསང་བ་དྲུག་ཅུ་པ་ལས། སྔགས་པ་རྨེ་ཐབས་ཀྱི་ལེའུ་སྟེ་ཞེ་ལྔ་པའོ། །།། ཡང་གསད་པའི་ལས་གསུངས་པ་ནི། ལྷ་ཡི་རྣལ་འབྱོར་ལྡན་པ་ཡི།། དང་པོ་གཏོར་མས་བདག་དང།། ས་ཡི་ལྷ་མོ་བསྟན་མ་དང།། མཆོད་པ་ལྔ་དང་ལྡན་པས་མཆོད།། ས་བླང་བ་དང་གཟུ་དཔང་བྱའོ། ། ཨོཾ་མཉྫུ་ཤྲཱི་ཀཱི་ལ་ཡ་ཧཱུཾ་ཕཊ། བྱས་ལ་ཕུར་བ་ལྔ་ཁྲོ་བོ་ལྔར་གཤིན་རྗེར་བསྒོམས་ལ་གདབ། ཨོཾ་མཉྫུ་ཤྲཱི་ཀཱི་ལ་ཡ་ཧཱུཾ་ཕཊ། ཅེས་པས་འཕགས་པ་འཇམ་དཔལ་དུ་གྱུར། དེས་ལག་པར་རིག་པར་བྱས་ལ། ཨོཾ་ཨཱ་ཧཱུཾ། ཏྲེ་ཡད་ཏ་སརྦ་ཏ་ཐཱ་ག་ཏ་ཧྲི་ད་ཡ། སུག་རྨེ་སུ་ག་རྨ་ཤནྟ་ཤནྟ་དནྡེ་ན་ལ་ཀུ་ལུ་ཡ་ཤོ་བ་ཏི་བི་ཤུ་བྷེ་ས་ཧཱ། ཞེས་པ་ལན་བདུན་བཟླས་ལ་བདག་གི་ཐུགས་ཀ་ནས་འོད་འཕྲོས་ཏེ། འཕགས་པའི་ཐུགས་དམ་རྒྱུད་བསྐུལ་ནས། ། འོད་ཚུར་འདུས་ཏེ་འཇམ་དཔལ་ལ་ཐིམ་པས།། འོད་ཕུང་དེ་ནས་འོད་ཕུང་གཅིག་ཏུ་བཏགས་ལ།། བསམ་པ་ནི་ཆོས་ཀྱི་སྐུའི་རང་བཞིན་ཡིན་པས་ནི་བྱིན་གྱིས་བརླབས་སོ།། འོད་ཕུང་ལ་འབྲི་འབྲི་དང་ཚ་ཚྭ་གདབ། ཨོཾ་མཉྫུ་ཤྲཱི་ཤྲཱི་སྐ་ནི་སྭཱ་ཧཱ། ཞེས་པའི་སྙིང་པོ་གང་རུང་གདབ། ཚ་ཚྭ་དེ་ཤེས་རབ་གཉིས་སུ་མེད་པའི་ཐབས། ལྷ་ཡ་མནྟ་ཀའི་སྐུ་རུ་ཀྲོང་ཀྲོང་བྱུང་བར་བསམས་ལ། དེ་ནས་རྟེན་འབྲེལ་སྙིང་པོ་བརྗོད་ལ། མཆོད་པ་མང་པོས་མཆོད་པར་བསམ། ཡ་མནྟ་ཀ་ལ་སོགས་པ་ལྷ། བཅུ་བདུན་བསམས་ལ། སོ་སོའི་སྙིང་པོ་བརྗོད་ལ་གདབ། གཞན་ཐེབས་དང་སྤྲུལ་པ་དང། ཡང་སྤྲུལ་དང། སྣང་བར་བསམས་ཤིང་གདབ་བོ། ། དཀྱིལ་འཁོར་ཟླུམ་པོ་རིམ་པ་གསུམ།། དབུས་སུ་གྲུ་གསུམ་གསུམ་བྱའོ།། བར་མའི་གྲུ་གསུམ་ཟླུམ་པོ་ལ་ཡང་གྲུ་གསུམ་བཅུ། གྲུ་གསུམ་ནག་པོ་བཅུ་བདུན་ལ།། ལྷའི་ཚ་ཚྭ་བཅུ་བདུན་པའོ།། དབུས་ནས་རིམ་པར་དགོད་པའོ། ། གཞན་ཡང་ཚ་ཚྭ་ཐེབས་ཚད་གདབ།། དེ་ཡི་ཕྱི་རིམ་བསྐོར་ལ་བཞག། གནས་དང་མཆོད་རྫས་གཞན་དང་འདྲ།། དམ་ཚིག་ཚ་ཚྭ་བཏབ་པ་ལ།། ཡེ་ཤེས་ལྷ་ཚོགས་སྤྱན་དྲངས་ཏེ།། ཕྱག་རྒྱ་བཞི་ཡིས་བསྟིམ་བྱས་ལ། ། མཆོད་པ་དང་ནི་བཟླས་པ་དང།། བསྟོད་པ་ལ་སོགས་པ་ཡང་བྱ།། ཕོ་ཐོད་མོ་ཐོད་འཁོར་ལོ་དང།། དགྲ་ཡི་མིང་རུས་བཅས་པ་དང།། གནན་པའི་འཁོར་ལོ་བྱ་ནས་ཀྱང། ། ཆོས་སྐུའི་འོག་ཏུ་གཏད་ཁྲམ་བྱ།། དམ་ཉམས་པ་ལ་ལྷ་བདུད་ཕོབ།། གཤིན་རྗེ་གཤེད་པོའི་རྒྱུད་གསང་བ་དྲུག་ཅུ་པ་ལས། ཆོས་སྐུ་ནན་པོ་འོད་འབར་གྱི་ཚ་ཚྭ་གདབ་པའི་ཐབས་བསྟན་པའི་ལེའུ་སྟེ་ཞེ་དྲུག་པའོ། །།། རྡོ་རྗེ་འཛིན་པས་ཡང་ཞུས་པ།། གསད་པའི་ཐབས་བཞི་པོ་དེ་ལགས་ན།། གསོ་བའི་ཐབས་གསུམ་པོ་གང་ལྟར་ལགས། ཞེས་པས། གཤིན་རྗེ་གཤེད་པོའི་གསུངས་པའོ།། གསོ་ཐབས་བཞི་ཡང་བསྟན་པའོ། ། སྲིའུ་གསོ་དང་ནད་པ་གསོ།། དཔལ་གསོ་བ་དང་ཚེ་གསོ་བའོ།། དང་པོ་སྲིའུ་གསོ་བ་དེ།། ལན་ཆགས་གནོད་པ་བྱེད་པ་ལ།། ལྷ་ཀླུ་ཆེ་བ་ཐམས་ཅད་ལ།། མཐུན་པའི་གླུད་ཀྱིས་བསླུ་བར་བྱ།། དེ་ནས་བསྙེན་པ་ཚད་དུ་བྱ། ། ལྷ་ཡི་བསྙེན་པ་བཟླས་པའི་སྲུང་སྐུད་གདགས།། མ་དང་བུ་ཡང་ཆུ་ཡི་བུམ་པས་བཀྲུ།། དེ་ནས་སྒྲུབ་པའི་དཀྱིལ་འཁོར་བྲི་བ་ནི།། ལྷ་དང་དམ་རྫས་ཚང་བར་དགོད།། བྱང་ཤར་མཚམས་སུ་འབྲུབ་ཁུང་བྱ། ། བྱང་དུ་སྤྲེའུ་དེ་ལ་གནོད་པའོ།། བགེགས་ཀྱི