Wylie |
གུ་ཧྱ་ཙནྡྲ་ཤྲི། ཀ་ལི་ཏནྟྲ། བོད་སྐད་དུ། དཔལ་ཟླ་གསང་ནག་པོའི་རྒྱུད། དཔལ་འཇིགས་བྱེད་ཀྱི་རྒྱལ་པོ་གཤིན་རྗེ་གཤེད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་བདག་ཉིད། འཇིགས་བྱེད་ཀྱི་རྒྱལ་པོ་ཆེ་བ་ཀུན་གྱིས་བདག་ཉིད། ཟབ་མོའི་གསུང་བརྗོད་དུ་མེད་པའི། སྒྲ་སྐད་སྣ་ཚོགས་སུ་གསུང་པ། དྲན་རྟོགས་ཐམས་ཅད་ཡེ་ནས་ལྷུན་གྱིས་གྲུབ་པའི་དགོངས་པ་ལས་མི་གཡེང་བའི་སར།། རྡོ་རྗེའི་ངང་ཚུལ་བརྟེན་པའི་བདག་ཉིད་ཀྱིས། སྣང་བའི་ངང་མ་བཅོས་པའི་སྟོབས་དང་ལྡན་པའི་དབྱིངས་ནས། ཐམས་ཅད་གསལ་བའི་འོད་ཀྱི་ཉི་མ་ལྟ་བུའི་དཀྱིལ་འཁོར་གྱིས། སྲིད་པའི་བགས་མ་ལུས་པར་བསྲེགས་པ་མཛད་པའི་འོང་ཡང་སང་བ་སྟེ། འོག་མིན་གྱི་གནས། དབུས་མཐའ་མེད་པའི་གཞལ་ཡས་ཁང། ཡེ་ཤེས་རིན་པོ་ཆེ་དུར་ཁྲོད་ཀྱི་རྒྱུ་ལས་བྱུང་བ། འཇིག་རྟེན་དྲུག་གིས་ཕྱོགས་བཅུ་ཐམས་ཅད་དུར་ཁྲོད་གདལ་བ་ཆེན་པོའི་དཀྱིལ་འཁོར་གྱི་རང་བཞིན། ཁྲག་གི་རྒྱ་མཚོ་རྦ་ཀློང་འཁྲུག་པའི་ཀློང་ནས། ཀེང་རུས་ཆེན་པོའི་རི་རབ་སྟེང་དུ། རྡོ་རྗེ་མེ་དཔུང་ཀློང་དུ་འཁྱིལ་བའི་སྟེང།། འོག་རྡོ་རྗེ་རྒྱ་གྲམ་མིག་མངས་རིས་སུ་བྲིས་པས་ཏམས་པ་མ་རུངས་པ།། སྲིན་པོ་བསྒྲལ་བའི་ས་ཞེས་བྱ། སྲོག་ཆགས་བསད་པའི་ཁྲག་རྗེས་དང། གཡུལ་བགོས་པ་ཡི་མཁར་ཉིལ་དང། མང་པོ་བསད་པའི་ཕུང་ས་དང།། བྲག་དང་སྲིན་པོ་འདུས་པ་འདྲ།། རི་ནི་ཐལ་ཕུང་ཉིལ་བ་འདྲ།། ལུང་པ་མེ་ཡིས་བསྲེགས་པ་འདྲ།། རྩི་ཤིང་རྐང་ཐང་འབྲོས་པ་འདྲ། ། སྒོ་ང་མི་རོ་སྦས་པ་འདྲ།། དེ་ནི་འཇམ་དཔལ་དྲག་པོའི་གནས།། ད་ལྟ་བུ་ཡི་གཞུང་མཐུན་དུ།། ཡུན་དུ་བསྲིངས་ན་གདོན་མི་ཟ།། དམ་ཚིག་མ་ཉམས་ཏིང་འཛིན་གདེང།། དེ་དང་ལྡན་པའི་རྣལ་འབྱོར་པས། ། མཚམས་བཅད་བྱིན་བརླབས་གཏོར་མ་སྦྱིན།། ཞག་གྲངས་འདི་ཙམ་བྱ་བ་ནས།། དྲག་པོའི་ལས་འདི་མ་གྲུབ་པར།། གནས་འདིར་རྣལ་འབྱོར་སྒྲུབ་པ་པོས།། གཏོར་མ་བྱིན་པ་འདི་ལོང་ལ།། མ་གྲུབ་བར་དུ་གཞན་དུ་དེངས། ། གཏོར་མ་བཏང་ལ་བསྒོ་ཚིགས་བསྒྲགས།། དེ་ནས་གཞུང་དུ་མཎྜལ་བརྩིགས།། དམ་རྫས་ཆག་ཆག་ཚུལ་དུ་གདབ།། ཚོན་རྩི་བྱིན་བརླབས་དགྱེ་བ་ཙམ།། འཇམ་དཔལ་ཕོ་བྲང་གང་ཡིན་བྲི།། ལྷ་དགོད་སྤྱན་དྲངས་པཱུ་ཛ་དབུལ། ། དྲག་པོ་གནས་ཀྱི་རིམ་པ་ནི།། མན་ངག་གི་ཏནྟྲ་ཟླ་གསང་ནག་པོའི་རྒྱུད་ལས།། གནས་ཀྱི་རིམ་པའི་ལེའུ་སྟེ་གསུམ་པའོ།།།། ད་ནི་བསྒྲལ་བའི་དམིགས་བསྟན་ཏེ།། བསྒྲལ་བའི་དམིགས་ནི་བདུན་དུ་གསུངས། ། དམ་ལས་ཉམས་དང་སྲོག་ལས་ཉམས།། དོན་ལས་ཉམས་དང་བཀའ་ལས་ཉམས།། མཚན་ལས་ཉམས་དང་ལས་ཀྱི་ཉམས།། འདོད་པ་ལོག་པས་ཉམས་པའོ།། དེ་དག་སོ་སོའི་མཚན་ཉིད་ནི། ། སྲོག་ལས་ཉམས་པ་མཁན་པོ་གསོད།། སློབ་བུ་གསོད་ཅིང་ངན་རྨེ་བྱེད།། དམ་ལས་ཉམས་པ་སློབ་མ་སླུ།། སྔགས་དང་ཕྱག་རྒྱ་རྒྱུན་གཅོད་པ།། གསང་བའི་མན་ངག་གཞན་དུ་སྤེལ།། བཀའ་ལས་ཉམས་པའི་མཚན་ཉིད་ནི། ། དམ་ལ་བཏགས་ན་སྐུ་མཚང་འབྲུ།། བསྒྲུབ་ལ་བསྒྲུན་ན་ཡ་ཁ་འདོགས།། མན་ངག་བསྟན་ན་སྐུར་པ་འདེབས།། བདེན་པར་བསྟན་ན་ལོག་པར་སྲིད།། དོན་རྟོགས་བསྟན་ན་ལོག་པ་འཛིན། ། དོན་ལ་ཉམས་པ་བྱ་བ་དེ།། བྱ་རུ་མི་རུང་སྣ་ཚོགས་བྱེད།། རྫས་དང་ལག་ཆ་མངོན་དུ་འཛིན།། སྟན་འགན་སྦྱོར་སྒྲོལ་དངོས་སུ་སྤྱོད།། ལྟ་བ་ཏིང་འཛིན་རྒྱབ་ཏུ་བོར།། སྤྱོད་པ་རླང་པོ་མངོན་དུ་འབྱིན།། ཁྲོ་གཏུམ་ང་རྒྱལ་རང་ལ་གཏོང། ། དོན་གྱི་མན་ངག་ལོག་པར་གོ། ཕྱིན་ཅི་ལོག་གི་དོན་ལ་མཁས།། བཀའ་གཞུ་བོར་ནས་རྩོམ་པར་བྱེད།། ལོག་པར་སྤྱོད་པ་ཁ་དག་ཡོད།། ལས་ཀྱིས་ཉམས་པའི་མཚན་ཉིད་ནི། ། བསྒྲུབ་པ་ལས་ཀྱི་བློར་འོངས་པ།། སྔོན་ཆད་མཁན་མཁོན་འོང་མེད་པར།། དཔུང་པ་བསྙེམས་ནས་ཀླན་ཀ་འཚོལ།། བརྒལ་བ་མེད་པར་རང་ལ་རྒོལ།། འཕྲོགས་ས་མེད་པར་བདག་ལ་ཕྲོགས།། བདག་ཉེས་མ་བྱས་གནོད་པ་འཛུགས། ། བདག་ལ་མཐུ་རྩལ་འདེད་པ་དེ།། ལས་ཀྱི་ཉམས་པ་བྱ་བ་ཡིན།། གཞན་ཡང་ལས་ཀྱིས་ཉམས་པ་ནི།། གལ་མི་ཆེ་བར་ཡ་ག་འདོགས།། ཕན་རྒྱུ་མེད་པར་བདག་ལ་འཚེ།། འོང་རྒྱུ་མེད་པར་སྒྲུབ་པརའོང། ། མཚན་མས་ཉམས་པའི་མཚན་ཉིད་ནི།། ཆོས་ལ་ཕྱོགས་ཆར་བཟུང་བས་ཉམས།། ལྟ་བ་སྒྲོ་སྐུར་བཏབ་པས་ཉམས།། མཚན་མ་ཅན་གྱི་ཆོས་བཟུང་ནས།། ལྷ་སྲིན་བྲན་དུ་ངས་འཁོལ་ལོ། ། མཐུ་འགྲན་བྱེད་པ་སུ་ཡོད་ཀྱང།། ང་ཡི་ཉམས་སུ་དཔལ་ཆེན་བྱུང།། ཟེར་བ་མཚན་མས་ཉམས་པ་སྟེ།། འདོད་པ་ཉམས་པའི་མཚན་ཉིད་ནི།། ཤེས་པ་མེད་པར་ཆོས་ཉན་ཟེར།། ལ་འུར་མཐུ་ཆེ་རྩལ་འདོད་པ། ། སྤྱོད་པ་རླང་པོ་མི་མགོ་ཐོགས།། རལ་བསིགས་དམར་གཏོར་གློ་ལ་འདོགས།། ཞིང་ལྤགས་ཕྲག་བཀལ་སྒྲོ་ནག་ཁུར།། གཞུང་བོར་བྱ་རུ་མི་རུང་སྣ་ཚོགས།། ཁྲག་གིས་གདོང་བྱུགས་ཐོ་བོར་བྱེད།། གཞུང་བོར་དེ་ཡི་རྐང་འདྲེན་བྱས། ། ཕུར་པ་བཏགས་ཀྱང་སྔགས་པ་འཇོམས།། དུག་ཏུ་སོང་ཡང་ལྟོ་རུ་ཟ།། ཐོབ་ཏུ་འདོད་ན་དཔེ་ཀུན་བྱེད།། ཟས་སུ་བསྒྲུབ་པའི་ལོངས་སྤྱོད་ཟ།། འདི་དག་འདོད་པས་ཉམས་པ་སྟེ།། དེ་དག་བསྒྲལ་ན་རྣལ་འབྱོར་བཙུན། ། བསྟན་པ་གཉན་ལ་བར་ཆད་ཉུང།། འདི་དག་མྱུར་དུ་མ་བསྒྲལ་ན།། མཐོ་རིས་འགྲིབ་ལ་དམྱལ་ཁམས་འཕེལ།། རྣལ་འབྱོར་བསྒྲུབ་ལ་བར་ཆད་བྱེད།། གསང་སྔགས་ཐག་པའི་མཐུ་དཔུང་དར། ། དངོས་པོ་རང་དུ་བསྒྲལ་ན་བཙུན།། ལེགས་པའི་ཡོན་ཏན་བརྗོད་པ་ལས།། ཏིང་འཛིན་ལྟ་བ་ལྡན་པར་བསྒྲལ།། དེ་བསྒྲལ་བྱང་ཆུབ་མྱུར་དུ་ཐོབ།། མན་ངག་གི་ཏན་ཏྲ་ལ།། ཟླ་གསང་ནག་པོའི་བསྒྲལ་བའི་དམིགས་བསྟན་པའི་ལེའུ་སྟེ་བཞི་པའོ། །།། ད་ནི་སྟོན་པ་ལ་སྡུད་པ་པོས་ཞུས་པ། སྟོན་པ་ལགས། གང་བསྒྲལ། གང་དུ་བསྒྲལ། ཇི་ལྟར་བསྒྲལ། གང་གིས་བསྒྲལ། ཅིའི་ཕྱིར་བསྒྲལ། བསྒྲལ་བས་འབྲས་བུ་གང་ཐོབ། ས་དང་ལམ་ནི་གང་ཐོབ་བཤད་དུ་གསོལ།། ཞེས་གསོལ་བ་བཏབ་བོ།། སྟོན་པས་གསན་ཏེ། ཉོན་ཅིག་འཇམ་དཔལ་རྣོན་པོ་ཁྱོད།། ང་ཡིས་བསྒྲལ་བའི་དོན་བཤད་ཀྱི།། གང་བསྒྲལ་ཉམས་པ་བདུན་པོ་བསྒྲལ། ། གང་དུ་བསྒྲལ་བ་ལྷོ་ནུབ་མཚམས་སུ་བསྒྲལ།། ཇི་ལྟར་བསྒྲལ་ན་ཐབས་ཀྱིས་བཅིངས་པའི་རྣལ་འབྱོར་པས།། རིགས་དྲུག་ས་བོན་འབྲུ་དྲུག་པོ།། གནས་པའི་ཡི་གེ་དྲུག་བཀོད་དེ།། ཁ་ཡི་མྱུག་མ་ཤེས་པར་བྱ། ། བདག་གི་ཁོང་དུ་ཚུར་འདུས་ཏེ།། སྒྲིབ་པ་རྣམ་གསུམ་སྦྱང་བྱ་སྟེ།། ཤེལ་སྒོང་ལྟར་བྱས་བྱས་དག་པར་ཏེ་བསྒྲལ་བར་བྱ།། གང་གིས་བསྒྲལ་ན་ལས་ཀྱི་གཤིན་རྗེས་བསྒྲལ།། རང་གིས་ཁྲག་འཐུང་ཤ་རུས་ཟོས། ། ནག་ལ་རིང་པ་གསུས་ཁྱིམ་ཆེ།། ཐོད་པ་ཐེང་ཁྲོལ་ལྷ་རུ་བསྒོམ།། དཀྱིལ་འཁོར་དཀྱིལ་དུ་དགོད་པར་བྱའོ།། དེ་ནས་རྫས་དེ་སྦྱིན་སྲེག་བྱ།། བྲོས་སྨན་སྨོན་ལམ་རྒྱས་པར་གདབ།། ཅིའི་ཕྱིར་བསྒྲལ་ན་ཉམས་པ་དེ་རྣམས་བསྒྲལ་བའི་ཕྱིར། ། བསྒྲལ་བས་འབྲས་བུ་བླ་མེད་ཐོབ།། ས་དང་ལམ་རིམ་གང་ནོན་ན།། ས་ནི་སྐྱེ་ཤི་མེད་པའི་ས།། ལམ་ནི་མཐར་ཐུག་བར་ཆད་མེད།། ཅེས་གསུངས་སོ།། ཡང་ཞུས་པ།། ཤེས་པའི་སྤར་ལུགས་ཇི་ལྟར་ལགས། ། ཞེས་ཞུས་པས། ཡང་སྟོན་པས་གསུངས་པ།། ཉོན་ཅིག་འཇམ་དཔལ་རྣོན་པོ་ཁྱོད།། རང་བཞིན་དབྱིངས་སུ་སྦྱོར་བ་ཡིན།། ཡཾ་ལས་རླུང་བསྐྱད་ཤེས་པ་བསྐྱོད།། ཕཊ་ཀྱིས་སྐྱེ་མེད་གནས་སུ་འཕངས། ། འཕེན་ཚུལ་རྡོ་རྗེ་རྩེ་སེམས་ཚུལ།། སྐྱེ་ཤི་མེད་པའི་ས་དང་ཐོབ།། གསུངས་སོ།། ཁ་ཡི་ཙིཏྟིའི་ཕོ་བྲང་དབུལ།། ཐོད་ཚལ་རུས་པ་ནང་ཁྲོལ་རྣམས།། དབང་པོ་རྣམ་ཤེས་དལ་དུ་དགོད། ། ལྷ་རུ་བསྐྱེད་ལ་བསྒྲུབ་པ་བྱ།། ལྷག་ལྷོག་མེད་ལ་སྦྱིན་སྲེག་བྱ།། མན་ངག་གི་ཏན་ཏྲ་ཟླ་གསང་ནག་པོའི་ཏན་ཏྲ་ལས།། བསྒྲལ་བ་དང་སྦྱོར་བའི་ལེའུ་སྟེ་ལྔ་པའོ།།།། ད་ནི་བསྲུང་བ་མཚམས་ཀྱི་ལས་བཤད་པར་བྱའོ་སྟེ། ཡང་ཞུས་པ། འཁོར་བ་རྟོགས་པས་བཅིངས་པ་ལ།། བར་དུ་གཅོད་པའི་བདུད་དང་བགེགས།། འདི་དག་བསྲུང་རིམ་ཇི་ལྟར་བགྱི། ཞེས་ཞུས་པས།། སྟོན་པ་ཉིད་དྲེགས་པ་ཅན་འདུལ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། ། དེ་རུ་སད་དང། ཉོན་ཅིག་འཁོར་རྣམས་དང་བར་ཉོན།། མཚམས་ཞེས་བྱ་བའི་རྣམ་གྲངས་ནི།། སྤྱི་རུ་བསྡུས་པ་རྣམ་གསུམ་སྟེ།། དང་པོ་ཕྱི་མཚམས་གསང་བར་བསྡུ།། བར་དུ་གསང་མཚམས་ནང་དུ་གདོན། ། ཐ་མར་ནང་འཐམས་ཕྱི་རུ་གདོན།། ལྟ་བ་ཏིང་འཛིན། མུ་ཏྲ་དང།། སྔགས་དང། རྫས་དང། ལག་ཆ་དང། ཚིག་དང་མཚང་ངམ་གཏུམ་ཚིག་གིས།། ལོག་པར་རྟོགས་པ་མཚམས་བཅད་དོ། ། མཚམས་ཀྱི་དགོངས་པ་འདི་ལྟར་བཤད།། རང་ཉིད་ཁྲོ་བོ་གཤིན་རྗེ་གཤེད།། དབང་བསྐུར་བྱིན་བརླབས་ང་རྒྱལ་སྐྱེད།། རང་སེམས་རྡོ་རྗེར་བཅས་ནས་ནི།། དུག་ལྔ་མེ་རི་རྟོགས་པར་བཟློག། ཐུགས་ཁར་རྡོ་རྗེ་རྒྱ་གྲམ་དགོད། ། ལྗགས་ལ་རྡོ་རྗེ་ཟླ་ཚེས་བསམ།། སྨིན་མཚམས་རྡོ་རྗེ་འོད་དུ་འཕྲོ།། སྤྱི་གཙུག་རྡོ་རྗེ་མེ་ལྔ་འབར།། མ་འདྲེས་སོ་སོ་གསལ་བར་གནས།། སྨིན་མཚམས་རང་རང་གནས་སུ་བསྡུ།། སྟོང་གསུམ་རིལ་གྱིས་མེ་ཡིས་ཁེངས། ། བགེགས་ཞེས་བྱ་བ་མིང་ཡང་མེད།། བསྒྲགས་པའི་གཏུམ་ཚིག་འདི་ལྟ་སྟེ།། ཧཱུཾ། རྡོ་རྗེ་རི་རབ་ལྷུན་པོའི་རྩེ་བརྒྱད་ནས།། འབར་བའི་ལྷ་བརྒྱད་དབང་ཆེན་བཀའ་སྟེངས་ན།། ཤིན་ཏུ་མི་བཟད་གཏུམ་ཆེན་ཧ་ལའི་གཟུགས། ། གཤིན་རྗེ་མ་ཏྲང་རོ་ཡི་དབྱུག་པ་འཕྱར།། གང་ལ་ཅི་འདུལ་ཙིཏྟིའི་འཕྲེང་བ་བསྣམས།། འཕྲ་མེན་བརྒྱ་ཁྲི་མང་པོའི་ཚོགས་ཀྱིས་བསྐོར།། བསྐལ་པའི་མེ་རི་སྨུག་ནག་འབར་བས་གཏམས་པ་ལ། ། མེ་ཡི་འཁོར་ལོ་འབར་བ་ལ།། རྡོ་རྗེ་རྒྱ་གྲམ་འབར་བའི་མེ་གཏོར་བས།། སྟེང་གི་མེ་ལྕེ་འབར་བ་འོག་ཏུ་འཕྲོ།། མེ་རི་དགོན་པ་དག་གིས་ཕྱོགས་ན།། མེ་ཡི་དམ་ཚིག་གང་ལགས་གང་མི་ལགས། ། དུར་ཁྲོད་མཚན་མོའི་མེ་ན་སྨུག་ཅིང་གདང།། ཞེ་སྡང་འཇོམས་པའི་མེ་ནི་སྔོ་ནག་འབར།། ང་རྒྱལ་འཇོམས་པའི་མེ་ནི་སེར་ནག་འབར།། འདོད་ཆགས་འཇོམས་པའི་མེ་ནི་དམར་ནག་འབར།། ཕྲག་དོག་འཇོམས་པའི་མེ་ནི་ལྗང་ནག་འབར། ། གཏི་མུག་འཇོམས་པའི་མེ་ནི་སྨུག་ནག་འབར།། དབང་དྲག་གདུག་རྩུབ་མེ་ནི་ཁམ་ནག་འབར།། དུར་ཁྲོད་འབར་བ་མེ་ཡི་མཚམས་ལས་གང་འདའ་བ།། རྡུལ་ཚུབ་ཕྲ་མོ་བཞིན་དུ་བརླག་པར་བྱའོ། ། སྔགས། ཕཊ། རཾ། ཧེ་རཾ། ཛྭ་ལ་རཾ། ཏྲག་ཁ་རཾ། ཧཱུཾ་ཧཱུཾ། ཕཊ་ཕཊ། གསང་བ་བས་ཀྱང་ཆེས་གསང་བ།། ཡང་གསང་རྨད་དུ་བྱུང་བའི་དཀྱིལ་འཁོར་དུ།། གསང་སྔགས་ཉན་ཞིང་ལྟ་བ་མི་དབང་པས། ། ཐོས་ཤིང་མཐོ་བའི་སྐལ་དང་མི་ལྡན་པས།། བགེགས་དང་ལོག་འདྲེན་མ་འདུག་གནས་སུ་དེངས།། ཕཊ་རཾ་ཛྭ་ལ་རཾ་ཧཱུཾ་དང།། དྲག་པོ་ཐལ་མོ་ལན་གསུམ་གདབ།། ཐམས་ཅད་སྐྲག་ན་བརྒྱལ་བར་འགྱུར། ། མན་ངག་གི་ཏན་ཏྲ་ཟླ་གསང་ནག་པོའི་རྒྱུད་ལས།། མཚམས་གཅད་པའི་ལེའུ་སྟེ་དྲུག་པའོ།།།། ད་ནི་ཞི་ཁྲོའི་དཀྱིལ་འཁོར་བཤད་པར་བྱ་སྟེ།། ས་གཞི་ཤིན་ཏུ་ཉམས་དགའ་བར།། ས་ཡི་ལས་རྣམས་གཞུང་དུ་བསྙེག། ཕྱི་སྐོངས་སྒྲིབ་པ་སྦྱང་བ་དང།། ཚོགས་བསགས་དོན་དུ་འབུམ་བཤགས་བྱ།། གསེར་སྐྱེམས་གཏང་ལ་དམ་བདར་བྱ།། ཁྲུས་དང་ས་གསང་གཞུང་དུ་བསྙེག། ཕྱི་གཏོར་གཏང་ལ་སྟེགས་པུ་བརྩིག། ཚད་ནི་རང་ཁྲུ་རྒྱལ་ཁྲུ་དོ།། དཔངས་སུ་ཁྲུ་གང་བརྩིག་པར་བྱ།། དང་ལ་ཞི་བའི་མཎྜལ་བཞི་རུ་གསུངས།། རྡོ་རྗེ་རྩིབས་བཞི་བྱ་བ་དང།། རིན་ཆེན་འདབ་བཞིར་བྱ་བ་འམ།། ཡང་ན་པདྨ་འདབ་བཞི་པ། ། ཡང་ན་རྒྱ་ཁྲམ་རྩིབས་བཞི་པར།། བྱས་ཏེ་རྡུལ་ཚོན་ཐིག་ཆོག་བྱ།། རྡུལ་ཚོན་དབུས་མཐིང་རིགས་དང་བསྟུན།། སྒོ་རྩེགས་བྱ་འམ་རྐྱང་པའོ།། སྒོ་བ་ལྷ་མོ་བཞི་སྲུང་ངོ།། དབུས་སུ་འཇམ་དཔལ་སེམས་དཔལ་འོ། ། རྩིབས་ལ་དགོད་པའི་ཡིག་འབྲུ་སྟེ།། དེ་ནས་ལྷར་བསྐྱེད་སྤྲོ་བསྡུ་བྱ།། ཞེ་སྡང་འཇམ་དཔལ་སྐུ་མདོག་དཀར།། ང་རྒྱལ་འཇམ་དཔལ་སྐུ་མདོག་སེར།། འདོད་ཆགས་འཇམ་དཔལ་སྐུ་མདོག་དམར།། ཕྲག་དོག་འཇམ་དཔལ་སྐུ་མདོག་ལྗང། ། ལྷ་དགུ་པ་རུ་རབ་ཏུ་གྲགས།། སྔགས་དང་ཕྱག་རྒྱ་བཤད་བྱ་བ།། འཇམ་དཔལ་སྐུ་མདོག་དཀར་པོ་སྟེ།། ཕྱག་རྒྱ་ཏིང་འཛིན་གླེགས་བམ་འཛིན།། སྔགས་ནི་པཉཔ་དེ་རོས་བསྐྱེད། ། བྱིན་རླབས་དབང་བསྐུར་ཡེ་ཤེས་དགུག། ཞེ་སྡང་འཇམ་དཔལ་བུད་དུང་སྟེ།། ང་རྒྱལ་འཇམ་དཔལ་རྡོར་དྲིལ་བསྣམས།། འདོད་ཆགས་འཇམ་དཔལ་ཨུཏྤལ་འཛིན།། ཕྲག་དོག་འཇམ་དཔལ་ཏྲི་ཤུལ་འཛིན། ། སྒྲོ་མ་ཛཿཧཱུཾ་བ་ཧོ།། སྔགས་ནི་པཉྩ་དེ་རོ་དྷ་གི། ཧཱུཾ་དྷྲིག་སྭཱཧཱ།། ཏྲཾ་དྷྲིག་སྭཱཧཱ།། ཧྲི་དྷྲིག་སྭཱཧཱ།། ཧ་དྷྲིག་སྭཱཧཱ། ཛ་དྷྲིག་སྭཱཧཱ།། ཧཱུཾ་དྷྲིག། བཾ་དྷྲིག། ཧོ་བཛྲ་དྷྲིག། པཱུ་ཙ་རིམ་པས་དབུལ་བར་བྱ།། ལས་ཀྱི་ལྷག་མ་གཞུང་དུ་བསྙག། མན་ངག་གི་ཏན་ཏྲ་ལས།། ཟླ་གསང་ནག་པོའི་ཞི་བའི་ལྷ་བཤད་པའི་ལེའུ་སྟེ་བདུན་པའོ།།།། ད་ནི་ཞི་བས་མི་འདུལ་བའི་དྲེགས་པ་རྣམས་དྲག་པོས་གདུལ་བར་བསྟན་ཏེ།། ཉོན་ཅིག་འཁོར་ཚོགས་མ་ལུས་ཀུན། ། འགྲོ་བའི་དོན་དུ་དཀྱིལ་འཁོར་ནི།། བསྙེན་བསྒྲུབ་དྲག་པོའི་མཎྜལ་ཏེ།། ལྷ་ལྔ་པ་ནི་བསྙེན་པའི་དུས།། སྒོ་རྐྱང་དག་ཏུ་གསུངས་པའོ།། བསྒྲུབ་དུས་དཀྱིལ་འཁོར་བཅུ་བདུན་པའོ། ། སྒོ་བརྩེགས་དག་ཏུ་གསུངས་པའོ།། དྲག་པོ་ལྕགས་མཁར་སྒོམ་མེད་པའོ།། ཐ་མ་ལྕགས་རིས་བསྐོར་བ་སྟེ།། ལྷ་རབས་སུམ་ཅུ་རྩ་གཉིས་པའོ།། རྡུལ་ཚོན་དག་ལ་སྐྱོན་པ་སྟེ།། འཁོར་ལོ་བསྐྱོན་ཏེ་བསད་པའོ། ། འོག་སྐོར་སྟེང་དུ་གཅོད་པ་ནི།། དཔེར་ན་ཆུ་ཡི་འཁོར་ལོ་འདྲ།། མོ་འཁོར་དག་ཏུ་ཤེས་པར་བྱ།། ཟུང་བཞི་གདུག་པའི་ཀ་བ་བཞི།། མདའ་གང་ཚད་དུ་བྱ་བའོ།། སྐེད་པ་རྡོ་རྗེ་གདུང་བཞི་བྲི།། སྟེང་དུ་ཕོ་འཁོར་དབུབ་བར་བྱ། ། སྟོང་འཁོར་འོག་ཏུ་གཅོད་པའོ།། དཔེར་ན་མཚོན་ཆའི་འཁོར་ལོ་འདྲ།། ཀ་བཞིའི་རྩེ་མོར་དར་ནག་དབུབ།། དར་ནག་སྟོང་དུ་མིང་ཡང་གདགས།། དེ་ནི་དྲག་པོའི་ལས་སྦྱོར་རོ།། རྡུལ་ཚོན་བྲི་བ་རིགས་དང་མཐུན། ། གཤིན་རྗེའི་གྲོང་ཁྱེར་དག་ཏུ་བཤད།། ལས་ཀྱི་བཙོན་རར་ཚུད་པའོ།། ཟླ་གསང་མན་ངག་གི་ཏན་ཏྲ་ལས།། ཁྲོ་བོ་བསྙེན་བསྒྲུབ་ཤན་དབྱེ་བའི་ལེའུ་སྟེ་བརྒྱད་པའོ།།།། ད་ནི་ཇི་ལྟར་ཡིན་པ་དང། ། མུ་ཏྲའི་རིམ་པ་འབྱུང་བ་སྟེ།། སྐུ་བསྐྱེད་མི་འགྱུར་རྩ་བའི་སྔགས།། བཅུ་བདུན་སྔགས་ཀྱི་རྒྱལ་པོ་སྟེ།། གསང་བ་སྲོག་གི་སྙིང་པོ་བཤད།། ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མན་ཏ་ཀ་ཧ་ན་མ་ཐ་བཉྫུ་ཧཱུཾ་ཕཊ།། སྐུ་མདོག་མཐིང་ནག་ཞལ་གསུམ་ཕྱག་དྲུག་གོ། གཡས་དཀར་གཡོན་དམར་དབུས་མཐིང་ཞལ།། མ་ཧེ་གདན་དང་བྱི་བཅིངས་པ།། ཕྱག་མཚན་ཐོད་པ་འཁོར་ལོ་རལ་གྲི་དང།། ཐོ་བ་རི་རབ་ཕུར་བུ་བསྣམས།། སྐྱེ་འགྲོ་ཡུམ་དང་གཉིས་མེད་འཁྲིལ། ། གཙོ་བོ་ཡབ་ཡུམ་བཤད་པའོ།། འཁོར་གྱི་སྐུ་མདོག་ཕྱག་མཚན་དང།། མཚན་བསྟན་མུ་ཏྲའི་སྐབས་སུ་བསྟན།། སྔགས་རྣམས་ཐུགས་ནས་བཏོན་པ་འདིའོ།། གདན་དུ་གྱུར་པའི་རིག་སྔགས་ནི། ། རུ་ཏྲ་ཏི་ར་བཾ། རག་ཤ་སྟི་ར་བཾ། ཡ་མ་སྡི་རཿ་མ་ཧེ་མཎྜ་ལ་ཧཱུཾ།། མ་སཱུ་རྱ་མཎྜལ་ཧཱུཾ།། ཨ་ཙཎྡྲ་མཎྜ་ལ་ཧཱུཾ།། པཾ་པདྨ་མཎྜལ་ལ་ཧཱུཾ།། གདན་གྱི་སྔགས་སུ་གསུངས་པའོ།། རྩ་བའི་སྔགས་རྣམས་གསུངས་པ་ནི། ། ཡུམ་གྱི། ཨོཾ་ཨཱཿཧཱུཾ། པེ་ཏ་ལི་རག་ཤ་མ་ན་ཧཱུཾ་ཕཊ། ཨོཾ་ཏྲིག་ཏྲིག་སེར་སེར་ཀུ་ལུ་མི་ཁུ་ཧཱུཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་བཱ་ཀ་སིདྷི་ཨཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཙིཏྟ་སིདྷ་ཧཱུཾ།། ཡ་མ་རཱ་ཛ་ས་ཏོ་མེ་ཡ།། ཡ་མེ་ཏོ་རུ་ན་ཡོ་ཏ་ཡ།། ཡ་ཏ་ཡོ་ནི་ར་ཡ་ཀྵེ་ཡ། ཡཀྵེ་ཡ་ཙ་ནི་ར་མ་ཡ།། ཨོཾ་ཧྲི་ཀུ་རུ་ཛྭ་ལ་ནི་ཧཱུཾ་ཕཊ། ཨོཾ་ཨེ་ཧྲི་ཀྲི་ཡ་ཧཱུཾ་ཕཊ། ཨོཾ་ཨཱ་རྱ་དྷ་རྨ་ཧཱུཾ་ཕཊ། ཨོཾ་མ་ཧཱ་པ་ཏ་ཧཱུཾ་ཕཊ། ཨོཾ་སརྦ་ཏིང་ཧ་ཧཱུཾ་ཕཊ། ཨོཾ་སརྦ་དེ་བ་ཧཱུཾ་ཕཊ། ཨོཾ་ཨ་ས་མི་པཉྩ་ཧཱུཾ་ཕཊ། ཨོཾ་ཧྲི་སྟི་བཾ་ཧཱུཾ་ཕཊ། ཨོཾ་རཾ་ཛ་ལ་ནི་ཧཱུཾ་ཕཊ། ཨོཾ་བུ་དྷ་ཀུ་ལན་ཧེ་ཧེ་ཧོ་ཧོ་ཨ་བྷི་ཥིཉྩ་ཧཱུཾ་མཾ། ཨོཾ་བཛྲ་ཀུ་ལན་ཧེ་ཧེ་ཧོ་ཧོ་ཨ་བྷི་ཥིཉྩ་ཧཱུཾ་མཾ། ཨོཾ་རཏྣ་ཀུ་ལན་ཧེ་ཧེ་ཧོ་ཧོ་ཨ་བྷི་ཥིཉྩ་ཧཱུཾ་མཾ། ཨོཾ་པདྨ་ཀུ་ལན་ཧེ་ཧེ་ཧོ་ཧོ་ཨ་བྷི་ཥིཉྩ་ཧཱུཾ་མཾ། ཨོཾ་ཀརྨ་ཀུ་ལན་ཧེ་ཧེ་ཧོ་ཧོ་ཨ་བྷི་ཥིཉྩ་ཧཱུཾ་མཾ། བཛྲ་ཀུ་ལན། རཏྣ་ཀུ་ལན། པདྨ་ཀུ་ལན། ཀརྨ་ཀུ་ལན།། ཟླ་གསང་ནག་པོའི་རྒྱུད་ལས།། ལྷ་བསྐྱེད་པའི་སྔགས་དང་དབང་བསྐུར་བྱིན་བརླབས་ཀྱི་ལེའུ་སྟེ་དགུ་པའོ། །།། ཡང་རྡོ་རྗེ་རྣོན་པོས་གསོལ་བ།། ཐམས་ཅད་མཁྱེན་པའི་འཇམ་དཔལ་ཁྱོད།། མ་རྟོགས་པ་ཡི་སེམས་ཅན་ལ།། ཏིང་འཛིན་མཎྜལ་བསྐྱེད་པ་དང།། ལྷ་བསྐྱེད་ཏིང་འཛིན་དགོངས་པ་རྣམས། ། ཁྱེད་ཀྱིས་འཁོར་ལ་བཤད་དུ་གསོལ།། བཀའ་སྩལ་པ།། ཉོན་ཅིག་འཇམ་དཔལ་རྣོན་པོ་པ།། མཎྜལ་བརྩིག་པ་འདི་ལྟ་སྟེ།། རྟོགས་པ་དག་ལ་མི་དགོས་ཏེ།། མ་རྟོགས་པ་ལ་ངས་བཤད་ཀྱིས།། ཐུགས་ལས་བཏོན་ཏེ་འབྲུ་དྲུག་པོ། ། དུག་ལྔ་རྟོག་པ་བཟློག་པའི་ཕྱིར།། ཨེ་ཡཾ་རཾ་ཁཾ་སུཾ་ཀཾ་བྷྲུཾ་བཏོན་ཏེ།། དབང་ཆེན་གཞལ་ཡས་བསྐྱེད་པའོ།། བདུད་བཞི་གདན་དུ་བཏིང་པའོ།། ལྷ་ཡི་ཏིང་འཛིན་བསྟན་པའོ།། མི་ཤིག་རྡོ་རྗེ་གར་གྱི་བདག། རྡོ་རྗེ་གསང་བའི་གཤིན་རྗེ་བདག། འཕྲིན་ལས་རྒྱལ་པོ་གྲུབ་པོའི་ལས།། ཡང་དག་ངེས་པར་འདི་བསྟན་ནོ།། རྟོགས་མེད་སྤྲོས་བྲལ་ཆོས་ཀྱི་དབྱིངས།། མི་དམིགས་མཁའ་མཉམ་བྱང་ཆུབ་སེམས། ། དངོས་པོ་མཚན་མར་མི་དམིགས་པས།། ཆོས་ཉིད་ངང་དུ་དབྱེར་མེད་མཉམ།། ཨོཾ་མ་ཧཱ་ཤུ་ནྱ་ཏ་ཛྙཱ་ན་ས་མ་ཏི་ཧཱུཾ།། ཆུ་ཟླའི་དཀྱིལ་འཁོར་ཇི་བཞིན་དུ།། སྒྱུ་མའི་སེམས་ཀྱང་དེ་དང་འདྲ།། མཁའ་ལ་འཇའ་ཚོན་སྣང་བ་ཡང། ། ནམ་མཁའི་ངང་དུ་རོ་གཅིག་མཉམ།། དྷརྨ་དྷཱ་དུ་ས་མ་ཏི་ཧཱུཾ།། ཡོད་དེ་ཡོད་པ་མ་ཡིན་ཏེ།། གཟུགས་དང་ཁ་དོག་ཡུལ་ལས་འདས།། མེད་དེ་མེད་པ་མ་ཡིན་ཏེ།། སྟོང་པ་ཉིད་ལས་ཆོ་འཕྲུལ་འབྱུང། ། ཛྙཱ་ན་ས་མ་ཏི་ཧཱུཾ། ཡང་གསོལ་པ། འཇིག་རྟེན་ཞེས་པ་ཇི་ལྟར་སྦྱང།། གཞལ་ཡས་བདག་གིས་མ་རྟོགས་པས།། གསལ་གདབ་བསྐྱེད་ལུགས་ཇི་ལྟར་ལགས།། ཞེས་ཞུས་སོ།། ཡང་བཀའ་སྩལ་པ།། ཉོན་ཅིག་རྣོན་པོ་ཁྱོད་རྣམས་ཉོན། ། ཞེན་པ་རཾ་ཡཾ་ཁཾ་གིས་སྦྱང།། གཞལ་ཡས་དབང་ཆེན་བསྐྱེད་པ་ནི།། རྩ་སྔགས་ལྔ་རུ་རབ་ཏུ་གྲགས།། རྐྱེན་དུ་སྔགས་འདི་གདོན་པར་བྱ།། ཨེ་ཨ་ག་ནི་མཎྜལ།། ཡཾ་ཀརྨ་རག་ཤ་ཧཱུཾ། རཾ་ཛྭ་ལ་མཎྜལ་ཧཱུཾ། ། རཾ་རཀྟ་ཛྭ་ལ་མཎྜལ་ཧཱུཾ།། སུ་བཛྲ་སྟི་ཏ་མཎྜལ་ཧཱུཾ།། ཀེང་ནི་རི་ཏི་ཛྭ་ལ་ནི་ཧཱུཾ།། ཞེ་སྡང་འབར་བའི་ནམ་མཁའ་ལ།། ཕྲག་དོག་འབར་བའི་རླུང་ནག་འཁྲིགས།། འདོད་ཆགས་འབར་བའི་མེ་ཆུར་ཆགས། ། གཏི་མུག་འབར་བའི་ས་གཞིར་ཆགས།། ང་རྒྱལ་འབར་བའི་ཀེང་རུས་བརྩེགས།། ཡང་གསོལ་པ།། ཐམས་ཅད་མཁྱེན་པའི་སྟོན་པ་ཁྱོད།། བདག་ཅག་མ་རྟོགས་མ་གསལ་བས།། དབུས་ཀྱི་དཀྱིལ་འཁོར་གསལ་བར་འཚལ། ཡང་བཀའ་སྩལ་པ། དུར་ཁྲོད་འབར་བའི་གཞལ་ཡང་ཁང།། ཡེ་ཤེས་འབར་བའི་གནས་ཆེན་པོ།། མཐའ་དང་དབུས་མེད་ནམ་མཁའི་དབྱིངས།། ཕྱི་དང་ནང་མེད་ཆོས་ཉིད་དང།། བྷྲུཾ་བི་ཤ་བི་ཤུད་དྷི་ཧཾ། འཁོར་ལོ་རྩིབས་བཞི་སྒོ་བཞི་ལྡན།། མུ་ཁྱུད་གྲུ་འདེགས་ལྕགས་རིར་བཅས།། སྦྲུལ་གྱི་རྒྱ་གྲཾ་མཐའ་བསྐོར་ཏེ།། རྡོ་རྗེ་རྒྱ་གྲཾ་ཐོད་འཕྲེང་མཛེས།། ཛྙཱ་ན་ཙཀྲ་མཎྜལ་ཧཱུཾ། ཡང་གསོལ་བ། ། གདན་དུ་གདིང་བ་མ་འཚལ་ན།། ཉི་མའི་འདིངས་སམ་རྐྱང་པ་ལགས།། བཀའ་སྩལ་པ།། བདུད་དང་མུ་སྟེགས་ཐམས་ཅད་དང།། གནོད་སྦྱིན་སྲིད་པོ་གདན་དུ་བཏིང།། གཤིན་རྗེ་ཕོ་མོ་ཁྱོ་ཞུགས་ཏེ།། མ་ཧེ་གླང་ཆེན་བརྫིས་ནས་བཞུགས། ། སྟེང་དུ་རུ་ཏྲ་སྦགས་ཏེ་བཏིང།། དེ་སྟེངས་ལྷ་རྣམས་དགོད་པར་བྱ།། ཟླ་གསང་ནག་པོའི་རྒྱུད་ལས།། ཏིང་ངེ་འཛིན་གྱི་དམ་བསྐྱེད་པའི་ལེའུ་སྟེ་བཅུ་པའོ།།།། རྣོན་པོས་ཡང་ཞུས་བ། ། སྟོན་པ་ཐམས་ཅད་མཁྱེན་པ་པོ།། པཱུ་ཙ་རིམ་པ་ཇི་ལྟར་དབུལ།། བཀལ་སྩལ་པ། མཆོད་པ་ཕྱི་ནང་གསང་བ་གསུམ།། བཀའ་གཞུང་མཐུན་པས་མ་གསུངས་སོ།། མཆོད་པ་དབུལ་བར་དམ་ཡང་བཅའ། ། སངས་རྒྱས་ཀུན་དང་མཉམ་སྦྱོར་ནས།། འཇམ་དཔལ་གསང་བའི་མཎྜལ་འདིར།། བདག་དང་གཉིས་མེད་བཞུགས་སུ་གསོལ།། སྨུག་ཆེན་སྨུག་ཆུང་བྱི་ལའི་གཅིན།། ཤ་ཆེན་མར་ཁུ་སྦྲང་རྩི་དང།། ཁྲག་དང་འོ་མ་ཐལ་ཆེན་དང། ། ཤ་སྣང་སྙིང་སྣ་འབྱོར་ཚད་དབུལ།། ཆས་གོས་ནག་པོ་ཐོད་སྔོན་བཅིངས།། དཔྲལ་བར་མེ་ལོང་རྒྱ་ལོང་གདགས།། བེ་ཤིང་བཟང་པོ་སེང་ལྡེང་གི། འཁར་བ་འདོམ་ཚད་རྟག་ཏུ་བཅང། ། རང་ཉིད་ཁྲོ་བོ་ཉིད་དུ་བསྒོམ།། རག་ཤ་བགྲང་ཞིང་བགྲོད་དཀར་འགྲོ། སྡིགས་མཛུབ་སྒྲེང་ཞིང་སྙིང་པོ་བཟླས།། མི་དང་ཕྲད་ན་ལམ་མི་གཟུར།། ཟླ་གསང་ནག་པོའི་རྒྱུད་ལས།། པཱུ་ཙ་དང་སྤྱོད་ལམ་བསྟན་པའི་ལེའུ་སྟེ་བཅུ་གཅིག་པའོ། །།། ཡང་ཞུས་པ། སྟོན་པ་ཐམས་ཅད་མཁྱེན་པ་ཁྱོད།། བདག་ཅག་མ་རྟོག་བློ་ངན་ན།། ལས་ཀྱི་ཐེམ་ཡིག་བཤད་དུ་གསོལ།། གསུངས་པས།། ཉོན་ཅིག་འཁོར་རྣམས་དད་པར་གྱིས། ། ལས་ཀྱི་ཐེམ་ཡིག་ཇི་ལྟར་བཤད།། ཟླ་གསང་ནག་པོའི་ཏན་ཏྲ་འདིར།། མི་བསྐྱེད་མི་རུང་ལྷ་གསུམ་སྟེ།། ཞི་བའི་དུས་སུ་འཇམ་དཔལ་ཉིད།། དྲག་པོའི་དུས་སུ་གཤིན་རྗེ་གཤེད།། སྤྲུལ་པའི་དུས་སུ་མ་རུ་རྩེ། ། མི་བསྒོམ་མི་རུང་ལྷ་གསུམ་ལ།། སྦྱོར་བའི་ཡུམ་ནི་པེ་ཏ་ལི།། སྒྲོམ་ཡུམ་ཨེ་ཀ་ཛ་ཏི་མ། སྦྲུལ་པའི་ཡུམ་ནི་རེ་མ་ཏི།། རྒྱུན་དུ་གདོན་པའི་སྔགས་གསུམ་ཡོད།། སྐུ་ཡི་སྔགས་ནི་ཨ་ཀྲོ་གདོན།། གསུང་གི་སྔགས་ནི་མཉྫཱུ་གདོན། ། ཐུགས་ཀྱི་སྔགས་ནི་ཧྲིཥྟ་གདོན།། མི་བཅང་དུ་མི་རུང་བའི་རྫས་གསུམ་ཡོད།། ཨུཏྤལ་རལ་གྲི་མུ་ཏྲ་དང།། དབྱུག་ཐོ་བསྡིགས་པའི་མུ་ཏྲ་དང།། སྡིགས་མཛུབ་བརྡེག་པའི་མུ་ཏྲའོ།། དམ་ཚིག་ལས་ངན་ཕྱག་རྒྱ་ཆེ། ། གཞུང་དུ་གསུམ་དུ་དགོད་པའོ།། མི་བཏང་མི་རུང་ཕོ་ཉ་གསུམ།། རྟེལ་པ་རལ་པ་ཚར་དགུ་དམིགས་པ་གསུམ།། དབུགས་ལེན་བླ་དགུ་སྐོས་ལེན་གསུམ།། མི་དག་མི་རུང་ཕྱག་བརྙན་གསུམ།། ཡ་བ་སྟི་བསི་ལྷ་སྙེན་འདེབས། ། ཨ་བ་གླང་མགོ་སྙིང་དུ་འཛུད།། མིག་དམར་གྱིས་ནི་སྲོག་རྩ་གཅོད།། མི་བཀོལ་དུ་མི་རུང་བྲན་གསུམ་སྟེ།། གཤིན་རྗེ་དུང་གི་བྱ་རྒོད་མགོ། ལྕགས་ཀྱི་སྤྱང་མོ་སེང་གེའི་མགོ། བསེ་ཡི་ཀང་ཀ་བྱ་གླང་མགོ། མི་མཆོད་མི་རུང་དམ་རྫས་གསུམ།། བསྒྲུབ་དུས་མེ་མར་ཚིལ་ཆེན་རྒྱུན་མི་གཅད།། བསྙེན་པའི་དུས་སུ་གསུར་ཆེན་གཏང།། དྲག་པོའི་དུས་སུ་ཤ་ཆེན་རྒྱུན་མི་གཅད།། མི་སྲུང་མི་རིང་དམ་ཚིག་གསུམ། ། བསྒྲུབ་བའི་དུས་སུ་ཕྱག་མི་བཙལ།། ལམ་མི་གཟུང་བ་ཐུག་ཕྲད་བྱ།། གཏམ་དང་ཚིག་གི་བར་མི་གཅད།། བསྙེན་པའི་དུས་སུ་བཟླས་ཐབས་གསུམ།། བསྙེན་དུས་བཟླས་ཐབས་འབུམ་དུ་གདོན། ། ལས་སྒྲུབ་དུས་སུ་ཁྲི་ཁྲི་གདོན།། རྒྱུན་དུ་ནར་མར་ལྕོགས་ཚད་གདོན།། བར་དུ་ཆད་ན་དོན་མི་འགྲུབ།། འཇུག་དུས་གསུམ་དང་གདོན་དུས་གསུམ།། ཡ་མན་ཏ་ཀ་ཉ་ལ་འཇུག། འཁོར་གྱི་འཆི་བདག་དགུ་ལ་འཇུག། སྲིད་པའི་མ་མོ་བཅུ་ལ་འཇུག། དགུ་དང་བཅུ་དང་ཉི་ཤུ་གདོན།། མནན་ས་གསུམ་དང་བསྲུང་ས་གསུམ།། དུར་ཁྲོད་རྒྱ་གྲམ་ལམ་འོག་གམ།། ཚ་ཚ་རབ་གནས་བྱས་པ་འམ།། ཐེམ་འོག་གཉན་སར་གནན་པར་བྱ། ། ཟླ་གསང་ནག་པོའི་ཏན་ཏྲ་ལས།། ལས་ཀྱི་ཐེམ་ཡིག་གི་ལེའུ་སྟེ་བཅུ་གཉིས་པའོ།།།། ཡང་གསུངས་པ། སྦྱན་དྲངས་ཕྱག་འཚལ་བཤད་པར་བྱ།། ཉོན་ཅིག་འཁོར་ཚོགས་དད་པར་གྱིས།། རྟོགས་པའི་བློ་ལ་དྲང་མི་དགོས། ། མ་རྟོགས་པ་ལ་སྤྱན་དྲངས་འཚལ།། འཕགས་པའི་རྒྱལ་པོ་ཁྲོ་རྒྱལ་གཤིན་རྗེ་གཤེད།། ཆོས་སྐུ་བྱང་ཆུབ་སེམས་ཀྱི་བྱིན་བརླབས་ལས།། བྱམས་དང་སྙིང་རྗེ་ཐུགས་ཀྱིས་བཞེངས་ནས་ཀྱང། ། བདག་ཉིད་ཁྲོ་བོ་འབར་བའི་སྐུ་སྟོན་པ།། ཚངས་པ་བརྒྱ་བྱིན་ལྷ་ཆེན་དྲག་པོ་རྣམས།། གཉིས་མེད་བྱང་ཆུབ་སེམས་ཀྱིས་བསྒྲལ་བར་མཛོད།། ཐུགས་རྗེ་ཆེན་པོའི་དབང་གིས་གཤེགས་སུ་གསོལ།། ཨོཾ་ཧྲིཿཥྟི་ཡ་ཧཱུཾ་ཛ། འཕགས་པའི་རྒྱལ་པོ་ཁྲོ་རྒྱལ་གཤིན་རྗེ་གཤེད།། ཉེ་རིང་འཇོམས་པར་མཛད་པའི་གཤིན་རྗེ་གཤེད།། ཐམས་ཅད་རླག་པར་མཛད་པའི་གཤིན་རྗེ་གཤེད།། མ་ཧེའི་སྟེངས་ན་བརྐྱང་བསྐུམ་བཞུགས།། རྡོ་རྗེ་ཞགས་པ་ཉིད་ཀྱིས་བཅིངས་ནས་ནི། ། ལས་ཀྱི་དབྱུག་པ་དག་གིས་རྡུལ་དུ་རློག། བདག་དང་མཐའ་ཡས་སེམས་ཅན་དོན་སླད་དུ།། རང་བཞིན་གྲུབ་པའི་གནས་ནས་སྦྱན་འདྲེན་གྱིས།། ཐུགས་རྗེ་ཆེན་པོའི་དབང་གིས་གཤེགས་སུ་གསོལ། ། ཧཱུཾ། གྲུ་གསུམ་མཐིང་ནག་འབར་བའི་དཀྱིལ་འཁོར་ནས།། ཡ་མན་ཏ་ཀ་ཡབ་ཡུམ་གཤེགས་སུ་གསོལ།། ཞེ་སྡང་མེ་ལྟར་འབར་བའི་དཀྱིལ་འཁོར་ནས།། ཡ་མ་རཱ་ཛ་ཡབ་ཡུམ་གཤེགས་སུ་གསོལ། ། ང་རྒྱལ་བྲག་ལྟར་གཏམས་པའི་དཀྱིལ་འཁོར་ནས།། མྱོས་བྱེད་འབར་བ་ཡབ་ཡུམ་གཤེགས་སུ་གསོལ།། འདོད་ཆགས་ཆུ་ལྟར་འཁྲུགས་པའི་དཀྱིལ་འཁོར་ནས།། ཨརྱ་མ་རུ་ཡབ་ཡུམ་གཤེགས་སུ་གསོལ། ། ཕྲག་དོག་རླུང་ལྟར་འཚུབ་པའི་དཀྱིལ་འཁོར་ནས།། རལ་པ་ཚར་དགུ་ཡབ་ཡུམ་གཤེགས་སུ་གསོལ།། རུ་ཏྲ་ཕོ་མོ་བསྣོལ་བའི་དཀྱིལ་འཁོར་ནས།། བདུད་འཇོམས་ཡབ་ཡུམ་གཤེགས་སུ་གསོལ། ། དྲི་ཟ་ཕོ་མོ་ཡབ་ཡུམ་གཤེགས་སུ་གསོལ།། ཀོང་རྩེ་བྲག་གྱོན་ཡབ་ཡུམ་གཤེགས་སུ་གསོལ།། མེ་ལྷ་ཕོ་མོ་ཡབ་ཡུམ་གཤེགས་སུ་གསོལ།། ཨ་བ་གླང་མགོ་ཡབ་ཡུམ་གཤེགས་སུ་གསོལ། ། གྲུབ་བུམ་ཕོ་མོ་གཤེགས་སུ་གསོལ།། ཡབ་ཏི་ཡབ་ཡུམ་གཤེགས་སུ་གསོལ།། སྲིན་པོ་ཕོ་མོ་ཡབ་ཡུམ་གཤེགས་སུ་གསོལ།། ཕྱེ་སངས་ཡབ་ཡུམ་གཤེགས་སུ་གསོལ།། ཀླུ་བརྒྱ་ཕོ་མོ་ཡབ་ཡུམ་གཤེགས་སུ་གསོལ། ། དམིགས་པ་ཡབ་ཡུམ་གཤེགས་སུ་གསོལ།། རླུང་ལྷ་ཕོ་མོ་གཤེགས་སུ་གསོལ།། རྟེལ་པ་ཡབ་ཡུམ་གཤེགས་སུ་གསོལ།། གནོད་སྦྱིན་ཕོ་མོ་གཤེགས་སུ་གསོལ།། ལྷ་མཆོག་ཕོ་མོ་གཤེགས་སུ་གསོལ། ། དབང་ལྡན་ཕོ་མོ་གཤེགས་སུ་གསོལ།། ཆོས་ཀྱི=་ས་བདག=་མིག་དམར=། གཡས་པ་གསུམ་ན་ཏྲི་ཤུལ་ཏེ།། ན་མོ་བུད་དྷ་ཡ། དྷ་རྨ་སཾ་གྷ་ཏེ་བྷྱེ། བི་རི་ཡ། ཨ་གཙྪ་ཡ། ཧཱུཾ་ཛ། ཟླ་གསང་ནག་པོའི་ཏནྟྲ་ལས། ། སྤྱན་དྲངས་པའི་ལེའུ་སྟེ་བཅུ་གསུམ་པའོ།།།། ཡང་ཞུས་པ།། ཐམས་ཅད་མཁྱེན་པའི་སྟོན་པ་ལགས།། ཕྱག་རྒྱ་མཆོད་པ་ཇི་ལྟར་ལགས།། ཞེས་ཞུས་པས།། བཀའ་སྩལ་པ། ཉོན་ཅིག། མཉེས་པ་ཕྱག་རྒྱའི་མཆོད་པ་འདི། ། ངག་ཏུ་བརྗོད་པ་ཐམས་ཅད་སྙིང་པོ་ཡིན།། བསྒུལ་བསྐྱོད་ཐམས་ཅད་ཕྱག་རྒྱ་ཡིན།། སྤྱོད་ཡུལ་ཐམས་ཅད་དཀྱིལ་འཁོར་ཡིན།། དེ་ལྟར་རྟོགས་ན་འདི་མི་དགོས།། མ་རྟོགས་པ་ལ་འདི་དགོས་པ། ། ཕྱག་རྒྱ་བཅས་དང་སྙིང་པོ་བཟླས།། དྲང་དོན་དག་ཏུ་འདི་སྐད་གསུངས།། གཤིན་རྗེ་ནག་པོའི་རྒྱུད་དག་ལས།། དབུས་ཀྱི་གཤིན་རྗེའི་ཕྱག་རྒྱ་ནི།། ཞལ་གསུམ་ཕྱག་དྲུག་སྐུ་མདོག་མཐིང།། གཡས་དཀར་གཡོན་དམར་དབུས་མཐིང་ཞལ། ། གཡས་པ་གསུམ་ན་བསྣམས་པ་ནི།། འཁོར་ལོ་རལ་གྲི་ཐོ་པ་བསྣམས།། གཡོན་པ་གསུམ་ན་བསྣམས་པ་ནི།། ཐོད་པ་སྡིགས་མཛུབ་ཕུར་པ་བསྣམས།། སྐུ་ལ་འཁྲིལ་བའི་ཡུམ་རྣམས་ནི། ། གཡས་ན་ཨེ་ཀ་ཛ་ཏི་མ།། གཡོན་ན་ནག་མོ་པེ་ཏ་ལི།། གཡས་པ་གཉིས་ནི་གཙོ་ལ་འཁྱུད།། གཡོན་པ་རཀྟ་གཙོ་ལ་སྟོབས།། ཡབ་ཡུམ་གཉིས་སུ་མེད་པ་བསྣམས།། བརྡ་དང་གར་གྱི་མཆོད་པ་བཞེས། ། ཡ་མ་རཱ་ཛའི་ཕྱག་རྒྱ་ནི།། ཞལ་གཅིག་ཕྱག་གཉིས་སྐུ་མདོག་སྨུག། གཡས་ན་མ་ཏྲཾ་རོ་དབྱུགས་ཕྱར།། གཡོན་པ་སྲིད་པའི་འཁོར་ལོ་བསྐོར།། མྱོས་བྱེད་འབར་བའི་ཕྱག་རྒྱ་ནི།། ཞལ་གཅིག་ཕྱག་གཉིས་སྐུ་མདོག་སེར། ། གཡས་པ་ཁ་ཊཱཾ་གཡོན་འཁོར་ལོ།། ཨཱརྱ་མ་རུའི་ཕྱག་རྒྱ་ནི།། ཞལ་གཅིག་ཕྱག་གཉིས་སྐུ་མདོག་དམར།། གཡས་པ་མ་ཊཱཾ་གཡོན་འཁོར་ལོ།། རལ་པ་ཚར་དགུའི་ཕྱག་རྒྱ་ནི།། ཞལ་གཅིག་ཕྱག་གཉིས་སྐུ་མདོག་ལྗང། ། གཡས་ན་མ་ཊཱཾ་གཡོན་འཁོར་ལོ།། ཁྲོ་མོ་ཡུམ་གྱི་ཕྱག་རྒྱ་ནི།། སྐུ་མདོག་སོ་སོའི་གཙོ་དང་མཐུན།། གཡས་པ་རྣམས་ནི་གཙོ་ལ་འཁྱུད།། གཡོན་པ་རཀྟ་གཙོ་ལ་སྟོབ།། ཕྱག་རྒྱ་གར་གྱི་པཱུ་ཙ་འདི། ། དཀྱིལ་འཁོར་ལེ་ཚེའི་ཕྱི་རོལ་ན།། ཡ་མན་ཏ་ཀ་ཡབ་ཡུམ་ལ།། འཁོར་གྱི་གཤིན་རྗེས་བསྐོར་བ་ནི།། སྟེང་གི་བདུད་འཇོམས་ཕྱག་རྒྱ་ནི།། ཞལ་གཅིག་ཕྱག་གཉིས་སྐུ་མདོག་ནག། གཡས་པའི་ཕྱག་ན་བེ་ཅོན་བསྣམས། ། གཡོན་པ་སྲིད་པའི་འཁོར་ལོ་སྐོར།། ཀོང་རྩེ་བྲག་གྱོན་ཕྱག་རྒྱ་ནི།། ཞལ་གཅིག་ཕྱག་གཉིས་སྐུ་མདོག་དཀར།། གཡས་ཀྱི་ཕྱག་ན་བྲག་ཀྱང་བསྣམས།། གཡོན་པ་སྲིད་པའི་འཁོར་ལོ་སྐོར། ། ཨ་བ་གླང་མགོའི་ཕྱག་རྒྱ་ནི།། ཞལ་གཅིག་ཕྱག་གཉིས་སྐུ་མདོག་ལྗང།། གཡས་པའི་ཕྱག་ན་ཏྲི་ཤུལ་བསྣམས།། གཡོན་པ་སྲིད་པའི་འཁོར་ལོ་སྐོར།། ཡ་བ་ཏིའི་ཕྱག་རྒྱ་ནི།། ཞལ་གཅིག་ཕྱག་གཉིས་སྐུ་མདོག་སེར། ། གཡས་པའི་ཕྱག་ན་ལྕགས་ཀྱུ་བསྣམས།། གཡོན་པ་སྲིད་པའི་འཁོར་ལོ་སྐོར།། གཤིན་རྗེ་ཕྱ་སངས་ཕྱག་རྒྱ་ནི།། ཞལ་གཅིག་ཕྱག་གཉིས་སྐུ་མདོག་མཐིང།། གཡས་པའི་ཕྱག་ན་རལ་གྲི་བསྣམས། ། གཡོན་པ་སྲིད་པའི་འཁོར་ལོ་སྐོར།། གཤིན་རྗེ་དམིགས་པའི་ཕྱག་རྒྱ་ནི།། ཞལ་གཅིག་ཕྱག་གཉིས་སྐུ་མདོག་དམར།། གཡས་པའི་ཕྱག་ན་ཐོད་འཕྲེང་བསྣམས།། གཡོན་པ་སྲིད་པའི་འཁོར་ལོ་སྐོར། ། གཤིན་རྗེ་རྟེལ་པའི་ཕྱག་རྒྱ་ནི།། ཞལ་གཅིག་ཕྱག་གཉིས་སྐུ་མདོག་སྔོ།། གཡས་པའི་ཕྱག་ན་དབྱུག་ཐོ་བསྣམས།། གཡོན་པ་སྲིད་པའི་འཁོར་ལོ་སྐོར།། ལྷ་མཆོག་དུད་ཁའི་ཕྱག་རྒྱ་ནི།། ཞལ་གཅིག་ཕྱག་གཉིས་སྐུ་མདོག་ལྗང། ། གཡས་པའི་ཕྱག་ན་ཐོ་པ་བསྣམས།། གཡོན་པ་སྲིད་པའི་འཁོར་ལོ་སྐོར།། ཆོས་ཀྱི་རྒྱལ་པོའི་ཕྱག་རྒྱ་ནི།། ཞལ་གཅིག་ཕྱག་གཉིས་སྐུ་མདོག་སྨུག། གཡས་པའི་ཕྱག་ན་ཁྲཾ་བཾ་བསྣམས། ། གཡོན་པ་སྲིད་པའི་འཁོར་ལོ་སྐོར།། གཤིན་རྗེ་མིག་དམར་ཕྱག་རྒྱ་ནི།། ཞལ་གཅིག་ཕྱག་གཉིས་སྐུ་མདོག་དམར།། གཡས་པའི་ཕྱག་ན་ཤོད་དྷེ་བསྣམས།། གཡོས་པ་སྲིད་པའི་འཁོར་ལོ་སྐོར།། ཁྲོ་བོ་ཡུམ་གྱི་ཕྱག་རྒྱ་ནི། ། གཡས་པ་རྣམས་ནི་གཙོ་ལ་འཁྱུད།། གཡོན་པ་རཀྟ་གཙོ་ལ་སྟོབ།། བརྡ་དང་གར་གྱི་མཆོད་པ་བཞེས།། སྒོ་མ་རྣམས་ཀྱི་ཕྱག་རྒྱ་ནི།། གསང་བའི་ལྷ་མོ་བསེ་མོ་བཞི།། སྐུ་མདོག་ཅིར་ཡང་མ་ངེས་ཏེ། ། གཡས་པའི་ཕྱག་ན་ཕུར་བ་འདྲིལ།། གཡོན་པ་རྡོ་རྗེ་ལྕགས་ཀྱུ་བསྣམས།། བརྡ་དང་གར་གྱི་མཆོད་པ་བཞེས།། འཇམ་དཔལ་དངོས་གྲུབ་སྩལ་དུ་གསོལ།། ཟླ་གསང་ནག་པོའི་རྒྱུད་ལས།། ཕྱག་རྒྱ་མཆོད་པའི་ལེའུ་སྟེ་བཅུ་བཞི་པའོ། །།། ཡང་ཞུས་པ།། ཐམས་ཅད་མཁྱེན་པའི་སྟོན་པ་པོ།། དབང་བསྐུར་བྱིན་བརླབས་ཇི་ལྟར་ལགས།། བརྟན་པར་བཞུགས་པ་ཇི་ལྟར་ལགས།། ཕྱག་གི་རིམ་པ་ཇི་ལྟར་མཆིས།། སྟོན་པས་བདག་ལ་བཀའ་སྩལ་འཚལ། ། ཞེས་པས།། ཉོན་ཅིག་འཁོར་ཚོགས་ཁྱེད་རྣམས་ཀུན།། དབང་སྐུར་བྱིན་བརླབས་བྱ་བ་ལ།། གསུམ་གསུམ་དག་ཏུ་ངས་བཤད་ཀྱིས།། དབང་ལ་ཕྱི་ནང་གསང་བ་གསུམ། ། ཕྱི་དབང་དག་ལ་གསུམ་དུ་བཤད།། ཡི་གེ་འབྲུ་ལྔས་བསྐུར་བ་དང།། སྐུ་ལྔ་ཕྱག་མཚན་ལྔ་ཡིས་བསྐུར།། ནང་དབང་དམ་རྫས་ལྔ་ཡི་དབང།། གསང་དབང་བྱང་ཆུབ་སེམས་ཀྱིས་བསྐུར།། བྱིན་བརླབས་དག་ལ་གསུམ་དུ་བཤད། ། ཡི་གེ་འབྲུ་གསུམ་བསྐུར་བ་དང།། སྐུ་གསུང་ཕྱག་མཚན་གསུམ་གྱིས་བརླབ། ཀ་ཡ་ཝཱཀ་ཙིཏྟ་བརླབ།། འདི་ཡིས་བརྟན་པར་བཞུགས་པ་ནི།། འཁོར་ལོ་འབར་བའི་རྩིབས་སྟེངས་སུ། ། ཕྱོགས་སྐྱོང་བསྣོལ་བའི་གདན་སྟེངས་སུ།། ཡི་དྭགས་བསྣོལ་བའི་གདན་སྟེངས་སུ།། མ་ཧེ་གླང་ཆེན་གདན་སྟེངས་སུ།། སྟིཥྛ་ལྷན།། ད་ནི་ཕྱག་དང་མཆོད་པས་མཉེས་པ་སྟེ།། སྲིད་གསུམ་གདུག་པ་འདུལ་བ་དང། ། ང་རྒྱལ་དྲེགས་པས་འཇོམས་པ་དང།། ཆོས་སྐུ་མ་སྐྱེས་ཞི་བའི་གནས།། ཁྲོ་གཏུམ་གདུག་པ་ཚོགས་རྣམས་དང།། ཐུགས་རྗེས་གདུག་པ་འདུལ་མཛད་པ།། འཇམ་དཔལ་ཁྲོ་བོའི་ཚོགས་ལ་ཕྱག་བགྱིད་དོ། ། ཟླ་གསང་ནག་པོའི་ཏིཥྛ་ལས།། བྱིན་བརླབས་དང་ཕྱག་དང་བརྟན་པར་བྱ་བའི་ལེའུ་སྟེ་བཅོ་ལྔ་པའོ།།།། ཡང་ཞུས་པ།། ཐམས་ཅད་མཁྱེན་པའི་སྟོན་པ་པོ།། ཐུགས་དམ་བསྐུལ་བ་ཇི་ལྟར་ལགས།། ཞེས་ཞུས་པ་ལས། ། ཡང་སྟོན་པས་འཁོར་གྱི་དང་པོ་ལ་བཀའ་སྩལ་པ།། བསྙེན་པོའི་དུས་སུ་གཙོ་བོ་བསྐུལ།། བསྒྲུབ་པའི་དུས་སུ་སྦགས་ཏེ་བསྐུལ།། ལས་སྦྱོར་དྲག་པོ་བསྐོར་དུས་སུ།། ཤན་པ་མོན་པ་བདུད་པོ་བསྐུལ། ། གཙོ་བོ་གཤིན་རྗེ་གཤེད་པོ་སྟེ།། རང་ཉིད་ཁྲོ་བོར་བསྒོམ་པར་བྱ།། རཀྵ་རུས་འཕྲེང་བགྲང་བ་དང།། ཆས་གོས་ནག་སྡེ་སྡིགས་འཛུབ་བསྒྲེང།། ཚམ་རྔམ་བཅས་ཆོས་ཉིད་ཀྱི་ངང།། ལག་ཏུ་བེ་ཤིང་བཟང་པོ་འམ། ། སེང་ལྡེང་འཁར་བ་འདོམ་ཚད་པ།། ཐོགས་ཏེ་རྐང་པ་བགྲད་ཚུལ་བསྟན།། སྟོང་གསུམ་སྤྲུལ་པས་ཁེང་བྱ་སྟེ།། དམིགས་པའི་ཡུལ་རྣམས་འགུགས་པར་བསམ།། མདུན་དུ་དམིགས་ལ་དོན་པོ་ཡི།། སྙིང་ཁར་བེ་ཅོན་གཏད་ལ་བསྐུལ། ། ལས་ལ་བསྐུལ་བ་འདི་ལྟ་སྟེ།། ཧཱུཾ་གྲུ་གསུམ་མཐིང་ནག་འབར་བའི་དཀྱིལ་འཁོར་ནས།། ཡ་མན་ཏ་ཀ་ཡབ་ཡུམ་གཤེགས་སུ་གསོལ།། གཏུམ་ཆེན་རབ་འབར་གཤིན་རྗེ་འཇོམས་མཛད་ལྷ། ། ཉི་མ་འབུམ་བས་ལྷག་པའི་འོད་ལྡན་ཁྱོད།། ཕྱག་མཚན་མང་པོས་བསྐལ་པའི་མེ་ལྟར་འབར།། རང་འབར་གཤིན་རྗེ་འཇོམས་མཛད་ལྷ་ལ་ཕྱག་འཚལ་ལོ།། ཀུན་ཏུ་འུར་འུར་འབྲུག་གི་ང་རོ་རབ་སྒྲོག་པ། ། ལྷ་མཆོག་ཡ་མན་ཏ་ཀ་མ་ལགས་སམ།། བཀའ་བཞིན་བརྣག་པའི་དགྲ་པོ་རྡུལ་དུ་རློག། ལྷ་མཆོག་ཡ་མན་ཏ་ཀ་མ་ལགས་སམ།། འབར་བ་ནག་པོ་གློག་གི་འཕྲེང་བ་ཅན།། ལྷ་མཆོག་ཡ་མན་ཏ་ཀ་མ་ལགས་སམ། ། འབར་བྱེད་བདུད་འདུལ་དུར་ཁྲོད་ཆས་ཀྱིས་བརྒྱན།། ལྷ་མཆོག་ཡ་མན་ཏ་ཀ་མ་ལགས་སམ།། ཞལ་བགྲད་རྡོ་རྗེའི་མཆེ་བ་གཙིགས།། ལྷ་མཆོག་ཡ་མན་ཏ་ཀ་མ་ལགས་སམ།། གཡས་དཀར་གཡོན་དམར་དབུས་མཐིང་ཞལ། ། གཡས་ཀྱི་དང་པོ་ཁྲ་དང་རྡོ་རྗེ་རྡེའུ་ཆུང་བསྣམས།། ཐ་མ་རྡོ་རྗེ་ལྕགས་ཀྱུ་བསྣམས།། གཡོན་གྱི་དང་པོ་དུང་ཆེན་དམར་གྱི་བཀང།། བར་མ་བ་སུ་ཏ་ཡི་རྒྱུ་ཞགས་བསྣམས།། ཕྱག་དྲུག་གཡོན་གྱི་ཐ་མ་ལ། ། ཞིང་ཆུང་དབྱུག་པ་སྔོན་པོ་བསྣམས།། དུར་ཁྲོད་འབར་བའི་ཆས་ཀྱིས་བརྒྱན།། སྐུ་མདོག་སྔོ་ནག་དབྱར་གྱི་ཆར་སྤྲིན་འདྲ།། མཐིང་ནག་འབར་བའི་རལ་པས་སྲིད་གསུམ་ཁེངས།། དྲི་མེད་ཡེ་ཤེས་མཆེ་བ་དཀར་པོ་གཙིགས། ། མ་རུངས་སྡིགས་མཛུབ་འཕྱར་ཞིང་ཀླད་ལ་བསྐོར།། སྲོག་གཅོད་ལས་ཀྱི་བེ་ཅོན་བསྣམས།། ལྔ་བརྒྱ་དུས་ཀྱི་སྙིགས་མ་བྱུང་བའི་ཚེ།། བསྟན་པ་བསྲུང་བར་ཉིད་ཀྱིས་ཞལ་མཆེས་པའི། ། ཞལ་མཆེས་བཞིན་དུ་བཅོལ་བའི་ལས་རྣམས་མཛོད།། གཙོ་བོ་བསྐུལ་བའི་རིམ་པའོ།། ད་ནི་གཤེད་རྣམས་བསྐུལ་བ་སྟེ།། ཡབ་ཅིག་འཇམ་དཔལ་ནག་པོ་ནི།། སྐུ་མདོག་མཐིང་ནག་རལ་པ་ཅན།། མཐིང་གི་རལ་པ་ཤར་ར་ར། ། རལ་བ་འབུམ་ལ་གཤིན་རྗེ་འབུམ།། གཤོག་ཟེར་སྟོང་ལ་མ་མོ་སྟོང།། ཆིབས་སུ་གཤིན་རྗེ་འབུམ་གྱི་ཁྲི་ལ་བཞུགས།། འཁོར་དུ་མ་མོ་དམར་ནག་འབུམ་གྱིས་བསྐོར།། སྨུག་ནག་དགྲ་འདུལ་ལས་ལ་ཁྱེ། ། དམ་ཉམས་དགྲ་བོ་ཁུག་ལ་ཤོག། ཤར་ཕྱོགས་ཡ་མ་རཱ་ཛ་ནི།། སྐུ་མདོག་མཐིང་ནག་རལ་པ་ཅན།། ལྕགས་ཀྱི་རལ་བ་ཤར་ར་ར།། མ་མོ་གཤོག་སྒྲ་དི་རི་རི།། རལ་པ་འབུམ་ལ་གཤིན་རྗེ་འབུམ། ། གཤོག་ཟེར་སྟོང་ལ་མ་མོ་སྟོང།། ཆིབས་སུ་ཆུ་གླང་སྔོན་པོ་ཆིབས།། འཁོར་དུ་ནག་མོ་འབུམ་གྱིས་བསྐོར།། ནག་མོ་དགྲ་འདུལ་ལས་ལ་ཁྱེ།། དམ་ཉམས་དགྲ་བོ་འདིར་ཁུག་ལ།། དགྲ་བོ་རྣམས་ཀྱི་གཤེད་མ་མཛོད། ། ལྷོ་ཕྱོགས་མྱོས་བྱེད་འབར་བ་ནི། སྐུ་མདོག་སེར་ནག་རལ་པ་ཅན།། ཁྲག་གི་རལ་པ་ཤར་ར་ར།། ཆིབས་སུ་དྲེལ་རྟ་རྐང་གསུམ་ཆིབས།། འཁོར་དུ་མ་མོ་ཕྱ་སངས་འབུམ་གྱིས་བསྐོར།། དམར་ནག་དགྲ་འདུལ་ལས་ལ་ཁྱེ། ། དམ་ཉམས་དགྲ་བོ་འདིར་ཁུག་ལ།། ནུབ་ཕྱོགས་གཤིན་རྗེ་མ་རུང་རྩེ།། སྐུ་མདོག་དམར་ནག་རལ་པ་ཅན།། བསེ་ཡི་རལ་པ་ཤར་ར་ར། ཆིབས་སུ་ལྐུགས་པ་ལུག་ལ་ཆིབས།། འཁོར་དུ་མ་མོ་དམར་ནག་འབུམ་གྱིས་བསྐོར། ། དམར་མོ་ནད་གཏོང་ལས་ལ་ཁྱེ།། དགྲ་བོ་དེ་ཡི་གཤེད་མ་མཛོད།། བྱང་ཕྱོགས་རལ་པ་ཚར་དགུ་ནི།། སྐུ་མདོག་མཐིང་ནག་རལ་པ་ཅན།། ཁྲོ་ཆུང་རལ་པ་ཤར་ར་ར།། མ་མོ་གཤོག་སྒྲ་དི་རི་རི། ། ཆིབས་སུ་སྦྲུལ་ནག་ཆིབས་སུ་ཆིབས།། འཁོར་དུ་མ་མོ་སེར་ནག་འབུམ་གྱིས་བསྐོར།། སྨུག་ནག་དགྲ་འདུལ་ལས་ལ་ཁྱེ།། དགྲ་བོ་འདི་ཡི་གཤེད་མ་མཛོད།། ཧཱུཾ། ལྔ་བརྒྱ་དུས་ཀྱི་སྙིགས་མ་ལ།། ཡ་མན་ཏ་ཀའི་སྤྱན་སྔ་རུ། ། འཁོར་གྱི་གཤིན་རྗེ་གཤེད་པོ་ཡིས།། བསྟན་པ་བསྲུང་བར་ཁས་བླངས་ལ།། ཐུགས་དམ་བཞིན་དུ་བདག་བསྐུལ་ན།། ཁྱེད་ཀྱི་དམ་ཚིག་དུས་ལ་བབ།། འོག་གི་རྒྱ་མཚོའི་གཏིང་རུམ་ནས། ། རྡོ་རྗེ་གཏམས་པའི་སྟེང་ཤེད་ན།། གསེར་གྱི་རུས་སྦལ་ཁྲི་ལ་ནི།། འཆི་བདག་རལ་པ་ཚར་དགུ་བཞུགས།། སྐུ་ཡི་སྤྲུལ་པས་ཀླུ་རྣམས་འདུལ།། ཐུགས་ཀྱི་སྤྲུལ་པས་དམྱལ་བ་འདྲེན།། གསུང་གི་སྤྲུལ་པས་དགེ་སྡིག་སྟོན། ། སྲིད་པའི་སྐོས་འདེབས་མཐུ་མོ་ཆེ།། ཐུགས་དམ་བཞིན་དུ་བདག་བསྐུལ་ན།། གསུང་ཕུར་གདབ་པའི་དུས་ལ་བབ།། ཧཱུཾ། མནར་མེད་དམྱལ་བའི་ཁང་པ་ན།། ཁྱོད་ཆུང་ལྕགས་ཀྱི་ཁང་པ་ན། ། འཆི་བདག་ཨ་བ་གླང་མགོ་ཅན།། ཆུ་སྲིན་མགོ་དགུ་ཆིབས་སུ་ཆིབས།། སྐུ་མདོག་དབྱར་གྱི་ཆར་སྤྲིན་འདྲ།། ཕྱག་ན་གདུག་པའི་མཚོན་ཆ་བསྣམས།། ཐུགས་དམ་བཞིན་དུ་བདག་བསྐུལ་ན།། གསང་ཕུར་གདབ་པའི་དུས་ལ་བབ། ། འཆི་བདག་གཤིན་རྗེ་ཡ་བ་ཏི།། ཆིབས་སུ་ཟ་བྱེད་སྤྱང་ཁུ་ཆིབས།། སྐུ་མདོག་མ་ངེས་ཅིར་ཡང་སྣང།། ཕྱག་ན་སྤྲུལ་པའི་ལྟས་ངན་འབེབས།། ཆོ་འཕྲུལ་གཏོང་བའི་མཐུ་བོ་ཆེ།། ཐུགས་དམ་བཞིན་དུ་བདག་བསྐུལ་ན། ། གསང་ཕུར་གདབ་པའི་དུས་ལ་བབ།། འཆི་བདག་གཤིན་རྗེ་དམིག་དམར་ནི།། སྐུ་མདོག་དམར་པོ་འཇིགས་པའི་སྐུ།། ཕྱག་ན་གཅོད་བྱེད་རལ་གྲི་བསྣམས།། སྲིད་པའི་སྲོག་གཅོད་མཐུ་པོ་ཆེ། ། ཐུགས་དམ་བཞིན་དུ་བདག་བསྐུལ་ན།། གསང་ཕུར་གདབ་པའི་དུས་ལ་བབ།། འཆི་བདག་གཤིན་རྗེ་དམིག་དམར་ནི།། ཆིབས་སུ་སྤྱན་རྣོ་འུག་པ་ཆིབས།། སྲིད་པའི་བླ་རྐུན་མཐུ་བོ་ཆེ།། བདུད་ཀྱི་ཞགས་པ་གཡོན་གྱིས་འཕེན། ། བཙན་གྱི་ཤོད་རྡེའུ་གཡོན་གྱིས་འགྲེམས།། སྲིད་པའི་སྐོས་འདེབས་མཐུ་བོ་ཆེ།། ཐུགས་དམ་བཞིན་དུ་བདག་བསྐུལ་ན།། གསང་ཕུར་གདབ་པའི་དུས་ལ་བབ།། འཆི་བདག་གཤིན་རྗེ་རྟེལ་པ་ནི། ། གདུག་པ་ཕག་རྒོད་ཆིབས་སུ་ཆིབས།། སྲིད་པའི་དབུགས་ལེན་མཐུ་བོ་ཆེ།། བདུད་ཀྱི་ཞགས་པ་གཡོན་གྱིས་འཕེན།། ཕྱག་ན་ཐོག་གི་བུ་ཡུག་འཐོར།། ཐུགས་དམ་བཞིན་དུ་བདག་བསྐུལ་ན།། གསང་ཕུར་གདབ་པའི་དུས་ལ་བབ། ། འཆི་བདག་གཤིན་རྗེ་ཕྱ་སངས་ནི།། ཚངས་པ་ལྷ་ཡི་འཁོར་ན་གནས།། དབང་སྡུད་བྱ་ཁུང་ཆིབས་སུ་ཆིབས།། འཕྲུལ་གྱི་མེ་ལོང་གཡས་ཀྱིས་གཟེར།། ཉི་ཟེར་ཞགས་པ་གཡོན་གྱིས་གཟིགས། ། སྲིད་པ་གསུམ་གྱི་བྱ་ར་མཛད།། ཐུགས་དམ་བཞིན་དུ་བདག་བསྐུལ་ན།། གསང་ཕུར་གདབ་པའི་དུས་ལ་བབ།། འཆི་བདག་གཤིན་རྗེ་ཆོས་ཀྱི་རྒྱལ་པོ་ནི།། སྐུ་མདོག་སྐྱོན་མེད་གདན་ལ་བཞུགས།། སྐུ་ཡི་སྤྲུལ་པས་སྟོང་གསུམ་ཁྱབ། ། གསུང་གི་སྤྲུལ་པས་འགྲོ་བ་འདྲེན་པའི་དཔལ།། ཐུགས་ཀྱི་སྤྲུལ་པས་གཤིན་རྗེ་འདུལ།། སྲིད་པ་སྲོག་གཅོད་མཐུ་བོ་ཆེ།། བདུད་ཀྱི་ཞགས་པ་གཡོན་གྱིས་འཕེན།། ཐུགས་དམ་བཞིན་དུ་བདག་བསྐུལ་ན། ། གསང་ཕུར་གདབ་པའི་དུས་ལ་བབ།། འཆི་བདག་གཤིན་རྗེ་བྲག་གྱོན་རྗེ།། དཔའ་བརྟུལ་སྟག་གི་ཁྲི་ལ་བཞུགས།། སྲིད་པ་གྲོང་གི་མཐུ་བོ་ཆེ།། ཕྱག་ན་བདུད་ཀྱི་ཐོག་འབེབས་པ། ། ཞལ་ནས་ནད་ཀྱི་རླང་པ་འཐོར།། ཐུགས་དམ་བཞིན་དུ་བདག་བསྐུལ་ན།། གསང་ཕུར་གདབ་པའི་དུས་ལ་བབ།། འཆི་བདག་དུད་ཁ་ལྷ་མཆོག་ནི།། གཏུམ་པ་དོམ་གྱི་ཁྲི་ལ་བཞུགས།། ཟས་སུ་མི་ཤ་རྟ་ཤ་ཟ། ། སྐོམ་དུ་མི་ཁྲག་རྟ་ཁྲག་འཐུང།། བདུད་པོ་བཅུ་གསུམ་ཕོ་ཉར་འགྱེད།། མ་བདུན་རྒྱལ་མོ་སྤྲུལ་པར་གཏོང།། ཐུགས་དམ་བཞིན་དུ་བདག་བསྐུལ་ན།། གསང་ཕུར་གདབ་པའི་དུས་ལ་བབ།། ཕྱོགས་སྐྱོང་སྐུལ་བའི་རིམ་པའོ། ། ཡུམ་གྱི་ཐུགས་དམ་བསྐུལ་བ་ནི།། གཡོན་གྱི་ཕྱོགས་ནས་གཤེགས་སུ་གསོལ།། ཨེ་ཀ་ཛ་ཏི་གཤེགས་སུ་གསོལ།། པེ་ཏ་ནག་མོ་གཤེགས་སུ་གསོལ།། ནག་མོ་མིག་ཅན་དབྱིངས་ནས་བཞེངས། ། སྤྲུལ་པ་ནག་མོ་རེ་མ་ཏི།། ནམ་མཁའི་དབྱིངས་ནས་སྤྱན་འདྲེན་གྱིས།། ཆོས་ཀྱི་དབྱིངས་ནས་སྐུ་བཞེངས་ལ།། ཕོ་བྲང་འདི་རུ་སྤྱན་འདྲེན་གྱིས།། ཐུགས་དམ་དབང་གིས་གཤེགས་སུ་གསོལ།། གཤེད་བཞི་ཡུམ་མཆོག་སྲིན་བྲན་མ། ། མི་སྙིང་ཟ་ཞིང་མི་ཁྲག་འཐུང།། རྟག་ཏུ་སྲིང་གསུམ་ཤ་ཁྲག་གསོལ།། ཁམས་གསུམ་མ་ལུས་ཁྲམ་འདེབས་མ།། བཅོལ་བའི་ལས་འདི་མྱུར་དུ་མཛོད།། ཕྱོགས་སྐྱོང་བཅུ་ཡི་སྲིན་མོའི་ངང། ། དགྲ་བགེགས་ལྟོ་རུ་ཟ་མཛད་མ།། སྲིད་གསུམ་ཕྱག་མས་ཐོང་ལ་ཤོག། ང་ཡིས་བཅོལ་བའི་ཁྲམ་ལ་ཐོབ་ཅི་སྲིན་མོ་རྣམས།། ད་ནི་འཁོར་ལོ་བསྐོར་ཙམ་ན།། མོན་པ་བཞི་བསྐུལ་བ་སྟེ།། ཧཱུཾ། འཇམ་དཔལ་ནག་པོ་ཐུགས་ཀྱི་སྤྲུལ་པ་ནི། ། མོན་པ་ནག་པོ=་དམར་པོ=་སྔོན་པོ=་སེར་པོ=་བཞི་རྦད་དེ=། ཧཱུཾ་ལྕགས་ཀྱི་མོན་པ་ནག་པོ་ནི།། ཞལ་གཅིག་ཕྱག་གཉིས་སྐུ་མདོག་ནག། སྐུ་ལ་དྲག་པོའི་འབྲུ་སླག་གསོལ།། སྐུ་སྨད་དུག་སྦྲུལ་ཤམ་ཐབས་ཅན། ། ལྕགས་ཀྱི་རལ་པའི་ཉི་ལི་ལི།། དུང་གི་སྨིན་མ་ཁྱུག་གེ་ཁྱུག། ལྕགས་ཀྱི་དམིག་རྩ་འུ་རུ་རུ།། ལྕགས་ཀྱི་སྐད་སྒྲ་ཏོག་གེ་ཏོག། ཨག་ཚོམ་མེ་འབར་ཡ་ལ་ལ།། མཆེ་བ་ཟླ་ཚེས་ཐམས་སེ་ཐམས། ། ཞལ་ན་གདུག་པའི་དྲག་སྔགས་ཟློས།། གཡས་པ་མ་ཏྲང་རོ་དབྱུགས་བསྣམས།། གཡོན་པ་སྲོག་གི་འཁོར་ལོ་བསྐོར།། ཡ་མ་ར་ཛ་སྲོག་གི་བདག། ལྷ་སྲིན་ཀུན་ལ་མངའ་མཛད་མ།། སྲིད་པ་ཤར་གྱི་མངའ་བདག་མོ། ། སྔགས་ཀྱི་བྱིན་རླབས་ཁྱོད་ཀྱིས་བསྐྱེད།། བཅོལ་བའི་ལས་རྣམས་གྲུབ་པར་མཛོད།། ཁྱོད་ཀྱིས་མི་འདུལ་གང་ཡང་མེད།། བསྟན་པ་གཉན་པོ་བཤིག་བྱེད་པ། སྲོག་ལ་དུག་གི་རླངས་པས་བདུགས། ། ལུས་སྲོག་དབྲལ་བའི་དུས་ལ་བབ།། ཨོཾ་བཛྲ་ཙིཏྟ་བཾ་རིལ་ཞུན་ཐུན་ཆེ་གེ་མོ་ཞིག། ཨ་མུ་ཀ་པྲ་མ་ཡ་ཧཱུཾ་ཕཊ།། ཧཱུཾ། གསེར་གྱི་མོན་པ་སེར་པོ་ནི།། ཞལ་གཅིག་ཕྱག་གཉིས་སྐུ་མདོག་སེར།། སྐུ་སྟོད་ཞེ་སྡང་སྟག་ལྤགས་གསོལ། ། སྐུ་སྨད་ཆུ་སྦྲུལ་ཤམ་ཐབས་ཅན།། གསེར་གྱི་རལ་བ་སི་ལི་ལི།། གཡུ་ཡི་སྨིན་མ་ཁྱུག་གེ་ཁྱུག། གསེར་མིག་སེར་པོ་ཁྱི་ལི་ལི།། གསེར་གྱི་རྔོག་ཐག་ཕྱ་ར་ར།། མཆེ་བ་དཀར་པོ་ཐམས་སེ་ཐམས། ། ཞལ་ནས་གདུག་པའི་ངན་སྔགས་ཟློས།། གཡས་པ་མ་ཏྲཾ་རོ་དབྱུག་འཕྱར།། གཡོན་པ་སྲིད་པའི་འཁོར་ལོ་བསྐོར།། མ་ར་ནག་པོ་སྲོག་གི་བདག། ལྷོ་ཕྱོགས་སྲིད་པའི་མངལ་མཛད་མ།། གསང་སྔགས་གདུག་པའི་དཔལ་བསྐྱེད་ཅིང། ། བཅོལ་བའི་ལས་རྣམས་གྲུབ་པར་མཛོད།། ཁྱོད་ཀྱིས་མི་ཐུབ་གང་ཡང་མེད།། བདུད་དང་མུ་སྟེགས་རུ་ཏྲ་འདུལ།། སྲོག་ལ་གཤེད་ཀྱི་སྔགས་ཀྱིས་གདུག་ཚེ་སྲོག་དཔྲལ་བའི་དུས་ལ་བབ། ། ཏྲི་ཞིང་རྦད་ཁཾ་ཨ་མུ་ཀ་མུར་ཛ་ཡ།། ཧཱུཾ། བསེ་ཡི་མོན་པ་དམར་པོ་ནི།། ཞལ་གཅིག་ཕྱག་གཉིས་སྐུ་མདོག་དམར།། སྐུ་སྟོད་གླང་ཆེན་ཀོ་རློན་གསོལ།། སྐུ་སྨད་སྦྲུལ་གྱི་ཤམ་ཐབས་ཅན།། བསེ་ཡི་རལ་པ་ཤར་ར་ར། ། ཤེལ་གྱི་སྨིན་མ་ཁྱུག་གེ་ཁྱུག། བསེ་མིག་དམར་པོ་ལྷང་མ་ལྷོང།། བསེ་ཡི་ཨག་ཚོམས་ཕྱ་ར་ར།། མཆེ་བ་བརྣོན་མར་ཐབས་སེ་ཐབས།། ཞལ་ནས་གསོད་བའི་ངན་སྔགས་ཟློས།། གཡས་པ་མ་ཊཾ་བཾ་ཆེན་བསྣམས། ། གཡོན་པ་གཤེད་ཀྱི་འཁོར་ལོ་བསྐོར།། ཡ་མ་ན་ཏེ་སྲོག་གི་བདག། ལྷ་འདྲེ་ཀུན་གྱི་མངའ་བདག་པོ།། ནུབ་ཕྱོགས་སྲིད་པའི་མངའ་བདག་པོ།། གསང་སྔགས་གདུག་པས་ད་སྒྲོལ་ཅིག། བཅོལ་བའི་ལས་རྣམས་གྲུབ་པར་ཤོག། ཁྱོད་ཀྱི་མིའདུལ་གང་ཡང་མེད།། གང་ཞིང་འགལ་བ་རྡུལ་དུ་རློག། དམ་ཉམས་སྲོག་ལ་བར་ཆོད་ཐོང།། བཅོལ་བའི་ལས་རྣམས་གྲུབ་པར་མཛོད།། ཨོཾ་བ་ཡུ་རྦད་ཏི་དུ་བ་ལ་ཡབ་ཡུམ་སུ་རུ་ཆེ་གེ་མོ་ཡ། ། མ་ཁས་རག་ཏ་ཙ་ར་ཡ་ཧཱུཾ་ཕཊ།། ཧཱུཾ་གཡུ་ཡི་མོན་པ་སྔོན་པོ་ནི།། ཞལ་གཅིག་ཕྱག་གཉིས་སྐུ་མདོག་གནག། སྐུ་སྟོད་ཞིང་གི་གཡང་གཞི་གསོལ།། སྐུ་སྨད་དམ་སྲིའི་ཤམ་ཐབས་ཅན།། གཡུ་རལ་སྔོན་པོ་གསིག་པ་ཡིས། ། གཤེད་ཀྱི་མ་མོ་ཀུན་ཀྱང་འདུལ།། མ་མོ་འདུས་པས་བླ་ཚེ་འགུགས།། བླ་ཚེ་འགུགས་པའི་བདག་པོ་ནི།། གསེར་གྱི་སྨིན་མ་བྲང་ངེ་བྲང།། གཡུ་མིག་སྔོན་པོ་ལྷངས་སེ་ལྷངས།། གཡུ་ཡི་རྡོག་ཐག་ཆེམས་སེ་ཆེམས། ། མཆེ་བ་བསྣོན་མར་ཁྲིགས་སེ་ཁྲིགས།། ཞལ་ནས་གཤེད་ཀྱི་ངན་སྔགས་ཟློས།། གཤེད་ཀྱི་བྱུག་པ་ཕྱུ་རུ་རུ།། གཡས་པ་བདུད་ཀྱི་བེ་ཅོན་བརྡེག། གཡོན་པ་སྲིད་པའི་འཁོར་ལོ་བསྐོར།། ཡ་མ་ན་ཏེ་ཀུ་བེ་ར། ། གནོད་སྦྱིན་གདུག་པའི་གཤེད་མ་སྟེ།། སྲིད་པ་བྱང་གི་སྐོས་བདག་པོ།། གསང་སྔགས་དུག་དང་འདྲ་བའི་བདག། དམ་ཉམས་དབང་དང་ཆུང་སྲིད་ཕྲོགས།། བཅོལ་བའི་ལས་རྣམས་གྲུབ་པར་མཛོད། ། གང་ཞུན་པ་ཏྲི་ཞུང་ཚུལ།། གྲི་རཾ་བཾ་པྲ་བེ་ཆེ་གེ་མོ་མཱ་ར་ཡ་ཧཱུཾ།། མོན་པ་བཞི་བསྐུལ་བའི་རིམ་པའོ།། ཟླ་གསང་ནག་པོའི་རྒྱུད་ལས།། བསྐུལ་བའི་ལེའུ་སྟེ་བཅུ་དྲུག་པའོ།།།། ཡང་ཞུས་པ།། སྟོན་པ་ཐམས་ཅད་མཁྱེན་པ་པོ། ། དྲག་པོ་སྒྲོལ་བའི་བསྐུལ་མ་གང།། ཐུན་ཞེས་བྱ་བ་དུ་ཙམ་མཆིས།། ཞེས་ཞུས་པས།། བཀའ་སྩལ་པ། སྤྱིར་ནི་ཐུན་ལ་མང་དུ་གསུངས།། བསད་པ་སྲོག་གི་ཐུན།། དགུག་པ་དུག་གི་ཐུན། ། དབྱེ་བ་རྫས་ཀྱི་ཐུན།། འཕང་པ་ཟོར་ཀྱི་ཐུན་དང།། འདི་ནི་བསད་པ་སྲོག་གི་ཐུན་ཏེ།། ཐུན་གྱི་རྣམ་གྲངས་བརྒྱད་དུ་བཤད།། ལྕགས་ཕྱེ་ཟངས་ཕྱེ་རྡོ་ཕྱེ་དུག། ཕུར་ཐུན་མདའ་ཐུན་ཁྲག་ཐུན་དང། ། ཉུངས་ཐུན་མན་ངག་ཐུན་དང་དགུ། ཐུན་ཀྱོང་རབས་ཆད་ཐོད་པ་འམ།། ཤིན་ཏུ་མི་ཤིག་སྣོད་དུ་བྱ།། དུག་ཐུན་ཧ་ལ་ཧ་ལ་ཏེ།། ཕོག་པ་ཙམ་གྱིས་འཆི་བར་འགྱུར།། ལྕགས་དང་ཟངས་ཕྱེ་རྡོ་ཕྱེ་ཡིས། ། ཁོང་ནད་འཛུད་ཅིང་ལོ་ནད་གཏོང།། ཕུར་པས་གནས་སུ་གདབ་པར་བྱ།། གཡས་ཆེན་བསད་ན་བཞིན་དུ་གཏོང།། མདའ་རིས་དཔག་ཆེན་མདའ་ལྟར་བརྡེག། ཉུངས་ཐུན་རི་རབ་ལྟར་དུ་བརྡེག། ཁྲག་ཐུན་མ་མོས་སྤྲུལ་པ་ཡིས། ། ཐོད་བཅིངས་ཟོར་ཐོགས་སྟོང་ཁམས་ཁེངས།། གཟས་པའི་གཟུགས་ལ་འཕེན་པར་བསམ།། རང་ཉིད་ཁྲོ་བོར་གསལ་བར་བསྒོམ།། ཐུན་སྔགས་རིང་པོ་སྤྱིར་བྱས་ལ།། མཐའ་ཡི་ཤམ་བུ་སོ་སོར་གདགས། ། ཐུན་བསྐུལ་ཚིག་ནི་འདི་ལྟར་རོ།། བསྐལ་པ་གསུམ་གྱི་ཕ་རོལ་ན།། ཐུན་གྱི་བདག་པོ་བདག་བསྐུལ་གྱིས།། སྟོང་གསུམ་ཐུན་གྱི་སྤྲུལ་པས་གང།། དམ་ཉམས་དགྲ་ལ་ཐུན་འབེབས་པ།། སོ་སོ་རང་རང་གནས་ནས་ཐུགས་དམ་བསྐུལ། ། ཐུན་གྱི་བདག་པོ་ཁྱེད་རྣམས་ལ།། ལས་སུ་དགྲ་བགེགས་བསྒྲལ་བར་མཛོད།། ཨེ་རཾ་ཧེ་རཾ་ཛ་ལ་རཾ་ཧཱུཾ་ཕཊ། ལྕགས་ཕྱེ་ཟངས་ཕྱེ་རྡོ་ཕྱེ་དུག། མུད་ཀ་ར་ཡི་ཆུ་དང་སྦྱར།། ཁྲག་ལས་སྦྱར་བའི་གཏོར་མས་བྲབ། ། མཚོན་ཆ་ལྔ་ཡི་ཆར་གྱིས་བྲབ།། སྐུད་པ་དཀར་ནག་བྱང་དུ་གཞུད།། དུག་ཐུན་མགོ་ལ་ཁྱབ་པར་རྒྱོབ།། ཁྲག་འཐུང་ཁ་ནས་ལྐུགས་སུ་ཆུག། རྡོ་ཐུན་ཀླད་པའི་རྒྱས་སུ་རྒྱོབ། ། ལྕགས་ཕྱེ་ཟངས་ཕྱེ་ཁོང་བར་ལུད།། མདའ་ཐུན་སྙིང་གི་དཀྱིལ་དུ་རྒྱོབ།། ཕུར་ཐུན་གནས་ལྔ་དག་ཏུ་རྒྱོབ།། ཉུངས་ཐུན་ཡན་ལག་བཞི་ལ་རྒྱོབ།། མན་ངག་བླ་ལ་བཟླའོ།། སྐྱེས་བུ་གོ་མཚན་བརྡར་བ་དང། ། སེང་ཐོག་རྒྱབ་དང་སྤུ་གྲི་ལྟར།། ལྕགས་ཀྱི་གཟེར་ཆེན་བཏབ་པ་དང།། བྱ་རྒོད་གཟན་ལ་འཇུམས་པ་འདྲ།། བཅུ་བདུན་པ་ཡི་བཏུ་ཡིག་ལ།། ཤམ་བུར་བཏགས་ལ་བྲབ་ཅིང་གདབ།། བཏབ་བས་དེ་ལ་ཐར་ཐབས་མེད། ། ཐུན་བསྐུལ་མོན་དང་ཤན་པས་བྱ།། ཟླ་གསང་ནག་པོ་ལས།། ཐུན་གྱི་ལས་ཐབས་དང་བཅའ་ལུགས་བསྟན་པའི་ལེའུ་སྟེ་བཅུ་བདུན་པའོ།།།། ཡང་ཞུས་པ།། ཐམས་ཅད་མཁྱེན་པའི་སྟོན་པ་པོ། ། མཆོད་རྫས་བྱིན་རླབས་འཚལ་མི་འཚལ།། མ་རྟོགས་འཁོར་ལ་བཤད་དུ་གསོལ།། བཀའ་སྩལ་པ། ཤེས་རབ་ཆན་ལ་བཤད་མི་དགོས།། མ་རྟོགས་མེད་ལ་བཤད་པར་བྱ།། ཏིང་འཛིན་སྦྱང་ལུགས་བཀའ་དང་མཐུན། ། བྷྲུཾ་ལས་བན་དྷ་ལྕང་ལོ་རུ།། བདུད་རྩི་རཀྟ་གཏོར་མ་ཕུད།། མར་མེ་དམ་རྫས་ལ་སོགས་བརླབ།། སྔགས་རྣམས་མཐུན་ཏེ་མ་གསུངས་སོ།། ཆེན་པོ་དམ་པ་འདི་སྐད་དོ།། ཨོཾ་ལས་འཁོར་ལོ་རྩིབས་བརྒྱད་འབར། ། འབར་ནས་དྲི་ཆེན་བདུད་རྩིར་ཞུ།། ཧཱུཾ་ལས་རྡོ་རྗེ་རྩེ་ལྔ་འབར།། འབར་ནས་བྱང་སེམས་བདུད་རྩིར་ཞུ།། ས་ལས་རིན་ཆེན་བདུད་རྩིར་འབར།། འབར་ནས་ཤ་ཆེན་བདུད་རྩིར་ཞུ།། པཾ་ལས་པདྨ་འདབ་བརྒྱད་འབར། ། འབར་ནས་རཀྟ་བདུད་རྩིར་ཞུ།། ཧ་ལས་རྡོ་རྗེ་རྒྱ་གྲམ་འབར།། འབར་ནས་བདུད་རྩི་དྲི་ཆུར་བདུད་རྩིར་ཞུ།། ཨོཾ་གྱིས་ཡེ་ཤེས་མེ་བྱུང་བས།། ཨཱཿཡིས་མེས་སྲེགས་ཐལ་བར་གྱུར།། ཧཱུཾ་ལ་དག་པའི་བདུད་རྩིར་གྱུར། ། སྟོང་གསུམ་ཙམ་གྱི་དུར་ཕོར་དུ།། རྒྱ་མཚོ་ཙམ་གྱི་རག་ཏ་བསྐྱིལ།། མུ་ལ་རཀྟ་རྩ་བའི་ཁྲག། ཆུ་དང་མ་འདྲེས་དྭངས་མའི་ཁྲག། ཁྲག་སྣ་སྟོང་གི་རཀྟ་འདི།། ཅི་བདེ་བ་རུ་བཞེས་སུ་གསོལ། ། སྟོང་གསུམ་བཾ་གྱི་གཏོར་གཞོང་དུ།། བཅུད་ཀྱི་གཏོར་མ་སྣོད་དུ་སྦྱར།། ཤ་སྣ་སྙིང་སྣ་འབྲུ་སྣ་ལས།། སྦྱར་བའི་གཏོར་མ་བཞེས་སུ་གསོལ།། འབྲུ་བཅུད་སྟོང་ལས་སྦྱར་བའི་ཛ་གད་འདི།། ཆུ་ལ་ཆང་གི་རང་བཞིན་མེད། ། མཁས་པས་ཐབས་དང་འབྲུ་སྦྱར་བས།། མཉམ་པ་ཉིད་ཀྱི་ཕུད་དུ་གྱུར།། ཅི་བདེ་བ་རུ་བཞེས་སུ་གསོལ།། ཟླ་གསང་ནག་པོའི་རྒྱུད་ལས།། པཱུ་ཙ་བརླབས་པའི་ལེའུ་སྟེ་བཅོ་བརྒྱད་པའོ།།།། ཡང་རྡོ་རྗེ་རྣོན་པོས། ། སྟོན་པ་འཇམ་དཔལ་ལ་གསོལ་བ་བཏབ་པ།། སྟོན་པ་ལགས།། ལས་སྦྱོར་དྲག་པོ་བྱེད་དུས་སུ།། ཤན་པ་བསྐུལ་བ་ཇི་ལྟར་ལགས།། བསྐུལ་བའི་མཁན་པོ་གང་གིས་བགྱི།། བཀའ་སྩལ་པ། ཉོན་ཅིག་རྡོ་རྗེ་རྣོན་པོ་ཁྱོད། ། ཤན་པ་བྱ་བ་བཞི་ཡོད་དེ།། གཤིན་རྗེ་མ་མོ་བདུད་དང་གིང།། བཞི་རུ་ཏནྟྲ་འདི་དག་གསུངས།། བསྐུལ་བའི་ལས་མཁན་བྱ་བ་དེ།། རང་རང་གཤེད་བཞི་རང་གིས་བསྐུལ།། སྔགས་པ་ཆས་གོས་ཇི་ལྟ་བུ། ། གཤེད་བཞི་ཆས་གོས་ཇི་ལྟ་བུ།། དུས་ཚོད་ས་མཚམས་ཇི་ལྟ་ནས།། ཞུས་པས། བཀའ་སྩལ་པ། ཆས་གོས་ནག་པོ་དར་ནག་ཐོད།། སེང་ལྡེང་འདོམ་ཚད་མི་འབྲལ་བས།། གཤེད་རྣམས་ཆས་གོས་ཞིང་ལྤགས་བགོ། གོན་ལ་ཁྲོ་བོ་ཚ་རྔམ་དང་བཅས་ཏེ།། བདེན་པ་བརྡར་ཞིང་མ་ཉེས་བགྲང།། ཁོ་ཡི་ཉེས་བགྲང་གཟུ་དཔང་གསོལ།། དུས་ཚོད་ནམ་ཕྱེད་ཉིད་ཕྱེད་དོ།། འཁོར་ལོ་བསྐོར་ཙམ་དུས་སུ་བསྐུལ།། འཇིག་རྟེན་ལྷ་སྲིན་སྡེ་བརྒྱད་དང། ། གཤིན་རྗེ་ལྷ་རབས་སུམ་ཅུ་རྩ།། གཉིས་ཀྱི་ཁོང་སྙིང་བཀོལ་བ་ཡི།། ཤན་པ་བྱ་བ་བཞི་ཡོད་དེ།། གཤིན་རྗེའི་ཤན་པ་དང། མ་མོའི་ཤན་པ་དང། བདུད་ཀྱི་ཤན་པ་དང། གིང་གི་ཤན་པའོ། ། བཟས་པའི་རྫས་ར་རུས་བླངས་ལ།། གྲུ་གསུམ་འབྲུབ་ཁུང་དུ་བཅུག་ལ།། དགུག་དབྱེའི་ལས་བྱས་ལ། རང་ཉིད་གཤིན་རྗེའི་ང་རྒྱལ་དུ་བསྒོམ། དྲན་སྔགས་བཞི་ནི་བྲབ་པར་བྱ།། ཉུངས་ཀར་ཐལ་ཆེན་བསྲེས་ལ་བྲབ། ། ཨོཾ་བཛྲ་མུ་ཧ་ལ་ད་ཧ།། པ་ཙ་པ་ཙ་ཚལ་པ་ཙུན་ཚ་ཚལ་པ།། ཙུན་ཙ་ཙུན་ཙ་སརྦ་པུ་ཙ་ཀ་ཡ།། རཀྵ་རཀྵ་ས་པྲེ་ཏ་བི་ཤ་ཙ།། ཀུན་པན་ད་པུ་ཏ་ན།། ཀ་ཏ་པུ་ཏ་ན་ས་ར་ས་ན་ཧཱུཾ། ཨ་མུ་ཀ་མ་ར་ཡ་ཕཊ། ཏྲག་རག་ཤ་ཁ་མུ་ཏྲ་བྷྱོ།། རུ་ཏྲ་རྦད། རག་ཤ་རྦད།། མ་མ་སྙིང་རྦད། ཁ་ཐུཾ་ཁ་ཐུཾ་རྦད། ཙི་ཏ་ཙི་ཏ་རྦད། བལ་ཕུར་བལ་ཕུར། མ་མ་དུན་རྦད། དུ་ཡཾ་ཙ་ཡཾ་རུ་ཐུཾས། ཡང་ན་རྦད་ཧཱུཾ་ཕཊ། ཏྲི་ལིང་ཤང་ཀ་དུན་དྲི་ཟ་ཡག་ཤ་རྦད། ཕྱེ་མ་ཁ་དར་རུ་རུ་པྲ་པྲ་དུཾ་དུཾ་ཤིག། དྲག་པོ་མཱ་ར་ཡ། པ་ཤང་མི་ཀི་ར་ཧཱུཾ་ལ། ཨ་ཏ་ཏ་ཏ་བ་མ་ར་ཤལ་ཏེ་ཧཱུཾ་ཕཊ། ད་ནི་གཤིན་རྗེའི་ཤན་པ་བསྐུལ།། ཧཱུཾ་མི་བཟད་རྒྱལ་པོ་ཧཱུཾ་སྒྲ་ཅན།། མཐིང་ནག་གྲུ་གསུམ་འབར་བའི་དཀྱིལ་འཁོར་ནས། ། གསོད་བྱེད་ཡ་མ་རཱ་ཛ་དྲག་ཤུལ་ཅན།། ཚེ་ལ་དབང་བའི་འཇིག་རྟེན་གཤིན་རྗེ་གཤེད།། ཞལ་གསུམ་པོ་ལ་ཕྱག་དྲུག་པོ།། གཡས་ནི་དཀར་ལ་གཡོན་ནི་དམར།། དབུས་ནི་མཐིང་ལ་རྔམ་པའི་ཞལ། ། གཡས་པ་གསུམ་ན་བསྣམས་པ་ནི།། འཁོར་ལོ་རལ་གྲི་དབྱུག་ཐོ་བསྣམས།། གཡོན་པ་གསུམ་ན་བསྣམས་པ་ནི།། ཐོད་པ་སྡིགས་མཛུབ་ཕུར་བ་བསྣམས།། གཤིན་རྗེ་གཤེད་པོ་དགྲ་བོའི་གཤེད། ། ཉོན་མོངས་སྐྱེ་ཤི་རྩ་བ་གཅོད།། ལོག་རྟོག་འཇོམས་པའི་མཐུ་བོ་ཆེ།། ཤན་པ་ཁ་ཆན་མི་ཟད་པ།། ཁོང་ནས་འཁྱིལ་བའི་ཕུང་པོ་འཇོམས།། རྣོ་དྲུག་པོ་ལ་རྩེ་གསུམ་པོ།། ཟུག་པར་བྱེད་པའི་ཁ་ཊཱཾ་ཁ། ། སྙིང་ལ་བརྡེག་པའི་ཐོ་བ་ཡིན།། ཚེ་དང་ཕུང་པོ་བཅས་ལ་འཇོམས།། དམར་པོ་མི་སྡུག་ལྕགས་སྒྲོག་དང།། སྙིང་ནས་འདྲེན་པའི་ལྕགས་ཀྱུ་དང།། དགྲ་བགེགས་སྙིང་གི་རྩ་ནས་དྲོངས།། རྡུལ་དུ་རློག་ཅིག་གཤིན་རྗེ་གཤེད། ། ཁྱོད་ལས་ལྷག་བའི་མཐུ་ཆེ་མེད།། འདི་དག་ལོངས་སྤྱོད་རྐྱེན་དུ་འབུལ།། སྙིང་ཁྲག་རྐང་ཁྲག་འདོད་པ་རྣམས།། གསོལ་བའི་དོན་དུ་གསོལ་དུ་གསོལ།། དེ་ལ་ཁྱེད་ཀྱི་ལོངས་སྤྱོད་ཀྱིས།། མི་མཐུན་དགྲ་བགེགས་ཐལ་བར་རློག། བདག་ནི་རྣལ་འབྱོར་བསྒྲུབ་པ་པོ།། བསྒྲུབ་པ་པོ་ལ་དགྲ་བྱུང་གིས།། བཅོལ་བའི་ལས་རྣམས་གྲུབ་བར་མཛོད།། མ་མོའི་ཤན་པ་བསྐུལ་བའོ།། ཧཱུཾ་དུར་ཁྲོད་འབར་བའི་དཀྱིལ་འཁོར་ནས། ། ཁྲོ་མོ་ཆེན་མོ་གཤེགས་སུ་གསོལ།། གདོང་གསུམ་མིག་གསུམ་ཁྲོས་པའི་ཚུལ།། རབ་ཏུ་འཇོམས་པའི་ཁྲོ་གཉེར་ཅན།། སྐྱེ་འགྲོ་ཀུན་གྱི་ཚེ་སྲོག་བདག། རལ་བའི་ཟར་བུས་སྟོང་གསུམ་ཁེངས།། ལུས་ལ་མེ་ཡིས་ཚུབ་མས་འཚུབ། ། མ་མོ་ཡོངས་ཀྱི་བཀྲག་ཀྱང་འཕྲོག། གཡས་ཀྱི་ཕྱག་ན་ཁྲམ་བམ་བསྣམས།། གཡོན་ན་ནད་རྐྱལ་ཁྲཾ་ཤིང་ཐོགས།། ཞིང་ཆན་བསྒྲལ་བའི་གདན་སྟེངས་ན།། བརྐྱང་བསྐུམ་ཚུལ་དུ་བརྗིད་པར་བཞུགས། ། མ་མོ་ཆེན་མོ་བོས་པའི་ཚེ།། ནག་མོ་ཁྱོད་ཀྱི་མཚན་ཉིད་ནི།། སྐུ་ལ་མི་ལྤགས་རློན་པ་གསོལ།། མི་ལྤགས་ཐང་ལ་ཞོལ་ལོ་ལོ།། མི་མགོའི་འཕྲེང་བ་སྐུ་ལ་བརྒྱན།། མི་མགོ་ཐལ་བ་ཕུ་རུ་རུ།། ཆིབས་སུ་རླུང་ནག་སེར་བུ་ཆིབས། ། ཟས་སུ་མི་ཤ་རློན་པ་ཟ།། སྐོམ་དུ་མི་ཁྲག་མངར་མོ་འཐུང།། ཤ་ཟ་ཁྲག་མངར་མོ་འཐུང།། ཤ་ཟ་ཁྲག་འཐུང་སྙིང་ལ་རོལ།། སྙིང་ཁྲག་དྲོན་མོ་ཞལ་དུ་གསོལ།། སྲིད་པ་གསུམ་ལ་བྷྱོ་ཟློག་བྱེད། ། ཞལ་ནས་ཁྲག་འཛག་ཟུ་ལུ་ལུ།། མི་ནད་ཕྱུག་ནད་ཀུན་གྱི་བདག། ཆིབས་སུ་དྲེལ་རྟ་རྐང་གསུམ་ཆིབས།། དུར་ཁྲོད་ཀུན་ཏུ་རྒྱུ་བའི་མཐུ་མོ་ཆེ།། མ་མོ་ཀུན་གྱི་གཙོ་མོ་སྟེ།། དགྲ་བགེགས་ཀུན་གྱི་ཤན་པ་མོ། ། གསང་སྔགས་རྣལ་འབྱོར་དམ་ཚིག་ཅན།། སྔོན་གྱི་དམ་ཚིག་གཉན་པོ་རྗེས་དགོངས་ནས།། གསང་བའི་དཀྱིལ་འཁོར་གཉན་པོ་འདིར་གཤེགས་ཤིག། དྲོངས་ཤིག་ཁུག་ཅིག་དགྲ་བོ་ཁུག། ཤན་པ་ཆེན་པོའི་དུས་ལ་བབ། ། སྲོག་བདག་ཆེན་པོའི་དུས་ལ་བབ།། ད་ནི་གིང་གིང་ཤན་པ་བསྐུལ་ཏེ།། ཧཱུཾ་གྲུ་གསུམ་མཐིང་ནག་འབར་བའི་དཀྱིལ་འཁོར་ནས།། དུག་གསུམ་གནས་ནས་ལེན་པའི་མཐུ་བོ་ཆེ།། ཁམས་གསུམ་དབང་དུ་སྡུད་པའི་དྲག་ཤུལ་ཅན། ། སྲིད་གསུམ་ཟིལ་གྱིས་གནོན་པའི་ལྷ།། འཕྲིན་ལས་ཀུན་གྱི་བདག་པོ་ཁྱོད།། སྲིད་གསུམ་གནོན་པའི་རྩེ་མོ་མཆོག། སྲིད་པ་གསུམ་གྱི་རྩལ་འཆང་ཁྱོད།། དམ་ཚིག་ཉམས་པའི་གཉན་པོ་ཁྱོད། ། སྐྱེ་འགྲོ་ཡོངས་ཀྱི་མངའ་བདག་པོ།། ཁམས་གསུམ་ཡོངས་ཀྱི་ཚེ་འཛིན་པོ།། ཤིན་ཏུ་གདུང་ཞིང་བསྐུལ་བའི་ཚེ།། སྐྱེ་འགྲོ་ཡོངས་ཀྱི་དབང་སྡུད་མཐུ་བོ་ཆེ།། སྐུ་ལ་མཛེས་པའི་རྒྱན་ཆ་སྣ་ཚོགས་གསོལ། ། འཁོར་བའི་བག་ཆགས་འཇོམས་པའི་མཐུ་བོ་ཆེ།། དུག་གསུམ་ནད་ཀྱི་བདག་པོ་ཁྱོད།། སྤྱན་ཡང་ཤིན་ཏུ་བགྲད་པ་སྟེ།། འཇིག་རྟེན་མེ་སྟག་འབར་བའི་འོད།། ཞལ་ཡང་ཤིན་ཏུ་བགྲད་པ་སྟེ།། འབྱུང་པོ་དྲེགས་པའི་མངའ་བདག་པོ། ། སྒྲོལ་གིང་བདག་པོ་དམ་ཚིག་ཅན།། ཁྱོད་ཀྱིས་མི་འདུལ་གང་ཡང་མེད།། ཁྱོད་ཀྱིས་མི་ཐུབ་གང་ཡང་མེད།། མདོར་ན་དྲེགས་པ་ཐམས་ཅད་ཁྱོད་ཀྱིས་ཐུལ།། དབང་ཕྱུག་ཆེན་པོའི་དུས་ལ་བབ། ། དབང་སྡུད་ཆེན་པོ་ད་ཚུར་གཤེགས།། དབང་སྡུད་ཆེན་པོ་ས་མ་ཡ།། བཅོལ་བའི་ལས་རྣམས་གྲུབ་པར་མཛོད།། ད་ནི་བདུད་ཀྱི་ཤན་པ་བསྐུལ།། འཇིགས་བྱེད་ཆེན་པོ་རཱ་ཧུ་ལ།། ཁྱབ་འཇུག་ཆེན་པོ་རཱ་ཧུ་ལ། ། ལུས་པོ་གཅིག་ལ་མགོ་བོ་དགུ། མགོ་ལུས་མེད་པར་མིག་གིས་ཁེངས།། རོ་སྟོད་མི་ལ་རོ་སྨད་སྤྲུལ།། མི་རྣམས་ཀུན་གྱི་སྲོག་གི་བདག། ཀླུ་རྣམས་ཀུན་ཀྱང་འཁྲུགས་ཤིང་ཀློང།། ལུས་ལ་བརྗིད་པའི་དུད་ཁ་བ། ། ལག་ན་ཆུ་སྲིན་ཞགས་པ་ཐོགས།། ཕ་ནི་སྲིན་པོ་མ་ནི་ཀླུ།། ཀླུ་སྲིན་འཚོགས་པའི་མཐུ་བོ་ཆེ།། ལྷོ་ནུབ་མཚམས་ནས་སྐུ་བཞེངས་ལ།། ཟླ་བའི་རྗེས་གཅོད་ཤར་དུ་རྒྱུ།། ཉི་མིའི་རྗེས་གཅོད་ནུབ་ཏུ་རྒྱུ།། ཉིན་མོ་རྒྱུ་ཞིང་མཚན་མོ་འཇོམས། ། བར་སྣང་ཁམས་ན་རྒྱུ་ཙམ་ན།། འཇིག་རྟེན་ཁམས་ཀུན་སྲེག་པར་བྱེད།། ལོ་ཉེས་འཁྲུག་པ་རིམས་ནད་གཏོང།། རྒྱ་མཚོའི་གཏིང་ན་གནས་པའི་ཚེ།། ཀླུ་རྣམས་ཀུན་ཀྱང་འཁྲུག་ཅིང་ཀློང། ། ཐོག་སེར་ཀི་ཀང་ས་གཡོས་འབེབས།། མིང་བརྒྱ་པོ་ལ་མཚན་སྟོང་པོ།། དུས་ཚོད་ཚེས་གྲངས་ཀུན་གྱི་བདག། ལྷ་འདྲེ་ཀུན་གྱི་དམག་དཔོན་བྱེད།། མི་རྣམས་ཀུན་གྱི་ཚེ་འཕྲོག་པ།། ཤན་པ་ཆེན་པོའི་དུས་ལ་བབ། ། བདུད་རྒྱལ་ཆེན་པོའི་དུས་ལ་བབ།། སྲོག་བདག་ཆེན་པོའི་དུས་ལ་བབ།། བཅོལ་བའི་ལས་རྣམས་གྲུབ་པར་མཛོད།། ལས་འདི་ཡང།། ར་རོག་པོ་འམ། དཀར་པོ་གཉའ་ནག་སྐེར་དགྲའི་མིང་བཏགས་ལ། སྔགས་ཁྲི་ཁྲིར་བཟླས།། ལམ་རྒྱ་ཁྲཾ་མཾ།། གནོད་སྦྱིན་རྒྱུན་སྲང་དུ་གནན།། རྒྱུན་དུ་ཡི་གེ་བཅུ་བདུན་པ།། ལས་སུ་ཤན་པ་བཞི་བསྐུལ་ལ།། འཁོར་ལོ་བསྐོར་བའི་དུས་སུ་བསྐུལ།། ཟླ་གསང་ནག་པོའི་རྒྱུད་ལས། ། དྲག་པོ་ལས་ཀྱི་ཐུས་ཀའི་དུས་སུ་ཐུན་བསྐུལ་ཤན་པའི་ལེའུ་སྟེ་བཅུ་དགུ་པའོ།།།། ཡང་ཞུས་པ།། སྟོན་པ་ལགས།། རྟགས་ཀྱི་ལ་ཉེ་ཇི་ལྟར་ལགས།། བཀའ་སྩལ་པ། ཉོན་ཅིག་འཁོར་ཚོགས་མ་རྟོགས་པ། ། ཉམས་ཀྱི་རྟགས་དང་ལ་ཉེ་ནི།། བསྙེན་བསྒྲུབ་དྲག་པོ་བྱེད་དུས་སུ།། གཟའ་སྐར་མདའ་འཕེན་བརྩི་བརྩི་ལ།། མ་ནོར་གནས་སུ་འཇུག་པར་བྱ།། རྟགས་ཀྱི་ལ་ཉེ་གསུམ་བཤད་དེ།། གྲུབ་རྟགས་ཆུ་ཆེན་རི་ནག་པོ། ། རླུང་འཚུབ་ཐན་དེ་གྲུབ་པའོ།། མི་རེང་སྐྱ་ཤར་གོ་གོན་རབ།། མོན་ནག་ཕྱག་བྱས་ལིང་ག་འགུལ།། གས་ཤིང་མེ་འབར་བདར་བ་དང།། སྐྲ་དང་སེན་མོ་བྱུང་ན་རབ།། གོས་དུམ་བསྣལ་མ་སེམས་ཅན་རབ། ། དོན་པོ་རང་དང་སྡོང་པོ་གཅད།། རྩིག་པ་བཤིག་ཙིང་གཡས་ར་གསད།། ཕོ་སྒྲུབ་མོར་འོང་མོ་སྒྲུབ་ཕོ།། ཞིབ་རྩན་བུད་མེད་ཅན་དེ་ཞང་བློན་དང།། ཕ་ཁུ་མོ་རིགས་དམག་འདྲེན་དང།། ཤིང་གཅོད་རྐང་རྐོང་ལེན་པ་དང། ། མཁར་འབེབས་མེ་གཏོང་སྔོན་བྱེད་དང།། ཤན་པ་བྱེད་དམ་མཚོན་ཐོགས་དང།། དགེ་སློང་མང་པོ་གནོད་སྦྱིན་གཟུགས།། མོན་པ་མོན་མོ་དགྲ་སྣ་ཚོགས།། བདག་ལ་དེ་ཀུན་བཀུར་སྟི་བྱེད། ། གཡུལ་རྒྱལ་མཚོན་བཟུང་གྲུབ་བརྒལ་བ།། འབྲུག་ཐོག་ཞིང་འཆུ་ཆོས་འཆད་པ།། རྒྱན་རྒྱལ་སྟོབས་བཟང་ཟས་སྟེར་བ།། གཏམ་སྙན་ཐོས་ཤིང་ཉམས་དགའ་བར།། དྲི་ཞིང་ཕྲ་མེད་སྙིང་པ་དང།། མཁར་སྤེ་བརྩིག་དང་དགྲ་བསད་དང། ། དེ་ནི་བཟང་རྟགས་ལྷ་རྟགས་ཡིན།། ངན་པའི་འདྲེ་རྟགས་བཤད་པ་ལ།། མུན་ཁང་ནང་ནས་མི་ཐར་པ།། བརླན་ཞི་འཐིབས་དང་རྟ་བོང་རྨི།། ལུག་རྟ་བཤས་དང་ཁང་པ་ཞིག། ཆུ་ཡིས་ཁྱེར་དང་བཙོན་དུ་བཟུང། ། གཡུལ་ངོ་འཕམ་དང་ཕྱུགས་ཀྱིས་བརྡུངས།། མཚོན་རྒྱབ་བརྡུངས་དང་རྐང་རྐོང་ཆག། ཤྭས་ཁྱེར་རྦབ་ཏུ་སོང་བ་དང།། ཕྲུམ་ཟེར་སྤུ་ཟིང་གཉིད་སོང་དང།། མི་དེ་ཁོ་རྒྱལ་རབ་འཕམ་པ། ། རྒྱན་འཕམ་བང་བུལ་ཆོ་ལོང་འཕམ།། སེམས་ཅན་མི་ཐུབ་རང་ཡན་ཤོར།། ལག་ཆ་ཆག་དག་གཏོང་བ་དེ།། ངན་རྟགས་དག་ཏུ་བཤད་པ་ཡིན།། རྟགས་ཀྱི་ལ་ཉེ་བཤད་པ་ལ།། ལམ་ཞུགས་ལ་ཉེ་བརྟགས་པ་ལ། ། ལས་ཐབས་བརྣག་པ་གང་བྱེད་དང།། རྟ་བོང་དེད་དང་བུད་མེད་ཕྲད།། མི་རིང་ལག་ཡུ་མུལ་སྲང་དང།། བྱ་བྱེ་ཁྲས་བཏབ་ཤོར་བ་དང།། ཁ་ལ་སྤྲིན་ནི་རབ་རིབ་བོ།། མི་ཕྱུགས་ཞ་གྲུམ་སྒྲ་མི་སྙན། ། དགྲ་དང་ཕྲད་ཅིང་བློ་བུར་ངན།། སུ་ཁུང་ནང་དུ་བྲག་བཏགས་པ།། འོ་རྗེས་བྱ་རྗེས་ཕྱུགས་རྗེས་ངན།། སྦྲང་མ་བྱུང་ན་འབྲུ་ཁུགས་ངན།། བཟང་བའི་ལ་ཉེ་རྔོན་པ་དང།། དམར་དང་ཤན་དམར་ཁུར་བ་དང། ། ཚུབ་ཅན་ཁ་བ་གཅན་གཟན་རྒྱུ།། ཁྲ་དང་སྤྱང་ཁུས་བཏབ་པ་དང།། མཛེ་སྤྲང་བསྐྱས་དང་ཕྲད་ན་ངན།། ངན་བ་བྱུང་ན་འབྲུ་འདེད་གཏང།། ཟླ་གསང་ནག་པོའི་རྒྱུད་ལས།། རྟགས་ཀྱི་ལེའུ་སྟེ་ཉི་ཤུ་པའོ། །།། ཡང་ཞུས་པ།། སྟོན་པ་ལགས།། ལས་ཀྱི་ཤན་དབྱེ་ཇི་ལྟར་ལགས།། ཡང་གསུངས་པ།། སྐྱེ་ཤི་མེད་པའི་དབྱིངས་ཉིད་ནས།། བྱང་ཆུབ་སེམས་ཀྱི་རིག་བ་ཤར།། ཉོན་མོངས་འཁོར་བའི་ཕུང་པོ་ལྔ། ། རྒྱུ་ཡི་གཟུགས་བཞིས་བསྐྱེད་པ་ལ།། ཁམས་དང་སྐྱེ་མཆེད་རྣམ་ཤེས་ཡུལ།། དེ་ཡེ་ཞེན་པ་བཟློག་པའི་ཕྱིར།། དུག་གསུམ་རྩད་བཅད་སྐུ་ལྔ་སྟེ།། འབྲས་བུ་ཡེ་ཤེས་ལྔ་རུ་སྨིན།། གཉེན་པོ་གཤེད་བཞི་གཙོ་མཆོག་སྟེ། ། ཁམས་དང་སྐྱེ་མཆེད་ཞེན་པ་སྟེ།། ཕྱོགས་སྐྱོང་འཁོར་གྱིས་བཟློག་པར་གསུངས།། དལ་གྱིས་བཟློག་བའི་རྩིབས་བཅུ་གཉིས།། སྐྱེ་མཆེད་ཞེན་པ་དག་དང་སྦྱར།། དབུས་ཀྱི་ལེ་ཚེ་ལྔ་དང་དུག་ལྔ་སྦྱར། ། རྡུལ་ཚོན་དང་ནི་ཕུང་པོ་ལྔར།། རིམ་གསུམ་ལུས་ངག་ཡིད་དུ་བརྩི།། དེ་བཟློག་དོན་དུ་ལས་ཐབས་བརྒྱད།། བརྩམ་པ་དབང་ལྡན་ཕྱོགས་ནས་བརྩམས།། བརྡེག་པ་གནོད་སྦྱིན་ཕྱོགས་ནས་བརྡེག། དབྱེ་བ་རླུང་ལྷོ་ཕྱོགས་ནས་དབྱེ། ། གནན་པ་ཀླུ་རྒྱལ་ཕྱོགས་སུ་གནན།། དགུག་པ་སྲིན་པོའི་ཕྱོགས་ནས་དགུག། གཏད་པ་གཤིན་རྗེའི་ཕྱོགས་སུ་གཏད།། བསྲེག་པ་མེ་ཡི་ཕྱོགས་སུ་བསྲེག། དམའ་ནི་དྲི་ཟའི་ཕྱོགས་སུ་དབབ། ། དེ་ནི་སྤྱི་ཡི་ལས་བརྒྱད་དོ།། འདུག་སྟངས་གནས་ལ་བསྟན་པ་བས།། དེས་བྱས་ལས་རྣམས་ཤིས་པར་གསུངས།། དེ་ཡི་དུས་ཀྱི་ཆོ་འཕྲུལ་བཞི།། འཇམ་དཔལ་སྤྲུལ་པ་བསྟན་པ་ལ།། ལུས་པོ་སྦྲུལ་དུ་འདུག་པ་ལ། ། མགོ་བོ་བྱ་རོག་མགོ་དགུར་སྐྱེས།། མགོ་ལུས་མིག་གིས་ཁེངས་པར་འདུག། སྦྲུལ་ལ་སྲིང་མོ་བཞི་རི་བྱུང།། ཡ་མན་ཏེ་ཀས་མིང་ལ་རོག་ཏི་ནག་པོར་བཏགས།། ཡ་མན་ཏ་ཀས་དམ་སྩལ་ཏེ།། ཁྱོད་ཅག་ལྔ་པོ་འདི་ལྷ་སྲིན་སྡེ་བརྒྱད་ནལ་བུ་ཡིན། ། ཁྱོད་ཀྱིས་རྒྱལ་ཁམས་ཕུང་བར་ངེས།། དེ་བས་ང་ཡི་རྫས་སྦྱིན་གྱིས།། ང་ཡིས་བཅོལ་བའི་ཐོག་སེར་ཐོང།། བྱས་ཏེ་བདུད་རྩི་གཏིགས།། ཁོང་པར་མ་བཟོད་ངོ་ཚ་ནས།། ལན་ཅིག་བརྒྱལ་ཏེ་ཤི་ཚུལ་བསྟན། ། འཇམ་དཔལ་གཤིན་རྗེས་རལ་གྲི་ཁ་ཊྭཱཾ་ཁ་ཐོགས་ཏེ།། ལུས་པོ་དུམ་བུ་བརྒྱད་དུ་གཏུབས།། རི་རབ་རི་ཡི་ཕྱོགས་བཞི་རུ།། སྟེང་དང་འོག་ཏུ་སྦས་ཏེ་བཞག། དེ་ནས་སྦ་རུ་མ་བཏུབ་ནས། ། ལུས་དེ་དུམ་བུ་རེ་རེ་ལ།། སྤྲུལ་བའི་ཀི་ཀང་རེ་རེ་བྱུང།། འཇིག་རྟེན་ཡོངས་ནི་ཕུང་ལ་ཁད།། རི་རབ་ཀྱི་ནི་ཤར་ལྷོ་ནས།། དྲང་སྲོང་ཆེནཔོ་ར་ཧུལ་བྱུང།། ནུབ་ནས་དུ་བ་མཇུག་རིངས་བྱུང། ། ཤར་ནས་སྲིན་པོ་བྱ་ཏི་པ་ཏྲི་བྱུང།། བྱ་རོག་མགོ་བརྩེགས་ལུས་པོ་ལ།། བྱ་ལ་མགོ་དགུ་བརྩེགས་པ་བྱུང།། ལྷོ་ནས་ཁྱབ་འཇུག་ཆེན་པོ་བྱུང།། ཤར་ནས་བྱིན་ནུ་རཱ་ཛ་བྱུང།། ནུབ་ནས་དམག་དཔོན་ལྗང་སྔོན་བྱུང། ། བྱང་ནས་ར་ཛ་ཀ་བྱུང་ངོ།། དེ་རྣམས་སྦ་རུ་མ་བཏུབ་བོ།། སྲིང་མོ་བཞི་ཡང་རི་རབ་ཟུང་བཞི་ཡིན།། འཇམ་དཔལ་ཡ་མན་ཏ་ཀ་ཡིན།། རི་རབ་ཀྱིས་ནི་གཟིར་ཏེ་བཞག། ཕྱོགས་བཞི་མཚམས་བཞིར་བསྟོད་དེ་བཞག། སྲིང་མོ་བཞི་པོ་མཚམས་བཞིར་འདོད།། དམག་དཔོན་བརྒྱད་ཅེས་བྱ་བའོ།། ཟླ་གསང་ནག་པོའི་ཏནྟྲ་ལས།། ཤན་དབྱེ་བའི་ལེའུ་སྟེ་ཉི་ཤུ་རྩ་གཅིག་པའོ།།།། ཡང་ཞུས་པ། སྟོན་པ་ལགས། བསྒྲུབ་བསྙེན་དྲག་པོ་བྱེད་དུས་སུ། ། གསང་སྔགས་བརྡ་འདི་འཚལ་མི་འཚལ།། རྨོངས་པ་རྣམས་ལ་བསྟན་དུ་གསོལ།། བཀའ་སྩལ་བ།། ཉོན་ཅིག་ང་ཡིས་བརྡ་བཤད་ཀྱིས།། སྦྱིར་ནི་བརྡ་ལ་མང་ན་ཡང།། ལུས་བརྡ་ངག་བརྡ་ཡིད་ཀྱི་བརྡ། ། གསང་བའི་ཡིག་འབྲུ་བརྡ་ཆེན་དང།། བསྒོམ་བསྒྲུབ་ཐུན་མཚམས་སྒྲ་ཡིས་གཅད།། བརྡ་ཚིག་རྐྱེན་གྱི་ཏིང་འཛིན་གྱིས།། བསྒྲུབ་ན་དངོས་གྲུབ་མྱུར་དུ་ཐོབ།། གསང་སྔགས་སྐྱོན་ཡོད་མ་ཡིན་ཏེ། ། བར་ཆད་བགེགས་ལ་ཤིན་ཏུ་གསང།། གསང་ཕྱིར་བརྡ་ཚོགས་སྣ་ཚོགས་བསྟན།། ལྷུར་ཡང་ལག་བརྡ་ཤེས་པ་ཤིན་ཏུ་གཅེས།། གོང་དུ་བཟླས་པའི་གྲོགས་མཆེད་ཀྱིས།། བྱས་ན་ཐམས་ཅད་ཤེས་པར་འགྱུར། ། རང་ལ་རྣལ་འབྱོར་གཏམ་ཟེར་ན།། ལག་གི་བརྡ་ཡིས་བརྡ་བར་བྱ།། ཟས་སྐོམ་འདོད་ན་ལག་གི་བླངས།། སྨྲས་ན་དངོས་གྲུབ་ཡལ་གའི་རྒྱུ།། གསང་སྔགས་བརྡ་ཡིས་མ་བརྗོད་ན།། གསང་སྔགས་དངོས་གྲུབ་ཡལ་བར་འགྱུར། ། ལོག་རྟོགས་འཕྲལ་ལ་སྐྱེད་པའི་ཕྱིར།། བརྡ་དོན་སྨྲ་ཞིང་ཏིང་འཛིན་བསལ།། བར་ཆད་མི་འབྱུང་དངོས་གྲུབ་མྱུར།། དེ་ཕྱིར་བརྡ་ལ་ནན་ཏན་བསྐྱེད།། དེ་ཕྱིར་བརྡ་སྒོ་བརྡ་ཕྱག་གསུངས། ། ལག་བརྡ་བྱེད་ན་གཡས་གཡོན་སོར་མོ་བཅུ་ཡིས་བྱ།། གཅིག་ནི་གཡས་ཀྱི་མཛུབ་མོ་བསྒྲེང།། གཅིག་ནི་གཡོན་གྱི་སྲིན་ལག་བསྒྲེང།། དེ་གཉིས་མཛུབ་མོ་བསྣོལ་མར་བསྟན།། ཐལ་བརྡེབས་སེ་གོལ་གང་ཡིན་བརྡབ། ། སྦྱན་མདོག་མཆུ་འགྲོས་ངག་གི་བྱ།། ཟླ་གསང་ནག་པོའི་རྒྱུད་ལས་བརྡ་ལེའུ་སྟེ་ཉི་ཤུ་གཉིས་པའོ།།།། ཡང་ཞུས་པ།། ཐམས་ཅད་མཁྱེན་པའི་སྟོན་པ་ཁྱོད།། སྔགས་ཞེས་བྱ་བ་ཇི་ལྟར་ལགས། ། མགོ་ལ་བཞག་པ་ཇི་ལྟར་ལགས།། ཐ་མར་བརྡ་ཡི་ཇི་ལྟར་ལགས།། སྔགས་འབྱུང་བ་ཡི་གཞི་ནི་གང།། དབྱེ་བ་ནི་ཇི་ལྟར་དབྱེ་བ་བཤད་དུ་གསོལ།། བཀའ་སྩལ་པ།། ཉོན་ཅིག་རྡོ་རྗེ་རྣོན་པོ་ཁྱོད།། གསང་སྔགས་བྱ་བའི་མཚན་ཉིད་ནི། ། བཤད་ན་རྣམས་པ་གསུམ་དུ་བཤད།། སྒྲ་དང་དབྱིབས་དང་བཤད་པ་ཨེ་བཾ་མ་ཡ་སྟེ།། དུག་ལྔ་གདན་ཀྱི་དཀྱིལ་འཁོར་ཏེ།། ལྷ་ཡི་དཀྱིལ་འཁོར་དབྱིངས་སུ་བཤད། ། དོན་དུ་བསད་པ་མཁས་པའོ།། ངོ་ལ་རང་རིག་ཡིན་པར་བཤད།། དེ་ནི་དོན་གྱི་བཤད་པའོ།། སྒྲ་རུ་བཤད་པ་བྱ་བ་དེ།། དང་པོ་སྔགས་ཀྱི་ཕ་མ་བསྟན།། ཏནྟྲ་འདི་ནས་འདི་སྐད་གསུངས།། སྔགས་ཀྱི་གཞི་དང་ཕ་མ་སྟེ། ། མཚན་དང་དཔེ་བྱད་ཡི་གེ་སྟེ།། ཨ་ལི་ཤེས་རབ་ཡུམ་གྱི་ངང།། ཀ་ལི་ཐབས་ཀྱི་མུ་ཏྲ་སྟེ། དེ་གཉིས་འདྲེས་པའི་བྱིན་རླ་བས་ལས། འཇམ་དཔལ་གསང་སྔགས་འབྱུང་བར་བྱེད། དེ་ནས་ཞི་ཁྲོ་ལྷ་ཚོགས་བསྐྱེད། ། སྔགས་རྣམས་འབྱུང་བའི་རྒྱུ་བསྟན་པ།། ཁོག་པ་མགྲིན་པ་རྐན་དང་ལྕེ།། སྣ་དང་སྤྱི་བོ་སོ་དང་མཆུ།། སྤྱི་དང་རེ་རེ་ཆ་དག་ལས།། ཕྲད་དང་ཅུང་ཟད་ཕྲད་པ་དང།། དོག་པ་དང་ནི་ཡངས་པ་དང།། དྲང་པོ་བཀུག་དང་བགྲེང་བ་དང།། བསྟོད་པ་དང་ནི་སྨད་པ་དང།། གྲིམས་པ་དང་གློད་པའི་ང་རོ་བྱུང།། སྡེ་ཚན་རྣམ་པ་བརྒྱད་དུ་གྲགས།། སྔགས་ལ་དབྱེ་ན་གསུམ་དུ་གསུངས།། བརྗོད་པ་ཚིག་གི་སྒོ་ནས་མཚོན་པའི་སྔགས། ། མཚོན་པ་སྔགས་ཀྱི་སྒོ་ནས་མཚོན་པའི་སྔགས།། རྟེན་པ་ཕྱག་རྒྱའི་སྒོ་ནས་མཚོན་པའི་སྔགས་དང་གསུམ།། རྟེན་པ་ཕྱག་རྒྱའི་སྒོ་ནས་མཚོན་པའི་སྔགས་བྱ་བ་དེ།། གནས་ཕྱལ་པ་དག་ལ་བཞུགས་པའི་སྔགས་བྱ་བ་དེ་ཕོ་བྲག་ན་བཞུགས་པའི་སྔགས། ལྡིང་ཁང་ན་བཞུགས་པའི་སྔགས་སོ།། བརྗོད་པ་ཚིག་གི་སྒོ་ནས་མཚོན་པའི་སྔགས་བྱ་བ་དེ་གསུམ་སྟེ། རང་བཞིན་གྱིས་བཞུགས་པའི་སྔགས་བྱ་བ་དང། བྱ་བ་བྱེད་པའི་སྔགས་དང། མ་བཅོས་ལྷུན་གྱིས་གྲུབ་པའི་སྔགས་གསུམ་མོ།། མཚོན་པ་སྔགས་ཀྱི་སྒོ་ནས་མཚོན་པའི་སྔགས་བྱ་བ་ལ་གསུམ་སྟེ། ཀུན་བཏགས་རང་བཞིན་གྱི་སྔགས་བྱ་བ་དང། བྱ་བ་བྱེད་པ་མི་སླུ་བའི་སྔགས་དང། སྤྲོས་བྲལ་རང་བཞིན་གྱི་སྔགས་དང་གསུམ་མོ། སྤྲོས་བྲལ་རང་བཞིན་ལ་གསུམ་སྟེ། རང་བཞིན་གྱི་སྔགས་བྱ་བ་དང། ངོ་བོ་ཉིད་ཀྱི་སྔགས་དང། བྱིན་རླབས་སྐྱེ་བའི་སྔགས་སོ།། བྱིན་རླབས་སྐྱེ་བ་ལ་གསུམ། བདེ་བ་བྱིན་གྱིས་བརླབས་པའི་སྔགས་བྱ་བ་དང། ཚིག་གིས་བྱིན་གྱིས་བརླབས་པའི་སྔགས་དང། ཡེ་ཤེས་ཀྱིས་བྱིན་གྱིས་བརླབས་པའི་སྔགས་དང་གསུམ་མོ།། ཡེ་ཤེས་ཀྱིས་བྱིན་གྱིས་བརླབས་པའི་སྔགས་ལ་གཉིས་ཏེ། ། རིག་སྔགས་དང། གཟུངས་དང། གསང་སྔགས་གོང་དུ་བཤད་དོ།། གཟུངས་སྔགས་ལ་གསུམ། མཚན་མ་འཇོམས་པའི་སྔགས། གཉེན་པོས་སྦྱོང་ཞིང་གནོན་པའི་སྔགས། དེ་དག་དགོངས་པ་བསྡུ་བའི་སྔགས་སོ།། རིག་སྔགས་ལ་གསུམ། རྒྱུ་མ་ནོར་བ་རྩ་བའི་སྔགས། སྐྱེད་པ་རྐྱེན་གྱི་སྔགས། བཟླས་པ་འཕྲིན་ལས་ཀྱི་སྔགས་སོ།། འུབ་བསྡུས་རྣམ་པ་གཉིས་སུ་གྲགས། བྱིན་བརླབས་དབྱིངས་སུ་གྲུབ་པའི་སྔགས། འོད་ཟེར་རྒྱུད་སྦྱོར་རབ་ཏུ་གནས་དང་གཉིས་ཏེ། དེ་ནི་མན་ཏྲའི་དབྱེ་བའོ།། དང་པོ་ཨོཾ་གཞག་འདི་ལྟར་གཞག། ཨོཾ་ནི་སྐུ་གསུང་རིགས་ལྔའི་བདག། ནོར་བུ་འཛིན་པའི་གཟུངས་ཐག་སྟེ། ། ཡེ་ཤེས་སྐྱེ་བའི་རྒྱུ་ཡིན་པས།། ཀུན་གྱི་ཐོག་མར་འགྲོ་བའོ།། ཡ་ནི་མ་སྐྱེས་ཡན་ལག་བཞི།། སྔགས་རྣམས་ཀུན་གྱི་མེས་པོ་ཡིན།། དེ་ཕྱིར་ཀུན་གྱི་དབུ་ལ་གཞག། ཨོཾ་དམ་བཅའ་པ་དང་བཀྲ་ཤིས་པའོ། ། ནོར་བུ་འཛིན་པའི་སྙིང་པོ་སྟེ།། སྔགས་རྣམས་ཀུན་གྱི་ཐོག་མར་གཞག། མཚོན་པ་གཟུངས་ཀྱི་ཡི་གེ་ཡིན།། ཨ་ནི་ཡན་ལག་ལྔ་དང་ལྡན།། དོན་རྣམས་འབྱུང་བའི་རྒྱུ་ཡིན་པས།། སྔགས་རྣམས་ཀུན་གྱི་མགོ་བོ་ཡིན། ། ཐ་མར་གདགས་ཡིན་བྱ་བ་དེ།། རང་རང་ལས་ཐབས་གང་བྱེད་པའི།། ཤམ་བུ་ཉིད་ནི་གདགས་པར་བྱ།། ཧཱུཾ་བསྡུ་ཕར་སྤྲོ་བྷྱོ་ཡིས་འཕང།། ཛས་དགུག་སྭཱ་ཧཱ་ཞི་བར་བཤད།། རྩེགས་མར་བྱུང་བས་གནན་པའི་ལས། ། རྒྱས་པར་པུཥྟྀ་ཀུ་རུ་ལ།། དབང་ལ་བ་ཤཾ་ཀུ་རུའོ།། དྲག་པོ་དག་ལ་མཱ་ར་ཡ།། གནན་པ་དག་ལ་ལང་ཞེས་བྱ།། མཐའ་འགྱུར་གཞན་ལ་ངེས་པ་མེད།། ཟླ་གསང་ནག་པོའི་རྒྱུད་ལས།། སྔགས་བཤད་པའི་ལེའུ་སྟེ་རྩ་གསུམ་པའོ། །།། རྡོ་རྗེ་རྣོན་པོས་གསོལ་བཏབ་པ།། ཐམས་ཅད་མཁྱེན་པའི་སྟོན་པ་ཁྱོད།། མ་རིག་མ་རྟོགས་ཐམས་ཅད་ལ།། རྒྱུད་ཀྱི་རྣམ་གྲངས་མང་པོ་རུ།། བདག་གི་རྣ་བར་གྲགས་པ་དེ།། དེ་དོན་མ་འཚལ་ཤན་དབྱེ་འཚལ། ། ཉོན་ཅིག་དད་པ་རབ་ཏུ་ལེགས།། ཤིན་ཏུ་ལེགས་སོ་རིགས་ཀྱི་བུ།། འདི་ལ་གོལ་ས་ཁྱད་པར་ཆེ།། ཤེས་རབ་ཅན་ཀྱི་བཤེས་གཉེན་གྱིས།། མིང་གི་རྣམ་གྲངས་ཐ་དད་བསྟན།། གང་ཟག་འདུལ་བའི་དོན་ཆེད་དུ། ། དྲང་དོན་དག་ཏུ་ངས་བཤད་ཀྱིས།། བློ་ལ་ལོང་ལ་འཁོར་ལ་སྟོན།། བཏགས་པའི་རྒྱུད་ཅེས་བྱ་བ་ཡིན།། རྣམ་གྲངས་ཏན་ཏྲ་གྲགས་པའོ།། འཁོར་ལོ་འདུམ་པ་བྱ་བ་དང།། པྲ་ཁོག་སྣང་བྱ་བ་དེ། ། ལྷ་མིན་དྲང་སྲོང་མ་ཐོས་པར།། མདུན་གྱི་བར་སྣང་ཁམས་ཤེད་ན།། མཁའ་འགྲོ་མ་དང་མི་མ་ཡིན།། རྒྱ་ཡིས་བཏབ་སྟེ་མ་གྲགས་སོ།། རོ་ལངས་དྲུག་ཅུའི་ཏན་ཏྲ་དང།། རག་ཤ་སྲིན་པོའི་ཏན་ཏྲ་དེ།། ཀླུ་ཡི་ཡུལ་དུ་རྐུས་ཏེ་བྲོས། ། མི་ཡི་ཡུལ་དུ་མ་གྲགས་སོ།། རཀྵ་ཚེ་སྲོག་བྱ་བའི་རྒྱུད།། ལྕགས་སྡེ་ཁྲམ་གྱི་ཏན་ཏྲ་ནི།། ལྷ་མ་ཡིན་གྱི་ཡུལ་དུ་ཁྱེར།། མི་ཡུལ་དག་ཏུ་མ་གྲགས་སོ།། མི་ཡུལ་གྲགས་པའི་དུམ་བུ་རྒྱུད། ། འཇམ་དཔལ་གསང་རྒྱུད་བྱ་བ་དེ།། ཕྱི་ནང་གཉིས་སུ་བཤད་པ་སྟེ།། ཧ་ལ་མ་ལ་གཏེར་བསྒྲུབ་བཤད།། ནག་པོ་འདུས་པའི་ཏན་ཏྲ་དེ།། འཇམ་དཔལ་སྤྱི་ཡི་ཐུན་དུ་གསུངས།། དགྲ་འཁོར་ནག་པོ་བྱ་བ་དེ། ། ཡི་གེ་བཏུ་བའི་རྒྱུད་ལ་བཞག། ལས་བཞིན་འཁོར་ལོ་བྱ་བ་དེ།། ཞི་རྒྱས་དབང་དྲག་ལས་སུ་བཤད།། འཇམ་དཔལ་སྤྱི་ཡི་ལས་སུ་བཤད།། མེ་ལྕེ་འབར་བའི་ཏན་ཏྲ་དེ།། གཤིན་རྗེ་དམར་པོའི་རྒྱུད་དུ་བཞག། འཁྲུལ་འཁོར་རྒྱལ་མཚན་བྱ་བ་དེ།། འཇམ་དཔལ་སྤྱི་ཡི་མིང་དུ་བཏགས།། ལྷུར་ཡང་འཁོར་ལོ་ཆ་རྐྱེན་ནོ།། འཕྲུལ་གྱི་མེ་ལོང་བྱ་བ་དེ།། འཇམ་དཔལ་སྤྱི་ཡི་ཤར་བུར་བསྟན།། ལྕགས་ཀྱི་མེ་ལོང་བྱ་བ་དེ། ། སྲ་བས་ལྕགས་སུ་འདུག་པའོ།། དོན་རྣམས་གསལ་བས་མེ་ལོང་ངོ།། དོན་ལ་མིང་དུ་བཏགས་པ་ཡིན།། གསང་བ་ཉི་ཤུ་བྱ་བ་དེ།། དགྲ་སྟ་རལ་གྲི་སོར་རྟུབ་དང།། དངུལ་གྱི་དོང་ཚེ་ལ་སོགས་པ། ། གོ་མཚོན་དམག་དང་མེ་ཏོག་སྒྲུབ།། དེ་ལྟ་བུ་གསང་ནས་བསྒྲུབ་པ་ཉི་ཤུ་ལ།། གསང་བ་ཉི་ཤུར་བཏགས་པ་ཡིན།། གསང་བ་བཞི་བཅུ་བྱ་བ་དེ།། དེ་ཡི་མ་ཚང་ཁ་སྐོང་བ།། བཞི་བཅུ་སྟོན་པས་བཞི་བཅུའོ། ། ནག་པོ་ཟླ་གསང་བྱ་བ་འདི།། སྒྲུབ་ཐབས་མན་ངག་རྒྱུད་དུ་གསུངས།། བྱ་རོག་མགོ་བརྩེགས་བྱ་བ་འདི།། རོག་ཏི་མདོ་རྒྱུད་གྲགས་པ་ཡིན།། མདོར་དུ་མདོར་རྒྱུད་གསང་རྒྱུད་གཉིས།། གཟའ་གདོང་རྒྱུད་དུ་གྲགས་པ་ཡིན། ། ཕལ་ཆེ་བ་ལ་མིང་དུ་བཏགས།། ཆོས་རྣམས་ཆ་ཆ་དག་ནས་ཀྱང།། དེ་ཡི་ཕྱིར་ན་དཀྲུགས་པ་ཡིན།། དེ་ཕྱིར་འཁྲུགས་སྡེབས་བསྟན་པ་ཡིན།། ར་ཆོད་མཁན་ལ་དཀྲུགས་པ་ཡིན།། མཁས་པའི་ངོ་ལ་གསལ་བར་ཡོད། ། མི་མཁས་པ་ལ་ལེ་ལྡེབས་བྱས།། ཟླ་གསང་ནག་པོའི་ཏནྟྲ་ལས།། རྒྱུད་དུ་གྲགས་པའི་ཤན་དབྱེ་བའི་ལེའུ་སྟེ་རྩ་བཞི་པའོ།།།། ཡང་སྡུད་པ་པོས་གསོལ་བ་བཏབ་སྟེ།། སྟོན་པ་ལགས། ། བདག་ཅག་རྨོངས་པའི་འཁོར་རྣམས་ལ།། འཇམ་དཔལ་དག་ཏུ་གྲགས་པའི་སྒྲུབ་དོན།། སྒྲུབ་ཐབས་འདི་ཡི་ཤན་དབྱེ་འཚལ།། ཉོན་ཅིག་རྡོ་རྗེ་རྣོན་པོ་ཁྱོད།། ཉོན་ལ་འཁོར་ལ་རྒྱས་བར་སྟོན།། ད་ལྟར་གྲགས་པའི་ནེ་སེ་ཀ། མིང་དུ་གྲགས་པ་བསམ་ཡས་ཀྱང།། བཤེས་གཉེན་ཅན་གྱིས་བྱས་པ་མང།། མ་འོངས་དོན་དུ་འདི་ལྟར་བཤད།། ཐར་བྱེད་གཟུངས་ཞེས་བྱ་བ་དེ།། ནག་པོ་སྤྱི་ཡི་ཁོག་གཞུ་ཡིན།། མཐའ་བྱེད་བརྒྱད་ཅེས་བྱ་བ་དེ། ། སྡེ་བརྒྱད་འཁོར་གྱི་སྒྲུབ་ཐབས་ཡིན།། རྒྱལ་རྟགས་སྤྱི་ལུགས་བྱ་བ་དེ།། དྲག་པོ་དབང་བསྐུར་སྒྲུབ་ཐབས་ཡིན།། གཤིན་རྗེ་བླ་མཚོ་བྱ་བ་དེ།། འཇམ་དཔལ་བསྒྲུབ་པའི་གནས་ལ་ཐོགས་པ་ཡིན། ། བར་སྣང་ཁམས་སུ་བསྒྲུབ་པ་ཡིན།། འཇམ་དཔལ་ནག་པོ་སྤྱི་ཡི་ལས།། ཁྱད་པར་གྱུར་བ་ཅང་ཡང་མེད།། ནག་པོ་ཁ་ཐུན་བྱ་བ་དེ།། དམར་ནག་གཉིས་ཀྱི་སྒྲུབ་པ་ཡིན།། མདོ་རུ་དྲུག་སྔགས་ཐུན་ལ་སྒྲུབས། ། གཤིན་རྗེ་ལས་ཏིག་བྱ་བ་དེ།། སྒྲུབས་ཐབས་ཁྲིགས་སུ་བསྟན་པ་ཡིན།། ནག་པོ་སྤྱི་ཡི་ལས་སུ་བསྟན།། ཁྱད་པར་ཕྱི་བ་རྡུལ་ཙམ་མེད།། མིང་གི་ཁྱད་པར་བསྟན་པ་བས།། ནག་པོ་འབྲུ་གཅིག་བྱ་བ་དེ། ། དེ་ལག་གསུམ་དུ་བསྟན་པ་ལ།། འབྲུ་གཅིག་བ་དང་ཁྱི་ལུད་དང།། ནག་པོ་སེང་གེའི་བསྒྲུབ་པའོ།། མདོར་ན་ནག་པོ་གཅིག་ཏུ་བསྒྲུབ་པ་ཡིན།། རྒྱན་གཅིག་པ་ཡི་བསྒྲུབ་པ་སྟེ།། མདོར་ན་སྐྱེད་ལྡེང་ཡང་སྒྲུབ་དང། ། བཞི་ནི་འཁོར་ལོ་མི་དགོས་མན་ངག་གོ། ནག་པོ་ཕྱེ་བོ་བྱ་བ་དེ།། བདུན་འགྱུར་སྔགས་ཀྱི་ཚད་མ་སྟེ།། འབྲུ་དེད་ཡི་གེ་ཟད་པ་དང།། ཟས་ཟད་ཚེ་ཟད་དབང་ཐང་ཟད།། གཅིག་ཟད་གཉིས་ཟད་ཕྱེ་བོ་འགྲོས། ། ཕྱེ་བོ་ལུགས་ཞེས་དེ་ལ་བྱ།། ཨ་མུ་དགུ་བསྐོར་བྱ་བ་དེ།། ཕྱི་ནང་གསང་བ་གསུམ་པོ་ལ།། གསུམ་དུ་ཕྱེ་བས་དགུ་སྐོར་ཡིན།། ལས་བརྒྱ་རྩ་གཅིག་བྱ་བ་དེ།། འཇམ་དཔལ་སྤྱི་ཡི་ཁ་སྐོངས་ཡིན། ། ལས་ཐབས་བཅུ་གཉིས་བྱ་བ་དེ།། འཁོར་ལོ་བཅའ་བའི་རིམ་པ་དང།། སོ་སོའི་ངོ་བོ་བསྟན་པ་ཡིན།། གཤིན་རྗེ་ལས་བརྒྱད་བྱ་བ་དེ།། རང་རང་ལས་ཀྱི་བྱེད་དུས་སུ།། གནས་ས་འདུས་ས་བསྟན་པ་ཡིན། ། ཉི་མ་བཞི་པ་བྱ་བ་དེ།། དྲག་པོ་བསྒྲུབ་པའི་དུས།། ཉི་ཤུ་དྲུག་ལ་ཞུགས་ནས་ནི།། གནམ་སྟོང་དག་ལ་འདོན་པ་སྟེ།། ཞག་བཞིར་ཉི་མ་བཞི་ལ་བསྐོར།། ཉི་མ་དང་པོ་མགོ་འཁོར་བྱེད།། གཉིས་པ་ཁྲག། གསུམ་པ་བརྒྱལ་བར་བྱེད། བཞི་པོ་དོན་པོ་གདོན་མི་ཟ། དེས་ན་ཉི་མ་བཞི་རུ་གྲགས། ཐུགས་ཀྱི་གཟེར་བུ་བྱ་བ་དེ།། གཤིན་རྗེ་དམར་པོ་བསྒྲུབ་པ་སྟེ།། མིང་དུ་བཏགས་པས་འཁྲུལ་པ་སྟེ།། ཡང་དག་ཉིད་དུ་བཏགས་སུ་མེད། ། གཤིན་རྗེ་མགོན་པོ་ནག་པོའི་རྒྱུད།། པར་བུ་ནག་པོ་ཐེབས་ཟློག་དམར་པོ་གཉིས།། གྱིམ་ཤམ་གའུ་དམར་ནག་གཉིས།། ཟླ་གསང་རྒྱུད་ཀྱི་ཡན་ལག་ཡིན།། ཟླ་གསང་ནག་པོའི་རྒྱུད་ལས།། རྒྱུད་ཀྱི་རྣམ་གྲངས་འགོ་བའི་འཁོར་ལ་རྒྱུད་དོན་མ་འདྲེས་གསལ་བར་ཤན་ཕྱེ་ནས་བསྟན་པའི་ལེའུ་སྟེ་རྩ་ལྔ་པའོ། །།། ཡང་ཞུས་པ་སྟོན་པ་ཆེན་པོ་ལགས། འཁོར་ལོ་བྱ་བའི་མཚན་ཉིད་དམ། དེ་ལ་དབྱེ་ན་དུ་ཙམ་མཆིས། བཀའ་སྩལ་པ། ཉོན་ཅིག་འཁོར་རྣམས་གུས་པར་ཉོན། སྤྱི་ན་འཁོར་ལོ་རྣམ་པ་བཞི། རྟགས་དབྱེ་བའི་འཁོར་ལོ་དང། བརྡ་དོན་དགྲོལ་བའི་འཁོར་ལོ་དང།། དྲན་འབྲེལ་དབྱེ་བའི་འཁོར་ལོ་དང། བསྐུལ་བ་ལས་ཀྱི་འཁོར་ལོ་དང། བཞི་རུ་དབྱེ་བར་བཤད། བརྡ་དོན་དགྲོལ་བའི་འཁོར་ལོ་ལ། དབྱེ་ན་འཁོར་ལོ་དག་ལ་བཅུ། ཆོ་འཕྲུལ་མངོན་འབྱུང་འཁོར་ལོ་དང། འཕྲུལ་པ་མངོན་འབྱུང་འཁོར་ལོ་དང། ཕྱག་རྒྱ་ལྷ་ཡི་འཁོར་ལོ་དང། མཛད་པ་ཐུགས་རྗེའི་འཁོར་ལོ་དང། བཀའ་ལུང་སྡེ་སྡོད་རྒྱུད་པའི་འཁོར་ལོ་དང། དོན་རྟགས་ཆོས་ཉིད་ཀྱི་འཁོར་ལོ་དང། གནས་ལ་དབང་སྒྱུར་གྱི་འཁོར་ལོ་དང། རིགས་ལ་དབང་སྒྱུར་གྱི་འཁོར་ལོ་དང། ཡེ་ཤེས་ལ་དབང་སྒྱུར་གྱི་འཁོར་ལོ་དང། འབྱུང་བ་ལ་དབང་སྒྱུར་བའི་འཁོར་ལོ་དང། རྟགས་ལ་དབང་སྒྱུར་བའི་འཁོར་ལོ་དང། རྡུལ་ཚོན་གྱི་འཁོར་ལོ་དང། རས་ཀྱི་འཁོར་ལོ་དང། གནན་པའི་འཁོར་ལོ་དང་བཅུ་གསུམ། ཆོ་འཕྲུལ་མངོན་འབྱུང་འཁོར་ལོ་ལ་ཕྱེ་བས་བཅུ་གསུམ།། ཕྱི་མའི་འཁོར་ལོ་དང། སྤྱི་དོན་འབྲེལ་བའི་འཁོར་ལོ་དང། རང་དོན་ངེས་པའི་འཁོར་ལོ་དང། ནོ་བེ་ཀ་འཕྲིན་ལས་ཀྱི་འཁོར་ལོ་དང། མན་ངག་ཡིག་ཆུང་གི་འཁོར་ལོ་དང། འཕྱོང་དྲུག་གཏེར་གྱི་འཁོར་ལོ་དང། རྒྱུད་དྲུག་བཞིའི་འཁོར་ལོ་དང། རང་རྒྱུད་སྤྱོད་པའི་འཁོར་ལོ་དང། རིག་པ་ཐུགས་ཀྱི་འཁོར་ལོ་དང། རྟོགས་པ་ཕྱག་རྒྱའི་འཁོར་ལོ་དང། འབྲས་བུ་སྤྲུལ་སྐུའི་འཁོར་ལོ་དང། དམ་རྫས་རྫས་ཀྱི་འཁོར་ལོ་དང། བཀའ་ལུང་བརྒྱུད་པའི་འཁོར་ལོ་དང། ཕྱེ་བས་དགུའོ།། དྲག་པོ་བསད་པའི་འཁོར་ལོ་ལ། ཞེ་སྡང་ཁྲམ་གྱི་འཁོར་ལོ། ། མཛེ་ནག་སྤུ་གྲིའི་འཁོར་ལོ་དང།། མཛེ་ནག་མགོ་གསུམ་ཧོམ་འབྲེལ་གྱི་འཁོར་ལོ་དང།། ནག་པོ་ཁྲམ་གྱི་འཁོར་ལོ་དང། གཏད་པ་གཟིར་བའི་འཁོར་ལོ་དང།། མདོར་བ་བཀོད་པ་ས་བདག་སྲོག་གི་འཁོར་ལོ་དང། བཟློག་པ་བྱད་ཟོར་གྱི་འཁོར་ལོ་དང། ཁ་འཐབ་འཛིང་སྒྲིལ་གྱི་འཁོར་ལོ། བཟློག་པ་མདུང་ཐུང་གི་འཁོར་ལོ། སྒྲོལ་བ་སྦྱོར་བའི་འཁོར་ལོ། བརྡེག་བ་ཐུན་གྱི་འཁོར་ལོ། བསྲུང་བ་ལས་བཞིའི་འཁོར་ལོ། བསྡིགས་པ་བྱ་ཁྱུང་གི་འཁོར་ལོ། དབུབ་པ་ནག་པོ་སྟོང་གི་འཁོར་ལོ། མཐའ་སྡུད་སྔགས་ཀྱི་འཁོར་ལོ། ནག་པོ་དབུབས་ཀྱི་འཁོར་ལོ།། གཏད་རྒྱ་བསྲུང་བའི་འཁོར་ལོ་བཅུ་དྲུག་སྟེ། འཁོར་ལོ་དབྱེ་བའོ། ། ངེས་ཚིག་དོན་དུ་བཤད་དོ།། གང་ཡང་མི་འཁོར་འཁོར་ཞིང་འགྲོ་བ་དང། རྣམ་པ་གཞན་དུ་འཕྲོ་ཡིན་འགྲོ། རྩ་བར་འཁོར་ཞིང་རྩེ་མོར་གཅོད།། འཁོར་ལོ་ཞེས་སུ་གྲགས་པ་ཡིན།། ཟླ་གསང་ནག་པོའི་ཏན་ཏྲ་ལས། ། འཁོར་ལོ་དབྱེ་བའི་ལེའུ་སྟེ་རྩ་དྲུག་པའོ།།།། ཡང་བཀའ་སྩལ་པ།། ཉོན་ཅིག་མ་རྟོགས་མ་གོ་བ།། དྲིལ་བས་མན་ངག་ལུང་དུ་གྲངས།། མདོ་དོན་སྤྱི་དོན་གཉིས་སུ་གསུངས།། སྔགས་ཞེས་བྱ་བའི་དོན་གོ་དང། ། བཞི་སྙིང་སྦག་མར་མ་ཤེས་ན།། དམ་ཅན་མཁའ་ལ་ཅི་ལ་འདུ།། སྲོག་སྙིང་འཁོར་ལོ་མ་ཤེས་ན།། མན་ངག་གཏན་ལ་ཅི་ལ་ཕེབས།། གསང་སྔགས་འབྱུང་འཇུག་མ་ཤེས་ན།། དམ་ཉམས་ཁྲམ་ལ་ཅི་ལ་ཐེབས། ། འདེབས་པའི་དུས་ཀྱང་མ་ཤེས་ན།། དམིགས་པའི་དོན་དང་ཅི་ལ་ཕྲད།། རྒྱུད་བཞི་གདན་འཁོར་མ་ཤེས་ན།། ལིང་ག་གནད་ལ་ཅི་ལ་ཕེབས།། དྲོད་ཚད་རྟགས་ངོ་མ་ཤེས་ན།། བྱས་པའི་ལས་ལ་འབྲས་བུ་མེད། ། ཏིང་འཛིན་འཁོར་ལོ་མ་ཤེས་ན།། བསྒྲུབ་བསྙེན་སྦྱོར་བ་ཇི་ལྟར་བྱེད།། ལྷ་ཡི་ཚད་མ་མ་ཤེས་ན།། གནས་སྐབས་ས་ཚིགས་ཅི་ཡིས་འཛིན།། འཁོར་ལོ་ཚད་མ་མ་ཤེས་ན།། འཁོར་ལོ་གྲུབ་རྟགས་ཅི་ལ་འཛིན། ། སྔགས་ཀྱི་ཚད་མ་མ་ཤེས་ན།། དབྱེ་བཤགས་བཟླས་ལུགས་ཇི་ལྟར་འདོད།། སྔགས་རྣམས་བཏུ་བ་མ་ཤེ་ན།། སྔགས་ཀྱི་ངེས་དོན་ཅི་ཡིས་འཛིན།། ལྷ་ངོ་འདྲེ་ངོ་མ་བཟུང་ན།། བབ་བཅོལ་བཟླས་སུ་ཅི་ལ་འདོད། ། མཚམས་ཀྱི་དགོངས་པ་མ་དག་ན།། བྱས་པའི་ལས་རྣམས་དོན་མི་འགྲུབ།། རྩ་བ་ཉི་ཤར་མ་བཟླས་ན།། ལས་སྒྲུབ་བྱས་ཀྱང་རྟགས་མི་འབྱུང།། རང་ཉིད་བསྒོམས་མ་རྙེད་ན།། འཁོར་ལོ་བསྐོར་ཀྱང་རང་ལ་བཟློག། གནན་པ་བྱས་ཀྱང་རང་ཉིད་གནོན།། ལྷ་ཡིན་ཚད་དང་མ་ཤེས་ན།། འཇམ་དཔལ་ཁོག་གཞུང་ཕུང་བ་ཡིན།། དཔེར་ན་བྱས་པས་མར་དག་སྦྱིན།། བསྲེས་ཀྱང་འདྲེས་པར་ཅང་འགྱུར་རམ། ། དེ་ཕྱིར་གདམས་ངག་རབ་ཏུ་གཅེས།། མན་ངག་ཁོང་དུ་མ་ཆུད་ན།། དམ་ཅན་འཁོལ་དུ་ཅི་ལ་འདོད།། ཟླ་གསང་ནག་པོའི་ཏནྟྲ་ལས།། སྟོན་པས་ཐུགས་ཀྱི་མན་ངག་དྲིལ་ནས་བསྟན་པའི་ལེའུ་སྟེ་རྩ་བདུན་པའོ། །།། སྟོན་པ་ངོ་མཚར་གྱི་སྟོན་པ་ལ་རེའོ་ཧོ།། ཞེས་བརྗོད་དེ་འཁོར་རྣམས་དད་པ་སྐྱེས་སོ།། སྟོན་པ་ལ་འཁོར་གྱིས་བསྐོར་བ་ལན་གསུམ་དུ་བྱས་ཏེ།། པཱུ་ཙ་ནམ་མཁའ་གང་བ་ཕུལ་ཏེ་སྐྲ་བཀྲོལ་ཏེ་བསྟོད་པ། ཧཱུཾ་མི་བཟད་འཇམ་དཔལ་ཁྲོ་རྒྱལ་གཤིན་རྗེ་གཤེད།། སྐད་ཅིག་གསོལ་སྤྱོད་ཁམས་གསུམ་མཐུར་ལྡན་པ།། འཇམ་དཔལ་གཤིན་རྗེ་གཤེད་ལ་ཕྱག་འཚལ་ལོ།། རྡོ་རྗེའི་སྐུ་ལ་ཀླུ་དབང་རབ་བརྒྱན་ཞིང།། གཅན་གཟན་གདུག་པའི་པགས་རློན་ན་བཟར་གསོལ། ། སྐུ་ཡི་རྒྱན་དུ་སྦྲུལ་དང་ཐོད་པ་བཞག། ཚེམས་ཀྱི་གསེབ་ནས་རྡོ་རྗེ་ཐོག་འབེབས་ཤིང།། ནད་སྟོང་སྲིན་མོའི་ཚོགས་ཀྱང་འདར་ཡེད་ཡེད།། འཇམ་དཔལ་གཤིན་རྗེ་གཤེད་ལ་ཕྱག་འཚལ་ལོ། ། ཞལ་བགྲད་མཆེ་གཙིགས་འོད་རྩུབ་དུ་མཐའི་མེ།། བདག་སྤྱན་བཟློག་སྨིན་མ་བསྒྲེངས་ནས།། གདུག་པ་དམའ་དབབ་བྲན་དུ་མཛད་ལ་འདུད།། དུར་ཁྲོད་འབར་བར་མཚན་མོར་རབ་རྒྱུ་ཞིང། ། མི་ཤིག་མགོ་ནས་ཆེམ་ཆེམ་ཟ་བྱེད་པ།། འཇམ་དཔལ་གཤིན་རྗེའི་ཚོགས་ལ་ཕྱག་འཚལ་ལོ།། མཐིང་ནག་མ་ཧེའི་ཞལ་དགུ་ནི།། འཇིག་པའི་སྤྱན་རྣམས་བགྲད་ཅིང་སྤྱན་རྣམས་བཟློག་ཁ་ཁ་བྱས་པས་དགྲ་བོ་སྙིང་གསོལ་ཞིང། སྲོག་རྩ་དམར་ནག་སྙིང་ནག་དྲོ་འཇིབ་མ།། ཉིད་ཀྱི་རྒྱུད་རློག་དགྲ་བོ་གསོད་མཛད་པ།། སྟོན་པ་འཇམ་དཔལ་ཁྱེད་བསྟོད་ཨ་ལ་ལ་ཧོ།། ཞེས་གསོལ་བ་བཏབ་བོ།། ཟླ་གསང་ནག་པོ་ལས་འཁོར་རྣམས་ཀྱིས་སྟོན་པ་ལ་བསྟོད་པའི་ལེའུ་སྟེ་རྩ་བརྒྱད་པའོ། །།། ཡང་ཞུས་པ།། སྟོན་པ་ལགས།། རྣལ་འབྱོར་དམེ་འཐབ་ཇི་ལྟར་ལགས།། ཉོན་ཅིག་རྣལ་འབྱོར་རྣམས་ངས་བཤད་ཀྱིས།། ཡང་སྟོན་པས་གསུངས་པ། འཇམ་དཔལ་དམེ་འཐབ་བསྟན་པའོ།། ནང་འཐབ་སེང་ཕུར་སྟག་འཐབ་དང།། མིང་གི་རྣམ་གྲངས་བསྟན་པ་ལ།། སེང་འཐབ། སྟག་འཐབ། རུས་སྦལ་འཐབ། སྡེར་འཐབ། མཆེ་འཐབ།། འཇིང་འཐབ། ། མདོར་བསྡུས་རྣལ་འབྱོར་དམེ་འཐབ་ཡིན།། སྔགས་པ་ནང་འགྲས་དག་ལ་གསུམ།། ཁྱད་པར་ལས་ཀྱི་བྱ་ལུགས་ལ།། དཀྱིལ་འཁོར་རིམ་པ་འདི་ལྟར་རོ།། དབུས་སུ་ལེ་ཚེ་དགུ་པ་སྟེ།། རིམ་གཉིས་བསྐོར་ཏེ་བཅུ་གཉིས་བྲི། ། ཐ་མ་བཅུ་གཉིས་རྩེ་སྤྲད་ལ།། བར་བར་དུ་ཡང་མི་ཡང་གཞུག། རྩེ་སྤྲད་ནང་དུ་གསང་མཚན་གཞུག། སྒོ་ནི་དཀྱིལ་འཁོར་སྤྱི་དང་མཐུན།། ལྷ་རྒོད་མ་ཡིན་དག་ཏུ་བྱ།། དྲག་པོའི་དབང་གཟུགས་སོ། ། དམ་ཅན་ལ་ཡང་དབང་གཟུགས་སོ།། མ་སྲིད་རྣམས་ལ་དམ་ཡང་བརྡར།། དེ་ནི་བྱ་ལུགས་བསྟན་པའོ།། བོན་པོ་བུད་མེད་སྐྱེ་བོ་ཡི།། མིང་ཡང་འཁོར་ལོའི་ནང་དུ་གཞུག། སྔགས་པའི་མིང་ཡང་ལྟོ་རུ་གཞུག། སློབ་དཔོན་དང་ནི་སྲིན་བའི་ལྷ།། འཇམ་དཔལ་ལྷ་ལ་དཔང་ཡང་གཟུགས།། དེ་ནི་དཔང་གཟུགས་རིམ་པའོ།། ད་ནི་སྔགས་དང་སྒོམ་པ་སྟོན།། མ་ཡི་དག་ཏུ་ཤེས་པར་བྱ།། མཆོད་བསྟོད་བསྐུལ་བ་གཞན་དང་མཐུན། ། བཟླས་ལུགས་ཕྱི་ནང་གསང་བ་གསུམ།། ཉིན་གཏོར་མཚན་དྲིལ་ལ་བཟླས།། ཉི་མ་དང་པོ་ལ་བཟླས་པའི་སྔགས།། པྲ་མ་ཡ་ཧཱུཾ་ཕཊ།། གཉིས་པ། མུར་ཛ་ཡ་ཕཊ། གསུམ་པ་ལ། རག་ཏྲ་ར་ཙ་ཡ་ཧཱུཾ་ཕཊ། བཞི་པ་ལ། མཱ་ར་ཡ་ཧཱུཾ་ཕཊ། ཤམ་བུ་བཟླས་ཏེ་རྩ་བ་སྙག། བསྒྲུབ་པའི་སྔགས་སུ་གསུངས་པ་ལ།། ཡང་གསང་རག་ཤ་ནག་པོ་ཡིས།། སྔགས་པ་བཤད་པའི་གསང་སྔགས་གསུམ།། ཡ་མ་རཱ་ཛ་ས་ཏོ་མེ་ཡ་ནག་པོ་རག་ཤ་ཆེ་གེ་མོ་རྦད། ཡ་མ་ཏ། རིལ་བཾ་རིལ་རྦད་ཡ།། ཡ་མི་ཏོ་རུ་ན། ཡོ་ཏ་ཡ།། རག་ཤ་ཆེ་གེ་མོ་སྙིང་ལ་ཏོ་རུ་མེ་བཾ་རིལ་རྦད་ཡ།། ཡ་ཏ་ཡོ་ནི་ར་ཡ་ཀྵེ་ཡ། ཨརྱ་རག་ཤ་ཆེ་གེ་མོ་བཾ་རིལ་རྦད་ཡ།། ཡཀྵེ་ཡ་ཙ་ནི་ར་མ་ཡ། ། ཏྲག་རག་ཤ་ཤིག་ཆེ་གེ་མོ་ཐུམ་རིལ་རྦད་ཡ།། བསད་པའི་སྔགས་སུ་གསུངས་པའོ།། གསང་མཚན་ཡོད་ན་རབ་ཏུ་ལེགས།། མེད་ན་མིང་དག་ལ་བྱ།། དེ་ལ་ཐུན་གྱིས་བྲབ་པར་བྱ།། བཟླས་པའི་དུས་ལ་ཉིན་མཚན་གཉིས། ། མཚན་མོ་ཞི་བའི་སྔགས་གསུངས་པ།། ཨོཾ་རུ་རུ་ཏྲག་རག་ཤ། མོ་ཏེ་རྩི་སྙིང་ཁ་རག་ཏྲེ་ཏྲེ་རག་ཤ་དམ་ཉམས་སྲིན་མོ་རུ་རུ་དུན་བྷྱོ། ཨོཾ་སིང་ཙ་དུ་ཁ་ཤག་སྙིང་ལ་རྦད།། ཙ་དུ་དམ་ཉམས་ལྕེ་ལྦིབས་རག་ཤ་ཙ་པ་པྲ་མ་ལ། ། ཨོཾ་ཙ་ཏི་ཀ་མ་རུ་རཀྵ་པ་ལེ་དམ་ཉམས་ཏྲཾ་ཏྲཾ་སྲིད་མོ་ཁ་ལ་རྦད།། ཨོཾ་རག་མོ་རུ་རུ་ཙ་པ་ལ།། ཏྲག་མོ་ཏྲོ་ཏི་ཤ་རི་སྙིང་ལ་མཱ་ར་ཡ་རྦད་ཡ།། ཉིན་སྐོར་མཚན་ནི་སྐོར་རོ།། ཐབས་དང་ཤེས་རབ་གཉིས་མེད་ཀྱིས་བཤད། ། སེང་ཕུར་ཁ་འཐབ་སྟོན་པའི་ཐུགས་ལས་བྱུང།། སྐོར་བའི་དུས་སུ་ཤན་པ་མོན་པ་བཞི་བརྒྱད་བསྐུལ།། གསང་སྔགས་དམེ་འཐབ་གནག་པ་འདི།། སེམས་ཀྱི་བཙས་སུ་བཞག་པ་ཡིན། ། ལས་སུ་རྟག་ཏུ་ཤན་པ་བསྐུལ།། ངག་ཏུ་ཨ་ཀྲོ་རྒྱུན་དུ་འདོན།། ཟླ་གསང་ནག་པོའི་རྒྱུད་ལས།། སེང་ཕུར་ཁ་འཐབ་པའི་ལེའུ་སྟེ་རྩ་དགུ་པའོ།།།། ཡང་སྟོན་པ་ལ་ཞུས་པ།། སྟོན་པ་ལགས།། དྲག་པོའི་ལས་ལ་དུ་ཙམ་མཆིས། ། ཞུས་པས།། སྟོན་པས་གསུངས་པ། ཉོན་ཅིག་རྡོ་རྗེ་རྣོན་པོ་ཁྱོད།། དོན་དམ་ཆོས་སྐུ་ཞི་བ་ལ།། དུས་འདིར་འཇམ་དཔལ་ཁྲོ་བོ་ཉིད།། གཤིན་རྗེ་དགྲ་ཞེས་གྲགས་པ་ལ།། འཁོར་ལོ་བསྐོར་བའི་ཆོ་ག་བཤད། ། དེ་དང་ལྡན་པའི་མན་ངག་ལ།། འབྱུང་བ་བཞིན་དུ་ཆོ་ག་ཡིས།། དུར་ཁྲོད་དབེན་པ་ལ་སོགས་པར།། མཎྜལ་ཚད་དུ་བྲི་བར་བྱ།། བ་བྱུང་དྲི་ཡིས་བྱི་དོར་བྱ།། ཕྱི་ནང་པཱུ་ཙ་ཚུལ་དུ་དགྲམ།། ཚོགས་ཀྱི་འཁོར་ལོ་བསྐོར་བར་བྱ། ། འཁོར་ལོ་བྲི་བ་ཏུ་སྤོ་བ་བརྩམ།། སྔགས་པ་རྣལ་འབྱོར་ལྡན་པ་ཡིས། ཁ་ནི་ལྷོ་ཕྱོགས་ལྟས་ཏེ་འདུག། དམ་ཚིག་རྗེས་སུ་དྲན་པར་བྱ།། བཅུ་བདུན་པ་ཡིས་སྔགས་འདི་གདོན། ། འཁོར་ལོ་བསྐོར་བའི་རིམ་པ་བརྩམ།། དབུས་ནི་སོར་ནི་བཅུ་དྲུག་པར།། ཀུན་ཏུ་ཟླུམ་པོས་བསྐོར་བར་བྱ།། འདི་ཡི་ནང་གི་ས་གཅོད་དོ།། རིམ་གསུམ་བསྐོར་ཏེ་རིམ་གསུམ་པོ།། ལྷོ་རུ་ཆུད་པའི་བརྡ་རུ་བསྟན་པའོ། ། དབུས་ནི་ལེ་ཚེ་དགུ་རུ་བྱ།། བར་པ་བཅུ་དང་གཉིས་པའོ།། ཐ་མ་བཅུ་དང་དྲུག་པའོ།། དབུས་སུ་ཡ་མན་ཏ་ཀའོ།། ཕྱོགས་བཞིར་ལས་ཀྱི་གཤིན་རྗེ་གཤེད།། བཅུ་དང་གཉིས་ལ་འཆི་བདག་བཅུ།། བཅུ་དང་དྲུག་ལ་གིང་གིས་བསྐོར། ། གདུག་པའི་རྩང་མར་ཕུར་པ་དགོད།། སྒོ་བཞི་བསེ་མོ་མཆེད་བཞི་དགོད།། ཡིག་འབྲུ་སྔགས་དགོད་བྱིན་རླབས་ཆུད།། དེས་ན་ལྷ་གྲངས་ཚང་བར་དགོད།། ལྷ་སྲིན་སྡེ་བརྒྱད་དུ་མ་འདུས། ། མན་ངག་བདག་པོར་དབང་ཡང་བསྐུར།། ལས་འཕྲོ་ལྡན་པའི་མི་ལ་གཏད།། ལྔ་བརྒྱ་དུས་ཀྱི་སྙིགས་མ་ལ།། གོས་ངན་ཟས་ངན་གནས་ངན་བརྩིགས།། དམ་དགྲ་སྐུ་དགྲ་འདུལ་བའི་ཕྱིར།། འཇམ་དཔལ་དྲག་པོའི་འཁོར་ལོ་བསྐོར། ། སྦས་ཤིང་གབ་པའི་མན་ངག་སྟེ།། ཤིན་ཏུ་སྦ་ཞིང་སྤྱད་པར་བྱ།། ད་ནི་སྦས་པའི་སྔགས་རྣམས་འབྱུང།། མ་ནི་ར་ཙ་ཀྵེ་ཡ་པྲ་མ་ནི་རྦད་ཡ།། ཀྵེ་ར་ཡ་ནི་ད་ཡོ་ད་མ། ཏ་ན་ཡོ་རུ་མེ་ཏོ་ཡ། མ་ཏ་ཏོ་ཙ་མ་ར་ཡ། ཨོཾ་ཀ་ཡ་ཏྲི་ཏ་ཙི་པྲ་མ་ཡ་རྦད་ཡ། ཨོཾ་ཡ་ཙ་པྲི་ཏ་མཱ་ར་ཡ་རྦད་ཡ།། ཨོཾ་ཡ་དེ་བ་ཏི་ས་མ་ཡ་ཕཊ་ཡ། དབུས་གནག་ཤར་གྱི་ལེ་ཚེ་དཀར།། ལྷོ་སེར་ནུབ་དམར་བྱང་ཕྱོགས་ལྗང།། བཅུ་གཉིས་དམར་ལ་བཅུ་དྲུག་སེར། ། གོང་རས་སྔོན་པོ་གྲུ་ཆད་དམར།། ལྕགས་རི་ནག་ལ་སྒོ་རིག་བསྟུན།། ཟུར་བཞི་གདུག་པའི་ཀ་བ་གཟུགས།། དེ་སྟེངས་ཕོ་བསྐོར་དགབ་པར་བྱ།། དེ་སྟེངས་འཁོར་ལོ་དར་ནག་དབུབ།། གཟེར་བཞི་བཏབ་སྟེ་སྒོ་ལྕག་གཞུག། དབུས་འདུག་ཁ་ནི་ལྷོ་རུ་བལྟ།། སྨྲ་གཅད་སྔགས་བཟླས་ཐུན་ཡང་བྲབ།། འཁོར་ལོ་འགྲོས་ཀྱིས་བསྐོར་ཞིང་བཟླས།། བེ་ཅོན་ཐོགས་ཏེ་ཚམ་རྔམ་བྱ།། ལས་གྲུབ་ནག་པོ་ཕྱོགས་སུ་རྦ། ། སྔགས་སུ་ནག་པོ་སྤུ་གྲི་བཟླས།། སྣོད་ལྡན་བུ་ལ་སྦྱིན་པར་གསུངས།། བསྟན་ན་རྒྱལ་ཁམས་ཕུང་བར་ངེས།། ཁོང་དུ་སྦོས་ཤིག་སྤེལ་མ་མིན།། འཁོར་ལོ་འཁྲུལ་བའི་འཁྲུལ་སྐྱོན་ནི།། འཁོར་ལོ་ཚད་མར་ཤེས་པར་གསུངས། ། བསྟན་པ་སྲུང་ཞིང་གདུག་པ་འདུལ།། དེ་དོན་བསྒྲལ་བའི་ལས་འདི་གསུངས།། མིང་གི་མཚན་ཉིད་བསྟན་པའོ།། གསོད་པ་སྤུ་གྲི་བཏགས་པའོ།། ཟླ་གསང་ནག་པོའི་ཏནྟྲ་ལས།། གསོད་པར་སྤུ་གྲིའི་ལེའུ་སྟེ་སུམ་ཅུ་པའོ། །།། ཡང་སྟོན་པས་གསུངས་པ།། སྦྱོར་བ་མདུང་ཐུང་བཤད་པར་བྱ།། དུས་ངན་ཐ་མ་བསྟན་པའི་སྙིགས་མ་ལ།། ཡང་དག་བོར་ཏེ་ལོག་ལྟར་སྤྱོད།། བསྟན་པ་གཉན་པོ་བསྐྱང་བའི་ཕྱིར། ། སྔགས་ཀྱི་འཁོར་ལོ་འཁྲུལ་འཁོར་སྒྱུར།། མན་ངག་དྲག་སྔགས་སྟོང་བཞུགས་ཀྱང།། བསད་པའི་མན་ངག་འདི་ལས་མེད།། སྦྱོར་བའི་སྔགས་ཀྱི་མདུང་ཐུང་འདིས།། སྟོན་པ་ཆེན་པོ་བདག་པོ་དེས། ། འཁོར་གྱི་དང་པོ་བདག་ལ་གཏད།། ཆུ་སྲིན་ཁ་རུ་རིན་ཆེན་ཆུད་པ་ལྟར།། བསྐལ་པར་འཁྱམས་ཀྱང་ཁར་མི་དབྱུང།། བསྟན་པའི་ཡང་སྙིང་བསྐོལ་བ་འདི།། ལྷ་སྲིན་སྡེ་བརྒྱད་མན་ངག་བསྡུས།། སྦས་ཏིག་འཁོར་ལོ་རྒྱལ་མཚན་ནི། ། སྔགས་སུ་བྱ་བའི་དོན་འདི་དག། ཨོཾ་ཡ་མ་རཱ་ཛ་ས་ཏོ་མེ་ཡ། པྲ་མ་ཡ་རྦད་ཡ།། ཨོཾ་མེ་རུ་དོ་ན་ད་ཡོ་ཡ།། མུར་ཙ་ཡ་རྦད་ཡ།། ཨོཾ་ཏ་ནི་ཡོ་ན་ཀྵེ་ཡ་ཡ།། རགྟ་རྩ་ར་ཡ་རྦད།། ཡཀྵེ་ཡ་ཙ་ནི་མ་ར་ཡ། ། དགྲ་བོ་མཱ་ར་ཡ་རྦད་ཡ། འདི་ཡང་སེང་ཕུར་ཁ་འཐབ་སྟེ།། ཟླ་གསང་ནག་པོ་ལས་མན་ངག་ཡིག་ཆུང་གི་ཏན་ཏྲན་སྟེ་འཇམ་དཔལ་ལ་བསྙེན་པ་འབུམ་དུ་གདོན།། སྔོན་དུ་ལྷ་བསྙེན་ཚད་དུ་དབྱུང།། གྲུབ་ནས་ལས་ལ་སྦྱར་བར་བྱ། ། གྲུབ་ནས་དུར་ཁྲོད་ཁར་སོང་ནས།། འཁོར་ལོ་འདི་ན་བྲི་བར་བྱ།། སྤྱི་རུ་བསྟན་ན་རོ་རས་སོ།། ནང་དུ་བཤད་ན་ཐོད་པར་རོ།། གསང་བར་བྱ་ན་ཞིང་ལྤགས་སོ།། དེ་དང་ལྡན་པར་བྲི་བར་བྱ། ། རྒྱལ་ཆེན་ས་ཡི་མཎྜལ་ནི།། མཁས་པས་གསང་སྟེ་ནུབ་མོ་བྲི།། ཐིག་བཞི་བཏབ་པས་ལེ་ཚེ་དགུ། བར་མ་བཅུ་དང་གཉིས་པའོ།། མཐའ་མ་བཅུ་དང་དྲུག་པའོ།། ཕྱི་རུ་ལྕགས་རི་སྒོ་ཁྱུད་དང།། གདེང་དང་ལྡན་པས་བྲི་བར་བྱ། ། དབུས་སུ་ཨེ་གཞག་འཁོར་ལོ་བཞི།། བཅུ་གཉིས་བཅུ་དྲུག་རྩེ་སྤྲད་དེ།། དེ་ཡི་བར་དུ་མིང་ཡང་གཞག། གྲུ་བཞི་ལ་ནི་ཞལ་བཞི་བྲི།། ཕྱག་དང་ཞབས་ནི་འཁོར་བར་བྲི།། སྦྲུལ་གྱི་རྒྱ་གྲམ་གྲུ་མ་གཏད། ། མཐའ་མ་རྒྱ་གྲམ་རྡོ་རྗེས་བསྐོར།། རྡོ་རྗེའི་བར་དུ་གསང་མཚན་གཞུག། ལས་ཟིན་འཁོར་ལོ་ལྟོ་རུ་གཞུག། ཕུར་བཏབ་དགྲ་ལ་གནན་པ་བྱ།། དེ་བས་བསྟན་པ་བསྲུང་བ་ཡི།། གསེར་དང་འདྲ་བའི་མན་ངག་འདི། ། སྣོད་ངན་བུ་ལ་མི་སྦྱིན་ནོ།། ཟླ་གསང་ནག་པོའི་རྒྱུད་ལས། སྦྱོར་བ་མདུང་ཐུང་གི་ལེའུ་སྟེ་སོ་གཅིག་པའོ།།།། ཡང་སྟོན་པ་ལ་ཞུས་པ་ལས།། ཡང་སྙིང་རྣམ་གསུམ་བཀའ་སྩོལ་ཅིག། བཟློག་ཕུང་སྔགས་རྣམས་བསྟན་པར་ཞུ། ། བཀའ་སྩལ་པ།། ཡང་སྙིང་བྱ་བའི་དོན་དེ་ལ།། ལས་ཀྱི་ཡང་སྙིང་བྱ་བ་དེ།། སྔགས་ཀྱི་འཁྲུལ་འཁོར་བྱ་བ་ཡིན།། གཡས་བསྐོར་ཕོ། གཡོན་བསྐོར་མོ། སྟེ་རླུང་ལ་བསྐུར་བའོ།། ལས་ཀྱི་ཡང་སྙིང་བྱ་བ་ནི། ། བྱ་ཙ་ཡེ། སིང་ང་ཡེ། དུ་རུ་ཡེ། ལས་ཀྱི་ཕོའོ།། མོའི་ཡང་སྙིང་ནི། ཙི་ཏ་ཡེ། པྲི་ཏ་ཡེ། ཧ་ལ་ཡེ། དོན་གྱི་ཡང་སྙིང་བྱ་བ། རྡལ་ལ་ཡེ། མ་ལ་ཡེ། ཀྱི་ཕོ་ཡེ། གྲུབ་པའི་ཡང་སྙིང། ཨ་པ་ཡེ། ཨཱུ་པ་ཡེ། ཨ་པ་ཡེ། ར་ན་ཛ་ཛ། ཡི་གེ་འབྲུ་བཞི་པའོ།། ཡང་སྙིང་ཡི་གེ་དགུ་པ་ནི། མུ་གེ་ཡེ། ཨ་པ་ཡེ། ལས་ཀྱི་ཡང་སྙིང། སིང་ང་ཡེ། བྱ་ཙ་ཡེ། དུར་རུ་ཡེ། ཕོ་ཡིའོ།། མོའི། ཙིཏྟ་ཡ། པྲི་ཏ་ཡེ། ཧ་ལ་ཡེ། ཧ་ལ་ཡེ། དེ་རྣམས་བཟླས་ན། ཚེ་ཟད། དབང་ཐང་ཟད། བསོད་ནམས་ཟད། ལོ། ཟླ་བ། ཞག། ཟ་མ། ཡི་གེ། ཟླ་གསང་ནག་པོའི་རྒྱུད་ལས། འཕྲུལ་གྱི་མེ་ལོང་གི་ལེའུ་སྟེ་སོ་གཉིས་པའོ།།།། ཡང་ཞུས་པ། སྟོན་པ་ལགས། དབྱེ་དགུག་སྔགས་རྣམས་ཇི་ལྟར་ལགས།། བཀའ་སྩལ་པ།། ལས་ཀྱི་ཤམ་བུར་བསྟན་པ་སྟེ།། རང་དབང་མེད་པར་དགུག་པ་ལ།། ཧཱུཾ་ས་མ་ཡ་མཉྫུ་ཀུན་ཏུ་ཧཱུཾ། ཨ་ནུ་ར་ན་ག་ཡ། ཡ་མན་ཏ་ཀ་ཧཱུཾ། དེ་བྱི་ཐུམས་ཐུམས། ། ཧ་ཧ་དམ་དམ།། ས་མ་ཡ་དམ་དམ། བཾ་རིལ་རྦད། ཧུར་ཧུར། རྣི་སྟི་རྣི་སྟི། སོད་སོད། ཆོད་ཆོད། སྟོང་དུ་བཟླས་སོ།། དམིགས་པ་གང་ཡིན་པ་དང། ཁ་དོག་དང་ཚུལ་ཅི་འདྲ་བ་དེ་ཁུགས་པར་བསམ་ཞིང་དགུག་གོ། ད་ནི་ལྷ་དང་དབྱེ་བ། ཨོཾ་རགྴ་རགྴ། ར་ར་ག་ཤ་ཕྱུང་ཕྱུང། ཨོཾ་དེ་བ་ཤན་ཏིང་ཀུ་རུ་སྭཱཧཱ། ཨོཾ་ཙིཏྟ་ཡེ་ཤན་ཏིང་ཀུ་རུ་སྭཱཧཱ། རིག་ཤན་ཙིན་ད་ཤག། ཏྲི་ཤ་ཤག། ཁ་ས་ནི་ཤག་མུར་ཏིན་ཤག་མ་ནི་ཧྲི་པྲི་ཏ་ཡ་ཕྲོལ་ཅིག། དབྱེ་བ་དང་དགུག་པའི་ལས་སོ།། ད་ནི་བསྒྲུབ་པའི་ལས་གསུངས་ཏེ།། རང་ཉིད་ཁྲོ་བོར་བསྒོམ་བྱ་མགུལ་དུ་བཏགས་སམ། བཟླས་པ་བྱ། ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མན་ཏ་ཧ་ན་མ་ཐ་བྷཉྫ་ར་ན་ཧཱུཾ་ཕཊ། ཨོཾ་ཧ་ཧེ་ན་ཧཱ་ཏྲི་ཏ་ཡ་པྲ་ཧ་ར་ནི་ཆེ་གེ་མོའི་བྱད་ཟོར་བཟློག་བྷྱོ་བྷྱོ། ས་མ་ཡ་བཟློག་བཟློག་བྷྱོ་བྷྱོ་ཕྲ་མོ་དེ་བྷྱོ་བྷྱོ། ནང་འགྲས་ན་འདི་ཟོར་ལ་བཟླས་ལ་འཕང་ངོ།། ཟླ་གསང་ནག་པོའི་རྒྱུད་ལས།། མན་ངག་དབྱེ་དགུག་གི་ལེའུ་སྟེ་སོ་གསུམ་པའོ། །།། ཡང་ཞུས་པ། ཐམས་ཅད་མཁྱེན་པའི་སྟོན་པ་ཁྱོད།། ལས་ཀྱི་བྱ་ཐབས་བསམ་ཡས་ཀྱང།། ལས་ཀྱི་དམིགས་སེལ་ཇི་ལྟར་ལགས།། བཀའ་སྩལ་པ།། འཁོར་ལོ་དགུ་རུ་བྱ་བ་ལ། ། རས་དང་རྡོ་ཐལ་མྱུ་གུ་སྣག་ཚ་རྣམས།། འཁོར་ལོ་དགུ་རུ་རབ་ཏུ་གྲགས།། ལྷ་བཞི་གང་བཞི་དུས་ཚོད་བཞི།། ཉིན་གུང་མཚན་གུང་ནངས་ནུབ་བཞི།། དང་པོས་ལས་ལ་བསྐུལ། གཉིས་པས་ལས་ལ་གཟུང། གསུམ་པས་དོན་རྣམས་འགྲུབ། བཞི་པས་དོན་རྣམས་གདོན་མི་ཟ།། དོན་གྱིས་གནད་བཞི་ཡོད་པ་ལ།། མི་ཚིག་དག་གིས་བར་མི་གཅད།། སྟན་གཅིག་ལ་ནི་མི་འདུག་ཅིང།། འདུ་འཛི་སྤངས་ཏེ་རྫས་རྣམས་བསོག། འཁོར་ལོ་དག་ལ་ཟུར་བཞི་སྟེ།། ཧཱུཾ་ཡ་མ་རཱ་ཛ་དུ་སྟ་མཱ་ར་ཡ་ཧཱུཾ་ཕཊ། ཧུ་ཡ་མ་བེ་ཤ་ར་མཱ་ར་ཡ་ཕཊ། ཡ་མ་ཙིཏྟ་མཱ་ར་ཡ་ཕཊ། ཧཱུཾ་ཡ་མ་སྙིང་ད་ར་ཏི་མཱ་ར་ཡ་ཕཊ། འཁོར་ལོ་སྔགས་ཀྱིས་གཟེར་བཏབས་པས། ། ཁོང་དུ་དོན་པོ་བཅུག་པ་སྟེ།། དེ་ལ་ཐར་པར་ག་ལ་འགྱུར།། ལྕགས་མཁར་སྒོ་མེད་བཅུ་དྲུག་པར།། འཇམ་དཔལ་གཤིན་རྗེའི་གྲོང་ཁྱེར་ཡིན།། དེ་ལ་སྔགས་ཀྱི་གཟེར་བཅུ་དྲུག་སྟེ།། ཨ་ཨཱ། ཨི་ཨཱི། ཨེ་ཨཱ+ཻ། ཨུ་ཨཱུ། ཨོ་ཨཽ། རི་རཱི། ལི་ལཱི། ཨཾ་ཨ། ལྕགས་མཁར་སྒོ་ཡི་གཟེར་དུ་གསུངས།། ལིང་ག་དག་ལ་གཟེར་བཞི་སྟེ།། ཡ་མ་སྙིང། ཡ་མ་ཁྲག། ཚལ་པ་བཾ་རིལ་དུམ་པ་དུམ།། ལིང་ཁ་གཟེར་དུ་གཞག་པ་ཡིན།། འཁོར་ལོ་བཞི་ལ་མན་ངག་བཞི། ། སྒྲུབ་དུས་ཡི་གེ་མགོན་ནང་དུ་བསྟན།། བསད་དུས་ཡི་གེ་ཕྱིར་རུ་བསྟན།། ཐུན་དུས་སྔགས་ནི་དགྲོལ་ལ་བྲབ།། རྡུལ་མཚོན་ཕྱག་ལ་དོན་ལ་བྲབ།། ཐུན་རྫས་གཤིན་རྗེ་མ་མོར་སྤྲུལ། ། མན་ངག་བཞི་རུ་བཤད་པའོ།། མུ་ཏྲ་བཞི་རུ་གྲགས་པ་ལ།། བེ་ཅོན་རལ་གྲི་འཁོར་ལོ་དང།། སྤུ་གྲི་དག་དང་བཞི་རུ་གྲག། གནན་པ་རྣམ་པ་བཞི་ཡོད་དེ།། དུར་ཁྲོད་མདུན་ས་ལྷ་ཁང་དང།། རྒྱ་གྲམ་ཐེམ་འོག་ཀླུ་གདུག་གནས། ། གནས་ས་བཞི་རུ་གནན་པ་བྱ།། དབྱེ་བའི་རྫས་ལ་རྣམ་པ་བཞི།། གུ་གུལ་རྭ་གཞོབ་རྒྱ་ཚིལ་དང།། མུ་ཟི་ཚིལ་ཆེན་དག་དང་བཞི།། དབྱེ་བའི་རྫས་སུ་གསུངས་པའོ།། གནན་པའི་ཐབས་ལ་རྫས་བཞི་ཡོད། ། འཁོར་ལོ་རྒྱ་གྲམ་རི་རབ་དང།། ཕུར་བ་དག་ལ་གནན་པ་བྱ།། བྲབ་ཅིང་བརྡེག་རྫས་རྣམ་པ་བཞི།། ཉུངས་ཀར་ཐལ་ཆེན་ཁྲག་དང་དུག། རྫས་དྲེས་བྲབས་ནས་གདོན་མི་ཟ།། བརྟེན་པའི་རྫས་ནི་བཞིར་གསུངས་ཏེ། ། མི་སྙིང་རྟ་སྙིང་བྱ་ནག་སྙིང།། ཁྱི་ནག་སྙིང་དང་བཞི་རུ་གསུངས།། རྟེན་པའི་རྟ་བཞི་ཡོད་པ་ལ།། ལུག་ནག་སྨུག་ནག་ཁྱོ་ནག་བཞི།། རྟེན་པའི་རྟ་བཞིར་གསུངས་པའོ།། བརྡེག་པའི་དུས་ཚོད་བཞི་གསུངས་ཏེ། ། སྟོན་ཟླ་བོར་བ་ཐ་ཆུང་བཞི།། བརྡེག་པའི་ཟླ་བར་ཤིས་པ་ཡིན།། སྔགས་པ་མདའ་འཕེན་ཟླ་བ་ཡིན།། དམིགས་པའི་འཕེན་བཞི་ཡོད་པ་ལ།། རས་ཀྱི་འཁོར་ལོ་ལིང་ག་དང།། རྐང་རྗེས་ཙ་ར་རོག་པོ་བཞི། ། དམིགས་པའི་འབེམ་བཞི་བྱ་བ་ཡིན།། མན་ངག་དུས་བཞི་ཡོད་པ་ལ།། འཁོར་ལོ་བྲི་བ་དུས་བཞི་དང།། དུས་ཚོད་ལྟ་ཕྱོགས་སྨུག་གུ་དང།། སྣག་ཚ་བཞི་རས་དགོས་པ་བཞི།། སྟིམ་པ་བཞི་བཞི་དག་ཏུ་གསུངས། ། ཏིང་འཛིན་དགོངས་པ་རྣམས་ལ་བརྒྱད།། ལས་རྣམས་གཏན་ལ་འབེབས་པ་སྟེ།། ཕུར་པ་རི་རབ་དག་ཏུ་བསྒོམ།། ཁྲག་གི་རྒྱ་མཚོ་ཁོལ་མར་བསྒོམ།། རས་ནི་རླུང་ནག་ཚུབ་མ་བསྒོམ།། ལིང་ག་མེ་ལྟར་འབར་བར་བསྒོམ། ། ཐོད་པ་ལྕགས་ཀྱི་ཁང་པར་བསྒོམ།། རེ་བ་ཕྱར་ཐུམས་གཏུམས་པར་བསྒོམ།། མཚོན་ཁར་སྦྲུལ་གྱིས་དཀྲིས་པར་བསྒོམ།། ལས་ཀྱི་གཤིན་རྗེ་སྡེ་བརྒྱད་རྣམས།། ཧབ་སྟོབ་བྱེད་ཅིང་ཟ་བར་བསྒོམ། ། རི་རབ་བརྗིད་ལྡན་གནན་པར་བསྒོམ།། ཏིང་འཛིན་བསྒོམ་པའི་རིམ་པའོ།། ཟླ་གསང་ནག་པོའི་རྒྱུད་ལས།། འཇམ་དཔལ་སྦྱན་སེལ་གྱི་ལེའུ་སྟེ་སོ་བཞི་པའོ།།།། ཡང་ཞུས་པ། སྟོན་པ་ལགས།། ཧོཾ་སྦྲེལ་སྦྱིན་སྲེག་ཇི་ལྟར་ལགས། ། རྒྱས་པར་བདག་ལ་བསྟན་དུ་གསོལ།། བཀའ་སྩལ་པ།། དྲག་པོ་ཧོམ་དུ་སྲེག་པ་ཡི།། དང་པོ་སྟེགས་བུ་བརྩིག་པ་ལ།། ས་གཞི་ནག་པོ་སུབས་ཅན་ལ།། ཁྲུ་དོ་རྒྱ་རུ་དཔངས་མཐོ་དོ། ། དབུས་སུ་གྲུ་གསུམ་ཐུར་དུ་བྲུ།། ཁ་ཁྱེར་ཆུ་ཞེང་སོར་བཞི་པ།། དབུས་སུ་འཇིམ་པ་བཟང་པོ་ལ།། ཏྲི་ཤུལ་རྩེ་གསུམ་བྱས་ལ་གཞག། བང་རིམ་གཉིས་ལ་ཕྱི་ནང་དུ།། ཐོད་པ་རྡོ་རྗེ་རྒྱ་གྲམ་གཏང།། ཟླ་ཁམ་དམར་པོའི་ནང་དུ་བྱུང། ། ཐ་མ་ཟླུམ་པོས་བསྐོར་བར་བྱ།། བྲི་འམ་རྩིག་གམ་འདམ་ཀའོ།། ཕྱོགས་བཞིར་རྡོ་རྗེ་རྒྱ་གྲམ་བྲི།། སྒོ་དང་རྒྱན་རྣམས་སྤྱི་དང་མཐུན།། རྫས་རྣམས་བསགས་པའི་རིམ་པ་ལ། ། ལྕགས་ཕྱེ་ཟངས་ཕྱེ་རྡོ་ཕྱེ་དུག། ཁྲག་དང་ཉུངས་ཀར་ལྡོང་རོས་དང།། ལྷ་བཤོས་ནག་པོ་ཟུར་གསུམ་པ།། ཚ་བའི་རྫས་དང་གདུག་པ་ཅན།། བཤམས་ཏེ་རབ་ཏུ་ཤེས་པར་བྱ།། རྫས་ཀྱི་རིམ་པ་བཤད་པའོ། ། ཧོམ་དུ་བྱ་བའི་ཡཾ་ཤིང་ནི།། བིལ་བ་ཀ་ར་དག་དང་ནི།། ཁོ་བོ་དང་ནི་ནིམ་པ་ལ།། དྲི་མི་ཞིམ་པས་བསྐུས་ནས་ནི།། འདི་རྣམས་མེད་ན་མཐུན་པའི་ཤིང་བུས་བྱ་བར་གསུངས།། མཐུན་ཞིང་གདུག་པ་ཚེར་མ་ཅན། ། སྐྱེར་པ་ལ་སོགས་སོར་བཅུའི་ཚད།། བསྲེག་ཤིང་བྱ་རོག་ཁྲ་ཚང་དང།། འུག་ཚང་བྱེ་ཚང་གདུག་པའི་ཤིང།། སོར་བཅུ་ཡི་ནི་ཚད་དུ་བྱ།། ཟུར་གསུམ་གཞོག་ལ་ནག་པོས་བཀུ།། ཉི་ཤུ་རྩ་གཅིག་དག་ཏུ་བཤམ། ། ཐུན་སྣོད་ལྕགས་ཀྱི་ཕྲུ་བར་བྱ།། དེ་རུ་སྦྱར་ལ་ཧོམ་གཟར་གྱིས་བཅུས་ཏེ།། སྐེ་ཚེ་བརྡུངས་ལ་ནང་དུ་བླུག། ལྷ་ཡི་གྲངས་དང་བསྟུན་ཏེ་བསྲེག། ཁྱལ་བར་བསྲེག་རྫས་ཉུངས་ཀར་དང།། སྐེ་ཚེ་ནིམ་པ་ལོ་མ་དང། ། ཐལ་ཆེན་རྐང་རྗེ་བླངས་ལ་བྲབ་པོ།། བོང་དུ་རྔ་མོ་ཕྱ་སྲ་དང།། ཕུབ་མ་བྱ་རོག་ཚིལ་བུ་དང།། གོས་སྲ་དྲི་ཆེན་ཆུ་དང།། ཚེར་མ་ཅན་གྱི་ཤིང་དང་ནི། རུས་པ་བུ་འགྲམ་བླ་བའི་ཤ།། བསྲེ་བའི་འོས་དང་བསྲེས་ལ་དབུལ། ། དུག་དང་ལན་ཚྭ་མང་དུ་བྱ།། ཁྲག་དང་རྒྱ་སྐྱེགས་ཁུ་བ་ལ།། དོན་པོའི་གཟུགས་བྲིས་ལྷ་དབྲལ་བྱ།། རྩ་སྔགས་དུག་དང་འདྲ་བ་འདི།། མགོ་ལ་ཨ་ཀྲོ་བཏོན་ཏེ་བཞག། གཞུག་ཏུ་གདགས་པའི་སྔགས་འདི་ལྟ་སྟེ། ཨོཾ་ཧྲིཿཥྟི་བི་ཀྲི་ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ། སརྦ་ཤ་ཏྲུ་ན་ཤ་ཡ། སྟཾ་པ་ཡ། མུ་དེ་ཙ་ཡ་ཧཱུཾ་ཕཊ། ཆེ་གེ་མོ་མུར་ཙ་ཡ་ཕཊ། ཆེ་གེ་མོ་རགྟ་ཙ་ར་ཧཱུཾ་ཕཊ། མུ་ར་ཙ་ཡ་ཕཊ། མཱ་ར་ཡ་ཧཱུཾ་ཕཊ། ཙ་མུན་ཧཱུཾ་ཛ། ཨེ་ཀ་ཙ་ཡ་མཱ་ར་ཡ་ཧཱུཾ་ཕཊ། རཀྟ་ཡང་སྦྲེང། རྩ་སྔགས་ལ། ཨ་མུ་ཛ་ཁཾ་མཱ་ར་ཡ་ཤན།། ཏྲི་ཀུ་རུ་ཛ། བྱས་ལ་རྫས་དབུལ། སྨྲེ་སྔགས་གདོན།། བསྲེག་རྫས་རིམ་པ་དང་དབུལ་བ་བསྟན་པའོ།། ཐབ་ཁུང་མེ་ལྷ་བསྐྱེད་པ་ནི།། ཡི་གེ་རཾ་ལས་བསྐྱེད་དོ་ཛ། ། ཕཊ་ཛྭ་ལ་རཾ་གྱིས་སྤྲེ།། སཾ་ཧ་ར་ཧཱུཾ་གིས་བསྡུས་སོ།། སྐུར་གྲུབ་ར་ཁམ་པ་ཆིབས་པ།། ཞལ་གཅིག་ཕྱག་གཉིས་པ། དམ་ཚིག་མེ་ལ་བསྐྱེད་པའོ།། དེ་ནས་ཡེ་ཤེས་མེ་ལྷ་སྤྱན་དྲངས་ཏེ།། ཡཾ་ཤིང་ནག་པོ་ཟུར་གསུམ་པོ། ། དྲག་པོ་རིགས་ལྔ་མེ་སྤར་ཏེ།། སྐྱེ་བ་མེད་པ་རང་ཞེས་བྱ།། ཕཊ་ཛཱ་ལ་རཾ་ཧཱུཾ་ཕཊ། ཛཱ་ལ་རཾ་ཧཱུཾ་ཕཊ། བསྟན་པ་བྱ་བའི་དོན་བཤད་དེ།། མེ་ལྷ་རྒྱལ་པོ་ཁྱེད་རྣམས་ཀྱང།། སྔོན་དང་ད་ལྟར་ཡོད་བདག་ཆེད། ། རྫས་ཆེན་དབུལ་བས་གདན་ལ་བཞུགས།། དགེས་ཤིང་བརྟན་པར་བཞུགས་སུ་སོལ།། སྟིཥྛ་པདྨ་ས་མ་ཡ་ལྷན།། ཛཿཧཱུཾ་བཾ་ཧོས་བསྟིམ་པར་བྱ།། མེ་ལྷ་པཱུ་ཙའི་རིམ་པ་དབུལ་བར་བྱ།། བསྲེག་རྫས་དབུལ་བའི་ཚིག་བཤད་འདིའོ། ། དྲང་སྲོང་ཆེན་པོ་སྔོན་ཆད་མ་གཏང་བའི།། ཤིན་ཏུ་གདུག་པའི་ཡམ་ཤིང་ཚེར་མ་ཅན།། བསྲེག་རྫས་དུག་དང་འདྲ་བའི་རྫས་དབུལ་གྱིས།། དམ་ཉམས་དགྲ་བགེགས་ཞལ་དུ་བཞེས་སུ་གསོལ། ། ཨོཾ་ཨ་ཀྲོ་ཏེ་ཀ་ཨག་ནེ་ཨ་མུ་ཁ་ཤན་ཏིང་ཀུ་རུ་མཱ་ར་ཡ་ཕཊ། རང་རེ་སྔགས་ཤམ་བུ་ལ།། ཨ་མུ་ཀ་མཱ་ར་ཡ་ནི་ཀུན་ལ་བཏགས།། མེ་བསྟོད་རིམ་པ་འདི་ལྟར་བསྟོད། ཚངས་པ་འཇིག་རྟེན་མགོན་གྱི་སྲས། ། མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག། འཇིག་རྟེན་ཡོངས་ལ་བསྐྱབ་པའི་ཕྱིར།། འདུལ་བའི་དབང་གིས་སྐུ་སྤྲུལ་པ། གསང་སྔགས་འཆང་ཞིང་རིག་སྔགས་བསྲུང།། ཕྱག་མཚན་བཅུད་ལྡན་གུན་དྷེ་བསྣམས། ། ཐབས་དང་ཤེས་རབ་གཉིས་མེད་པ།། འཇམ་དཔལ་སྤྲུལ་པ་ཁྱོད་ལ་བསྟོད།། ཡང་ཞུས་པ། ལྷ་ལ་སྦྱིན་སྲེག་དབུལ་མི་དབུལ།། བཀའ་སྩལ་པ། དཀྱིལ་འཁོར་ལྷ་ལ་ཚང་བར་དབུལ།། མེ་ལྷ་ལྷོ་རུ་སྐྱེད་པ་དང། ། མེ་ལྷ་མདུན་དུ་བསྐྱེད་པ་གཉིས།། སྤྱན་དྲངས་བསྟིམ་དང་མཆོད་པ་དབུལ། དེ་ནས་སྲེག་རྫས་རིམ་པ་དབུལ།། དབུལ་བའི་ཚིག་བཤད་འདི་ལྟ་སྟེ།། ཆོས་ཉིད་བརྡལ་བའི་ཧོཾ་ཁུང་དུ།། རིག་པ་བྱང་ཆུབ་སེམས་ཀྱི་མེ་སྦྱར་ཏེ། ། དམ་ཉམས་དགྲ་བགེགས་བསྒྲལ་བའི་ཕྱིར།། འཇམ་དཔལ་ལྷ་ཚོགས་ཀུན་ལ་དབུལ།། དྲང་སྲོང་རྫས་འདི་འབུལ་གྱིས།། དགྲ་བགེགས་མ་ལུས་རླག་པར་མཛོད།། ཟླ་གསང་ནག་པོའི་རྒྱུད་ལས། ། དྲག་པོ་ཧོམ་གྱི་ལེའུ་སྟེ་སོ་ལྔ་པའོ།།།། ཡང་ཞུས་པ།། སྟོན་པ་ལགས།། དྲག་པོ་འཁོར་ལོ་བསྐོར་ཙམ་ན།། ལས་ཀྱི་ཆར་ཀ་འཚལ་མི་འཚལ།། འཚལ་བ་ལགས་ན་བཤད་དུ་གསོལ།། ཡང་སྟོན་པས་གསུངས་པ། ། ལས་རྣམས་རྫོགས་པའི་ཏིང་ཐོགས་ལ།། ལས་བཞི་འཛབ་ནི་ཁྲི་ཁྲིར་བྱ།། བརྒྱ་ཚར་རེ་ལ་སྨན་མཆོད་བྱ།། བཏབ་པ་རེ་ལ་སྨོན་ལམ་རེ།། དུག་གི་བྲབ་ཅིང་ཉུངས་ཀར་བྲབ།། སྐེ་ཚེ་ཐུན་དང་བྲབ་པར་བྱ། ། འཁོར་ལོ་ཁ་དབྱེ་ལིང་ག་བྲབ།། མོན་བཞི་ཤན་པ་བསྐུལ་བར་གཏང།། བཟླས་པའི་སྔགས་ནི་འདི་ལྟ་སྟེ།། སྐུ་གསུང་ཐུགས་དང་འཕྲིན་ལས་དང།། ཡོན་ཏན་སྔགས་སུ་གསུངས་པ་ལ།། ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མན་ཏ་ཀ་ཧ་ན་མ་ཐ་བྷཉྫ་ཧཱུཾ་ཕཊ། ། ཨོཾ་ཀ་ལ་རུ་པ་ཧཱུཾ་ཕཊ་ཨ། ཨོཾ་ཧྲིཥྟ་བི་ཀྲི་ཏཱ་ནན་ཧཱུཾ་ཕཊ། མུ་ཏྲ་བེ་ཅོན་ཕྱག་རྒྱས་བཅས།། ཉི་མ་དང་པོ་ཡ་མ་ར་ཛ་བསྒོམ།། ཛ་ས་ཏོ་མེ་ཡ། ཆེ་གེ་ཨ་མུ་ཀཾ་པྲ་མ་ཡ་ནི། ཤ་ཀུ་རུ་ནི་ཧཱུཾ་ཕཊ། ཐུན་ནི་ཉུངས་ཀར་དུག་གིས་བྲབ།། སྨོན་ལམ་བཏབ་ལ་བྲོ་རི་བཏང།། ཐུན་ཀུན་མོན་དང་ཤན་པ་བསྐུལ།། ཉི་མ་གཉིས་པ་མྱོས་བྱེད་བསྒོམ།། ཡ་མེ་ཏོ་ཏུ་ན་ཡོ་ཏ་ཡ། ཆེ་གེ་མོ་ཨ་མུ་ཀཾ་རག་ཏ་ཙ་ར་ཡ་ནི། ཤ་ཀུ་རུ་ཧཱུཾ་ཕཊ། སྨོན་ལམ་བཏབ་བསྐུལ་གོང་དང་མཐུན།། ཉི་མ་གསུམ་པ་མ་རུ་རྩེ།། ཡ་ཏ་ཡ་ནོ་ར་ཡ་ཀྵེ་ཡ། ཆེ་གེ་མོ་སྲོག་རྩ་ཨ་མུར་ཙ་ཡ་ནི་ཤ་ཀུ་རུ་ནི་ཧཱུཾ་ཕཊ། ཉི་མ་བཞི་པ་རལ་པ་ཚར་དགུ། ཡཀྵེ་ཡ་ཙ་ནི་ར་མ་ཡ། ཆེ་གེ་མོ་ཨ་མུ་ཀ་མཱ་ར་ཡ་ནི་ཤ་ཀུ་རུ་ཧཱུཾ་ཕཊ། ཐུན་རྫས་བྲབ་ཅིང་བསྐུལ་སྟབ་བྲོ། ཡང་དང་ཡང་དུ་བྱ་བར་གསུངས།། ཨོཾ་མཉྫུ་ཤྲི་ཨ་ཀྲོ་ཏེ་ཀ་ཡ་མན་ཏ་ཀ་ཀཱ་ལ་རུ་པ་ནི་ཤ་ཀུ་རུ་ནི་ཧཱུཾ་ཕཊ། ཉི་མ་བཞི་པ་ལས་ཀྱི་མཐའ་སྡུད་དོ། ། ས་མ་ཡ་མཉྫུ་ཤྲི་མུ་ཏྲ།། ཡ་མན་ཏ་ཀ་པཉྩ་དེ་རོ་ནི་ཧཱུཾ་ཛ། མཉྫུ་ཤྲི་ཨ་ཀྲོ་ཏེ་ཀ་ཡ་མན་ཏ་ཀ་ཀཱ་ལ་རུ་པ་ནི་ཤ་ཀུ་རུ་ནི་ཧཱུཾ་ཕཊ། ཨོཾ་མཉྫུ་ཤྲཱི་མུ་ཏྲ་ཡ་མན་ཏ་ཀ། ཨ་ཀྲོ་ཏེ་ཀ་ཡ་མན་ཏ་ཀ་ཆེ་གེ་མོ་རྦད་ཐུཾ་རི་ལི་ལི། ། རྣིརཱམཱ་ར་ཡ། ཡ་མ་ར་དུ། ཡ་མ་སྙིང། ཡ་མ་ཁྲག། ཡ་མ་དུན། ཡ་མ་རྦད། ཚལ་པ་ཚལ་པ། བཾ་རིལ་སྟཾ་པ་ནན། དུམ་བུ་དུམ་བུ། ཧུ་དུཾ་ཧུ་དུཾ། ཤིག་ཤིག་ཕུལ། གློང་བུ་ཤིག་ཤིག་ཕྲུལ། ཨ་སྟི་སྟཾ་པ་ཡ་ཨ་མུ་རྐཾ་རྦད། ཐུཾ་རི་ལི་ལི་བྷྱོ། དེ་བ་རོ་ཏ་ན་ནན། བིག་ནན་ཏོ་ཧ་ནན་ལང་ལང་ཏོ་ཏ་ནན་མ་ཧཱ་དོ་ད་ནན། འཇམ་དཔལ་ལས་ཀྱི་མཐར་ཐུག་པ།། ལས་རྫོགས་རྟིང་ལ་གནན་པ་བྱ།། འཁོར་ལོ་མན་ངག་བསད་པའོ། ། སྣོད་ངན་མི་བསྟན་བློ་གཏིང་སྦ།། བྱང་ཆུབ་འདོད་པའི་གང་ཟག་ལ།། འཇམ་དཔལ་ཚ་ཚྭ་གདབ་པར་གསུངས།། རང་ཉིད་ཡ་མན་ཏ་ཀར་བསྒོམ།། འཇིམ་པ་རིག་ཆེན་སྣ་ལྔ་ལས།། རིན་པོ་ཆེ་ཡི་སྐོར་བུར་བསྒོམ། ། བདུད་རྩི་བསངས་ཏེ་འབི་འབི་བྱ།། ལག་པ་ཐབས་དང་ཤེས་རབ་བསྒོམ།། ལག་མཐིལ་གཉིས་སུ་ཡིག་འབྲུ་བསམ།། གཡས་སུ་ཨོཾ་སྟེ་གཡོན་དུ་ཨོཾ།། དེ་གཉིས་བར་དུ་འཇིམ་པ་བསམ།། ཡིག་འབྲུ་འཇིམ་པའི་ནང་དུ་ཐིམ། ། དེ་ལས་འོད་འཕྲོས་དོན་གསུམ་བྱས།། སླར་འདུས་འཇིམ་པ་དག་ལ་ཐིམ།། ཨ་ཀྲོ་བཟླས་པས་སྐུ་རུ་གྲུབ།། ཕར་འཕྲོས་དོན་བྱས་དབྱིབས་བསྡུས་ཏེ།། ཚུར་འདུས་སྐུ་ཡང་འོད་དུ་ཞུ།། ཀོར་བུ་བཅུག་ལ་ཨ་ཀྲོ་བཟླས། ། ཨ་ཀྲོ་འོད་ཟེར་སྤྲོ་བསྡུ་ལས།། བཅུད་བསྡུས་འཇིམ་པ་སྐུ་རུ་གྲུབ། ལས་བཞི་གང་བྱེད་དབྱིབས་སུ་གྱུར།། བཏབ་ལ་དཀྱིལ་འཁོར་སྟེང་དུ་བཞུགས།། མཎྜལ་ཁྲུས་གང་གྲུ་བཞི་པ། ། དབུས་སུ་ཟླུམ་པོ་གསུམ་རིམ་བྱ།། དབུས་སུ་མེ་ཏོག་ཕུང་པོ་དགོད།། དེ་ལ་ལྷ་ལྔ་དགོད་པར་བྱ།། བར་བར་ཚ་ཚྭ་གཞག་པར་བྱ།། མ་ཤོང་བ་རྣམས་མཐའ་མར་གཞག། པཱུ་ཙ་ལྔ་ཡང་དབུལ་བར་བྱ།། རང་བཞིན་ལྷ་ཚོགས་སྤྱན་དྲངས་ཏེ། ། སྤོས་ཐོགས་བཛྲ་ས་མ་ཛས།། སེ་གོལ་གཏོག་ཅིང་ལྕགས་ཀྱུས་དགུག། བདུད་རྩིས་བསང་ལ་དཀྱིལ་འཁོར་གཞུག། དབང་བསྐུར་བྱིན་བརླབས་པཱུ་ཙ་དབུལ།། བདུག་སྤོས་མེ་ཏོག་མར་མེ་དང། ། དྲི་ཆབ་ཞལ་ཟས་སིལ་སྙན་མཆོད་པའི་དབྱངས།། རོལ་མོ་གླུ་གར་རྒྱལ་མཚན་གདུགས།། ལྷབ་ལྷུབ་གསེར་དངུལ་རིན་པོ་ཆེ།། བཻ་ཌཱུརྻ་དང་དུང་བུད་གསུར།། ན་བཟའ་བཅའ་བ་བགོ་བ་དང། ། འདོད་ཡོན་ལྔ་ཡི་མཆོད་པ་དམ་པ་འདི།། དཀྱིལ་འཁོར་ལྷ་ལ་མཆོད་པ་འབུལ།། ཐུགས་དམ་དབང་གིས་དགྱེས་པར་མཛོད།། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨུད་ཁམ་སྥ་ར་ན།། ས་མ་ཡེ་ཧཱུཾ། བྱས་ཏེ་ད་ནི་གཏོར་ཆུང་དབུལ། ། སྤྱན་དྲངས་ལྷ་ལ་བསྟོད་པས་བསྟོད།། ཚ་ཚྭ་ལ་ཐིམ་སྟེ་འོད་དུ་ཞུ།། འཁོར་བ་མ་སྟོངས་བར་དུ་བཞུགས།། རབ་དུ་གནས་པ་ཞེས་སུ་གྲགས།། རང་ཉིད་ཡ་མན་ཏ་ཀར་བསྒོམ།། སྙིང་པོ་ལ་ཀྲོ་རྒྱུན་དུ་འདོན། ། བསྐྱེད་པའི་ལྷ་རྣམས་རང་ལ་བསྡུ།། བདག་དོན་གཞན་དོན་གཉིས་སུ་བསྡུ།། མན་ངག་གི་རྒྱུད་ལས། ཚ་ཚྭ་གདབ་པའི་ལེའུ་སྟེ་སོ་དྲུག་པའོ།།།། ཡང་ཞུས་པ།། སྟོན་པ་ཐམས་ཅད་མཁྱེན་པ་པོ། ། ལས་བཞི་མན་ངག་ཇི་ལྟར་ལགས།། དབུལ་བའི་དགོས་པ་ཇི་ལྟར་ལགས། བཀའ་སྩལ་པ། ཉོན་ཅིག་རྡོ་རྗེ་རྣོན་པོ་ཁྱོད།། ཐབས་ཀྱི་རིམ་པ་བཀའ་གཞུང་མཐུན།། དགོངས་པའི་རིམ་འདི་ལྟ་སྟེ།། དྲི་ནི་ཐུགས་ཀར་དབུལ་བར་བྱ། ། ཞོ་དང་བཟའ་བ་ཞལ་དུ་དབུལ།། མར་མེ་སྤྱན་ལ་དབུལ་བའོ།། ཡོན་ཆབ་དབུ་ལ་ཞབས་བསིལ་ཞབས།། མེ་ཏོག་ཐམས་ཅད་དབུ་ལ་འབུལ།། དགྲ་དང་དོན་པོ་ཁོག་ཏུ་དབུལ།། དེ་ནི་དབུལ་བའི་དགོངས་པའོ། ། ཡང་ཞུས་པ། སྟོན་པ་ལགས།། བསྲེག་རྫས་རིམ་པ་ཇི་ལྟར་ལགས།། ཚད་དང་སྣོད་ནི་གང་གིས་བགྱི།། ལྷོ་ཕྱོགས་བུད་ཤིང་དང།། རྣམ་བཞི་མེ་ནི་གང་ནས་བླང།། ཞེས་ཞུས་པས།། བཀའ་སྩལ་པ། ། དེ་རྣམས་བྱ་བར་ངས་བཤད་ཀྱིས།། ཡམ་ཤིང་རིམ་པ་བྱ་བ་དེ།། དྲག་པོ་ཡམ་ཤིང་སོར་བཞི་པ།། སྦོམས་སུ་ཆ་གང་རྩེ་མོ་ཆ།། དུག་ཆུར་བྱུགས་ཏེ་དབུལ་བར་བྱ།། དབང་གི་ཡམ་ཤིང་བྱ་བ་དེ།། ཆུ་རུ་སོར་བཞི་སྦོམས་སུ་ཆག་གང་བ། ། བདུད་རྩིར་བསངས་ལ་དབུལ་བར་བྱ།། རྒྱས་པར་བྱ་བའི་ཡམ་ཤིང་དེ།། ཆུ་རུ་ཁྲུ་གང་སྦོམས་ཆ་གང་བ།། བདུད་རྩིར་བསང་ལ་དབུལ་བར་བྱ།། དབུས་ཀྱི་ཆ་ལས་བྱུང་བས་བྱ།། ལྡོང་རོས་བསྐུས་ལ་དབུལ་བར་བྱ། ། ཞི་བར་བྱ་བའི་ཡམ་ཤིང་ལ།། རྩེ་མོ་ཆང་ལས་བྱུང་བ་སྟེ།། ཆུ་རུ་མཛུབ་གང་སྦོམས་སུ་ཆ་གང།། སྦྱང་རྩིར་སྤངས་ལ་དབུལ་བར་བྱ།། ཡམ་ཤིང་རིམ་པ་བསྟན་པའོ།། བུད་ཤིང་བྱ་བའི་རིམ་པའོ། ། གདུག་པའི་ཤིང་གི་ནག་པོ་དང།། ཙན་དན་ཤིང་ངམ་དམར་པོ་དང།། ལྕང་དཀར་བླང་མ་དཀར་པོའི་ཤིང།། སེར་པོ་ཤིང་ལ་བྱ་བ་འམ།། ཡང་ན་ཁ་དོག་བསྒྱུར་ལ་བྱ།། བུད་ཤིང་བྱ་བའི་རིམ་པའོ། ། དུས་ཚོད་བྱ་བའི་རིམ་པ་དེ།། དྲག་པོ་ནམ་ཕྱེད་ཉིན་གུང་དབང།། རྒྱས་པ་ནམ་ལངས་ཉི་ཕྱེད་ཞི།། དུས་ཚོད་རིམ་པ་བསྟན་པའོ།། རྣལ་འབྱོར་ཁ་ཡི་ལྟ་ལུགས་ནི།། དྲག་པོ་བྱང་ལ་ཁ་ནི་ནུབ།། རྒྱས་པ་ལྷོ་སྟེ་ཞི་བ་ཤར། ། རྣལ་འབྱོར་ཁ་ལྟའི་རིམ་པའོ།། དྲང་པོ་རྫས་རྣམས་གཡོན་ཏུ་གཞག། གསུམ་པོ་བཀའ་གཞུང་གཞན་དང་མཐུན།། རྫས་རྣམས་གཞག་པའི་རིམ་པའོ།། རྫས་རྣམས་དབུས་པའི་རིམ་པ་ནི།། སྔོན་ལ་གང་དབུལ་རིམ་པ་ལ། ། ཞི་བ་ལ་མར་གྱིས་དྲང།། དབང་ལ་ཨུད་པ་ལ་ཡིས་དྲང།། རྒྱས་པ་ལ་ཞོ་ཡིས་དྲང། དྲག་པོ་དག་ལ་ཚེར་མ་ཅན།། སྔོན་དུ་གང་འདུལ་རིམ་པའོ།། སྣོད་ཀྱི་རིམ་པ་བསྟན་པ་ལ།། ཞི་བའི་སྣོད་ནི་འཁར་རཾ་དངུལ། ། རྒྱས་པ་དག་ལ་གསེར་ཕོར་རོ།། དབང་ལ་ཟངས་སུ་བྱ་བ་དེ།། དྲག་པོ་དགའ་ལ་ལྕགས་ཕོར་བྱ།། ལས་བཞི་སྣོད་ཀྱི་རིམ་པའོ།། མེ་ཡི་རིམ་པ་བྱ་བ་དེ།། དྲག་པོ་ཤན་པའི་ཁྱིམ་ནས་བླངས། ། དབང་ནི་ཆོས་མའི་ཁྱིམ་ནས་བླངས།། ཞི་བ་གཙུབ་ཤིང་དག་ལ་གདོན།། རྒྱས་པ་རྒྱལ་པོའི་ཁྱིམ་ནས་བླངས།། དེ་ནི་མེ་ཡི་བླང་ཐབས་སོ།། བསང་བ་ཀུ་ཤས་བསང་བར་བྱའོ།། སྦར་བ་ཛྭ་ལ་རཾ་གྱིས་སྦྱར། ། བསྟོད་པ་ལས་ཀྱི་དམིགས་དང་སྦྱར།། ཟླ་གསང་ནག་པོའི་རྒྱུད་ལས།། ལས་བཞིའི་ལེའུ་སྟེ་སོ་བདུན་པའོ།།།། ཡང་ཞུས་པ། འཁོར་ལོ་མེད་པའི་མན་ངག་མཆིས་སམ་མ་མཆིས།། མཆིས་ན་མ་རྟོགས་བདག་ལ་བསྟན་དུ་གསོལ། ། བཀའ་སྩལ་པ།། སྟོན་པས་གསུངས་པ།། འཇམ་དཔལ། མགུལ་གུག་དག་ནི་བསད་པ་སྟེ།། དོན་པོ་ཡི་གེ་ཡ་ཡི་གཞུག། དོན་པོ་ཚངས་པའི་བུ་གར་ཡང།། ཡི་གེ་ཡ་གཅིག་བསམ་པར་བྱ། ། ཡ་ལས་འོད་འཕྲོས།། བཅུད་བསྡུས་ཡི་གེ་ཡ་ཡང་ཐིམ།། ཡ་ནི་འོད་དུ་ཞུ་བ་ལས།། ཡི་གེ་རྩ་རུ་གྱུར་པར་བསམ།། ཙ་ལས་འོད་འཕྲོ་དོན་བྱས་ནས།། སླར་འདུས་ཡི་གེ་ཙ་ལ་ཐིམ།། དེ་ལས་ཡ་མན་ཏ་ཀར་གྱུར། ། ཚད་ནི་ཚོན་གང་དག་ཏུ་གྱུར།། གཟས་པ་ཡི་ནི་ཀླད་དཀྱིལ་ན།། རང་ཉིད་ཀླད་དཀྱིལ་འདུག་པར་བསམ།། རྩ་སྔགས་དགུ་པ་བརྗོད་པར་བྱ།། འཇམ་དཔལ་སྐུ་ནི་ཚོ་གང་པོ།། དོན་པོ་ཀླད་པ་དཀྲུགས་པར་བསམ། ། དེས་ནི་མགོ་བོ་འཁོར་བའོ།། དེ་ནས་ཁྲོ་བོ་སྲོག་རྩར་ཞུགས།། ཕྱག་མཚན་བསྐོར་བས་སྙིང་ཁྲག་འཛག། སྔགས་ནི་ཨ་མུ་ཀ་བཟླས།། གཉིས་པ་ཁྲག་ཏུ།། དེ་ན་དོན་པོ་ཁྲག་འཛག་ལ།། དམ་ཚིག་སྔགས་འབྲུ་བརྒྱད་བཏབ་པས། ། ཡ་མཱན་ཏ་ཀའི་འཁོར་གནས་པའོ།། ཐམས་ཅད་ཁྲག་འཐུང་མྱོས་ཤིང་བརྒྱལ།། ཤི་བ་འདྲ་བར་འདུག་པ་ལ།། གསུམ་པས་བརྒྱལ་བར་བྱ་བའོ།། དེ་ནས་ལས་ཀྱི་སྔགས་འདི་བརྡེག། ལས་སྔགས་བརྒྱ་པ་ཁྲོ་བོ་དེ། ། དེ་ཡི་རང་བཞིན་གཤེན་རྗེ་གཤེད།། ཤ་ཚུགས་མི་སྡུག་པ་རུ་གྱུར།། འཁོར་ནི་མི་བཟད་མང་པོ་ཡིས།། དོན་པོ་དེ་ནི་བརྡུངས་བསྙགས་ནས།། ཤ་རུས་ཡོ་ཡིས་ཟོས་པར་བསམ།། དོན་པོ་གཏན་ནས་བརླག་པར་བསམ། ། བཞི་པ་མཱ་ར་ཡ་གདོན་མི་ཟ།། དེ་ལ་ཐུན་བྲབ་རྫས་བསྟན་པ།། ལྕགས་ཕྱེ་ཟངས་ཕྱེ་སྐྱེ་ཚེ་ཉུངས་ཀར།། འཁོར་ལོ་མེད་དེ་འཁྲུལ་འཁྲུག་རྦ།། དེ་ལ་ཡང་དང་ཡང་དུ་བྲབ།། དགུ་པའི་སྔགས་ནི་འདི་ཡིས་བརྡེག། ཨ་པ་ཡ།། དུ་ར་ཙ་ཤ་ན་ལ། ཡང་སྙིང། མུ་ཀ་ཡེ། ཨ་པ་ཡེ། ཀ་པ་ཡེ། དམ་ཚིག་འབྲུ་བརྒྱད་པ། ཧྲིཿཥྟིཿ་བི་ཀྲི་ཏ་མོན་ཏ་ཡ།། བྱ་ཙ་ཡེ། སིང་ང་ཡེ། ཙཏྟི་ཡེ། དུ་རུ་ཡེ། ཀྲི་ཏ་ཡེ། ཧ་ལ་ཡེ། ཆེ་གེ་མོ་མྱག་ཐུམ་རིལ་རྦད་ཡ། འདི་ནི་ཐུགས་ཀྱི་ཡང་ཐུགས་ཏེ།། ཁྲག་སྐམ་དུག་གིས་བྲབ་པར་བྱ།། དགུག་སྔགས།། ཀཱ་ལ་རུ་པ་ནི་ཤ་ཀུ་རུ།། ཨཱ་ཀརྵ་ཡ། ཨཱ་ཀརྵ་ཡ། ཐེད་ལ་ཐོད་མ།། ཧྲིཿཥྟི་མུ་ཀའོ།། ཨུ་ནེ་ཨུ་ནེ། མཱ་ར་ཡ་ཛ་ཛ། དབྱེ་བའི་སྔགས།། ཧྲིཥྟི་ཀི་པ་ཡེ། ཨེ་ཛ་ལ་ཨེ་ཛ་ལ། ར་ཛ་ཕྱེ་ར་ཛ་ཕྱེ།། ཨ་ཤག་ཤག། ཡ་མ་ཕྱེ། ཡ་མ་ཕྱེ། དབང་དུ་བསྡུས་པ། པུ་ཏ་བཾ། ཧྲིཥྟི་བི་ཀྲི་མཾ་ཧྲི། ཨ་ཀ་ཡེ། ཛ་ལ་ཡེ། མཱ་ར་ཡ། ཨུ་ནེ་ཨུ་ནེ། འཇམ་དཔལ་ཨ་ར་ལ་གཏད་པ་ཡི།། དུ་ནེ་དུ་ནེ། ཁྲཾ་ཁྲཾ་ནི་ཤ་མཱ་ར་ཡ། ཧྲིཥྟི་མུ་ཀ་ཡེ། ཨ་ནེ་ཨ་ནེ། ཐིབ་མཱ་ར་ཡ། ཟླ་གསང་ནག་པོའི་རྒྱུད་ལས། འཁོར་ལོ་སྐྱེད་སྟེང་བའི་ལེའུ་སྟེ་སོ་བརྒྱད་པའོ། །།། ཡང་ཞུས་པ། སྟོན་པ་ཐམས་ཅད་མཁྱེན་པ་པོ།། ལས་སྣ་ཧོམ་གྱིས་ཐུས་ཀ་སྟེ།། ལས་གཞུག་གཅོད་པ་ཇི་ལྟར་ལགས།། བཀའ་སྩལ་པ།། ཉོན་ཅིག་མ་གོ་སེམས་ཅན་ཁྱོད།། ལས་གཞུག་ཆིག་བཞི་འདི་ཆོས་གཅད། ། ཧོ། ཡི་ཤེས་ཀློང་ཡངས་འཁྱིལ་བའི་ཧོཾ་ཁུང་དུ།། དྲག་པོ་སྲེག་རྫས་དམ་པ་འདི།། དྲང་སྲོང་ཆེན་པོ་ཁྱེད་རྣམས་ལ།། བདག་ཅག་དིང་གི་རྣལ་འབྱོར་དང།། དུས་ངན་སྙིགས་མའི་གང་ཟག་གིས། ། རྫས་ཀྱི་ཁྱེད་ལ་འབུལ་བས་དགེས་མཛོད་ལ།། མི་མཐུན་པ་ཡི་བགེགས་ནད་དང།། འཕྲལ་གྱི་རྐྱེན་དང་སྔོན་གྱི་ལས།། ཞི་ཞི་ཚེ་རིང་དབང་ཐང་རྒྱས།། ཚེ་རིང་དཔལ་སྐྱེད་བསོད་ནམས་འཕེལ།། གཟི་བརྗིད་ཟླ་བ་ཡར་གྱི་ངོ་བཞིན་དུ། ། འཕེལ་ཞིང་རྒྱས་པར་མཛད་དུ་གསོལ།། ཡོ་བྱད་མ་འབྱོར་འཁྲུལ་ལ་སོགས།། མ་འབྱོར་མ་དག་བསོད་པར་གསོལ།། བདག་ཅག་སེམས་ལ་དབང་སྒྱུར་བ།། མ་འོངས་གང་ཟག་དབང་མ་ཐོབ། ། དེས་ན་མ་སྐྱེས་དབང་གིས་ནི།། མེ་ལྷ་ཁྱེད་ལ་བཟོད་པར་གསོལ།། ལས་སུ་བཅོལ་བའི་འཕྲིན་ལས་མཛོད།། ཁྱེད་ཅག་མ་འོངས་འཁོར་རྣམས་ཀྱིས།། དེ་ལ་བཏབ་པས་འབྲས་བུ་འབྱུང།། དཔེར་ན་ནས་སྲན་མ་བཏབ་ན། ། འབྲས་བུ་འབྱུང་བ་ཅི་ལ་འབྱུང།། དེ་ཕྱིར་ཧོམ་ཐབ་བྱས་པས་སྡིག་སྒྲིབ་སྦྱོང།། སྨོན་ལམ་བཏབ་པས་སྔོན་ན་སྡོད།། སྨོན་ལམ་མ་བཏབ་ངེས་པ་མེད།། དེས་ན་འདི་ལ་ནན་ཏུར་སྐྱེད། ། བཏབ་པས་དངོས་གྲུབ་གདོན་མི་ཟ།། སྔར་གྱི་སངས་རྒྱས་རྣམས་ཀྱིས་ཀྱང།། སྨོན་ལམ་དག་ལ་བརྟེན་ནས་འགྲུབ།། དེ་ཡང་འཁོར་ཚོགས་ཁྱེད་རྣམས་ཀྱང།། ང་ཡིས་བསྟན་པའི་ངག་འདི་ཉོན།། བཏབ་པས་ལས་བཞིའི་འབྲས་བུ་འབྱུང། ། དབང་དྲག་གཉིས་ཀྱིས་གཞན་དོན་འགྲུབ།། ཞི་རྒྱས་གཉིས་ཀྱིས་བདག་དོན་འགྲུབ།། དཔེར་ན་ཟར་མའི་ལོ་ལེགས་འདྲ།། ཟླ་གསང་ནག་པོའི་རྒྱུད་ལས།། མན་ངག་སྒྲུབ་ཐབ་ཧོམ་གྱི་ལེའུ་སྟེ་སོ་དགུ་པའོ། །།། ཡང་ཞུས་པ།། སྟོན་པ་ལགས།། མ་འོངས་སེམས་ཅན་དོན་ཆེད་དུ།། གནས་ཀྱི་རིམ་པ་ཇི་ལྟར་ལགས།། མཎྜལ་སྟེགས་བུ་ཇི་ལྟར་ལགས།། ལྷག་པར་གནས་པ་ཇི་ལྟར་ལགས། ། གནས་ཀྱི་དགོངས་པ་ཇི་ལྟར་ལགས།། དབང་བསྐུར་དོན་ནི་ཇི་ལྟར་ལགས།། ཚོགས་ཀྱི་བྱ་ལུགས་ཇི་ལྟར་ལགས།། ཆ་འདས་སྐྱེལ་ས་ཇི་ལྟར་ལགས།། བཀའ་སྩལ་པ། ཧོ། ཉོན་ཅིག་འཇམ་དཔལ་རྣོན་པོ་ཁྱོད། ། ཤིན་ཏུ་ལེགས་སོ་རིགས་ཀྱི་བུ།། གནས་ཞེས་བྱ་བའི་ཆོ་ག་ལ།། ས་ཆོག་གསང་སྔགས་ཁོག་ལྟོ་ཡིན།། ཁྱད་པར་ཕྱེ་བ་འདིར་མ་བཤད།། ས་རྐོ་དུལ་བ་གཉིས་ཡོད་དེ།། ས་རྒོད་མ་དུལ་ས་གཞུང་བྱ། ། རྒྱས་པ་བྱ་སྟེ་བཀའ་བརྒྱ་མཐུན།། འདི་རུ་ལེགས་པར་མ་བཀོད་དོ།། སྟེགས་བུ་དལ་མཉམ་བདུད་རྩི་བྱུག། བསྙེན་རྫོགས་མཎྜལ་རྩིག་ལྷ་གནས་བྱ།། ལྷ་གྲངས་མེ་ཏོག་ཕུར་བུས་བྱ།། དེ་ལ་སྙིང་པོས་ལྷ་རྣམས་དབབ། ། མཆོད་བསྟོད་བཀའ་གཞུང་གཞན་དང་མཐུན།། གཏོར་མ་རྒྱས་པར་གཏང་བར་བྱ།། རྫས་དང་སློབ་མ་ལྷག་གནས་བྱ།། སློབ་མ་ཁྲུས་བྱས་ཆས་རྣམས་བསྐོན།། སྟེགས་བུ་ཐོག་བཤམས་མཚམས་གཅོད་བྱ། ། དེ་ཡིས་གསོལ་བཏབ་བཀའ་ལུང་ནོད།། ཡན་ལག་བདུན་པ་ཚུལ་དུ་བྱ།། གདམས་པ་བྱས་ཏེ་མཚན་ཉིད་དྲི།། སྲུང་སྐུད་བཏགས་ཤིང་ཚེམས་ཤིང་བྲིམ།། སླར་ལ་གཏང་ལ་སྙིང་ལ་བྲི།། དེ་ནི་སློབ་མ་གནས་པའོ། ། སྐབས་སུ་ཁ་བསྐང་ཞི་བའི་ཧོམ་ཐབ་བྱ།། ཧོམ་གྱིས་ལྷག་ཆད་བསྐང་བའོ།། ད་ནི་གནས་ཀྱི་བསྒྲུབ་པ་བརྩམ།། སྟེགས་བུ་རྣམ་པ་བདུན་བརྩེགས་བྱ།། དང་པོ་ཁྲོ་བའི་དཀྱིལ་འཁོར་བྱ།། གཉིས་པ་མཎྜལ་ཟླུམ་པོ་བྱ། ། འཁོར་ལོ་རྩིབས་བརྒྱད་སྒོ་གཅིག་པ།། དེ་འོག་མཎྜལ་ཁྲུ་གང་བ།། ཞི་བའི་མཎྜལ་བྲི་བར་བྱ།། དེ་འོག་ཟླུམ་པོ་སྒོ་གཅིག་པ།། པདྨ་འདབ་བརྒྱད་བྲི་བར་བྱ།། དེ་འོག་ཟླུམ་པོ་མཐིང་ནག་གདན། ། བཏིང་སྟེ་རྟེན་གྱི་དྲི་མ་གཞག། དེ་འོད་དྲག་པོ་ཧོམ་དཀྱིལ་དུ།། གཤིན་རྗེ་གཤེད་རྣམས་འཕྲོག་པར་བྱ།། གནས་ཀྱི་ཕྱི་རོལ་ཡངས་པ་རུ།། ལྷག་ཆད་གདུག་པ་ཞི་བྱའི་ཕྱི།། ཞི་བའི་མེ་ཐབ་བརྩིག་པར་བྱ། ། བྲི་བར་མ་གསུངས་དཀར་ཞལ་བྱ།། མཎྜལ་བདུན་པར་གསུངས་པའོ།། གནས་ཀྱི་དགོངས་པ་བྱ་བ་དེ།། འཇམ་དཔལ་ལས་གཞུང་གཉིས་སྲང་སྟེ།། སྐབས་ལ་བབ་ན་གཤེད་དང་བྲལ།། ཟླུམ་པོ་དག་ཏུ་ངན་སོང་སྦྱང། ། དག་བྱེད་སྔགས་ཀྱིས་མཐའ་བསྒྱུར་བཀྲུ།། ཟླུམ་པོ་འདབ་མའི་སྟེང་གཞག་སྟེ།། ཞི་བའི་དཀྱིལ་འཁོར་གཞུག་དབང་བསྐུར།། ཕྱི་ཡི་དབང་ལྔ་སྤྱིར་སྙག་གོ། ཞི་བའི་ཚོགས་ཕྲན་དེ་འཕྲད་དོ།། དེ་ཡང་སྒྲིབ་པ་བཀྲུ་བཤགས་བྱ། ། དེ་ཡང་ལན་གཅིག་བདེ་བར་ཕྱིན།། དེ་ནས་མཎྜལ་གོང་འོག་ཏུ་གཞག་སྟེ།། ཁྲོ་བོའི་དཀྱིལ་འཁོར་འཇུག་པར་བྱ།། མེ་ཏོག་གཏོར་ལ་གསོལ་བ་གདབ།། ལྷ་ཚོགས་དེ་ཡི་མཚམས་ཀྱང་གཅད། ། ཚེ་འདས་བསྐོར་ཞིང་བསྲུང་བ་བྱ།། ཁྲོ་བོ་མཚམས་ཀྱི་མཎྜལ་ལ།། དེ་ནས་དྲག་པོ་ཁྲོ་བོ་དབང།། དམ་རྫས་ལྔ་ཡི་གཞི་བླངས་ལ།། གང་མཚམས་དབང་རྣམས་བསྐུར་བར་བྱ།། དབང་རྫོགས་ཚོགས་ཀྱི་འཁོར་ལོ་བསྐོར། ། སྒྲ་བཀྲོལ་དྲི་བཏུལ་སྟང་སྟབས་བྱ།། བགེགས་བསད་འཇམ་དཔལ་ཚོགས་ཕྲིན་གདག། རུ་འདིས་གནས་ཀྱི་དགོངས་པ་བྱ།། ལས་མཁན་ཚོགས་ཀྱི་པཱུ་ཙ་དབུལ།། བྱན་པས་ཚོགས་ཀྱི་དབྱེ་བཤག་བྱ། ། ཚོགས་གསུམ་བཤར་ཏེ་བགོ་བཤའ་བྱ།། ཚོ་གཅིག་དཀྱིལ་འཁོར་ལྷ་ལ་དབུལ།། ཚོ་གཅིག་ཕུད་ཕུལ་ཚོ་གསུམ་དབྱེ།། ཚེ་གཅིག་ལས་བཞི་སྦྱིན་སྲེག་བྱ།། ཚོ་གཅིག་མི་ཟད་གཏེར་དུ་སྦ། ། ཚོ་གཅིག་མཁའ་འགྲོ་མཐའ་དག་མཆོད།། གསུམ་བགོས་ཆ་གཅིག་ཆ་གཉིས་ཏེ།། ཆ་གཅིག་རྣལ་འབྱོར་པ་རྣམས་རོལ།། ཆ་གཅིག་མཐའ་ཡི་འཁོར་ལ་དབྱེ།། དེ་བཞི་ཚོགས་ཀྱི་དབྱེ་བཞག་གོ། ཚེ་འདས་རྒྱལ་བ་འདི་ལྟར་བྱ། ། རྡོ་རྗེ་རྩེ་མོར་མིང་བྱ་གདག། ཁྲོ་བོ་དལ་ནས་བསྟན་པར་བྱ།། འཇམ་དཔལ་ཡེ་ཤེས་སེམས་དཔའ་ཡིས།། ཡབ་ཡུབ་ལྷུམས་སུ་བསྟབ་པར་བྱ།། འབྲུ་དྲུག་སྦྱངས་ནས་རྒྱལ་བ་ལྔར།། ལན་ཅིག་བསྟན་ཏེ་བདེ་བར་ཕྱིན། ། དེ་ནས་སྐྱེ་ཤི་མེད་པར་བསྐྱལ་བ་དང།། ཡབ་ཡུམ་ལྷུམས་སུ་འཕང་བའོ།། ཡབ་ཡུམ་འཁར་རུ་འཕེན་ན་ནི།། རླུང་ལ་བསྐྱོན་ཏེ་ཁ་རུ་བཞུ།། དེ་ལས་རིགས་ཀྱི་འཇམ་དཔལ་གང་རུང་ཞིག། བསྐྱེད་དེ་དབང་དང་བྱིན་བརླབས་ནས།། འགོ་བ་མཐའ་དག་དོན་གྱི་བར།། བསྒོམ་ལ་སེམས་ཅན་དོན་ལ་གཏང།། ཚེ་འདས་པ་ཡི་རིམ་པའོ།། དེ་ནས་མཚན་བྱང་མེ་ལ་བསྲེག། མཐར་ཕྱིན་ལམ་དུ་བསྐྱལ་བའོ། ། ཚོགས་ཀྱི་ལྷ་མོ་སྤྱན་དྲངས་ཏེ།། སྒྲ་དཀྲོལ་རྡོ་རྗེའི་གླུ་ཡང་བླང།། གཡོན་པ་བསྡིགས་བསྒྲེང་རྐང་པ་བསྒྲང།། གཡས་པ་རྡོ་རྗེ་བརྡེག་ཚུལ་འཕྱར།། གདུང་བའི་བྱུག་པ་བླང་ཞིང་བསྟན།། བརྒྱང་ལ་ཡར་ལ་འཚལ་བྲོ་བརྡུང། ། དེ་ནས་ཚོགས་ལ་སྦྱིན་སྲེག་བྱ།། ལས་བཞི་བློ་ཡིས་དགའ་གླུ་བླངས།། དེ་ནས་ཕྱི་ནང་བསྡུ་བ་སྟེ།། མི་ལྟུང་རྟོག་མེད་ངང་དུ་བསྒོམ།། ཟླ་གསང་ནག་པོའི་རྒྱུད་ལས།། ཚེ་འདས་གནས་ཀྱི་ཆོ་གའི་ལེའུ་སྟེ་བཞི་བཅུ་པའོ། །།། ཡང་ཞུས་པ།། སྟོན་པ་ལགས།། ཚེ་ཕྱིར་འདོད་དང་རུས་པ་ཡི།། ཚ་ཚྭ་གདབ་པ་ཇི་ལྟར་ལགས།། བཀའ་སྩལ་པ།། ཉོན་ཅིག་རྡོ་རྗེ་རྣོན་པོ་ཁྱོད།། ཚེ་ཕྱི་འདོད་པའི་ཚ་ཚ་དང།། རུས་བུ་འདེབས་པའི་ཚ་ཚྭ་ལ། ། ཟུར་ཙམ་མི་མཐུན་མ་ཡིན་པ།། ཁྱད་པར་འདུག་པ་ངས་མ་མཐོང།། ཚ་ཚྭ་གདབ་པའི་བྱ་ལུགས་ལ།། ཡིད་དགའ་བ་ཡིས་ཕྱོགས་དེར།། བདེ་བའི་སྟན་ལ་འདུག་ནས་ནི།། ས་བདག་གཉིས་ལས་ས་བླངས་ཏེ། ། མི་གནང་བ་ལ་གཏོར་མ་སྦྱིན།། བྱིན་ལ་གསོལ་བ་གདབ་པར་བྱ།། གནང་ལ་ཚིག་གིས་བླང་བར་བྱ།། བླངས་ལ་ལྟོ་འཕྱེ་བརྟགས་བྱས་ལ།། ལྷ་མོ་བཏོན་ལ་དཔང་པོར་གཞག། པཱུ་ཙ་ཕུལ་ཏེ་གསོལ་བ་གདབ། ། ཁྲུ་ཚད་གང་བྱེད་སློབ་དཔོན་ཁྲུ།། ཁྲུ་བཙལ་སྟེགས་བུ་བརྩིག་པར་བྱ།། ཁྲུ་གང་དཔངས་སུ་བརྩིགས་བྱས་ལ།། ཆག་ཆག་རྣམ་གསུམ་རིམ་པར་གདབ།། རོ་ལྔ་བསལ་ལ་བྱིན་བརླབས་བྱ། ། བྷྲཱུཾ་ལས་རིན་ཆེན་གཞལ་ཡས་ཁང།། གསེར་གྱི་ས་གཞི་བྱིན་བརླབས་བྱ།། ཚིམ་ནས་མེ་ཏོག་ཚོམ་བུ་དང།། དྲི་ཡི་ཐིག་ལེ་ལེགས་པར་བྱ།། དེ་ལ་ལྷ་རྣམས་སྙིང་པོ་བསྟིམ།། ལྷག་པར་གནང་བ་ཚུལ་བཞིན་བྱ། ། མཆོད་བསྟོད་བྱས་ལ་ཚང་ཐིག་བརྩམ།། བསྒྲུབ་པ་བརྩམས་ཏེ་མཎྜལ་བྱ།། དཀྱིལ་འཁོར་འདབ་གང་གྲུབ་བཞི་ལ།། རིམ་གསུམ་བསྐོར་བའི་ལྟེ་བ་ལ།། སྣ་ཚོགས་པདྨ་འདབ་བརྒྱད་བྲི།། ལྟེ་བར་འཇམ་དཔལ་སེམས་དཔའ་བཞུགས། ། བསྐྱེད་པ་ས་བོན་དྷི་ལས་བསྐྱེད།། སྔགས་ནི།། ཨོཾ་བཱ་གཱི་ཤྭ་རི་མུཾ་གྱིས་བསྐྱེད།། སྤྱན་དྲངས་དེ་ལ་བསྟིམ་པར་བྱ།། བྱིན་བརླབས་དབང་བསྐུར་གཞན་དང་མཐུན།། རིམ་གཉིས་པདྨའི་གདན་སྟེངས་སུ། ། ཚ་ཚྭ་བཏབ་སྟེ་སྐུ་རུ་བསྒོམ།། དེ་ནས་གདན་ལ་བཞུགས་སུ་གསོལ།། སྤྱན་དབྱེ་བྱིན་བརླབས་དབང་ཡང་བསྐུར།། དེ་པ་སྤྱན་དྲངས་སྐུ་ལ་བསྟིམ། དེ་ནི་རབ་ཏུ་གནས་པའོ།། ཚོགས་ཆུང་གཏོར་མ་ཞལ་ཟས་ཀྱིས། ། པཱུ་ཙ་ཕུལ་ནས་བསྟོད་པ་བྱ།། འདེབས་དུས་བསྒོམ་པ་འདི་ལྟར་བྱ།། པདྨ་རིན་ཆེན་སྣ་ལྔ་ལས།། སྔགས་འདིས་ཚ་ཚྭ་གདབ་པར་བྱ།། ཨོཾ་བཱ་གི་ཤྭ་རི་མུཾ།། ཧེ་བྷ་ག་བན་མཉྫུ་ཤྲཱི་ཀུ་མ་ར་ག་རྩེ་སྭཱཧཱ། ། དེ་ནས་མཁས་པས་གདབ་པར་བྱ།། ཤེས་རབ་པོ་ཏི་ཐུགས་རྟགས་ཅན།། ཆོས་རྣམས་ཐམས་ཅད་སྟོན་པ་པོ།། སྐྱེ་མེད་ངང་ལས་ཟུག་རྔུ་སྤངས།། འཇམ་དཔལ་ཆོས་སྐུ་ཉིད་ལ་བསྟོད།། འཁྲུལ་པ་མི་མངའ་ནོར་བ་སྤངས། ། ཐེ་ཚོམ་ཐམས་ཅད་གཅོད་མཛད་པ།། ཐམས་ཅད་མཁྱེན་ཞིང་དེ་ཉིད་སྟོན།། ཉི་ཟླ་ལྟ་བུ་མུན་རུམ་སེལ།། འཇམ་དཔལ་ཡེ་ཤེས་ཁྱེད་ལ་བསྟོད།། འདོད་པའི་དོན་གྲུབ་དགོས་དོན་གཏེར།། ཡིད་བཞིན་ནོར་བུ་དགོས་འདོད་སྟེར། ། དབུས་པོ་སེར་སྣས་བཅིངས་པ་ཡིས།། དེ་ཡི་བསམ་པ་ཐམས་ཅད་འགྲུབ།། དེ་ཡིས་སེར་སྣ་གཅོད་མཛད་པ།། ཐམས་ཅད་མཁྱེན་ཞིང་དེ་ཉིད་སྟོན།། ཉི་ཟླ་ལྟ་བུར་མུན་རུམ་སེལ། ། འཇམ་དཔལ་ཡེ་ཤེས་ཁྱོད་ལ་བསྟོད།། འདོད་པའི་དོན་གྲུབ་དགོས་འདོད་སྟེར།། ཡིད་བཞིན་ནོར་བུ་དགོས་འདོད་སྟེར།། དབུལ་པོ་སེར་སྣས་བཅིངས་པ་ཡིས།། དེ་ཡི་སེར་སྣ་གཅོད་པར་བྱེད།། ཐམས་ཅད་མཁྱེན་ཞིང་དེ་ཉིད་སྟོན། ། ཉི་ཟླ་ལྟ་བུར་མུན་རུམ་སེལ།། འཇམ་དཔལ་དགོས་འདོད་བསྐོངས་ལ་འདུད།། བྱམས་པའི་ཐུགས་རྗེ་ཤུགས་དང་ལྡན།། རྟག་ཏུ་སྙིང་རྗེ་དོན་དང་ལྡན།། ཤེས་རབ་རལ་གྲི་མདའ་གཞུ་ཐོགས། ། མི་ཤེས་བཟློག་བའི་ཐུགས་རྗེ་ཅན།། འཇམ་དཔལ་ཐུགས་རྗེས་ལྡན་ལ་འདུད།། ལས་ཀྱི་སེམས་ཅན་བདག་ཏུ་སྐྱེས།། ལས་ཀྱི་རྣམ་སྨིན་དགྲ་རུ་ལངས།། འཇམ་དཔལ་བཀའ་གཞུང་བདེན་མོད་ཀྱང། ། བརྩོན་འགྲུས་ཞན་པས་རྔོ་མ་ཐོགས།། བསྟོད་པའི་སེམས་ཀྱི་ཁྱོད་ལ་བསྟོད།། ཟླ་གསང་ནག་པོ་ཏནྟྲ་ལས།། ཚ་ཚྭ་གདབ་པའི་ལེའུ་སྟེ་ཞེ་གཅིག་པའོ།།།། ཡང་ཞུས་པ། སྟོན་པ་ལགས།། མ་རྟོགས་པ་ཡི་གང་ཟག་ལ། ། ཚ་ཚྭ་གདབ་པའི་རྗེས་འཇུག་ལ། སྤྱན་དབྱེ་མངའ་གསོལ་ཇི་ལྟར་ལགས།། བཀའ་སྩལ་པ། སྤྱན་དབྱེ་མངའ་གསོལ་འདི་ལྟར་བཤད།། ང་ཡིས་དྲང་དོན་འདི་ལྟར་བསྟན།། ལམ་ལ་ཞུགས་པའི་རྣལ་འབྱོར་པ། ། སྤྱན་དབྱེ་བ་ཡི་ཚིག་བཤད་ལ།། དང་པོ་སྐུ་ཁྲུས་གསལ་བར་བྱ།། རྒྱལ་བའི་སྐུ་ལ་མདངས་ལྷར་གསལ་བའི་སྐུ།། འཇམ་དཔལ་སྐུ་ལ་དྲི་མ་མི་མངའ་ཡང།། འགྲོ་བའི་དྲི་མ་བསལ་ཕྱིར་རྔ་ཡབ་དང། ། ཁ་ཚར་མ་ཉམས་རས་ཀྱིས་སྐུ་བྱིས་པས།། སེམས་ཅན་དྲི་མ་བག་ཆགས་བྱང་གྱུར་ཅིག། ནིར་མ་ཀཱ་ཡ་ཤུད་དྷོ་ཧཾ། གསེར་གྱི་གཙག་བུས་སྤྱན་བསལ་བས།། རྒྱལ་བའི་མཁའ་ལ་བྱོན་བའི་གསེར་མདོག་ཅན། ། འཇམ་དཔལ་སྤྱན་ལ་རབ་རིབ་མི་མངའ་ཡང།། རྣལ་འབྱོར་རྣམས་ཀྱི་བག་ཆགས་སྦྱང་སླད་དུ།། གསེར་གྱི་གཙག་བུས་སྦྱན་གྱི་ལིང་ཏོག་བསལ།། སེམས་ཅན་མུན་པ་ཐམས་ཅད་གསལ་གྱུར་ཅིག། ནིར་མ་ཀཱ་ཡ་ཙག་ཤུ་པྲ་བེ་ཤ་ཕཊ། ཐང་སྐུ་བྱེད་ན་རས་ལ་བྱ།། གཟོ་བོ་སྨྱུར་བར་གནས་པར་བྱ།། གཞོན་ནུའི་ཚུལ་འཆང་རོ་བརྒྱད་པ།། ཟུར་ཕུད་ཅན་ལ་གསེར་མདོག་སྐུ།། ཕྱག་ན་རལ་གྲི་པོ་ཏི་འཛིན། ། མཁས་པའི་གཙོ་བོ་དེ་ལ་སྤྱན་དབྱེ་དབང་བསྐུར་བྱ།། འདུ་འཛི་སྤངས་ཏེ་གནས་པ་དང།། མཎྜལ་མེ་ཏོག་གཅལ་བཀྲམ་སྟེ།། ཨ་ཀ་རུ་དང་དུ་རུ་ཀ། བཟང་པོ་དྲིས་བདུག་སྦྲིན་བཏུལ་ལ།། མར་དཀར་མེ་ཡང་རྒྱུན་མི་གཅད། ། དྲག་པའི་རྫས་རྣམས་འདིར་མི་བསྙེན།། པཱུ་ཙ་རིམ་པས་དབུལ་བར་བྱ།། འགྲོ་དྲུག་འཁྱམས་པའི་སེམས་ཅན་ལ།། ཚད་མེད་བཞི་དང་ལྡན་པར་བསྒོམ།། ཨོཾ་སྭ་བྷཱ་བི་ཤུད་དྷ། སརྦ་དྷརྨཱ་སྭ་བྷ་བི་ཤུད་དྷོ་ཧཾ། ཐམས་ཅད་སྟོང་པ་ཉིད་དུ་བསྒོམ།། སེམས་ཀྱི་ཆོ་འཕྲུལ་དྷི་དང་ཧི།། འཕྲོ་འདུ་བྱིན་བརླབས་སྐུ་རུ་གསལ།། ཨོཾ་བཱ་གི་ཤྲི་མུཾ། ཡང་ན་ཨ་པ་ར་བྱི་དུ། བརྗོད་པས་ཟླ་བའི་དལ་སྟེངས་སུ།། ཧྲི་ལས་འཇམ་དཔལ་སྐུ་རུ་གསལ། ། བཟང་པོ་འདུག་སྟེངས་གཞོན་ནུའི་སྐུ།། གསེར་མདོག་ཟུར་ཕུད་པོ་ཏི་རལ་གྲི་བསྣམས།། གཞོན་ནུ་ལོ་བརྒྱད་པ་ཡི་ཚུལ།། རྒྱུན་དུ་འདོན་པའི་སྙིང་པོ་ལ།། བཱ་གི་ཤྭ་རི་མུཾ། ཨ་ར་པ་ཙ་ན་ཧྲིཿ་ཨོཾ་ཧཱུཾ་ཨཾ། ཏྲི་བྱིན་བརླབས་སྔགས།། དེ་ཡི་ཐུགས་ཀར་བསམ་བྱ་བ།། ཡེ་ཤེས་སེམས་དཔའ་མཚོན་གང་བོ།། དེ་ཡི་ཐུགས་ཀར་ཏིང་འཛིན་སེམས།། རྡོ་རྗེ་ལས་འོད་འཕྲོས་རྣམས་བྱས།། སླར་འདུ་ཐུགས་ཀའི་ཧྲི་ལ་ཐིམ། ། དེ་ཡི་མཐའ་མ་བཟླས་ཡིག་བསྐོར།། དེ་ལས་འོད་འཕྲོས་དེ་བ་དྲངས།། དྲངས་པ་དེ་དང་གཉིས་མེད་བསྟིམ།། དྲང་བའི་ཚིག་ནི་འདི་ཡིས་བསྒྲགས།། ཧཱུཾ། མི་དམིགས་པ་ཡི་ཞིང་ཁམས་ནས།། ཐབས་ཀྱི་ཆོ་འཕྲུལ་བསྐུར་བསྟན་པ། ། འཇམ་དཔལ་སྤྲོས་བྲལ་བདག་གཞན་དཔལ།། གཞོན་ནུ་ཚུལ་འཆང་གཙུག་ཕུད་ཅན།། འོད་བཟང་སྟོན་ཀའི་ཟླ་ལྟར་གསལ།། ཤེས་རབ་རལ་གྲི་པོ་ཏི་འཛིན།། མ་རིག་མུན་སེལ་ཤེས་རབ་འོད། ། འགྲོ་ལ་ཕན་ཕྱིན་གནས་འདི་རུ།། སེམས་ཅན་དོན་ལ་བརྩེར་དགོངས་ཏེ།། ཐུགས་རྗེའི་དབང་གིས་གཤེགས་སུ་གསོལ།། ལྕགས་ཀྱུ་མུ་ཏྲ་བཅས་ལ་དགུག། ཛཿཧཱུཾཿབཾ་ཧོཿ་ཨཱ་བེ་ཤ་ཡ།། གཉིས་མེད་ཐིམ་སྟེ་པཱུ་ཙ་དབུལ། ། བསྟོད་པའི་རྒྱལ་པོ་འདི་ཡིས་བསྟོད།། འཇམ་དཔལ་དཔལ་དང་ལྡན་པའི་མཆོག། འོད་ཟེར་སྟོན་ཀའི་ཟླ་ལྟར་དཀར།། ཉི་མ་འཆར་བའི་འོད་ལྟར་གསལ།། ཕྱག་སོར་འབྲེལ་ལ་སེན་ཤན་དམར། ། རྩ་གཉིས་མཚན་འཆང་ཁྱོད་ལ་འདུད།། ཤེས་རབ་ལྡན་པའི་སྐད་ཅིག་གིས།། ཆོས་ཀུན་ཁོང་དུ་ཆུད་པར་མཁྱེན།། མི་ཤེས་གཡུལ་ངོ་ཐམས་ཅད་སེལ།། སེམས་ཅན་ཀུན་ལ་བྱམས་ལྡན་བསྟོད། ། མི་ཤེས་མུན་སེལ་རལ་གྲི་དང།། སྨད་ཚེར་དག་གིས་སྙན་གསལ་བས།། འཇམ་དཔལ་དབྱངས་ལ་འགག་པ་མི་མངའ་ཡང།། གསེར་གྱི་གཙག་བུས་སྙན་བསལ་བས།། སྲིད་སྒྲ་ཐམས་ཅད་ཐོས་གྱུར་ཅིག། སྭ་བྷ་ཝ་ཤུད་དྷོ་ཧཾ། ཟངས་ཁབ་དམར་པོས་ཤངས་བསལ་ནས།། འཇམ་དཔལ་ཤངས་ལ་འགག་བ་མི་མངའ་ཡང།། སེམས་ཅན་རྣམས་ཀྱི་བག་ཆགས་སྦྱང་སླད་དུ།། ཟངས་ཁབ་དམར་པོས་ཤངས་ཀྱི་དབང་པོ་བསལ། ། ཁམས་གསུམ་དྲི་རྣམས་ཚོར་གྱུར་ཅིག། སརྦ་ཤུད་དྷོ་ཧཾ། ཚེམས་ཤིང་དག་གི་ཚེམས་བསལ་བས།། འཇམ་དཔལ་ཚེམས་ལ་རྣོལ་བརྟུལ་མི་མངའ་ཡང།། སེམས་ཅན་འགྲོ་བའི་བག་ཆགས་སྦྱང་སླད་དུ། ། ཚེམས་ཤིང་རྣོན་པོས་ཚེམས་ཀྱི་ཉེས་པ་བསལ།། ཁམས་གསུམ་སེམས་ཅན་སྡུག་བསྔལ་ཆོད་གྱུར་ཅིག། བཛྲ་དུ་ཁ་ཚེ་ད་སྭཱཧཱ།། དུང་གི་སོ་མངས་དབུ་བཤད་དེ།། འཇམ་དཔལ་དབུ་ལ་ཉེས་པ་མི་མངའ་ཡང། ། དུང་གི་སོ་མངས་གཙུག་གི་ཉེས་པ་བསལ།། ཁམས་གསུམ་དྲི་མ་མ་ལུས་དག་པར་ཤོག། རཏྣ་ཤི་ཁི་སྭཱཧཱ། སྐུ་ཕྱིས་དར་གྱིས་བཀབ།། སྐབས་འདིར་དབང་རྒྱས་པར་བསྐུར།། ཞལ་ཟས་འབྱོར་ཚད་མངའ་གསོལ་བྱ། ། སྤྱན་དྲངས་ཏེ་བསྟིམ་ལ་གཞག། རྟག་ཏུ་བསྟིམ་ཚིག་འདི་དག་སྟེ།། འཇམ་དཔལ་དཔལ་དང་ལྡན་པའི་མཆོག། བདག་ཅག་སྒྲིབ་པ་སྦྱང་བ་དང།། མ་འོངས་རྣམས་ལ་སྨན་པ་དང།། མ་ཆགས་པདྨའི་གདན་ལ་བཞུགས། ། པདྨ་ཏིཥྟ་ལྷན་ཨ་ཨཱ། ཟླ་གསང་ནག་པོའི་རྒྱུད་ལས།། སྤྱན་དབྱེ་མངའ་གསོལ་གྱི་ལེའུ་སྟེ་ཞེ་གཉིས་པའོ།།།། ཡང་ཞུས་པ།། སྟོན་པ་ལགས།། མ་འོངས་པ་ཡི་སེམས་ཅན་ལ།། དངོས་གྲུབ་སྒྲུབ་ན་ཇི་ལྟར་བསྒྲུབ། ། བསྒྲུབ་ན་བསྒྲུབ་ལུགས་དུ་ཙམ་མཆིས།། བཀའ་སྩལ་པ།། ཉོན་ཅིག་རྡོ་རྗེ་རྣོན་པོ་ཁྱོད།། དངོས་གྲུབ་བསྒྲུབ་པ་བསམ་ཡས་ཏེ།། བསྡུས་པ་རྣམ་པ་འདི་ལྟ་སྟེ།། རོ་ལངས་གསེར་དུ་བསྒྲུབ་པ་དང། ། བེ་ཅོན་འཁོར་ལོ་རལ་གྲི་དང།། ལྕགས་ཀྱུ་དགྲ་སྟ་ཐོད་པ་དང།། ཏྲི་ཤུལ་ཞགས་པ་ཉུངས་ཀར་དང།། ཐོད་པ་བརྟུལ་ཞུགས་སྡིགས་མཛུབ་དང།། གསེར་གྱི་སོར་གདུག་མིག་འཕྲུལ་དང།། ཟངས་ལྕགས་གསེར་དངུལ་དག་ལས་ནི། ། སྐུ་གཟུགས་ཚད་ལྡན་བྱས་ནས་ནི།། བསྒྲུབ་བམ་ཡང་ན་བྱ་བ་ནི།། རས་ལ་བྲིས་ལ་བསྒྲུབ་པར་བྱ།། ཅི་འདོད་ཐམས་ཅད་སྟེར་བར་འགྱུར།། རྐང་མགྱོགས་རྫུ་འཕྲུལ་མངོན་ཤེས་བསྒྲུབ། ། སྔོན་དུ་བསྙེན་པ་རྫོགས་པ་དང།། གང་གི་གང་བྱེད་དལ་ཐོག་ཏུ།། བསྒྲུབས་ན་དངོས་གྲུབ་ཅི་འདོད་གྲུབ།། རྟགས་རྣམས་མ་འདྲིས་ཐ་དད་དོ།། མཁས་པས་བསྒྲུབས་ན་མཆོག་ཏུ་འགྱུར། ། བཅུ་དགུ་དག་ཏུ་ངས་བཤད་ཀྱིས།། སྤྱི་རྒྱུད་ཨ་ཀྲོ་དག་ལ་སྙེག། བསྙེན་པ་གྲུབ་ན་གདོན་མི་ཟ།། བླ་མའི་གདམ་ངག་ཤེས་རབ་ཀྱིས།། ཡནལག་རྒྱས་པར་ངས་མ་བཤད།། འཁོར་འདྲ་ཡོད་ཀྱིས་ཉམས་སུ་ལོང། ། རྒྱས་པར་ཁྱེད་ལ་བཤད་མི་དགོས།། བསྒྲུབས་པའི་འབྲས་བུ་ཐ་དད་འབྱུང།། འཇིག་རྟེན་དངོས་གྲུབ་བྱ་བ་ཡིན།། རྒྱ་མཚོ་སྐམ་དང་ཆུ་བྲན་བསྐོལ།། རི་བོ་ཉིལ་དང་མནོས་པར་ཕྱིར།། དབང་དུ་ཐམས་ཅད་འདུ་བར་དྲང། ། ཡིད་ལ་བསམ་བའི་ལས་རྣམས་བྱེད།། ཅི་འདོད་གཏེར་རྣམས་མངའ་རུ་འདུ།། མི་རོ་སྐད་འབྱིན་ལངས་ནས་འགྲོ། དྲེག་པ་ཡོ་ཀ་དབང་དུ་སྡུད།། མ་ནོས་ས་རུ་ཕྱིན་པར་བྱེད།། ནམ་མཁའ་རངས་པར་གོ་མཚོན་གང། ། ཐོད་པ་ནང་ནས་གཏེར་ཁ་དབྱེ།། སྡིགས་མཛུབ་བཙུག་པས་རི་བོ་ཉིལ།། སོར་གདུབ་བསྒྲུབས་པས་ནོར་བུ་རྙེད།། ལྕགས་ཀྱུས་རང་དབང་མེད་པར་འགུག། བེ་ཅོན་རྒྱ་བས་འཆོར་མི་སྲིད། ། དགྲ་སྟས་ཐམས་ཅད་ཀླད་པ་འགེམས།། རལ་གྲིས་ཐམས་ཅད་གཅོད་ཅིང་མཚོན་དུ་འགྱུར།། ནམ་མཁའ་རངས་པ་མཚོན་གྱིས་ཁེངས།། སྐུ་གཟུགས་བྲིས་སྐུས་རིག་བཞི་ཡིས།། ཐུན་མོངས་དངོས་གྲུབ་དཀའ་བ་མེད། ། རྐང་མགྱོགས་མནོས་པས་ཕྱིན་པར་བྱེད།། ཏྲི་ཤུལ་གདུག་པས་དུག་གསུམ་གཅོད།། ལྕགས་ཀྱུས་མཛའ་བོ་མཛའ་མོ་འགུག། ཟླ་གསང་ནག་པོའི་རྒྱུད་ལས།། དངོས་གྲུབ་བསྒྲུབ་བའི་ལེའུ་སྟེ་ཞེ་གསུམ་པའོ། །།། ཡང་ཞུས་པ།། སྟོན་པ་ཐམས་ཅད་མཁྱེན་པ་པོ།། ལྷ་ཡི་ཚད་མ་ཇི་ལྟར་ལགས།། མ་རྟོགས་པ་ལ་བཤད་དུ་གསོལ།། གསུངས་པ།། ལྷ་ཡི་ཚད་མ་གཉིས་སུ་གསུངས།། བྲིས་སྐུའམ་ལུགས་མ་འབུར་དུ་བརྐོས། ། དེ་ཡི་ལུས་ལ་ཚད་བཙལ་བ།། ཚད་མ་ཞེས་སུ་བཤད་པ་ལ།། བསྒྲུབ་བསྙེན་ལྷ་ལ་བཙལ་བ་དང།། གསུངས་ཏེ།། ངེས་པར་གསུངས་བྱ་བ།། རྣམ་པ་ལྔ་རུ་ངེས་པར་གསུངས།། ཡི་དམ་དག་གི་ལྷ་ཡིན་ཏེ། ། བསྒྲུབས་བསྙེན་དག་གི་ལྷ་མ་ཡིན།། ལས་ཀྱི་ལྷ་དག་ཡིན་པ་ལ།། བསྒྲུབ་བསྙེན་དག་གི་ལྷ་མ་ཡིན།། ལས་ཀྱི་ལྷ་ཡང་ཡིན་པ་ལ།། བསྙེན་བསྒྲུབ་ལྷ་ཡང་ཡིན་པར་བཤད།། གནན་པ་དག་གི་ལྷ་ཡིན་ཏེ། ། བསྒྲུབས་བསྙེན་དག་གི་ལྷ་མ་ཡིན།། བསྙེན་བསྒྲུབ་དག་གི་ལྷ་ཡིན་ཏེ།། དྲག་པོ་དག་གི་ལྷ་མ་ཡིན།། དེ་ཤེས་བླ་མའི་གདམ་ངག་ཡིན།། ལས་ཀྱི་ཤན་དབྱེ་གཏན་ལ་འབེབས།། ལྷ་ཡི་ཚད་མ་དག་ཏུ་བཤད། ། འཁོར་ལོ་ཚད་མ་ཇི་ལྟར་ལགས།། འཁོར་ལོ་ཚད་མ་བྱ་བ་དེ།། ངོ་བོ་ངེས་ཚིག་རྒྱུ་དང་རྐྱེན།། གོ་རིམ་དགོས་ཆེན་ལས་རྣམས་སྟོན།། ལྡིང་བ་དང། རྨུགས་པ་དང། ཁ་བྲལ་པ་དང། ཡན་དང་འཁྲིག་དང་ལྷོག་པ་དང། ལྔ་རུ་རྒྱས་པར་ངས་བཤད་དེ།། རྒྱས་པར་འོག་ཏུ་ཤེས་པར་བྱ།། སྤྱི་རུ་དོན་པོ་ཕྱོགས་སུ་འཁོར།། མུ་དྲུག་ཁམས་གསུམ་ཁྱབ་པར་འཁོར།། རང་གའི་སྐད་པར་འཁོར།། མ་འབྱར་བ་ཡི་ལྷག་པར་འཁོར། ། རུ་རུ་ར་ཡི་དབྱིངས་སུ་འཁོར།། དེ་འཁོར་དོན་པོའི་འཁོར་དུ་འཁོར།། རྗེས་ཅན་རྗེས་མེད་གཉིས་སུ་འཁོར།། མི་འཁོར་འཁོར་ཞིང་འགྲོ་བ་དང།། རྣམ་པ་གཞན་དུ་འཕོ་ཡི་འགྲོ། རྩ་བར་འཁོར་ཞིང་རྩེ་མོར་གཅོད། ། དེ་ཕྱིར་འཁོར་ལོ་ཞེས་སུ་གྲག། འཁྲུལ་ཞིང་འཁོར་བས་འཁོར་ལོ་སྟེ།། དཔེར་ན་རྫས་རྣམས་ཚང་ན་ནི།། འཁོར་ལོ་དག་ནི་འཁོར་དུ་བཏུབ།། མ་ཚང་འཁོར་ལོ་བསྐོར་མི་བཏུབ།། དཔེར་ན་ཤིང་རྟའི་འཁོར་ལོ་བཞིན། ། ཆ་རྐྱེན་ཚང་ན་འཁོར་དུ་བཏུབ།། ཡན་ལག་མ་ཚང་མི་འཁོར་ལོ།། དེ་ཕྱིར་མན་ངག་ཚང་བར་འཁོར།། འཁོར་ལོ་ཞེས་སུ་གྲགས་པ་ཡིན།། མདོར་བསྡུས་བཤད་པ་དེ་ལྟར་རོ།། རྒྱས་པར་བཤད་ན་འདི་ལྟ་སྟེ། ། ཀུན་རྫོབ་དག་ཏུ་འཁོར་ལོ་ཡང།། བྲི་ལུགས་རྣམ་པ་མང་བཤད་ཀྱང།། ཕྱི་མོ་འཁོར་ལོ་རིམ་གསུམ་པར།། བྲིས་ཏེ་རིམ་གསུམ་བསྟན་པ་ཅི་ཡི་དོན།། ཁམས་གསུམ་སེམས་ཅན་མ་ལུས་ཀུན། ། གཤིན་རྗེའི་ལྟོ་ན་ཡོད་རྟགས་སུ།། རིམ་པ་གསུམ་དུ་བྲིས་པ་ཡིན།། འཁོར་ལོ་ལྡོག་དང་འཁོར་ལོ་འཁྱམ།། འཁོར་ལོ་ཁྲིག་དང་གཅོད་པ་དང།། རྟག་ཏུ་འཁོར་དང་ཁ་བྲལ་དང།། དེ་ཕྱྀར་རྒྱས་པར་ལྔ་རུ་གསུངས། ། འཁོར་ལོ་ལྡོག་པ་བྱ་བ་དེ།། ཡི་གེ་ཆད་ལྷག་ནོར་བ་དང།། ཡི་གེ་ཤད་འདྲེས་རྣལ་འབྱོར་དང།། རེ་ལ་རྟེན་ཚིག་མཚམས་མ་འབྱར།། ལུས་ཀྱི་གྲིབ་མ་གོས་པ་བསྣམས།། དེ་ནི་འཁོར་ལོ་ལྡོག་པར་གསུངས། ། འཁོར་ལོ་འཁྱམས་པ་བྱ་བ་ནི།། བཟླས་པ་ནན་ཏུར་ཆུང་པ་དང།། འཛབ་ཟློས་ཚད་དུ་མ་ཕྱིན་པ།། གཉེན་པོ་བཀའ་མགོ་མ་བྱས་པ།། ཆོ་ག་འཕྲིན་ལས་ཡན་ལག་ཆད།། གཏར་ཡང་ནན་ཏུར་ཆུང་པ་དང། ། རི་རབ་བསྒོམ་ཐབས་མ་བྱས་པ།། ལས་མི་བྱེད་དེ་འཁོར་ལོ་འཁྱམ།། འཁོར་ལོ་གཅོད་པ་བྱ་བ་དེ།། ཚིག་འབྲུ་བསྙེན་པ་རྫོགས་པ་དང།། སྒྲུབ་པའི་མཎྜལ་ལ་བརྟེན་ནས།། བསད་པའི་འཁོར་ལོ་བསད་བྱས་ནས། ། གནན་པའི་ལས་ལ་ནན་ཏུར་སྐྱེད།། དེས་ཀྱང་འཁོར་ལོ་གཅོད་པར་འགྱུར།། དེས་ཀྱང་འཁོར་ལོ་མ་ཆོད་ན།། འཕྲིན་ལས་སོགས་དང་འཁོར་ལོ་སོགས།། གསད་པའི་སྔགས་ལ་ནན་ཏན་བྱ།། གནན་པའི་གནན་ས་ཤེས་པར་བྱ། ། དེས་ཀྱང་འཁོར་ལོ་གཅོད་པར་འགྱུར།། དེས་ཀྱང་འཁོར་ལོ་མ་ཆོད་ན།། ཕྱོགས་གསུམ་བརྐྱང་བས་ལས་རྣས་འགྲུབ།། འཁོར་ལོ་རྟག་ཏུ་འཁོར་བ་ནི།། རྟགས་རྣམས་བྱུང་ནས་མ་བཏོན་ན། ། དེ་ནི་འཁོར་ལོ་དག་ཏུ་འཁོར།། དོན་པོ་ཟད་ཀྱང་རང་ལ་འཁོར།། ཐ་མ་རྣལ་འབྱོར་ཉིད་ལ་འཁོར།། རང་གི་བརྒྱུད་རྣམས་ཕུང་བར་བྱེད།། འཁོར་ལོ་ཁ་བྲལ་བྱ་བ་དེ།། ཡི་གེ་སོ་སོའི་མི་མཉམ་དང།། མགོ་ལོག་པ་དང་རེ་ཁ་ནོར། ། བསྒྲུབས་ཀྱང་མི་འགྲུབ་ཐང་ཤ་ཆད།། ཡི་མུག་ཆོས་ལ་དང་མི་སྐྱེ།། ཁ་བྲལ་ཞེས་ནི་དེ་ལ་བྱ།། འཁྲུལ་འཁོར་འཁོར་ལོའི་ཚད་མ་ཡིན།། དུས་ངན་ལས་ཀྱི་མནར་བའི་གང་ཟག་ལ། ། དམ་ཆོས་སྨོད་ཅིང་རྣལ་འབྱོར་སྐུ་ལ་བསྡོ།། རྣམ་སྨིན་ངན་སོང་འགྲོ་བ་ཐུགས་རྗེས་གཟིགས།། འཇམ་དཔལ་ཐུགས་ཀྱི་འཁོར་ལོ་བསྐོར་བ་ནི།། སྲིད་གསུམ་རྨོངས་པའི་འཁོར་བ་རྩད་ནས་གཅོད།། ཁྱེད་ཀྱི་ཐུགས་ཀྱི་འོད་ཟེར་འཕྲོས་པ་ནི། ། མ་རིག་མུན་ནག་འཇོམས་པའི་སྒྲོན་མ་ཡིན།། ཁྱེད་ཀྱིས་ཐུགས་ཀྱི་རལ་གྲི་ཡིས།། སྐྱེ་བ་རྣམ་བཞི་རྩ་ནས་གཅོད།། འཁོར་ལོ་ཡོན་ཏན་ཞེས་ནི་དེ་ལ་བྱ།། ཁྱེད་ཀྱི་ཐུགས་དམ་ཐམས་ཅད་སྒྲོལ། ། ཟླ་གསང་ནག་པོའི་རྒྱུད་ལས།། མན་ངག་སྒྲུབ་ཐབས་ཀྱི་འཁོར་ལོ་འི་ཚད་ཞེས་བྱ་བའི་ལེའུ་སྟེ་ཞེ་བཞི་པའོ།།།། ཡང་ཞུས་པ། སྟོན་པ་ལགས། བདག་ཅག་མ་འོངས་སེམས་ཅན་ལ། ། ཚེ་བསྲིང་ཆོ་ག་ཇི་ལྟར་ལགས།། སྟོན་པ་ཁྱེད་ལ་བདག་ཅག་ཞུ།། ཡང་གསུངས་པ།། ཉོན་ཅིག། ཚེ་སྲིང་ཆོ་ག་ངས་བཤད་ཀྱིས།། སྟེགས་བུ་ཁྲུ་གང་རྩིབས་བཞི་ལ།། ཡི་གེ་བྷྲུཾ་ལས་བསྐྱེད་པར་བྱ།། རིགས་ལྔ་ཚེ་བུཾ་ནང་དུ་བསྒོམ། ། རྩིབས་ལ་འཇམ་དཔལ་གཤེད་བཞི་བསམ།། ཡང་ན་བུམ་པའི་གདན་དུ་བྱ།། སྙིང་པོ་རྣམ་པ་ལྔ་བཞུགས་ཏེ།། སྐུ་གསུང་ཐུགས་དང་ཡོན་ཏན་འཕྲིན་ལས་ལྔ།། མཚོན་བྱ་ཙམ་དུ་གཞུག་པར་བྱ། ། ཆང་ནི་བཅུད་ལྡན་བྱང་ཆུབ་སེམས།། མགུལ་ཆིངས་རས་ནི་པ་ལིང་ཀ། ཁ་རྒྱན་ཙ་དུ་མ་ཧཱ་མུ་ཏྲའོ།། གཟུགས་ཐག་ཨུ་པ་ཡ་པ་ར་མི་ཏྲང།། འབྲང་རྒྱས་ཐུགས་རྟེན་དཔལ་བེའུ།། ནང་ན་བྱང་སེམས་རྡོ་རྗེ་གནས། ། གཙོ་བོ་ཐུགས་ཀ་དཔལ་བེའུ།། ནང་དུ་བཅོམ་ལྡན་ཚེ་དཔག་མེད།། དེ་ཡི་ཐུགས་ཁར་ཉི་ཟླ་བསམ།། དེ་སྟེངས་ཡི་གེ་ཨ་དམར་གནས།། ཐ་མ་ཨཱ་ཡུ་ཛྙཱ་ནས་བསྐོར།། དེ་སྤྲོས་རྒྱལ་བའི་ཐུགས་དམ་བསྐུལ། ། སེམས་ཅན་སྡིག་སྒྲིབ་ཀུན་སྦྱངས་ནས།། རྒྱལ་བའི་བཅུད་བསྡུས་ཐུགས་ཀའི་བྷྲུཾ་ལ་ཐིམ།། དེ་ཞུ་ཕར་འཕྲོ་ཚུར་འདུས་པས།། ཕྱི་ཡི་ལྷ་སྲིན་སྡེ་བརྒྱད་ཀྱི།། ལག་ན་ཡོད་པའི་བཅུད་ཕྲོགས་ཏེ།། ཚ་ལ་གར་སྤྱི་ཚུལ་དུ་འདུས། ། བཅུད་རྣམས་ཚུར་འདུས་འོད་དུ་ཞུ།། རྒྱ་བཏབ་རྡོ་རྗེ་རྒྱ་གྲམ་གྱིས།། ཁ་གནན་ནང་དུ་འབྲུ་གསུམ་བསམ།། བཅུད་ལྡན་སུམ་སྡེབ་བརྒྱ་དག་བཞིན།། བསྲུང་བ་བྱས་ཏེ་ཁྲོ་བོར་བསྐོར། སྐབས་སུ་བཅོལ་བསྐུལ་ཕོ་ཉ་བཏང། ། འཕྲ་མེན་སྤྲུལ་པ་བསམ་ཡས་བསྐུལ།། དེ་ཀྱང་གཡའ་རི་གངས་རི་དང།། འཇིག་རྟེན་གཡའ་རི་ཐམས་ཅད་ནས།། ཚེ་གཡང་ཟས་ནོར་ཇི་སྙེད་པ།། བཀུག་སྟེ་ཚེ་བུམ་ནང་དུ་སྟིམ།། ད་ནི་སྐབས་སུ་བཟླས་པ་བྱ། ། གཟུངས་ཐག་བཟུང་ལ་འཛབ་ལ་འཇུག། ཨོཾ་ས་མ་ཡ་མཉྫུ་ཤྲི་ཨ་ཀྲོ་ཏེ་ཡ་མན་ཏ་ཀ། ཨཱ་ཡུ་ཕ་ལ་སི་དྡྷི་བྷྲུཾ།། འབུམ་དུ་བཟླས་ཤིང་བསྐུལ་མ་བྱ།། ཕོ་ཉ་འཇམ་དཔལ་ལྷ་ཚོགས་བསྐུལ། ། འཛབ་གྲངས་ཆོ་ག་རྫོགས་པ་དང།། ལྷ་རྣམས་ཐམས་ཅད་འོད་དུ་ཞུ།། ཟས་ཀྱི་བཅུད་ལ་ཐིམ་པར་བྱ།། བཅུད་ལྡན་པ་ཡི་ཚེ་བུམ་གྱིས།། རྣལ་འབྱོར་མཆེད་ལྕམ་དག་ལ་ཚེའི་དབང་བསྐུར། ། གནས་ལྔར་བསྟིམ་ལ་ཆེ་བ་བརྗོད།། དེ་ལྟར་བྱས་པས་ཚེ་རིང་བ།། ལོངས་སྤྱོད་འཁོར་རིགས་འཕེལ་བར་འོངས།། ཟླ་གསང་ནག་པོའི་རྒྱུད་ལས།། མན་ངག་སྒྲུབ་ཐབས་ཀྱི་ལས་མཁན་ཚེའི་ལེའུ་སྟེ་ཞེ་ལྔ་པའོ། །།། ཡང་ཞུས་པ། སྟོན་པ་ལགས།། རོ་བསྲེག་ཕུང་པོ་སྦྱང་བ་ཇི་ལྟར་ལགས།། སྟེགས་བུ་མེ་ཐབ་ཇི་ལྟར་ལགས།། བྱིན་བརླབས་དགོངས་པ་ཇི་ལྟར་བགྱི།། གསུངས་པས།། རོ་སྲེག་ཕུང་པོ་སྦྱང་ལུགས་ཏེ། ། ས་ཆོག་རིམ་པ་གཞན་དང་འཐུན།། ལས་བཞི་གང་བྱེད་གཞུང་དུ་མེ་ཐབ་བརྩིག། དཀྱིལ་འཁོར་འདོམ་གང་གྲུབ་བཞིར་བརྩིག། བསྲེག་ཁང་འཇམ་དཔལ་ཁྲོ་བོའི་དཀྱིལ་འཁོར་བསྐྱེད།། ནང་དུ་ལྷ་བསྐྱེད་དབུས་སུ་རོ། ། འཇམ་དཔལ་ཞི་བ་སྟེང་དུ་གཞག། ཁྲུ་གང་གིས་ཀྱང་མཐོ་བར་གདབ།། དེ་ནི་མེ་ཁང་བསྐྱེད་པའོ།། ད་ནི་རོ་ཡི་སྦྱར་ལུགས་སྟོན།། བདུད་རྩིའི་ཁྲུས་བྱས་རས་ཀྱིས་གྲིལ།། དེ་ལ་གཉེན་པོ་ཡིག་འབྲུ་དགོད། ། འདོག་ལུགས་ལས་བཞི་གང་བྱེད་ཀྱི།། ཡི་གེ་གནས་ལུགས་གདགས་པར་བྱ།། རང་ཉིད་ལས་རྣམས་གང་བྱེད་ཀྱི།། སྔགས་ཀྱི་ལྷ་བསྐྱེད་རས་སྡོང་སྦྲགས་ལ།། ཚེ་འདས་གནས་སུ་གདགས།། ཞི་བར་བྱེད་པ་འཇམ་པའི་དབྱངས། ། སྤྱི་བོའི་གཙུག་ཏུ་གདགས་པར་བྱ།། ཞེ་སྡང་གཤིན་རྗེ་ལྟེ་བར་གདབས།། ང་རྒྱལ་འཇམ་དཔལ་ལྕེ་རྩར་གདགས།། འདོད་ཆགས་འཇམ་དཔལ་གསང་བར་གདགས།། གཟུགས་སྒྲ་དྲི་དང་རེག་བྱ་མ། ། མིག་དང་རྣ་བ་སྣ་བུག་དང།། མ་ནོར་བ་རུ་གདགས་པར་བྱ།། སྒོ་མ་བཞི་པོ་ལག་པ་གཡས་གཡོན་དང།། རྐང་པ་གཡས་གཡོན་དག་ཏུ་དགོད།། རིགས་ལྔ་ས་བོན་གནས་དྲུག་ཏུ།། སྤྱི་བོ་རྐང་མཐིལ་དཔུང་པ་དང། ། སྙིང་ཁ་ལྟེ་བ་གསང་བ་དགོད།། ཚེ་འདས་ཀྱི་ནི་ཕུང་པོ་ལྔ།། འབྱུང་བ་ལྔ་དང་ཁམས་ལྔ་བརྒྱད།། སྐྱེ་མཆེད་བཅུ་གཉིས་རྟག་ཆད་བཞི།། དུག་གསུམ་དུག་ལྔ་རྟེན་འབྲེལ་བཅུ།། ཚེ་འདས་ལུས་ལ་ཁྱབ་པར་གདགས། ། དེ་ནས་སྟེགས་བུ་ཐོག་ཏུ་གཞག། དེ་ནི་ཞི་བའི་ལྷར་བསྲེག་པའོ།། འཇམ་དཔལ་ཁྲོ་བོས་སྲེག་ན་འདི་ལྟར་བྱ།། སྟེགས་བུ་གང་དཔངས་སུ་བྱ།། རྒྱ་རུ་ཁྲུ་གསུམ་ཚད་དུ་བྱ།། དབུས་སུ་གྲུ་གསུམ་བྲུས་ཏེ་བང་རིམ་གསུམ། ། ཐ་མ་རྩིབས་བཞི་མུ་ཁྱུད་ཅན།། གྲུབ་བཞི་སྒོ་བརྩེག་བྲི་བར་བྱ།། གཉེན་པོ་དག་བྱེད་ཡི་གེ་དགོད།། འཇམ་དཔལ་བཅུ་བདུན་པ་ཡི་སྔགས།། རང་སྡོང་དེ་དང་སྒྲག་ལ་གདགས།། གདགས་པའི་གནས་ཀྱི་ངེས་པ་ནི། ། སྤྱི་བོ་ལྟེ་བ་ལྕེ་དང་ནི།། གསང་བའི་གནས་དང་མིག་གཡས་པ།། རྣ་བ་གཡས་དང་སྣ་བུག་གཡོན།། ལྕེ་རྩ་གཡས་དང་མིག་རྩ་གཡོན།། རྣ་བ་གཡོན་པ་སྣ་བུག་གཡོན།། ལྕེ་རྩ་གཡོན་ལ་ལག་པ་གཡས། ། ལག་གཡོན་རྐང་པ་གཡོན་པ་དང།། རྐང་གཡས་སྲོགས་ཕྲག་སྙིང་ཁ་དང།། རྐང་མཐིང་དཔུང་པ་ལྟེ་བ་རུ།། མ་འདྲེས་གསལ་བར་གདགས་པར་བྱ།། གཞན་མ་ཞི་བ་དག་དང་མཐུན། ། སྲེག་ཁང་བརྩམས་ནས་ས་ཆོག་བྱ།། རྙིང་པ་ཡིན་ན་བྱ་མི་དགོས།། རྐང་བཞི་ཟུར་བཞི་དག་ཏུ་གཟུགས།། གདུང་བཞི་བཏང་ལ་མེ་ཁང་བརྩིག། ཕུང་པོ་བཙུག་ལ་སྟང་ཐབས་ཀྱིས།། བསྲེག་ཁང་བསྐོར་ཞིང་བཤེད་མ་བྲབ། ། དེ་ནས་ཞི་ཁྲོ་ལས་གཞུང་བསྲང།། ཚོགས་བྱང་མེད་ཡི་སྦྱིན་སྲེག་བྱ།། མེ་ལྷ་ལྟོ་བར་སྲེག་ཁང་གི། ལྷ་ཚོགས་བསྐྱེད་ལ་སྦྱིན་སྲེག་བྱ།། ཞི་བ་བྱ་འམ་ཁྲོ་བོས་བྱ།། རིམ་པ་བཞིན་དུ་བསྲེག་པར་བྱ། ། བསྲེག་རྫས་སོ་སོར་མ་འདྲེས་པར།། སྲེག་རྫས་རིམ་པ་སོང་བ་བས།། སྤྱན་དྲངས་མེ་ལ་འདི་ལྟ་སྟེ།། ཤན་པ་ནག་པོའི་ཁྱིམ་ནས་མེ་བླངས་ཏེ།། ཡམ་ཤིང་ནག་པོ་དག་ལ་མེ་སྤར་ནས།། དྲག་པོ་སྲེག་རྫས་སྔོན་མར་མངའ་གསོལ་གྱིས། ། ཕར་འཕྲོ་ཚུར་འཕྲོ་མེ་ཡི་ལས་མཛོད་ཅིང།། སྲིད་གསུམ་སྐྱེ་བར་སྣང་བའི་ཡམ་ཤིང་ལ།། རང་རིག་རྟོགས་པའི་མེ་ཆེན་རབ་སྤར་ཏེ།། ཆོས་ཉིད་བརྡལ་བའི་ཧོམ་ཁུང་དུ།། དུག་ལྔ་གནས་སུ་དག་པའི་མེ་སྤར་ཏེ། ། མེ་ཡི་ངོ་བོ་ཆོས་ཉིད་ཡིན།། ཡི་གེ་རཾ་གྱི་འཕྲོ་འདུ་ཡིས།། སྐུ་བསྐྱེད་འདི་རུ་སྤྱན་འདྲེན་གྱིས།། མ་འོངས་དོན་དུ་གཤེགས་སུ་གསོལ།། ཨོཾ་ཨག་ནེ་དེ་བ་རི་ཤི་ཀཾ་ཧཱུཾ་ཛ།། ལྷག་མ་མཁའ་འགྲོ་རྒྱས་པར་བསྐྱང། ། འཇམ་དཔལ་རྫོགས་པའི་སྨོན་ལམ་གདབ།། ཟླ་གསང་ནག་པོའི་ཏནྟྲ་ལས།། རོ་སྲེག་པའི་ལེའུ་སྟེ་ཞེ་དྲུག་པའོ།།།། ཡང་ཞུས་པ།། སྟོན་པ་ལགས།། གོ་རྟོག་མེད་པའི་སེམས་ཅན་ལ། ། སྔགས་ཀྱི་དོན་རྣམས་ཇི་ལྟར་ལགས།། ཕྱི་ནང་གསང་གསུམ་ཇི་ལྟར་ལགས།། གསུངས་པ།། སྔགས་ཤེས་བྱ་བ་དོན་དེ་ལ།། ཡ་ན་ཡ་མན་ཏ་ཀ་སྟེ།། མ་ན་ཡ་ར་ཙ་ཡིན།། མེ་ན་མྱོས་བྱེད་འབར་བ་ཡིན།། ཏ་ན་མ་རུ་རྩེ་ཞེས་བྱ། ། ཀྵེ་ན་རལ་པ་ཚར་དགུ་སྟེ།། ར་ན་བདུད་འཇོམས་བྱ་བའོ།། ཛ་ན་ཀོ་ཙ་བྲག་གྱོན་ཏེ། ས་ན་གཤིན་རྗེ་ཕྱ་ཆངས་ཏེ།། ཏོ་ན་རྟེལ་པ་ཡིན་པ་སྟེ།། རུ་ན་ལྷ་ཆོག་དུད་ཀ་སྟེ།། ན་ན་བདུད་འཇོམས་ཡོ་ན་རྟེལ་པའོ། ། ནི་ན་ཆོས་ཀྱི་རྒྱལ་པོ་སྟེ།། ར་ན་ཨ་བ་གླང་མགོ་ཅན།། ཡ་ན་ཨེ་ཀ་ཛ་ཏི་མ།། ཙ་ན་དམིགས་པ་དག་ཏུ་བཤད།། ནི་ན་གཤིན་རྗེ་མིག་དམར་ཏེ།། ལྷ་ངོ་བཟུང་བའི་རིམ་པའོ།། ཡ་ན་གཤིན་རྗེ་མ་ན་མ་མོ། ། མེ་ན་ཤ་ཟ། ཏ་ན་དྲི་ཟའོ།། ཀྵེ་ན་བདུད་དེ།། ར་ན་སྲིན་པོའོ།། ཙ་ན་དམུ་བདུད།། ས་ན་ས་བདག། ཏོ་ཏ་འགོང་པོ།། རུ་ན་རླུང་ལྷའོ།། ན་ན་མེ་ལྷའོ།། ཡོ་ན་ས་སྲིན་ཏེ།། ནི་ན་ལྷ་མིན་ཏེ།། ར་ན་སྲིན་པོའོ།། ཡ་ན་གཤིན་རྗེ། ། ཏ་ན་བདུད་བཙན་ཏེ། ལྷ་འདྲེ་ངོས་བཟུང་རིམ་པར་གསུངས།། ཧྲིཿ་ཥྟི་སྔགས་ཀྱི་དོན་བཤད་པ།། ཨོཾ་ན་སྐྱེ་བའི་ཡི་གེ་སྟེ།། ཧྲི་ན་མི་འདའ་དམ་ཚིག་གོ། ཥྟི་ན་མི་ལྡོག་པ་ཞེས་བྱ།། བི་ན་བཅོམ་པ་དག་ཏུ་གསུངས། ། ཀྲི་ན་བསོད་པའི་ཡི་གེའོ།། ཏྲཱ་ན་ཤིག་ཤིག་པ་རུ་བཤད།། ན་ན་སོད་ཅིག་པ་རུ་བཤད།། ཧཱུཾ་ན་བསྡུས་ཤིག་པ་རུ་བཤད།། ཕཊ་སོད་ལ་ཐོར་ཅིག་པ་རྒྱུ་གསུངས།། ཧྲི་ཥྟི་སྔགས་ཀྱི་དོན་བཤད་པའོ། ། ཀ་པ་ཡེ་བསྟིམ་པར་གསུངས།། ཡེ་ན་འདུས་ཏེ་ཐིམ་པར་གསུངས།། ཨས་ནི་སྐྱེད་པའི་ཡི་གེ་སྟེ།། ཀས་ནི་ལས་རྣམས་བྱེད་པའོ།། པ་ཡིས་ལས་རྣམས་འགྲུབ་པར་བྱེད།། ཨེ་ལས་གྲུབ་པའི་མཐའ་འོ། ། སེང་ང་ཡེ་འཁུབ་དབང་མེད།། བྱ་ཙ་ཡེ་ལས་བྱེད།། དུ་རུ་ཡེས་ལས་འགྲུབ་པའོ།། གཞན་རྣམས་སླབས་མ་བཤད་དོ།། ཡང་སྙིང་སྔགས་ཀྱིས་བཤད་པའོ།། མཐའ་འགྱུར་སྔགས་ཀྱི་དོན་བཤད་པའོ།། ཨོཾ་ལས་དྲས་པས་ཡི་གེ་ལྔ། ། ལྔ་རིམ་དག་ཏུ་ངས་བཤད་དོ།། བརྗོད་པ་གཉིས་མེད་རང་བྱུང་དང།། མཚོན་པ་ན་ད་ཡི་གེ་ལྔ།། ལྔ་ཡིས་ཨོཾ་ནི་གཏན་ལ་འབེབས།། ཕཊ་ལས་དྲངས་པ་ཐུགས་མཆོག་སྟེ།། ཧཱུཾ་ལས་དྲངས་པ་ཡེ་ཤེས་ལྔ། ། ཨོཾ་ཧཱུཾ་ཕཊ་ཏྲི་ཡི་གེ་ནི།། ལྷ་བསྒྲུབ་སྔགས་སུ་བཤད་པ་ཡིན།། ཨ་དང་ཕཊ་བརྩེགས་གསང་སྔགས་ཡིན།། ཛས་འགུགས་མ་རས་གཅོད་པའོ།། མེ་ནི་མཆེད་པའི་སྔགས་སུ་བཤད།། རས་ནི་ཀླད་པ་འགེམས་པ་ཡིན། ། ལིས་ནི་འགྲུབ་པར་བྱེད་པ་ཡིན།། སྭཱཧཱ་ཞི་བར་གྱུར་ཅིག་པའོ།། ཨཱ་ནི་དབང་དུ་སྡུད་པ་ཡིན།། ཨིས་ནི་ཐམས་ཅད་འགུགས་པ་ཡིན།། ཨུས་ནི་འཁུབ་དབང་མེད་པ་ཡིན།། ཨེས་ནི་གསོད་པར་བྱེད་པ་ཡིན། ། རས་ནི་རླབ་པར་བྱེད་པ་ཡིན།། ལིས་ནི་སྒྲུབས་པ་ཡིན།། ཨོཾ་གྱིས་ཡི་གེ་རྒྱས་པ་ཡིན།། ཨས་ནི་ཁྱབ་བྱེད་ཞི་བ་ཡིན།། གུ་གུས་འགུགས་པར་བྱེད་པ་ཡིན།། ཞབས་སྐྱེས་དབང་དུ་སྡུད་པ་ཡིན།། འགྲེང་བུས་གཅོད་པར་བྱེད་པ་ཡིན། ། ན་རོས་སྒོམ་པར་བྱེད་པ་ཡིན།། སྤྱིར་གུ་གུས་བསྟིམས་པར་བྱེད་པ་ཡིན།། ཞབས་སྐྱེད་འགུག་པར་བྱེད་པ་ཡིན།། འགྲེང་བུ་གཅོད་པར་བྱེད་པའི་ཡི་གེར་གསུངས་པ་ཡིན།། ན་རོས་གསོ་བའི་ཡི་གེར་གསུངས་པའོ། ། ཨ་སྟེ་སྐྱེ་བའི་ཡི་གེ་ཡིན།། བྱོ་བརྩེགས་འཕང་བའི་སྔགས་སུ་གསུངས།། ལས་བཞི་མཐའ་འགྱུར་མ་བཤད་དོ།། བཀའ་གཞུང་ཀུན་ཏུ་གསལ་བར་བཤད་དོ།། ཡི་གེ་ངོས་ཟུང་ཟུར་ཙམ་མོ། ། ངོས་བཟུང་འབྲུ་བཤད་རིམ་པའོ།། ཕྱི་ནང་གསང་གསུམ་དོན་བཤད་པ།། ཡང་སྙིང་ཉི་མ་བཞི་པ་ནི།། ཕྱི་ནག་གསང་བ་གསུམ་དུ་གསུངས།། ཕྱི་རུ་མི་འགྱུར་ཨ་ཀྲོ་བཤད།། ཉི་མ་ཤར་བཞིན་སྔོན་དུ་འགྲོ། ནང་དུ་བསྒྲུབ་སྔགས་ཡང་དག་པ། ། ཡ་མ་མེ་ཏ་ཀྵེ་ལ་སོགས།། ཉི་མ་གསུམ་པ་མན་ཆད་འདྲེ།། དེ་ནི་ནང་དུ་བཤད་པའོ།། ཡ་མ་མེ་ཏེ་ཀྵེ་ལ་སོགས་པའི།། ཉི་མ་གསུམ་པ་མན་འདྲེ།། དེ་ནི་གསང་བའི་སྔགས་སུ་གསུངས། ། གསང་བའི་དྲག་སྔགས་བདུན་པ་ནི།། ཡ་མ་ར་ཛ་ས་ཏོ་མེ་ཡ།། མ་ར་ཙེ་ས་ཏོ་མེ་ཡེ།། ར་ཙ་ས་ཏོ་མེ་ཡ།། ཙ་ས་ཏོ་མེ་མཱ་ར་ཡ།། ས་ཏོ་མེ་ཡི་མཱ་ར་ཡ།། ས་ཏོ་མེ་ཡ་མ་ར་ཙ། ཏོ་མེ་ཡ་མ་རཱ་ཛ་ས། མེ་ཡེ་མ་རཱ་ཛ་ས་ཏོ། ། ཉི་མ་གཉིས་པ་མན་ཆད་འདྲེ།། གསང་བའི་ཡང་ནི་གསང་བ་ནི། ཡ་མ་ར་ནི་རཱ་ཛ་ཀྵེ།། མ་ར་ནི་ཙ་ཡ་ཀྵེ་ཡ་མ།། ར་ནི་ཙ་ཡ་ཀྵེ་ཡ་མ།། ནི་ཙ་ཡ་ཀྵེ་ཡ་མ་ར་ཡ། ཙ་ཡ་ཀྵེ་ཡ་མ་ནི།། ཡཀྵེ་ཡ་མ་ར་ནི་ཙ། ཀྵེ་མ་མ་ར་ན་ཙི་ཡ། གསང་བའི་དྲག་སྔགས་བདུན་བསྐོར་རོ།། ཕྱི་ཡི་ནང་དུ་བཤད་པ་ལ།། ཡ་མ་ར་ཙ་ས་ཏོ་མེ་ཡ། ཉི་མ་གསུམ་པ་མན་ཆད་འདྲེ་བར་བཤད།། ཕྱི་ཡི་ནང་དུ་བཤད་པའོ།། ཕྱི་ཡི་གསང་བར་གསུངས་པ་ནི། ། ཡ་མཱ་རཱ་ཛ་ནི་ཙི་ཡ་ཀྵེ་ཡ། གཉིས་པ་མན་ཆད་གོང་མས་འདྲེ།། རྩ་བའི་སྔགས་སོ།། དམ་ཚིག་སྔགས་དང་ཡང་སྙིང་ངོ།། ལས་སྦྱོར་སྔགས་དང་བཞི་སྙིང་དྲིལ།། དྲག་སྔགས་དག་དང་དྲུག་ཏུ་བཤད། ། ནང་གི་ཡང་སྙིང་བྱ་བ་དེ།། ཨ་མུ་ཀ་ཞེས་བྱ་བའོ།། ནང་གི་གསང་བ་བྱ་བ་དེ།། ཀ་པ་ཡོ་ཞེས་བྱ་བའོ།། གསང་བའི་ནང་གི་ཡང་སྙིང་བྱ་བ་དེ།། བྱ་ཙ་ཡ།། སིང་ང་ཡེ། དུ་རུ་ཡེ།། གསང་བའི་ཡང་སྙིང་ནི། ། ཙ་ཏ་ཡེ།། ཧ་ལ་ཡེ།། ཉེ་ཡང་ལས་བྱེད་དུ་མ་འདོད་ན།། ཨར་ལ་གཏད་དེ་བཟླ་བར་བྱ།། ཚིག་ཅེས་བྱ་བའི་རྩ་བ་ནི།། དེའི་སྔགས་ནི་འདི་ལྟ་སྟེ།། རཱ་ཛ་ས་ཏོ་མེ་ཡ།། ཏོ་རུ་ན་ཡོ་ཏ་ཡ།། ཡོ་ནི་ར་ཡ་ཀྵེ་ཡ། ཡ་ཙ་ནི་ར་མ་ཡ། དམ་ཚིག་རྩ་བའི་སྔགས་ཞེས་བྱ།། སྔགས་ཀྱི་ཡིག་འབྲུ་ལྔ་པ་ནི།། ཕུང་པོ་ལྔ་ལ་བརྡེག་པར་བྱ།། རྩ་བའི་སྔགས་ནི་འདི་དག་གོ། ཙས་ཏོ་མེ་ཡ།། རུ་ན་ཡོ་ཏི་ཡ།། རུ་ན་ཡོ་ཏི་ཡ།། ནི་རཀྵ་ཡ། ཙ་ནི་ར་མ་ཡ། ལུས་ངག་ཡིད་གསུམ་བརྡེག་པའི་སྔགས།། ཡི་གེ་འབྲུ་གསུམ་བྱ་བ་དེ།། ར་མ་ཡ། ཏོ་མེ་ཡ། ཡཀྵེ་ཡ། འབྲུ་གསུམ་བརྡེག་པའི་མན་ཏྲའོ།། རུས་ཞེས་བྱ་བའི་ལོ་མ་ནི།། དམ་ཚིག་སྔགས་དང་ཡང་སྙིང།། ལས་སྦྱོར་སྔགས་དང་དྲིལ་བའོ། ། མིང་ནི་རྣམ་པར་ཤེས་པའི་ཚོགས།། ཕུང་པོ་ལྔ་དང་ལུས་ངག་ཡིད།། དེ་ལ་བརྡེག་ཅིང་འབེན་དུ་བཅས།། ལོ་ལངས་བྱ་བ་གསང་བའི་སྔགས།། འབུས་བསད་ནས་ནི་གསོས་པའོ།། དུག་གསུམ་གནས་སུ་དག་པའི་སྔགས། ། གཏི་མུག་བྱུང་ན་ཡང་རྡེག་སྟེ།། བརྡེག་པའི་སྔགས་ནི་འདི་དག་སྟེ།། ཡ་མ་མེ་ཏ་ཙ་ནི་ཙ་ར།། ས་ཏོ་རུ་ན།། ཡོ་ནི་ར་ཡ། ཞེ་སྡང་བྱུང་ན་རྩ་རྡེག་སྟེ།། ཡ་མ་མ་ཏེ། ཡ་མ་མ་ཏེ། ནི་ར་ཙ་ས། འདོད་ཆགས་བྱུང་ན་ར་རྡེག་གོ། ཡ་མ་མེ་ཏ་ཀྵེ། ར་ཙ་ནི་ཙ། ཙ་ས་ཏོ་རུ།། ན་ཡོ་ར།། དུག་གསུམ་རྩ་བར་རྡེག་པའོ།། ལྷ་འདྲེ་དག་ལ་རྡེག་པའི་སྔགས།། ཡ་མ་མེ་ཏ་ཀྵེ། མ་ར་ཡ་མེ་ཏ་ཀྵེ། མེ་ཡ་ད་ཀྵེ་མ། ཏ་ཡ་ཀྵེ་ཡ་མ་མེ། ཀྵེ་ཡ་མ་མེ་ཏ། ར་ཡ་མ་ཏེ་ཏ། ཙ་ཡ་མ་མེ་ཏེ་ཏ། ས་ཡ་མ་མེ་ཡ། ཡོ་ཏ་ཡ་མ་མེ་ཏ། རུ་ཡ་མ་མེ་ཏ། ན་ཡ་མ་མེ་ཏ། ཡོ་ཡ་མ་མེ་ཏེ། ནི་ཡ་མ་མེ་ཏེ། ར་ཡ་མ་མེ་ཏེ། ཡ་མེ་ཏ་ཀྵེ། ཙ་ཡ་མ་མེ་ཏ། ནི་ཡ་མ་མེ་ཏ། ཉི་མ་གཉིས་ལ་མན་ཆད་འདྲེ།། བཞི་བཞི་དག་ཏུ་དབྱེ་བའོ།། ཕྱི་ནང་གསང་གསུམ་སྔགས་རྣམས་ནི།། འཇམ་དཔལ་ལས་སྔགས་ཤན་དབྱེ་བ།། མན་ངག་དག་ཏུ་ངས་བཤད་དོ།། ཟླ་གསང་ནག་པོའི་ཏན་ཏྲ་ལས། ། འཇམ་དཔལ་ཕྱི་ནང་གསང་སྔགས་འཕྲུལ་གྱི་ལྡེ་མིག་སྟེ་སྔགས་ངོས་བཟུང་བའི་ལེའུ་སྟེ་ཞེ་བདུན་པའོ།།།། ཡང་ཞུས་པ། སྟོན་པ་ལགས།། ནག་པོ་གཟའ་ཡི་ཁ་ཟོལ་ལ།། སྔགས་ཀྱི་དབྱེ་བསལ་ཇི་ལྟར་ལགས། ། སྡེ་བརྒྱད་བྱ་བའི་དཀྲུག་ཡིག་གང།། བསྙེན་བསྒྲུབ་དུས་སུ་གདོན་ཐབས་དང།། རྒྱལ་དང་བརྡུང་བརྡུང་དང།། ལས་སྦྱོར་འཕང་བ་ཇི་ལྟར་ལགས།། སྔགས་ཀྱི་བྱ་བ་ལུགས་བྱ་བ་དེ། ། བསྙེན་པ་བསྒྲུབ་པ་ལས་ཀྱི་སྔགས།། རིལ་པ་མ་ནོར་བཟླས་པར་བྱ།། བསྙེན་རྫོགས་རྟིང་ལ་བསྒྲུབ་པ་བརྩམ།། རྫས་ཚོགས་མ་ཉམས་ལྕང་ལོར་བླུགས།། དེ་ནས་ཁྲོལ་བུ་བཟླས་པར་བྱ།། ཤམ་བུ་བཏགས་ལ་འདི་ལྟར་རོ། ། ཁྲོལ་བུ་དག་ལ་དང་པོ་ཨོཾ།། འཐག་པ་དག་ལ་དེ་བཞིན་ཏེ།། ཐ་མ་ཐགས་ཀྱིས་ཤིས་པར་བྱ།། སྦྱོར་བ་དག་ལ་ཕྱི་ཡིས་སྔགས།། བསྲུང་དང་རྒྱལ་ཧཱུཾ་གིས་བྱ།། དེས་ནས་བསྒྲུབས་ལ་འདྲེས་མི་ཚུགས། ། རྒྱ་རྣམས་ཚུལ་དུ་བཏབ་ལ་བཞག་འཐག་པ་དག་ལ་དེ་བཞིན་དེ།། རེ་བ་དག་ལ་དར་ནག་གིས།། བན་དྷའི་ཁ་ནས་དགབ་པར་བྱ།། གཟུང་ཐག་བཏགས་ལ་བཟླས་པ་བྱ།། སེང་ལྡེང་ཕུར་པ་སོར་བརྒྱད་པ། ། སྣ་ཅིག་བཏགས་ལ་ཡི་གེ་ཧཱུཾ།། དེ་བཟླས་རྒྱ་ཡིས་བཏབ་ལ་བཞག། དེ་ནས་རྟགས་ལ་ཕེབས་པ་དང།། རྩ་བའི་སྔགས་ལ་ཟོར་གྱི་སྔགས།། བྷྱོ་དང་ལྡན་པར་བཏགས་ནས་སུ།། རང་ཉིད་པ་ཏ་པ་ལྟར་རི་བསྒོམ། ། དམིགས་པའི་ཡུལ་ཡང་དེ་བཞིན་ཏེ།། གཡས་པའི་འཛུབ་ལ་ས་བོན་སྒོམ།། སྐད་ཅིག་ཏིང་འཛིན་ཡི་དམ་སྒོམ།། བསྡིགས་ཤིང་འཛུབ་རིས་གར་འདོད་གཏང།། ལམ་བསྟན་མུ་ཏྲ་སྔགས་བསྟན་པའོ། ། བསྙེན་དུས་གསུམ་གཉིས་གཅིག་ལ་གདགས།། སྒྲུབ་དུས་སྤེལ་མར་གདགས་པར་བྱ།། མཐའ་རྡུལ་ཞེས་ནི་དེ་ལ་བྱ།། སྡེ་བརྒྱད་འཕྲུལ་གྱི་མིག་ཚད་ཡིན།། འཇམ་དཔལ་སྡེ་བརྒྱད་སྤྱི་ཁྱུག་ཡིན།། གཟའ་བདུད་མ་མོ་གཤིན་རྗེ་བཞི། ། ལྕམ་སྲིང་ཉེ་འཁོར་རྒྱུད་ཁོངས་གཅིག། སྔགས་དང་བྱང་ལུག་བྱ་བ་དེ།། དཀྱིལ་འཁོར་དབུས་སུ་གྲུབ་གསུམ་བརྩིག། གྲུ་གསུམ་ནང་དུ་རྟ་ཐོད་གཞུག། བཅའ་ལུགས་བྲི་ལུགས།། ཕྱི་ཡི་གསང་བར་གསུངས་པ་ནི། ། བཞི་སྙིང་གཅིག་ཏུ་དྲིལ་བར་བཟླས།། གཡོན་བསྐོར་ཟང་མར་བཟླས་པའོ།། ནང་གི་ཕྱི་རུ་བསྟན་པ་ནི།། ཨ་ཀྲོ་ཡིག་འབྲུ་བཅུ་བདུན་པའོ།། ནང་གི་ནང་དུ་གསུངས་པ་ནི།། ལས་ལ་སྦྱོར་བའི་སྔགས་ཁྲིར་བཟླས། ཡ་མ་མེ་ཏ་ཀྵེ། ར་ཙ་ས་ཏོ་རུ་ན། ཡོ་ནི་ར་ཡ་ར་ན། བཅུ་བདུན་པ་ནི་ནུབ་མོ་བཟླས།། བརྟུལ་སྔགས་དག་ནི་འདི་གདགས་སོ།། མཉྫུ་ཤྲི་ཨ་ཀྲོ་ཏེ་ཀ་ཡ་མན་ཏ་ཀ་ཀཱ་ལ་རུ་པ། རྣིར་ཤ་ཀུ་རུ་ན་ཧཱུཾ་ཕཊ། བཞི་པ་ལས་ཀྱི་མཐའ་སྡུད་དོ།། ཕྱི་ཡི་ནང་དུ་གསུངས་པ་ནི།། ཡི་གེ་སུམ་ཅུ་རྩ་གཉིས་པ།། དྲིལ་ནས་དྲངས་པ་ནང་དུ་བཤད།། ནང་གི་གསང་བར་གསུངས་པ་ནི། ནག་པོ་ཕྱེ་བོ་འགྲོས་ཞེས་བྱ། ། གསང་བའི་འཕྲིན་ལས་གསད་པའི་སྔགས།། ཡི་གེ་འབྲུ་ནི་བཅུ་བདུན་པ།། ནུབ་མོ་བསྐོར་ཞིང་བཟླས་པའོ།། གསང་བའི་ཕྱིར་ལྟར་བསྐོར་བ་ནི།། དྲག་སྔགས་བདུན་པ་གཡོན་བསྐོར་དུ།། ནུབ་མོ་བདུན་བསྐོར་དྲང་བར་བྱ། ། ཉིན་མོ་དང་པོ་དྲང་བ་ནི།། ཡ་མ་རཱ་ཛ་ས་ཏོ་མེ་ཡ། མ་ར་ཛ་ས་ཏོ་མེ་ཡ། མ་ར་ཛ་ས་ཏོ་མེ་ཡ། ར་ཛ་ས་ཏོ་མེ་ཡ་མ་ར།། ཛ་ས་ཏོ་མེ་ཡ་མ་ར། ས་ཏོ་མེ་ཡ་མ་ར། ཛ་ས་ཏོ་མེ་ཡ། ར་ཛ་ས་ཏོ་ཉི་མ་བཞི་ལ་ཁྲི་ཁྲི་བཟླས།། གསང་བའི་ནང་དུ་གསུངས་པ་ན།། གཡོན་བསྐོར་འོག་གཅོད་གསང་བའི་གནས།། གསང་བའི་དྲག་སྔགས་བདུན་པ་སྟེ།། ནུབ་མོ་བདུན་བསྐོར་བཟླས་པ་ནི།། སྟེང་གཅོད་གཡས་སུ་བསྐོར་བ་སྟེ། ། ཡ་མ་མེ་ཏ་ཀྵེ།། ཧྲིཿཥྟིཿ་ཀ་པ་ཡེ་དགྲ་བོ་མཱ་ར་ཡ་རྦད་ཡ།། ནུབ་གཉིས་པ་ལ་དྲང་བ་ནི།། རཱ་ཛ་ས་ཏོ། ཧྲིཿཥྟིཿ་ཀ་པ་ཡེ་དགྲ་བོ་ཏྲག་ཏྲ་ཙ་ར་ཡ་རྦད། ཡ། ནུབ་གསུམ་པ་ལ་དྲང་བ་ནི།། རུ་ན་ཡ་ནི། ཧྲིཿཥྟིཿ་ཨ་པ་དེ་དགྲ་བོ་མུར་ཙ་ཡ་རྦད་ཡ། ཉི་མ་བཞི་པ་ལ་དྲང་བ།། ར་ཡ་ཙ་ནི། ཧྲིཿཥྟ་ཀ་པ་ཡེ་དགྲ་བོ་མཱ་ར་ཡ་རྦད་ཡ། ཁྲི་ཁྲིར་བཟླས་ཏེ་དྲང་བ་ནི།། གསང་བའི་ནང་དུ་གསུངས་པའོ།། གསང་བའི་གསང་བར་གསུངས་པ་ནི། ། རྩ་བ་དམ་ཚིག་ཡང་སྙིང་ལས་ལ་སྦྱོར་བ་བཞི་སྙིང་དྲིལ་བ།། དེ་བཟླས་གསང་བའི་གསང་བར་གསུངས།། ཨ་མུ་ཀ་ཡི་དགུ་བསྐོར་རོ།། འཇམ་དཔལ་རྣམ་དུས་ཞེས་ཀྱང་བྱ།། དུས་ཟད་ལས་ཟད་ཚེ་ཟད་པ། ། སྐལ་ཟད་ཡི་གེ་ཟད་པ་དང།། རུ་ཁུགས་ཆེན་པོ་ཞེས་ཀྱང་བྱ།། འབྲུ་དེད་ཅེས་ཀྱང་དེ་ལ་བྱ།། སྟག་མ་འཕྱོངས་ཞེས་ཀྱང་དེ་ལ་བྱ།། བྱ་རོག་ཁུ་འཕྲིག་ཅེས་ཀྱང་བྱ།། མི་དང་ཆོས་ཚུལ་ཐ་དད་བསྟན།། དགུ་བསྐོར་དྲངས་པ་ཤམ་བུའི་མིང། ། ང་ཡིས་བསྟན་གྱིས་འཁོར་ཚོགས་རྣམས།། དྲངས་ཐབས་མིང་ནི་འདི་སྐད་བཤད།། རྩ་བ་ཉི་མ་ཤར་བར་འདྲ།། ཨ་ཀྲོ་ཡིག་འབྲུ་བཅུ་བདུན་པའོ།། བྱ་རྒོད་གཟན་ལ་འཇུམས་ལྟར་དྲངས། ། ཡ་མ་མེ་ར་ཀྵེ་ཡ་བཅུ་བདུན་པ་ལ།། བཙོན་ལྕགས་སུ་བཅུག་པ་ལྟར་དྲང།། དམ་ཚིག་ཡི་གེ་འབྲུ་དྲུག་པ།། ཧྲིཿཧྲིཿཥྟི་ཡི་གེ་འབྲུ་དྲུག་པའོ།། བཙོན་ལྕགས་སུ་བཅུག་པ་ལྟར་དྲང་བ།། བསྒྲུབ་པ་བཞི་སྙིང་དྲིལ་བ་དང། ། དབྱངས་ཡིག་བཅུ་དྲུག་བཟླས་པའོ།། སྐྱེས་བུ་གོ་མཚོན་ལྟར་བ་ལྟར་དྲང་བ།། གཡོན་དུ་བདུན་བསྐོར་དྲང།། ཉིན་བདུན་དྲང་ཞིང་ནུ་མོ་གྲིལ།། ཨ་ཀ་ཡེ་ཡ་སྔགས་ཚོ་བཟླས་སོ།། ལྕགས་ཀྱི་གཟེར་ཆེན་བཏབ་པ་ལྟར་དྲང་བ། ། ཨ་མུ་ཀ་དགུ་བསྐོར་དྲང།། གསེར་གྱི་ཐོག་བརྒྱབ་པ་ལྟར་དྲང་བ།། གས་ནི་ཀ་པ་ཡེ་ཡི་སྔགས་སོ།། སྤུ་གྲི་སོ་ལྟར་འདེབས་པ་ལྟར།། ཉི་མ་བཞི་པ་སྒོ་སྒོ་ཡི།། འཇུག་ལ་གདགས་པའི་བཟླས་སྔགས་སོ། ། བདག་གི་ཚད་མ་རྟོགས་པ་ཡི།། གང་ཟག་རྣལ་འབྱོར་བསྒྲུབ་པ་པོས།། དྲག་སྔགས་ཉིན་གཏོར་མཚན་དྲིལ།། ལྷ་བསྙེན་མ་གྲུབ་གཡས་བསྐོར་འགྲུབ།། མགོ་རུལ་ཆུང་ཟོས་གཉིས་ཀ་ཕུང།། སྔགས་དགུས་བསྐོར་བའི་དུས་འདི་རུ། ། ལས་རྣམ་འདི་རྣམས་ཤེས་པར་བྱ།། དང་པོ་མགོ་ནི་འཁོར་བར་བྱ།། གཉིས་པ་ཁྲག་ཏུ་སྐྱུག་པར་བྱ།། གསུམ་པ་དོན་པོ་བརྒྱལ་པར་བྱ།། བཞི་པ་མཱ་ར་ཡ་གདོན་མི་ཟ། ། བཅུ་གཉིས་འཁོར་ལོ་རྩིབས་མཆན་འདི།། ཡི་དགས་ཀྱི་གོས་ལ་བྲི།། ད་རུ་རའི་ཁུ་བ་དང།། མ་རུ་ར་ཡི་ཁྲག་དང་ནི།། རྣིར་ས་མ་པྲ་རྩི་བོག། ཐལ་ཆེན་ཏིལ་ནག་ལ་སོགས་པ།། ལན་ཚྭ་སྐེ་ཚེ་ས་དཀར་པོ།། སྒྲོ་རྩ་མྱུ་གུ་དགོལ་བ་དང། ། བྲི་ཐབས་ལྡན་ཕྱོགས་སྦྱར་ཐབས་སོ།། ཞི་བ་ཟླ་བའི་དཀྱིལ་འཁོར་ལ།། རྒྱས་པ་རྟ་དང་མ་ཧེ་གཉིས།། དབང་ནི་ཆུང་མའི་སྙིང་ཁར་བྲི།། མ་ར་གཤིན་རྗེ་དངོས་ལ་གཏེར།། དགུ་པ་དྲེ་སེ་ཤ་པའོ། ། དབྱེ་བ་རྟ་དང་མ་ཧེ་གཉིས།། སྨྱོ་འབྲོས་ཤན་དམར་རྒྱབ་ཏུ་བྱ།། ཁ་གནན་ལུག་གྱི་ཁོང་དུ་གཞུག། བསྐྲད་པ་རྔ་མོའི་རྒྱབ་ཏུ་བྱ།། གནན་པའི་རི་རབ་ངོས་ལ་བྱ།། དུས་ནི་རླང་དང་འཚུབ་མས་གདབ།། ཞི་བའི་དུས་ནི་སྔ་དྲོ་བྱ། ། རྒྱས་པ་དག་ནི་ཉི་ཕྱེད་ནའོ།། དབང་གི་དུས་ཚོད་སྲོད་ལ་བྱ།། དྲག་པོ་ཉིན་མཚན་གུང་ལ་བྱ།། དགུག་པའི་དུས་ནི་སྲོད་ལ་བྱ།། དབྱེ་བ་ཉི་མ་གུང་ལ་བྱ།། སྨྱོ་འབྲོས་ཐོ་རངས་ནམ་ལངས་ཁ།། ཉོས་སྲོད་ནམ་གྱི་ཕྱེད་ནི་བྱ། ། གནན་དུས་ཐོ་རངས་སྐྱ་རིངས་ཤར།། དེ་རྣམས་གང་བྱེད་ཀྱང།། ཡ་མན་ཏ་ཀ་གསལ་བར་བྱ།། དགུ་བསྐོར་སྔགས་དེ་ཡི་ལས།། ཟླ་གསང་ནག་པོའི་རྒྱུད་ལས།། འཇམ་དཔལ་མུ་ཨ་ཀ་དགུ་བསྐོར་གྱི་ལེའུ་སྟེ་ཞེ་དགུ་པའོ། །།། ཡང་ཞུས་པ།། སྟོན་པ་ལགས།། ཏིང་ངེ་འཛིན་མཉམ་པའི་མཎྜལ་ལ།། རང་བཞིན་སྤྱན་དྲངས་འཚལ་མི་འཚལ།། ཐུགས་དམ་གནད་ནས་སྐུལ་པ་ལ།། བསྐང་གསོ་རྒྱས་པར་འཚལ་མི་འཚལ། ། རྨོངས་པ་རྣམས་ལ་བཀའ་སྩལ་འཚལ།། ཡང་བཀའ་སྩལ་པ།། ཉོན་ཅིག་འཇམ་དཔལ་རྣོན་པོ་པ།། བཟང་རྟོག་ཅན་ལ་བཤད་མི་དགོས།། ངན་རྟོག་ཅན་ལ་ངས་བཤད་ཀྱིས།། ཏིང་འཛིན་བསྐྱེད་པའི་ལྷ་རྣམས་ལ། ། རང་བཞིན་སྤྱན་དྲངས་བསྟིམས་ལ་བཞག། ཕྱག་འཚལ་བསྟན་པའི་ཆོ་ག་བྱ།། བསྐང་གསོ་དམ་ཅན་བསྐང་བ་ལ།། མཐིང་ནག་ཤེལ་གྱི་པུ་ཙ་དང།། རྨད་དུ་བྱུང་བའི་གཏོར་མ་དང།། རྩ་བརྒྱད་སྟོང་ལས་སྦྱར་བའི་བདུད་རྩི་དང། ། རཀྟ་དམར་གྱི་ཨརྒཾ་དང།། འཇམ་དཔལ་ལྷ་ཚོགས་ཀུན་གྱི་ཐུགས་དམ་བསྐང།། འཇམ་དཔལ་ཟབ་མོ་བཀའ་སྲུན་མ།། རྒྱན་གྱིས་སྒེག་པའི་བན་དམར་ལྕང་ལོ་ཅན། ། རཀྟ་དམར་གྱི་འདུ་འཕྲོ་མེ་ལྟར་འབར།། ཞིང་ལྤགས་རློན་པའི་གཡང་གཞི་མུན་ལྟར་གཏིབས།། ཁྲག་ཆེན་ཐིག་ལེ་ཚོམ་བུ་སྐར་ལྟར་འཁྲུག། མན་ངག་བརྒྱན་གྱིས་སྒེག་པའི་དྲི་ཆེན་གྱིས།། གཤིན་རྗེ་གཤེད་པོ་ཡབ་ཡུམ་ཐུགས་དམ་བསྐང། ། ཚར་གསུམ་སྒེག་པའི་བན་དམར་ལྕང་ལོ་ལ།། རཀྟ་དམར་གྱི་རྒྱ་མཚོ་གཟི་ལྡན་ཞིང།། ལོངས་སྤྱོད་ལྔ་ལྡན་པུ་ཙ་དམ་པ་འདིས།། གཤིན་རྗེ་བདུད་འཇོམས་ཡབ་ཡུམ་ཐུགས་དམ་བསྐང། ། རུས་ཆེན་མང་པོའི་ཐལ་ཆེན་བརྡལ་བ་དང།། རྡོ་རྗེ་རླུང་ནག་ཚུབ་མ་མུན་ལྟར་འཐིབས།། མཾ་ས་ཤ་ཆེན་རཀྟ་ཨརྒཾ་དང།། དུང་འབུད་གསུར་ཆེན་དམ་རྫས་བཅུ་གསུམ་གྱིས།། ཀོ་ཙེ་བྲག་གྱོན་ཡབ་ཡུམ་ཐུགས་དམ་བསྐང། ། རཀྟ་མཚོ་ལྟར་འཁྱིལ་ཞིང་རྐེང་རུས་རི་ལྟར་སྤུངས།། ནང་ཁྲོལ་བཅུད་ལ་ཟ་ཞིང་ཞིང་ལྤགས་གཡང་གཞི་རྦ།། ཨ་བ་གླང་མགོ་ཡབ་ཡུམ་ཐུགས་དམ་བསྐང།། རཀྟ་དམར་དང་མཾ་ས་ཞིང་ཆེན་དང། ། བདུད་རྩི་སྨན་ཀྱི་པུ་ཙ་དང།། ཡ་བ་ཏི་ཡབ་ཡུམ་ཐུགས་དམ་བསྐང།། རཀྟ་དམར་གྱི་ཚོམ་བུ་མེ་ལྟར་འབར།། ཞིང་ལྤགས་གཡང་གཞི་ཁྲག་གི་ཐིག་ལེ་བསྒྲེགས་པ་འདི།། ཕྱ་སངས་ཡབ་ཡུམ་ཐུགས་དམ་བསྐང། གཟི་ལྟར་ལོངས་སྤྱོད་དུང་འབུད་གསུར་ཆེན་དང།། རྐང་ཚིལ་ཞག་ལ་སོགས་པའི་ལོངས་སྤྱོད་དང།། སྙིང་རྩེ་མཁལ་མ་གོ་རོ་ཙ་ན་དང།། དམ་རྫས་སྒྲུབ་པ་གཞུང་ལས་བྱུང་བ་ཡིས།། སྨིག་པ་ཡབ་ཡུམ་ཐུགས་དམ་བསྐང། ། ཙིཏྟ་དམར་པོ་ཞིང་གི་མཆོག་སྒྲོས་ཤིང།། མཾ་ས་གཞུང་བཞིན་བསྒྲུབ་པའི་སྙིང་པོ་དང།། རཀྟ་མཆོད་དུ་སྒེགས་པའི་ཨརྒ་དང།། གཞུང་བཞིན་བསྒྲུབ་བའི་གོ་རོ་ཙ་ན་ཡིས།། རྟེལ་པ་ཡབ་ཡུམ་ཐུགས་དམ་བསྐང། ། དམ་རྫས་ལོངས་སྤྱོད་གཞུང་བཞིན་སྤྱོད་པའི་གོ་རོ་ཙ་ན་དང།། བ་ལང་སྣ་དང་རྒྱ་ལོང་དཀར་པོ་དང།། རཀྵ་དམར་དང་ཤ་ཆེན་ལོངས་སྤྱོད་དང།། བསྐུལ་ཞིང་མཆོད་པ་ཉིད་དུ་རབ་ཏུ་བཤམས། ། ལྷ་མཆོག་ཡབ་ཡུམ་ཐུགས་དམ་བསྐང།། དྲི་ཆེན་ཚིལ་དང་མཾ་ས་ཤ་ཆེན་འདི།། ཆོས་ཀྱི་རྒྱལ་པོ་ཡབ་ཡུམ་ཐུགས་དམ་བསྐང།། ཙིཏྟ་ཁྲག་དང་གོ་རོ་ཙ་ན་དང།། དམར་ཆེན་ཨརྒ་བདུད་རྩི་སྨན་རྣམས་ཀྱིས། ། མིག་དམར་ཡབ་ཡུམ་ཐུགས་དམ་བསྐང།། ལོངས་སྤྱོད་སྣ་ཚོགས་སྦྱར་བའི་དམ་རྫས་འདི།། དཀྱིལ་འཁོར་སྒོ་མ་བཞི་ཡི་ཐུགས་དམ་བསྐང།། མདོག་གསལ་བ་ཡི་དུག་སྙིང་དང།། རྒྱུ་ལོང་འུག་ལྟར་འཚེར་བའི་དུག་སྙིང་དང། ། ལྟས་ངན་རྐྱེན་བཟློག་པ་ཡི་སྲིན་བྱ་དང།། འཇོ་འདོར་ཐབས་ལ་མཁས་པ་ཝ་ཤ་དང།། ཀུ་ཀུ་རཀྟ་གསང་བའི་ཙིཏྟཡིས།། བདུད་མོ་ཡབ་ཡུམ་ཐུགས་དམ་བསྐང།། ཟླ་གསང་ནག་པོའི་རྒྱུད་ལས། ། ཐུགས་དམ་བསྐང་བའི་ལེའུ་སྟེ་ལྔ་བཅུ་པའོ།།།། ཡང་ཞུས་པ།། སྟོན་པ་ལགས། རོལ་པ་ཟ་བྱེད་ཚོགས་ཅིག། ལྷག་མ་འཇུག་སྡུད་ཇི་ལྟར་ལགས།། ཡང་བཀའ་སྩལ་པ།། ཟ་བྱེད་ཚོགས་ལ་ལྔ་རུ་གྲགས། ། ཡེ་ནས་ལྷུན་གྱིས་རྫོགས་པའི་ཚོགས་དང་གཅིག། དག་པ་དབྱིངས་ཀྱི་ཚོགས་དང་གཉིས།། འགྲམ་པ་ལྷ་ཡི་ཚོགས་དང་གསུམ།། ཤེས་རབ་སྐལ་ལྡན་འདུལ་བའི་ཚོགས་དང་བཞི།། ཡེ་ཤེས་རོལ་བའི་ཚོགས་དང་ལྔ། ། ཤེས་རབ་སྐལ་ལྡན་འདུལ་བ་ལ།། རྣམ་པ་གསུམ་དུ་ང་ཡིས་བཤད།། སྐལ་ལྡན་ལྷ་ཡི་ཚོགས་དང་གཅིག། འབྱོར་ལྡན་མི་ཡི་ཚོགས་དང་གཉིས།། སྐལ་ལྡན་ལྷ་ཡི་ཚོགས་དང་གསུམ།། འབྱོར་ལྡན་ཚོགས་ལ་བྱིན་བརླབས་བྱ། ། ཕྲིན་གདགས་གསང་བ་སྤྱན་དྲངས་དབུལ།། ཛཿཧཱུཾ་བཾ་ཧོས་སྤྱན་དྲངས་ལ།། ཧཱུཾ། གཤིན་རྗེ་ཡབ་ཡུམ་རྒྱལ་པོ་དང།། མ་མོ་མཁའ་འགྲོའི་ཚོགས་ཆེན་དང།། ལྷ་དང་ལྷ་མིན་རྣལ་འབྱོར་རྣམས། ། ཐུགས་དང་འཐད་པའི་གནས་འདི་རུ།། ཐུགས་དམ་བཞིན་དུ་གཤེགས་སུ་གསོལ།། ཤྲི་མཉྫུ་སྙིང་ཁ་རག་མོ་ཁ་ལ་དུན་བྷྱོ། ཨརྒཾ་པྲ་ཏི་ཛ་ཧཱུཾ་ཛ།། ཁྲོ་བོ་ཆེན་པོ་རྣམ་པར་རྒྱལ།། ཡ་མནྟ་ཀ་གཤིན་རྗེ་གཤེད། ། དབུ་གསུམ་ཕྱག་དྲུག་གཡས་དཀར་པ།། གཡོན་དམར་དབུས་མཐིང་ཞབས་བཞི་པ།། སྐུ་ཆེན་ཞིང་བསྒྲེལ་གདན་ལ་བཞུགས།། བརྐྱང་བསྐུམ་ཚུལ་བཞུགས་ཁྲོ་གཉེར་ཅན།། ཟ་བྱེད་ཆེན་མོ་པེ་ཏ་ལི། ། མིག་གསུམ་གདོང་དྲུག་ཁྲོ་གཉེར་ཅན།། ལུས་ནི་མེ་ཆེན་འབར་བ་ལ།། གཏུམ་མོ་རབ་ཏུ་གསོད་གྱོན་མ།། ཞིང་ཆུང་བསྒྲེལ་བའི་གདན་སྟེངས་སུ།། བརྐྱང་སྐུམ་ཚུལ་དུ་སྦྱོར་བ་མཛད།། མེ་དཔུང་འབར་བའི་དཀྱིལ་འཁོར་ནས། ། འཁོར་ལོ་ཐོགས་མེད་བཙན་ཐབས་ཅན།། ཡིད་ལ་ཕལ་པའི་མཎྜལ་འདིར།། གཤེགས་ཤིང་བྱོན་པའི་གནས་སུ་ཡང།། བསྙེན་ཞིང་བསྒྲུབས་པའི་ལྷ་ལགས་ཀྱིས།། སྡང་བའི་དམ་ཉམས་བསྒྲལ་བ་དང། ། ཚོགས་ཀྱི་ལོངས་སྤྱོད་བསྣམས་སུ་གསོལ།། ཁ་རཾ་ཡོ་གི་ཁ་ཧི་ཁ་ཧི།། བསྟོད་དེ་གཤེགས་པ་བསྟན་པར་གསུངས།། ལྷག་མ་འཇུག་སྡུད་རིམ་པ་ནི།། བྱིན་བརླབས་སྤྱན་དྲངས་གསང་བ་བྱ།། ཚོགས་གསུམ་བགོ་སྟེ་དབྱེ་བ་དང། ། གཅིག་བསྲེག་གཅིག་དབུལ་གཏེར་དུ་སྦ།། དང་པོ་ཕུད་ཀྱིས་མི་མཆོད་དུ།། གཤིན་རྗེ་ཡབ་ཡུམ་ཕུད་ཀྱི་བདག། བར་དུ་ཚོགས་ལ་མི་བརྟེན་དུ།། བདུད་དང་གཤིན་རྗེ་ཚོགས་ཀྱི་བདག། བཅོམ་ལྡན་འཇམ་དཔལ་ཡབ་ཡུམ་ལ།། འཁོར་དུ་གཤིན་རྗེ་མ་མོ་འབུམ་གྱིས་བསྐོར།། རྒྱུན་གྱི་གཏོར་མ་འདི་ལོང་ལ།། བཅོལ་བའི=། འདྲེས་སོ།། ཡ་མ་རཱ་ཛ་ཡབ་ཡུམ་ལ།། དྲི་ཟ་ཕོ་མོ་འབུམ་གྱིས་བསྐོར། ། བཀའ་ཡི=། བཅོལ་བའི=།། གཤིན་རྗེ་ཕྱ་སངས་ཡབ་ཡུམ་ལ།། གྲུལ་བུམ=།། བཀའི=།། བཅོལ་བའི=།། གཤིན་རྗེ་མྱོས་བྱེད་འབར་བ་ཡབ་ཡུམ་ལ།། འཁོར་དུ་བདུད་པོ་འབུམ་གྱིས་བསྐོར།། བཀའི=། བཅོལ་བའི=།། ཨ་རྱ་མ་རུ་ཡབ་ཡུམ་ལ།། ཀླུ་བདུད་ཕོ་མོ=།། བཀའི=།། བཅོལ་བའི=།། གཤིན་རྗེ་མྱོས་བྱེད་འབར་བ་ཡབ་ཡུམ་ལ།། གནོད་སྦྱི=།། བཀའི=།། བཅོལ་བའི=།། ཡབ་ཅིག་འཇམ་དཔལ་གཤིན་རྗེ་ལ། ། ཕྱོགས་སྐྱོང་བཅུ་ཡིས་བསྐོར་བ་ནི།། གཤིན་རྗེ་བདུད་འཇོམས་ཡབ་ཡུམ་ལ།། འཁོར་དུ་ལྷ་བདུད་འབུམ་གྱིས་བསྐོར།། བཀའ=།། བཅོལ་བའི=།། ཀོ་ཙེ་བྲག་གྱོན=།། བརྒྱ་བྱིན་ཕོ་མོ=།། བཀའི=།། བཅོལ་བའི=། ། ཨ་བ་གླང་མགོ=།། འཁོར་དུ་གཤིན་རྗེ=།། བཀའི=།། བཅོལ་བའི་ལས=།།། གཤིན་རྗེ་ཕྱ་སངས=།། འཁོར་དུ་སྲིན་པོའི=།། བཀའི=།། བཅོལ་བའི=།། གཤིན་རྗེ་དམིགས་པ=།། འཁོར་དུ་ཀླུ་བདུད=། ། བཀའི=།། བཅོལ་བའི=།། གཤིན་རྗེ་ལྷ་མཁར=།། འཁོར་དུ་གནོད་སྦྱིན།། བཀའི=།། བཅོལ་བའི=།། འོག་གི་གཤིན་རྗེ་མིག་དམར་ལ།། འཁོར་དུ་ས་བདག=།། བཀའི=།། བཅོལ་བའི=། ། ཡ་མན་ཏ་ཀ་ཡབ་ཡུམ་ལ།། ཐར་བྱེད་བརྒྱད་ཀྱིས་བསྐོར་བ་ནི=།། དམྱལ་བ་ཡི་དྭགས་བྱོལ་སོང་དང།། སྲིན་པོ་དམ་སྲི་གནོད་སྦྱིན་དང།། ལྷ་ཀླུ་ཐར་བྱེད་བརྒྱད་པོ་ལ།། བཀའི=།། བཅོལ་བའི=།། ལྷག་མ་ཁ་ཆུས་མི་གདབ་ཏུ། ། ལ་ལ་བྲན་ལ་ལ་ལ་གཡོག། ཏྲོ་ཏ་ནི་ཧཱུཾ་ཕཊ།། དབྱིངས་གསུམ་བསྲས་ཏེ་མཁའ་འགྲོ་བསྐྱང།། ཟླ་གསང་ནག་པོའི་རྒྱུད་ལས།། ཚོགས་ལྷག་གི་ལེའུ་སྟེ་ང་གཅིག་པའོ།།།། ཡང་ཞུས་པ། ། སྟོན་པ་ལགས།། འཇམ་དཔལ་ཐོད་ཟོར་འཕང་བ་ལ།། པྲ་བརྟག་རིམ་པ་འཚལ་མི་འཚལ།། དེ་ཡི་བཟང་ངན་ཇི་ལྟར་ལགས།། ཡང་གསུངས་པ། མ་རྟོགས་པ་ལ་ངས་བཤད་ཀྱིས།། ཐོད་ཟོར་པྲ་བརྟག་འདི་ལྟར་བཤད། ། དོན་པོ་ཕྱོགས་སུ་འཕང་ཙམ་ན།། ཟངས་ཀྱི་སོང་ནས་གཡས་བལྟས་ན།། དོན་པོ་རྒན་རིམ་གསུམ་ལ་ངན།། གཡོན་དུ་བལྟས་ན་བུད་མེད་འཆི།། ཡ་ཡེ་མེད་པར་དོན་ཕྱོགས་སུ།། ལྟས་ན་ཕོ་མོ་བདུན་ལ་ངན། ། དོན་པོ་ཕྱོགས་སུ་ཁ་བུབ་ན།། བདུན་བརྒྱུད་རྩ་བ་འཆད་པའི་རྟགས།། ཕྱི་གན་དག་ཏུ་བལྟས་ན་ནི།། དོན་པོ་ཕྱོགས་སུ་གསུམ་ལ་ངན།། རྣལ་འབྱོར་རང་ལ་ཅུང་ཙམ་རྩུབ།། སྤོག་སྟེ་སླར་ཡང་འཕང་བར་བྱ། ། ཤར་དུ་ལྟས་ན་ཕུར་བཟློག་ཡོད།། སླར་ལ་བཟློག་སྟེ་འཕང་བར་བྱ།། ཕུར་བཟློག་པ་ཡང་འཆི་བར་བཤད།། ལྷོ་རུ་ཁ་བལྟས་གཤིན་རྗེ་དང།། མ་མོར་བསྡོངས་ནས་ལས་བྱེད།། ནུབ་ཏུ་བལྟས་ན་ས་བདག་དང། ། ཀླུ་རུ་བསྡོངས་ཏེ་ཁྲོས་པས་ན།། དེ་ལ་གསོ་བའི་ཆོ་ག་བྱ།། བྱང་བལྟས་རང་གི་འཁོར་ལ་ངན།། ཤར་ལྷོར་བལྟས་ན་མེ་ལྷ་དབང་དུ་འདུས།། ཐམས་ཅད་ཟིལ་གྱིས་གནོན་པའི་རྟགས།། ལྷོ་ནུབ་བལྟས་ན་སྲིན་པོ་འདུས། ། ལས་རྣམས་གྲུབ་པར་བརྒྱ་ཡིས་བཅད།། ནུབ་བྱང་བལྟས་ན་རླུང་ལྷ་དབང་དུ་འདུས།། ཡང་དག་ཆོས་ཀྱི་དབྱིངས་དང་ལྡན།། བྱང་ཤར་བལྟས་ན་དབང་ལྡན་འདུལ།། མ་བཅོས་ཆོས་ཉིད་དོན་དང་ལྡན། ། ཁ་ཞེས་བྱ་བའི་རྟག་པ་སྟེ།། གང་དུ་བལྟས་ཀྱང་བཟང་བར་བཤད།། ཚུར་བལྟས་ཁ་ལོག་ཐོད་ལོག་སྟེ།། སྔགས་པ་རང་ལ་ངན་པར་བཤད།། འཇམ་དཔལ་སླེ་ནག་རྟ་བྲོ་བརྡུང།། ཐོད་པ་རང་ཡང་གནན་ལ་གཞག། འཇམ་དཔལ་ཐོད་ཟོར་དམར་ནག་གིས།། ཟླ་གསང་ནག་པོའི་རྒྱུད་ལས།། ཐོད་ཟོར་པྲའི་ལེའུ་སྟེ་ང་གཉིས་པའོ།།།། ཡང་ཞུས་པ།། སྟོན་པ་ལགས།། དྲག་པོ་ལས་སྦྱོར་བྱེད་དུས་དེར།། འབྲམ་གསུམ་རིམ་པ་ཇི་ལྟར་ལགས། ། གསུངས་པ།། དྲག་པོ་དུས་ཀྱི་འབྲབ་གསུམ་སྟེ།། ཤ་འབྲབ་སྙིང་འབྲབ་དབུག་འབྲབ་སྟེ།། ཟངས་ལིང་ཤི་ལ་པྲ་ཏྲ་ནི།། སྲིན་པོ་མཐོང་ངམ་མི་ཟན་དང།། སྲིན་མོ་ཁམས་གསུམ་རླུང་རྒྱུག་མ། ། མི་ལ་སོགས་པའི་སེམས་ཅན་ལ།། རྐང་པས་མི་འདེད་སེམས་ཅན་ཀུན།། གསོད་ཅིང་འཆི་བའི་སྔགས་ཡོད་དེ།། ཤ་འབྲབ་སྙིང་འབྲབ་དབུག་འབྲབ་སྟེ།། དེ་གསུམ་གཏད་གནན་རླུངས་ཀྱིས་ཟ། ། དེ་ལྟ་བུ་ཡི་ཕོ་མོ་ཡོད།། དཔལ་འབར་ཟླ་བའི་འོད་ཟེར་ཅན།། བྱ་བའི་དྲེགས་པ་ཅན་གཅིག་གིས།། སྲིན་པོ་ཕོ་མོ་གཉིས་གམ་དུ།། ཚུབ་པུར་སྤྲུལ་ལོ་ཡང་ནི་ཟེར།། ཉི་ཟླ་གཉིས་སུ་སྤྲུལ་ནས་ནི།། ཕོ་མོ་གཅིག་ལ་ཉན་དུ་ཕྱིན། ། ཁོ་བ་འབབ་ཏྲི་བཟློས་པ་ཐོས།། ཁོ་བོ་འབྲབ་གཉིས་བཟློས་པ་བདག་གི་ཟིན།། བདག་གི་བསད་པས་དོན་རྣམས་འགྲུབ།། གདབ་མཐུ་བྱ་བའི་མན་ངག་གོ། སྲིན་པོ་ཕོ་མོ་བཞིན་དུ་འགྲུབ།། ཐད་ཀར་བསྟན་པ་བསྲུང་བ་ཡི། ། མན་ངག་དག་ཏུ་གཞག་པ་ཡིན།། བཅོམ་ལྡན་ཕྱག་ན་རྡོ་རྗེ་དང།། དཔལ་གྱི་མཁའ་འགྲོ་མས་ཀྱང་ནོས།། དེ་ནས་རིམ་པས་མན་ངག་ཤོར།། ཡ་མ་ར་ཛ་སྒྲ་རྒྱུག་ལ།། རབ་ཏུ་གཉན་པའི་སྔགས་སུ་བཤད། ། ཁྲོ་བོ་ཕྱག་ན་རྡོ་རྗེའི་བཀའ་སྲུང་པ།། བྲལ་ཟེ་ནག་པོ་ལྕེ་དགུ་པ།། ཡ་མ་རཱ་ཛའི་ལས་བརྒྱ་རྩ་གཅིག་མཁྱེན།། དེ་ཡི་ནང་ནས་ཉུང་དུ་བསྡུས།། རུས་མིག་ནང་ནས་ཚིལ་བུ་སྟོན།། དྲག་སྔགས་གདབ་པའི་ངན་སྔགས་འདི། ། འཇམ་དཔལ་གཤིན་རྗེའི་ཡ་བཀབ་འདི།། བཙན་དུག་མཚོན་རྣོན་འདྲ་བའི་སྔགས།། འབྲམ་གསུམ་རིམ་པ་འདི་གྲགས་སོ།། ཡ་མ་རཱ་ཛ་ཧྲིཿཥྟི་བྀ་ཀྲི་གྲོན་ད་མོ་ཧ་ཆེ་གེ་མོ་ཏྲི་ཏི་ཧྲི་ཧྲི་ས་ཧྲི་ཧྲི་སརྦ་ཐུམ་སྦུར་ཡ་སྦུར་ཡ་ཛ་ཛ། ། ཡ་མ་ཛ་པ་ཙིཏ་ཏ་བེ་ཤ་རྦད་ཆེ་གེ་མོ་སྦུར་ཡ་ཛ་ཛ།། ཡ་མ་རཱ་ཛ་གཤིན་རྗེ་ནག་པོ་མཱ་ར་ཡ།། ཐུཾ་སྦུར་ཡ་སྦུར་ཡ་ཛ་ཛ།། དེ་བཟླས་དོན་པོ་དེ་ལ་བཏབ།། འདི་ཤོར་མི་རྒོད་ལག་ཏུ་མཚོན་བསྐུར་འདྲེ། ། འདི་ནི་རྒྱ་མཚོ་གཏིང་གི་རྡོ་འདྲ་སྟེ།། གཞན་ལ་བསྟན་པར་མ་གསུངས་སོ།། སྲོག་རྩ་གཅད་པའི་གདབ་སྔགས་འདི།། ཡ་མ་སྙིང།། ཡ་མ་ཁྲག། ཡ་མ་དུ།། ཡ་མ་རྦད།། ཚལ་པ་ཚལ་པ། ། པཾ་རིལ་སྟམ་པ་ནན།། དུཾ་བུ་དུ་བུ།། ལྷུ་གཏུབས།། ལྷུ་གཏུབས།། ལྷུ་ཐུམ་ཤིག། ཕྲུལ་ཡ་རྦད་ནི་ཛ།། སྟོན་ཟླ་རབ་འབྲིང་ཉི་ཤུ་ལྔ།། དེ་ལ་བཟླས་པའི་མགོ་ཡང་གཟུགས།། ཚེས་གསུམ་ཉི་མ་ལ་གདོན་པར་བྱའོ། ། ཙ་ར་རོག་པ་ར་གཉིས་པ།། གླང་མའི་མཚན་ཡང་བྲིས་ལ་གདགས།། སེར་ལྡེང་ཕུར་བ་སོར་བརྒྱད་པ།། ཕུར་པ་དེ་ལ་ར་རོག་གདག། ཉི་ཤུ་དགུ་ཡི་ནུབ་མོ་ལ།། ར་ལ་ཕུར་བུ་གདབ་པར་བྱ།། ར་བསྒྲལ་པགས་པ་སླུད་བུར་བྱ། ། ད་ཅིའི་མཚན་ཡང་དེ་རུ་གཞུག། སླུད་པུ་དེ་རང་གཉན་སར་གནན།། ཟླ་གསང་ནག་པོའི་རྒྱུད་ལས།། གདམ་ངག་གདབ་མཐུ་འབྲལ་གྱི་ལེའུ་སྟེ་ང་གསུམ་པའོ།།།། ཡང་ཞུས་པ། སྟོན་པ་ལགས། ། འཇམ་དཔལ་ལས་ཀྱི་ཊི་ཀ་ཇི་ལྟར་ལགས།། བཅུ་བདུན་པ་དང་སུམ་ཅུ་གཉིས།། ལྷ་རབས་སྔ་མའི་གཞུང་རྣམས་ནི།། བཅལ་ལུགས་ལྷ་གྲངས་བཤད་དུ་གསོལ།། ཡང་གསུངས་པ།། དང་པོ་གནས་འཚལ་དུར་ཁྲོད་དམ། ། ས་སྦྱང་ཆོ་ག་གཞུང་དུ་བྱ།། རོག་པོ་དཔའ་སྟོབས་ལྡན་པ་བཙལ།། བསྒྲུབ་པ་འཇུག་པའི་དུས་ཚོད་ནི།། ཉ་དང་ཉི་ཤུ་གཅིག་དང་བདུན།། ཡོ་བྱད་མི་སྙིང་ཏ་སྙིང་ཁྲག། དཔལ་དག་གཤིན་རྗེ་མ་མོ་ལ། ། གཏོར་མ་གསུམ་དུ་བྱས་ལ་བཤམ།། ཉི་ཤུ་རྩ་གཅིག་ནུབ་མོ་ལ།། འཁོར་ལོ་བཅས་ཏེ་བྲི་བར་བྱ།། ཐིག་བཞི་བཏབ་པས་ལེ་ཚེ་དགུ། ཕོ་ཐོད་མོ་ཐོད་གཉིས་པོ་ལ།། ཡང་ན་རོ་རས་ལ་འཁོར་ལོ་བྱ། ། བག་ཆུས་བཏང་སྟེ་ཀ་ར་ཕྱི།། དེ་ནས་སྣག་ཚས་ལས་རྣམས་བརྩམ།། དུག་ཁྲག་དང་ནི་སྦྱང་དུག་ཕག། སྐེ་ཚེ་ཉུངས་ཀར་དུར་ཁྲོད་སོལ།། སླ་ངའི་ནང་དུ་སྣག་ཚ་བྱ།། སྐད་ཅིག་མ་ཡི་ཏིང་འཛིན་གྱིས། ། ཡ་མན་ཏ་ཀར་གསལ་བསྒོམས་ལ།། ཕོ་ཉས་བཀུགས་ལ་ཤེས་པ་བསྟིམ།། སླ་ངའི་ནང་དུ་བཅུག་ནས་ནི།། གཡོན་པ་སྡིགས་མཛུབ་གནན་ནས་ནི།། གཡས་པ་སྡིགས་མཛུབ་དག་གིས་ནི།། འདི་དག་བཟླས་ཤིང་མཉེ་བར་བྱ། ། ཧཱུཾ་དུ་མ་ར་ཡ་ཧཱུཾ་ཕཊ།། སྨྱུ་གུ་བྱ་རོག་འུག་པ་ཡིས།། སྒྲོ་རྩའི་ནང་དུ་སྨྱུ་གུ་གཞུག། འཁོར་ལོ་བྲི་བའི་མུ་ཏྲ་ནི།། སྲིན་ལག་བར་བུ་བཅུག་ལ་བྲི།། དབུས་སུ་ཐིག་བཞི་ལེ་ཚེ་དགུ། ཤར་དཀར་དང་སེར་བ་དང་དམར་བྱ་དབུས་ནག་གྲཝ་སྔོ་བ། ། ཕྱི་རིམ་འཁོར་ལོ་བཅུ་དྲུག་གཉིས་ལ།། དེ་ཡི་ཕྱི་རིམ་བཅུ་དྲུག་ཁྲི།། འཇམ་དཔལ་ཞལ་བཞི་ཟུར་བཞི།། དེ་ལྟར་འཁོར་ལོ་ས་བཅད་ནས།། ད་ནི་སྔགས་རྣམས་དགོད་པར་བྱ། ། ཡ་མ་རཱ་ཛ། ས་ཏོ་མེ་ཡ་ཡ་མེ་ཏོ་རུ་ན་ཡོ་ཏ་ཡ་ཡ་ཏ་ཡོ་ནི་ར་ཡ་ཀྵེ་ཡ་ཡ་ཀྵེ་ཡ་ཙ་ནི་ར་མ་ཡ། དབུས་སུ་ཡ་བྲིས་ཕྱི་མས་བསྐོར།། ཡ་དང་མ་ཡི་བར་དུ་ནི།། དོན་པོ་མི་རུས་གཞུག་པར་བྱ། ། ཛ་དང་ཛ་ཡི་བར་དུ་གཞུག། ཨ་ཨཱ།། ཨི་ཨཱི། ཨུ་ཨཱུ། ཨེ་ཨཻ། ཨོ་ཨཽ། རྀ་རཱྀ། ལྀ་ལཱྀ། ཨོཾ་ཨཽ། དེ་ལ་སོགས་ཏེ་ཡི་གེ་ཀུན།། གཡས་སུ་བསྐོར་ལ་བྲི་བར་བྱ།། ཡི་གེར་ག་མ་རེག་པར་བྲི།། རི་མོ་ཟིན་པས་ཕྱག་གསུམ་བཙལ། ། དེ་ནས་པུ་ཙ་གཏོར་མ་དབུལ།། སྨོན་ལམ་གྲུབ་པར་གྱུར་ཅིག་བྱ།། ཐོད་པར་ཕོ་བྲི་རས་ལ་མོ།། ཕུང་ཤིང་གསུམ་ཞེས་བྱ་བ་ཡིན།། རང་ཉིད་ཡ་མན་ཏ་ཀར་བསྒོམ།། སྐུ་གསུང་ཐུགས་ཀྱི་འཛབ་ལ་འཇུག། སྐུ་ཡི་སྔགས་ནི་ཨ་ཀྲོ་ཏེ།། གསུང་གི་སྔགས་ནི་ཀ་ལ་རུ་པ་སྟེ།། ཡི་གེ་འབྲུ་དགུ་གསུང་གི་སྔགས།། ཡིག་འབྲུ་བཅུ་གཅིག་ཐུགས་ཀྱི་སྔགས།། ཧྲིཿ་ཥྟི་ཡི་གེ་འབྲུ་ལ་སོགས།། བསྙུང་བར་གནས་ལ་མ་ཐོག་བར། ། མི་ཚིག་དག་གིས་བར་མི་བཅད།། ཁྲི་བཟླས་བརྒྱ་ཚར་སྨན་མཆོད་རེ།། སྨོན་ལམ་རེ་དང་བཏབ་སྲེག་རེ།། ཁྲག་ཐུན་ཉུངས་ཀར་སྐེ་ཚེ་བྲབ།། འཁོར་ལོ་ཕྱེ་ཞིང་གཟུགས་ལ་བྲབ།། བརྒྱ་ཚར་རེ་ཞིང་འཁོར་ལོ་བསྐོར། ། ཚོན་སྐད་དག་གི་ལིང་ག་བསྣམས།། དགྲ་ཡིས་རྫས་བསླང་ལིང་ག་བྱ།། འཁོར་ལོ་ཁ་སྦྱར་ནང་དུ་བཞུག། བེ་ཅོན་ཐོག་ལ་སྔགས་ལ་འཇུག། ཉི་མ་བཞི་པའི་ལས་བྱ་སྟེ།། བསྒོམ་ཐབས་དྲང་པོ་ཁ་ཙར་ཞིབ། ། ལེ་སྟོན་ནང་དུ་བལྟ་བར་བྱ།། ཐུགས་ཀྱི་སྔགས་ནི་འདི་དག་གོ། ས་མ་ཡ་མཉྫུ་ཤྲི་མུ་ཏྲ་ཡ་མན་ཏ་ཀ་པ་ན་ཙ་དེ་རོ་ནི་ཧཱུཾ་ཛ།། མཉྫུ་ཤྲི་ཨ་ཀྲོ་ཏེ་ཀ་མན་ཏ་ཀ་ལ་རུ་པ།། ནི་ཤ་ཀུ་ཀུ་རུ་ནི་ཧཱུཾ་ཕཊ། འཕྲིན་ལས་སྔགས་ནི་འདི་དག་སྟེ།། ཨོཾ་མཉྫུ་ཤྲི་ཨ། ལ་སོགས་པ་གདོན།། བཟླས་པའི་དུས་ཚོད་ནམ་ཕྱེད་ན།། ལས་ཀྱི་གཤིན་རྗེ་ཉིད་འོངས་ནས།། ང་ཡི་ཅི་བྱ་འབོད་པ་སྟེ།། ཟེར་ནས་གམ་དུ་འོངས་པ་ལ།། འདི་སྐད་གཤིན་རྗེ་རྒྱལ་པོ་ཁྱོད་ཉིད་ཀྱི། ། ལྟོ་ན་སྲིད་པ་གསུམ་ཡོད་པ།། ཁྱེད་ཀྱི་མི་འདུལ་གང་ཡང་མེད།། བསྟན་པ་གཤིག་པའི་དགྲ་བོ་འདི།། སོད་ཅིག་ཟོ་ཞིག་ཞལ་དུ་རྡུབས།། དེ་སྐད་བྱས་ཏེ་ཁོ་ལ་བཏབ།། ལྷག་མ་ཧོམ་དུ་སྦྱིན་སྲེག་བྱ། ། ཐལ་བ་མིང་ཡང་གནན་པ་བྱ།། ཟླ་གསང་ནག་པོའི་རྒྱུད་ལས།། འཇམ་དཔལ་ལས་ཀྱི་ཊི་ཀ་ཞེས་བྱ་བའི་ལེའུ་སྟེ་ང་བཞི་པའོ།།།། ཡང་ཞུས་པ།། སྟོན་པ་ལགས།། སངས་རྒྱས་བསྟན་པ་བསྲུང་བ་ལ། ། རྫས་ཀྱི་སྦྱོར་ཐབས་ཇི་ལྟར་ལགས།། བཀའ་སྩལ་པ།། བསྟན་པ་སྲུང་བའི་དོན་དུ་གསུངས་ཏེ།། གནོད་བྱ་གནོད་བྱེད་གཉིས་ཀ་བཤད།། བསྙོ་དུག་སྦྱར་བའི་བྱ་ཐབས་ལ།། རྗེ་ངར་ནང་དུ་ཆང་བླུགས་ལ། ། སྒྱེད་བུ་འོག་ཏུ་དོང་བྲུས་ལ།། ནང་དུ་སྲེ་སྟེ་བཏིང་སྟེ་རྗེའུ་གཞུག། འོག་ནས་མེ་གཏང་ཟླ་གསུམ་བཞི།། དུས་སུ་བཏོན་ན་ཆང་དུག་སྟེ།། ཆང་བྲ་གང་ལ་སྒོ་ང་རེ།། བཏང་ན་སྨན་གྱིས་མི་སོས་སོ།། ལོ་ལོན་ནད་ཀྱིས་བརྡུངས་ནས་འཆི། ། ཡང་ན་བྱ་ཐབས་འདི་ལྟ་སྟེ།། སྨན་ནི་ད་ར་སྤྱང་དུག་དང།། ཕྱེ་དང་སྦྱར་ཏེ་ཆང་ལ་བཏབ།། དེ་ཡང་སྨན་གྱིས་མི་སོས་སོ།། ཁྲག་ཏུ་སྐྱུགས་ནས་འཆི་བར་བཤད།། ཡང་ན་འདི་ལྟར་དག་ཏུ་བྱ། ། སྒོག་སྐྱ་སྦྲང་རྩི་གཉིས་སུ་བསྲེས།། བསྲེས་ལ་ཞག་ནི་ལྔ་དྲུག་ཏུ།། བྱིབས་གནན་ནས་དྲོད་ལ་གཞག། དེ་ནས་སྦྲང་གི་ནང་དུ་བླུགས།། ཉ་མོ་ཟས་བཏབ་ན་རྐན།། ཟླ་བ་ལོན་ནས་འཆི་བར་བཤད།། ཡང་ན་བྱ་ཐབས་འདི་ལྟར་བྱ། ། སྐྱེར་པའི་འདབ་མ་དམར་པོ་ལ།། བུང་བུ་རི་འོང་ཤ་བསྲེག་ལ།། ཤ་དྲོད་དེ་ལ་གྲོ་ཆང་དུ།། བཅུག་སྟེ་ཕྱོགས་བཞི་ནང་དུ་བསྲུབས།། དེ་ནས་བཅོས་ཏེ་རེ་ལྕག་པ།། དེ་ནས་ཕྱུང་སྟེ་ཉ་མོ་ལ། ། བཏང་ན་ཟླ་དྲུག་དག་ན་འཆི།། བོང་བ་དཀར་ནག་བསྲེས་པ་དང།། མར་དུ་བསྲེས་ལ་ཕུར་མ་བྱ།། ཆང་གི་ནང་དུ་ཕུར་མ་དེ།། ཟླ་བ་གཅིག་ཏུ་བཞག་ནས་ནི།། བཏོན་ཏེ་ཉ་མོ་དེ་ལ་བླུད།། ལུས་པོ་དྲང་ཞིང་དྲང་བར་འཆི། ། པྲ་ཏེ་བའི་རྩ་བ་དང།། སྐྱེར་བའི་འདབ་མ་དག་ལ་ནི།། སྲིན་བྱའི་ཤ་བསྲེས་ཁྱི་ལུད་བསྡུས།། མལ་འོག་དག་ཏུ་ཞག་དགུར་བསུབ།། བཏོན་དེ་ཉ་མོ་ཆང་ལ་བཏབ།། ཕག་པའི་སྣ་དང་དྲེའུ་ཡི་སྙིང། ། བུད་སྦྲེའུ་ནི་བཙོས་ནས་ནི།། ར་རོག་ཆུ་རུ་ཞག་དྲུག་གཞག། བཏོན་ཏེ་ཉ་མོ་ཆང་ལ་བཏབ།། བཞི་མོ་མེ་ཏོག་འབྲས་བུ་དང།། བ་ཡི་ལྕེ་རུ་སྦྱར་བ་དང།། བོང་ཤ་ན་ཟན་རྐྱག་པར་སྦྱར།། བུད་མེད་ནུ་ཞོ་སྦྱར་བྱས་ལ། ། བ་ཡི་ཆུ་རུ་བཙོས་ཏེ་གནན།། ཞག་བརྒྱད་གནན་ཏེ་གདོན་པར་བྱ།། ཉ་མོ་ཆང་ལ་བཏབ་ན་ར།། ཡང་པྲེ་ཏེ་སྦ་བ་བཞི་མོ་དང།། དུད་པ་བསྲེས་ལ་ཆང་ལ་བཏབ།། གསོ་ནེ་འོ་མ་འཐུངས་པས་མཆོག། ཡང་ན་འོ་མ་རྩ་བ་དང།། ཤོ་མངས་རྩ་བ་དང།། སྐྱེར་བའི་ཁུ་བ་ཆང་དང་སྦྱར།། བཙན་དུག་གོ། སུག་བ་སྤྲུ་དང་འོམ་བུའི་རྐང་དང་བསྲེས་ལ་ཕོ་རོག་ཤ་དང་སྦྱར།། ཟར་མའི་ཁུ་བ་བཙོས་ནས་བཏང། ། ཟླ་གསང་ནག་པོའི་ཏནྟྲ་ལས།། འཇམ་དཔལ་ཟས་སྦྱོར་གྱི་ལེའུ་སྟེ་ང་ལྔ་པའོ།།།། ཡང་ཞུས་པ། སྟོན་པ་ལགས།། ཁྲམ་གཏད་གཏད་ཁྲམ་སེལ་བ་ཇི་ལྟར་བགྱི།། བཀའ་སྩལ་པ། དྲག་པོ་གཏད་ཁྲམ་འདི་ལྟ་སྟེ། ། གཟའ་སྐར་ལོ་གཤེད་དར་རྒུད་རྩི།། ཤིས་པའི་དུས་དང་ཁམས་སུ་སྦྱར།། དགྲ་བོའི་མིང་ཡང་བྲིས་ལ་སྒྲོམ་དུ་གཞུག། གོས་དུམ་དྲི་མ་ཕྱི་མ་རྐང་རྗེས་དང།། གཏུམས་ཏེ་ས་རྩའི་ཁོང་དུ་སྦ།། ཡང་ན་བྲག་དང་ཆུ་འཐབ་པའི། ། ཆུ་མིག་རྡོ་ཅན་ཕུ་རྡུགས་སུ།། ཡང་ན་ལམ་ཅེན་རྒྱ་གྲམ་གནན།། གནན་སྔགས་དག་ནི་འདི་དག་ནི།། ཨོཾ་རྦད་རྦུད་དུཾ་རི་ལི་ལི། འབུམ་དུ་བཟླས་ཏེ་བགེགས་ལ་གཏད།། ཀླུ་ལ་གཏད་ན།། ཆུ་ཁ་ཤར་དང་ལྷོ་ལྟས་ཀླུ་དཀར་པོ་གནས། ། བྱང་ནུབ་བལྟས་ན་ཀླུ་ནག་གནས།། ས་རྡོ་སེར་ན་ཀླུ་སེར་གནས།། ས་རྡོ་དམར་ན་ཀླུ་དམར་གནས།། ངམས་ནག་ན་ཀླུ་ནག་པོ་གནས།། བྲག་དམར་གནག་ན་ཀླུ་བཙན་གནས། ། ལྷོ་ཤར་བྱང་ཤར་བལྟས་ན་ས་སྲིན་གནས།། བྱང་དང་ལྷོ་རུ་བལྟས་ན་སེར་རིགས་གནས།། ས་དབྱིབས་དཀར་ན་ཀླུ་སྨན་གནས།། དེ་ནི་ཀླུ་གནས་རྟག་པའོ།། སྔགས་པས་འཇམ་དཔལ་གཤིན་རྗེར་བསྒོམ། ། སྤྱི་བོར་བྱ་ཁྱུང་བསྒོམ་པར་བྱ།། གཤོག་པ་གཡུ་ལ་མཆུ་ནི་རྡོ་རྗེའོ།། མིག་ནི་སེར་ལ་སྡེར་མོ་ལྕགས་ཀྱུ།། ཀླུ་ཡི་གཉེར་པོར་དེ་བསྒོམ་མོ།། བསྒོམ་པའི་སྔགས་ནི་དེ་བཟླས་སོ།། ཨོཾ་ཁྱུང་ཀ་ར་ཁྱུང་ཀ་ར་ཧཱུཾ། ། ཨོཾ་བཛྲ་སོད་སོད།། མིག་ལ་སོད།། བ་དི་སྲོག་སྲོག་ལ། ས་མ་ཡ་ཕཊ་ཕཊ།། ཀླུའི་སྙིང་པོ་འདི་དག་སྟེ།། ཨོཾ་མཱ་ག་ར་ཛ་ཡ། ཨོཾ་བཛྲ་ཀྲོ་དྷ་ས་མ་ཡ།། ཡ་མན་ཏ་ཀ་ཕཊ། ངོ་འབག་གོན་ལ་སྟོང་དུ་བཟླས།། དུས་ཚོད་ནམ་གྱི་གུང་ལ་བྱ། ། འཇུག་པའི་འདོམ་ཚད་འདི་ལྟ་སྟེ།། རྒྱལ་རིགས་དག་ནི་འདོམ་བཞི་སྟེ།། བྱང་ན་གནས་ཤིང་ཇི་ཡིས་ཁམས།། མདོག་ནི་དམར་ཁྲག་ཡོད་པ་སྟེ།། དེ་ལ་འུ་ཁམས་གཏད་པར་བྱ།། རྗེ་རིགས་དག་ནི་འདོམ་དོ་དེ། ། ཤར་ན་གནས་ཤིང་གཤང་གི་ཁམས།། མདོག་ནི་དཀར་པོ་གནས་པ་སྟེ།། དེ་ལ་གཏད་དེ་གནན་པ་སྟེ།། བྲམ་ཟེའི་རིགས་ནི་འདོམ་གསུམ་སྟེ།། ནུབ་ན་གནས་ཏེ་ཤིང་གི་ཁམས།། མདོག་ནི་དམར་ཁྲར་ཡོད་པ་སྟེ། ། དེ་ལ་གཤང་ཁམས་གཏད་པར་བྱ།། དམངས་རིགས་དག་ནི་འདོམ་གང་ངོ།། ལྷོ་ན་གནས་ཏེ་འུ་ཡི་ཁམས།། མདོག་ནི་ནག་པོ་ཡོད་པའོ།། དབུས་ན་རྒྱལ་རིགས་གནས་པའོ།། འོ་ན་མཚམས་བཞི་དག་ན་གནས་པ་ནི། ། ཤར་ལྷོ་ཤར་དུ་བསྡུ་བར་བྱ།། ཡང་ན་དེ་ཀུན་རྒྱལ་རིགས་དག་ཏུ་ཤེས་པར་བྱ།། རིགས་བཞི་དག་ལ་གཏད་པ་སྟེ།། འདོམ་ཚད་གཞལ་བའི་རིམ་པའོ།། ཡང་ན་ཆུ་མིག་དག་ལ་གཏད། ། ཡང་ན་མིང་རུས་མཛེས་མཚན་རོའི་ནང་དུ་སྦ།། ཡང་ན་དཀྱིལ་འཁོར་འོག་ཏུ་མནན།། ཡང་གྲུ་གསུམ་ཨེ་ནང་དུ།། སླེ་ནག་དྲི་ལ་དོང་དུ་སྦ།། རྩ་བའི་སྔགས་ནི་འདི་དག་སྟེ།། ཨོཾ་ཙི་ཏ་དུམ་ཙི་དུམ་བཾ་རི་ལི་མཱ་ར་ཡ་མཱ་ར་ཡ། ། འབུམ་དུ་བཟླས་ལ་གནན་ཏེ་གཞག། ཁོ་རང་ཟླ་གཤེད་དག་ལ་བྱ།། ཡང་ན་བྲ་མ་ལང་ལིང་ནི་གསིང་ཅན།། སྒོ་ཕུག་ཁྲལ་ཁྲོལ་ནང་དུ་སྦ།། ཡང་དག་དོན་དུ་འདི་ལྟར་བཤད།། ཡང་ན་ལས་ཐབས་འདི་ལྟར་བྱ། ། ཆགས་གང་བ་ཡི་དོང་བྲུས་ལ།། དགྲ་བོའི་མིང་རུས་ཤིང་ལ་བྲིས།། ཕྱི་ཐོད་ནང་དུ་བཅུག་ནས་ནི།། ཕག་གི་འགྲམ་ཚལ་ཅིག་དང་སྒྲགས།། ད་ཅིའི་དོང་དུ་དེ་བཅུག་ལ།། ཞག་བཅུ་སྦས་ལ་ཐུགས་དམ་བསྐུལ། ། ལྕགས་ཀྱི་སྤྱང་མོ་རྦད་པར་བྱ།། ལྕགས་ཀྱི་སྦྱང་མོ་མགོ་དགུ་མ།། རྟག་ཏུ་དམ་ཉམས་ཤ་ལ་རོལ།། ཡིད་ལ་བཞག་པའི་དགྲ་བོ་འདི།། རྩ་རྒྱུད་ཆོད་ཅིག་ས་མ་ཡ།། བྱས་ཏེ་དགྲ་བོ་དུར་དུ་གནན། ། ཕ་གཅིག་བུ་བརྒྱུད་རབས་འཆད་དོ།། ཡང་ན་ངན་ཐབས་རིམ་པ་འདི་ལྟར་བྱ།། རབས་འཆད་ཐོད་པ་སྣོད་ངན་དུ།། དགྲ་བོའི་གོས་དུམ་དྲི་མ་དང།། མིང་རུས་བྲིས་ཏེ་ཐོད་པར་གཞུག། གནམ་སྟོང་དག་ལ་བསྙེན་པ་གཟུགས། ། ཆུ་མིག་བྱང་ལྟས་ངམས་ནག་པ།། ཁྲུ་གང་སྐྱེད་ལ་དོང་བྲུས་ཏེ།། ཐོད་པ་སྔོ་དམར་ཐག་པས་གདགས།། རང་ཉིད་བྱ་ཁྱུང་དག་ཏུ་བསྒོམ།། སོས་བཟུང་ཆུ་མིག་དོང་དུ་བསྐྱུར།། ཞག་ནི་བཅུ་བདུན་རྟགས་ཆེན་འབྱུང། ། དེས་ཀྱང་མི་ཕུང་རྩ་བ་གཅོད།། ཡང་ནི་ངན་ཐབས་འདི་ལྟར་བྱ།། རབས་ཆད་པའམ་མོན་ཐོད་དམ།། ཕྱག་རྒྱ་ཆེན་པོ་རབ་དབང་བསྐུར་ལ།། འབྲུ་ནག་ཕྱེ་ལ་ཀླུ་ནག་གཟུགས། ཤོག་བུ་དག་ལ་སྦྲུལ་གཟུགས་བྲི། ། མིང་རུས་སྔགས་དང་སྦྲེལ་ཏེ་བྲི།། ན་པེ་ཧེ་གེ་ཨ་རྟ་རྟ།། དེ་དང་སྦྲེལ་ཏེ་བྲི་བར་བྱ།། དེ་ནི་ན་གའི་སྙིང་པོའོ།། དེ་རྣམས་སྦྲུལ་གྱི་ཁར་བཅུག་ལ།། དེ་ནི་ཐོད་པའི་ནང་དུ་བཅུག། གཟའ་ནི་མིག་དམར་དག་ལ་གཏད། ། དགྲ་བོ་དུར་དུ་སྦས་ཏི་གནན།། ཀླུ་ནག་ཕོ་བྲང་དེ་རུ་བཏབ།། རྩ་རྒྱུད་རྦད་ཀྱིས་ཆད་པའོ།། ཡང་ནི་བྱ་ཐབས་ཟབ་མོ་ཁོའི་ཕ་མེས་མགོ་བླངས་ལ།། འབྲུ་ནགཔོ་ལ་སྦལ་བའི་གཟུགས་བྱ། ། དེ་ཡི་སྙིང་ཁར་མིང་རུས་གཞུག། དེ་ནས་ཐོད་པའི་ནང་དུ་གཞུག། ཐོད་པ་མཁར་ནག་ཐོད་པས་དཀྲི།། ཀླུ་ནག་གནས་པའི་ཆུ་མིག་ཏུ།། རང་ཉིད་བྱང་ཁྱུང་གཤོགས་པ་རྡེངས།། དབང་དུ་བསྡུ་བའི་སྙིང་པོ་ནི། ། ཨོཾ་བ་གི་ཙ་གི་ས་ཀི་ཤ་ར་ལ་ཙུ་མུ་ལ་ཤ་ཤ། ཤུ་ཤུ་ཐུ་ཏི་ཐུམ་རྦད།། ཏིག་ཁུ་ཏིང་ཁུ་བྱས་ལ་ཆུ་མིག་གཉན་སར་སྦ།། ཐམས་ཅད་མཛེ་ནད་དག་ཏུ་འགྲོ། རྩ་བ་བསྲུངས་ནས་རླུང་ལ་སྦར་རོ།། ཡང་བྱ་ལུགས་འདི་ལྟ་སྟེ། ། ཁོ་ཡི་མིང་རུས་བླ་ཕུར་ཚགས་བྱས་ཏེ།། ཁམས་དང་མི་རིག་ཤེས་པར་བྱ།། དགྲ་བོ་ཇི་ཁམས་པ་ཡིན་ན།། ཕག་ཐོད་བཅུག་སྟེ་མིག་དམར་ལ།། ལག་པ་དར་བའི་དུས་སུ་གནན། ། གྲུ་གསུམ་བྲུས་ལ་སོལ་བས་དགབ།། དེ་དུས་དོང་དུ་ཐལ་བས་དགང།། ཀུན་ཏ་རས་ལ་མིང་རུས་ཏེ།། རི་བོང་ཐོད་པར་བཅུག་སྟེ་གནན།། སྦེན་པ་གྱོད་དང་པུར་བུར་དར།། དེ་དུས་དོང་དུ་ཐལ་བས་དགང། ། དེ་ཡི་ནང་དུ་སྦ་བར་བྱ།། གཤང་ཁམས་དང་འགྲས་མི་རུང་སྟེ།། རྟ་ཐོད་བཅུག་ལ་པ་ཝ་སངས།། གྱོད་པའི་དུས་སུ་བྱ་བ་དང།། མིག་དམར་དར་བའི་དུས་སུ་སྦ།། སོ་མལ་འོག་ཏུ་སྦ་བར་བྱ།། འུ་དང་འགྲས་ན་ཁྱི་གླང་ཐོད་པར་བྱ། ། ནང་དུ་བཅུག་ལ་ལག་པ་གྱོད།། སྤེན་པ་དར་ལ་གཞུག་པར་བྱ།། ཀ་ག་ཁམས་དག་དང་འགྲས་པ་ན།། ཕུར་པ་གྱོད་རྒུད་པ་ཝ་སངས།། དར་བའི་དུས་སུ་སྦ་བ་ཡིན།། གསང་བའི་ངན་ཐབས་ཡང་དག་གོ། གཤེད་ལ་གཏད་པའི་བྱ་ཐབས་ལ།། དགྲ་བོ་ལོ་ནི་བྱི་ལོ་ན།། སྦྲེ་མོང་ཐོད་པར་མིང་རུས་གཞུག། ས་ངན་རྒྱ་གྲམ་སྟོང་ལམ་སྦ།། དགྲ་བོ་གླང་ན་ང་སྟག་ཡིན།། འབྲོང་ནི་དར་མའི་ཐོད་པར་གནན། ། མིང་རུས་བཅུག་སྟེ་གནན་པ་བྱ།། སྟག་དང་ཁྱི་ལོ་དང་འགྲས་ན།། ཕག་དང་ར་རོག་ཐོད་པར་གཞུག། སྤྲེའུ་དག་འགྲས་ན་ལུག་ནག་ཐོད་པར་བཅུག། ཡོངས་ལུག་འདྲ་སྟེ་སྤྱང་ཐོད་བྱ།། ཕག་ལོ་ཡིན་ན་ཁྱི་ར་ཐོད་པར་བྱ། ། སྦྲུལ་ལོ་ཡིན་ན་ཁྱི་ཕག་ཐོད་པར་བྱ།། འབྲུག་ལོ་ཡིན་ན་སེང་གེ་འམ།། ཁྱི་དཀར་ཐོད་པར་མིང་བྱང་གཞུག། བྱ་ལོ་པ་ལ་ལུག་ཐོད་ཤིས།། འདི་སྤེ་ལ་སྟོང་གསུམ་རླུང་ལ་བསྐུར།། སྦལ་པ་སེང་གེ་སྣ་མགོ་དང། ། སྡིག་པའི་རྭ་བྲག་ཀླུ་ཡི་ར།། ཁམས་དང་བརྩིས་ལ་ཕོ་བྲང་གདབ།། གཟའ་སྐར་རྒུད་པ་དག་ལ་བྱ།། ཁོ་ཡི་ཕ་མེས་རུས་པ་རབ།། མེད་ན་མིང་རུས་དག་ལ་རྟེན།། བླ་ཕུར་བཅང་བ་ཤིན་ཏུ་གཅེས།། དོན་པོ་འདི་ཡི་ཕ་མཚན་གྱི། ། རྒྱལ་སྲིད་དི་རིང་ཕན་ཆད་དུ།། འདི་རུ་བསྟན་ནོ་མ་ཉེས་སོ།། རླུང་ནག་ཁྲམ་གྱིས་ཐེབས་པ་ཡིན།། ཀག་གི་གཟའ་ནི་ཕུར་པ་དག་ལ་གཏད།། ཇི་ནི་མིག་དམར་དག་ལ་གཏད།། ཀུན་ནི་སྤེན་པ་དག་ལ་གཏད། ། གཤང་ནི་པ་ཝ་སངས་ལ་གཏད།། འུ་ཁམས་པ་ནི་ཟླ་བ་དག་ལ་གཏད།། དེ་ལྟར་གཤིན་སྐར་དགུ་ལ་གཏད།། དགུན་ཟླ་གསུམ་ལ་མེ་དར་ཏེ།། གཟའ་ནི་མིག་དམར་དར་བའོ།། ཟླ་བ་དེ་ནི་རྒུད་པར་བཤད། ། དཔྱིད་ཟླ་གསུམ་ལ་ལྕགས་དར་ཏེ།། པ་ཝ་སངས་དང་ཕུར་བུ་རྒུད།། སྟོན་ཟླ་གསུམ་ལ་ཤིང་དར་ཏེ།། སྤེན་པ་ཕུར་བུ་དར་བའོ།། པ་ཝ་སངས་ནི་རྒུད་པར་བཤད།། ཟླ་བ་དར་ལ་ཉི་མ་རྒུད།། གཟའ་ནི་དར་རྒུད་རྩིས་ནས་ནི། ། རུས་ཆེན་བཞི་ནི་གཏད་པར་བྱ།། སེལ་ཕྲན་སྨོན་པ་རྣོན་པོ་ཡིན།། འོད་ལ་བྱེད་པ་ཀླད་པ་ཁོས།། ཡང་ནི་ངན་ཐབས་ཁྲམ་བཏབ་བོ།། ཟླ་བ་མར་གྱི་ངོ་ལ་བྱ།། རུས་ནི་ཇི་ཁམས་གཏོགས་པའི་གཤེད། ། ཕག་དང་བྱི་བའི་ལོ་བ་ཡིན།། ཟླ་བ་དགུན་ཟླ་ར་འབྲིང་ངེ།། གཟའ་གཤེད་དག་ནི་ལག་པའོ།། སྐར་གཤེད་ཁྲ་སྒྲེག་ཟ་ཉེའོ།། ཞག་གཤེད་བརྒྱད་དང་བཅོ་བརྒྱད་དོ།། དུས་ཚོད་སོད་ཁོར་ནམ་ཕྱེད་དོ། ། ཐོད་པ་རབས་ཆད་ཐོད་པས་བྱ།། གནན་པའི་སྔགས་ནི་འདི་དག་གོ། ཙི་དུམ་ཙི་དུམ་ནན།། དེ་ཡིས་ཐམས་ཅད་གནན་པའོ།། རུས་ཀུང་ཡིན་ན་གཤེད་སྟག་སོས།། ཟླ་བ་དཔྱིད་ཟླ་རབ་འབྲིང་ངོ། ། ཚེས་གྲངས་ཀྱི་ནི་གཤེད་དེ་ནི།། ཞག་ནི་གཅིག་དང་གཉིས་དང་གསུམ།། གཟའ་གཤེད་ཕུར་པ་སྐར་གཤེད་སྣར་མའོ།། དུས་ཚོད་ཐོ་རངས་ཐུན་དང་པོ།། ཐོད་པ་ཀག་ཐོད་རབས་ཆད་དོ།། ཨོཾ་དུམ་རི་ལི་ལི། ། ཐུཾ་རི་ལི་ལི།། སྟོང་དུ་བཟླས་ཏེ་སྦ་བར་བྱ།། འུ་ཁམས་གླང་ལོ་གཤེད་ཀྱི་འབྲུག་ལུག། ཟླ་གཤེད་ཐ་ཆུང་བཞི།། གཟའ་གཤེད་སྤེན་པ་སྐར་གཤེད་རྟ་ཆུང་རྒྱལ།། ཚེས་ནི་བཅུ་བདུན་ཉི་ཤུ་བདུན།། དུས་ཚོད་དེ་ནི་ནམ་ཕྱེད་དོ། ། ཐོད་པ་འུ་ཁམས་རབས་ཆད་ཀྱིའོ།། ཨོཾ་མ་ར་ནི་མ་ར་ནི། སྟོང་དུ་བཟླས།། ཀག་གི་ཁམས་ཀྱི་ལོ་གཤེད་ནི།། བྱ་དང་སྤྲེ་འུར་གསུངས་པ་ཡིན།། ཟླ་གཤེད་སྟོན་ཟླ་རབ་འབྲིང་ངོ།། གཟའ་གཤེད་པ་ཝ་སངས་སུ་གསུངས། ། སྐར་གཤེད་རྟ་ཆེན་བྲ་ཉེ་ལག། དུས་ཚོད་ཉི་ནུབ་སྲོད་དུ་གསུངས།། ཐོད་པ་གཤང་ཐོད་རབས་ཆད་དོ།། ཨོཾ་རྦད་རྦད་རྦུད་རྦུད།། སྟོང་དུ་བཟླས།། རུས་གཤང་ཁམས་གཤེས་རྟ་དང་སྦྲུལ། ། ཟླ་གཤེད་དབྱར་ཟླ་རབ་འབྲིང་ངོ།། གཟའ་གཤེད་ཉི་མ་མིག་དམར་རོ།། སྐར་གཤེད་སྨིན་དྲུག་རྟ་ཆུང་ལའོ།། ཞག་གཤེད་དྲུག་དང་བཅུ་དྲུག་གོ། དུས་ཚོད་ནམ་ཕྱེད་ཉི་ཕྱེད་དོ།། ཐོད་པ་རབས་ཆད་ཐོད་པས་བྱ། ། ཨོཾ་བཛྲ་ཀྲོ་དྷ་ཡ་ཕཊ།། སྟོང་དུ་བཟླས་ཏེ་གནན་པ་བྱ།། མིང་དུར་འདེབས་པའི་ངན་ཐབས་སོ།། ཡང་ན་ཐབས་ཀྱི་ཁྲམ་བཤད་དེ།། དོན་པོ་ཕ་མེས་དུར་ས་རུ།། ཁམས་ཀྱིས་རྩིས་པའི་ཐོད་པ་འམ།། རུས་ནི་མོན་སོག་རབས་ཆད་པའོ། ། ཐོད་པ་རོ་ཡི་གང་རྙེད་པ། དོན་པོའི་ཐོད་རུས་དག་དང་བརྗེ།། དོན་པོ་མགོ་འམ་རུས་སམ།། ཤ་བ་སྤྱང་ཁུ་བྱི་བ་དང།། དེ་རྣམས་ཐོད་པ་ཡོད་པ་དང།། བྱ་རོག་སྒྲོ་ཙ་སོལ་བ་དང།། མིང་རུས་ཕད་རོག་ནང་དུ་བརྫངས། ། གཤེད་ཀྱི་ལོང་པ་ཆུ་མིག་ཏུ།། བྱང་དུ་བལྟས་པའི་བྲ་མ་ཅན།། དེ་ལྟ་བུ་རུ་སྦ་བ་འམ།། ཡང་ན་གཞན་མ་ཁོའི་དུར་དུ་སྦ།། དོན་པོ་མི་ཐོད་ཀླུ་ལ་གཏད།། ཡང་དོན་པོ་མིང་རུས་ཐོད་པ་ཡི། ། ཡི་གེ་སྐྱེར་པ་ལ་བྲིས་ཏེ།། གཤེད་ཀྱི་ལོ་ལ་རྫིང་བུར་རམ།། བྲག་གཉེན་པོ་ཡི་ནང་དུ་སྦ།། གཟའ་སྐར་ཟློས་པའི་དུས་སུ་སྦ།། སྡི་ཅིག་རླུང་གིས་ཐོར་གྱིས་འཁྱེར་བར་བཤད།། རབས་ཆད་གྲིར་ཤིའི་རྟག་ཆད་ལ། ། སྤྲེའུའི་སྦུར་ནི་གཏུམས་པ་དང།། བྱི་བ་ཟེ་ང་མ་དང་ཤ་བའི་ར་རྩེ་དང།། རྔ་མོ་ཤུ་རུས་བལ་བུ་ཤིང།། དེ་ལ་མིང་རུས་བྲིས་ལ།། ཟེར་ཕོར་བཅུག་ལ་རེ་བར་གཏུམས།། སྐར་མ་རྟོགས་པ་དབྱུག་པ་ལ།། དོན་པོ་ཁྱིམ་གྱི་ཤར་ཕྱོགས་སུ། ། བརྩིག་པའི་རྨང་ངམ་མུ་མའི་དཀྱིལ།། སྦས་ན་མཐའ་མེད་རྩ་བ་བརླག། སྔགས་འདི་བཟླས་ལ་གནན་པ་བྱ།། མུཾ་རིག་མུཾ་རིག་ཧཱུཾ་ཞུང་ཐུཾ་ཐུཾ་མ་མ་ནི་ཐུམས་ཐུམས།། ཉི་ཤུ་རྩ་གཅིག་བཟླས་ནས་གནན། ། ཡང་ན་ཁམས་དང་རྒལ་བ་ལས་བྱ་ན།། ཀུངས་དང་འགྲས་པ་ན།། ཀག་ཤིང་ཁམས་རབས་ཆད་ཐོད་པ་ལ།། བུ་དྲི་མོ་ཡི་འདོལ་མོ་དང།། མིང་རུས་བྲིས་ཏེ་མཛོ་རུ་གཞུག། ལོ་ནི་སྟག་ཡོས་ལོ་ལ་བྱ། ། ཟླ་བ་དཔྱིད་ཟླ་རབ་འབྲིང་གཉིས།། གཟའ་ནི་ཕུར་པ་སྐར་མ་ལག། གཤེད་ཀྱི་ཟླ་བ་འབྲུག་དང་ཁྱི།། ཟླ་གཤེད་སྟོན་དཔྱིད་ཐ་ཆུང་ངོ།། ཡང་ན་དོན་པོ་ཕ་མས་མགོ་ཆུང་ལ།། ཤར་གྱི་ཤིང་ཕུར་རྩར་སྦས་ལ། ། ཤིང་ཕུར་དག་ལ་རྩ་ཀུན་བཟླས།། གནན་པའི་འོག་ཏུ་བཏབ་ལ་གཞག། དེས་ཀྱིས་རྩ་རྒྱུད་འཆད་པར་ངེས།། གཤང་ཁམས་དག་དང་འགྲས་པ་ན།། ལོ་ནི་རྟ་དང་སྦྲུལ་ལོ་ལ།། ཟླ་བ་དབྱར་ཟླ་རབ་འབྲིང་གཉིས། ། གཟའ་སྐར་མིག་དམར་བྱ་འུ་འོ།། གཤེད་ལོ་དག་ནི་གླང་ལུག་སྟེ།། གཤེད་ཟླ་དབྱར་དགུན་ཐ་ཆུངས་སོ།། དོན་པོ་ཕ་མེས་མགོ་ཕྱུང་ལ།། ལྷོ་ཕྱོགས་བྲ་མ་རྩ་རུ་སྦ།། སྔགས་ནི་གོང་དུ་སོང་བ་བས།། རྩད་ཆད་རླུང་གིས་འཁྱེར་བའོ། ། འུ་ཁམས་པ་དང་འགྲས་པ་ན།། ལོ་ནི་གླང་ལུག་དག་ལ་སྟེ།། ཟླ་བ་གཤེད་ཀྱི་ཐ་ཆུངས་སོ།། གཟའ་སྐར་ས་ག་སྤེན་པའོ།། གཤེད་ཀྱི་ལོ་ནི་ཁྱི་འབྲུག་གོ། གཤེད་ཟླ་སྟོན་དཔྱིད་ཐ་ཆུང་ངོ། ། དོན་པོ་ཕ་མེས་མགོ་རུས་ལ།། ཁྲི་ལམ་སྟོང་ཤུལ་སུམ་མདོ་རུ།། ཁྲུ་གང་བྲུས་ལ་གན་རྐྱལ་བཞག། ས་བྲེ་གང་གིས་གནན་ལ་གཞག། རྩང་ཀུན་སྔགས་ཀྱིས་བཏབ་ལ་བཞག། ཀག་ཁམས་དག་དང་འགྲས་པ་ན། ། ལོ་ནི་སྤྲེའུ་དང་བྱ་གཉིས་སོ།། ཟླ་བ་སྟོན་ཟླ་རབ་འབྲིང་གཉིས།། གཟའ་སྐར་ལག་དང་པ་ཝ་སངས།། གཤེད་པོ་ཁྱི་དང་འབྲུག་ལོ་སྟེ།། གཤེད་ཟླ་སྟོན་དཔྱིད་ཐ་ཆུང་ངོ།། དོན་པོ་ཕ་མེས་མགོ་རུས་ལ།། ནུབ་ཕྱོགས་བྲག་མཐོ་རྩ་རུ་སྦ། ། རྩང་ཀུན་སྔགས་ཀྱིས་བཏབ་ལ་བཞག། ཐ་མ་རླུང་ནི་རྡོ་རྐེ་ཁྱེར།། རུས་པ་ཇི་དག་འགྲས་པ་ན།། ལོ་ནི་ཕག་པ་བྱི་བ་གཉིས། ཟླ་དགུན་ཟླ་བ་རབ་འབྲིང་གཉིས།། གཟའ་སྐར་ཁྲུམས་སྟོད་ལག་པའོ། ། ལོ་ཡི་གཤེད་ནི་ཁྱི་འབྲུག་གཉིས།། ཟླ་གཤེད་སྟོན་དཔྱིད་ཐ་ཆུངས་གཉིས།། དེ་ལ་དོན་པོ་མགོ་རུས་ལ།། བྱང་ཕྱོགས་ཆུ་མིག་ལྷོ་བལྟས་སྦ།། རྩར་ཀུན་སྔགས་ཀྱིས་བཏབ་སྟེ་སྦ།། སྤྱིར་ན་དེ་རྣམས་རྩིག་འོག་ཆུད་ན་རབ། ། ཐ་མ་འམ་འདོམ་གང་ཆུད་ན་ལེགས།། ཁང་སེལ་དུར་སེལ་ཞིང་སེལ་གསུམ།། བླ་མའི་གདམས་ངག་དག་ཏུ་གསུངས།། དགྲ་གཤེད་བསྐོར་ཏེ་གསང་ཐབས་ལ།། གླང་ལུག་ཁྱི་འབྲུག་དགྲར་བྱུང་ན། ། ཐ་ཆུངས་བཞི་ལ་མི་བྱའོ།། དཔྱིད་ཟླ་གསུམ་ལ་རྒུད་པས་བྱ།། དཔྱིད་ཟླ་ཐ་ཆུང་མི་བྱའོ།། ཕག་ལོ་བ་ནི་དགྲར་བྱུང་ན།། དགུན་ཟླ་གསུམ་ལ་མི་བྱ་སྟེ།། ཁོ་ཡི་སྲོག་ནི་ཆུ་དར་བས།། དཔྱིད་ཟླ་གསུམ་ལ་བྱ་བར་བཤད། ། ཤིང་དུ་ཞུགས་པ་ཡིན་པས་སོ།། དགུན་ཟླ་ཐ་ཆུང་རྒྱུད་བས་མེད།། སྟག་ཡོས་དགྲ་རུ་བྱུང་བ་ན།། དཔྱིད་གསུམ་སྲོག་ཤིང་དར་བས་ན།། དེ་ལ་མི་བྱ་དབྱར་གསུམ་བྱ།། ཤིང་དུར་ཞུགས་པས་བྱའོ། ། དཔྱིད་ཟླ་ཐ་ཆུང་རྒུད་པས་བྱ།། རྟ་སྦྲུལ་བདག་ལ་དགྲ་བྱུང་ན།། དབྱར་གསུམ་སྲོག་མེད་དར་བས་ན།། དེ་ལ་མི་བྱ་སྟོན་གསུམ་བྱ།། ཤིང་དུར་ཞུགས་པས་བྱའོ།། དགུན་གསུམ་རྒུད་པས་མི་བྱའོ།། བྱ་སྤྲེ་དགྲ་རུ་བྱུང་བས་ན། ། སྟོན་གསུམ་སྲོག་ལྕགས་དར་བས་ན།། དེ་ལ་མི་བྱ་ཤིང་དུར་ཞུགས་པས་བྱ།། དབྱར་གསུམ་དག་ལ་མི་བྱའོ།། སྟག་ཡོས་དགྲ་རུ་ལངས་པ་ན།། བྱ་སྤྲེ་གཉིས་ཀྱི་ལོ་ལ་བསད།། ཤིང་དགྲ་ལྕགས་ཡིན་པས། ། རྟ་སྦྲུལ་དགྲ་རུ་ལངས་པ་ན།། བྱི་ཕག་ལ་བསད།། མེ་དགྲ་ཆུ་ཡིན་པས་སོ།། བྱི་ཕག་དགྲ་རུ་ལངས་པ་ན།། གླག་ལུག་ཁྱི་འབྲུག་བཞི་ལ་བསད།། ཆུ་དགྲ་ས་ཡིན་པས།། བྱ་སྤྲེ་དགྲ་རུ་བྱུང་བ་ན།། རྟ་སྦྲུལ་ལོ་ལ་བསད། ། མེ་ལྕགས་འཇུ།། གཤེད་བཞི་དགྲ་རུ་བྱུང་བ་ན།། སྟག་དང་ཡོས་བུའི་ལོ་ལ་བསྒྲུབས་ཏེ་བསད་པར་བྱ།། ས་དགྲ་ཤིང་པས།། དགྲ་གཤེད་རྩིས་ཏེ་བསད་པའོ།། འཇམ་དཔལ་ཟླ་གསང་ནག་པོའི་རྒྱུད་ལས། ། ནག་པོ་གཤེད་ཁྲཾ་གྱི་ལེའུ་སྟེ་ང་དྲུག་པའོ།།།། ཡང་ཞུས་པ།། སྟོན་པ་ལགས།། འདི་རུ་གྲགས་པའི་སྤྲུལ་པ་སྡེ་བརྒྱད་བྱ་བ་གང་ལགས།། རང་རྒྱུད་སྡེ་བརྒྱད་བྱ་བ་དང།། ཐེ་ཚོམ་ཟོས་པས་བསྟན་དུ་གསོལ། ། ཉོན་ཅིག་འཇམ་དཔལ་རྣོན་པོ་ཁྱོད།། སྡེ་བརྒྱད་བྱ་བའི་རྣམ་གྲངས་འདི།། རང་རྒྱུད་པ་དང་སྤྲུལ་པའོ།། གཉིས་སུ་ང་ཡིས་བཤད་པར་བྱ།། རང་རྒྱུད་བྱ་བ་བསྐྱེད་པ་ཡིན།། སྤྲུལ་པ་ལ་ཡང་རྣམ་གསུམ་སྟེ། ། སྐུ་གསུང་ཐུགས་ལས་སྤྲུལ་པ་གསུམ་ཡོད་དེ།། སྐབས་འདིར་སྐུ་ཡིས་སྤྲུལ་པ་ཡིན།། ལོ་གཟན་གནོད་སྡེ་བརྒྱད་ཡིན།། མཐུ་སྟོབས་ཕྱག་ན་རྡོ་རྗེ་ཡིན།། རྐང་མཐིང་དག་ནས་ཀླུ་འབྱུང་ངོ།། གནོད་སྦྱིན་ཕྲག་པ་གཉིས་ནས་འབྱུང། ། མ་མོ་ལག་སོར་རྣམས་ནས་འབྱུང།། གཤིན་རྗེ་བྱ་བ་མིག་ནས་ལྡང།། རྨུ་བདུད་བྱ་བ་སྤྱི་བོ་ནས་ལྡང།། བཙན་རིགས་ཐམས་ཅད་སྣ་བུག་ནས།། ས་བདག་ཡུལ་བདག་ལྟེ་བ་ནས།། འབྱུང་པོ་ཐམས་ཅད་ཁྱད་པར་ལྡང། ། ལོ་གཅིག་ཁྱི་ཁོར་ཟླ་བ་བཅུ་གཉིས་ལ།། སྤྲུལ་པ་སྡེ་བརྒྱད་རྒྱུ་བ་ལ།། རྒྱུ་དང་གནས་དང་ལྡོག་དང་གསུམ།། གདོང་ཚུགས་དག་ཏུ་བྱ་བར་ཤིས།། ཀླུ་རྣམས་དཔྱིད་ཟླ་གསུམ་ལ་ལྡང། ། ཡུལ་བདག་རྣམས་ནི་དབྱར་ཟླ་གསུམ་ལ་ལྡང།། མ་མོ་སྟོན་ཟླ་གསུམ་ལ་ལྡང།། རྨུ་བདུན་སྟོན་ཟླ་གསུམ་ལ་ལྡང།། འབྱུང་པོ་རྣམས་ཟླ་དུས་ན་ལྡང།། ལྡང་བའི་དུས་ཚོད་དག་ཏུ་བཤད།། མཆོག་ཏུ་གཅེས་པའི་ཟླ་བ་ནི། ། སྟོན་ཟླ་གསུམ་གྱི་ཟླ་བ་ཡིན།། དབབ་པའི་ཟླ་བ་བྱ་བ་ནི།། སྟོན་ཟླ་ར་བ་ཁྲུས་བྱ་བའི་ཟླ་བ་ཡིན།། དུས་དེར་ཀླུ་རྣམས་ལྡང་བས་གསོ།། འབྲིང་པོ་ཡུལ་བདག་བཙན་རྒྱུ་བས།། དེར་ནི་ལས་རྣམས་བྱ་བའོ། ། ཐ་ཆུང་ཡར་ངོ་མར་ངོ་ལྡང།། དུས་དེར་བྱ་བར་གསུངས་པའོ།། ད་ནི་སྤྲིན་གྱི་མཚན་ཉིད་བསྟན།། སྡེ་བརྒྱད་དག་ལ་སྤྲིན་བརྒྱད་དེ།། ཁ་དོག་དབྱིབས་ནི་བརྒྱད་དུ་འབྱུང།། འབྲུག་གི་སྒྲ་ཡང་བརྒྱད་དུ་འབྱུང། ། ས་ཡི་རྟགས་ཀྱངབརྒྱད་དུ་འབྱུང།། ལོ་ཐོག་ཟ་བའི་སྤྲུལ་པ་ཡིན།། ཟླ་བ་གཅིག་ལ་ཐེངས་བརྒྱད་རྒྱུ།། ཀུན་གྱིས་ཁུར་ནས་གྲོགས་ལ་འོང།། མ་ལྡིངས་པ་རྣམས་ཕུར་པ་རྐྱེན།། ལས་རྣམས་མི་འགྲུབ་ཚེ་ཡི་རྐྱེན། ། དེ་དག་ཐམས་ཅད་འདི་རུ་ཐུད།། ཟླ་གསང་ནག་པོའི་རྒྱུད་ལས།། འཇམ་དཔལ་སྤྲུལ་པ་སྡེ་བརྒྱད་ཀྱི་ལེའུ་སྟེ་ང་བདུན་པའོ།།།། ཡང་ཞུས་པ།། སྟོན་པ་ལགས།། སྐུ་ཡི་སྤྲུལ་པའི་ཆོ་འཕྲུལ་ཇི་ལྟར་ལགས། ། གསུངས་སོ།། སྐུ་སྤྲུལ་ཆོ་འཕྲུལ་གཉིས་སུ་གསུངས།། དབུགས་ཅན་དབུགས་མེད་གཉིས་སུ་གསུངས།། ནག་པོ་སྐུ་སྤྲུལ་ལྟས་ངན་འབེབས།། མན་ངག་གསང་བ་འདི་ལ་གསུམ།། སྤྱང་ཁུ་ཝ་ལ་བོང་བུ་བསྐྱོན། ། འུག་པ་སྲིན་བྱ་ཕོ་རོག་གི། ཁ་རུ་ཕུར་པ་གཞུག་པ་དང།། བའི་ཁོང་པར་སྦྲུལ་སྐྱེ་རུ་གཞུག་པ་དང།། ར་དང་ལུག་ཏུ་སྐྱེ་རུ་གཞུག་པ་དང།། བུད་མེད་ཁོང་པར་ཁྱི་སྐྱེ་རུ་བཞུག། དོང་བའི་ནང་དུ་སྦྲུལ་བཏང་བ། ། མི་མགོ་རྒྱུག་ཅིང་འགྲོ་བ་དང།། འཕྲལ་དུ་བསྙོ་རུ་བཞུག་པ་དང།། རེངས་ཏེ་འགྲོ་བ་མི་ནུས་པ།། ཁྲ་ལ་བོང་བུ་བསྐྱོན་ལ་བཏང།། དང་ལ་སྤྱང་ཁུ་བཏང་བའི་རྫས།། ཐོད་པའི་ནང་གི་རྫས་སོགས་ལ། ། ཁྲག་དང་ཉུངས་ནག་སྦལ་བ་ཡིན།། སྙིང་ཁྲག་སྦྲུལ་གྱི་སྐྱེ་འམ་ཤ་ཁྲག་ལ།། སྔགས་ཁྲིས་བསྒྲུབ་ཟོར་འཕང་ངོ།། ལྟས་ངན་གོང་གི་དེ་རྣམས་འབེབས།། དེ་ཡི་གསང་སྔགས་འདི་ལྟ་སྟེ།། ཨོཾ་པྲི་དུ་ཡན།། པྲ་ཏི་ཡ་མ། ། ཏི་སླས་མི་པྲ་ཏི་ཡ། པུ་མི་དེ་བ། པུ་ཡ་མ་ནི། སྲོག་པྲ་ཏི་ཡ། སླས་མི་འབྲི་ཐུས། སྙིང་ཤོ་ཤ་ཡཾ། པྲ་མ་ནི་ཡཾ། ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ། སྔགས་ཁྲི་འམ་འབུམ་བཟླས་ལ།། རྫས་རྣམས་ལུས་ལ་བསྲེས་ལ་བྱ།། དགྲ་དང་འགྲས་པའི་གདོང་དུ་གཏོར། ། གོང་གིས་ལྟས་ངན་འབེབས་པར་འགྱུར།། འུག་པ་སྲིན་བྱ་ཕོ་རོག་དང།། བ་ཡི་ཁོང་བར་སྦྲུལ་སྐྱེ་དང།། ར་ལ་ལུག་ཏུ་སྐྱེ་བ་དང།། དེ་རྣམས་རྫས་ནི་ཕག་རོག་སྙིང།། ཁྱི་ནི་གོང་དཀར་སྙིང། ། དེ་རྣམས་བསྲེ་ཡི་ནང་དུ་བཞུག། མཐེབ་སྐྱུ་བདུན་གྱིས་ཐ་མ་བསྐོར།། དེ་ལ་བསྒྲུབ་སྟེ་སྔགས་འདིའོ།། ཨོཾ་ཤ་པྲ་མ་ནི། ཡ་ཐུན་ཡ་ཐུན།། པྲ་ཐུན་པྲ་ཐུན།། ལིང་ཐིབས།། ཁུག་ལིང།། པྲ་མ་ནི་སྲད། ། སྙིང་གུར་པ་ལིང། ཤ་ཤ་ན། ཤུ་ཤུ་ཤུ། པྲ་དུན་པྲ་དུན། ཡ་མ་ནི་སྭཱཧཱ།། འབུམ་ཁྲི་བཟླས་ནས་དགྲ་ཕྱོགས་སུ།། གོས་བརྡབ་ལྷ་ཕྱག་བཙལ་ནས་ནི།། ལྟས་ངན་བསྐུལ་ནས་འབེབས་པར་ངེས།། བུད་མེད་ལ་ནི་ཁྱི་སྐྱེ་བ། ། སྔགས་སུ་མི་མགོ་གཏང་བ་དང།། དོང་བའི་ནང་དུ་སྦྲུལ་སྐྱེ་དང།། རེངས་ཤིང་བསྙོ་རུ་གཞུག་པའོ།། དེ་ཡི་རྫས་ལ་ཁམ་ཕོར་དུ།། གུར་གུམ་ག་བུར་འུག་པ་དང།། སྲིན་བྱའི་སྒྲོ་རྣམས་ཁམ་ཕོར་དུ། ། བཅུག་སྟེ་བསྒྲུབ་པར་བྱ།། སྒྲུབ་སྔགས་དག་ནི་འདི་དག་གོ། ཨོཾ་ཏྲ་ཡེན་ད་མ།། པུ་པར་པ་ཏ་ཡ། ཁྲ་དུད་ཡེ་པ་དེ། པྲི་དུ་ཡ། མ་ཏི་ནི་པྲ་མ་ནི། པྲ་མ་ནི། ས་ར་ས་ར། ཧེ་དུད་པྲ་ཡ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ། འབུམ་ཁྲི་བཟླས་ནས་དགྲ་ལ་དགབ།། བསྙོ་དང་ལྟས་ངན་སྣ་ཚོགས་འོང།། རང་ཉིད་འཇམ་དཔལ་གཤིན་རྗེར་བསྒོམ།། ཡང་ན་ཕྱག་ན་རྡོ་རྗེ་བསྒོམ།། བསྐུལ་བ་དག་ནི་འདི་དག་སྟེ།། བཅོམ་ལྡན་ཁྲོ་རྒྱལ་གོས་སྔོན་ཅན། ། སྐུ་ལ་རིགས་བཞི་སྦྲུལ་གྱིས་བརྒྱན།། ཉིད་ཀྱི་འཁོར་རྣམས་རབ་ཏུ་འདུལ་མཛད་པ།། ཕྱག་ན་རྡོ་རྗེ་བསྣམས་ཤིང།། རིགས་བཞི་དགྲ་ལ་ཆོ་འཕྲུལ་གཏོང།། ལྟས་ངན་ཆོ་འཕྲུལ་སྣ་ཚོགས་བཏང་བའི་དུས་ལ་བབ། ། ལྷ་སྲིན་སྡེ་བརྒྱད་ཞབས་འོག་བཅུག་ནས་ནི།། ཀླུ་ཆེན་བརྒྱད་ཀྱི་ཆོ་འཕྲུལ་བཏང་བ་ནི།། དུད་འགྲོ་རྣམས་ཀྱི་མངལ་དུ་སྦྲུལ་གཏོང་བ།། བདག་པོ་ཁྱིམ་དུ་སྐྱེ་ཞིང་ལྟས་ངན་ཆོ་འཕྲུལ་གཏོང།། སྣ་ཚོགས་སྤྲུལ་པས་ཁམས་གསུམ་གཡོ་བར་བྱེད། ། ཁྱེད་ཀྱི་ཐུགས་དམ་རྒྱུད་བསྐུལ་བས།། ལྷ་རྣམས་ཀྱི་ནི་དམག་དྲངས་ཤིང།། ཆོ་འཕྲུལ་ཆེན་པོ་གཏོང་བར་བྱེད།། ཕོ་ཉར་ལྷ་སྲིན་སྡེ་བརྒྱད་འགྱེད།།། སྣང་སྲིད་ཐམས་ཅད་གཡོ་བར་བྱེད། ། སྲིན་པོ་བརྒྱད་རྣམས་བྲན་དུ་འཁོལ།། ཕྱག་ན་སྡིགས་མཛུབ་ཞེ་ལ་གནོན།། འགྲོ་བ་ཐམས་ཅད་དཔལ་ཆེན་ཁྱེད་ལ་ཕྱག་འཚལ་བསྟོད།། དེ་ལྟ་བསྟོད་ལ་ཉ་ལ་གཏོར་མས་མཆོད། ། དབུག་ཅན་ཆོ་འཕྲུལ་བསྟན་པའོ།། བསྙོ་བའི་སྦྱོར་ཐབས་འདི་ལྟ་སྟེ།། གླ་རྩི་གུ་གུལ་ཤུ་དག་དང།། སྦྲང་དང་གཡེར་ཤིང་སྤྲུ་དཀར་པོ།། སྦྲང་གིས་སྦྲུས་ཏེ་སྲན་མ་ཙམ།། རི་ལུ་བྱས་ཏེ་སྐམ་དུ་རྩལ།། དེ་ནས་ནད་པའི་སྐྲ་ནི་སྤྱི་བོར་བསྡུས། ། དེ་ནས་ལག་པ་བཟུང་ནས་སུ།། རི་ལུ་སྣ་ནས་གཏུགས་པ་ཡིས།། གང་ཡིན་ཅི་འདོད་སྨྲ་བར་འགྱུར།། གདོན་ངོས་གཟུང་ཞིང་སྨྲ་བའོ།། སྐུ་ཡི་སྤྲུལ་པ་ཆོ་འཕྲུལ་བསྟན་པ་དག་གདོན་ངོས་གཟུང་བའི་ལེའུ་སྟེ་ང་བརྒྱད་པའོ། །།། ཡང་ནོར་གྱི་རྒུགས་འཆོར་པྲ་བསྟན་ཏེ།། འཇམ་དཔལ་པྲ་རྟགས་འདི་ལྟ་སྟེ།། ནོར་དང་རུས་པ་རྐུན་པ་ལ།། པྲ་འདི་སྐོར་ཏེ་འཚལ་བའོ།། ཕུད་རྒོད་མ་ཉམས་གཙང་མ་རུ། ། རང་གི་ཟས་སྣོད་རབས་ཆད་ཐོད་པར་བྱ།། རབས་ཆད་ཐོད་པ་ཚན་ཆུས་བཀྲུས།། ཞག་ནི་བཅོ་ལྔར་སྟོང་པར་གཞག། དེ་ནས་ཞིང་སའམ་ལྡུམ་ར་རུ།། ས་འོག་བཅུག་སྟེ་བྱིས་པ་གཙང་མ་ཡིས།། ཞིང་ས་མུ་མའི་དཀྱིལ་དུ་སྦ། ། ལུས་རྩིས་ཐོད་པར་བྱས་ཏེ་གཞག། ནས་ནི་དཀར་མོ་གསུམ་དང་སྔོན་མོ་གསུམ།། ཟོ་བ་དང་ནི་གསུམ་དུ་གདབ།། ཐོད་པའི་ནང་དུ་བླུགས་ལུགས་ལ་བསྐྱེད།། སྟོན་ཟླ་ཐ་ཆུངས་ཉ་གསུམ་ལ་བརྡ། ། སྐུད་པ་དཀར་ནག་དག་གིས་བཅིངས།། མི་ནི་འགོང་ཅན་འདྲེ་ཅན།། དེ་ཡི་རྣལ་མའི་ཁུད་དུ་ཕུར།། གླང་མའི་ཆོ་ལོང་གསུམ་ཡང་བཙལ།། ས་སེར་དག་ལ་མི་ཡི་རྐང།། ཕྱིན་ཅི་ལོག་ཏུ་བྱས་པ་ལ། དེ་རྣམས་མཛོད་ཀྱི་ཡང་ཕུགས་སུ།། ཕྱིང་པ་ཕྱེད་དཀར་ཕྱེད་ནག་ཅིག། དེ་ལ་འགྲོན་བུ་ཅིག་གདགས་ཏེ།། འོམ་བུ་ཅིག་ཀྱང་བཏགས་ཏེ་གཞག། ནས་འབྲུ་བཞི་ལྔ་ཙམ་ཕྱུང་ལ།། རང་གི་གོང་གུག་བཙལ་གདགས། ། ཆང་ཕུད་གཙང་མར་རྩལ་ལ།། སྔགས་འདི་བཟླས།། སྣང་སྲིད་ཐམས་ཅད་ས་ལེ་འོད།། ཏྲི་སུམ་དུ་ཏྲ།། དུ་ཤོལ་ཟ་ཐོག་ལ་དུན།། ཞིང་ཀ་ཡེ། ཏྲི་སུམ་ཏྲི་མེན་སུ།། པྲ་ཕོབ་ཡ།། བྱས་ལ་ཆང་ཕུད་གཏོར་རོ། ། ནོར་གྱི་རྒུགས་འཆོར་པྲའི་ལེའུ་ཅི།། ལྟས་ངན་དག་ཏུ་སྨྲ་བར་བྱེད།། ཡང་ཟབ་མོ་པྲའི་ལེའུ་སྟེ།། ལྟས་ངན་པྲ་ཡི་རྫས་ལུགས་ལ།། གྲི་རུ་ཤིའི་ཐོད་པ་དེར།། ཚན་ཆུས་བཀྲུས་ཏེ་གཡའ་གོང་རྩལ།། ཞག་ནི་བཅོ་ལྔ་སྦས་ཏེ་བཞག། ཞག་དེ་ལོན་ནས་ཕྱུང་བ་དང།། ཞིང་མུ་མའི་དཀྱིལ་དུ་ཁ་གནམ་དུ་བསྟན་ཏེ་སྦ།། ཐོད་པའི་ནང་དུ་ནས་ནི་དཀར་མོ་གསུམ་དང་ཟོ་བ་གསུམ་སྔོན་མོ་གསུམ་སྟེ་ཐོད་ནང་དུ།། བཏབ་སྟེ་སྔགས་འདི་བཟླས། ། ཏྲེ་སུཾ་རུ་ཏྲེ།། དུན་ཤེལ་ཟ་ལུཾ་དུམ་ཞིག་ཡ།། སུན་ཏྲེ་མེན་ཏྲི།། ཏྲི་སུ་ཕོབ་ཡ།། བྱས་ཏེ་ལས་ལ་བསྔགས་ཏེ་ཐོད་པར་གཞུག། ཐོད་ནག་གན་རྐྱལ་དག་ཏུ་གཞག། ཞིང་ས་དེ་ཡི་ས་ཡིས་ཀྱང། ། ཐོད་པ་བཀང་སྟེ་མི་མཐོང་བར།། སྦས་ཏེ་ཐོད་པར་ནས་དེ་བསྐྱེད།། བཅུ་རྐུད་དག་གི་ཐོད་པར་བྱ།། དེ་ནས་སྙི་མ་བྱུང་བ་དང།། སྟོན་ཟླ་ཐ་ཆུང་ཉ་གསུམ་ལ།། སྙི་མ་སྐུད་པ་དཀར་ནག་གིས།། བཅིངས་ལ་སྔགས་འདི་བཟླས་པར་བྱ། ། ཀུ་མོ་སུ་ཏྲི་ཐུན་མི་ཏི་རྩི་ཏུ་སི་ཡ། དྲི་ཟ་དྲི་ཁོ་ལོ་ཏྲི།། དེ་སྐད་བཟླས་ཏེ་སྙི་མ་དེ།། འགོང་པོ་ཅན་གྱི་ཁང་པར་གདགས།། དེ་མེན་ཡང་ན་ཁང་སྟོང་གདགས།། དེ་ནས་བསྙིལ་ཏེ་ཕུར་མ་བྱ། ། འགོང་ཅན་འདྲེ་ཅན་རྣལ་མར་ཕུར།། ཉམས་པ་འབོག་ཅན་གྱིས་མ་ཚོར་བར།། རས་མའི་ཁྱུད་དུ་གླང་མའི་ཆོ་ལོང།། ཆུ་རྒྱུན་གསུམ་ཡང་རྩལ།། ཕུར་མ་མཛོད་སྒོ་ཡང་ཕུགས་ཀྱི།། ནང་རོལ་དག་ལ་གདགས་པར་བྱ། ། དེ་ནས་ས་སེར་འདམ་པ་ལ།། མི་གཟུགས་རྐང་པ་ཕྱིན་ལོག་བྱ།། དེ་ལ་ཕུར་མ་དེ་ཉིད་ནི།། ཕྱིང་བ་ལག་པ་ཙམ་ཅིག་ཏུ།། ཕྱེད་དཀར་ཕྱེད་ནག་སྟེང་དུ་བཞག། ནས་དེ་རེ་རེ་གཉིས་གཉིས་གསུམ་གསུམ་བྱུང། ། རེ་རེ་གཉིས་གཉིས་ནོར་ཚོལ་རུང།། རུས་པ་ཚོལ་ཡང་རུང།། རེ་རེ་གཉིས་གཉིས་ཆང་ཕུད་དང།། མཉམ་ཕུད་ཀྱི་ནང་དུ་བཙལ།། ཆང་ཕུད་ནང་དུ་སྔགས་བཟླས་ཏེ།། འཐུངས་ནས་གར་གཏད་ས་རུ་སྣང་སྲིད་འཆད། ། མིག་སེར་ཅན་གྱྀ་ནོར་རྐུ་འཆོར།། མན་ངག་གཏིང་དུ་གསུངས་པའོ།། ཟླ་གསང་ནག་པོའི་རྒྱུད་ལས།། ཟབ་མོ་པྲའི་ལེའུ་སྟེ་ང་དགུ་པའོ།།།། ཡང་ཞུས་པ།། སྟོན་པ་ལགས།། སྨྱོ་ཞིང་འབོག་པའི་ལས་རྣམས་གང། ། ཞུས་པས།། བཀའ་སྩལ་པ། ཡང་ན་བྱ་ཐབས་འདི་ལྟ་སྟེ།། རྟ་ཐོད་ནང་དུ་ཉུངས་ཀར་དང།། དུག་སྣ་ཚོགས་ལ་འདི་སྐད་དོ།། རྦད་སུ་རྦད། ཁྲག་ཏི་རྨ་ར་ན་རྦད།། ཉོས་ན་ལིང་ག་འགྱེལ་ན་རླག། ཕུ་རླག་ཏུ་རླག་སོ་འགྲམ།། བྱས་ཏེ་དགྲ་བོ་མིང་དང་བཅས་ཏེ་དེ་རུ་གཞུག་པར་བྱ།། དོན་པོ་གང་ལ་གནས་པའི་ས།། ས་དར་ཤིན་ཏུ་མནན་པ་དམ་པར་བྱ།། ཞག་ནི་བཅོ་ལྔ་དག་ནས་རྟགས་ཆེན་འབྱུང། ། སྨྱོ་ཞིང་འགོགས་པ་ཁྱད་པར་ཆེ།། ཡང་ན་ཕ་བང་གདོང་ལ་བརྡེག། ཉུངས་ཀར་ཐལ་ཆེན་ཉུངས་ནག་དང།། སྐེ་ཚེ་བསྲེས་ལ་སྔགས་འདིས་བརྡེག་གོ། རུ་ཐུམ་རིལ་ལུ་ལིང། གུག་ཐུམ་ལིང། ཉམ་རྦད། ཤ་རྦད། གུར་ཚར་ལིང། མུགས་རྦད། སྨྱོགས་གུག། ཚར་ལིང་སྭཱཧཱ། བྱས་ཏེ་བརྒྱབ་ནས་མྱོས་ནས་འགྱེལ། གར་སོང་བྱས་ན་སྡིག་ཏུ་འགྱུར།། མི་རྒོད་ཇག་ཆིངས་བྱ་བར་བཤད།། ཡང་ཐབས་མཆོག་བྱ་བ་ཁྱད་པར་བྱ་བ་ལ། ། མ་ཐོད་རྟ་ཐོད་མཚལ་ཆེན་གཡུང་དྲུང་བྲིས།། ནང་དུ་གུ་གུལ་བླུགས་ལ། སྔགས་སྟོང་དུ་བཟླས་པར་བྱ།། བཛྲ་སེང་སངས་སྲིན་ལ་རྟེན།། ས་ལས་ཚེའུ་ཐུལ་ཐུལ།། སྔགས་བཟླས་ཁྱིམ་དུ་ཆུད་ལ་ལེགས། ། གཡས་སུ་དོང་བརྐོས་ནང་དུ་སྦ།། ཐོགས་ཀྱང་ཞག་ནི་བཅོ་ལྔ་ནས།། སྨྱོ་ཞིང་འགོག་པའི་ལས་བྱུང་ངོ།། ཤིན་ཏུ་རྣམ་སྨིན་ཆེ་ཆེ་འདྲ།། ཐུགས་རྗེའི་ཆོ་འཕྲུལ་བྱ་བར་བཤད།། ཟླ་གསང་ནག་པོའི་རྒྱུད་ལས། ། ཆོ་འཕྲུལ་བསྟན་པའི་ལེའུ་སྟེ་དྲུག་བཅུ་པའོ།།།། ཡང་གསུངས་པ།། རྒྱལ་བའི་བསྟན་བ་བསྲུང་བ་ལ།། སྐྱིན་ཐང་ཐོག་སེར་དབབ་པ་བསྟན།། འཇམ་དཔལ་གཙུག་ན་མེ་འབར་གྱིས།། གཤིན་རྗེ་བྱི་ན་ཡ་ག་བྱ་བ་དེས། ། དབུ་གཙུག་དག་ན་མེ་འབར་བས།། ངན་སྔགས་སེར་བ་ཚིགས་ཁྲིད་དུ།། འབེབས་པའི་སྒོམ་པ་འདི་ལྟ་སྟེ།། སྐུ་མདོག་དུད་ཁ་དབུས་མཐིང་བ།། ཞབས་བཞི་དབུ་ཡི་གཙུག་ན་ནི།། མེ་འབར་དུད་པ་སྤྲིན་དུ་ཆགས། ། ཕྱོགས་བཞིར་གློག་འགྱུར་འབྲུག་སྒྲོགས་པ།། གཡས་ཀྱི་དང་པོ་རྡོ་རྗེ་རྩེ་དགུ་བསྣམས།། འོག་མ་གནམ་ལྕགས་སྟེགས་པུ་བསྣམས།། གཡོན་གྱི་དང་པོ་བན་དྷ་དམར་གྱིས་བཀང་བ་བསྣམས། ། འོག་མ་ཞགས་པ་འདོགས་ཚད་ཐོགས།། ཁ་ནས་ཁྲག་གི་སེར་བ་འབེབས།། འཇིགས་བྱེད་སྐུ་ལ་དུར་ཁྲོད་རྒྱན་གྱིས་བརྒྱན།། ཁམས་གསུམ་ཐམས་ཅད་དྲེགས་པས་བཀང།། ཐམས་ཅད་དབང་དུ་སྡུད་པར་བསམ། ། བསྙེན་པ་གོང་དེ་དག་ནས་ཀྱང་བྱ།། ཁྲག་དང་མིང་འབྲལ་དེ་ལ་བཟླས།། ཉུངས་ཀར་ཐལ་ཆེན་དག་ལ་བཟླས།། ཕྱོགས་སུ་གཏོར་ཞིང་ཉུངས་ཀར་འཕང།། ར་གྲོད་ནང་དུ་ཁྲག་བླུག་ལ།། བུད་མེད་དག་གམ་སྦྲང་ལོང་ལ། ། ཁྲག་བསྐུར་སྙུང་གིས་བུ་གར་བཙགས།། གར་འབེབས་ས་རུ་འཛག་ཏུ་གཞུག། གཟུགས་བྱས་མགོ་ནི་ཤར་དུ་བསྟན།། རྐང་པ་ནུབ་ཏུ་བསྟན་པར་བྱ།། སྙིང་ཁར་ཧོཾ་གཟུགས་བསྲེག་པར་བྱ། ། ར་རོག་ཁྲག་དང་ཁྱི་བརྒྱའི་ཁྲག། དེ་དག་སྦྱར་ཏེ་ཚིལ་ཆེན།། གྲོང་པའི་ཁྲག་ནི་ཁྱོར་གང་ལ།། སྦྱིན་སྲེག་བྱ། བསྙེན་པའི་སྔགས་དག་འདི་ལྟ་སྟེ།། ཨོཾ་བཛྲ་ཕྲི་ཙ་ནི། དེ་ནི་བསྙེན་པའི་སྔགས་སུ་གསུངས།། སྦྱིན་སྲེག་སྔགས་ནི་འདི་ལྟ་སྟེ། ། ཨོཾ་བི་ན་ཡ་ཀ་ཨུ་ནན། དར་དུ་ཟིར་ནན། ཁུགས་ཤི་མུ་ཕུབ་སྭཱ་ཧཱ།། ཀུ་ཧི་ཀུ་ཧི་ལའྀ་ཀུ་ཛ་ཛི། དུ་རྟེན་ནན། དགྲ་ནན་ནད་ཟིར། ཁུག་ཅིག། སུ་སུ་ཧེ་སུ་ཧི། ཤ་ཁྲག་ནན་དད་སི་ནུ་སུ་ཏི། ཀེ་ཁ་ཁུ་ནན། སུ་ཏྲི་སུ་ཏྲི། ཀྲིང་ཀྲིང་མི་ཙི་རི་སྭཱཧཱ།། སྔགས་ཤིང་གོང་མས་གཡང་གཞི་བརྡབ།། ཕྱོགས་སུ་གཏོར་ཞིང་འབུམ་ལྔ་ཀློག། རང་ཉིད་འཇམ་དཔལ་གཤིན་རྗེར་བསྒོམ།། སྤྱི་གཙུག་སྟེང་དུ་བྱ་ཁྱུང་བསྐྱེད། ། ཡི་གེ་ཀྲུང་ལས་བསྐྱེད་པར་བྱ།། ཞལ་གཅིག་ཕྱག་བཞིར་བསྐྱེད་པར་བྱ།། རྒྱ་མཚོའི་སྟེང་དུ་རྡོ་རྗེའི་བྲག། བྲག་ཐོག་གཤིན་རྗེ་བཞུགས་པར་བསམ།། བྱང་ཁྱུང་ཁ་ནས་ཐོག་སེར་རྒྱུ།། སྣ་དང་མི་ནས་ཐོག་དང་འབྲུག། གྲག་ཅིང་སྐྱིན་ཐང་འབེབས།། འཇམ་དཔལ་ཞལ་ནས་ཐོག་སེར་འབེབས།། ཕྱག་ན་ཁྱུང་ཕྲུག་མང་པོ་འཕྲོ།། ཁྱུང་ཕྲུག་ཁ་ནས་ཐོད་སེར་འཕྲོ།། ཐུགས་རྗེས་བསྟན་པ་བསྲུང་ཞིང་སྐྱོང། ། གཟའ་སྐར་དག་ལ་མི་ལྟོས་ཏེ།། རྣལ་འབྱོར་ནང་རྟགས་རྫས་ལ་འབྱུང།། བྱུང་དུས་རང་དུ་བརྟུལ་ཞུགས་ཀྱིས།། གཉན་སར་དྲག་པོ་ལས་སྦྱོར་བྱ།། བྱ་ཁྱུང་ཅོག་རྡུངས་པྲ་བ་ཡིན།། ཟླ་གསང་ནག་པོའི་རྒྱུད་ལས། ། ཆོ་འཕྲུལ་ཐོག་སེར་དབབ་པའི་ལེའུ་སྟེ་དྲུག་ཅུ་ཐམས་པའོ།།།། ཡང་ཞུས་པ། སྟོན་པ་ལགས།། ནག་པོ་ཀླུ་སེར་ཇི་ལྟར་ལགས།། སྟོན་པས་གསུངས་པ།། འཇམ་དཔལ་ཀླུ་ནག་སེར་བ་ལ།། དབབ་ལུགས་མི་མཐུན་གཉིས་སུ་བཤད། ། ནཱ་གི་སྐྱིན་ཐང་ཐོག་སེར་ལ།། མན་ངག་སྤྱི་ཡི་བྱ་ལུགས་ལ།། ཆུ་མིག་ཁ་བྱང་བལྟས་པ་དགུ་པ་རུ།། ངམས་ནག་རྡོ་དྲེག་ཡོད་པ་ན།། དེ་ན་ཀླུ་ནི་ནག་པོ་གནས།། དེ་རུ་གྲུ་གསུམ་ཨེའི་དཀྱིལ་འཁོར་གཅིག། བྱས་ལ་དེ་ཡི་ཟུར་གསུམ་དུ།། རྡོ་ནི་དཀར་པོ་གླང་དམར་རྭ།། དེ་གསུམ་སྒྱེད་ཕུར་བྱས་ལ་བན་དྷ་བཀལ།། སྐེད་པ་མི་ཡི་ཁྲག་གིས་བྱུག། དེ་རུ་མི་ཁྱི་ར་ཁྲག་གསུམ།། ཐོད་པར་བླུག་སྟེ་སྒྱེད་བུར་བཀལ། ། སྦྲུལ་མགོ་བདུན་བའི་གཟུགས་བྱས་ལ།། བག་ཕྱེད་དག་ལ་བྱ་བར་གསུངས།། རྡོ་དཀར་སྟེང་དུ་སྦྲུལ་དེ་བཞག། རང་ཉིད་བྱ་ཁྱུང་ཏིང་ངེ་བཞུགས།། ཀླུ་རྣམས་དབང་དུ་བསྡུ།། ཉུངས་ཀར་སྐེ་ཚེ་དག་ལ་སྔགས་འདི་བཟླས། ། ཨོཾ་ནཱ་ག་ཤུ་ནན་ཤུ་ན་ན་ག་བ་ཡུ། ཁུ་ཡ་བ་དང།། རག་ཤ་ག་རུ་ཌ་ཕཊ།། ད་ནི་བྱ་ཁྱུང་བསྐུལ་བྱ་སྟེ།། ཧྲིཿདཔག་བསམ་ཤིང་ལ་གཞེངས་པའི་བྱ་ཁྱུང་ཀ་རུ་ཌ།། ཡེ་ཤེས་མིག་ལ་གསེར་གྱི་གཤོག་པ་ཅན། ། རི་རབ་རྩེ་ནས་རྒྱ་མཚོའི་གཏིང་དུ་མཆུ་བསླེབ་མ།། ཀླུ་རྒྱལ་གདན་དུ་འདིངས་ཤིང་ཀླུ་ཕྲུག་ཞལ་དུ་གསོལ།། དེ་ཕྱིར་ཀླུ་རྣམས་ཐམས་ཅད་བཀའ་ལས་མ་འདའ་ཞིག། ཀླུ་རྣམས་ང་ཡི་བཀའ་ལས་འདས་གྱུར་ན། ། ཀླུ་ཡི་གནས་རིགས་ཕུང་ཞིང་རླག་གམ་རེ།། བྱ་ཁྱུང་མུ་བབས་ཏེ།། ཨོཾ་ཚོ་བཟླས།། མུ་ཏྲ་བཅས་ལ་ཟིལ་གྱིས་གནན།། དེ་ནས་མེ་བཏང་ཐོད་པ་བསྐོལ།། ཁྲག་བསྐོལ་ཐོད་པ་ཁ་སྦུབ་བོ། ། ཐོག་སེར་སྤགས་པའི་པྲ་རྟ་དབབ།། ལུག་ནག་ལྷས་སུ་ལྷོགས་པ་འདྲ།། སེར་བ་ཕྱིངས་པ་བཀབ་པ་འདྲ།། ཤིན་ཏུ་གབ་པར་གདམས་པའོ།། བྱ་ཐབས་ཀླུ་ཡི་པྲ་རྟ་ལ།། ལུང་གསུམ་སུམ་མདོ་མདོ་གསུམ་དུ། ། སྒྱེད་སྡོ་གསུམ་དུ་བྱ་བ་ལ།། ཀླུ་རྡོ་གྲོ་བོ་གཅིག་པོ་ལ།། མ་མོ་གང་རུངས་སྙིང་པོ་བྲི།། རྟ་ཡི་ཁྲག་གིས་བྲི་བར་བྱ།། ཞིང་ལྤགས་དག་ལ་ཀླུ་ཡི་ཡང་སྙིང་བྲི།། ཆུ་མིག་གཏིང་དུ་སྦ་བར་བྱ།། ཡང་ན་ཀླུ་སྦྲུལ་ནག་པོ་མགོ་གཅིག་པ། ། སྦལ་པོ་ནག་པོ་གཅིག་དང་གཉིས།། བྱས་ལ་ཆུ་མིག་གཏིང་དུ་སྦ་བར་བྱ།། སྦ་བའི་སྔགས་ནི་འདི་དག་སྟེ།། ཡི་དམ་ལྷ་རུ་འཇམ་དཔལ་བསྒོམ།། བཟླས་པའི་དུས་སུ་བྱ་རྒྱལ་ཁྱུང།། ཨོཾ་ག་རུ་ཌ་པ་ཏི་བཛྲ་ཧཱུཾ་ཙི་རི་པྲ་ཤ་ཕཊ། ། ཨན་ཏྲ་མན་ཏྲ། ཙིན་ཏྲ། ཙིན་ཏྲ་དུན་ཏྲ། ན་ག་ལོ་དུམ་པ་ལེ་ཧཱུཾ་ཕཊ། བྱས་ཏེ་གཏོར་མ་གཉན་སར་གཏོར།། པྲ་རྟ་དཀར་མོ་སྐྱིན་ཏང་འོང།། བཙན་ཐབས་བྱ་བའི་མན་ངག་གོ། མན་ངག་རྒྱུད་དུས་ངས་བཤད་དོ།། སྣོད་ངན་བུ་ལ་མི་སྦྱིན་ནོ།། ཤིན་ཏུ་བསྡིགས་པར་གསུངས་པའོ།། ཡང་གསུངས་པ།། ཤིན་ཏུ་ཟབ་པའི་འཇམ་དཔལ་ཀླུ་སེར་འདི།། ཁྱད་པར་དུ་ཡང་བསྟན་པར་བྱ།། གནས་ནི་ཆུ་མིག་དགུ་པ་ལ། ། བྱང་བལྟས་རྡོ་དྲེག་ནག་པོ་ཅན།། ལྷ་ཀླུ་ནག་པོ་གནས་ས་རུ།། ཨེ་ལ་མཐིང་ནག་ཟུར་གསུམ་བྲུ།། ཟུར་གསུམ་ཟུར་དུ་སྒྱེད་རྡོ་རེ།། དཀར་ནག་གླང་དམར་ར་དང་གསུམ།། སྒྱེད་བུ་བྱས་ཏེ་བན་དྷ་དག་ལ། ། ཕྱི་རུ་ཁྲག་གིས་ཕུགས་ཏེ་ནང་དུ་རྫས།། ར་ཁྱི་མི་གསུམ་ཁྲག་བླུགས་ལ།། འོག་ཏུ་གདུག་པས་མེ་སྤར་ཏེ།། རང་ཉིད་རྟ་མགྲིན་དབུ་ལ་ཁྱུང།། ལུས་ལ་སྦྲུལ་ནི་དཀར་ནག་བརྒྱན།། མདུན་ན་ཁྲག་གི་རྦ་རླབས་འཁྲུག། སྣང་སྲིད་མ་མོ་བཀའ་ནོན་བསམ།། དེ་ནས་སེང་ལྡེང་ཕུར་བ་སོར་བརྒྱད་པ།། གུ་གུལ་ནག་པོའི་དུས་བས་བདུག། སྔགས་ནི་སྟོང་དུ་བཟླས་པར་བྱ།། ན་མོ་བུད་དྷཱ་ཡ། ཨོཾ་ཀི་ལི་ཀི་ལི་ཙན་ཏྲ་ཙན་ཏྲ་ན་ག་བྷན་དྷ་ཡ་ཕཊ་ཕཊ་སྭཱཧཱ། ། བཟླས་ཤིང་གུ་གུལ་དུ་བས་བདུག། བྱ་ཁྱུང་སྤྱན་དྲངས་ཀླུ་རྣམས་དབང་དུ་བསྡུ།། འཇམ་དཔལ་དབུ་སྟེངས་བྱ་ཁྱུང་བསྒོམ།། ཧྲིཿདཔག་བསམ་ཤིང་ལས་གཞེངས་པའི་བྱང་ཁྱུང་ཀ་རུ་ན། ། ཡེ་ཤེས་སྤྱན་ལ་གསེར་གྱི་གཤོག་པ་ཅན།། རྡོ་རྗེ་སྡེར་མོས་ཐོགས་མེད་ལྕགས་ཀྱུ་ཅན།། རི་རབ་རྩེ་ནས་རྒྱ་མཚོ་གཏིང་དུ་མཆུ་མོས་སྙེག། ཀླུ་རྒྱལ་གདན་དུ་འདིངས་ཤིང་ཀླུ་བྲན་ཟས་སུ་ཟ།། དེ་ཕྱིར་ཀླུ་རྣམས་ང་ཡི་དམ་ལས་མ་འདའ་ཞིག། ང་ཡི་བཀའ་ལས་འདས་པར་གྱུར་པ་ན།། ཀླུ་རྣམས་ཀུན་ཀ་གནས་རིགས་ཀུན་ཀ་ཕུང་ལ་བརླག་པར་འགྱུར།། ཁྱུང་གི་མུ་ཏྲ་བཅས་པ་དང།། མེ་ཏོག་བག་ཆུ་དག་ལ་བཟླས།། ཀླུ་རྣམས་དབང་དུ་བསྡུའོ། ། ད་ནི་དབང་བསྡུས་ཟིལ་གནོན་བཟླས།། ཨོཾ་བཛྲ་བ་ཀི་ཀ་ཏྲུ་ན་ཧཱུཾ་ཧཱུཾ་ཧཱུཾ། མི་རི་ཙི་མི་རི་སྲི་ཙ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ།། དེ་བཟླས་ཐམས་ཅད་དབང་དུ་སྡུད།། དེ་སྟེངས་ཨ་ཀྲོ་ཚན་ཆེན་གདོན། ། ཀླུ་ཡི་སྙིང་པོ་འདི་བཟླས་ཏེ། བཛྲ་ནཱ་ག་རཱ་ཛ་ཕུད། ཅེས་བཟླས།། དྲག་པོར་ཕོབ།། བག་ཟན་འབྱིན་པ་ལ་མིང་གཟུགས་བྱས།། སྦྲུལ་ནག་མགོ་བདུན་གཅིག་བྱས་ལ།། རི་མོ་སྔོན་མོ་བྲི་བར་བྱ། ། རང་ཉིད་འཇམ་དཔལ་དབུ་ལ་ཁྱུང།། མདུན་དུ་རྟ་མགྲིན་བསྒོམ་པར་བྱ།། དེ་བསྒོམས་ཀླུ་རྣམས་གདུང་བར་བྱ།། སྒྱེག་རྡོ་དཀར་པོ་ཅིག་ཙམ་ལ།། རྡོ་ཚན་སྟེང་དུ་སྦྲུལ་བཞག་ལ།། མགོ་ལ་བླུགས་སྔགས་འདི་བཟླས། ། ཨོཾ་བཛྲ་མ་ཏིམ་མར་ཏི་ཙ་ཀྲུགས་ཀྲུགས།། མ་མ་སྲི་སྲོག་དྲག་ཏུ་ཕོབ།། ནཱ་ག་ནཱ་ག་གོ་ལ་ཁྲག་ལ་ནཱ་ག་དྲག་པོ་ཕོབ།། སྟོང་བཟླས་ཕོག་བྱས་སེར་བ་དབབ།། ཀླུ་གཟུགས་སྦྲུལ་མགོ་བདུན་ཡོད་པ།། ནག་པོ་གལ་ཆག་བརྗིད་པའོ། ། དེ་བསྒོམས་ཁ་ནས་གློག་འཁྱུག་པའོ།། ཁ་ནས་ཁྲག་གི་སེར་བ་འོང།། དེས་དཀྲུགས་སེར་བ་རང་དབང་མེད་པར་འོང།། འབབ་སྟེ་ཕྱིང་བ་བཀབ་པ་འདྲ།། དེས་ཀྱང་མ་ཕེབས་སྲིད་ན་ཡང། ། བདག་གི་རྟ་མཆོག་སྐུར་བསྒོམས་ལ།། ཁྱི་ལུད་ཁྱི་ལྕེ་རྩ་བ་དང།། གླང་དུ་བསྲེགས་ལ་དུད་པ་བཏང། སྐེ་ཚེ་ཁྲག་སྐམ་སྔགས་འདི་བཟླས།། ཨོཾ་གཤུ་ན་གཤུ་ན་གཤུ་ཧ་གཤུ་ཏ།། བ་ཡུ་བ་ཡུ། བ་ཁུ་ཡུ་བ་ཁུ་ཡུ། ། བ་ཏི་བ་ཏི། ཏ་ཏི་ཕཊ། བརྒྱ་རྩ་བརྒྱད་དུ་བཟླས་པ།། སྦྲུལ་གཟུགས་ཁྲག་དང་བན་དྷར་བླུགས།། དུར་ཁྲོད་རས་སམ་བུད་མེད་ཞལ་མ།། ནང་དུ་གྲིལ་ལ་དཀར་ནག་གིས་གྲིལ་ལ་དཀྲི།། ཆུ་མིག་གཏིང་དུ་སྦས་ཏེ་གནན། ། སེང་ལྡེང་ཕུར་བུ་རྩེ་མོ་ལ།། ཏིལ་མར་ཚིལ་ཆེན་དག་གིས་བྱུགས།། རྩ་བརྒྱད་སྔགས་བཟླས་གདབ་པར་བྱ།། དེ་ནི་ཐོག་སེར་སྐྱིན་ཏང་འབེབས།། དུས་ནི་སྐྱ་རིངས་ཤར་ཙམ་ན།། ཡང་ན་ཉི་ཤར་ཉུར་འུབ་དབབ། ། གཟའ་ལ་མི་ལྟོས་ཉ་ལ་དབབ།། སྟོན་ཟླ་ར་བའི་ཉ་ལ་ཤིས།། རྒྱལ་ཁམས་ཕུང་བའི་བྲ་རྟགས་ཡིན།། ཕུར་བུ་མ་ཕྱུང་བར་དུ་འོང།། དུས་ནི་སྲོད་ལ་ཉི་ཟེར་ལ།། ཨོཾ་ཧཱུཾ་ཕཊ་བྷྱོ་བྷྱོ་དམ་ཉམས་ཡུལ་དུ་ཕོབ། ། འཇམ་དཔལ་ཐུགས་ཀྱི་ཉྀང་ཁུ་ཡིན།། ཟླ་གསང་ནག་པོའི་རྒྱུད་ལས།། ཐོག་སེར་དབབ་པའི་ལེའུ་སྟེ་རེ་གཅིག་པའོ།།།། ཡང་ཞུས་པ། དྲག་པོ་ལས་ཀྱི་བྱེད་དུས་སུ།། ཐེབས་པའི་ཟླས་དུས་ཇི་ལྟར་ལགས། ། ལྡོག་པའི་དུས་ཚོད་ཇི་ལྟར་ལགས།། མ་འོངས་པ་ཡི་སེམས་ཅན་ལ།། ཐུགས་རྗེས་གཟིགས་ལ་བསྟན་དུ་གསོལ།། ཡང་གསུངས་པ།། ཉོན་ཅིག་འཁོར་ཚོགས་ཡང་དག་པར།། དྲག་པོ་ལས་སྦྱོར་བྱེད་དུས་དེར། ། ཕན་གནོད་གཉིས་སུ་བཤད་པ་ལ།། ཐེབས་དང་ལྡོག་པ་གཉིས་སུ་བཤད།། ཐེབས་པའི་དུས་ཚོད་འདི་ལྟ་སྟེ།། དྲག་པོ་ལས་ཐབས་གང་བྱེད་དང།། དུས་ཚོད་ངེས་པ་འདི་ལྟ་སྟེ།། དཔྱིད་ཟླ་ར་བའི་བཅུ་བཞི་ལ། ། བརྟན་མ་རུལ་ཏེ་ཐེབས་པའི་དུས།། འབྲིང་པོ་ཚེས་ནི་བཅུ་དྲུག་ལ།། བདུད་རྣམས་ཉུལ་ཏེ་ཐེབས་བའི་དུས།། དཔྱིད་ཟླ་ཐ་ཆུངས་ཉི་ཤུ་གཉིས།།། མ་བདུན་ཉུལ་བས་ཐེབས་པའི་དུས།། དབྱར་ཟླ་ར་བའི་ཚེས་བརྒྱད་ལ། ། གཟའ་བརྒྱད་ཉུལ་བས་ཐེབས་པར་གསུངས།། འབྲིང་པོའི་ཚེས་ནི་བཅོ་ལྔ་ལ།། ཀླུ་ཡི་རིགས་ནི་ཐེབས་པར་གསུངས།། ཐ་ཆུང་རིས་ལ་མི་བྱ་སྟེ།། སྟོན་ཟླ་ར་བའི་ཉ་གསུམ་ལ།། མ་མོ་ཉུལ་བས་ཐེབས་པར་བཤད། ། འབྲིང་པོ་ཚེས་ནི་བཅུ་བདུན་ནས།། གནམ་སྟོང་བར་དུ་རྒྱུ་སྐར་ཉུལ།། དེ་ལ་ཐེབས་པར་རབ་ཏུ་གསུངས།། ཐ་ཆུང་ཚེས་བརྒྱད་གནམ་སྟོང་ལ།། ལྷ་ཆེན་བརྒྱད་པོ་ཉུལ་བས་ཐེབས་པར་བཤད། ། དགུན་ཟླ་ར་བའི་བཅུ་གསུམ་ལ།། བཅུ་དྲུག་བར་དུ་གནོད་སྦྱིན་ཉུལ།། དུས་དེར་ཐེབས་པ་དག་ཏུ་བཤད།། འབྲིང་པོའི་ཉི་ཤུ་གཉིས་ནས་ནི།། གནམ་སྟོང་གི་བར་དུ་འཁོར།། གཤིན་རྗེ་ཉུལ་བས་ཐེབས་པར་བཤད། ། ཐ་ཆུང་ཉི་ཤུ་དགུ་དག་ལ།། ལྷ་སྲིན་ཉུལ་བས་ཐེབས་པར་བཤད།། མི་ཐེབས་ལྡོག་དུས་འདི་ལྟ་སྟེ།། དཔྱིད་ཟླ་ར་བའི་བཅུ་བདུན་དང།། བཅུ་དག་ལ་ནི་ལྡོག་པར་གསུངས།། འབྲིང་པོ་གཅིག་དང་ཉི་ཤུ་བརྒྱད། ། དུས་དེར་ལྡོག་པར་རབ་ཏུ་གསུངས།། ཐ་ཆུང་གནམ་སྟོང་དག་ལ་ལྡོག། དབྱར་ཟླ་ར་བའི་གཉིས་དང་ལྔ།། དུས་དཻར་ལྡོག་པ་དག་ཏུ་གསུངས།། འབྲིང་པོ་ཚེས་ནི་བཅུ་དྲུག་ལྡོག། ཐ་ཆུང་ཚེས་གྲངས་བཅུ་ལ་ལྡོག། སྟོན་ཟླ་ར་བ་ཉི་ཤུ་ལྔ་ལ་ལྡོག། འབྲིང་པོ་ཚེས་ནི་གསུམ་ལ་ལྡོག། ཐ་ཆུང་ཚེས་ནི་གཉིས་ལ་ལྡོག། དགུན་ཟླ་ར་བའི་བཅོ་ལྔ་ལྡོག། འབྲིང་པོ་ཉི་ཤུ་དག་ལ་ལྡོག། ཐ་ཆུང་ཉི་ཤུ་བདུན་ལ་ལྡོག། ལྡོག་པའི་དུས་ཚོད་བསྟན་པའོ། ། ཟླ་གསང་ནག་པོའི་རྒྱུད་ལས།། དྲག་པོ་ལས་ཀྱི་དུས་ཚོད་བརྩི་བའི་ལེའུ་སྟེ་རེ་གཉིས་པའོ།།།། ཡང་ཞུས་པ།། སྟོན་པ་ལགས།། དབང་བསྐུར་རིམ་པ་ཇི་ལྟར་ལགས།། བཀའ་སྩལ་པ། ། དབང་ལ་རྣམ་པ་གསུམ་དུ་གྲགས།། ཐུན་མོང་རིག་པའི་དབང་དང་གཅིག། ཁྱད་པར་རྫས་ཀྱི་དབང་དང་གཉིས།། དམ་རྫས་ལྔ་ཡི་དབང་དང་གསུམ།། རིག་པ་དབང་རྣམས་བཀའ་རྒྱུད་མཐུན།། རྫས་ལྔ་དབང་བསྐུར་འདི་ལྟ་སྟེ། ། བྱིན་བརླབས་བྱས་ཏེ་རྫས་རྣམས་དབང་བསྐུར་ཏེ།། བན་དྷ་དབང་བསྐུར་འདི་ལྟ་སྟེ།། མཚན་མས་སྤྲོས་བྲལ་རྫས་མཆོག་འདི།། སྐལ་ལྡན་རྣལ་འབྱོར་འདི་ལ་དབང་བསྐུར་ཏེ།། དེ་བཞིན་གཤེགས་པའི་དངོས་གྲུབ་ཐོབ། ། བན་དྷས་དབང་བསྐུར་བ་ནི།། ཆོས་སྐུ་སྐྱེ་བ་མེད་པའི་དོན་རྟོགས་ནས།། ཆོས་དབྱིངས་ཡེ་ཤེས་ལྡན་གྱུར་ཅིག། ཨོཾ་ཨ་བྷི་ཥིཉྩ་མུཾ། སྐྱེ་མེད་བྱང་ཆུབ་སེམས་ཀྱི་རྫས་མཆོག་འདིས། ། སྐལ་ལྡན་རྣལ་འབྱོར་པ་ལ་དབང་བསྐུར་ན།། འཇམ་དཔལ་དངོས་གྲུབ་ཐོབ་ནས་ཀྱང།། མེ་ལོང་ཡེ་ཤེས་ལྡན་གྱུར་ཅིག། ཙིཏྟ་ཨ་བྷི་ཥིཉྩ་མ། ཁམས་གསུམ་བསྒྲལ་བའི་རྫས་མཆོད་ཤ་ཆེས་འདིས།། སྐལ་ལྡན་རྣལ་འབྱོར་འདི་ལ་དབང་བསྐུར་ན། ། རིན་ཆེན་རིགས་ཀྱི་དངོས་གྲུབ་ཐོབ་པར་གྱུར།། ཨ་བྷི་ཥིཉྩ་མཾ། གསང་མཆོག་རཀྟ་རྫས་མཆོད་འདི།། སྐལ་ལྡན་ཁྱོད་ལ་དབང་མཆོག་འདི་བསྐུར་བས།། པདྨ་རིགས་ཀྱི་དངོས་གྲུབ་ཐོབ་གྱུར་ཅིག་ཨ་བྷི་ཥིཉྩ་མཾ། ། ལས་མཆོག་བསྒྲུབ་པའི་དམ་རྫས་དྲི་ཆུ་འདིས།། སྐལ་ལྡན་རྣལ་འབྱོར་འདི་ལ་དབང་བསྐུར་ན།། གསུང་མཆོག་གསུང་གི་དངོས་གྲུབ་ཐོབ་གྱུར་ཅིག། ཨ་བྷི་ཥིཉྩ་མཾ། ། ད་ནི་རྫས་ཆེན་པོས་བསྐུར་བར་བྱ་སྟེ།། ཐོད་པ་དབྱུག་ཐོ་ཕུར་པ་དང།། ཞིང་དང་རྔཻའུ་ཆུང་རལ་གྲི་དང།། ཐིག་ལེ་གསུམ་གྱི་དབང་བསྐུར་བས།། ཕས་རྒོལ་བས་ནི་མི་ཚུགས་དང།། རང་རྒྱུད་གྲོལ་ཞིང་བྱང་ཆུབ་རྒྱུ། ། འཇིགས་པ་བརྒྱད་ལས་ཐར་པར་ཤོག། འཇམ་དཔལ་སྐུ་གསུང་ཐུགས་མཆོག་གི། རྒྱན་གྱི་འཁོར་ལོའི་དབང་ཐོབ་ཤོག། ཨོཾ་བུདྷ་ཀུནྜ་ལན་ཨ་བྷི་ཥིཉྩ་མཾ།། འཕྲེང་བ་ཤ་ཆེན་བེ་ཅོན་དང།། སྟག་ལྤགས་རལ་ནག་ཆས་ཀྱི་ནི། ། ཁྱེད་ལ་དཔའ་རྟགས་དབང་བསྐུར་དོན་དང་ལྡན།། འགྲོ་དོན་མཐར་ཕྱིན་གདུག་པ་འདུལ།། དྲེགས་པ་འདུལ་ཞིང་ཡི་དམ་མི་འབྲལ་བས།། མཐུ་རྟགས་ལྡན་པའི་དབང་ཐོབ་ཤོག། བུ་ཐ་ཀ་ལ་ཧཱུཾ་མཾ། སྔཽན་འགྲོ་ཚེམས་ཤིང་ཀུ་ཤ་དང།། སྲུང་སྐུད་རྨི་ལམ་པྲ་ཡང་བརྟག། ཁྲུས་བྱ་གསོལ་གདབ་མེ་ཏོག་གཏོར།། འཇུག་རིམ་བཀའ་གཞུང་གཞན་དང་མཐུན།། ཡོན་དབུལ་དམ་ཚིག་བསྒྲགས་པར་བྱ། ། གཞན་ཡང་དམ་རྫས་ཚང་བར་བསྐུར།། རྩ་བའི་དཀྱིལ་འཁོར་དག་ནས་འདོམ་གང་དུ།། དབང་སྟེགས་འདོམ་དོའི་མཎྜལ་བྱ།། རང་ཉིད་འཇམ་དཔལ་རྣལ་འབྱོར་པས།། རྟག་ཏུ་ལས་རྣམས་བྱ་བར་གསུངས། ། དབང་གི་འཇུག་སྒོ་རྒྱས་པར་བྱ།། ཟླ་གསང་ནག་པོའི་རྒྱུད་ལས།། འཇམ་དཔལ་དབང་བསྐུར་བའི་ལེའུ་སྟེ་རེ་གསུམ་པའོ།།།། ཡང་ཞུས་པ། སྟོན་པ་ལགས། འཇམ་དཔལ་སྤྱིར་ལས་ཀྱི་སྤྱི་རྒྱུགས་རྩ་བའི་མན་ངག་ཇི་ལྟར་ལགས། བཀའ་སྩལ་པ། ལས་ཀྱི་སྤྱི་རྒྱུགས་རྩ་བ་འདི་ལྟར་བཤད་དེ། སངས་རྒྱས་བསྟན་པ་མི་གནས་ཤིང།། ཆོས་ཉིད་བདེན་པ་མི་འདུལ་ཏེ།། དགེ་འདུན་བཙུན་པ་མི་གཉན་ན།། ང་ཡིས་བསྟན་པ་དེར་འབྱུང་ངོ། ། ང་ཡི་དུས་གསུམ་སྔོན་དུ་འབྱུང།། སངས་རྒྱས་ཀུན་གྱི་མངོན་དུ་བྱུང།། ང་ནི་དུས་གསུམ་ད་ལྟར་འབྱུང།། ང་ནི་ལྔ་བརྒྱ་ཐ་མའི་ཚེ།། དེ་ཚེ་ང་ཡི་བསྟན་པ་འབྱུང།། བསྟན་པ་ཐམས་ཅད་ནུབ་པའི་ཚེ། ། དེ་ཚེ་ང་ཡི་བསྟན་པ་འབྱུང།། ལས་ངན་ཐ་མ་སྤྱོད་པའི་ཚེ།། དེ་ཚེ་ང་ཡི་བསྟན་པ་འབྱུང།། ཟས་ངན་ལྕི་བ་ཟ་བའི་ཚེ།། དེ་ཚེ་ང་ཡི་བསྟན་པ་འབྱུང།། གོས་ངན་དུག་ཧྲུལ་གོན་པའི་ཚེ།། དེ་ཚེ་ང་ཡི་བསྟན་པ་འབྱུང། ། གནས་ངན་མཁར་སྦེ་རྩིག་པའི་ཆེ།། དེ་ཚེ་ང་ཡི་བསྟན་པ་འབྱུང།། དགེ་འདུན་དག་ནི་ནུབ་པའི་ཚེ།། དེ་ཚེ་ང་ཡི་བསྟན་པ་འབྱུང།། དམ་ཚིག་ཉམས་པ་མང་བའི་ཚེ།། དེ་ཚེ་ང་ཡི་བསྟན་པ་འབྱུང། ། ང་ནི་དུས་གསུམ་འབྱུང་བའི་སྐུ།། ང་ནི་ད་ལྟར་མངོན་བའི་ལྷ།། ང་ནི་རབ་ཏུ་གསང་བའི་རྒྱུད།། ང་ནི་སྲིད་གསུམ་སྔོན་དུ་འབྱུང།། ཇི་ལྟར་བུར་ནི་ཞི་འགྱུར་ཡང།། ཐམས་ཅད་ཞི་བ་ང་ཡི་སྐུ།། ཇི་ལྟར་བུར་ནི་ཁྲོས་གྱུར་ཀྱང། ། ཐམས་ཅད་འཕྲོག་པ་ང་ཡི་སྐུ།། དཀོན་མཆོག་གསུམ་ནི་གནས་པ་དང།། དེ་ཡི་བཀའ་ནི་བསྐྱང་བའི་ཕྱིར།། བཅུ་གཉིས་རྩིབས་ཆེན་འཁོར་ལོ་འདི།། ཡི་དྭགས་ཀྱི་ནི་གོས་ལ་བྲི། ། གཞལ་མེད་ཐལ་བ་སོལ་བ་གཉིས།། ད་རུ་ར་ཡི་ཁུ་བ་དང་བསྲེས་ཏེ།། ནིམ་པ་ལ་ཡི་ལོ་མ་དང།། ཀ་ན་ཁ་ཡི་ཁུ་བ་དང།། ནི་ཡི་མང་ས་སྲ་རྩི་པོག། དུག་ནི་རྣམ་པ་སྣ་ཚོགས་དང།། ཏིལ་ནག་ཉུངས་ཀར་མར་ཁུ་དང། ། ར་ཁྱི་ཁྲག་དང་དྲི་ཆུ་དང།། རྙེད་ན་ཁྱི་ཁྲག་ར་ཁྲག་དང།། ལན་ཚྭ་སྐྱེ་ཚེ་ས་དཀར་རོ།། ཙན་དན་རྒྱ་སྐྱེགས་གི་ཧཾ་དང།། ལྡོང་རོས་གུར་ཀུམ་སྤུ་བས་བྲི།། མ་ར་གཤིན་རྗེ་དངོས་ལ་སྟེ།། དབང་ནི་ཆུང་མའི་སྙིང་ཁར་བྲི། ། ཞི་བ་ཟླ་བའི་དཀྱིལ་འཁོར་ཏེ།། རྒྱལ་པ་ལྟ་ཡི་རྒྱབ་ཏུ་བྲི།། དབྱེ་བ་རྟ་དང་མ་ཧེ།། དགུག་པ་དྲེད་དང་སེང་གེ། རྨིགས་པ་ལུག་གི་ཁོང་དུ་གཞུག། བསྐྲད་པ་རྔ་མོ་རྒྱབ་ཏུ་བྱ།། སྨྱོ་འབྲོས་ཤན་མར་རྒྱབ་ཏུ་བྱ། ། གནན་པ་རི་རབ་འོག་ཏུ་བྱ།། ལས་ཀྱི་བྱེ་བྲག་ཐམས་ཅད་ལ།། བསྟན་པ་བཞིན་དུ་ཤེས་པར་བྱ།། དེ་རྣམས་ཆོས་མཐུན་བརྩིས་ཏེ་བྲི་བར་བྱ།། བྱ་རོག་སྒྲོ་རྩས་སྨྱུ་གུ་བྱ།། ག་འུ་ཁ་སྦྱར་ནང་དུ་གཞུག། མཆོད་རྟེན་ནག་པོ་བཏབ་ནས་སུ། ། རབ་ཏུ་དབེན་པའི་གནས་སུ་སྦ།། ལ་ཁ་དང་ནི་མ་ལ་ཁ།། རི་རྩེ་དང་ནི་སྐྱེད་མོས་ཚལ།། དགོན་པ་ཆེན་པོའི་ས་ཕྱོགས་དང།། ལྷ་ཀླུ་གནོད་སྦྱིན་དྲི་ཟར་སྒྲུབ།། དེ་ནས་རིགས་འཛིན་ནན་ཏན་གྱིས། ། ས་ནི་ཡང་དང་ཡང་སྦྱངས་ཏེ།། གང་དུ་ཡིད་དང་དགའ་བ་རུ།། འབུམ་ཕྲག་གཅིག་ནི་ཡན་ཆོད་བཟླས།། ལས་སུ་བྱ་བའི་བསྙེན་པ་ནི།། ཁྲི་ཁྲི་སྨྲ་བ་བཅད་ལ་བཟླས།། ཕྱག་མི་བཙལ་ཞིང་ལམ་མི་གཟུར། ། མི་སྨྲ་བ་དང་དབང་པོ་བསྡམས།། དབྱིག་པ་ཐོགས་ཤིང་སྡིགས་མཛུབ་བསྒྲེང།། སྟག་ལྤགས་གྱོན་ཞིང་བགྲོད་དཀར་འགྲོ། རིགས་འཛིན་དག་ནི་རྟག་པར་ནི།། ལག་པའི་སོར་མོ་ཐམས་ཅད་ཀྱིས།། མཐེ་བོང་ལེགས་པར་སྦས་ནས་ནི། ། རབ་ཏུ་བསྡམས་པ་བཟང་པོ་བཅིང།། ལས་ཀྱི་བྱེ་བྲག་གང་བྱེད་དང།། ཡ་མན་ཏ་ཀ་ཁུགས་པར་བྱ།། ལྷ་ཡི་སྐུ་མདོག་ཕྱག་མཚན་ནི།། ཞི་ཁྲོ་ལས་ཀྱི་དམིགས་དང་སྦྱར།། པཱུ་ཙ་རྣམ་པ་ལྔ་དང་ནི། ། མཆོད་སྦྱིན་གཏོར་མ་ཆ་གསུམ་གཏང།། རང་གི་ལན་ཚྭ་ཨ་མྲྀ་ཏས།། དུས་དྲུག་དག་ཏུ་པཱུ་ཙ་དབུལ།། ཉུར་བར་དང་ནི་བུལ་བ་དང།། ཡི་གེ་མཚམས་ནི་འདྲེས་པར་ནི།། ནམ་ཡང་སྨྲ་བར་མི་བྱའོ། ། ཤིན་ཏུ་གསལ་བར་སྨྲ་བར་བྱ།། སྐབས་སུ་བརྡ་ཡི་ཚིག་མཚམས་སྦྱར།། ཐོག་མར་བྱང་ཆུབ་རྩ་བ་བརྟེན།། ཤེས་རབ་དེ་ལྟ་བུ་ཡང་བསྒོམ།། སེམས་ཀྱང་རྣམ་པར་མི་རྟོགས་པས།། ང་ཡི་གཟུགས་སུ་གྱུར་པར་བྱོས། ། དང་པོ་རྡོ་རྗེ་ལས་ལ་བསྐུལ།། གཉིས་པ་གཤིན་རྗེ་ལས་ལ་གཟུད།། གསུམ་པ་གཤིན་རྗེ་ལས་རྣམས་བསྒྲུབ།། བཞི་པ་ལས་རྣམས་འགྲུབ་པར་བྱེད།། དུས་ནི་འབྲུག་དང་ཚུབ་མས་གདབ།། འབྲུག་སྒྲ་ཐོག་དང་སེར་བ་དབབ། ། ལྷ་ཀླུ་གདུག་པ་འདུལ་བ་དང།། ངེས་པར་གནོད་པའི་དཀྱིལ་དུ་བསྐྱལ།། རབ་ཏུ་དབེན་པའི་ས་ཕྱོགས་སྦ།། ཡང་ན་དགེ་བ་བྱེད་པའི་གནས་སུ་སྦ།། དུས་དང་གཟའ་སྐར་གཏད་ལ་བསྒྲུབ། ། ཐོན་ནས་སོ་སོའི་སྦྱིན་སྲེག་བྱ།། ཧོམ་དང་འཁོར་ལོ་སྦྲེལ་བར་བྱ།། ཟླ་གསང་ནག་པོའི་རྒྱུད་ལས།། ལས་སྤྱི་རྒྱུགས་བསྟན་པའི་ལེའུ་སྟེ་རེ་བཞི་པའོ།།།། ཡང་ཞུས་པ།། སྟོན་པ་ལགས།། ནད་ངན་མཛེ་ནད་ཀྱི་དོན་བསྟན་དུ་གསོལ། ། སྟོན་པས་བཀའ་སྩལ་པ།། དེ་ཡང་སྔོན་ལ་དེ་མི་འབྱུང།། དང་ལ་བསྲུང་བ་བརྒྱད་བརྟན་འཁོར་ལོ་འབྱུང།། རང་ཉིད་བྱ་ཁྱུང་དུ་བསྒོམ་བྱ་སྟེ།། ཡང་ན་ཕྱག་ན་རྡོ་རྗེ་འམ།། གང་རུང་སྐུ་རུ་བསྐྱེད་དེ་བྱ། ། དེ་ལ་རྒྱབ་རྟེན་མཛེ་ནག་སྒྲུབ།། མཛེ་ནག་བསྒྲུབ་པའི་བཙའ་ཐབས་ལ།། དཀར་ནག་གཉིས་ཀྱི་བྱ་ཐབས་ཏེ། དེ་ཡང་ནག་པོ་མཛེ་སྒྲུབ་ལ།། དང་ལ་རྫས་དང་བཅབ་གཞི་བསྟན།། དེ་ཡང་གསུམ་དུ་གསུངས་པ་ལ། ། ཡ་རྟགས་བཅབ་བཞི་བསྟན་པ་དང།། གནས་དང་བྱ་ཐབས་བསྟན་པ་དང།། ཡ་མ་རཱ་ཛ་ཀླུ་ནག་ལས་འདི་ལ།། ལུང་གསུམ་མདོ་དང་བྲག་ཆུ་འཐབ།། བྲག་ཁ་བྱང་དུ་ཁ་བལྟས་པ།། སྔཽན་ན་ཙྭ་ཤིང་གདུག་པ་ཅན། ། ཆུ་མིག་ཁ་ནི་བྱང་ནུབ་བལྟས།། ཀླུ་འམ་ཀླུ་སྲིན་མ་སྒྲུངས་པ།། དུད་ཚོད་དབྱར་ཟླ་གསུམ་ལ་བསྒྲུབ།། ཡ་རྟགས་དགྲ་བོ་ཕ་མེས་ཀྱི།། མཚལ་བུ་ཡོད་ན་རབ་ཏུ་ལེགས།། རྗེ་དཔོན་རབས་ཆད་ཐོད་པའམ། ། དེ་མིན་རབས་ཆད་ཐོད་པས་བྱ།། ཁྱི་ཐོད་ནང་དུ་ར་བརྒྱའི་ཁྲག་དང་ཁྱི་རྒྱའི་ཁྲག། བུད་བུའི་བདུད་རྩི་དང་སྒོམ་ཁའི་ཐིགས་པ་དང།། གྲོགས་མའི་ཞིང་ས།། སྲིད་པའི་ལོ་མ་བྱི་ལའི་སྤུ།། དེ་རྣམས་གྲོ་གའི་ཤིང་ལྤགས་སམ། ། ཤིང་གི་ཙན་དན་ཤུག་པ་འམ།། ཕ་མེས་སོགས་པ་ལ་འུས་བྲི།། ཆུ་མིག་གཉན་པོའི་ཁར་སོང་ལ།། ས་ནི་ཆག་གང་མར་བརྐོས་ལ།། དེ་སྟེངས་སྐྱེར་ཕུར་བཙུགས་ནས་ནི།། དུར་ཁྲོད་ཀྱི་གཡམ་པ་ལ། ། འཁོར་ལོ་བཅུ་ཏྲི་བྲིས་ནས་ནི།། དབུས་སུ་དགྲ་བའི་མིང་རུས་བསྣོལ།། ས་ཁམས་པ་ལ་སྦྲུལ་ནག་པོ།། ས་མིག་དམར་ཁ་ནས་མེ་འབར་བ།། ཁ་རུ་དགྲ་ཡི་མིང་རུས་གཞུག། ཕ་མེས་ཐོད་པ་ལ་སོགས་རྩལ། ། མགོ་ནས་མེ་བཏང་ཐོད་ཁྲག་བསྐོར།། བྲ་མའི་ཕུར་པ་སོར་བཞི་དང།། ནང་གི་ལིང་ག་དག་ལ་དབབ།། ནམ་གྱི་སྒོར་ཕྱེད་ཤིང་ཕྱེད་ན།། ད་ནི་རྡོ་ཕུག་ཧོམ་ཁུང་དུ།། བཙུག་ལ་འཆི་བདག་ནག་པོ་མགོ་དགུ་བ། ། དབང་བསྐུར་བྱས་ལ་གནན་པ་བྱ།། ཁ་ཕོར་མཆུ་ལྔ་པ་ཞིག་ཏུ།། ཀླུ་སྨན་སྣ་ཚོགས་བླུགས་ཏེ་བཞག། ཀླུ་དང་མཐུན་པའི་ཡ་རྟགས་བཤམ།། སྦྲུལ་དང་སྦལ་པའི་དུད་པ་བསད།། སྦལ་ནག་སྦྲུལ་ནག་ཡོད་ན་བཟང། ། དེ་མིན་ཁམས་པའི་འདམ་པ་ལ།། རུས་སྦལ་ནག་པོའི་གཟུགས་བྱས་ལ།། དགྲ་བོ་ཕ་ཚན་ཉེ་བཞི་མིང་རུས་ཏེ།། བསེ་བྱང་དམར་པོ་གཅིག་བྲིས་ལ།། རུས་སྦལ་དེ་ཡི་ཁ་རུ་བཞག། རོ་ཚས་རས་ཀྱི་ཁ་བཅད་ལ། ། འཆི་བདག་ཀླུ་ནག་མངའ་གསོལ་ལ།། རྡོ་ཕུག་ནང་དུ་སྦས་ཏེ་བཞག། མ་ཉེས་དཔང་གཟུགས་བདེན་པ་བདར།། ཡ་རྟགས་བཤམ་པའི་གླེང་གཞིའོ།། ད་ནི་སྤྱོད་པའི་བྱ་ལུགས་བསྟན། ། དང་པོ་གཏོར་མ་གཞུང་བཞིན་བཏང།། ཀླུ་ཡི་ཆོ་ག་གཞུང་དུ་བགྱི།། ཀླུ་མཆོད་བྱས་ལ་དཔང་ཡང་གཟུགས།། དེ་ནི་གཞལ་ཡས་ཁང་དུ་བསྐྱེད།། ཨོཾ་ཕེ་ཀ་རུ་བྲུམ།། ཞེས་བརྗོད་པས།། སྦྲུལ་ནག་གཞལ་ཡས་ཁང། ། ཆུ་སྲིན་གྱི་ཐོག་ཕུག། རུས་སྦལ་གྱི་ཡ་ཐེམ་མ་ཐེམ་བྱས་པའོ།། དོན་པོ་གཅལ་དུ་དགྲམ་པར་བསྒོམ།། ཨོཾ་ནག་པོ་ཏི།། པ་ཙ་སརྦ་རྒྱུ་པ་ཙ་པ་བེ་རུ་ཤ་ཧཱུཾ།། ཞེས་བརྗོད་པས་རང་ཉིད་སྙིང་ཁར་ཧཱུཾ།། མཐིང་ནག་ཧ་ལ་ཧ་ལའི་དུག། འདྲ་བའི་དོན་འདི་ནི་སྔོན་དམར་འཕྲོས།། དེ་ལྟ་བུ་རུ་བསྒོམ་པར་བྱ།། ནག་པོ་ཏི་པ་ཙ་ཡ་ཁ་ཡ་ཤ་ཧཱུཾ་ཡ་ཧཱུཾ་ཡ།། ར་ཧུ་ཡ་ཤ་ཧཱུཾ། བརྗོད་པས་སྦྲུལ་ནག་མགོ་དགུ་པ།། ཁ་ནས་མེ་འབར་མིག་དང་སྣ། ། ཁྲག་དང་ཆུ་ཟེར་འཛགས་པར་བསམ།། སྦྲུལ་ནག་ལག་པ་བརྒྱད་ལྡན་པ།། ལག་གཡས་སྦྲུལ་ནག་ཞགས་པ་ཐོགས།། གཟས་པ་ཕོ་མོ་འཆིང་བར་བྱེད།། ལག་གཡོན་ནད་ཀྱི་རྐྱལ་པ་སྡེབས།། མཇུག་མ་རྒྱ་མཚོའི་གཏིང་དུ་བརྐྱང། ། གཟུགས་ཕུད་རི་རབ་དག་ལ་བརྟེན།། དབུ་ནི་བར་སྣང་ཁམས་ལ་འཕྱོ།། ལག་པ་སྟོང་གསུམ་ཐམས་ཅད་ཉབ།། དེ་ལྟ་བུ་རུ་བསྒོམ་པར་བྱ།། ཨོཾ་ན་ག་རག་ཤ། ཕེས་ཅན་པུས་ཤ། པ་ལག་ཤ་ཧཱུཾ་ཕཊ། ། བརྗོད་པས་ཀླུ་མོ་ནག་མོ་དེ།། སྐུ་སྟོད་བུད་མེད་ནག་པོའི་ཆ་ལུགས་ལ།། སྐུ་སྨད་སྦྲུལ་ནག་འཁྱིལ་བ་འདྲ།། སྐུ་ལ་སྦྲུལ་ནག་ཐུལ་བ་གསོལ།། རལ་པ་སྦྲུལ་ནག་མཛེས་པ་ལ།། མཛེ་དང་ཤུ་བ་འོད་འཕྲོ་བ། ། མིག་ནག་ཁྲག་འཛག་སྣ་ནས་ནད་རླངས་འབྱིན།། ཞལ་ནས་སྦྲུལ་ནག་ཆོ་འཕྲུལ་འགྱེད།། ལག་གཡས་སྦྲུལ་ནག་ཞགས་པ་ཐོགས།། ཐོགས་ཏེ་གཙོ་བོའི་སྐུ་ལ་འཁྱུད།། ལག་གཡོན་མཛེ་ཤུའི་རྐྱལ་པ་ཐོགས། ། ཕྱོགས་བཞིར་ནད་སྣ་སྣ་ཚོགས་འཐོར་བྱེད་པ།། གཟས་པ་པོའི་ཤ་ཁྲག་བྲབས་ནས།། གཙོ་བོའི་ཞལ་དུ་སྟོབས།། དེ་འདྲ་བ་རུ་བསྒོམ་པར་བྱ།། ཨོཾ་ཕེ་ར་ཀ་ཤ་ཛྭ་ལ་ཧཱུཾ།། བསྟོད་པས་འཇིག་རྟེན་ཁམས་རྣམས་ཀུན། ། ཀླུ་བདུད་ས་བདག་ཆུ་སྲིན་དང།། ཀླུ་བཙན་དུ་མར་གྱུར་པ་སྟེ།། གཟས་པ་ཕོ་མོ་རྐང་པ་བཞག་པའི་སར།། ཤུལ་ནག་མཛེ་དང་ཤུ་བའི་ཚ་ཚྭ་འཕྲོ།། ནད་ཀྱི་རླངས་པ་བསམ་མི་ཁྱབ། ། ཨོཾ་ནག་པོ་ཏི་པ་ན་ག་ར་ཀ་ཤ་ཆེ་གེ་མོ་ཏི་ཕུ།། ལེ་ཕེ།། ཤན་ཕོས།། ཤིག་ཤིག་ཆུམ་ཆུམ་ཧུ་ཡ་ཧུ་ཡ།། ཀླུ་ནག་པོ་མགོ་དགུ་པ།། དགྲ་བོ་མ་རཱ་ཡ་ཛ།། བྱས་པས་ལས་ནད་གཏོང་ཤ་ཡང་ཟོས།། ལ་ལས་ཁྲམ་བཏབ་ཁྲག་འཐུངས། ། ལ་ལས་ཡན་ལག་བཅིངས་ཏེ་གྲེ་བར་བཅུག། ལ་ལས་མཆོན་བརྒྱབ་རླུང་ལ་བསྐུར།། ལག་ཏུ་ཕུར་ཐོགས་ཐུགས་དམ་བསྐང།། ཧཱུཾ། བསྐལ་པའི་རླུང་ནག་འཁྱིལ་པའི་ཧོཾ་ཁུང་དུ།། རིག་པའི་རྒྱལ་པོ་འཆི་བདག་མགོ་དགུ་པ། ། བདུད་ཀྱི་བདུད་བདག་འཆི་བདག་ཀླུ་ཡི་བདག། དགྲ་བོ་ཀླུ་ཡི་བདུད་དུ་ཁྱོད་ལས་ལྷག་པ་མེད།། མི་བཟད་ཡུན་གྱི་ལྷར་ཡང་བདག་ཀྱང་མི་གཏོང་ན།། རྒྱལ་རྟེན་དཔུང་གཉེན་དུ་ཡང་ཁྱོད་ལས་མི་ཚོལ་ན། ། གྲུ་གསུམ་མཐིང་ནག་འབར་བའི་དཀྱིལ་འཁོར་འདིར།། མཐུན་བའི་ཞལ་ཟས་འདི་གསོལ་ལ།། དགྲ་བོ་འཁོར་དང་བཅས་པ་རྣམས།། གདུང་རྒྱུད་ཀླུ་ལ་མཛེ་དང་ལྷོག་པ་མཐོང། ། ཨོཾ་ནག་པོ་ཏི་པ་ཙོ་པེ་ར་ཀ་ཤང་ཨུ་ཤན་ཏེ།། ཨུ་ཏྲཾ་ན་ན།། ཎ་ཎ་ལ་ཤན་ཀུ་རུ་ཙ་ཡ།། ཨོཾ་མཱ་ར་ཡ་ཛ་ཛ།། བྱས་ཏེ་བྲོ་ཡིས་གནན་ཏེ་བཞག། ཟླ་གསང་ནག་པོའི་རྒྱུད་ལས།། མཱ་ར་ཡ་མཛེ་ཅན་གྱི་ལེའུ་སྟེ་རེ་ལྔ་པའོ། །།། ཡང་ཞུས་པ།། འཇམ་དཔལ་དྲག་སྔགས་གདོན་པ་བདོག་མི་བདོག། བདོག་ན་བདག་ཅག་རྣམས་ལ་བསྟན་དུ་གསོལ།། ཡང་གསུངས་པ།། དྲག་སྔགས་གདོན་པ་འདི་ལྟ་སྟེ།། འཇམ་དཔལ་འབྲུ་གསུམ་བྱ་བ་དེ།། དོན་པོ་ཞག་གསུམ་གྱིས་བསད་པ། ། ངན་སྔགས་ཉིད་ཁུ་འདི།། མཎྜལ་ཆ་གཅིག་བྱས་ལ།། དབུས་སུ་གྲུ་གསུམ་གཏིང་དུ་བརྐོ།། གྲུ་གསུམ་གྲཝ་རུ་གཤིན་རྗེ་དགོད།། ཤར་གྱི་གྲ་ལ་གན་པ་ཏི་དགོད།། ལྷོ་ཕྱོགས་གྲ་རུ་གཤིན་རྗེ་སྟོབས་མཆོག་དགོད། ། བྱང་དུ་གཤིན་རྗེ་དགབ་རྒྱལ་དགོད།། དོན་པོ་ལིང་ག་བྱ་བའི་རྒྱུ།། རྐང་རྗེས་ཆུ་ཤུལ་གྲོག་མཁར་ས།། བག་ཕྱེ་བསྲེས་ལ་ལིང་ག་བྱ།། མིང་རུས་དེ་ཡི་སྙིང་ཁར་བྲི། ། མགོ་བོ་ཤར་དུ་བསྟན་དེ་བཞག། གྲུ་གསུམ་དབུས་སུ་གན་རྐྱལ་གཞག། དཀྱིལ་འཁོར་མཐའ་མ་ཁྲག་གི་ཕོར་པ་དྲུག་གིས་བསྐོར།། ཉུངས་ནག་ཉུངས་ཀར་ཁྱོར་གང་དག་ཏུ་བཞག། དེ་ནས་ནུབ་མོ་དང་པོ་ལ། ། ལྕགས་ཕུར་གཅིག་ནི་ལག་ཏུ་ཐོགས།། རང་ཉིད་འདི་ལྟར་བསྒོམ་པར་བྱ།། རང་ཉིད་ག་ན་པ་ཏི་སྟེ།། སྐུ་མདོག་མཐིང་ཁ།། དབུས་མཐིང་ཁ་སྤྱན་དམར་བ།། ཕྱག་གཡས་ལྕགས་ཕུར་བསྣམས་པ།། ཕྱག་གཡོན་ལྕགས་ཀྱི་འཁོར་ལོ་བསྣམས་པ། ། དེ་ལྟར་བསྒོམ་ཞིང་སྔགས་འདི་བཟླས།། ཨོཾ་བཛྲ་ཀི་ལི་ཀཱི་ལ་བཛྲ་བྱ་ཏྲི་ཀ་ཏ།། ཨ་ཧ་ཧཱུཾ་མི་ཏྲི།། ཧ་མི་ལྕ།། ཉུ་ཏུ་ཏ་པ་ནརི།། བཛྲ་གྲིམ་ར་ནུ་ག་གེད་རྦད་རྦད་ཐུམ་རི་ལི་ལི། ། ཤག་པ་ཏི་མཱ་ར་ཡ་ཕཊ།། སྔགས་དེ་དང་པོ་ཁྲི་བཟླས་ཏེ།། ཕུར་པ་ལ་སྔགས་དེ་ཐོ་རང་ཁ་སྐྱ་རེངས་ཤར་བ་ཙམ་ན་དཔྲལ་བའི་སྐྲ་མཚམས་དག་ཏུ་གདབ།། ཏིང་ངེ་འཛིན་གྱི་དགོངས་པ་ལ།། སྔགས་གྲངས་ཕུར་བུ་ཤེ་དག་གྱུར། ། དགྲ་བོ་མགོ་ལུས་ཡུལ་ཐེབས་པར་བསམ།། དེ་ནས་ནུབ་གཉིས་པ་ལ་རང་ཉིད་གཤིན་རྗེ་སྟོབས་མཆོག་བསྒོམ།། སྐུ་མདོག་སྔོན་པོ་སྤྱན་དམར་བ།། དབུས་དཀར་གཡས་སེང་ལྡེང་ཕུར་པ་བསྣམས་པ། ། ཕྱག་གཡོན་ཟངས་ཀྱི་འཁོར་ལོ་བསྣམས།། དེ་ལྟར་བསྒོམས་པས་སྔགས་འདི་བཟླས།། ཨོཾ་བཛྲ་ཀི་ལི་ཀཱི་ལ་བཛྲ་བི་ག་དེ་ཡ།། བ་ག་ཏ་ཀ་ཧཱུཾ།། ཀུ་ཀུ་ཏ་སུ་ཧི་ག་མ་ཐུཾ་རི་རི་ལི་ལི་རྦད་ཛ་ཧེ་བྷྱོ།། ཀ་མ་ལི་ཤག། སྙིང་ཁ་རག་ཡ།། དེ་བཛྲ་བི་ནི་མཱ་ར་ཕཊ། ནུབ་གཉིས་པ་ལ་ཁྲི་བཟླས་ལ།། ཕུར་པ་སྔགས་ཏེ་རྐང་པ་གཡོན།། བོལ་གོང་དག་ཏུ་གདབ་པར་བྱ།། དུས་ཚོད་སྐྱ་རེངས་ཤར་ཙམ་ན།། ཏིང་འཛིན་སྔགས་ལ་འོད་ཟེར་འཕྲོས། ། སྔགས་ཟེར་ཕུར་པ་དག་ཏུ་གྱུར།། མགོ་ལུས་མཇུག་མ་ཐེམས་པར་བསམ།། ནུབ་གསུམ་གྱི་ཐ་མ་ལ།། རང་ཉིད་གཤིན་རྗེ་རྒ་རྒྱལ།། སྐུ་མདོག་དམར་པོ་སྤྱན་རྩ་དམར།། དབུ་ནི་དམར་ནག་ངག་དང་ལྡན། ། ཕྱག་གཡས་གསེར་གྱི་མཆོག་ཕུར་བསྣམས།། གཡོན་པ་ཟངས་ཀྱི་འཁོར་ལོ་བསྣམས།། དེ་ལྟར་རང་ཉིད་བསྒོམ་པར་བྱ།། ཞལ་ནས་ངན་སྔགས་འདི་དག་བཟློས།། ཨོཾ་ཨ་ཀྲོ་ཏེ་ཀ་ཡ་ཀ་རྫ་ནི་ག་ཡ་ཧཱུཾ་ཕཊ། མུ་ཏི་ས་ཏིང་སྙིང་ཁ་རཀ་རྦད།། ཀ་མ་ལ་སྙིང་རྦད།། མགོ་གཤོགས་རྒྲི་མཱ་ར་ཡ་ཕཊ།། ཕུར་པ་ལ་ཁྲི་རེ་བཟླས་ཏེ་གདབ་པར་བྱ།། རྐང་པ་གཡས་ན་སྐྱ་རེངས་ཤར་ཙམ་ན།། གདབ་པ་རབ་ཏུ་བརྒྱལ་པ་གསུངས། ། སྒོམ་ཐབས་གོང་དང་འདྲ་བར་གསུངས།། དེ་ནས་ཉི་མ་ཤར་ཙམ་ན།། ཕུར་པ་ཕྱུང་ལ། ཉུངས་ཀར་ལ་རང་སྔགས་ཀྱི་བརྒྱ་རྩ་བརྒྱད།། བསྔགས་ཤིང་ཕུར་བུ་ཤུལ་བརྡེག། དེ་ནས་ཉི་མ་ཕྱེད་ཙམ་ན།། རྒྱ་ཚིལ་མེ་བཏང་སྦྱིན་སྲེག་བྱ། ། མགོ་གཏུམས་ཁྲག་ནི་ཐིགས་རེ་དང།། མིང་བྱང་སྤེལ་ཞིང་སྦྱིན་སྲེག་བྱ།། སྔགས་ནི་བརྒྱ་རྩ་བརྒྱད་དུ་གདོན།། མིང་རུས་སྨོས་ཤིང་བསྲེག་པར་གསུངས།། ལས་ཟིན་ཐལ་བ་རླུང་ལ་ཕྱར། ། ཚན་ཅིག་ཆུ་ཡི་ནང་དུ་མཁའ།། ཞག་བདུན་ལོན་ནས་ཉལ་གྱིས་འགྲོ། གོང་དུ་ལྷག་བསྒྲུབ་ཚད་དུ་ལོན།། དེ་ནས་གསུམ་པོ་རྒྱུན་དུ་བགྲང།། བསྒྲུབས་ལ་ཞུགས་པས་རྟགས་རྣམས་འབྱུང།། དྲག་སྔགས་འབྲུ་གསུམ་རྫོགས་པར་བྱ། ། རྒྱ་ཡི་བཏབ་ལ་གློ་སྙིང་སྦ།། རྟགས་སུ་མི་ཤར་བན་དྷེ་དང།། མེ་དང་འོད་དག་ཆོ་འཕྲུལ་འབྱུང།། ཟླ་གསང་ནག་པོའི་ལྟོ་ཚིལ་ཡིན།། འཇམ་དཔལ་འཕྲུལ་གྱི་འབྲུ་གསུམ་པོ།། ཟླ་གསང་རྒྱུད་ལས་དྲག་པོ་འབྲུ་གསུམ་གྱི་ལེའུ་སྟེ་རེ་དྲུག་པའོ། །།། ཡང་ཞུས་པ།། སྟོན་པ་ལགས།། སྐྱིན་ཐང་དབབ་ཐབས་མན་ངག་ལ།། འཇམ་དཔལ་ཁྱུང་གིས་དབབ་པ་དང།། སྟོན་པས་གསུངས་པ།། འཇམ་དཔལ་ཁྱུང་གིས་དབབ་ལུགས་ལ། ། རང་ཉིད་འཇམ་དཔལ་ལྷ་བསྙེན་བྱ།། བསྒྲུབ་དུས་བྱ་ཁྱུང་དག་ཏུ་བསྒོམ།། ཡང་བཅའ་ལུགས་འདི་ལྟར་རོ།། བག་ཕྱེ་སྦྲུལ་དང་སྦལ་པ་བྱ།། ཁྲ་བོ་དང་ནི་སེར་པོར་བསྒྱུར།། ཁྱུང་གི་གཟུགས་བརྙན་ཤོག་བུ་བྲི། ། སྐུ་མདོག་སྨུག་ནག་སྡེར་མོ་ལྕགས་ཀྱུ་བྲི།། སྡེར་མོ་སུམ་རིམ་ཡོད་པའོ།། མིག་ནས་མེ་འབར་སྣ་ནས་དུད་པ་འཐུལ།། ལག་གི་སྦྲུལ་ནི་བཟུང་པ་ལ།། ལུས་ཀྱི་མགོ་དང་མཇུག་མ་ལ། ། ལྕགས་རྩེ་འགྲམ་གསུམ་རྩིགས་ལ་སྤུངས།། མཆུ་དང་སྣ་ནི་ལྕགས་སུ་འདུག། དེ་ལྟར་བུ་ཡི་གཟུགས་བྲིས་ལ།། རང་ཉིད་བསྒོམ་པ་བྱ་བ་ཡང།། དེ་ལྟར་བུ་རུ་བསྒོམ་པར་བྱ།། དེ་ནས་བསླུགས་མའི་ནང་དུ་ནི། ། ཁྱི་ཡི་ཁྲག་ཆེ་བླུག་པ་དང།། བྱ་ཕོ་ཁྲག་ཀྱང་ཁྱོར་གང་བླུག། གམ་དུ་ཡང་ཁྱོར་གང་གཞག། སྦྲུལ་དང་སྦལ་བ་སླུག་མར་བཅུག། དེ་ལ་སྔགས་འདི་བྲབ་བར་བྱ།། ཨོཾ་ཨ་ཀྲོ་དྷི་ཀ་ཡ་མཱན་ཏ་ཀ། ཨེ་ཧ་རེ་ཤ་ནི་ཁྲ་ཧཱུཾ་ཚེ།། མུད་ཉིད་ཁུ་བས་ནི།། ཧེ་ཕུ་ཧེ་ཁ་ཤེ། ཨུ་ནི་སྟ།། ར་ཧི་ཨུ་ཉིད་ན་ཧི། གཟིར་མིང་ཤི་ཚེ་ཉི།། ཧུ་ཧི་ན་ཧི་ཏ་ཀ་ཛ་སྭཱཧཱ།། སྔགས་དེ་བཟླས་ཤིང་རྨ་བྱ་ཡི།། སྒྲོ་དེ་ཁྲག་ཏུ་བཅུག་ལ་ནི།། སླུག་མའི་སྦལ་བ་དེ་ལ་བྲབ། ། ཏིང་འཛིན་སྔགས་ལ་འོད་ཟེར་འཕྲོས།། ཐམས་ཅད་བྱ་ཁྱུང་དག་ཏུ་གྱུར།། ཀླུ་རྣམས་ཁྱུང་གིས་གཟིར་བར་བསམ།། ཡ་མན་ཏ་ཀས་བྱ་ཁྱུང་གཟིར།། ཁ་ནས་ཐོག་སེར་འབབ་པར་བསམ། ། དེ་ནས་ཆུ་མིག་ཆུ་བླངས་ལ།། དེ་ཡི་ནང་དུ་སྦལ་པ་གཞུག། ཁྲག་དེ་ཆུ་ཡིས་དག་པར་བཀྲུ།། ཀླུ་རྣམས་བྱ་ཁྱུང་ངང་གིས་བྱ།། བསད་པར་ཡང་དག་ཡང་བྱས་ལ།། བཅོམ་ལྡན་དེ་ཡི་བྱིན་རླབས་ཀྱི།། ང་ཉིད་ཀྱིས་ནི་ཟར་མ་སྟེ། ། ང་ཉིད་ཀྱིས་ནི་གཟིར་བས་བསམ།། འདི་རིང་ཁྱོད་ཀྱི་སེར་བ་ཕོབ།། བྱས་ཏེ་ཆུ་མིག་དག་ཏུ་ནི།། མུ་ཏྲ་རྡོ་རྗེ་གཤོག་པ་ཡིས།། བརླབ་ཅིང་ཆུ་མིག་ནང་དུ་བསྒྱུར།། སྦལ་པ་གཅིག་ནི་རྟ་དམར་བཟུང། ། ནམ་ཕྱེད་གཏིང་ལ་བཀྲུས་ཏེ་ཆུ་མིག་ནང་དུ་བསྒྱུར།། ཟླ་གསང་ནག་པོའི་ཏན་ཏྲ་ལས།། བྱ་ཁྱུང་སེར་བའི་ལེའུ་སྟེ་རེ་བདུན་པའོ།།།། ཡང་ཞུས་པ།། སྟོན་པ་ལགས།། གཞི་ཡི་འཁོར་ལོ་ཇི་ལྟར་ལགས། ། གསང་བ་སྲོག་སྙིང་ཇི་ལྟར་ལགས།། རྩ་བའི་གནས་ལུགས་ཇི་ལྟར་ལགས།། བསླབ་གཞི་བསླབ་བྱ་ཇི་ལྟར་ལགས།། བཀའ་སྩལ་པ།། ཉོན་ཅིག་འཁོར་གྱི་དང་པོ་བ།། སྲོག་སྙིང་གསང་བ་ཇི་ལྟར་ལགས། ། ལྷ་བུ་གསུམ།། ཤེས་པ་གསུམ།། མི་འགྱུར་རྩ་བའི་སྲོག་སྙིང་སྟེ།། སྲོག་ཅེས་བྱ་བ་རླུང་ཡིན་ཏེ།། རླུང་ནི་རྩ་བ་གནས་པ་ཡིན།། རྩ་ནི་ལྔ་འདུས་མུ་ཏྲ་ཡིན།། དེ་ལ་གཟུང་ཞིང་བཅད་དུ་མེད།། སྲོག་སྙིང་ཞེས་སུ་གྲགས་པ་ཡིན། ། འཁོར་ལོ་ཞེས་སུ་བྱ་བ་དེ།། ཕྱི་མོ་བཞི་རུ་གྲགས་པ་ལ།། སྣང་སྲིད་གཞི་མ་འཁོར་ལོ་དང།། སྐྱེ་གནས་གཤིག་པའི་འཁོར་ལོ་དང།། འཇམ་དཔལ་ལྟོ་ཡི་འཁོར་ལོ་གསུམ།། གསོད་པ་མཚོན་ཆའི་འཁོར་ལོ་བཞི། ། གཞི་ལམ་ཕྱི་མོའི་འཁོར་ལོར་གྲགས།། སྣང་སྲིད་བཞི་མ་འཁོར་ལོ་དེ།། སྣོད་བཅུད་འཁོར་ལོ་གཉིས་སུ་གྲགས།། སྣོད་ཀྱི་སྣང་སྲིད་འཁོར་ལོ་སྟེ།། བསླབ་བཞི་འཁོར་ལོ་དག་ཏུ་གསུངས། ། མངོན་པ་ཀོ་ཤར་ཤེས་པར་བྱ།། བཅུད་ཀྱི་སྣང་སྲིད་འཁོར་ལོ་དེ།། བསླབ་བྱ་དག་ཏུ་ཤེས་པར་བྱ།། སྲིད་གསུམ་སེམས་ཅན་ཐམས་ཅད་ལ།། ཐུན་མོང་ཐབས་སུ་རང་རྒྱུད་གནས།། སྲིད་གསུམ་སེམས་ཅན་མ་ལུས་པ། ། སྣང་སྲིད་གཏན་ལ་འབེབས་པ་སྟེ།། གཤིན་རྗེ་ལྟོ་ན་ཡོད་རྟགས་སུ།། རིམ་པ་གསུམ་དུ་བྱུང་བ་ཡིན།། སྲིད་གསུམ་སེམས་ཅན་ཐམས་ཅད་ལ།། སྐྱེ་མཆེད་བཅུ་གཉིས་ཡོད་རྟགས་སུ།། རྩིབས་ནི་བཅུ་གཉིས་འབྱུང་བ་ཡིན། ། སྲིད་གསུམ་སེམས་ཅན་ཐམས་ཅད་ལ།། ཁམས་ནི་བཅཝོ་བརྒྱད་ཡོད་རྟགས་སུ།། བཅུ་བདུན་པ་དག་སྤྲུལ་པའི་ཡུམ།། བཅཝོ་བརྒྱད་དུ་ནི་བྱུང་བ་ཡིན།། སྲིད་གསུམ་སེམས་ཅན་ཐམས་ཅད་ལ། ། རྣམ་ཤེས་ཚོགས་བརྒྱད་ཡོད་རྟགས་སུ།། རྩིབས་བརྒྱད་དག་ཏུ་བྱུང་བ་ཡིན།། སྲིད་གསུམ་སེམས་ཅན་ཐམས་ཅད་ལ།། སྡུག་བསྔལབཅུ་དྲུག་ཡོད་རྟགས་སུ།། ལྕགས་མཁར་བཅུ་དྲུག་བྱུང་བ་ཡིན། ། སྲིད་གསུམ་སེམས་ཅན་ཐམས་ཅད་ལ།། ཐབས་དང་ཤེས་རབ་འབྲེལ་རྟགས་སུ།། ཨཱ་ལི་ཀ་ལིར་བྱུང་བ་ཡིན།། སྲིད་གསུམ་སེམས་ཅན་ཐམས་ཅད་ལ།། ཕུང་པོ་ལྔ་ནི་ཡོད་རྟགས་སུ།། ལེ་ཚེ་ལྔ་རུ་བྱུང་བ་ཡིན། ། སྲིད་གསུམ་སེམས་ཅན་ཐམས་ཅད་ལ།། སྒྲིབ་པ་སུམ་ཅུ་རྩ་གཉིས་ཡོད་རྟགས་སུ།། ཡིག་འབྲུ་སུམ་ཅུ་རྩ་གཉིས་འབྱུང།། སྐྱེ་རྒ་ན་འཆི་ཡོད་རྟགས་སུ།། ཚད་མེད་སྒོ་བཞི་བྱུང་བ་ཡིན།། སྲིད་གསུམ་སེམས་ཅན་ཐམས་ཅད་ལ། ། འབྱུང་བ་བཞི་པོ་ཡོད་རྟགས་སུ།། ལས་བཞི་འཁོར་ལོ་འབྱུང་བ་ཡིན།། སྲིད་གསུམ་སེམས་ཅན་ཐམས་ཅད་ལ།། གནས་དང་ས་གཞི་ཡོད་རྟགས་སུ།། འཁོར་ལོ་བཞི་དང་རྒྱུ་རྣམས་འབྱུང། ། སྲིད་གསུམ་སེམས་ཅན་ཐམས་ཅད་ལ།། ལས་ཐབས་སྣ་ཚོགས་བྱེད་ཐབས་སུ།། འཁོར་ལོ་བསྐོར་ཐབས་སྣ་ཚོགས་འབྱུང།། སྲིད་གསུམ་སེམས་ཅན་ཐམས་ཅད་ལ།། ཡན་ལག་ལྔ་པོ་ཡོད་རྟགས་སུ། ། ཚངས་པའི་ཡན་ལག་ལྔ་རུ་བྱུང།། སྲིད་གསུམ་སེམས་ཅན་ཐམས་ཅད་ལ།། རྩ་བཞི་རྩ་བརྒྱད་ཡོན་རྟགས་སུ།། ཚངས་པའི་ཀ་བཞི་གདུང་བརྒྱད་བྱུང།། སྲིད་གསུམ་སེམས་ཅན་ཐམས་ཅད་ལ།། ཉི་མ་བཞི་རུ་གྲགས་རྟགས་སུ། ། བསྐོར་ཐབས་བཞི་རུ་གྲགས་པ་ཡིན།། སྲིད་གསུམ་སེམས་ཅན་ཐམས་ཅད་ལ།། དུག་གསུམ་དུག་ལྔ་ཡོད་རྟགས་སུ།། དུག་གསུམ་ལ་བརྡེག་བྱུང་བ་ཡིན།། སྲིད་གསུམ་སེམས་ཅན་ཐམས་ཅད་ལ། ། གནོན་པའི་དགྲ་བགེགས་ཡོད་རྟགས་སུ།། རྟེན་གྱི་ལིང་ག་བྱུང་བ་ཡིན།། སྲིད་གསུམ་སེམས་ཅན་ཐམས་ཅད་ལ།། འཐབ་རྩོད་གསོད་པ་ཡོད་རྟགས་སུ།། དྲག་པོ་ལས་ཐབས་བྱུང་བ་ཡིན།། སྣང་སྲིད་ནང་གི་འཁོར་ལོ་ལ། ། དེ་ལྟར་རྒྱལ་བའི་བཀའ་ལུང་གིས།། ནང་རྟགས་ཕྱི་རུ་འཁོར་ལོ་འབྱུང།། བཅུད་ཀྱི་འཁོར་ལོ་བསླབ་བྱར་གྲགས།། སྣོད་ཀྱི་འཁོར་ལོ་བརླབ་གཞི་སྟེ།། སྣང་སྲིད་ནང་གི་འཁོར་ལོ་གཏན་ལ་འབེབས་པ་ཡིན། ། འཁོར་ལོ་ཀུན་གྱི་ཕྱི་མོ་ཡིན།། རྩ་ཞེས་བྱ་བའི་གནས་ལུགས་ལ།། མི་མཐུན་གཞུང་རྣམས་སོ་སོར་སྟོན།། འཇམ་དཔལ་རྩ་ཡི་གནས་ལུགས་ལ།། འབྱུང་བ་གྲུབ་པའི་ཕུང་པོ་ལ།། རྩ་བའི་བདུད་པ་བསམ་ཡས་ཀྱང། ། འདི་ནི་རྩ་གནས་བཅུ་བདུན་ཏེ།། ཆེ་ཆུང་གཉིས་དང་དཔྲལ་རྩ་གཉིས།། མཁལ་རྩ་གཉིས་དང་རུ་ཐུང་གཉིས།། སྙིང་རྩ་སྲོག་རྩ་གཉིས་ཏེ་བཅུ།། མཆིན་རྩ་གློ་རྩ་མཆེར་རྩ་དང།། མཁྲིས་རྩ་དང་བྱིན་གཞུག་གཉིས། ། གློ་རྩ་ཨ་སོ་ལི་ཀ་གཉིས།། རྩ་རྣམས་ནང་དུ་འོད་དཔུང་གནས།། དེ་ལ་ལྷ་རྣམས་འོད་དུ་ཞུ་ཐིག་ལེར་གནས།། རྣལ་འབྱོར་ཅན་གྱི་འོད་ཟེར་གྱིས།། ཤིན་ཏུ་ཕྲ་བ་བློ་ཡི་བརྟག། དེ་ལ་རྟགས་རྣམས་ངེས་པར་འབྱུང། ། ཕྱི་ནང་གསང་བའི་རྟགས་རྣམས་འབྱུང།། རང་བཞིན་མེད་པའི་བདེ་བ་སྐྱེད།། མཐར་ཐུག་རྫོགས་པའི་རིམ་པ་སྟེ།། སྣ་བ་མ་བཀག་སྟོང་པ་མཐོང།། མེད་པ་མ་རྩལ་ལྷུན་གྱིས་གྲུབ། ། དོན་དམ་གཏན་ལ་འབེབས་པའི་མཆོག། སྙིང་པོ་མེད་པའི་སྙིང་པོ་ཡིན།། དོན་དམ་ལྟ་སོ་ཁྱད་མེད་པའི།། དངོས་པོ་ངོ་ལ་ཁྱད་པར་མེད།། ཀུན་རྫོབ་ལམ་རིམ་ཁྱད་པར་ཡོད།། དོན་དམ་རྒྱུ་འབྲས་ངོ་བོར་མཐུན། ། མན་ངག་ཟླ་གསང་ནག་པོའི་ཏན་ཏྲ་ལས།། འཁོར་ལོ་ཕྱི་མོའི་ལེའུ་སྟེ་རེ་བརྒྱད་པའོ།།།། ཡང་ཞུས་པ། སྟོན་པ་ལགས། གདོན་གྱིས་བཏབ་པའི་གང་ཟག་ལ།། ཕན་གདགས་རིམ་པ་བདོག་མི་བདོག། སྟོན་པས་བདག་ལ་བསྟན་དུ་གསོལ།། ཡང་གསུངས་པ།། ཕན་གདགས་རྣམ་པ་གཉིས་སུ་གསུངས།། རྟེན་འབྲེལ་རྫས་ཀྱི་ནུས་མཐུས་གདུལ་བ་དང།། སྨན་སྦྱར་མཐུ་ཡིས་གདུལ་བར་གསུངས།། རྟེན་འབྲེལ་རྫས་ཀྱིས་གདུལ་ཐབས་ལ། ། རྫས་ནི་གླ་རྩི་གུ་གུལ་ཤུ་དག་དང།། སྦྲང་དང་གཡེར་ཤི་སྤྲུ་དཀར་པོའོ།། སྦྲང་གིས་སྲན་མ་ཙམ་དུ་དྲིལ་བྱས་ཏེ།། བསྐམས་ཏེ་བརྡུངས་ལ་དུ་བས་བདུག། ནད་པ་སྐྲ་ནི་སྤྱི་བོར་བསྡུས། ། ལག་པས་སྐྲ་བཟུང་དུ་པས་བདུགས།། ལྷ་འདྲེ་གང་ཡིན་གང་ཡང་མིན་སྨྲ།། ཡས་འདོད་ཁ་ནི་ཤིན་ཏུ་སྨྲ།། དེ་ལ་ཡས་བྱིན་བྲང་ཐོད་ཏུ།། རེ་བ་ཆུར་བཅུག་བྲང་དུ་བཀབ།། སྟེང་དུ་འདག་བས་ཟུར་གསུམ་རྩིག། ནང་དུ་ལྷ་འདྲེའི་སྙིང་པོ་གཞུག། སྟེང་དུ་བྲ་མའི་མེ་ནག་སྦར།། འཇམ་དཔལ་ཧོམ་ནི་ལུགས་སུ་སྦར།། སྒོམས་སུ་ཧོམ་ནག་སྦར་བར་བྱ།། མཉའ་སྒྲ་རྩེར་གྱིས་འགྲོ་བར་ངེས།། བཟླས་པའི་སྔགས་ནི་འདི་དག་གོ། ཨོཾ་ཨ་ཀྲོ་ཏེ་ཀ་སྟམ་ལ་ཡ།། གྲན་པ་ཡ།། རུ་ཏྲི་ཉལ་ཏི་སྭཱཧཱ།། རྣ་བའི་ནང་དུ་གདབ་པར་བྱ།། སྔགས་ཀྱི་འདིས་ཁྱོར་ཆུ་སྔགས་ལ་བླུད།། ལུས་ལ་བྲབ་ཅིང་དྲལ་བརྡབ་བྱ།། ཨོཾ་ཨ་ཀྲོ་ཏེ་ཀ་བྷ་ག་བན་དེ་རུ་ཏྲ་ཡ། ། ད་ར་ནི་ཏ་ལ་ནི། ཧེ་ཧེ་མན་ཏེ། སོ་ག་བ་ལི་སྭཱཧཱ།། ཡང་ན་བྱ་ཐབས་འདི་ལྟ་སྟེ།། ནད་པ་སྐྱེ་ནི་རྐང་པས་མནན།། ར་པོ་གཅིག་ནི་སྣ་མིག་བླུག། ལུས་ལ་ཡང་ནི་བསྐུ་ཞིང་མཉེ།། ཡང་ན་ར་ཡི་འོ་མ་དང།། སྒོག་པ་སྒོག་སྐྱ་གསུམ་སྦྱར་ཏེ། ། ནད་པའི་མིག་ཏུ་བླུགས་པར་བྱ།། ཡང་ན་ཞུ་མཁན་ཉུངས་ཀར་དང།། ཤིང་ནི་ནིམ་པ་ལ་ནི།། ར་དུག་གཅིག་ཏུ་བསྲེས་ལ་ཡང།། དེ་ཡི་མགོ་ལུས་བཀྲུ་བར་བྱ།། དེས་ཀྱང་ཐུལ་ཏེ་གདོན་མི་ཟ། ། པི་པི་ལིང་དང་ན་ལེ་ཤམ།། ཙི་ཏྲ་ཁ་དང་ཞུ་མཁན་དང།། ཆང་སྐྱུར་བསྲེས་ལ་བཏང་བར་བྱ།། མིག་དང་རྣ་བར་བླུགས་པར་བྱ།། དེས་ཀྱང་གཉའ་སྒྲ་ཙེར་གྱིས་འགྲོ། ནང་དུ་རྟ་ཡི་ཤིང་ཀུན་དང།། ནས་དང་གླང་གི་དམིགས་པུ་དང། ། རྟ་དམིགས་སྤུ་དང་ཁ་སྤུ་དང།། ཁྱི་སྥུ་ཕག་རྡུབ་དེ་བསྲེས་ཏེ།། ནད་པའི་ལུས་ལ་བསྐུ་བར་བྱ།། དེས་ཀྱང་ཐུལ་ཏེ་གདོན་མི་ཟ།། ཡང་ན་སྨེན་རྩ་དཀར་པོ་དང།། པི་པི་ལིང་དང་ན་ལེ་ཤམ། ། བཅའ་སྒ་གཡེར་མ་བ་གཅིག་སྦྱར།། སྦྲང་རྩི་སྦྱར་ལ་མིག་ལ་བསྐུ།། དེས་ཀྱང་ཐུལ་ཏེ་གདོན་མི་ཟ།། ཡང་ན་གུ་གུམ་ནག་པོ་དང།། ཁྱི་ལུད་འབོབ་ཞུར་སྦྱར།། སྣ་རུ་བདུགས་ཏེ་སྔགས་རྣམས་གདབ། ། སྙིང་ཁར་སྦྱིན་སྲེག་ཚུལ་བཞིན་བྱ།། དེ་ནི་རྟེན་འབྲེལ་རྫས་ཀྱིས་བསྲུང་བའོ།། སྨན་གྱིས་བསྲུང་བ་འདི་ལྟ་སྟེ།། ནད་པའི་ལྟ་ལུགས་སྨྲ་ལུགས་དང།། ཟས་ཀྱི་ཟ་ལུགས་མདོག་ལ་བརྟག། འདི་ཡི་མན་ངག་བགོལ་བ་བས། ། ཟླ་གསང་ནག་པོའི་རྒྱུད་ལས།། ནད་པ་གདོན་གྱིས་བཏབ་པའི་ལེའུ་སྟེ་རེ་དགུ་པའོ།།།། ཡང་ཞུས་པ། སྟོན་པ་ལགས། མཆུ་བསྙུང་མཛེའི་འཁོར་ལོ་ཇི་ལྟར་ལགས།། བཀའ་སྩལ་པ།། ཉོན་ཅིག་རྡོ་རྗེ་རྣོན་པོ་ཁྱོད། ། མཛེ་ནད་མཆུ་བསྙུང་བྱ་ཐབས་ལ།། དང་པོ་རང་ཉིད་འཇམ་དཔལ་བསྒོམ།། ཞི་བའི་ཆ་བྱད་དག་ཏུ་བསྒོམ།། དམ་ཚིག་སྔགས་འདི་སྟོང་དུ་གདོན།། གདོན་ཞིང་གླ་བ་ཙན་དན་ཆུས།། ཁ་བཀྲུ་ལག་བསྙལ་ལུས་ཀྱང་བཀྲུ། དེས་ནི་དམ་ལ་གནས་པར་བྱ།། ཏདྱ་ཐཱ།། ཨོཾ་ཙན་ཏ་ཙན་ཏ། བི་ཙ་ཏ་བི་ཙ་ཏ། པ་ཙ་ཏ་པ་ཙི་སྭཱཧཱ།། དེ་ཁྱུང་གི་སྦྱོར་བ་བྱ་བ།། འདབ་བརྒྱད་པ་ཡི་མཎྜལ་ཏེ།། སྟེང་དུ་བུམ་པ་བཀང་ལ་བཞག། ཆང་ཟན་གཙང་བའི་གཏོར་མ་བྱ།། པཱུ་ཙ་རྣམ་ལྔ་དུས་སུ་དབུལ།། རང་ཉིད་ཁྱུང་གི་རྣལ་འབྱོར་བྱ།། ཁྱུང་བསྙེན་བཟླས་པ་ཁྲི་ཚོ་གཅིག། ཉུངས་ཀར་དག་ལ་བཟླས་ཏེ་གདབ།། བུམ་པའི་ནང་དུ་བླུག་པར་བྱ། ། ཐ་མ་བུམ་པའི་ཁྲུས་བྱའོ།། ཨོཾ་བཛྲ་དི་ག་རུ་ད།། བེ་གེ་ཧཱུཾ་ཧཱུཾ་ཛ་ཛ་ར་ཛི། སྲི་ཛ་ཧཱུཾ་ཕཊ། རྒྱབ་རྟེན་ཁྱུང་གི་འཁོར་ལོའོ།། ཀླུ་གཏད་པ་འདི་ལྟ་སྟེ།། བཅའ་ཐབས་རིམ་པ་འདི་ལྟ་སྟེ།། ཤོག་ཤོག་གྲོ་ག་ལ་སོགས་པ། ། འཁོར་ལོ་རྩིབས་ནི་བརྒྱད་པ་བྲི།། དེ་དབུས་མིང་རུས་བྲི་བར་བྱ།། རྩིབས་ལ་ནག་པོ་ཏི་པ་བྲི།། དྲིལ་བུ་དྲིལ་བུས་གླང་རུ་གཞུག། དེ་སྟེང་ཟིལ་གནོན་འཁོར་ལོ་བཞག། དེ་སྟེངས་དྲི་མ་གང་རྙེད་བླུག། ཁ་ནི་ལ་ཆའི་རྒྱ་ཡིས་གདབ། ། ཁ་དོག་ལྔ་ཡི་སྐུད་པས་བཅིངས།། རྩི་སྨན་འོ་མ་ནང་དུ་བླུག། མ་ཉེས་དཔང་གཟུགས་སྨྲེ་སྔགས་གདོན།། གསུམ་པ་ནག་པོ་ཁྲི་ཚོ་གཅིག། བརྗོད་ལ་གར་སྙེད་ས་རུ་གནན་པ་བྱ།། ཨོཾ་ནག་པོ་ཏི་པ་ཙ་ན་ག་ར་ཀ་ཤ་ཏིང་ཁུ་ལ་ཕེ་ཤན་ཕོས་ཤིག་ཤིག་ཆུམ་ཆུཾ་ཆུཾ་ཧཱུ་ཡ་ཧཱུ་ཡ་ན་ག་མ་ར་ཡ་ཛ་ཛ་ཧཱུཾ་ཛ། གཞུག་ཆད་རིགས་བཞི་འདོམ་ཚད་དོ།། འདོམ་ཚད་བཏགས་ལ་གཞུགས་པའོ།། གདུག་པའི་ར་དང་ཟ་བ་ཁ།། ལྟ་བ་མིག་དང་ལྟེ་བ་རུ། ། དེ་རུ་བྲུས་ཏེ་གཏད་པར་བྱ།། འཇམ་དཔལ་ལས་བཞིའི་བྲོ་ཡིས་གནན།། རང་རྗེ་གོམ་བདུན་གོ་ཕྱོགས་བསྐྱལ།། ལྕགས་ཀྱི་རྡོ་རྗེ་རྩེ་ལྔ་བ།། ཕད་རོག་བཅུག་ཏེ་རང་རྗེས་བསུབ།། བྱ་ཁྱུང་གཟུགས་གཅིག་ཤོག་བུ་ལ། ། བྲིས་ཏེ་ཁོ་ཕྱོགས་ཁ་ཡང་བསྟན།། རང་ཕྱོགས་རྒྱབ་རྟེན་བཙུགས་ཏེ་བཞག། དེ་ནི་བསྲུང་བ་ཁྱུང་གི་ལྷ།། རང་ལ་མི་ལྡོག་སྒོ་སྲུངས་ཡིན།། མཛེ་ནག་ལས་ཀྱི་རིམ་པ་ལས། ། རུས་སྦལ་ཁྱུང་གི་འཁོར་ལོའོ།། མཛེ་ནག་ཁྲག་ནག་མཆུ་བསྙུང་ལ།། གཏད་པ་རུས་སྦལ་འཁོར་ལོ་སྟེ་ལེའུ་བདུན་ཅུ་པའོ།།།། ཡང་ཞུས་པ། སྟོན་པ་ལགས།། འཇམ་དཔལ་རྫོགས་པའི་རིམ་པ་ནི། ། སྟོན་པས་བདག་ལ་བསྟན་པར་ཞུ།། བཀའ་སྩལ་པ།། ཉོན་ཅིག་རྡོ་རྗེ་རྣོན་པོ་ཁྱོད།། ཤིན་ཏུ་དཀའ་བས་ངས་བཤད་དོ།། ཉམས་སུ་ལོངས་ཞིག་འཁོར་ཚོགས་རྣམས།། རྫོགས་པའི་རིམ་པ་བྱ་བ་དེ།། ཤིན་ཏུ་དཀོན་པའི་མན་ངག་སྟེ། ། ཁྱེད་ལ་ང་ཡིས་བསྟན་པར་བྱ།། སྐར་བ་གྱིས་ལ་པཱུ་ཙ་ཕུལ།། གསུངས་པས། འཁོར་རྣམས་ཀྱིས་ཤིན་ཏུ་དང་བ་སྐྱེས་ཏེ།། ཕྱི་ནང་གི་པཱུ་ཙ་བསམ་ཡས་པ་ཕུལ་ཏེ་བསྐོར་བ་བྱས།། སྒྲ་སྣ་ཚོགས་བསྒྲགས། ། ཞབས་ལ་སྤྱི་བོས་གཏུགས་ཏེ།། ཨ་ལ་ལ་ཧོ།། ཞེས་ཐམས་ཅད་དམ་པ་ཕུལ་ཏེ།། ངོ་མཚར་བ་བརྗོད་དེ་འཁོད་དོ།། དེར་སྟོན་པ་དགེས་པའི་མདངས་ཕྱང་སྟེ་བཀའ་སྩལ་པ།། སྤྱིར་ན་འཇམ་དཔལ་གྱི་ཆོས་ལ། ། རྣམ་པ་གསུམ་དུ་ངས་བཤད་ཀྱིས།། ཕྱི་ནང་གསང་བ་རྣམས་པ་གསུམ།། འདི་ལ་སྒྲར་བཤད་མང་ན་ཡང།། རྣལ་འབྱོར་ལུས་ལ་དགོད་པ་ལ།། མ་འདྲེས་ཕྱི་ནང་གསང་བ་གསུམ་དུ་གསུངས་སོ།། ཨ་ཀྲོ་རྩ་བའི་བཤད་པ་འདི། ། རྟོགས་ཚད་ཙམ་ཞིག་དགྲོལ་བར་བྱ།། ཕྱི་ལྟར་འདི་ལྟར་བཤད་པར་བྱ།། ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མན་ཏ་ཧ་ན་མ་ཐ་བྷཉྩ་ཧཱུཾ་ཕཊ། གཙོ་བོ་སྐུ་བསྐྱེད་ཕྱི་རུ་བཤད།། གཙོ་བོ་ཐུགས་ཁར་གདན་སུམ་རིམ། ། ཐོག་ཏུ་ཡིག་འབྲུ་དགོད་པར་བྱ།། ཨོཾ་དཀར།། ཨ་ནག། ཀྲོ་ལྗང་སྟེ།། ཏ་དམར།། ཀ་སེར། ཡ་མཱན་ཏ་ཀ་སྔོ།། ཧ་ན་མ་ཐ་དམར་པོ་སྟེ།། བྷན་དྷ་མཐིང་ནག། ཧཱུཾ་ཕཊ་སྔོ།། ཡི་གེ་ཕྱི་བཤད་དག་ཏུ་ངེས། ། ཨོཾ་སྐྱེ་མེད།། ཨ་ནི་ཐམས་ཅད་འབྱུང་བའི་རྒྱུ། ཀྲོ་ན་ལས་ཏེ། ཏེ་ན་སྲིད་པ་གསུམ་ལ་དབང་བྱེད་པའོ།། ཀས་ནི་ཀླད་ཁྲག་འཁྲུགས་པ་སྟེ།། ཡང་ན་སྙིང་ཁྲག་འབྱིན་པའོ།། མན་ན་ས་གཞི་ཐེག་པའོ།། ཏས་ན་རང་དབང་མེད་པར་བྱེད། ། ཀས་ནི་ཡན་ལག་འཆིང་བར་བྱེད།། ཧས་ནི་བླ་ཕུར་ཐོབ་ཅིག་པའོ།། ནས་ནི་གནན་པ་གྱིས་ཤིག་པའོ།། མན་ནི་ཁྲག་ཏུ་སྐྱུགས་ཤིག་པའོ།། ཐས་ནི་མྱོས་སུ་ཆུབ་པའོ།། བན་གྱིས་ཐོགས་པ་མེད་པར་རྒྱོབ། ། རྫས་ནི་ཁུག་ལ་དྲོངས་ཤིང་པའོ།། ཧཱུཾ་གིས་གནས་པོར་བྱེད་པའོ།། ཕཊ་ནིས་འཐེན་པར་བྱེད་པ་སྟེ།། འོག་མིན་གནས་སུ་འཕངས་པའོ།། འབྲུ་བཤད་པ་སྟེ་ཆེ་བཤད་པའོ།། ཐབས་ལམ་ནང་དུ་དགྱེར་བ་ལ། ། རྣལ་འབྱོར་ལུས་ལ་ལྷ་དགོད་དང།། ཡང་ན་ཡིག་འབྲུར་དགོད་པ་སྟེ།། སྤྱི་བོར་ཨོཾ་ལ། དཔྲལ་བར་ཨ། ལྟེ་བར་ཀྲོལ། ཁ་རུ་ཏེ། སྙིང་ཁར་ཀ་ལ། དཔུང་པར་ཡ། སྟ་ཟུང་མ་སྟེ། གཡོན་དུ་ན། བུས་གཡས་ཀ་སྟེ། གཡོན་དུ་ཀ།། ལྟེ་བར་ཧ་སྟེ། གསང་བར་ན། རྐང་མཐིལ་མ། ནམ་མཚོང་ཐ་སྟེ། རྒྱབ་ཏུ་བན་ལྟག་བར་ཛ་སྟེ། མཆན་ཁུང་ཧཱུཾ། འཁུར་བར་ཕཊ། དགོད་པའོ།། ལུས་ཀྱི་གནས་སུ་ཡི་གེ་དགོད་པའོ། ། བཅུ་བདུན་པའི་གནས་བསྟན་པའོ།། དེ་ལྟར་བསྟན་པ་ནང་བཤད་དོ།། རྣལ་འབྱོར་འཛབ་ཀྱི་དགོངས་པའོ།། ད་ནི་གསང་བར་བཤད་པའོ།། རང་ཉིད་ཀྱི་ལུས་ཉིད་ལ།། རོ་སྨད་དྲག་པོའི་འཁོར་ལོ་སྟེ། ། རོ་སྟོད་ཡན་ཆད་ལྷ་ཡི་དཀྱིལ་འཁོར་ལ།། སྐད་པ་རྡོ་རྗེ་མཎྜལ་ཏེ།། གཤང་སྒྲོམ་རླུང་དང་མེ་ཡི་དཀྱིལ་འཁོར།། བཞི་བཏུལ་བྱས་ཏེ་བསྒོམ་པར་བྱ།། ཙིཏྟ་རིན་ཆེན་གཞལ་ཡས་སུ།། འཁོར་ལོ་རྩིབས་བཞི་ཤེས་པར་བྱ། ། སྐད་པར་འོད་འཕྲོས་འཁོར་ཞིང་ལྡོག། གཟེར་གྱི་གཟས་པ་འགུགས་པར་བྱེད།། ཡས་འཁོར་མས་འཁོར་བསྐྱེད་པར་བགྱི།། བླ་མའི་ངག་ལ་ཤེས་པར་བྱའོ།། བཟླས་དང་བསྒོམ་པའི་དུས་སུའོ།། རོ་སྨད་ཁྲི་ཡི་རྐང་པ་འདྲ། ། བཞི་རུ་གྱེས་གཤེས་བཞིན་གནས།། དེ་ཡི་ནང་དུ་ཟུར་བརྒྱད་དེ།། དེ་རེ་སྟེང་ན་པདྨ་བཞི།། འདབ་མ་རེ་ལ་ཡིག་འབྲུ་གནས།། ཏ་ཀ་ཧ་ན་མ་ཐ་བྷ་ན་ཛ་ཧཱུཾ་ཕཊ། ཡི་གེ་བཅུ་བདུན་འོད་དཔུང་གནས། ། ཡི་གེར་མེད་དེ་འོད་དུ་ཡོད།། ཕྱོགས་སྐྱོང་བཅུ་ཡི་ས་བོན་ནོ།། གཟུགས་སུ་མེད་དེ་འོད་དུ་གསལ།། སོ་སོར་མ་འདྲེས་ཚོན་གྱི་གྲུ་གུ་འདྲ།། ཁྱད་པར་གསང་བའི་དོན་བསྟན་པའོ།། ཟླ་གསང་ནག་པོའི་རྒྱུད་ལས། ། འཇམ་དཔལ་ཕྱི་ནང་གསང་བ་གསུམ་རྫོགས་རིམ་དུ་བསྟན་པའི་ལེའུ་སྟེ་དོན་གཅིག་པའོ།།།། ཡང་སྟོན་པས་མ་འོངས་འགྲོ་བ་རྣམས་ལ།། ཕྱི་ནང་གསང་བ་གསུམ་རྟོགས་ན།། འཛབ་དགོངས་གནས་ཀྱི་ངེས་པ་དང། ། དོན་རྣམས་བསྟན་ལ་མི་འབེབས་པས།། དོན་འདི་ཁོང་དུ་ཆུད་པ་གཅེས།། རྟོགས་ན་འགྲོ་ཉལ་འདུག་ལྡོང་རུང།། རྣལ་འབྱོར་པ་ལ་ཉམ་ང་མེད།། ལྷ་དང་དོན་དང་ཡི་གེ་དང། ། འབྲས་བུ་འབྱུང་སྟེ་འདོད་པ་སྟེ།། རྩིབས་བཞི་དབུས་སུ་མིང་ཡང་གཞུག། སྔགས་དང་མིང་བྱང་སྦེལ་ཏེ་བྲི།། འབྲུབ་ཁུང་ནང་དུ་མིང་ཡང་གཞུག། རང་ཉིད་ཕྱི་ནང་གསང་གསུམ་བསྒོམ།། ཕྱི་ནང་གསང་བ་མི་གོ་བར། ། འཇམ་དཔལ་བྱེད་པ་རང་རྒྱུད་རླག། འཁྲུལ་ཁྲུག་བཅའ་ཞིང་དོན་རྣམས་བསྒོམ།། སྤྱིར་ན་ཨ་ཀྲོ་ཏེ་ཀ་བསྐྱེད་ལ།། སྔགས་ནི་སྒྲ་རུ་བཤད་བྱ་ན།། ཨོཾ་ནི་ཡེ་ཤེས་ལྔ་ཡི་བདག། ནང་དུ་བཤད་ན་སྲོག་པ་རྩ། ། གསང་བར་བཤད་ན་བྱང་ཆུབ་སེམས།། ཨ་ནི་ཕྱི་ལྟར་སྐྱེ་བ་མེད།། ནང་དུ་བཤད་ན་ཐམས་ཅད་འབྱུང།། གསང་བར་རང་བཞིན་སྐྱེ་བ་མེད།། ཀྲོ་ནི་ཕྱི་རུ་ཁྲོ་བ་ལ།། ནང་དུ་བཤད་ལས་ཁྲོ་བོ་ཡིན།། གསང་བར་བཤད་ན་གཉིས་སུ་མེད། ། ཏེ་ནི་ཕྱི་རུ་འོད་ཕུང་སྟེ།། ནང་དུ་བཤད་པ་མཚོན་ཆ་ཡིན།། གསང་བར་བྱ་ན་རལ་གྲི་སྟེ།། ཀ་ནི་ཕྱི་ལྟར་མིག་སེལ་བའོ།། ནང་ལྟར་རྒྱལ་པོ།། གསང་བར་འབྲས་བུ།། ཡ་ཕྱི་རུ་སྟེ་བ། ། ནང་དུ་སྲིད་པ་གསུམ་གསང་བར་སྨིན་པ་མེད།། མ་ཕྱི་རུ་སྐྱེས་པར་བྱེད།། ནང་དུ་རྒོད་མ།། གསང་བར་སྨྲ་བྱེད་པ།། ནང་ཕྱི་རུ་དལ་བྱེད།། ནང་དུ་མི་འགྱུར་བ། གསང་བར་སྙིང་ཆེན་མོ།། ཏ་ཕྱི་ལྟར་བདུད་དུ་འབབ། ནང་དུ་ཟ་བྱེད་པ། གསང་བར་སྔགས་ཟློག་པ།། ཀ་ཕྱི་རུ་ན་གྲུ་གསུམ།། ནང་ལྟར་ཟླ་ཁམ། གསང་བར་ཐིག་ལེ། ཧ་ཕྱི་ལྟར་གསོ་བ། ནང་ལྟར་ཆགས་པ། གསང་བ་ལྟར་དག་པ། མ་ཕྱི་རུ་གཏི་མུག། ནང་ལྟར་ཆོས་ཉིད། གསང་བ་ན་དབྱིངས། ཐ་ཕྱི་རུ་ཞེ་སྡང། ནང་དུ་རྡོ་རྗེ། གསང་བར་གཉིས་སུ་མེད་པ། བན་ན་ཕྱི་ལྟར་ན་ཕྲག་དོག། ནང་ལྟར་བུ་ཙ། གསང་བ་ན་སྦས་པའི་དོན། ཛ་ཕྱི་ལྟར་དགུག་པ། ནང་ལྟར་དུ་བསད་པ། གསང་བར་ན་རིག་ཤེས། ཧཱུཾ་ཕྱི་རུ་སྡུད་པ། ནང་དུ་དངོས་གྲུབ། གསང་བར་ན་སྲོག། ཕཊ་ཕྱི་རུ་སྤྲོ་བ། ནང་དུ་བསྲེག་པ། གསང་བར་གདམས་པའོ།། ད་ལྟར་ཨ་ཀྲོ་ཕྱི་ནང་གསང་བ་གསུམ་དུ་བཤད། བཅུ་བདུན་པའི་བཤད་པ་རྫོགས་སོ།། ལམ་རིམ་པ་རྣམ་གསུམ་མ་གོ་བར། འཇམ་དཔལ་གཤིན་རྗེ་ཤན་མི་ཕྱེད།། དེ་ལ་འབྲས་བུ་ཅི་ལ་འབྱུང།། དཔེར་ན་ས་བོན་མེས་ཚིག་བཞིན།། བསྒྲུབས་ཀྱང་འབྲས་བུ་ཅི་ལ་འབྱུང། ། ཟླ་གསང་ནག་པོའི་རྒྱུད་ལས།། ཨ་ཀྲོ་བཅུ་བདུན་པའི་ཡི་གེ་རྫོགས་རིམ་བསྟན་པའི་ལེའུ་སྟེ་དོན་གཉིས་པའོ།།།། ཡང་ཞུས་པ། སྟོན་པ་ལགས།། གྱིང་ཆེན་གསང་བའི་པྲ་རྟ་དཀར་པོ་འདི། ། བསྟན་པ་བསྲུང་ཕྱིར་བདག་ལ་བསྟན་དུ་གསོལ།། སྔགས་དང་རྫས་དང་བྱ་ཐབས་གང།། བཀའ་སྩལ་པ། གིང་ཆེན་ལྡོག་མེད་སེར་བ། བྱ་ཐབས་སྔགས་དང་རྫས་བཤད་ཀྱིས།། སྣོད་ལྡན་རྣམས་ཀྱིས་ཡིད་ལ་ཆོངས། ། དང་པོ་ཁོ་ནར་བཅའ་ལུགས་ལ།། རྟེན་དུ་དར་དམར་རྒོད་མདའ་གཅིག། རྣ་བ་འམ་གཡག་རུ་ཅིག་དང།། མཁར་ཁོང་དྲུང་ཅིག་རྩ་རུ་བཞག། ས་དཀར་པོས་ལྟེ་དཀར་གྱིས།། གཟུགས་བྲིས་མགོ་ནི་ཤར་དུ་བསྟན། ། མཚོན་ནག་རྐང་པ་ནུབ་དུ་བསྟན།། ལྟེ་བས་ས་དཀར་དཀར་པོས་བྲིས།། ཐ་མ་ཕུར་པ་བཅུ་ཡིས་བསྐོར།། ཁྲོ་བོ་བཅུ་རུ་བྱིན་བརླབས་བྱ།། སྙིང་ཁར་ཤིང་ཀར་ཨ་ཀ་བྱ་བྲི།། སྟེང་དུ་སྤྲུ་ཡི་སྤྱང་ཆེར་ཧོམ་གྱིས་བྱ། ། རྩི་ཤིང་སྣར་མ་གང་རུང་གིས།། སོ་བྱ་སྤུ་དང་རྟ་ནག་ཁྲག་དེས་ན་སྦྱིན་སྲེག་བྱ་བར་གསུངས།། སྲོག་སྙིང་རྒྱུན་འབྲེང་རྒྱུན་དུ་གདོན།། ལྷ་བསྙེན་དྲང་བའི་རིམ་པའོ།། སེར་བ་བསྙེན་པ་དྲང་བའི་སྔགས། ། ཨོཾ་ཧེ་ས་ཨ་ཏྲི་སེམས་ལ་ཛ་དུ་ཧེ། སེ་མ་ཏྲེ་སེམས་པ་ཛ་དུ། ཁ་ལ་ཡ་ཡ་ཤོ་སེམས་པ་ཛ་དུ། ཁ་ལ་ཡ་ཤོ་མེ། ཀྱེ་པྲ་ལ་ཡ་ཤོ། ཨེ་མེ་ཀེ་ཏྲ་ཁ་ལ་ཡ་ཤོ་ཨ་ཏྲོ་སེམས་པ་ཛ། ཧཱུཾ་རཾ་གིང་ཛ་ཛ་དུན་བྷྱོ། བཛྲ་གར་བ་ཕྲོམ། ཉིད་དྲིལ། དུད་ཕྲོཾ་ཕྲོཾ། ཐོག་ཐོག། ཚེཾ་ཚེཾ། ཀྱི་གང་དགྲ་ལ་ཕོབ། ཐོག་སེར་དགྲ་ལ་ཕོབ། དེ་བསྙེན་པའི་སྔགས་སུ་བསྟན་པའོ།། ད་ནི་སྒྲུབ་པའི་སྔགས་སུ་གསུངས་པ་ལ། ཁ་ལ་མུ་ཉིད་ཡ་མན་ཏ་ཀ་ཀེ་དགྲ་བོའི་ཡུལ་དུ་ཐོག་སེར་ཕོབ་ཡ། ཛ་ཏི་ཁཻ་ཤེ་ཡ་མན་ཏ་ཀ། ཛ་ཏྲི་ཁེ་ཤེ་མ་མན་ཏ་ཀེ། ཧཱུཾ་ཛ་ཧཱུཾ་ཛ། དགྲ་ཡུལ་དུ་སེར་བ་ཕོབ་ལ། ཛེ་ཁེ་ཁེ་ཛེ་ཏ་ཡ། ཨ་ཏྲི་སེམས་པ་ཁ་ཏྲི་ཁ་ཏྲི་དགྲ་བོའི་ཡུལ་དུ་སེར་བ་ཕོབ་ཡ། ཏིང་འཛིན་ཕྱ་ཐབས་ལ། རྡོར་ལེགས་ཤལ་ནས་སེར་བ་རྒྱུག་པ། སྟོང་གསུངས་ཁེངས་འཕྲོ། ཕྱག་གཡས་ན་ལྕགས་ཀྱི་བེར་ཀ་ཐོགས་པ། གཡོན་ན་ཤེལ་གྱི་དབྱུག་ཐོ་ཐོགས་པ། ལྕགས་ཀྱི་སེར་བས་སྟོང་གསུམ་ཁེངས་པར་བསྒོམ། ། རྒྱ་པོ་བཅིབས་པ་འཁོར་དུ་ཛ་ལ་མ་སྟོང་གིས་བསྐོར་བར་དེ་རྣམས་བསྒྲུབ་པ་དག་ཏུ་བཤད།། ད་ནི་ལས་སྦྱོར་བྱ་བར་གསུངས།། བཛྲ་ས་དྷུ་ས་མ་ཡ།། ཨ་ཏྲི་སེམས་དཔའ་ཛ་བྷྱོ། ས་བྱ་སྦུ་དང་རྟ་ནག་ཁྲག། ར་རོག་ཁྲག་དང་སྦགས་ལ་བསྲེག། ཨོཾ་དུག་ཏྲ་ཡ་ནི། ས་མ་ཡ་དུ་ཡ་ཤ། ལཾ་རཾ། དགྲ་རཾ། དུ་རཾ། ཤོ་ཤོ་རི་རི་རཾ་རཾ་ཙེག་ཙེག་སྭཱཧཱ། ཏྲི་ཙ་པ་ལ་ཨ་ཤུག་མེ་བྱ། ཏྲིག་ཤོག་ཏྲིག་ཤོག། ཙ་རུ་ཐུཾ་རུ་ཐུཾ་རཾ། གུག་ཐུམ་ལིང། གུར་ཙར་ལིང། ཏྲི་ཙ་རྦད། ཏྲི་ཙ་པ་ལ། ཨ་བ་མེ་ཤུབ་མེ། བཾ་ལ་ཤུཾ་ཏྲི་ཙ་བྱོ་བྱོ་བྱོ། ཐལ་བ་གཏོར་ཞིང་འཕང་ངོ།། ཟོར་སྔགས་ལ། བཛྲ་སེ་དྷུ་ས་མ་ཡ་དགྲ་བོ་ཡུལ་དུ་གནམ་གཡེངས། ཤ་ཕྲོམ་ཕོབ་ཡ། ཧྲིང་ཧྲིང་དགྲ་བོ་ལོ་ཐོག་ལ་རྒྱོབ་ཡ། ཇོ་བོ་ཆེན་པོ་གནམ་རུམ་རྗེ་ཧྲིང་ཧྲིང། ལོ་ཐོག་ལ་རྒྱོབ་ལ། ཇོ་བོ་ཆེན་པོ་རྒུམ་རྗེ་ལོ་ཐོག་ལོ་ཕོབ་ཡ། འུར་འུར་ལོ་ཐོག་ལ་རྒྱོབ་ཡ། ཤ་ར་ར་ཆ་ལི་ལི་ལོ་ཐོག་ལ་རྒྱོབ་ཡ། བཛྲ་ས་དྷུ་ས་མ་ཡ་ཧྲིང་ཧྲིང་བྱོ་བྱོ། ལོ་ཐོག་ལ་རྒྱོབ་ཡ། ཆེམ་ཆེམ་ནལ་ནལ་ལོ་ཐོག་ལ་རྒྱོབ་ལ། བྱས་ལ་ཟོར་འཕང། རྫས་གདབ་ཐལ་བ་གཏོར་རོ།། ཆོ་བྲང་གདུང་ཞིང་མ་ཉེས་གཟུགས།། བྱང་བུ་ཅིག་ལ་གར་འབེབས་ས་རུ་མིང་རུས་དང། ། ཡུལ་དུ་མིང་གདགས།། མི་ནི་ཆེ་གེའི་མིང་རུས་བྲི།། ར་ཡི་སྐྱེ་རུ་གདགས་པར་བྱ།། གཏང་རག་གཏང་ཕུད་སྤྲོད་ཏེ།། འོ་མ་ལ་ལོ་ཐོག་ཁྲག་ཏུ་བསྲེས།། ར་སོགས་བཅུས་ཤིང་ལོ་ཏོག་གཏོར། ། བསྐུལ་བ་དྲག་ཏུ་བྱ་ཞིང་སྦྱོར་བ་བྱ།། ཧཱུཾ། ཀུན་བཟང་སྐུ་ལ་ཁྱེད་བསྐུལ་ཏེ། བདུད་རྗེ་རྒྱ་དང་ཁྱོད་མཚུངས་མཐུ་བོ་ཆེ།། འཇིག་རྟེན་ཁམས་འདིར་སེར་བའི་མངའ་བདག་མཛད།། དགྲ་ཡུལ་འདིར་ཡང་ཐོག་སེར་ཐོང། ། སེར་བའི་བདག་པོ་འཇིག་རྟེན་མཐུ་བོ་ཆེ།། སྟོང་གསུམ་ལས་འགྱུར་མཐུ་བོ་ཆེ།། འཇིག་རྟེན་ཁམས་འདིར་བསར་བའི་ལས་མཛད་པ། དམུ་དང་བདུད་ཀྱི་མིང་བཏགས་རྡོ་རྗེ་ཞལ།། བཙན་དང་བདུད་ཀྱི་ཕུར་བཟུང་རྡོ་རྗེ་ལེགས། ། སྐུ་ལ་ཁྲག་གི་རྡོ་རྗེ་བསྣོལ་མར་བརྒྱན།། གཡས་ན་ཤེལ་གྱི་ལྡེམ་མཁར་ཐོགས།། གཡོན་ན་ལྕགས་ཀྱི་དབྱུག་ཐོ་ཐོགས།། ཁ་ནས་ལྕགས་ཀྱི་སེར་བ་རྒྱུག། བཙན་དང་བདུད་ཀྱི་བུ་བཟུང་མིང་བཏགས་པ། ། རྡོ་རྗེ་ལེགས་པ་ལགས།། མ་མོ་བཙན་གྱི་བུ་བཟུང་འཇིགས་པའི་གཟུགས།། འཇིགས་པ་གཟུགས་ཆེན་རྡོ་རྗེ་ལེགས་པ་སྟེ།། བཛྲ་ས་དྷུ་སྐུ་ཆེན་པོ།། ལྕགས་ཐོ་བསྣོལ་མར་གཟུང། ། ཁ་ནས་མེ་འབར་མིག་ནས་མཚོ་ཆེན་ཁོལ།། འཇིགས་པའི་གཟུགས་ཅན་དྲེད་མོའི་གཟུགས།། ལག་པ་ཐོག་སྒྲོག་ཁ་ནས་མེ་འབར་བ།། རྡོ་རྗེ་དཀར་མོ་མཚོན་གང་ལྟེ་བར་སྐྱེས།། འ་མ་རྒྱན་གྱི་རྒྱལ་མོས་མིང་བཏགས་པ། ། འཇིགས་པའི་གཟུགས་ཅན་རྡོ་རྗེ་ལྟེ་དཀར་པོ།། ཨ་པ་བཙན་ཆེན་མགོ་ཡག་ཁ་བདུད་པོ།། ཕ་ཡི་མིང་བཏགས་བཛྲ་ས་དྷཱུ་སྟེ།། མི་ཏྲི་མིའི་ཡུལ་དུ་བུ་བཟུང་བ།། ཨ་ཏེ་རྒྱལ་མོ་བ་ཀ་ར་ཙ་དང། ། རྒྱལ་མོ་གཡུ་མ་རྒ་མཆོག་ཁ་འབར་སྲས།། མི་ཡི་བུ་ལ་ཤེས་ཀྱི་སྐས་ཆེན་ཅིག། ལག་གཡས་ལྕགས་ཀྱི་ཐོ་བ་ཐོགས་ནས་མའི་རུམ་ན་གནས་ཁ་ལ་ཕ་ནི་སྨུ་ཡི་བུ་ཡིན།། ཤེལ་སྐྲ་ལ་འབབ་སེར་ནས་ལག་གཡོན་རྡོ་རྗེ་ཐོགས་ནས་ལན་གསུམ་གསོར། ། སྤྱི་བོའི་གཙུག་ནས་རིན་ཆེན་རྒྱལ་བུ་སྐྱེས།། ཁ་ནས་ལྕགས་ཀྱི་སེར་བ་ཏལ་ཏལ་རྒྱུག། ཕ་དང་མ་ཡིས་བུ་ལ་མིང་བཏགས་པ། གསེར་བ་ལུས་ལ་རིན་ཆེན་རྒྱལ་བུ་ཅན། ། སློབ་དཔོན་བུ་ལ་གསང་བའི་སྤྱན་སྔར་མིང་ནོས་ནས།། ཟེར་ནས་རུས་མིང་དབང་བསྐུར།། ཇི་ལྟར་ཇི་ལེགས་རྡོ་རྗེ་ལུས་བརྒྱན་པ།། ང་ཡི་རྡོ་རྗེ་འདི་ཡང་ལག་ཏུ་ལོང།། མིང་ལ་རྡོ་རྗེ་ལེགས་པར་བཏགས། ། བཛྲ་ཨ་དུ་ཨ་ཏྲི་སེམས་དཔའ་ཛ།། ལན་མང་དུ་བཟླ་བར་བྱ།། གིང་ཆེན་གསང་བའི་བསྐུལ་མར་གསུངས།། ཟླ་གསང་ནག་པོའི་རྒྱུད་ལས།། གིང་ཆེན་ལྡོག་མེད་གསང་བའི་པྲ་རྟ་དཀར་པོའི་ལེའུ་སྟེ་དོན་གསུམ་པའོ། །།། ཡང་ཞུས་པ། སྟོན་པ་ལགས།། འཇམ་དཔལ་སྤྱིར་གྱི་མན་ངག་མདོ་འདྲེལ་ཇི་ལྟར་ལགས།། སྟོན་པས་བཀའ་སྩལ་པ།། ཉོན་ཅིག་རྡོ་རྗེ་རྣོན་པོ་ལ།། མན་ངག་ལྷོ་མིག་བྱ་བ་དེ།། རུས་མིག་ནང་ནས་ཚིལ་བཏོན་པ། ། ཁོང་ཁྲག་སྐྱུག་པ་འདི་ལྟ་སྟེ།། དང་པོ་གང་ཟག་རིགས་བརྟག་པ།། གང་ཟག་ལྔ་རུ་རབ་ཏུ་གྲགས།། གང་ཟག་ཐེག་པ་ཆེན་པོའི་རིགས་ཅན་དང།། གང་ཟག་ཐེག་པ་ཆུང་ངུའི་རིགས་ཅན་དང། ། གང་ཟག་རིགས་ནི་མ་ངེས་པ།། གང་ཟག་རིགས་ཆད་བྱ་བ་དང།། ཞེ་སྡང་ཅན་གྱི་རིགས་དང་ལྔ།། འཇམ་དཔལ་ནི་ཞེ་སྡང་ཅན་གྱི་རིགས་ཀྱི་བྱ།། དབྱིབས་དང་ཁ་དོག་བརྟག་པ་ལ།། ཁ་དོག་གནག་ལ་སྐྲ་རྩེ་འཁྱིལ། ། མིག་སྐྱུས་དམར་ལ་སྨིན་མ་རིང།། ཁྲོ་གཉེར་ལག་པ་ཆུ་བྱའི་ལག། ཐེག་པ་ཆེན་དང་ཞིང་མོས།། དེས་ནི་འཁོར་ལོ་བྲི་བར་གསུངས།། མི་རིགས་ཤིས་པ་བརྟག་པའོ།། གང་ཟག་དེས་ནི་བྲི་བ་ཡི།། དུས་ཚོད་ངེས་པ་བསྟན་པ་ལ། ། དུས་ལ་ངེས་པ་གསུམ་དུ་ཡོད།། བྲི་དུས་སྙུ་གུ་སྣག་ཚའི་དུས།། བྲིས་དུས་ཉ་ཡི་མར་ངོ་ལ།། སྣག་ཚ་དཔྱིད་ཟླ་འབྲིང་པོ་ལ།། ལྷ་མོ་དབུ་མ་མཁའ་ཅར་དུས།། སྙུ་གུ་སྨིན་དྲུག་ས་འོག་སོང་དུས་སུ། ། འཁོར་ལོ་བཅའ་དུས་ངེས་པ་ནི།། བསྙེན་བསྒྲུབ་རྟགས་ཐོན་རྫོགས་ཙམ་ན།། འཁོར་ལོ་རྒྱུ་ནི་བཞི་རུ་བསོག། ཐིག་དང་ས་ཚོན་དུ།། བསྙེན་དུས་ཐིག་ནི་རས་བལ་ཏེ། བསྒྲུབ་དུས་ཐིག་ནི་རྒྱུ་འཕྲེང་ངོ། ། དྲག་པོའི་ཐིག་སྐུད་སྲོག་པ་རྩ།། བསད་དུས་ཐིག་སྐུད་རྒྱུས་ཆེན་ཡིན།། ས་ཚོན་རིམ་པ་འདི་འདྲ་སྟེ།། བསྙེན་པའི་དུས་སུ་རིན་ཆེན་སྣ་ལྔ་སྟེ།། བསྒྲུབ་དུས་དྲག་པོས་བསད་དུས་སུ།། འབྲུ་སྣ་ལྔ་དང་ལྕགས་སོལ་གྱིས། ། དེས་ཀྱང་ཟི་བར་གསུངས་པའོ།། བྲི་བའི་དུས་ཚོད་ངེས་པར་བསྟན།། བསྙེན་པ་ཉི་ཤར་ཙམ་ན་བྲི།། བསྒྲུབ་པ་ནམ་ཕྱེད་དག་ལ་བྲི།། དྲག་པོ་ཉི་ཕྱེད་བསད་དུས་དགོངས།། བསྙེན་དུས་སེང་ལྡེང་འདོམ་ཚད་པ། ། བསྒྲུབ་དུས་ཤིང་གདུག་ཕུར་པ་ལྕགས་སྣ་ལྔས།། བསད་དུས་ཕུར་པ་མཆོག་ཕུར་རོ།། རང་ཉིད་ཁྲོ་བོར་རྒྱུད་དུ་བསམ།། མི་འབྲལ་རྒྱུན་གྱི་དམ་ཚིག་གོ། འཁོར་ལོ་བྲིས་པའི་དུས་ཚོད་ནི།། པར་ཏི་ཀ་ཡི་ཉི་མ་ལ། ། བཅཝ་ལྔ་ཚེས་ཀྱི་དུས་སུ་ཤིས།། འདྲི་བའི་དུས་སུ་ཟས་བསྟན་པ།། གང་ཟག་བསྒོམ་དུས་བསྟན་པ་དང།། ལས་བཞི་དམིགས་དང་སྦྱར་ཏེ་བྱ།། བགེགས་ཀྱིས་ཟིན་པའི་འཁོར་ལོ་དང།། གདུག་པས་ཟིན་པའི་འཁོར་ལོ་དང། ། རང་རང་གཞན་སུ་འཁོར་ལོ་རྫས།། དགོད་པ་ཉིད་དུ་གོ་བར་བྱ།། དམིགས་པའི་ལུས་ལཾ་ཡི་གེ་དགོད། རྩ་བཞི་གཟེར་བཞི་ཤེས་པར་བྱ།། ལས་བཞི་འཁོར་ལོ་སྦ་ལུགས་ཏེ།། གཞི་མ་དུས་ཚོད་གཟུངས་ཐག་སྟེ། ། ཇི་ལྟར་ཡིན་པ་ང་ཡིས་བཤད།། དར་དཀར་མཛེས་པའི་གཞི་མ་ལ།། ཙི་ཏ་ཀ་ཡི་ཉི་མ་ལ།། ཞི་བའི་འཁོར་ལོ་བྲི་བར་བྱ།། དགེ་རྟགས་ལྡན་པའི་ཡུལ་དུ་སྦ།། མ་ཏྲ་ཀ་ཡི་བགས་པ་ལ། ། གུར་ཀུམ་སེར་པོ་བྱུག་པར་བྱ།། མ་གད་དགེ་ཡི་ཉི་མ་ལ།། རྒྱས་པའི་འཁོར་ལོ་བྲི་བར་བྱ།། རྒྱལ་རིགས་ཡོད་པའི་ཡུལ་དུ་སྦ།། བྲལ་ཟེར་མི་རྒོད་པགས་པ་ལ།། མཚན་ལྡན་མ་ཡི་རགྟས་བྱུག། ཀེ་ཀོ་ཏ་ཡི་ཉི་མ་ལ། ། དབང་གི་འཁོར་ལོ་བྲི་བར་བྱ།། སྐྱིད་རྟགས་ཅན་གྱི་ཚེར་མར་གཞུག། དྲེགས་པ་ནག་པོ་མོན་པགས་ལ།། རྒྱ་སོལ་རྡོ་ནག་ཐལ་བས་བྱུག། ཀོ་ཏ་ཀ་ཡི་ཉི་མ་ལ།། དྲག་པོ་འཁོར་ལོ་བྲི་བར་བྱ།། སྔགས་པ་མདའ་འཕེན་ཟླ་བ་ལ། ། རྩིབས་ལ་མི་ཕུང་བརླག་པར་མནན།། ཡང་ན་གདུག་པ་ཡོད་པར་སྦ།། ལས་བཞི་བྲི་བའི་གནན་པ་བསྡུང།། བྲམ་ཟེ་མི་རྒོད་པགས་པ་ལ།། སོག་པོ་ཁྲོས་པའི་སོག་པ་ལ།། བོན་པོ་བནྜེ་བསད་པ་བྲི། ། ལས་སྔགས་བར་དུ་མིང་རུས་དང།། གསང་མཚན་སྤེལ་ཏེ་བྲི་བར་བྱ།། བྱ་ཐབས་འཇམ་དཔལ་མེ་ཐབ་ལགས།། ཟླ་གསང་ནག་པོའི་རྒྱུད་ལས་མན་ངག་སྤྱི་རྒྱུག་བསྟན་པའི་ལེའུ་སྟེ་དོན་བཞི་པའོ། །།། ཡང་ཞུས་པ། སྟོན་པ་ལགས།། རྒྱལ་བའི་འཛབ་བསྙེན་རྫོགས་ཙམ་ན།། འཛབ་བསྙེན་མཆོད་འབུལ་ཇི་ལྟར་ལགས།། སྟོན་པས་བཀའ་སྩལ་པ།། ཉོན་ཅིག་འཇམ་དཔལ་རྣོན་པོ་ཁྱོད།། འཛབ་བསྙེན་རྫོགས་པས་དངོས་གྲུབ་འབྱུང། ། དྲིན་ལན་མཆོད་བསྟོད་འདི་ལྟར་དབུལ།། བདུད་རྩི་རག་ཏ་གཏོར་ཕུད་རྣམས།། རིམ་པས་ཚིག་གིས་དབུལ་བར་བྱ།། སྐུ་མདོག་སྔོ་ནག་དབྱར་གྱི་སྤྲིན་ལྟ་བུ།། དུས་གསུམ་མུན་ཁང་འཇོམས་པའི་མཐུ་བོ་ཆེ། ། མཐུ་ཆེན་མཚུངས་མེད་འགྲན་གྱིས་ཟླ་མེད་པ།། རག་ཏ་དམར་གྱི་མཆོད་པ་འདི་འབུལ་གྱིས།། ཐུགས་དམ་བསྐངས་སོ་དགྲ་ལ་ས་མ་ཡ།། རབ་སྦས་གསང་བའི་ཡུམ་གཅིག་མ། ། ཐལ་བར་ལུས་རྣམས་ཀུན་བྱུགས་ཤིང།། དཔའ་ཚད་ཁྲག་གི་ཐིག་ལེ་ཅན།། དུར་ཁྲོད་རྒྱུ་བའི་མཐུ་ཆེན་མ།། རགྟ་དམར་གྱི་པཱུ་ཙ་འདི་འབུལ་གྱིས།། ཐུགས་དམ་བསྐོང་ངོ་དགྲ་ལ་ས་མ་ཡ།། ཡ་མ་འཁོར་ན་གནས་པའི་དམ་ཅན་མ། ། རང་སྲོག་ཕུལ་བའི་མ་མོ་མཐུ་ཆེན་ལ།། རགྟ་དམར་གྱི་མཆོད་པ་འདི་འབུལ་གྱིས།། ཐུགས་དམ་བསྐོངས་ལས་དགྲ་ལ་ས་མ་ཡ།། སྨན་ཕུད་གཏོར་མ་འདི་བཞེས་ལ། ། རྣལ་འབྱོར་བསམ་པ་འགྲུབ་གྱུར་ཅིག། དེ་ལྟར་རྒྱལ་བ་རྣམས་ལ་ཡང།། སྟོང་པུ་ཙ་དབུལ་བར་བྱ།། དེ་ནས་བསྟོད་པ་འདི་བསྟོད་དེ།། དགེས་པར་བྱ་བའི་ཕྱིར་ན་བསྟོད་པས་བསྟོད།། ཧཱུཾ། གཏུམ་ཆེན་རབ་འབར་གཤིན་རྗེ་འཇོམས་མཛད་ལྷ། ། ཉི་མ་འབུམ་བས་ལྷག་པའི་འོད་ལྡན་ཁྱོད།། ཕྱག་མཚན་མང་པོ་བསྐལ་པའི་མེ་ལྟར་འབར།། རབ་བརྗིད་གཤིན་རྗེ་འཇོམས་ལ་ཕྱག་འཚལ་ལོ།། རྡོ་རྗེ་སྐུ་ལ་ཀླུ་དབང་རབ་བརྒྱན་ཞིང། ། གླང་ཆེན་ཀོ་རློན་འཇིགས་པའི་ན་བཟར་གསོལ།། གཅན་གཟན་གདུག་པའི་པགས་རློན་ན་བཟར་གསོལ།། དམ་ལས་འདས་པ་སྣ་ཚོགས་ཞལ་དུ་གསོལ།། བརྐྱང་བསྐུམ་ཞབས་ཀྱི་རབ་བརྗིད་གཤིན་རྗེ་གནོན། ། མི་བཟད་ཁྲོ་བོའི་རྒྱལ་པོ་ཞལ་དྲུག་ཧཱུཾ་སྒྲ་ཅན།། ཕཊ་ཀྱིས་བསྒྲས་ཏེ་ཁམས་གསུམ་དབང་དུ་སྡུད།། ཤ་ཟ་མགོ་ཅན་དབུ་ཡི་ཐོད་དུ་བཅིངས།། སྤྱན་བཟློག་རྡོ་རྗེ་སེར་ཆེན་འབེབས།། ལྗགས་འདྲིལ་ཚེམས་ཀྱི་གསེབ་ནས་རྡོ་རྗེ་ཐོག་འབེབས་པ། ། མ་མོ་རྣམས་ཀྱང་གཅེར་བུ་འདར་ཞེས་འཁྲོས།། རྐན་སྒྲ་བརྡབས་པས་ལྷ་ཆེན་ཁྱབ་འཇུག་ཀྱང།། འབུམ་འགྱེལ་བཅས་པས་ཁྲག་འཐུང་ཉིད་ལ་བདུད།། སྟོང་ཁམས་མེད་པས་གཞན་ཡང་ཞལ་གདངས་པ། ། ཚངས་པ་འཁོར་བཅས་རྒྱུན་གྱི་ཐིགས་འཛགས་ཤིང།། ནད་གཏོང་སྲིན་མའི་ཚོགས་རྣམས་འདར་ཞིང་འབྲོས།། ཕྱག་ན་མི་མགོ་རློན་པ་རབ་བསྣམས་ཤིང།། དངོས་གྲུབ་མཆོག་གིས་ཀླད་ཁྲག་ཞལ་དུ་གསོལ། ། གནོད་སྦྱིན་བསེ་ཡི་མགོ་ཅན་འཕྲེང་བས་སྐུ་ལ་གསོལ།། དུར་ཁྲོད་འབར་བས་མཚན་མོ་རབ་རྒྱུ་ཞིང།། ཤ་ཟ་མགོ་ནས་ཆེམ་ཆེམ་ཟ་བྱེད་མ།། ངམ་ཐང་ཅན་གྱི་རྨ་འབབ་ཞབས་ལ་གཏུགས། ། དེ་བས་བཟོད་པ་དཀའ་བ་བདག་བདུད་དོ།། གདུག་པའི་སེམས་ཀྱི་གདུག་པ་དང།། གནོད་པར་བྱེད་པའི་མི་ཆེན་གང་ཡང་རུང།། རྒྱོབ་ཅིག་གཏོགས་ཤིག་གཟིར་ནན་གྱིས།། གར་མཛད་གཤིན་རྗེ་གཤེད་ལ་ད་བུ་འདུད། ། ཡུན་གྱི་ལྷར་ཡང་ཁྱོད་ལ་གསོལ་འདེབས་ན།། ཁྱོད་ཕྱིར་བདག་འགྱུར་དེ་ཕྱིར་བསྟོད་ཕྱག་འཚལ།། རི་རབ་གསེར་གྱི་ངོས་ལ་བྱ་གནས་པ།། དེ་ཕྱིར་ཁ་དོག་བོར་ནས་གསེར་དུ་སྣང། ། ལྷ་མཆོག་ཁྱོད་ལ་སུ་དག་གང་རྟེན་པ།། མི་ཡི་ཐ་མ་རྣམས་ཀྱང་མཆོག་ཏུ་འགྱུར།། དེ་བས་འདི་དག་ཕྱི་མ་གཉིས་ཀ་རུ།། སྲོག་གི་ཕྱིར་ཡང་ལྷ་མཆོག་མི་གཏོང་ན།། བྱམས་པའི་ཞལ་བཟང་བདག་ལ་བསྟན་པ་དང། ། ཐུགས་རྗེ་ཅན་གྱིས་རྟག་ཏུ་བདག་ལ་གཟིགས།། འཛབ་བསྐུལ་བྱས་ཏེ་ད་ནི་བསྟོད།། ཧཱུཾ། ལྔ་བརྒྱ་དུས་ཀྱི་སྙིགས་མ་ལ།། མཚམས་མེད་ལྔ་ནི་ཀུན་སྤྱོད་ཀྱང།། དུས་ངན་ལས་ངན་སྤྱོད་པའི་ཚེ། ། རིགས་འཛིན་ཀུན་ཀྱང་དངོས་གྲུབ་ཡལ།། གཤིན་རྗེ་ཐར་བྱེད་གང་ཟློག་ལ།། ད་ནི་དེ་ལ་ཐུགས་དགེས་སོ།། ལྷ་མོའི་ནང་ནས་འོད་ཟེར་ཅན།། འཕགས་པའི་ནང་ན་འཇམ་དཔལ་ཉིད།། འདི་ཉིད་མ་རྟོགས་དངོས་གྲུབ་གཞན། ། རིགས་འཛིན་ཀུན་ཀྱང་དངོས་གྲུབ་ཡལ།། ཁྲོ་བོའི་རྒྱལ་པོ་འདི་ཡིས་ནི།། ངེས་པར་དབང་དུ་མ་གྱུར་པར།། དངོས་སུ་འདས་དག་ད་ལྟར་གྱིས།། ཕྱིས་འབྱུང་བ་ནི་གང་ཡང་མེད།། དགྲ་བོ་སྟོང་ངམ་འབུལ་ཡང་རུང། ། དེ་མ་ཐག་ཏུ་གསོད་པར་བྱེད།། ཇི་སྲིད་དགྲ་པོ་མ་གསོད་ན།། དེ་སྲིད་འཁོར་པ་སྟོངས་སམ་ཅི།། བདེན་པ་ཁྱད་དུ་མ་བསད་པར།། ལས་བཅོལ་བདེན་པ་གྲུབ་པར་གྱིས།། ཐུགས་དམ་བསྐུལ་ལོ་འཕྲིན་ལས་གཞོལ། ། རྣལ་འབྱོར་བསྟན་པ་རྒྱས་པར་མཛོད།། འཛབ་བསྙེན་དབུལ་ལོ་དགེ་པར་མཛོད།། འཇམ་དཔལ་ཐུགས་ཀྱི་དངོས་གྲུབ་གསོལ།། ཟླ་གསང་ནག་པོའི་རྒྱུད་ལས།། འཛམ་བསྐུལ་བསྟོད་པའི་ལེའུ་སྟེ་དོན་ལྔ་པའོ། །།། ཡང་ཞུས་པ།། སྟོན་པ་ལགས།། སྔགས་རྣམས་བཏུ་བ་ཇི་ལྟར་ལགས།། བཀའ་སྩལ་པ།། ཉོན་ཅིག་རྡོ་རྗེ་རྣོན་པོ་ཁྱོད།། སྔགས་བཏུ་པ་ལ་གསུམ་དུ་གསུངས།། ལྕགས་ཁང་ནན་ནས་བཏུ་བ་དང། ། རིན་པོ་ཆེའི་འབྲུ་བཏུས་བྱ་བ་དང།། ནོར་བུ་ལུགས་སུ་བཏུ་བ་དང།། གསུམ་དུ་ང་ཡིས་བཤད་པར་བྱ།། བཏུལ་བའི་གཞི་མ་ཕ་མ་གཉིས།། སྒྲ་ཡི་དབྱངས་ཡིག་སྐར་མ་འདྲ།། དེ་ལས་ཐམས་ཅད་བཏུ་བར་བྱ། ། དང་ལ་ལྕགས་མཁར་ནང་ནས་བཏུ་བར་བྱ།། བཏུ་བའི་འགྲེལ་པོ་འཁོར་ལོ་ཡིན།། འཁོར་ལོ་ནང་ནས་བཏུ་བ་བྱ།། ཀ་ཁ་ག་གྷ་ང། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་ཎ།། ཏ་ཐ་ད་དྷ་ན།། པ་ཕ་བ་བྷ་མ། ། ཡ་ར་ལ་ཝ། ཤ་ཥ་ས་ཧ་ཀྵ། ཨ་ཨཱ། ཨི་ཨཱི། ཨུ་ཨུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཻ། ཨོ་ཨཽ། ཨཾ་ཨ། དོན་དམ་ཆོས་སྐུ་ཞི་བ་ནི།། གང་འདི་ཁམས་གསུམ་རྣམ་རྒྱལ་ཏེ།། གཤིན་རྗེ་དགྲ་ཞེས་གྲགས་པ་ལ།། ཡི་གེ་བཏུ་བའི་རིམ་པ་བཤད། ། བསྙེན་པ་ཚད་ལྡན་བྱས་ནས་ནི།། འཁོར་ལོ་བྲིས་ལ་ཡི་གེ་བཏུ།། བཏུ་དང་དྲང་དང་སྲེ་དང་སྤོ།། དགོད་པ་དག་ནི་བརྩམས་པར་བྱ།། སྔགས་པ་རྣལ་འབྱོར་ལྡན་པ་ཡིས།། ལྷོ་ཡི་ཕྱོགས་སུ་ཁ་བལྟས་ཏེ། ། དམ་ཚིགས་དྲན་པའི་སྔགས་འདི་བཟླས།། ཨོཾ་བཛྲ་ས་མ་ཡ་སྟྭཾ་ཡ།། འདི་དྲན་འཁོར་ལོ་བྲི་བར་བྱ།། དབུས་ནས་གྲུ་ཆད་བཅུ་དྲུག་པ།། དབྱིབས་ནི་ཟླུམ་པོས་བསྐོར་བ་ནི།། འདི་ནི་ནང་གི་འཁོར་ལོ་སྟེ། ། རིམ་གསུམ་དག་ཏུ་བསྐོར་བ་ལ།། སྒོ་མེད་ལྕགས་མཁར་བཅུ་དྲུག་བྱ།། འདི་ནི་གཤིན་རྗེའི་གྲོང་ཁྱེར་ཡིན།། སྲིད་པ་གསུམ་ནི་འཇུག་པ་ཡིན།། དེ་ཡི་ཕྱི་རོལ་མུ་ཁྱུད་གསུམ།། ཀུན་ཏུ་ལྕགས་རིས་བསྐོར་བ་སྟེ། ། མུ་ཁྱུད་དེ་དག་རེ་རེ་ལ།། ཁང་པ་སུམ་ཅུ་གཉིས་དང་ལྡན།། འགྲོ་དྲུག་ཉོན་མོངས་གཅོད་པ་ཡི།། འཁོར་ལོ་འདི་ལྟར་བྲིས་ནས་ནི།། ཕྱི་རིམ་མུ་ཁྱུད་ཐ་མ་ལ།། ཡི་གེ་ཨ་སོགས་ད་ཡི་མཐའ།། ང་ཉ་བསལ་ནས་དགོད་པར་བྱ། ། ཡི་གེ་དྷ་སྲོག་ཀྵ་ཡི་མཐའ།། འཁོར་ལོ་ནང་དུ་བྲི་བར་བྱ།། ལྕགས་ཁང་ནང་ནས་བཏུ་བར་བྱ།། མུ་ཁྱུད་དབུ་མ་དག་ལ་ནི།། དབྱངས་ཡིག་བཅུ་དྲུག་གཉིས་འགྱུར་དགོད།། བཏུ་སོགས་དགོད་པ་རྩོལ་བ་ན། ། མཚན་མ་འདི་དག་ཤེས་པར་བྱ།། ཟླ་བ་མིག་དག་ཡོན་ཏན་དྭངས།། རིགས་བྱེད་མདའ་ཅན་དབང་པོ་དང།། རྒྱ་མཚོ་བཀྲ་ཤིས་བཟའ་དང་ཕྱོགས།། དྲེགས་པའི་ཉི་མ་ཡན་ལག་པ། ། ཚེས་ཞེས་བྱ་བར་རབ་ཏུ་གྲགས།། ཕྱི་རོལ་མུ་ཁྱུད་ཐ་མ་ལ།། ཤར་གྱི་ཕྱོགས་ནས་བརྩམས་ནས་ནི།། ཚངས་པའི་ཐིག་ནས་བརྩམ་པར་བྱ།། རིམ་མེན་གཟའ་ཅན་ཁང་པ་ནས།། ཡི་གེ་བཀྲ་ཤིས་རྩམ་བརླངས་སྟེ། ། ནང་གི་ངོས་ཀྱི་མུ་ཁྱུད་ཀྱི།། ཚངས་ཐིག་གི་ནི་ངོས་དག་ནས།། ཕྱོགས་བཞི་མིག་གི་ཚད་དུ་སྦྱིན།། རིམ་མེད་ཕྱོགས་ཅན་ཁང་པ་ནས།། ཡི་གེ་མིག་གི་ཚད་བླངས་ཏེ།། ནུབ་ཀྱི་ཚངས་ཐིག་ནས་བགྲངས་པའི།། རྒྱ་མཚོ་ཅན་གྱི་ཁང་པ་ནས། ། དབྱངས་ཡིག་བཅུ་དྲུག་ལྡན་པ་ཡིས།། མིག་གིས་དང་དུ་བླངས་ནས་ནི།། ལྷོ་ཡི་ངོས་པ་དེ་བཞིན་ནོ།། ནུབ་ནས་རིན་ཆེན་ཁང་པ་ནས།། ཟླ་བ་ཅན་གྱི་ཁང་པ་ནས།། དབྱངས་ཡིག་བཅུ་གསུམ་པར་ལྡན་པའི། ། མིག་གི་ཚད་དུ་བླངས་ནས་ནི།། ལྷོ་རུ་དེ་རྗེས་སྦྱིན་པར་བྱ།། དེ་ཉིད་དབྱངས་ཡིག་གསལ་བ་ནི།། མིག་གིས་ཚད་དུ་བླངས་ནས་ནི།། སྔོན་བཞིན་ནུབ་ཀྱི་ངོས་ལ་སྦྱིན།། ནུབ་ནས་བཀྲ་ཤིས་ཁང་པ་ནས། ། དབྱངས་ཡིག་བཅུ་གསུམ་པར་ལྡན་པ།། མིག་གི་ཚད་དུ་བླངས་ནས་ནི།། ནུབ་ཀྱི་ངོས་ལ་དེ་བཞིན་སྦྱིན།། བྱང་ནས་བཀྲ་ཤིས་ཁང་པ་ནས།། དབྱངས་ཡིག་བཅུ་གསུམ་པར་ལྡན་པ།། མིག་གི་ཚད་དུ་བླངས་ནས་ནི། ། བྱང་གི་ངོས་ལ་དེ་བཞིན་སྦྱིན།། རླུང་གི་ས་བོན་ཞེས་བྱ་བ།། མིག་གི་ཚད་དུ་བླངས་ནས་ནི།། བྱང་གི་ངོས་ལ་དེ་བཞིན་སྦྱིན།། མདའ་ཅན་ཁང་པ་ལ་གནས་པ།། འོད་ཀྱི་ཀོང་བུར་བྱས་པ་ལ། ཟླ་བའི་ཚད་དུ་བླངས་ནས་ནི། ། བྱང་ཤར་མཚམས་སུ་དེ་བཞིན་སྦྱིན།། དེ་ཉིད་ནས་ནི་བགྲངས་པ་ཡི།། ཟ་ཅན་ཁང་པ་ནས་གནས་པ།། དབྱངས་ཀྱི་ཡི་གེ་བཅུར་ལྡན་པ།། ཟླ་བའི་ཚད་དུ་བླངས་ནས་ནི།། བྱང་ཤར་མཚམས་སུ་དེ་བཞིན་སྦྱིན། ། རྒྱ་མཚོ་ཅན་གྱིས་ཁང་པ་ནས།། དབྱངས་ཡིག་གཉིས་དང་ལྡན་པར་བྱ།། ཟླ་བའི་ཚད་དུ་བླངས་ནས་ནི།། ཤར་ལྷོ་མཚམས་སུ་དེ་བཞིན་སྦྱིན།། རིན་ཆེན་ཡོན་ཏན་ཁང་པ་ནས།། ཟླ་བའི་ཚད་དུ་བླངས་ནས་ནི། ། ཤར་ལྷོ་མཚམས་སུ་དེ་བཞིན་སྦྱིན།། རིམ་མིན་བཀྲ་ཤིས་ཁང་པ་ནས།། དབྱངས་ཡིག་ལྔ་དག་ལྡན་པ་སྦྱིན།། ཟླ་བའི་ཚད་དུ་བླངས་ནས་ནི།། ལྷོ་ནུབ་མཚམས་སུ་དེ་བཞིན་སྦྱིན། ། ཡན་ལག་ཅན་གྱི་ཁང་པ་ནས།། ཟླ་བའི་ཚད་དུ་བླངས་ནས་ནི།། ལྷོ་ནུབ་མཚམས་སུ་དེ་བཞིན་སྦྱིན།། རིན་མིན་ཚེས་ཅན་ཁང་པ་ནས།། དབྱངས་ཡིག་གསུམ་པར་ལྡན་པ་ཡི།། ཟླ་བའི་ཚད་དུ་བླངས་ནས་ནི། ། བྱང་ནུབ་མཚམས་སུ་དེ་བཞིན་སྦྱིན།། རིམ་མིན་བཀྲ་ཤིས་ཁང་པ་ན།། ཟླ་བའི་ཚད་དུ་བླངས་ནས་ནི།། ནུབ་བྱང་མཚམས་སུ་དེ་བཞིན་སྦྱིན།། དེ་ལྟར་དགོད་པར་བྱས་ནས་ནི།། དེ་ནས་དྲ་ཡ་བརྩམ་པར་བྱ། ། ཤར་གྱི་ཚངས་ཐིག་སོར་གཉིས་ནས།། ཡི་གེ་ཟུངས་ལྡན་དྲངས་ནས་ནི།། དབུས་ཀྱི་ཁང་པར་གཞག་པར་བྱ།། ཕྱོགས་ཐིག་མཚམས་ཐིག་ངོས་དག་ནས།། དེ་བཞིན་ཟུངས་ལྡན་དྲངས་ནས་ནི།། དེ་བཞིན་དབུས་ཀྱི་ཁང་པར་གཞག། དེ་ནས་ཤར་གྱི་ཡི་གེ་ལ།། ཟུང་ལྡན་གཉིས་པ་དྲངས་ནས་ནི།། རིམ་པ་གཉིས་པའི་ཁང་པར་གཞག། ཕྱོགས་གཞན་དུ་ཡང་དེ་བཞིན་ནོ།། ཤར་གྱི་ཟུང་ལྡན་གསུམ་པ་ཡང།། རིམ་པ་གསུམ་པའི་ཁང་པར་དྲ་བར་བྱ། ། ཕྱོགས་གཞན་དུ་ཡང་དེ་བཞིན་ནོ།། མཚམས་ཀྱི་ཡི་གེ་ཡ་བྲལ་ནི།། རང་རང་གནས་སུ་དྲངས་པར་བྱ། དེ་དག་བྱུང་བའི་ཁང་སྟོང་དུ།། དབྱངས་ཀྱི་ཡི་གེ་དྲང་བར་བྱ།། དབྱངས་ཀྱི་ཡི་གེ་ཤུལ་དུ་ནི། ། མིང་གི་ཡི་གེ་དྲང་བར་བྱ།། མིང་གི་ཡི་གེའི་གཞི་ལ་ནི།། སོ་སོར་དལ་དང་མཐུན་པ་ཡི།། སྐུ་ཡི་ཡི་གེ་དགོད་པར་བྱ།། བསད་དང་བསྐྲད་པ་དབྱེ་བ་ལ།། ཡི་གེ་ཕཊ་ནི་གཞག་པར་བྱ།། གནས་པ་ལ་ནི་ཡི་གེ་ལམ། ། ཞི་བ་ལ་ནི་ཡི་གེ་ཨོཾ།། རྒྱས་པ་ལ་ནི་ཡི་གེ་སྭ།། དབང་ལ་བཾ་གྱིས་བརྒྱན་པར་བྱ།། དགུག་པ་དག་ལ་ཡི་གེ་ཛ།། ཞི་བ་ཆུ་སྟེ་རྒྱས་པ་ས།། དབང་ནི་རླུང་སྟེ་དྲག་པོ་མེ།། དབྱེ་དགུག་བསྐྲད་པ་དབང་དང་མཐུན། ། གནན་པ་རི་རབ་འོག་ཏུ་གནན།། ཆོ་ག་ཡན་ལག་བརྒྱད་ཀྱིས་གནན།། དྲང་བའི་སྦྱོར་བ་བྱས་ནས་ནི།། བསྲེ་བའི་ལས་རྣམས་བརྩམ་པར་བྱ།། གཉིས་མེད་སྔགས་དང་ལྡན་པ་ཡི།། དབུས་ཀྱི་བཀྲ་ཤིས་ཡི་གེ་ཡང། ། ཟླ་ལྟར་འོད་ཀྱི་ཀོང་བུར་གནས།། འོད་ཀྱི་ཀོང་བུ་དེ་ནང་དུ།། འདོད་པའི་བསྒྲུབ་བྱ་གཞག་པར་བྱ།། དེ་ཡི་དཀྱིལ་དུ་རང་མིང་གཞུག། ཕྱོགས་བཞི་ཁྱིམ་ན་གནས་པ་ཡང།། ཡི་གེ་གཟུང་བ་ཐམས་ཅད་ཀྱི། ། དེ་ཚེ་འོད་ཀྱི་ཀོང་པུར་བསྡུ།། སྔགས་ཀྱི་རྒྱལ་པོ་བཅུ་པ་ཡང།། བཅུ་གཉིས་ཁྱིམ་དུ་སྤེལ་ཏེ་བྲི།། བྱིན་རློབ་ཧཱུཾ་ཞེས་པ་ཡང།། ཁང་པ་བཞི་ལ་ཟུང་རེ་མཛེས།། དག་པར་བྱས་ཏེ་དགོད་པར་བྱ།། མཆོད་བསྟོད་གཏོར་མ་བྱས་ནས་ནི། ། སྤོ་བ་དག་ནི་བརྩམ་པར་བྱ།། ལས་ཀྱི་དབྱེ་བ་ཇི་ལྟར་བྱ།། འཁོར་ལོ་རས་ནི་བརླབ་བྱ་སྟེ།། ཞིང་བ་དང་ནི་རྒྱས་པ་ལ།། ཤིན་ཏུ་དགེ་བའི་རས་ལ་བྱ།། དབང་དང་དགུག་ལ་སྨད་འཚོང་སོགས། ། བསད་དང་དབྱེ་དང་བསྐྲད་པ་དང།། མནན་པ་ལ་ནི་དུར་ཁྲོད་རས།། གྷི་ཧཾ་གུར་གུམ་ཞི་རྒྱས་ལ།། དབང་དབང་དགུག་ལ་ཙན་དན་དམར།། གནན་པ་ལ་ལྡོང་རོས་སོགས།། བསྐྲད་པ་བྱ་རོག་ཁྲག་གིས་བྱ། ། དབྱེ་བ་རྟ་དང་མ་ཧེ་སོགས།། བསད་པ་དག་ལ་དུག་གིས་ཤིས།། དགེ་བའི་ལས་ལ་བཟང་པོ་ཤིས།། མི་དགེ་བ་ལ་རུས་པ་དང།། ལྕགས་ལ་སོགས་པས་བྲི་བར་བྱ།། ཞི་བ་ཤར་ཏེ་དབང་ལ་ནུབ། ། བྱང་དུ་རྒྱས་པ་དྲག་པོ་ལྷོ།། ཞི་རྒྱས་དབང་དྲག་ལ་སོགས་པ།། ས་སྐོར་རིམ་བཞིན་དགོད་པར་བྱ།། གནམ་སྐོར་དག་ནི་རིམ་པར་བཟློག། བསད་དང་བསྐྲད་དག་དབྱེ་དང་མནན།། ས་སྐོར་རིམ་པས་བཟློག་པ་སྟེ། ། གནམ་སྐོར་དག་ནི་རིམ་བཞིན་བྲི།། འདི་དག་ལེགས་པར་མ་བྲིས་ན།། འཁོར་ལོ་རང་ལ་ལྡོག་པར་འགྱུར།། དེ་ཕྱིར་ནན་ཏན་བསྐྱེད་ལ་བྱ།། རས་ཀྱི་འཁོར་ལོ་ལེགས་ཟིན་ནས།། ས་ཡི་མཎྜལ་གནས་དེར་ནི། ། རང་གི་འཁོར་ལོ་སྤྱན་དྲངས་ཏེ།། རྡོ་རྗེ་བསྡུ་བའི་སྦྱོར་བ་ཡིས།། ས་ཡི་མཎྜལ་བསྡུ་བར་བྱ།། རས་ཀྱི་འཁོར་ལོ་མཆོད་ནས་ནི།། བདེན་པའི་བྱིན་རླབས་དམིགས་པར་བྱ།། ཇི་ལྟར་གསུངས་པའི་ཆོ་ག་བཞིན། ། འཁོར་ལོ་སྦ་བ་བྱས་ནས་ནི།། གསང་སྔགས་བཟླ་བ་བརྩམ་པར་བྱ།། ཨོཾ་བཛྲ་ས་མ་ཡ་སྟྭཾ།། དམ་ཚིག་གི་སྔགས།། ཨོཾ་བཛྲ་བེ་ག་ཧཱུཾ། རྡོ་རྗེ་ཤུགས་ཀྱི་སྔགས།། ཨོཾ་ཨ་ས་མེ་ཏྲི་ས་མེ་ས་ཧ་ས་མ་ཡ་ཡེ་སྭཱ་ཧཱ། ། ཡི་གེ་བསྲེ་བའི་སྔགས།། ཨོཾ་བཛྲ་ས་མ་ཡ་ཛ།། འཁོར་ལོ་སྤོ་བའི་སྔགས།། ཨོཾ་ཡ་མ་རཱ་ཛ་ལ་སོགས་བཅུ་བདུན་པའོ།། ལས་ཐམས་ཅད་པའི་སྔགས་སོ།། ཨོཾ་ཧྲིཥྟཱིཿ་བི་ཀྲི་ཏཱ་ན་ན་ཧཱུཾ་ཕཊ། འདི་ནི་གསང་སྔགས་ཏེ་ལས་ཐམས་ཅད་པའོ། ། ཞི་བ་ཤན་ཏིང་ཀུ་རུ་སྟེ།། རྒྱས་པ་པུཥྟི་ཀུ་རུའོ།། དབང་ལ་པ་ཤང་ཀུ་རུ་སྟེ།། བསད་པ་དག་ལ་མཱ་རཱ་ཡ།། དབྱེ་བ་ཏེ་ཤ་ཡ་ཕཊ། བསྐྲད་པ། ཏམ་པ་ཧཱུཾ་ལཾ་ཕཊ། གནན་པ། ནི་ར་ཡ་ཀ་ར་ཤ་ཡ་ཧཱུཾ་ཕཊ། གཤེགས་གསོལ།། ཨོཾ་མུ་ཧོ།། ཟླ་གསང་ནག་པོའི་རྒྱུད་ལས། ལྕགས་ཁང་ནས་ཡི་གེ་བཏུ་བའི་ལེའུ་སྟེ་དོན་དྲུག་པའོ།།།། ཡང་ཞུས་པ། སྟོན་པ་ལགས།། འདི་ཡི་དགོངས་པའི་ལུས་དམ་ཚིག། མདོ་རུ་དྲིལ་བ་ཇི་ལྟར་ལགས། ། ལུང་དུ་དྲང་བ་ཇི་ལྟར་ལགས།། བཀའ་སྩལ་པ།། ཉོན་ཅིག་རྡོ་རྗེ་རྣོན་པོ་ཁྱོད།། དགོས་དོན་ལུང་དུ་དྲིལ་བ་འདི་ལྟ་སྟེ།། མང་ལ་ཉུང་ངུ་མདོར་དྲིལ་བ།། ཨ་ལི་ཀ་ལིའི་གྲོང་ཁྱེར་དུ།། གསང་སྔགས་འབྱུང་བ་རྩ་བ་སྟེ། ། ཀུན་གྱི་གཞི་དང་ཕ་མ་ཡིན།། ལས་ཀྱི་བཙོན་ར་དག་ཏུ་གསུངས།། ཡི་གེ་བཏུ་བའི་མིན་ན་ནི།། གདང་སྔགས་སྒྲ་རྣམས་ལོག་པར་འགྱུར།། ཡི་གེ་ཚང་བར་མ་བཀོད་ན།། གསང་སྔགས་སྒྲ་ནི་ཉམས་པར་འགྱུར། ། གསང་སྔགས་བརྡ་ཡིས་མ་བཀོད་ན།། གསང་སྔགས་དངོས་གྲུབ་མེད་པར་འགྱུར།། དྲང་བ་དག་ནི་མ་བྱས་ན།། ཤིན་ཏུ་འཁོར་བར་མི་འགྱུར་རོ།། ཡི་གེ་བསྲེ་བ་མ་བྱས་ན།། བཅུ་གཉིས་ཁང་པ་དོན་མེད་འགྱུར། ། སྐོར་ཕྱོགས་ལོག་ན་དོན་མི་འགྲུབ།། རིག་སྔགས་ཉམས་དང་ལོག་པ་ནི།། ལྷ་མིན་གཡུལ་ལས་འཕམ་པ་དང།། དབང་པོ་སྒྲ་ཡིས་སྒྲ་བསད་བཞིན།། འཁོར་ལོ་སྤོ་བ་མ་བྱས་ན། ། ཆོ་ག་དག་ནི་ཉམས་པར་འགྱུར།། རྒྱུ་ཡིན་བ་དང་སྦྱོར་བ་དང།། དད་པ་བརྟན་པོས་འགྲུབ་པར་འགྱུར།། དེ་ཕྱིར་ནན་ཏན་བསྐྱེད་དེ་བྱ།། དྲིལ་བས་ལུང་དུ་དྲངས་པའོ།། ཟླ་ཅིག་མི་གཉིས་ཡོན་ཏན་གསུམ། ། རིགས་བཞི་མདའ་ལྔ་དབང་པོ་དྲུག། རྒྱ་མཚོ་བདུན་དང་བཀྲ་ཤིས་བརྒྱད།། གཟའ་དགུ་ཕྱོགས་བཅུ་དྲེགས་པ་བཅུ་གཅིག་དང།། ཉི་མ་བཅུ་གཉིས་ཡན་ལག་བཅུ་གསུམ་པ།། ས་ན་བཅུ་བཞི་ཚེས་ན་བཅཝ་ལྔ་ལ། ། བཏུ་ཡིན་ཡན་ལག་ཤེས་པར་བྱ།། མན་ངག་དག་གིས་གཏན་ལ་དབབ།། བཅུ་བདུན་པ་ཡི་བཅུ་ཡིག་སྟེ།། འགྱུར་མེད་གསང་བའི་སྔགས་སུ་གསུངས།། བཏུ་བའི་མཚན་མ་ལྕགས་ཁང་ནས།། བཅུ་བདུན་པ་ལས་མ་བཏུས་སོ། ། འཁོར་ལོ་འགྲེལ་པའི་བཅུ་ཡིག་གོ། ནོར་བུ་ལུགས་སུ་བཏུ་བ་ནི།། ལྷག་མ་རངས་པ་བཏུ་བ་སྟེ།། ཤིན་ཏུ་སླ་བས་འདིར་མ་བཀོད།། ཤོག་ཕྲན་གུད་དུ་སྟོན་པ་བས།། དེ་ནི་ནོར་བུ་ལུགས་སུ་བཏུ་བའོ། ། གདམས་ངག་དག་ཏུ་གོ་བར་ཤེས་པར་བྱ།། རིན་པོ་ཆེའི་འབྲུ་བཏུས་བྱ་བ་ལ།། དང་པོ་རྣམ་པར་སྣང་མཛད་དེ།། ཡ་མན་ཏ་ཀ་ཡིན་པར་བཤད།། དེ་འོག་ཅིག་པའི་དབུ་དགུས་གཞག། དེ་འོག་དང་པོའི་དང་པོ་གཞག། དྲུག་པ་གཉིས་པས་འོག་ཏུ་སྤྲས།། དབྱངས་ཀྱི་བཅུ་གསུམ་པ་ཡིས་བརྒྱན།། དེ་འོག་དག་པོའི་བཞི་པ་སྟེ།། དེ་འོག་དང་པོའི་དང་པོ་གཞག། དེ་འོག་བརྒྱད་པའི་ཐ་ལྟག་གཞག། དབྱངས་ཀྱིས་གཉིས་པས་འོག་ཏུ་སྤྲས། དེ་འོག་གསུམ་པའི་ཐ་མ་གཞག། དེ་འོག་ལྔ་པའི་ཐ་མ་གཞག། དེ་འོག་གསུམ་པའི་གཉིས་པ་གཞག། དབྱངས་ཀྱི་གཉིས་པས་འོག་ཏུ་བརྒྱན།། དེ་འོག་ལྔ་པ་གསུམ་པ་ལ།། དེ་ལ་ཏྲི་པའི་ལྔ་པས་བརྒྱན། ། དེ་འོག་དབྱངས་ཀྱི་གཉིས་པས་གཞག། དེ་འོག་གཉིས་པ་གསུམ་པ་ལ།། འོག་ཏུ་ནི་ཡིས་སྤྲས་པའོ།། དེ་འོག་བརྒྱད་པའི་ཐ་ལྟག་ལ།། དབྱངས་ཀྱི་བཅུ་དྲུག་པ་ཡིས་བརྒྱན།། དེ་འོག་ལྔ་པའི་གཉིས་པ་གཞག། དེ་ལ་གསུམ་པའི་དང་པོ་མནན།། མི་འགྱུར་ཨ་ཀྲོ་བཅུ་བདུན་པ།། རྒྱལ་བ་ཉིད་ཀྱི་ཞལ་ནས་གསུངས།། ལྷག་ཆད་མེད་པར་བྱ་བ་དང།། གསང་སྔགས་གཏན་ལ་དབབ་པའི་ཕྱིར།། རྩ་བའི་སྔགས་སུ་བཏུས་པའོ། ། ཡུན་གྱི་གསང་སྔགས་བཏུ་བར་བྱ།། འཆུག་མེད་མི་འགྱུར་ངེས་པའི་ཕྱིར།། ཨོཾ་གཞན་ཐོག་མར་གཞག་པ་སྟེ།། དང་པོར་ལྔ་པའི་དང་པོ་སྟེ།། དབྱངས་ནི་གཅིག་པ་ཡིས་བརྒྱན།། དེ་འོག་དྲུག་པའི་གསུམ་པ་གཞག། དེ་ལ་དབྱངས་ཀྱི་གསུམ་པས་བརྒྱན།། དེ་འོག་བརྒྱན་པའི་ཐ་ལྟག་ལ།། དབྱངས་ཡིག་བཅུ་གཅིག་པ་ཡིས་བརྒྱན།། དེ་འོག་དྲུག་པའི་གཉིས་པ་གཞག། དེ་འོག་དང་པོའི་ཏྲི་པ་ལ།། དེ་འོག་བདུན་པའི་དང་པོ་གཞག། ཉིས་འགྱུར་མཐའ་རུ་ཧཱུཾ་ཕཊ་གཞག། མི་འགྱུར་ཡུམ་གྱི་སྔགས་སུ་བཤད།། ཧྲཱིཥྟི་ཡི་གེ་འབྲུ་བཅུ་པོ།། དང་པོ་ཡ་མན་ཏ་ཀ་ཏེ།། དེ་འོག་བརྒྱད་པའི་ཐ་ལྟག་ལ།། དྲུག་པ་གཉིས་པས་འོག་ཏུ་བརྒྱན། ། དབྱངས་ཀྱི་གསུམ་པས་སྟེང་དུ་བརྒྱན།། དེ་འོག་བདུན་པའི་ཐ་མ་གཞག། དེ་ལ་དབྱངས་ཡིག་གསུམ་པས་བརྒྱན།། དེ་འོག་ལྔ་པའི་གསུམ་པ་གཞག། དབྱངས་ཀྱི་བཞི་པས་དེ་ལ་བརྒྱན།། དེ་འོག་དང་པོའི་དང་པོ་གཞག། དྲུག་པ་གཉིས་པས་འོག་ནས་སྤྲས།། དབྱངས་ཀྱི་གསུམ་པས་སྟེང་ནས་བརྒྱན།། དེ་འོག་བཞི་པའི་དང་པོ་གཞག། དེ་འོག་བརྒྱད་པའི་ཐ་ལྟག་གཞག། དབྱངས་ཀྱི་བཞི་པས་འོག་ནས་བརྒྱན། ། བཅཝ་ལྔ་པ་ཡི་སྟེང་དུ་མཛེས།། དེ་འོག་ལྔ་པའི་གཉིས་པ་གཞག། དེ་འོག་གསུམ་པའི་དང་པོ་སྦྱིན།། འགྱུར་མེད་ངེས་པའི་སྔགས་སུ་གསུངས།། གཞན་དག་རངས་པས་ནོར་བུ་ལུགས།། བཏུས་ཏེ་ཤོག་ཕྲད་དག་ཏུ་བལྟ། ། བཏུ་ཡིག་མེད་པར་བྱིན་རླབས་མེད།། གསང་སྔགས་ངེས་པ་མེད་པར་འགྱུར།། མ་བཏུས་འབྲས་བུ་མི་འབྱུང་སྟེ།། དཔེར་ན་སྡོང་པོ་ཁོང་རུལ་ལམ།། ས་བོན་མེས་སུ་ཚིག་དང་འདྲ།། དེ་ཕྱིར་གསང་སྔགས་བཏུ་ཡིག་གཅེས། ། ཟླ་གསང་ནག་པོ་མན་ངག་ཡིག་ཆུང་གི་རྒྱུད་ལས།། འཇམ་དཔལ་འཐེམ་ཡིག་བཏུ་བའི་ལེའུ་སྟེ་དོན་བདུན་པའོ།།།། ཡང་ཞུས་པ། སྟོན་པ་ལགས། འཇམ་དཔལ་མཚོང་ཞེས་བྱ་བ་སྟེ། ། དེ་ལ་རྣམ་གྲངས་དུ་ཙམ་མཆིས།། སྟོན་པས་གསུངས་པ། ཉོན་ཅིག་འཁོར་ཚོགས་ཐམས་ཅད་ཉོན།། འཇམ་དཔལ་ལས་ཕྲན་འཕྱོར་ཞེས་བྱ་བ། ལྔ་བཅུ་རྩ་གསུམ་དག་ཏུ་གསུངས།། མི་འདའ་བ་དམ་ཚིག་གི་མཆོང། རྟོགས་པ་ལྟ་བའི་མཆོང། ལ་དོར་བ་སྤྱོད་པའི་མཆོང།། གཞི་འཛིན་མན་ངག་གི་མཆོང། སྐྲོད་པ་དབང་གི་མཆོང། ཉམས་ལེན་ཏིང་འཛིན་གྱི་མཆོང། ལམ་རིན་འཁོར་ལོའི་མཆོང། ཕུལ་དུ་བྱུང་བ་འཕྲིན་ལས་ཀྱི་མཆོང། ལས་འཇུག་སྲེག་པའི་མཆོང། མཐའ་བརྟུལ་གནན་པའི་མཆོང། ཕན་བྱ་བསྲུང་བའི་མཆོང། མི་འགྱུར་རྒྱུན་གྱི་མཆོང། དབྱེ་བ་གནས་ཀྱི་མཆོང། བོད་ཐབས་སྒྲ་ཡི་མཆོང། དབྱེ་བ་མིང་གི་མཆོང། བསྐོར་བ་འཁོར་ལོའི་མཆོང། དབབ་པ་ཐོག་སེར་གྱི་མཆོང། གཞུག་པ་རྟ་ཡི་མཆོང། བསགས་པ་རྫས་ཀྱི་མཆོང། བསྙེན་པ་ལྷ་ཡི་མཆོང། བསྒྲུབ་པ་རྟགས་ཀྱི་མཆོང། བསད་པ་ལས་ཀྱི་མཆོང། གཞི་མ་རྒྱུ་དང་སྣག་ཚའི་མཆོང། དགྱེར་ལུགས་ལམ་རིམ་གྱི་མཆོང། ཚད་མ་རྣམས་སུམ་བཀའ་གཞུང་གི་མཆོང། བརྡེག་པ་ཐུག་ཀྱི་མཆོང། མི་སྙེལ་གཟུངས་ཀྱི་མཆོང། བསྲེ་བ་མན་ངག་གི་མཆོང། ལོ་རྒྱུས་གཏན་ཚིགས་ཀྱི་མཆོང། མྀ་འགྱུར་གཏན་ལ་འབེབས་པའི་མཆོང། བསྲུང་བསྒོམ་འབྲས་བུའི་མཆོང། ཆོ་འཕྲུལ་ཐུགས་རྗེའི་མཆོང། རྫས་སྦྱོར་བསྲུང་བའི་མཆོང། བོད་ཐམས་སྒྲ་ཡི་མཆོང། མ་འདྲེས་ངོས་གཟུང་གི་མཆོང། འཁྱམ་མེད་བརྒྱ་ཡི་མཆོང། དོན་འབྱུང་མ་འདྲེས་སྒྲུབ་པའི་མཆོང། བསྲུང་བ་འཁོར་ལོའི་མཆོང། མི་འབྲལ་ཕྱག་མཚན་གྱི་མཆོང། འཆུག་མེད་གདེང་གི་མཆོང། དོམ་ཁྱོར་ལྷ་ཡི་མཆོང། ངེས་པ་རྒྱུན་གྱི་མཆོང། ཕོ་རྒྱུད་མོ་འདྲའི་མཆོང། མོ་རྒྱུད་ཕོ་འདྲའི་མཆོང་དང།། དྲངས་ཐབས་ཀྱི་མཆོང། སྦྱར་ཐབས་སྨན་གྱི་མཆོང། བརྒྱུད་པ་གནས་ཀྱི་མཆོང། མི་མཐུན་དབྱིབས་ཀྱི་མཆོང། ངེས་ཚིག་ཡི་གེའི་མཆོང། བསྒྲུབ་ལུགས་ཐ་དད་རྟགས་ཀྱི་མཆོང། ཡིད་བརྟན་རྟགས་ཀྱི་མཆོང། ལ་ཉེ་མཚན་མའི་མཆོང། འཇུག་དོན་གཟའ་སྐར་གྱི་མཆོང། གནན་གཏད་མཛེས་ནག་གི་མཆོང། དེ་དོན་གཏན་ལ་འབེབས་པ་ལ། ། དངོས་གྲུབ་འབྱུང་བའི་དོན་རྣམས་གྲུབ།། མན་ངག་སྒྲུབ་ཐབས་ཏན་ཏྲ་བྱ།། ཟླ་གསང་ནག་པོའི་མཆོང་ཞེས་བྱ།། ཁ་ཆར་མཆོག་སྲུང་ཀྱི་མཆོང་ཞེས་བྱ་བའི་ལེའུ་སྟེ་དོན་བརྒྱད་པའོ།།།། ཡང་ཞུས་པ། སྟོན་པ་ལགས། མ་འོངས་ལམ་པའི་རྣལ་འབྱོར་པ་ལ། ཟས་ཀྱི་བཟའ་ཐབས་སྨན་དུ་བསྒྱུར་བ་ཇི་ལྟར་ལགས།། བཀའ་སྩལ་པ། ཉོན་ཅིག་འཁོར་རྣམས་དང་བར་གྱིས།། ང་ཡིས་ཡང་ནི་བཤད་བྱ་ཡིས།། རྣལ་འབྱོར་ཟས་ཀྱི་བསྒྱུར་ཐབས་ཏེ། ། སྔགས་པ་རྟག་ཏུ་བཟའ་ཞིང་བསྒོམ།། སྔགས་པའི་སྤྱོད་ལམ་དམ་པ་སྟེ།། རུས་པའི་འོ་མ་ཞེས་བྱ་བ།། དེ་བཞིན་འོད་ཀྱི་ལོ་མ་དང།། འཇིམ་པ་སྐམ་པོ་ཉིད་དང་ནི།། དེ་བཞིན་མེ་ཡི་ཁུ་བ་དང། ། སྒྲ་སྙན་གྱི་ནི་རྫས་དགོས་ཏེ།། འདི་རྣམས་རྟག་ཏུ་རྟེན་ན་ནི།། རང་བཞིན་གྱིས་ནི་ནད་མེད་ཅིང།། ཚེ་རིང་དབང་ཐང་རྒྱས་པར་འགྱུར།། རྟག་ཏུ་ལང་ཚོ་དར་ལ་བབ།། ལྷ་རྣམས་ཀྱིས་ཀྱང་བྱིན་གྱིས་རློབ། ། འདི་སྤྱད་པར་ནི་མི་བྱ་སྟེ།། མཐུ་དང་ངོ་བོ་རང་གིས་འབྱུང།། ཏིང་འཛིན་སྔགས་ཀྱི་བྱིན་རླབས་ལས།། ལས་ཀྱི་རྣམ་སྨིན་བྱང་བར་འགྱུར།། རིག་པ་འཛིན་པའི་ས་ཐོབ་འགྱུར།། དེ་ཕྱིར་ཆོ་ག་བཞིན་དུ་རྟག་ཏུ་བརྟེན། ། ཚེས་གཅིག་སྐྱ་རེངས་ཤར་བ་ལ།། སྣོད་ལ་མ་རེག་རུས་སྦལ་བཞོ།། དྲོད་མ་ཡལ་བར་གཏང་བར་བྱ།། ཡང་ན་ཉི་མའི་སྦུ་གུས་བཏུང།། མར་གྱི་ངོས་ལ་ཚེས་གཅིག་ལ།། འོད་ཀྱི་ལོ་མ་བཙལ་ནས་ནི།། དེ་ཉིད་ནས་ནི་བཟུང་ནས་སུ། ། ཞག་གསུམ་སྐྱ་རེངས་ཤར་བ་ལ།། ལོ་མ་དེ་བཞིན་བཟའ་བར་བྱ།། ཡང་ན་ཉི་མའི་སྦུ་གུས་བཏུང།། འཇིམ་པ་བཟང་པོ་སྦྱར་ནས་ནི།། ཞག་གསུམ་ཆུ་ཡི་ནང་དུ་བསྐམས།། དེ་ནས་བསྐམས་ཏེ་ཕྱེ་མར་བཏགས། ། ཕྱེ་མ་བྱི་བའི་བར་ཆད་གང།། བ་ཡི་འོ་མ་དང་སྦྱར་ནས།། སྔགས་པས་རྟག་ཏུ་བཏུང་བར་བྱ།། མེ་ཡི་སྡོང་པོ་སར་བ་ནི།། ས་ཡི་མར་གྱིས་གྲིལ་བྱ་སྟེ།། ཁ་སྦྱོར་སྣོད་དང་ལྡན་བྱ་སྟེ། ། མེ་ཆུང་ས་ཡི་བཙིར་ནས་ནི།། བཏུང་བ་ཉི་མ་སྦུ་གུས་བཏུངས།། ལན་ཚྭ་བྲལ་བའི་སྐྲ་དང་ནི།། ཞག་གསུམ་བསྒྲུབ་པའི་སྒྲ་སྙན་རྫས།། ནམ་གྱི་གུང་ལ་བླངས་ལ་གཏད།། སྣང་སྲིད་སྒོ་སྟེ་ཞག་གསུམ་བཞག། རྩེ་མོ་ཆང་ནི་བྱུགས་བྱ་སྟེ། ། དབུ་མའི་ཆ་ནི་བདུད་རྩི་ཉིད།། རྩ་བའི་ཆ་ནི་དོར་བར་བྱ།། འདི་རྣམས་སོ་སོར་བརྟེན་པས་ནི།། ཐ་མལ་འབྲས་བུ་གསུམ་གྱིས་དབྱེ།། བྱི་ལའི་སེར་ཚད་རེ་དང་སྦྱར།། མ་སྦྱར་ན་ཡང་ཉེས་པ་མེད། ། འཚོགས་པས་བྱས་ན་ངེས་པར་བཤད།། དམ་རྫས་རེ་རེ་བསྟེན་ཀྱང་ངེས་པ་མེད།། འཇམ་དཔལ་གྱི་དམ་རྫས་རྨད་དུ་གྱུར་པ།། དེ་ཡི་སྒྲུབ་པའི་གྲོགས་བཤད་པ།། ཞི་བའི་ལས་གྲོགས་ཟླ་བ་ཡིན། ། རྒྱུ་ཡི་གྲོགས་སུ་མིག་ཏུ་བསྒྲགས།། དབྱེ་བའི་གྲོགས་སུ་ཡོན་ཏན་ཏེ།། དབང་གྲོགས་བྱེད་པ་རིག་བྱེད་ཡིན།། དགུག་པའི་ལས་ལ་དེ་བཞིན་མདའ།། བསྐྲད་དང་གནན་པའི་དབང་པོ་ཡིན།། བསད་པའི་ལས་ནི་རྒྱ་མཚོར་འདོད། ། ལས་རྣམས་དེ་དག་རེ་རེ་ཡང།། བདེ་གཤེགས་མཆོད་ལ་དང་པོར་བཤད།། ཉི་མ་གཉིས་པ་གཏོར་མ་སྦྱིན།། གསུམ་པ་ལ་བཟླས་འབད་པར་བྱ།། ལྔ་བ་ལས་ཀྱི་འཁོར་ལོ་བསྐོར།། དྲུག་པ་བསམ་གཏན་རྩེ་གཅིག་བྱ། ། བདུན་པ་ལས་ཀྱི་ལྷག་ཆད་བསྐངས།། རིགས་ཀྱི་ལས་ཀྱི་ཁྱད་པར་དུ།། ལས་ཀྱི་གཙོ་རུ་གང་བསྒྲུབ་པའི།། འཁོར་ལོ་བསྐོར་ཏེ་ཉི་མ་བཞི།། ལས་ཀྱི་རིམ་པ་འདིར་ཤེས་ན།། ཞི་བས་འཇིགས་པ་བརྒྱད་ལ་སྐྱོབ། ། རྒྱས་པས་ཡོན་ཏན་དྲུག་དང་ལྡན།། དབང་གིས་མོས་པ་དེ་རྣམས་བསྒྱུར།། དབྱེ་བས་གས་སྟེ་བརྒྱད་དང་དབྱེ།། གནན་པས་དབང་པོ་སྔ་ཀ་འཆིངས།། གཞན་རྣམས་ཀྱང་ནི་ལས་རྣམས་བྱེད། ། སྤྱད་ན་དངོས་གྲུབ་མི་འབྱུང་སྟེ།། གལ་ཏེ་ཡིད་གཉིས་ཟ་འགྱུར་རམ།། བསམ་པས་འགྱུར་རམ་དད་པས་ཉམས།། དེ་ཚེ་དངོས་གྲུབ་ཉེ་བ་ཡང།། ཕྱིར་ལྡོག་འགྱུར་བར་གདོན་མི་ཟ།། དད་པ་བརྟན་པོས་བསྒྲུབས་པས་ན། ། ནམ་མཁའ་མེད་པར་གྱུར་ན་ཡང།། སྔགས་ཀྱི་དངོས་གྲུབ་མེད་མི་སྲིད།། ལྷ་དང་དྲང་སྲོང་གིས་བཞེངས་པའོ།། རིགས་སྔགས་སླུ་བར་མི་སྲིད་ན།། འདོད་པ་བྲལ་བའི་བཤད་པ་ཡི།། གསང་སྔགས་སྦྱོར་བ་སླུ་བ་སྟེ། ། ཆོས་ཉིད་བསམ་གྱིས་མི་ཁྱབ་པས།། དོན་ལ་ཐེ་ཚོམ་མེད་པ་ཡིས།། མཁས་པ་ལ་ནི་དངོས་གྲུབ་ཉེ།། ཡང་ན་བླུན་པོ་དད་པས་བརྟན།། དེ་ལ་སྦྱོར་བའི་དངོས་གྲུབ་ཉེ།། རྟོགས་ཤིང་སྤྱོད་ན་དངོས་གྲུབ་དེ། ། དེ་ལ་ཤིན་ཏུ་དངོས་གྲུབ་རིང།། མན་ངག་དམ་པ་བྱིན་གྱུར་ཀྱང།། སློབ་མ་ཡིད་གཉིས་ཡོད་པ་ལ།། དེ་ལ་དངོས་གྲུབ་རིམ་པར་བཤད།། བླ་མས་མན་ངག་སྦ་བྱས་ཀྱང།། སློབ་མ་ཡིད་གཉིས་མི་ཟ་ཞིང། ། བླ་མའི་གདམས་ངག་དམ་པ་གཅེས།། གཅེས་སྤྲད་བྱས་ན་འགྲུབ་པར་འགྱུར།། དེ་ཡི་ཕྱིར་ན་སྔགས་པ་ཡིན།། རང་གི་ཡིད་གཉིས་སྤངས་པའི་ཕྱིར།། བླ་མ་གཉེས་པའི་བྱ་བ་གཅེས།། བཀུར་སྟི་བྱས་པས་ནུས་པ་ཆེ། ། གསང་དེ་བརྗོད་པས་བར་ཆད་མེད།། ཡོན་ཆེན་ཕུལ་བས་མན་ངག་ཐོབ།། འབྲས་བུ་རིན་ཆེན་གཏེར་ཁ་ཕྱེ།། སློབ་དཔོན་བཙུན་ལ་རང་དབང་ཆེ།། དགོས་འདོད་ཐམས་ཅད་འབྱུང་རྒྱས་ཤིང།། དེ་ཕྱིར་སློབ་དཔོན་མཉེས་པར་བྱ། ། ཡོན་ཆེན་ཕུལ་བས་རང་ཡང་གཉན།། དེ་ཕྱིར་བླ་མ་སྤྱི་བོར་ཁུར།། བསྔགས་པ་དག་ཏུ་མ་བྱས་ན།། དཔེར་ན་ནོར་བུ་རིན་པོ་ཆེ།། གང་ལ་བསྔགས་པ་བྱས་པ་དེར།། དེ་དོན་དགོས་དོན་མི་སྟེར་རོ། ། དེ་ཕྱིར་བླ་མ་མཉེས་པར་འབུལ།། མ་ཆགས་ཕུལ་ན་གཏེར་དང་འཕྲད།། དད་པ་རྟག་ཏུ་བཀུར་བར་བྱ།། དད་པ་དཀོན་མཆོག་གསུམ་ཡིན་ནོ།། རང་སེམས་དད་པ་བསྐྱེད་པའི་ཕྱིར། ། ཤིན་ཏུ་གདུང་བར་བླ་མ་བཀུར།། མ་ཁུར་བ་ཡི་སློབ་མ་ལ།། འཇིག་རྟེན་འདི་རུ་སྡུག་བསྔལ་འཕེལ།། ཐ་མ་རྡོ་རྗེ་དམྱལ་བར་ལྟུང།། ཟླ་གསང་ནག་པོའི་རྒྱུད་ལས།། རྣལ་འབྱོར་པས་དམ་རྫས་བདུད་རྩིར་བསྒྱུར་བ་དང་བླ་མ་མཉེས་ཤིང་གདམས་པའི་ལེའུ་སྟེ་དོན་དགུ་པའོ། །།། ཡང་ཞུས་པ། སྟོན་པ་ལགས། དམ་ཚིག་གཉན་པོ་བསྲུངས་པ་ལ།། འཇམ་དཔལ་དམ་ཚིག་ཇི་ལྟར་བསྲུང།། བདག་ཅག་རྨོངས་པས་མ་རྟོགས་ན། ། བཀའ་སྩལ་པ། ཉོན་ཅིག་རྡོ་རྗེ་རྣོན་པོ་ཁྱོད།། སྤྱིར་དམ་ཚིག་འབུམ་སྡེ་ས་ཡ་སྟེ།། བསྡུས་པས་ཉི་ཤུ་རྩ་བརྒྱད་དེ།། འདིར་གྲགས་ལེ་ཚེ་བྱས་པ་ལ།། འཇམ་དཔལ་དམ་ཚིག་རྩ་གཉིས་བཤད།། འདི་ནི་ཁྱད་པར་དམ་ཚིག་དག་ཏུ་བཤད། ། མི་ཤིགས་པ་ནི་སེང་གེ་སྟེ།། གཅན་གཟན་རྒྱལ་པོ་ཡིན་པས་སོ།། ཟ་མ་ཏོག་གིས་འདོད་པ་གཏེར།། དུག་སྦྱོར་བྱ་བ་མི་རིགས་པ།། རིན་ཆེན་སྨྱུ་གུ་ལྕུག་ཕྲན་དག། དེ་ནི་དྲེགས་པར་རིགས་པར་མིན། ། གངས་ཀྱི་ཞུན་ཆུ་ཁོལ་མ་དག། མཁས་པས་བཏུང་བར་བྱ་བ་མིན།། པདྨ་ཟེ་འབྲུ་ཁ་མི་དབྱེ།། ཟླ་ཚེར་མ་ཡིན་ཁ་མི་དབྱེ།། མ་རྟགས་བུག་རྡོལ་ཅན་གྱི་སྣོད།། ཁ་མི་དབྱེ་ཞིང་བཅུད་མི་བླུག། དོན་དང་མི་ལྡན་བཅོས་མི་དགོས།། བསྲིལ་ཞིང་སྤྱད་པར་བྱ་བ་མིན།། ཤེལ་གྱི་མཆོད་རྟེན་འོད་འབར་བ།། མགུལ་ནས་གདགས་པར་བྱ་བ་མིན།། ཁྱུང་ཆེན་ནམ་དཔངས་སྤྱོད་པ་ཡང།། གཤོག་པ་གཡས་གཡོན་གཅོད་མི་བྱ།། བཻ་ཌཱུརྱ་ཡི་རྡོ་རྗེ་དག། ར་བཅག་སྡིག་པ་བསམ་མི་ཁྱབ།། རིན་ཆེན་འབར་བ་ཟ་མ་ཏོག། དུག་སྦྱོར་བ་ཡི་སེམས་ཙམ་བྱ་མི་རུང།། རིན་པོ་ཆེ་ཡི་ལྕུག་ཕྲན་རྣམས།། ཅུང་ཟད་སྣང་བར་སྤོང་མི་བྱ།། རྡོ་རྗེ་འཕྲེང་བ་རྒྱུན་ཐག་ནི།། འདྲེས་ཤིང་སྤྱན་པར་བྱ་བ་མིན།། སྤུ་གྲིས་གཏམས་པའི་ཚིག་པ་དག། སུས་ཀྱང་དྲལ་བར་བྱ་བ་མིན།། དགོས་པ་འབྱུང་བ་རིན་པོ་ཆེ།། བསྲེག་པའི་དྲས་གྲོས་བྱ་མི་རུང།། དུང་དང་བཅས་པའི་མེ་ཏོག་དག། ནམ་ཡང་དབུལ་བར་བྱ་བ་མིན།། གསེར་གྱི་ལྕགས་ཀྱུས་མ་བཟུང་བའི།། ཉ་ཤ་ནམ་ཡང་བཟའ་མི་བྱ།། ནགས་ཁྲོས་སྟོང་པའི་ཕྱོགས་དག་ཏུ།། རྣལ་འབྱོར་མིག་ལྟར་མི་རུང་ངོ།། མ་ཡིས་སྦྱར་བའི་རྩི་སྨན་དག། ཐེ་ཚོམ་མེད་པར་རྒྱུན་མི་གཅད།། འཕྲུལ་གྱི་མེ་ལོང་སྣང་བའི་གཡའ།། རྟག་ཏུ་ཕྱི་ཞིང་བལྟ་བར་བྱ།། དུག་སྦྲང་འཐུང་དང་ཚོང་བསམ་གྱིས།། འགྲོ་ཉལ་མི་བྱ་མར་མེ་གཏང།། སྡོམ་ལ་གནས་པའི་རྣལ་འབྱོར་པས། ། འདོད་པའི་འབྲས་བུ་རྣམ་གཉིས་སོ།། ཐེ་ཙོམ་མེད་པར་རྙེད་པར་འགྱུར།། དེ་ཕྱིར་འབད་དེ་བསྲུང་བར་བྱ།། འདི་ཡི་གདམས་ངག་བླ་མའི་ངག། ཡི་དམ་ཀླུ་ཡི་ལེའུ་དང། ། འཇམ་དཔལ་ཏིང་འཛིན་ལེའུ་གདོན།། ཉིན་གསུམ་མཚན་གསུམ་གདོན་པའམ།། ཡང་ན་ར་བ་གསུམ་ལ་གདོན།། གཏོར་ཆུང་རེ་དང་ཚ་རེ་གདབ།། རྒྱུན་གྱི་སྤྱོད་ལམ་དག་ཏུ་གསུངས།། རྟག་ཏུ་རང་ཉིད་མ་ཡེངས་པར། ། ཨ་ཀྲོ་གདོན་ཞིང་ཡིད་མཚམས་གཅད།། རང་གི་ལྟག་པའི་བདུད་སྒོ་ན།། ཅར་ལངས་ནག་པོ་བྱ་ཡི་བདུད།། ཉུང་ལོ་མ་རུ་རྟག་ཏུ་གནས།། དེས་ན་ཁྲོ་བོ་གསལ་བར་བྱ། ཤེལ་དཀར་རིན་ཆེན་སྒོ་ང་དང། ། འདམ་བུའི་རྫས་སུ་བསུབ་མི་བྱ།། སེང་གེ་དཀར་མོའི་འོ་མ་དག། དུག་ཅན་སྣོད་དུ་བླུགས་པ་མིན།། རིན་ཆེན་ནོར་བུ་རིན་པོ་ཆེ།། བསྲེག་པར་བྱ་བ་ཡོངས་མ་ཡིན།། ཁྱུང་ཆེན་གཤོག་པ་འཁོར་བརྒྱད་པ། ། དེ་དག་བཅག་པར་བྱ་བ་མིན།། གནམ་ལྕགས་མེ་ཡི་རྡུང་མོ་དག། བརྡབ་པར་བྱ་བ་མ་ཡིན་ནོ།། སྟག་ཟིལ་འགྲོལ་བའི་ས་ལས་བྱ།། ལས་ཀྱི་ལྷག་མ་བསྡུ་མི་བྱ།། རྡོ་རྗེ་བྲག་ཆེན་གཏམས་པའི་གཞི།། དེ་དག་གཤིགས་པར་བྱ་བ་མིན། ། རྡོ་རྗེ་ར་ཡི་གོ་ཆས་ནི།། བསྡམ་བྱ་བརླག་པར་བྱ་བ་མིན།། བུད་ཤིང་བསྲེགས་པའི་སྒྲོན་མ་དག། འཐོར་རླུང་དྲག་པོས་བསྐྱར་མི་བྱ།། རྡོ་རྗེ་ཚིག་གི་ཆུ་རྒྱུན་དག། འོལ་ཁ་གཅག་པར་བྱ་བ་མིན། ། རྒྱལ་བའི་བཀའ་རྟགས་ཕྱག་རྒྱ་ནི།། ནམ་ཡང་སྤྱད་པར་མི་བྱའོ།། རྡོ་རྗེ་ཕ་ལམ་གཏམ་པའི་མཁར།། རྨད་ནས་བཟློག་བར་མི་བྱའོ།། གཙུག་གི་ནོར་བུ་འབར་བ་དག། རྒྱལ་མཚན་རྩེ་ནས་དབོག་མི་བྱ། ། འཇམ་དཔལ་རྟགས་ཏུ་བསྒོམ་དང་ཕྱག་ཏུ་བེ་ཅོན་བཅང།། མ་ཡེངས་རྒྱུན་དུ་རག་ཤ་བསྒྲངས།། ལམ་མི་གཟུར་ཞིང་བགྲོད་དཀའ་འགྲོ། ཚིག་གིས་བར་མི་གཅད་པར་དང།། རང་ཉིད་རྟག་ཏུ་ཁྲོ་བོར་བསྒོམ། ། སྟག་ལྤགས་གྱོན་ཞིང་ཤ་ཆེན་མུར།། རྩ་བ་ཉམས་པས་ཡན་ལག་རླག། དཔེར་ན་བཅའ་སོགས་སེམས་བཏང་བཞིན།། ཐམས་ཅད་རླག་པར་གྱུར་པའོ།། སྐུ་ཡི་ས་མ་ཡ་ཉམས་ན།། དཔེར་ན་སོལ་སྡོང་དེ་བཞིན་ནོ། ། དེ་ལ་མྱུ་གུ་ཅི་ལ་སྐྱེ།། གསུང་གི་དམ་ཚིག་ཉམས་གྱུར་ན།། ས་བོན་དབང་མེས་ཚིག་བཞིན་ནོ།། ཐུགས་ཀྱི་ཉམས་ན་སད་ཁྱེར་འདྲ།། དཔེ་དོན་བཤད་དེ་རྡོང་དུ་ཞོག། ཟླ་གསང་ནག་པོའི་དམ་ཚིག་བསྲུང་ཐབས་བསྟན་པའི་ལེའུ་སྟེ་བརྒྱད་ཅུ་ཐམས་པའོ། །།། ཡང་ཞུས་པ། སྟོན་པ་ལགས། རྒྱུན་དུ་མི་འབྲལ་ཏིང་འཛིན་གང།། རྫས་ཀྱི་རིམ་པ་ཇི་ལྟར་ལགས།། ཞུས་པས། བཀའ་སྩལ་པ། ཉོན་ཅིག་ང་ཡིས་བཤད་པར་བྱ། ། རང་ཉིད་འཇམ་དཔལ་གཤིན་རྗེ་གཤེད།། མ་ཡེངས་རྒྱུན་དུ་དྲང་བར་བྱ།། བཅུ་བདུན་པ་དང་མི་འབྲལ་ཞིང།། འཛབ་བསྟོད་སྟོང་ཚོགས་མཆོད་པ་དབུལ།། སེང་ལྡེང་འདོམ་ཚད་བེ་ཅོན་ནམ། ། ཡང་ན་བེ་ཤིང་བཟང་པོ་ལ།། ལྷར་བསྒོམ་མི་འབྲལ་ཕྱག་མཚན་དེ།། གཡོན་པ་སྡིགས་མཛུབ་མུ་ཏྲ་ལ།། གཡས་པ་སེང་ལྡེང་འདོམ་གང་ལ།། མི་འབྲལ་རྟག་ཏུ་བཅང་བར་བྱ།། དེས་ནི་ནུས་མཐུས་མོད་ལ་འབྱུང། ། མདུན་དུ་བཟས་པ་ཕོ་མོ་ལ།། ཚམ་རྔར་བྱས་པས་བརྒྱལ་བར་བྱེད།། བེ་ཅོན་བརྒྱབ་པས་འཆོར་མི་སྲིད།། དེས་ན་ནུས་པ་ཡོད་པའི་ཤིང།། ཕྱག་མཁར་དག་ཏུ་རྒྱལ་བས་གསུངས།། མི་ཤིས་པ་ཡི་རྫས་རྣམས་དང། ། གདུག་པ་ཅན་གྱི་ཤིང་རྣམས་ནི།། དྲང་པོ་རྫས་སུ་ཤིས་པར་བཤད།། འབྲུབ་ཁུང་རྡུལ་ཚོན་འཁོར་ལོ་བྲི།། རྣལ་འབྱོར་པ་ཡིས་ལས་རིམ་ཡིན།། བཏུ་བཀོད་ཡོ་དང་དྲང་བ་ནི།། འཇམ་དཔལ་སྔགས་ཀྱི་ཐེམས་ཞེས་གྲགས། ། རྫས་ཤེས་བྱ་བའི་རིམ་པ་ལ།། སེང་ལྡེང་ཕུར་པ་འདོམ་གང་ལ།། མི་རྐང་འཕྲེང་བ་རྟག་ཏུ་བགྲང།། ཞིང་གཞབ་བཞི་དང་ཆས་པ་བགོ། ཙིཏྟ་ཚིལ་ཆེན་བསྐུ་མཉེ་བྱ། གོ་རོ་ཙ་ན་ཤ་ཆེན་བརྟེན། ། རྒྱུ་འཕྲེང་ཁྲག་ཆེན་རྒྱུན་དུ་བཅའ།། འཁོར་ལོ་གུ་གུལ་ཉུངས་ཀར་དང། དུག་སྣ་ཐུན་སྣ་བརྒྱད་པ་བསོགས།། སེམས་ཅན་ལྦུགས་ཅན་ལྦུགས་མེད་ཁྲག། ཞིང་གི་སྟན་ཏེ་སྤྲེ་སྤུ་དང།། རང་གི་བསྒོམ་ཐབས་མ་ནོར་བསྒོམ། ། སྐྱེ་ཚེ་ཐུན་རྫས་མོན་བཞི་བསྐུལ།། རྒྱུན་དུ་ཨ་ཀྲོ་ཉི་ཤར་བཞིན།། བརྗེད་མེད་དག་ཏུ་གདོན་ཞིང་བསྐུལ།། སྙིང་ཁར་ཉི་མའི་དཀྱིལ་འཁོར་བསམ།། དེ་སྟེངས་ཨ་ཀྲོ་བཅུ་བདུན་པ། ། དེ་ཡི་དབུས་སུ་ཨོཾ་བསྒོམས་ཏེ།། ཨོཾ་ཀྱི་དབུས་ན་རྩ་སྤུའོ།། དེ་ཡི་ནང་ན་ཕར་རྒྱས་པས།། འཇམ་དཔལ་བདུད་ཀྱི་དྲག་སྔགས་བདུན།། ཁོང་ནས་བརྒྱུད་དེ།། ཁུང་གི་དཀྱིལ་ན་གཟས་པ་ཡོད་པ་ཡི།། སྙིང་སླད་དཀྱིལ་དུ་བཞུས་བཙུགས་ཏེ། ། སྦུད་པ་སོལ་མར་བྲས་པ་བཞིན།། གཟས་པའི་དཀྱིལ་དུ་རྫས་རྣམས་སྤུངས།། དེ་ལ་སྔགས་ཀྱིས་བུད་པ་ཡིས།། གཟས་པ་ལྕགས་ནག་བཞུ་པ་བཞིན།། རྣལ་འབྱོར་ལག་ཆས་ཐོ་བ་བཞིན། ། བརྡུངས་པས་རྡུལ་ཕྲན་བཞིན་དུ་བརླག། བརླག་པའི་ཐེད་ཤུལ་གཉེན་སར་གནན།། ལྷག་མ་འཇམ་དཔལ་ཧོམ་དུ་བསྲེག། ཐལ་བ་རླུང་པོ་ཁ་ལ་ཕྱར།། རྩ་བ་འཆང་ལ་ཁྱིམ་དུ་བརླག། འདི་ཡི་ལས་སུ་ནི་འཇམ་དཔལ་གྱིས། ། བདུད་ཀྱི་དྲག་སྔགས་བདུན་པ།། ཁ་ཐུན་ནག་པོས་བསད་པ་སྟེ།། རྫས་དག་སྔགས་དང་ལག་ཅ་གསུམ།། རྒྱུན་དུ་ཡི་དམ་བྱ་བར་བཤད།། དེ་ཡི་དྲང་སྔགས་འདི་ལྟ་སྟེ།། སྔོན་དུ་ཨ་ཀྲོ་བརྒྱ་ཚར་གདོན། ། གཏིང་ལ་གདོན་པ་འདི་ལྟ་སྟེ།། ཨོཾ་ག་རོ་ནི་ཤ་ན་སྙིང་ཤག་རྦད། ཙ་རོ་པ་ཤ་ན་ཤག་རྦད།། མུ་ག་ག་དུ་ན་ཤག་རྦད།། ཛ་ལ་པོ་ཏ་ན་ཤག་རྦད།། འབྲུ་གསུམ་ན་ས་ན་ཤག་རྦད།། རཾ་ཏི་པུ་ན་ན་ཤག་རྦད། ། ཁ་ག་ཤ་ལ་ནི་ཤག་རྦད།། མི་འགྱུར་བདུད་ཀྱི་འབྲུ་བདུན་པ།། འཇམ་དཔལ་ཁ་ཐུན་འབྲུ་བདུན་པ།། སྔོན་དུ་བསྙེན་པའི་སྔགས་སུ་བཤད་པའོ།། གསང་སྔགས་བདུད་ཀྱི་འབྲུ་བརྒྱད་པ།། ག་རོ་ན་ནི་ཤ་ན་སྙིང་ཤག་རྦད། ། ཙ་རོ་པ་ན་སྙིང་ཤག་རྦད།། མུ་ག་གུ་དུ་ན་སྙིང་ཤག་རྦད།། ཛ་ལ་པོ་ཏྲ་ན་སྙིང་ཤག་རྦད།། འབྲུ་ཏྲི་ན་སྙིང་ཤག་རྦད། ཝ་ཁ་ཤ་ལ་ནི་སྙིང་ཤག་རྦད། དེ་ནི་གསད་པའི་སྔགས་སུ་གསུངས། ། སྙིང་ཤག་རྦད་ནི་དགྲ་འཛབ་སྟེ།། སྙིང་ཤག་ཟེར་ན་སྙིང་ཁ་ཕྱེ།། རྦད་ན་སྙིང་རྩ་ཆོད་ཅིག་པའོ།། ལྷ་འཛབ་དགྲ་འཛབ་གཉིས་དྲིལ་ལ།། སྔགས་ཀྱི་འཁོར་ལོས་ཟིན་པ་བྱ།། དགྲ་འཛབ་གཅིག་པུ་གདོན་པ་ནི། ། མཐུ་ནི་སྦོད་གཏོང་བྱེད་པ་སྟེ།། རྣལ་འབྱོར་སྦ་བ་བསྒྱུར་བ་འདྲ།། བདུད་ཀྱི་དྲག་སྔགས་བདུན་པ་ཡིས།། འབྲུབ་ཁུང་དག་ལ་རྟེན་པ་དང།། རྫས་སུ་འབྲུ་སྣ་ལྔ་ལ་གཏོར་མ་བྱ།། ལུག་ནག་འུག་པའི་མགོ་བོ་དང། ། གསེར་དངུལ་དུང་དང་བྱུ་རུ་དང།། ཁྱི་ནག་ཐོད་པ་སྙིང་ནག་དང།། ལུག་ནག་བྱ་ནག་རྟ་ནག་གསུམ།། དེ་གསུམ་སྙིང་རྩ་བ་དང་མ་བྲལ་བ།། དེ་ཡི་ནང་དུ་མིང་རུས་གཞུག། འབྲུང་ཁུང་ཟུར་གསུམ་དག་ཏུ་ནི། ། ཤར་དུ་བྱ་རོག་དག་དགོད་དོ།། ནུབ་ཏུ་སྐྱུང་ཁྲག་གསོབ་དག་དགོད།། ཁ་ནི་དགྲ་བོའི་ཕྱོགས་སུ་བསྟན།། ཤིན་ཏུ་ཟབ་པའི་འཇམ་དཔལ་གྱིས།། བདུད་ཀྱི་དྲག་སྔགས་བདུན་གྱིས་ནི།། དོན་པོ་བསྒྲལ་བའི་མན་ངག་ནི། ། དྲག་སྔགས་བདུན་པ་སྤུ་གྲི་སོ།། འཇམ་དཔལ་གཤིན་རྗེའི་ཏན་ཏྲ་ལས།། མན་ངག་ཡིག་ཆུང་རྒྱུད་ཅེས་བྱ་བ། བདུད་ཀྱི་དྲག་སྔགས་བདུན་པ་ཞེས་བྱ་བ།། རྫས་དང། སྔགས་དང། ལག་ཅ་ལ་རྟེན་ཏེ་སྒྲུབ་པ་ཞེས་བྱ་བ། ། བདུད་ཀྱི་སྤུ་གྲི་ནག་པོ་མཚོན་རྣོན་པོ་འདྲ་བའི་སྒྲུབ་པའོ།། བདུད་ཀྱི་དྲག་སྔགས་བདུན་པའི་ལེའུ་སྟེ་གྱ་གཅིག་པའོ།།།། ཡང་ཞུས་པ།། འཁོར་རྣམས་ལ་མདོང་གསོལ་དུ་གསུངས་ཏེ།། ཉོན་ཅིག་འཁོར་རྣམས་མ་ཡེངས་པར། ། ད་རུང་དགོས་དོན་ངས་བཤད་ཀྱིས།། ཁྱོད་ཀྱིས་ང་ལ་པཱུ་ཙ་ཕུལ།། ཡང་འཁོར་རྣམས་དང་བ་སྐྱེས་ཏེ།། བསྐོར་བ་ལན་སྟོང་བྱས།། མེ་ཏོག་གཏོར།། པཱུ་ཙ་ཕུལ་ཏེ་གསོལ་བ་བཏབ་པ། ། ཧོ་ཧོ་སྟོན་པ་ལགས། ཀྱེ་མ་ཧོ་ངོ་མཚར་ཏོ་ལེགས་སོ།། ཀྱེ་ཀྱེ་བཀུར་སྟི་དང་བསྟི་སྟང་དུ།། བགྱིད་དོ།། བླ་མར་བགྱིད་དོ།། མཉེས་པར་བགྱིད་དོ།། ཕུ་དུད་བགྱིད་དོ། རིམ་གྲོར་བགྱིད་དོ།། ཀྱེ་མ་ཧོ་རབ་ཏུ་ལེགས་སོ། ། བདག་ཅག་རྣམས་ལ་དེའི་དོན་བསྟན་དུ་གསོལ།། བཀའ་སྩལ་པར་གསོལ་ཏོ།། ཉོན་ཅིག་འཇམ་དཔལ་རྣོན་པོ་བ།། འཇམ་དཔལ་ནག་པོའི་ལས་ཐབས་ལ།། བྱ་ལུགས་བསམ་གྱིས་མི་ལང་ཡང། ། དགོས་འདོད་འགྲུབ་པ་འདི་ལྟར་བཤད།། འཇམ་དཔལ་གཤིན་རྗེ་གཤེད་པོ་ལ།། མགོན་པོས་བསྐོར་ཏེ་བསྒྲུབ་ལུགས་གསུམ།། ཐུགས་ཀྱིས་གདུངས་པས་འདི་ལས་མེད།། འཇམ་དཔལ་དགོན་པོས་བསྐོར་བ། ། སྲོག་ཏི་ནག་པོ་ཞེས་བྱ་བ།། རང་ཉིད་ཡ་མན་ཏ་ཀར་བསྒོམ།། ཐུགས་ཀར་མ་ཧཱ་ཀཱ་ལ་བསྒོམ་པར་བྱ།། རྟེན་ཐབས་གྲི་རྒོད་ཡག་པའི་སྙིང།། དར་སྣ་ནག་པོས་སྙིང་བརྒྱན་ཏེ།། མངའ་བྱ་རྒོད་བུམ་སྒྲོམ་བྱ།། དེ་ལ་སྙིང་དེ་གདགས་པར་བྱ། ། ཚེ་དང་ཉུངས་ཀར་ཆང་ཕུད་དང།། རྨེ་ཁྲག་དག་དང་བན་དྷར་སྦྱར།། བྱིན་རླབས་བསྒོམ་པ་ཇི་བཞིན་དུ།། སྣང་སྲིད་ཧྲིལ་གྱིས་མ་ཧཱ་ཀ་ལར་བསྒོམ།། བྱིན་རླབས་རྒྱུན་དུ་གདོན་པའི་སྔགས། ། མ་ཧཱ་ཀཱ་ལ་ཏྲག་ཤག་རྦད།། མ་ཧཱ་ཀཱ་ས་སི་ཏི་ཡེ་ཤེས་དུ་ཛ། དེ་བརྗོད་ཡོན་ཏན་དགྲ་སྙིང་འདྲེན།། བཟས་པའི་བདུད་དུ་འདི་སྦད་དེ།། བསྐུལ་བའི་ཡ་རྟགས་འདི་རྣམས་སོ།། རྟ་ཁྲག་བོང་གཅིན་དུད་པ་དང། ། ཉུངས་ཀར་རྒྱལ་པོ་རབ་ཆད་ཐོད།། རྦད་པའི་རྫས་ཚོ་འབེད་དུ་བཅའ།། དགྲ་བོ་ཅི་སྨོས་སྲིད་པ་གསུམ་ཡང་ཕུང།། སྲོག་ཐིགས་ནག་པོའི་སྔགས་ལ།། ཨོཾ་ཐིབ་བྱི་ནོ་སྙིང་ནས། སུ་ཏྲི་ཙི་ཏི་རྦད། མ་ཧཱ་པ་ལ་ཧཱུཾ་ཧཱུཾ་ཕཊ་ཕཊ། བཟླས་པ་ཏིང་འཛིན་ལས་སུ་རུང།། ཉམས་རྟགས་བྱུང་ནས་ཐུགས་དམ་བསྐུལ།། མ་ཧཱ་ཀ་ལ་སྤྱན་དྲང་བ།། ཧཱུཾ། དད་པ་དང་ནི་དམ་ཚིག་གིས།། ཚུར་གཤེགས་ཚུར་སྤྱོན་སྲོག་བདུད་ཆེན་པོ་ལགས། ། མངོན་ཤེས་རྫུ་འཕྲུལ་ཐབས་ཀྱི་གཙོ།། རྔམ་པའི་ཞལ་གདངས་གཏུམ་པའི་སྐུ།། མཐིང་ནག་མོན་པའི་གཡུ་སྐུ་ལ་གསོལ།། དུག་གི་སྡོང་པོ་ཕྱག་ན་ཐོགས།། ཞལ་ནས་ནད་ཀྱི་རླངས་པ་གཏོང།། དུག་གི་ངན་སྐྱུགས་ཆར་དུ་འབེབས། ། ཚེ་དང་སྲོག་ལ་དབང་བྱེད་པའི།། སྲོག་བདུད་ཆེན་པོ་འཕྲིན་ལས་དུས་ལ་བབ།། མཚན་ནི་རྡོ་རྗེ་མ་ཧཱ་ཀཱ་ལ་སྟེ།། ལྷ་ཆེན་བདུད་པོ་མ་རུངས་པ། བཅོལ་བའི་འཕྲིན་ལས་གྲུབ་པར་མཛོད། ། རྦད་སྔགས་དག་ཏུ་བྱ་བ་སྔགས།། ཨོཾ་པ་ཙ་ཏྲི་ཡ་བྷྱོ་ནི་ཚིལ་པ། ཏྲི་ཡ་ཛ། ཧཱུཾ། མངོན་ཤེས་རིག་པའི་རྫུ་འཕྲུལ་ཅན།། བདུད་པོ་ཆེན་པོ་མི་བཟད་པ།། མངོན་ཤེས་རིག་པའི་ཐབས་ཀྱི་གཙོ་བོ་སྟེ།། ཕྱག་ན་བདུད་ཀྱི་ཁྲམ་ཡང་བསྣམས། ། བདུད་པོ་རྣམས་ཀྱི་གཙོ་བོ་སྟེ།། ཁྲོ་བོའི་རྒྱལ་པོ་གཤེགས་སུ་གསོལ།། དྲེད་མོ་དག་ནི་སྦྱང་བུ་ལ།། སེང་གེ་སྔོན་པོའི་གོང་སླག་ཅན།། ལག་ན་མི་སྙིག་ཁྲག་ཐོགས་ཤིང།། སྙིང་རྗེ་མེད་པར་འདུ་ཞིང་སྲོག་གི་དབུགས་ལ་རྔམ། ། དགྲ་བོ་སྲོག་དབུགས་དང་པོ་འབྲེལ་བར་བྱེད།། ལྷ་ཆེན་མགོན་པོ་ནག་པོ་སྟེ།། ལྷ་མོ་ནག་མོ་དགེས་པར་འཁྲིལ།། ལྷ་མོ་གཉན་དང་གཉིས་སུ་མེད།། བྱང་ཤར་མཚམས་སུ་གནས་བཅས་ཤིང། ། ཐོད་པ་འབར་བའི་སྐུ་མཁར་ལ།། རིན་ཆེན་གསེར་གྱི་སྒོ་མོ་རྩལ།། མཐིང་ཟབ་གཡུ་ཡི་སྐས་བཙུགས་ཤིང།། ལྷ་ཆེན་ལྕམ་དྲལ་གཤེགས་ཀྱི་གནས།། གནས་རབ་བམ་རིལ་ཐོད་པའི་མཁར། ། ཞེ་སྡང་བདུད་ཀྱི་རྒྱལ་པོ་མཁར།། ལོགས་ཅིག་སེམས་ཅན་མི་ཡི་ཐོད་པས་བྱས།། ལོགས་ཅིག་སེམས་ཅན་ལུག་གི་ཐོད་པས་བྱས།། ལོགས་ཅིག་སེམས་ཅན་སྤྲེའུའི་ཐོད་པས་བྱས།། ལྕགས་ཀྱི་བདུད་དེ་བཞིན་མཁར་ན། ། སྐུ་མཁར་དེ་ཡི་ནང་ཤེད་ན།། ཇོ་བོ་བདུད་པོ་རྒྱལ་པོ་མངའ་བདག་བཞུགས།། དམ་ཚིག་ཅན་གྱི་གྲོགས་ལ་བརྩོན།། དམ་ཚིག་ཉམས་པའི་རྩ་རྒྱུས་གཅོད།། མནའ་ཟན་པོ་ཡི་སྲོག་དབུགས་འཕྲོག། ལྷ་ཆེན་ཁྱབ་འཇུག་མ་ཧཱ་ཀཱ་ལ་སྟེ།། སྲོག་ལ་རྔམ་ཞིང་བདུད་ཀྱི་ལྕམ།། མ་ཆགས་ཐབས་ཀྱི་རོལ་པ་མཛད།། སྲོག་ལ་རྔམ་པ་བདུད་པོ་ཀུན་གྱི་གཙོ།། བཅོལ་བའི་ལས་རྣམས་མཛད་དུ་གསོལ། ། རིན་ཆེན་གསེར་གྱི་ཁྲི་སྟེངས་ན།། མི་རོ་རྟ་རོ་གཅལ་དུ་བཀྲམ།། ཞལ་ནས་མི་ཞག་རྟ་ཞག་འཛག། ཆིབས་སུ་དྲེ་རྟག་སྔོན་པོ་ཆིབས།། བདུད་ཀྱི་ཞགས་པ་སྔོ་བཀྲ་འཕེན།། བཅོལ་བའི་འཕྲིན་ལས་གྲུབ་པར་མཛོད། ། ཆའོ་ཆའོ་དགྲ་ལ་ཆ།། གཤིན་རྗེ་མགོན་པོ་ལས་མཛོད་ཅིག། མན་ངག་ཡིག་ཆུང་སྒྲུབ་ཐབས་ཀྱི་རྒྱུད་ལས།། འཇམ་དཔལ་ཟླ་གསང་གི་ཏན་ཏྲ་ལས།། གཤིན་རྗེ་ལ་མགོན་པོས་བསྐོར་ཏེ་བསྒྲུབས་པའི་ལེའུ་སྟེ་གྱ་གཉིས་པའོ། །།། ཡང་གསུངས་པ།། ཉོན་ཅིག་འཁོར་རྣམས་མ་ཡེངས་པར།། བཅོལ་ལྡན་འཇམ་དཔལ་གཤིན་རྗེ་ལ།། ལུག་ནག་མོ་མགོ་ནག་ལ་འབེན་བཅའ།། ཨ་ཀྲོ་རྩ་བ་མི་འགྱུར་གདོན། ། ལུག་ལ་བྲབ་ཅིང་སྔགས་འདི་བཟླས།། ནི་ལ་ཛ་ལ་ཛ་ལ་ཧཱུཾ་ཕཊ།། ཨུ་དུཾ་མ་ནི་ན་ཏིབ་ཧཱུཾ་ཕཊ།། ཨོཾ་ཡ་ཤ་ཤ་ན་ཧཱུཾ་ཕཊ།། ཨོཾ་ཀ་རུ་ཧཱུཾ་ཕཊ།། ར་ཏྲི་ཤ་ན་ཛུ་ན་ཧཱུཾ་ཕཊ། གཏད་པ་ཡ་མ་དམ་སྲི་ལ།། ཨོཾ་ཤོ་ན་ནི་གྲི་ན་ཧཱུཾ་ཕཊ། ཨ་ཤོ་མུ་ཏྲ་ན་ཧཱུཾ་ཕཊ།། མ་ཧཱ་ཀཱ་ལ།། ས་མ་ལ་ཡ།། ས་མ་ལོ། གི་བྷྱོ་མོ་ནི་ཧཱུཾ་ཕཊ།། རྒྱུན་དུ་གདོན་པའི་སྙིང་པོའོ།། མིང་རུས་བྲིས་ཏེ་ཁྱི་ཐོད་གཞུག། དགྲ་བོ་དུར་དཀྱིལ་བཅུག་སྟེ་ལུག་ན་བསྐོར།། ཤ་ཁྲག་ཁྲོ་བོ་ལ་པཱུ་ཙར་དབུལ། ། དེ་ནས་འཇམ་དཔལ་གཤིན་རྗེ་དང།། མགོན་པོ་ཉིད་ལ་ཕུད་རྒོད་མ་ཉམས་པའི་ནང་དུ་གསེར་དངུལ་བརྡར།། ལུག་པོ་ཁྲག་དང་བསྲེས་ཏེ་གཏང་རག་གཏང།། མ་མཉེས་ན་དགྲ་སྙིང་བུམ་པའི་ཁར་བཞག་ལ། ། གཤིན་རྗེ་དང་ནི་མགོན་པོ་དག་ལ་དབུལ།། ཁྱེད་ཀྱི་ལྟོ་རུ་དགྲ་བགེགས་ལྟ་ཅི་དགོས།། འཛམ་གླིང་བཞི་ཡང་ཁྱོད་ལ་བཅོལ།། སེ་ན་སེ་ཞེས་བཟླས་ལ་རང་བཞིན་གནས་སུ་གཤེགས་སུ་གསོལ། ། ཡོང་ཞིང་སེམས་ད་དུང་མ་ཁུགས་ན།། བྲམ་ཟེ་ཤ་ཟན་བྱ་བའི་ཐབས།། ཕོ་ཉ་འདིས་ནི་མངག་གཞུག་དགྱེ།། དུག་སྤྱོད་མ་ཡི་ལས་ལ་གཏང།། ཧཱུཾ།། ཤར་ཕྱོགས་ཤེལ་གྱི་ཞིང་ཁམས་ན།། མོན་མོ་ནག་མོ་ཤེལ་མིག་མ། ། རལ་པ་གསིགས་པའི་སྟོང་ཁམས་ཁྱབ།། རལ་པ་རེ་ཞིང་ཕུར་པ་རེ།། ཕུར་བུ་རེ་ཞིང་ཁྲོ་བོ་རེ།། ཁྲོ་བོ་རེ་ཞིང་ཁྲོ་མོ་རེ།། བདག་གི་དགྲ་བོ་མ་ཐུལ་ན།། མོན་མོ་ནག་མོ་རབ་ཟླ་ཟློག། དེ་སང་ནམ་གྱི་གུང་ལ་བབ། ། དགྲ་བོ་གཉིད་ཀྱི་ཐུམ་ལ་བབ།། གཉིད་ལོག་རྩ་ན་བླ་མཁྱེན་གྱིས།། དགྲ་བོ་བླ་ཚེ་ཁུག་ལ་ཤོག། ཤར་ལྷོ་བསེ་ཡི་ཞིང་ཁམས་ན།། མོན་མོ་ནག་མོ་བསེ་མིག་མ།། རལ་པ་གསིགས་པས་སྟོང་ཁམས་ཁྱབ། ། རལ་པ་རེ་ལ་ཕུར་པ་རེ།། ཕུར་པ་རེ་ལ་ཁྲོ་བོ་རེ།། ཁྲོ་བོ་རེ་ལ་ཁྲོ་མོ་རེ།། བདག་གིས་དགྲ་བོ་མ་ཐུལ་ན།། མོན་མོ་སེ་མིག་སྟོངས་ལ་གཤེགས།། དགྲ་བོ་རྩ་རྒྱུད་ཆོད་ལ་ཤོག། ལྷོ་ཕྱོགས་གཡུ་ཡི་ཞིང་ཁམས་ན། ། མོན་མོ་ནག་མོ་གཡུ་མིག་མ།། རལ་པ་གསིགས་པས་ཕུར་པ་རེ།། ཕུར་པ་རེ་ལ་ཁྲོ་བོ་རེ།། ཁྲོ་བོ་རེ་ལ་ཁྲོ་མོ་རེ།། ཕུར་བུ་དགྲ་ལ་གདབ་རེ་རན།། ནུབ་ཕྱོགས་འབར་བྱེད་ཞིང་ཁམས་ན།། མོན་མོ་ནག་མོ་འཁར་མིག་མ། ། རལ་པ་གསིགས་པས་ཕུར་པ་རེ།། ཕུར་པ་རེ་ལ་ཁྲོ་བོ་རེ།། ཁྲོ་བོ་རེ་ལ་ཁྲོ་མོ་རེ།། དགྲ་བོ་དམ་ཉམས་ཁྲིད་ལ་ཤོག། བྱང་ཤར་གསེར་གྱི་ཞིང་ཁམས་ན།། མོན་མོ་ནག་མོ་གསེར་མིག་མ། ། རལ་པ་གསིགས་པས་ཕུར་པ་རེ།། ཕུར་པ་རེ་ལ་ཁྲོ་བོ་རེ།། ཁྲོ་བོ་རེ་ལ་ཁྲོ་མོ་རེ།། དམ་ཉམས་དགྲ་བོ་ཁྲིད་ལ་ཤོག། སྟེང་གི་ཉི་མའི་ཞིང་ཁམས་ན།། མོན་མོ་ནག་མོ་ཉི་མིག་མ།། རལ་བ་གསིག་པས་ཕུར་པ་རེ། ། ཕུར་པ་རེ་ལ་ཁྲོ་བོ་རེ།། ཁྲོ་བོ་རེ་ལ་ཁྲོ་མོ་རེ།། ཉི་ཟེར་ཕུར་བུས་དགྲ་ལ་གཟེར།། དམ་ཉམས་དགྲ་བོ་ཁྲིད་ལ་ཤོག། འོག་གི་དངུལ་གྱི་ཞིང་ཁམས་ན།། མོན་མོ་ནག་མོ་དངུལ་མིག་མ།། རལ་པ་གསིགས་པ་ཕུར་པ་རེ། ། ཕུར་པ་རེ་ལ་ཁྲོ་བོ་རེ།། ཁྲོ་བོ་རེ་ལ་ཁྲོ་མོ་རེ།། དམ་ཉམས་དགྲ་བོ་ཁྲིད་ལ་ཤོག། དེ་སྐད་བསྐུལ་ཏེ་མོན་མོ་བཅུ་གསུམ་བསྐུལ།། རྟེན་རྫས་ལུག་ནག་མོན་མགོ་འམ།། བྱ་ནག་མོན་མགོས་ཐུགས་དམ་བསྐུལ། ། གསེར་སྐྱེམས་ཆ་དགུས་གསེར་གཡུ་བརྡར།། དེ་ལ་རྟ་དང་འབེན་དུ་བཅའ།། ལས་བཅོལ་བསྒྲལ་ལ་ནན་པ་བྱ།། ཟླ་གསང་ནག་པོའི་སྒྲུབ་ཐབས་མན་ངག་གི་ཏན་ཏྲ་ལས།། འཇམ་དཔལ་མོན་མོ་བཅུ་གསུམ་གྱིས་བསྐོར་ཏེ་བསྒྲུབ་པའི་ལེའུ་སྟེ་གྱ་གསུམ་པའོ། །།། ཡང་གསུངས་པ། ཉོན་ཅིག་འཁོར་རྣམས་མ་ལུས་པ།། བཅོམ་ལྡན་འཇམ་དཔལ་གཤིན་རྗེ་ལ།། མགོན་པོ་དྲག་སྔགས་བདུན་པ་ཡིས།། བསྐོར་ཏེ་བསྒྲུབ་པའི་རིམ་པ་བསྟན། ། ལྷ་ཆེན་མ་ཧཱ་ཀཱ་ལ་ལ།། དྲག་སྔགས་བདུན་པ་བསྐུར་ཏེ།། བསྐོར་ཁང་སྲུང་པར་དབང་བསྐུར་ཏེ།། ཀུན་གྱི་བདུད་ཀྱི་བློན་པོར་བསྐུར།། དྲག་སྔགས་འབྲུ་བདུན་གདབ་པར་བྱ།། ལིང་ཁ་གནས་བདུན་དག་ཏུ་གདབ། ། འབྲུབ་ཁུང་གྲུ་གསུམ་བདུན་བྱས་ཏེ།། དེ་དེའི་ནང་དུ་ལིང་ག་གཞུག། རང་ཉིད་འཇམ་དཔལ་དག་ཏུ་བསྒོམ།། མ་ཧཱ་ཀཱ་ལས་ལས་མཁན་བྱ།། གནན་པ་ལས་ཀྱི་གཤིན་རྗེའི་ལྷོ་རུ་གནན། ། མཆོད་རྟེན་ནག་པོར་བྱས་ལ་གནན།། གྲོ་ག་ཤིང་ཤུན་དུམ་བུ་བདུན།། མིང་བྱང་བྲིས་ཏེ་ལིང་ཁར་བླན།། དེ་རེ་ལ་ནི་ཕུར་བུ་རེ།། དེ་ལ་བརྟན་སྔགས་འདི་ལྟ་སྟེ།། སྲོག་ཏི་ནག་པོ་འབྲུ་བདུན་པ།། འཇམ་དཔལ་སྤུ་གྲི་ནག་པོའི་སྔགས། ། ཨོཾ་ཤྲཱི་ཧི་ཧི་ཛ་ནི་ཤག་ཧཱུཾ་ཕཊ། མུ་རི་ཙི་ཏི་ནི་ཧཱུཾ་ཕཊ། རེ་གྲོ་ཤོ་ནི་ཤག་ཧཱུཾ་ཕཊ།། མུ་རུ་ཙིཏྟ་ཙ་ཏ་ནི་ཤག་ཧཱུཾ་ཕཊ། ཡ་མེ་ཏི་ཤེ་ནི་ཤག་ཧཱུཾ་ཕཊ།། བི་ཤ་ཏྲི་ཤ་ནི་ཤག་ཧཱུཾ་ཕཊ། མ་ཧཱ་ར་ཏྲི་ནི་ཤག་ཧཱུཾ་ཕཊ། ངན་སྔགས་འབྲུ་བདུན་སྤུ་གྲི་འདིས།། བསྟན་པ་བསྲུང་ཕྱིར་བདུད་ཀྱི་རྒྱལ་པོ་དག་ལ་གཏད།། འབྲུ་བདུན་བདུད་ཀྱི་སྤྱན་པས་རྒྱུ་སྐར་བཟློག། དེ་ནས་བློན་པོ་བདུད་ལ་གཏད།། བློན་པོས་སྤྱན་ནས་རི་རབ་བསྙིལ། ། དེ་རུ་འབྲུ་བདུན་ཅང་ཐེབས་ནས།། སླར་ལ་བདུད་ཀྱི་མ་ཧཱ་ཀ་ལ་ལ་ཕུལ།། མ་ཧཱ་ཀ་ལས་གཤིན་རྗེ་འབངས་སུ་བླངས།། མིང་དུ་སྲོག་ཏིང་ནག་པོ་འབྲུ་བདུན་པར།། མིང་བཏགས་དབང་བསྐུར་དམ་ལ་བཏགས། ། ཆུ་བོ་ཆེན་པོ་ཡང་གྱེན་དུ་ཟློགས་སོ།། དེ་ལྟར་ཆོས་སྐྱོང་བསྲུང་མར་དམ་དུ་བཅས།། ནོར་རྫས་རྗེས་སུ་འབྲེང་བར་བྱས།། སྔགས་འཆང་ནོར་ལ་མེ་རུ་འབར།། སྨྱོ་འབོག་ནོར་གྱི་རྗེས་སུ་འགྲོ། མོན་པ་ལ་མོན་མོར་བརྫུ་ཞིང་ཡོང།། དགྲ་ནོར་ཀུན་གྱི་རྗེས་གཅོད་རྟགས་འདོན་ནོ།། མིང་གསང་མཚན་མོན་པ་དུག་སྤྱོད་ཅེས་བྱ་བ།། འདི་ཡང་འཁོར་དུ་མོན་མོ་བདུན་འོངས་ཏེ།། མོན་མོ་མཐུ་རྩལ་འགྲན་ཏེ། ། མོན་མོ་གསེར་མིག་མས་ནི་སྔགས་འདི་བཟླས།། མཱ་ར་ཡ་ཧཱུཾ་ཕཊ། འབྲུ་བདུན་སྔགས་ཀྱི་ཤམ་བུར་བྱས།། དྲག་སྔགས་ཕོ་བདུན་མོ་བདུན་སྔགས།། མ་མོ་དངུལ་མིག་མ་ས་ནི།། སྲིད་པ་གསུམ་ལ་མངའ་མཛད་དེ། ། མཐུ་རྩལ་དེ་ལས་ཆེ་བ་མེད།། མོན་མོ་ནག་མོ་ཟངས་མིག་མས་ནི།། ས་གཞི་སྒྱུར་ཟློག་བྱེད་དེ་དེ་ལས་མཐུ་རྩལ་ཆེ་བ་མེད།། མོན་མོ་ནག་མོ་འཁར་མིག་མས།། སྦྲུལ་ཞོན་ཆུ་ལ་ཞོག་ཞིང་འགྲོ་སྟེ།། མཐུ་རྩལ་ཆེ་མོན་མོ་ཤེལ་མིག་མས་ནི། ། སྲིད་པ་ཁ་ཞབས་བཟློག། མཐུ་རྩལ་དེ་ནི་ས་ས་ནས།། ཤིན་ཏུ་ཁྱད་པར་ཆེ་བར་བཤད།། དྲག་སྔགས་བདུན་པ་མངོན་དུ་གྲུབ་སྟེ།། དམ་ཉམས་དགྲ་བགེགས་ཐམས་ཅད་བསྐུལ།། དྲག་སྔགས་འབྲུ་བདུན་ཤ་ཟན་གྱིས། ། སྲིད་པ་བརླག་པར་བྱས་པ་སྟེ།། གནན་པ་གཞུང་དང་མཐུན་པར་བྱ།། འཇམ་དཔལ་ཟླ་གསང་ནག་པོ་མན་ངག་ཡིག་ཆུང་སྒྲུབ་ཐབས་ཀྱི་རྒྱུད་ལས།། འཇམ་དཔལ་དྲག་སྔགས་ཕོ་བདུན་མོ་བདུན་གྱིས་བསྐོར་ཏེ་བསྒྲུབ་པའི་ལེའུ་སྟེ་གྱ་བཞི་པའོ། །།། ཡང་གསུངས་པ།། ཉོན་ཅིག་རྡོ་རྗེ་རྣོན་པོ་ཁྱོད།། རྣལ་འབྱོར་དམ་སྲི་འདུལ་ཐབས་འཇམ་དཔལ་གཤིན་རྗེ་གཤེད་པོ་ལ།། མགོན་པོ་མ་ཧཱ་ཀཱ་ལས་བསྐོར། ། དང་ལ་བྱ་ཐབས་བཤད་པར་བྱ།། མཎྜལ་གྲུབ་བཞི་ཁྲུ་གང་བ།། དབུས་སུ་ནག་པོ་བདུན་བརྩེགས་པར།། བྱས་ཏེ་རོ་སོལ་ནང་དུ་བྱུག། ཁ་རུ་གཙང་མར་མདའ་གཞུ་གཏང།། ཐ་མ་མེ་རི་ཚེར་མས་བསྐོར། ། དབུས་སུ་ཐོད་པ་རབས་ཆད་ལ། མ་ཧཱ་ཀཱ་ལ་མགོན་པོའི་སྙིང་པོ་བྲི།། ལོག་ལ་འཇམ་དཔལ་ཨ་ཀྲོ་བྲི།། བཟས་པ་གྲོ་ག་ལ་མིང་རུས་བྲི།། ཁྱི་ནག་ཐོད་པ་མཁར་ནག་གིས་བསྡམས།། ཐོད་ཆེན་ཐོག་ཏུ་ཁས་བུ་གཞག། ལན་ཅིག་ཁྱི་ཐོད་གནན་པ་བྱ།། དེ་ཡི་མཐའ་མར་ཐོད་ཚལ་བདུན་གྱིས་བསྐོར།། དེ་ཡི་མཐའ་མ་ཡང་ཁྱི་ནག་མོ་བདུན་གྱིས་བསྐོར།། བག་ཟན་དག་ལ་གཟུགས་བྱས་ཏེ།། མཚོན་གྱི་བསྒྱུར་ཏེ་བསྐོར་བར་བྱ། ། ཐོད་པའི་དབུས་སུ་གཤིན་རྗེ་བསྒོམ།། མདུན་དུ་མ་ཧཱ་ཀཱ་ལ་བསྒོམ།། དགྲ་བགེགས་ཁྱི