་གཟུགས་དང་མིང་དང་ནི།། ར་སོགས་ཁྱི་དང་ཕག་གི་གཟུགས།། ཡང་ན་དར་ཟན་གཟུགས་བྱས་ལ།། འབྲུ་ཁུང་ནངདུ་གཞག་པར་བྱ།། ཁྱི་བལ་དཀར་ནག་སྐུད་པ་ཡིས། ། སྐེ་ནས་བཏགས་ལ་ཕུར་པ་ལ།། མ་རུ་ཙེར་བསམས་དེ་ལ་གདགས།། དམ་སྲིད་དགུག་ཅིང་བསྟིམ་པར་བྱ།། རྒྱབ་རྟེན་བྱ་བའི་ལྷ་འདྲེ་གདུག་པ་ལྔ།། གསེར་སྐྱེམས་བཏང་ལ་བདེན་པ་བདར། ། ཐུན་གྱིས་བྲབ་ལ་ཕུར་པ་གདབ།། སྒྲུབ་པ་བྱེད་པའི་བར་དུ་ནི།། ཡང་ནས་ཡང་དུ་ཐུན་གསུམ་དུ།། དམ་སྲི་བསྒྲལ་ཞིང་བཏབ་པ་དང།། སྦྱིན་སྲེག་བྱ་དང་གནན་པ་བྱ།། གང་བྱེད་ལས་ནི་བྱས་པ་དང།། མ་ལ་འཕགས་པ་གཤིན་རྗེ་ཡི། ། སྙིང་པོ་ཕོག་ལ་ཟློས་སུ་གཞུག། དམ་ཚིག་ཐེག་ཆེན་སྲུང་དུ་གཞུག། དེ་ལྟར་བྱས་པས་ལས་དེ་རྣམས།། འགྲུབ་བར་དཔའ་བོས་གསུངས་བའོ།། གཤིན་རྗེ་གཤེད་པོའི་རྒྱུད་གསང་བ་དྲུག་ཅུ་པ་ལས། སྲིའུ་གསོ་བའི་ལེའུ་སྟེ་ཞེ་བདུན་པའོ།།།། ཡང་གསོ་བའི་ཐབས་གསུངས་བ། ནད་པར་གྱུར་པ་གསོ་བ་ལ།། ལྷ་ཡི་རྣལ་འབྱོར་པ་བྱས་ལ།། ནད་པ་དེ་ལ་གནོད་པ་ཡི།། ལྷ་འདྲེ་གང་ཡིན་གདོན་པ་ལ། ། གླུ་དང་ཟང་ཟིང་སྦྱིན་པ་བྱ།། གནོད་པའི་བགེགས་ངན་གདུལ་བ་དང།། ཡང་ནས་ཡང་བསྐྲད་པར་བྱའོ།། བདེན་པ་བདར་ཞིང་གླུང་ཀྱང་དབུལ།། ནད་པའི་སྐྱེ་རུ་སྲུང་སྐུད་གདགས།། ཁྲུས་དང་མེ་ཏོག་མེ་ཡི་ཆོ་ག་བྱ། ། གཤིན་རྗེ་གཤེད་ལ་གཏོར་མ་ཡང་ནས་ཡང་དུ་བཏང།། དབུལ་བར་བྱས་ལ་འཕྲིན་ལས་བཅོལ།། ནད་པ་རང་གི་ལྷ་དེ་ལ།། གསོལ་མཆོད་བྱས་ལ་ལས་ཀྱང་གཅོལ།། དེ་ནི་ཕན་པར་བཤད་བའོ། ། གཤིན་རྗེ་གཤེད་པོའི་རྒྱུད་གསང་བ་དྲུག་ཅུ་པ་ལས། ནད་པ་གསོ་བའི་ཐབས་ཀྱི་ལེའུ་སྟེ་ཞེ་བརྒྱད་པའོ།།།། ཡང་གསོ་བའི་ཐབས་གསུངས་པ། དཔལ་ནི་བུ་ཚ་ཡོད་པར་བྱེད་པའོ། ། དང་པོ་ལྷ་བསྙེན་བྱ་བ་ཡང།། བུད་མེད་དེ་ལ་སྲུང་སྐུད་གདགས།། བུད་མེད་ཁྲུས་བྱས་གོས་གཙག་བསྐོན།། སྲིད་ལ་གནོད་པའི་དམ་སྲི་གདུལ།། ལྷ་འདྲེ་གདུག་པ་ཆེ་བ་ལ།། སྐྱིན་གླུད་བྱིན་ལ་བདེན་པ་བདར། ། གཤིན་རྗེ་གཤེད་ཀྱི་དཀྱིལ་འཁོར་དུ།། དམ་ཚིག་ཕོག་པའི་དབང་ཡང་བསྐུར།། འཇམ་དཔལ་སྐུ་རུ་བསྒོམ་དུ་གཞུག། གཤིན་རྗེ་གཤེད་པོར་དབང་བསྐུར་ནས།། སྙིང་པོ་འདི་དག་ཟློས་སུ་གཞུག། སྲིད་ཐག་ཉེ་བར་བཤད་པའོ།། གཤིན་རྗེ་གཤེད་པོའི་རྒྱུད་གསང་བ་དྲུག་ཅུ་པ་ལས། དཔལ་བསྐྱེད་པའི་ལེའུ་སྟེ་ཞེ་དགུ་པའོ།།།། ཡང་གསོ་བའི་ཐབས་གསུངས་པ། ཚེ་གསོ་བ་ནི། གང་ཞིག་ཚེ་ཉམས་པ་དེ་བསྲིང་བར་བཤད། ། བན་དྷ་ལྕང་ལོ་མཛེས་པ་རུ།། ཆང་དང་བདུད་རྩིས་བཀང་བྱས་ལ།། སྙིང་པོ་རྣམ་ལྔ་བྱུག་བྱས་ལ།། ཁྲུས་ཕྱེ་བྲེ་གང་བྱས་པ་ཡི།། ཚེ་ཡི་འབྲང་རྒྱས་བྱས་བ་ཡི།། རྩི་ཐོག་རྒྱས་པའི་མར་ཡང་བྱུག། བན་དྷ་སྟེང་དུ་བཞག་བྱས་ལ།། བན་དྷའི་དཀྱིལ་འཁོར་དབུས་སུ་ནི།། རིན་པོ་ཆེ་ཡི་སྣོད་ནང་དུ།། ནས་བྲེ་གང་བླུག་དེ་རུ་གཞག། མཆོད་པ་ལེགས་པ་བཤམས་པ་དང།། ཆོ་ག་རིམ་པར་བྱས་ནས་ནི། ། བཟླས་པ་བསྟོད་པ་མང་དུ་བྱ།། ཚེ་ཡི་བན་དྷའི་ནང་དུ་ནི།། འཇམ་དཔལ་ཡབ་ཡུམ་བསྐྱེད་བྱས་ལ།། དབུ་ལ་ཚེ་དཔག་མེད་པས་བརྒྱན།། མཆོད་པ་ཀུན་གྱིས་མཆོད་བྱས་ལ།། སྙིང་པོ་འདི་ནི་བཟླས་པར་བྱ། ། ཨོཾ་པུ་ཎེཧཡ་པུ་ཎེཧཡ་མ་ཧཱ་ཨ་པ་ར་མི་ཏ་པུ་ཎེཧཡ་ཛྙཱ་ན་སམ་པ་རོ་པ་ཙི་ཏེ་སྭཱཧཱ། ཞེས་ཨ་ཀྲོ་ཏེ་ཀ་དང་བསྒྲགས་ལ་བགྲང། གང་བསྲུང་བ་དེའི་ཚེ་ཉམས་པ་བསྲུང་བ་དང།། ཚེ་ཡར་བ་གཞུག་པ་དང། ཚེ་ལྡེགས་བསྟན་པར་བྱ་བ་དང། ། སྔགས་ཀྱི་འོད་ཀྱི་བྱིན་བརླབས་དང།། སྔགས་ཀྱི་ཚེ་ཐམས་ཅད་དང། གཡང་ཐམས་ཅད་རྫས་ལ་བསྡུ། རྫས་ཀྱི་ནུས་པ་མི་ལ་ཐིམ། གཤིན་རྗེ་གཤེད་པོའི་ལྷ་ཚོགས་དྲངས་པ་ཡིས། མཚན་ནས་བརྗོད་ཅིང་ཚེ་ཁུག་བྱ།། གཤིན་རྗེ་གཤེད་པོའི་རྒྱུད་གསང་བ་དྲུག་ཅུ་པ་ལས། ཚེ་བསྲིང་པའི་ལེའུ་སྟེ་ལྔ་བཅུ་པའོ།།།། རྡོ་རྗེ་འཛིན་མས་བསྟན་པ་བསྲུང་བའི་ཆེད་དུ། སེར་བ་དབབ་པའི་ཐབས་གསུངས་པ། མོན་ནམ་རབས་ཆད་ཐོད་པ་རུ།། ཤ་སྣ་སྙིང་སྣ་ཁྲག་སྣ་དང།། འབྲུ་སྣ་ཚང་བའི་སྔོ་ཁུ་ཀླུད།། དུག་སྣ་བླུགས་ལ་ཆང་གིས་བསིང།། ལྷ་ཡི་བསྙེན་པ་ཚད་ཕྱུང་ནས།། དྲག་སྔགས་འདི་ཡིས་བསྔགས་ལ་བཟླས། ། རྩེ་བའི་སྙིང་པོ་གང་གྲུབ་ལ།། གསང་སྔགས་འདི་བཏགས་གདབ་པ་ཡི།། ཐིག་ནི་གཅིག་མེད་ཁྲག་བརྒྱད་བཅད།། དུད་ཕྲོམ་ནམ་མཐོངས་ཕྱེ། ལྕགས་སྒྲོག་ཁྲོལ། མི་རེངས་སོད། རྐྱང་རྗེ་རྐྱང་མོ་ཅུ་རུ་མ། འདོ་པ་ཏོ་ཡ་ཡུལ། ཆེ་གེ་མོར་ཕོབ་བྱས་ལ། རྫས་སྔོའི་གསེབ་ཏུ་གཟའ་རྒྱུ་བའི་དུས་སུ་གཏོར་ལ་གཏང་ངོ།། གཤིན་རྗེ་གཤེད་པོའི་རྒྱུད་གསང་བ་དྲུག་ཅུ་པ་ལས། སེར་བ་དབབ་པའི་ལེའུ་སྟེ་ང་གཅིག་པའོ། །།། གཤིན་རྗེ་གཤེད་པོས་སེར་བ་བསྲུང་བའི་ཐབས་འདི། དམ་ཚིག་ལྡན་པའི་རྣལ་འབྱོར་པས།། དང་པོ་ལྷ་བསྙེན་རྫོགས་པར་བྱ།། དེ་ནས་བསྲུང་བར་བྱ།། དེ་ནས་བསྲུང་བར་བྱ་བ་ནི།། ཞ་ཤིང་གི་བྱང་བུ་སོར་བཞི་ལ། ། སྔགས་འདི་ཀློང་བཞིར་བཅད་ལ་བྲི།། བསྲུང་མཚམས་སོ་སོར་མཐོང་བའོ།། རྡོ་རྗེ་སྒྲོ་མ་བུ་ནང་དུ་གཞུག། གཡམ་པས་བཅད་ལ་ནང་དུ་གཞུག། ཨོཾ་ཨ་ཀྲོ་ཏེ་པ་ལ་མཧཱ་སི་ཀ་ཤག་སུ་པ་སིང་གི་རྦད་ནན། བཟློག་ཅིག་ཁཾ་བྷྱོ། ཤག་ཧྲུ་ཏྲི་ཁྲམ་བྷྱོ། ཨོཾ་མུར་ཤི་ཀུང་ཙུད་ཀ་སྭཱཧཱ། གཤིན་རྗེ་གཤེད་པོའི་རྒྱུད་གསང་བ་དྲུག་ཅུ་པ་ལས། སེར་བ་སྲུང་བའི་ལེའུ་སྟེ་ང་གཉིས་པའོ།།།། དེ་ནས་ཡང་གཤིན་རྗེ་གཤེད་པོ་ལ། འཁོར་རྣམས་ལ་སོགས་པ་གཤིན་རྗེའི་ཚོགས་དང་བཅས་པ་བསྟོད་པ། དེ་ལྟ་བུའི་སྒྲུབ་ཐབས་མང་པོ་ཞལ་ནས་གསུངས་པ་ལ། དེ་དག་ངོ་མཚར་བས་བསྟོད་པ་ནི། གཏུམ་ཆེན་རབ་འབར་གཤིན་རྗེ་འཇོམས་མཛད་ལྷ། ། ཉི་མ་འབུམ་བས་ལྷག་པའི་འོད་ལྡན་ཁྱེད།། ཕྱག་མཚན་མང་པོ་བསྐལ་པའི་མེ་ལྟར་འབར།། རབ་འཇིགས་གཤིན་རྗེ་གཤེད་ལ་ཕྱག་འཚལ་བསྟོད།། རྡོ་རྗེའི་སྐུ་ལ་ཀླུ་དབང་རབ་བརྒྱན་ཅིང།། གཅན་གཟན་གདུག་པའི་པགས་རློན་ན་བཟར་གསོལ། ། མི་མགོ་ཐོད་ཁྲག་མི་བཟད་སྐུ་ལ་གསོལ།། བརྐྱང་བསྐུམ་ཚུལ་གྱིས་གཤིན་རྗེ་ཞབས་ཀྱིས་གནོན།། མི་བཟད་ཁྲོ་བོའི་རྒྱལ་པོ་གདོང་དྲུག་ཧཱུ~ཾ་སྒྲ་ཅན།། ཕཊ་ཀྱིས་ཁམས་གསུམ་སྒྲ་སྒྲོག་དུས་གསུམ་དབང་དུ་སྡུད། ། ཤ་ཟ་མ་གོ་བཅད་འཕྲེང་བ་སྐུ་ཡི་རྒྱན་དུ་བྱས།། སྤྱན་ཟློག་ཙམ་གྱིས་རྡོ་རྗེ་སེར་བ་འབེབས།། ལྗགས་འདྲིལ་གསེབ་ནས་རྡོ་རྗེ་ཐོག་ཆེན་འབེབས།། འཁོར་གྱི་མ་མོ་རྣམས་ཀྱང་སྒྲེན་མོར་འདོན། ། རྐན་སྒྲ་གཏོགས་པས་ལྷ་ཆེན་ཁྱབ་འཇུག་ཀྱང།། གན་བུབ་བརྒྱལ་བྱས་ཁྲག་འཐུང་ཉིད་ལ་འདུད།། སྟོང་ཁམས་ཁེབས་པར་བྱེད་པའི་ཞལ་གདངས་ནས།། ཚངས་པའི་འཁོར་བཅས་རྡུལ་བའི་ཐིག་མཛད་ཅིང། ། ནད་གཏོང་སྲིན་མོ་རྣམས་ཀྱང་འདར་ཞིང་འབྲོས།། རྒྱུ་འཕྲེང་ཁྲག་དང་བཅས་པ་ཐོགས་ནས་ཀྱང།། ཕྱག་མཚན་མི་མགོ་རློན་པ་རབ་བསྣམས་ཤིང།། དངོས་གྲུབ་མཆོག་གི་ཀླད་ཁྲག་ཞལ་དུ་གསོལ། ། གནོད་སྦྱིན་མ་རུངས་མགོ་བཅད་འཕྲེང་བས་སྐུ་ལ་བརྒྱན།། ཕྱག་ན་ཁྱུང་དང་འུག་པ་ལྟ་བུའི་ཁྲ་བསྣམས་ཤིང།། དམ་ལས་ལྡོག་པ་རྣམས་ལ་གཏོང་བར་མཛད།། དུར་ཁྲོད་ཆེན་པོར་མཚན་མོ་རབ་རྒྱུ་ཞིང། ། མགོ་གཅད་སོ་ཡིས་ཆེམ་ཆེམ་འཆའ་བ་ཡང།། ཁྱོད་མཐོང་ཙམ་གྱིས་ཞབས་ལ་གཏུགས།། དེ་བས་བཟོད་པར་དཀའ་ལ་ཡང་དག་འདུད།། གདུང་བའི་སེམས་ཀྱིས་བདག་གི་འཁོར་དུ་གཏོགས་པ་ལ། ། གནོད་པར་བྱེད་པའི་མི་དང་མི་མིན་གང་ཡང་རུང།། ཟུང་ཞིག་ཆིངས་ཤིག་རྒོལ་ཅིག་གར་མཛད་ལྷ་གཤིན་རྗེ་གཤེད།། ཡུན་གྱི་ལྟར་ཡང་ཁྱོད་གསོལ་འདེབས་ན།། རི་རབ་གསེར་གྱི་ངོས་ལ་བྱ་གནས་ལ། ། བྱ་ཡི་རང་བཞིན་བོར་ནས་གསེར་དུ་སྣང།། ལྷ་མཆོག་ཁྱེད་ཀྱི་སྐུ་རུ་བདག་བསྒོམས་པས།། བདག་གི་རང་བཞིན་བོར་ནས་ཁྲོ་བོར་སྣང།། ལྷ་མཆོག་ཁྱོད་ལ་སུ་དང་གང་བརྟེན་པ།། མི་ཡི་ཐ་མ་རྣམས་ཀྱང་མཆོག་ཏུ་འགྱུར། ། དེ་བས་འདི་དང་ཕ་རོལ་གཉིས་ཀ་རུ།། སྲོག་གི་ཕྱིར་ཡང་ལྷ་མཆོག་མི་གཏོང་ན།། བྱམས་པའི་ཞལ་བཟང་སྔོན་དུ་བསྟན་ནས་ཀྱང།། ཐུགས་རྗེའི་དབང་གིས་བདག་ལ་གཟིགས་སུ་གསོལ། ། ཁྲོ་མོ་ཡུམ་དང་བཅས་ཏེ་སྐུར་སྟོན་ཅིག། གཡོན་ནས་ཡུམ་བསྐྱེད་ཁྲོ་མོའི་སྐུ།། གཏུམ་མོ་དུག་ཧྲུལ་གོས་གྱོན་མ།། གཡས་ནས་ཡུམ་བསྐྱཻད་ཨེ་ཀ་ཏི་མ།། ཆགས་གཞི་ཆེན་མོ་ཁྲག་མདོག་མ།། གཉིས་ཀའི་སྐུ་ནི་དབུས་ཀྱི་གཙོ་དག་མཐུན། ། སྡང་བའི་དགྲ་དང་གནོད་པའི་བགེགས།། ཐལ་བར་ཐོག་ལ་རླུང་ལ་ཕྱོར།། ཅེས་འཁོར་རྣམས་ཀྱིས་གཙོ་བོ་ལ་བསྟོད་དོ།། ཐབས་མང་པོ་བསྟན་པ་ལ་ངོ་མཚར་གྱིས་བསྟོད་པའོ། ། གསང་བ་དྲུག་ཅུ་བ་ལས། གཙོ་བོ་ལ་འཁོར་གྱིས་བསྟོད་པའི་ལེའུ་སྟེ་ང་གསུམ་པའོ།།།། དེ་ནས་གཤིན་རྗེ་གཤེད་པོའི་ལྷ་ཚོགས་ལ་ཚོགས་འབུལ་བ་གསུངས་བ། ཟན་དང་མར་དང་ཤ་དང་ཆང།། ཞོ་དང་ཆབ་མིག་ཆོད་མ་ལ། ། བྱིན་གྱིས་བརླབ་པ་བྱས་ལ་ནི།། སྤྱན་དྲངས་ལ་སོགས་བྱ་བ་ནི།། ཧཱུཾ། ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས།། འཁོར་འབར་བའི་སྐུ་རུ་གནས།། འཇམ་དཔལ་གཤིན་རྗེ་འཁོར་བཅས་ཀུན། ། རྣལ་འབྱོར་ལོངས་སྤྱོད་ཚོགས་ལ་གཤེགས།། རི་རབ་ཆེན་པོའི་རྨང་འོག་ནས།། གཤིན་རྗེ་ཆོས་ཀྱི་རྒྱལ་པོ་ནི།། འཆི་བདག་མ་མོའི་ཚོགས་དང་བཅས།། རྣལ་འབྱོར་ལོངས་སྤྱོད་ཚོགས་ལ་གཤེགས།། རིག་པ་འཛིན་པའི་ས་ལ་གནས། ། སྔགས་ཀྱི་སྡོམ་ལ་གནས་པ་ཡི།། རིག་འཛིན་འཁོར་བཅས་ཚོགས་ལ་གཤེགས།། ཞེས་སྤྱན་དྲངས་སོ།། དེ་ནས་ཕུད་གསུམ་དུ་སྤྲོས་ལ།། དང་པོ་ལ་མཆོད་པ། ཧཱུཾ། གཟུགས་ཀྱི་བྱེ་བྲག་མང་པོ་དང། ། སྒྲ་ཡི་རྣམ་པ་མང་པོ་དང།། དྲི་ཡི་རྣམ་པ་མང་པོ་དང།། རོ་ཡི་རྣམ་པ་མང་པོ་དང།། རེག་བྱའི་རྣམ་པ་མང་པོ་ཀུན།། འཇམ་དཔལ་གཤིན་རྗེ་འཁོར་བཅས་ལ།། མཆོད་པར་འབུལ་ལོ་བཞེས་སུ་གསོལ། ། བར་མ་ལ་བཤགས་པ།། ལུས་ཀྱི་སྤྱོད་པ་རྩིངས་པ་མཐོལ་ལོ་བཤགས།། ངག་གི་ཆོ་ག་ལྷག་ཆད་ཤོར་བ་མཐོལ་ལོ་བཤགས།། སེམས་ཀྱི་ཏིང་ངེ་འཛིན་གཡེལ་བར་གྱུར་པ་མཐོལ་ལོ་བཤགས།། ཆང་དང་གཉིད་དབང་གྱུར་པ་མཐོལ་ལོ་བཤགས། ། ཞེས་པས་བཤགས་པ་བྱའོ།། ཐ་མ་ལ་ལིང་ག་བཅས་ལ་བསྒྲལ་བར་བྱའོ།། དེ་ནས་ཚོགས་ལ་རོལ། གཤིན་རྗེ་གཤེད་པོའི་རྒྱུད་གསང་བ་དྲུག་ཅུ་པ་ལས། ཚོགས་འབུལ་བའི་ལེའུ་སྟེ་ང་བཞི་པའོ། །།། གཤིན་རྗེ་གཤེད་པོ་ལས་ཀྱི་རིམ་པ་རྒྱུན་དུ་གཏོར་ཆུང་གཏང་བ་ནི། གཏོར་མའི་སྣོད་ནི་མཛེས་པ་རུ།། མཐེབ་ཀྱུ་ལྔའམ་བདུན་བྱས་ལ།། ཧཱུ~ཾ་གི་གཏོར་མའི་བག་ཆགས་སྤྱངས། ། ཨོཾ་གྱིས་བདུད་རྩིའི་རྒྱ་མཚོར་བརླབས།། ཨོཾ་གྱིས་འདོད་པའི་ཡོན་ཏན་ལྔ་ལྟ་བུར་བསམ།། མང་ཞིང་རྒྱ་ཆེ་བར་བྱ་བའི་སྔགས་ནི།། ཨོཾ་ཨཱཿཧཱུ~ཾ། བ་ལིང་ཏ་ཏེ་ཛྭ་བ་ལི་ནི། ལ་བ་ཏེ་གུ་ཧྱ་རག་ཏ་ས་མ་ཡེ་སྭཱ་ཧཱ། ཞེས་པས་བྱྀན་གྱིས་བརླབ་བོ།། ལས་ཀྱི་ལྷ་དང་ཡེ་ཤེས་ལྷ།། འཇམ་དཔལ་འཁོར་ཚོགས་མ་ལུས་དང།། གཤིན་རྗེ་འཁོར་ཚོགས་མ་ལུས་དང།། མ་མོའི་འཁོར་ཚོགས་མཁའ་འགྲོ་མ་ལུས་དང།། གིང་བདུད་གནོད་སྦྱིན་མ་ལུས་དང། ། རིག་འཛིན་དམ་ཅན་མ་ལུས་ཀུན།། མཆོད་སྤྱིན་གཏོར་མ་འདི་ལོང་ལ།། བཅོལ་བའི་ལས་རྣམས་གྲུབ་པར་མཛོད།། ཨོཾ་མཉྫུ་ཤྲི་ཡ་མནྟ་ཀ་བ་ལིང་ཏ་ཁ་ཧི། ཞེས་གཏོར་ཆུང་དབུལ་ལོ། ། གསང་བ་དྲུག་ཅུ་པ་ལས། རྒྱུན་དུ་གཏོར་ཆུང་གཏང་བའི་ལེའུ་སྟེ་ང་ལྔ་པའོ།།།། རྡོ་རྗེ་འཛིན་པས་ཡང་གསོལ་པ།། གཤིན་རྗེ་གཤེད་པོས་གསུངས་བའི་དོན།། ང་ཡི་དུས་ཀྱི་བསྟན་པ་ནི།། སངས་རྒྱས་བསྟན་པ་མི་གནས་ཤིང། ། ཆོས་ཉིད་བདེན་པས་མི་འདུལ་བ།། དགེ་འདུན་བཙུན་སར་མི་གནས་ན།། ང་ཡི་བསྟན་པ་དེ་རུ་བསྲུང།། ང་ནི་དུས་གསུམ་མངོན་དུ་འབྱུང།། ང་ནི་དུས་གསུམ་ད་ལྟར་འབྱུང།། ལྔ་བརྒྱའི་སྙིགས་མ་བྱུང་ཙམ་ན། ། དེ་ཚེ་ང་ཡི་བསྟན་པ་འབྱུང།། བསྟན་པ་ཐམས་ཅད་ནུབ་པའི་ཚེ།། དེ་ཚེ་ང་ཡི་བསྟན་པ་འབྱུང།། དགེ་བཅུ་དག་ནི་ནུབ་པའི་ཚེ།། དེ་ཚེ་ང་ཡི་བསྟན་པ་འབྱུང།། དམ་ཚིག་ཉམས་པ་མང་པོ་ཚེ། ། དེ་ཚེ་ང་ཡི་བསྟན་པ་འབྱུང།། ང་ནི་དུས་གསུམ་འབྱུང་བའི་སྐུ།། ང་ནི་ད་ལྟར་མངོན་པའི་ལྷ།། ང་ནི་རབ་ཏུ་གསང་བའི་རྒྱུད།། ང་ནི་སྲིད་གསུམ་མངོན་དུ་འབྱུང།། དམ་ཚིག་སེམས་པ་སྟོན་ནས་ནི།། དཀོན་མཆོག་དབུ་འཕང་སྨོད་པ་ལ། ། ང་ཡི་བསྟན་པ་འབྱུང་བར་བྱེད།། དབེན་རི་འཇོམས་ལ་བབ་ཆོལ་སྤྱོད།། ང་ཡི་བསྟན་པ་དེ་བསྲུང་བཅས།། འཁོར་གྱི་ལྷ་ཚོགས་རངས་པ་ཡང།། དུས་དེར་བསྟན་པ་སྲུང་བར་གྱིས། ཞེས་སོ།། གཤིན་རྗེ་གཤེད་པོའི་རྒྱུད་གསང་བ་དྲུག་ཅུ་པ་ལས། གཤིན་རྗེ་གཤེད་པོའི་བསྟན་པའི་དུས་ནམ་འབྱུང་བའི་ལེའུ་ང་དྲུག་པའོ།།།། གཤིན་རྗེ་གཤེད་པོའི་ལས་དེ་དག་ཐམས་ཅད་ཀྱིས་དངོས་གྲུབ་འགྲུབ་པའི་ལེའུའི་ཐབས་གསུངས་བ། བན་ད་མཚན་དང་ལྡན་པ་ལ།། བདུད་རྩི་ཆང་གིས་སྤྲུས་བྱས་ལ།། འབྲང་རྒྱས་ཟླ་གམ་བྱས་པ་ཡིས།། བདུད་རྩི་ཆང་གིས་ཁ་བཅད་ལ།། དཀྱིལ་འཁོར་ཤར་དུ་ཟན་བཞག་ལ།། ལྷོ་རུ་ཁུར་བ་ནུབ་ཏུ་ཤ། ། བྱང་དུ་ཆ་ནི་བཞག་བྱས་ལ།། ཞལ་ཟས་སྣོད་ཀུན་ཡུམ་གྱི་བྷ་གར་བསྒོམ།། ཞལ་ཟས་རང་ཀུན་འདོད་ཡོན་ལྔ།། བདུད་རྩི་ལྔ་རུ་བྱིན་བརླབས་ལ།། རྣལ་འབྱོར་ཡོངས་ཀྱི་བསྙེན་སྒྲུབ་ལས་ཚང་ནས། ། འཛབ་བསྟོད་བྱས་ལ་དངོས་གྲུབ་བླངས།། བསྙེན་པའི་སྙིང་པོ་བཅུ་བདུན་པ་ལ།། ཀ་ཡ་ཝ་ཀ་ཙིཏྟ་ས་མ་ཡ་སྟིཥྟ་ཨ་ཡུ་ཏི། སུ་སི་ཏི་ཛ་ཡ་སིདྷི་སིདྡྷི་ས་མ་ཡ་ཛ་ཛཿ། ཞེས་བཟླས་པས། སངས་རྒྱས་དང་འགྲོ་བ་རིགས་དྲུག་ཐམས་ཅད་ཀྱི་བྱིན་གྱིས་བརླབས་དང་བཅུད་བསྡུས་ནས། ། སྒྲུབ་པའི་ཞལ་ཟས་དེ་དག་ལ།། མཚོ་ལ་སྦྲང་མ་འདུས་ཚུལ་དུ།། ཐམས་ཅད་འདུས་ཤིང་ཐིམ་པར་བསམ།། བཟླས་པ་ནུས་ཚད་ཐོན་པ་དང། ། འཇམ་དཔལ་ལྷ་ཚོགས་འཁོར་བཅས་ལ།། དངོས་གྲུབ་བླང་བ་འདི་སྐད་དོ།། ཧཱུ~ཾ། ལྟ་བ་ཡངས་ལ་ཡེ་ཤེས་འཁྱིལ་བ་ནི།། ཐིག་ལེ་བྱང་ཆུབ་སྙིང་པོ་བསམ་ཡས་པ།། རང་བཞིན་སྣ་ཚོགས་སྐུ་ཡི་དཀྱིལ་འཁོར་དུ། ། འཇམ་དཔལ་གཤིན་རྗེའི་སྐུ་མཆོག་ལྷུན་གྱིས་གྲུབ།། འཇམ་དཔལ་རིགས་ཀྱི་ལྷ་ཚོགས་ཀྱིས།། སྐུ་གསུང་ཐུགས་ཀྱི་དངོས་གྲུབ་བསམ་མི་ཁྱབ།། སྐུ་ཐུགས་ཀྱི་དངོས་གྲུབ་སྩལ་དུ་གསོལ།། དུས་ནི་གཞན་དུ་མ་ཡིན་པས། ། དོ་ནུབ་ཉིད་སྩལ་དུ་གསོལ།། འཇམ་དཔལ་ཐུགས་ལས་སྤྲུལ་པའི་སྲས།། སྐྱེ་བ་མེད་པའི་སྐྱེ་བའི་ཆོ་འཕྲུལ་བསྟན།། ཡ་མ་རཱ་ཛ་མྱོས་བྱེད་འབར་བ་དང།། ཨཱརྱ་མ་རུ་རལ་པ་ཚར་དགུ་དང། ། གཤེད་བཞིས་འཕྲིན་ལས་སྣ་ཚོགས་མཛད།། འཕྲིན་ལས་སྣ་ཚོགས་དངོས་གྲུབ་སྩལ་དུ་གསོལ།། ཧཱུ~ཾ། ཕྱོགས་སྐྱོང་དྲེགས་པ་གདུལ་བའི་ཕྱིར།། འཇམ་དཔལ་ཐུགས་ལས་སྤྲུལ་པའི་སྲས།། བདུད་འཇོམས་ཀོ་ཙེ་བྲག་འཇོམས་དང། ། ཨ་བ་གླང་མགོ་ཡ་བ་ཏི།། ཕྱ་སངས་སྨིགས་པ་ཏེལ་པ་དང།། ལྷ་མཆོག་དུད་ཁ་ཆོས་ཀྱི་རྒྱལ་པོ་དང།། མིག་དམར་ལ་སོགས་ཕྱོགས་སྐྱོང་བཅུ།། དྲེགས་པ་དགྲ་བགེགས་ཚར་བཅད་ཕྱིར། ། དྲེགས་པ་གདུལ་བའི་དངོས་གྲུབ་སྩལ་དུ་གསོལ།། ཤེས་རབ་ཆོས་དབྱིངས་འབྲེལ་པ་དང།། ཁམས་གསུམ་དབང་དུ་བསྡུ་བའི་ཡུམ་གྱི་ཚོགས།། གཤིན་རྗེ་མ་མོའི་ཚོགས་ཀྱིས་བྱིན་གྱིས་བརླབས།། དངོས་གྲུབ་མ་ལུས་བདག་ལ་གསོལ། ། དགྲ་བགེགས་བསྒྲལ་ཕྱིར་ཐུགས་ལས་སྤྲུལ།། སྒྲོལ་བའི་བདག་པོ་མ་རུ་ཙི+ེ།། དཔལ་གྱི་ཕྱག་བརྙན་ཁྲག་གི་དྲི་བསྣམས་མ།། ལྕགས་ཀྱི་སྤྱང་མོ་ལ་སོགས་ཕོ་ཉ་གསུམ།། དགྲ་བགེགས་བསྒྲལ་བའི་དངོས་གྲུབ་གསོལ། ། འཇམ་དཔལ་སྒོ་བཞིའི་སྲུངས་མ་དམ་ཅན་མ།། ཡ་སྦྱིན་དེ་སྦྱིན་ཕྱག་སྦྱིན་ལ་སོགས་སྒོ་མ་བཞི།། ཁྱེད་ཀྱིས་དངོས་གྲུབ་སྩལ་དུ་གསོལ།། འཇམ་དཔལ་བཀའ་ཉན་གིང་ཆེན་བཅོ་བརྒྱད་དང། ། མོན་པ་བཞི་དང་ཤན་པ་བཞི།། གསེ་ཡི་སྐྱེས་བུ་གདུག་པ་བཞི།། མ་མོ་མཁའ་འགྲོ་མ་ལུས་རྣམས།། ཁྱེད་ཀྱི་མཐུ་རྩལ་དངོས་གྲུབ་གསོལ།། ཞེས་དགོས་གྲུབ་གསོལ། བན་ད་བདུད་རྩི་བདག་གིས་དངོས་གྲུབ་བླང་ངོ། ། བདུད་རྩིའི་དངོས་གྲུབ་ལེན་པའི་སྔགས་དང་ཏིང་ངེ་འཛིན་འདི་ལྟར་བླང་ངོ།། ཞལ་ཟས་ཟླ་གམ་དེའི་ཚུལ་དུ་བསམས་ལ།། དངོས་གྲུབ་བླང་ངོ།། ཞལ་ཟས་ཀྱི་བྱེ་བྲག་གཞན་མ་ཀུན་ཚོགས་ཀྱི་ཚུལ་དུ་བྱས་ལ། ། དངོས་གྲུབ་བླང་ངོ།། ཕུད་ལ་མཆོད། དེ་ནས་སློབ་དཔོན་ལ། དེ་ནས་མཆེད་དང་ལྕམ་དྲལ་ཡོངས་ཀྱི་སྤྱན་དུ་དྲང་ངོ།། ལག་པ་གཡས་པར་ཆང་བཟུང།། གཡོན་པ་ཀུན་གྱིས་ཞལ་ཟས་བཟུང། ། སློབ་དཔོན་གྱིས་སྨོན་ལམ་གདབ་པའོ།། འཇམ་དཔལ་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ་པར་གྱུར་ནས། ཐུན་མོང་མཆོག་གི་དངོས་གྲུབ་ཐོབ་པར་གྱུར་ཅིག། ཨ་ཧོ་སིད་དྷི་སིད་དྷི། བྱས་ལ་ཞལ་ཟས་བཟའ་འོ།། དེ་ནས་ལས་རྣམས་ཐམས་ཅད་ཀྱི།། དངོས་གྲུབ་བླང་བའི་ཐབས་སུ་བསྟན།། གཤིན་རྗེ་གཤེད་པོས་དངོས་གྲུབ་བླང་བའི་ཐབས་སུ་གསུངས།། གཤིན་རྗེ་གཤེད་པོའི་རྒྱུད་གསང་བ་དྲུག་ཅུ་པ་ལས། དངོས་གྲུབ་བླང་བའི་ཐབས་བསྟན་པའི་ལེའུ་སྟེ་ང་བདུན་པའོ།།།། གཤིན་རྗེའི་དངོས་གྲུབ་སྒྲུབ་པ་དང། སྒྲུབ་པའི་ཐབས་མང་པོ་བསྟན་པས། འབྲས་བུ་ཅི་ཐོབ་ན། འཇམ་དཔལ་གཤིན་རྗེ་སྒྲུབ་པའི་རྣལ་འབྱོར་པ་གང་ཞིག་གིས། འབྲས་བུ་དཔག་ཏུ་མེད་པ་ཐོབ། འཇམ་དཔལ་སྐུར་ནི་བསྒོམས་པ་ཡིས།། རྣལ་འབྱོར་པ་དེ་འཇམ་དཔལ་གྱི།། སྐུ་ཡི་ངོ་བོར་གྱུར་ནས་ཀྱང།། མཚན་དང་དཔེ་བྱང་ལྡན་པ་དང། ། གཞན་གྱིས་ཐུབ་པར་དཀའ་བ་དང།། དྲེགས་པ་མ་ལུས་ཚར་གཅོད་དང།། རྒས་དང་རྒུད་པ་མེད་པ་དང།། ཆུ་ལ་བྱིང་བ་མེད་པ་དང།། མཁའ་ལ་བྱ་ལྟར་འགྲོ་བ་དང།། ཆུ་ལ་ཉ་ལྟར་འཛུལ་བ་དང།། བྲག་དང་རི་ལ་ཟངས་ཐལ་དང། ། སྐུ་ཡི་དངོས་གྲུབ་གཞན་མ་དང།། དཔག་ཏུ་མེད་པ་ཐོབ་པའོ།། འཇམ་དཔལ་གསུང་དུ་གསལ་བ་ནི།། ཨ་ཀྲོ་ལ་སོགས་སྙིང་པོ་འདི།། རྒྱུན་དུ་དྲང་བའི་བཟླས་པ་ཡིས།། འཇམ་དཔལ་གཤིན་རྗེ་གཤེད་པོ་ཡི། ། གསུང་གི་དངོས་གྲུབ་ཐོབ་ནས་ཀྱང།། འགྲོ་བ་སེམས་ཅན་མ་ལུས་ལ།། ཆོས་ཀྱི་སྒོ་མོ་བསམ་ཡས་སྟོན།། དྲང་བའི་དོན་དང་ངེས་པའི་དོན།། ཐེག་པ་དཔག་ཏུ་མེད་པ་སྟོན།། འཇམ་དཔལ་གསུང་དང་དབྱེར་མེད་འགྱུར། ། འཇམ་དཔལ་ཐུགས་སུ་གསལ་བས་ནི།། ཏིང་འཛིན་ཀློང་དུ་གྱུར་པ་དེ།། ཞི་བར་གྱུར་དང་དྲག་པོར་གྱུར།། ཆེ་བར་སྟོན་དང་ཆུང་བར་སྟོན།། མང་བ་དང་ནི་ཉུང་བ་དང།། གང་ལྟར་མོས་བསྟོན་པ་དང། ། སྣང་བ་དང་ནི་སྟོང་པ་དང།། ཏིང་འཛིན་དཔག་ཏུ་མེད་པར་སྟོན།། དགོངས་པ་ཆོས་ཉིད་དོན་ལ་ཕེབས།། ཏིང་འཛིན་མ་ཡེངས་རྩེ་གཅིག་བསྒྲུབ།། འཇམ་དཔལ་གཤིན་རྗེ་གཤེད་པོ་དང།། ཐ་མི་དད་པར་འགྱུར་བ་དང། ། གང་ལྟར་བྱས་པའི་ལས་ཀྱང་འགྲུབ།། ལས་ཀྱི་གཤིན་རྗེ་བྲན་དུ་འཁོལ།། མ་མོ་མཁའ་འགྲོ་དམ་ལ་འདུ།། གིང་ཕོ་གིང་མོ་སྤྲུལ་པར་འགྱེད།། ཕོ་ཉ་མང་པོ་ལས་ལ་འཛུད།། ལྷ་སྲིན་སྡེ་བརྒྱད་དམ་ལ་འདོགས། ། རྒྱལ་པོ་བློན་པོ་ལ་སོགས་པས།། མཆོད་ཅིང་བཀུར་སྟི་བྱེད་པ་དང།། སྲིད་པ་གསུམ་ན་ཐུབ་དབང་མེད།། འཁོར་དང་ཡོ་བྱང་ཕུན་སུམ་ཚོགས།། འཇམ་དཔལ་གཤིན་རྗེ་སྒྲུབ་པ་ཡིས། ། འབྲས་བུ་དེ་དག་ཐོབ་བར་འགྱུར།། གཤིན་རྗེ་གཤེད་པོའི་རྒྱུད་གསང་བ་དྲུག་ཅུ་པ་ལས། སྒྲུབ་པའི་འབྲས་བུ་བསྟན་པའི་ལེའུ་སྟེ་ང་བརྒྱད་པའོ།།།། གཤིན་རྗེ་གཤེད་པོའི་རྒྱུད་ཐམས་ཅད་ཀྱང། ། དྲག་པོ་ལས་སུ་སྒྲུབ་པར་གསུངས་བ་ནི།། རྒྱུད་ཀྱི་རྒྱལ་པོ་འདི་ལས་ཀྱང།། འཕྲིན་ལས་རྣམ་བཞི་སྒྲུབ་པ་བསྟན།། འཕྲིན་ལས་རྣམ་བཞི་ཐམས་ཅད་ཀྱང།། དྲག་པོའི་ལས་སུ་བསྟན་པའོ།། སྐུ་དང་གསུང་དང་ཐུགས་དང་ནི། ། ཡོན་ཏན་འཕྲིན་ལས་ལྔ་རུ་བསྟན།། ཐམས་ཅད་སྐུ་ཡི་སྒྲུབ་པའོ།། འཇམ་དཔལ་དེ་བཞིན་གཤེགས་པའི་རིགས།། དུས་གསུམ་སངས་རྒྱས་སྐུ་ཡི་དངོས།། སྐུ་ཡི་སྤྲུལ་བ་བསམ་ཡས་པས། ། འཕྲིན་ལས་ཐམས་ཅད་དྲག་པོར་སྟོན།། ལས་རྣམས་སོ་སོ་གང་བསྒྲུབ་ཀྱང།། འཇམ་དཔལ་གཤིན་རྗེ་བསྒྲུབ་པར་བྱ།། ལས་ཀྱི་གཤིན་རྗེ་གཅུན་ལ་བྱ།། དེ་ཡིས་ལྷ་སྲིན་རགས་པ་འཁོལ།། ཞེས་པའོ། ། གཤིན་རྗེ་གསང་བ་དྲུག་ཅུ་བ་ལས། རྒྱུད་འདི་སྐུའི་རྒྱུད་ཡིན་པ་དང། དྲག་པོའི་ལས་བསྟན་པའི་ལེའུ་སྟེ་ང་དགུ་པའོ།།།། གཤིན་རྗེའི་འཁོར་མོན་པ་བཞི་དང། ཤན་པ་བཞི་དང།། གིང་དང། བསེ་མོ་ལ་སོགས་པས་རང་རང་གི་སྒྲུབ་པ་ཁྱད་པར་དེ་དབུལ་ལོ། ། གཤིན་རྗེ་གསང་བ་དྲུག་ཅུ་པ་ལས། འཇིག་རྟེན་གྱི་ཆ་འཛིན་པའི་འཁོར་རྣམས་ཀྱིས། རང་རའི་སྒྲུབ་ཐབས་ཕུལ་བའི་ལེའུ་སྟེ་དྲུག་ཅུ་པའོ། །།། གཤིན་རྗེ་གཤེད་པོ་ལ། རྡོ་རྗེ་འཛིན་པ་ལ་སོགས་པའི་འཁོར་དང་བཅས་པ་ཡིས་རྒྱུད་གཏད་པ་ནི། རྣལ་འབྱོར་དམ་ཚིག་ལྡན་པ་དང།། ལྷ་བ་གདེང་དང་ལྡན་པ་དང།། སྤྱོད་པ་དོན་དང་ལྡན་པ་དང། ། དཀྱིལ་འཁོར་དོན་དང་ལྡན་པ་དང།། འཕྲིན་ལས་དོན་དང་ལྡན་པ་དང།། ཏིང་འཛིན་ཡེངས་མེད་ལྡན་པ་དང།། དབང་རྣམས་ཐོབ་དང་ལྡན་ལ་གཏད།། དེ་སྐད་ཅེས་གསུངས་ནས། ཨོཾ་བཛྲ་མུཿཞེས་པའི་སྒྲས། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་གཤེགས་སོ།། དམ་ཚིག་གི་དཀྱིལ་འཁོར་དེ་དག་ཆོས་ཉིད་རྟག་པར་ལྟ་བའི་མཐའ་བསལ་བའི་ཕྱིར་ན་འོད་དུ་ལམ་གྱི་ཞུ་ནས་འོད་དེ་བདག་ཡ་མནྟ་ཀར་སྒོམ་པ་ལ་ཐིམ། ། ཡ་མནྟ་ཀ་ཐུགས་ཀའི་ཡེ་ཤེས་སེམས་དཔའ་ལ་ཐིམ། ཡེ་ཤེས་སེམས་དཔའ་ཐུགས་ཀའི་རྡོ་རྗེ་ལ་ཐིམ། རྡོ་རྗེ་ལྟེ་བའི་ཧཱུ~ཾ་ལ་ཐིམ། ཧཱུ~ཾ་ཞབས་ཀྱུ་ལ་ཐིམ། ཞབས་ཀྱུ་འ་ལ་ཐིམ། འ་ཟླ་ཚེས་ལ་ཐིམ། ཟླ་ཚེས་ཐིག་ལེ་ལ་ཐིམ། ཐིག་ལེ་སྟོང་པར་བསྒོམ། སྟོང་པ་དེ་ཡང་སྐྱེ་བ་མེད་པ་ལས། སྐྱེ་བའི་ཆོ་འཕྲུལ་ཧཱུ~ཾ་ཞིག་ཏུ་བསམ། ཧཱུ~ཾ་དེ་ལས་རྡོ་རྗེ་རྩེ་ལྔ་པ་ཞིག་ཏུ་གྱུར། རྡོ་རྗེ་ཨ་ཀྲོ་ཏ་བརྗོད་པས། ཡ་མནྟ་ཀའི་སྐུ་རུ་གྱུར། དེ་ལས་ལུས་བསྲུང། གོ་བགོ་བྱས་ལ། རིགས་ལྔ་ཁྲག་འཐུང་གིས་དབུ་བརྒྱན་པར་བསྒོམ་མོ།། དེས་འགྲོ་བ་རིགས་དྲུག་གི་དོན་མཛད་པ་དང། དྲག་པོས་གདུལ་བ་ལ་དྲག་པོའི་ལས། ཞི་བས་འདུལ་བ་ལ་ཞི་བའི་ལས། རྒྱས་པས་འདུལ་བ་ལ་རྒྱས་པ། དབང་གིས་འདུལ་བ་ལ་དབང་གི་ལས། དུས་རྟག་ཏུ་ཡ་མནྟ་ཀའི་སྤྱོད་པ་ལས་མ་ཉམས་པའོ།། གཤིན་རྗེ་གཤེད་པོ་ཆོས་ཀྱི་དབྱིངས།། ཡེ་ཤེས་དཀྱིལ་འཁོར་གཤེགས་པ་དེས། ། འགྲོ་བའི་དོན་ལ་ཡེ་ཤེས་ཀྱི།། སྤྲུལ་པ་བསམ་གྱིས་མི་ཁྱབ་པ།། འགྲོ་བའི་དོན་ནི་མཛད་ནས་བཞུགས།། གཤིན་རྗེ་གཤེད་པོའི་རྒྱུད་གསང་བ་དྲུག་ཅུ་པ་ལས། རྒྱུད་གང་ནས་ཡེ་ཤེས་སེམས་ཅན་གྱི་གནས་སུ་གཤེགས་པའི་ངང་ལས། དམ་ཚིག་གི་དཀྱིལ་འཁོར་བསྡུས་ནས་སླར་འགྲོ་བའི་དོན་མཛད་པའི་ཏིང་ངེ་འཛིན་གྱི་ལེའུ་སྟེ་རེ་གཅིག་པའོ།།།། ལས་ཀྱི་ཐིག་པས་མདོར་བསྡུས་པ།། གསང་བའི་བྱ་ཐབས་དྲུག་ཅུ་བསྟན། ། ལེའུ་རེ་ལ་མན་ངག་རེ།། དེ་ན་གསང་བ་དྲུག་པའོ།། རྒྱུད་ཅེས་བྱ་བ་དཀྲུགས་པ་ཡིན།། གཤིན་རྗེ་གཤེད་པོའི་རྒྱུད་གསང་བ་དྲུག་ཅུ་པ་ལས། གཤིན་རྗེ་ནག་པོའི་རྒྱུད་རྫོགས་སོ། །།། ལེའུ་ཁྲི་དྲུག་སྟོང་གི་བཅུད་ཕྱུང་བའོ།།།།
CLOSE WINDOW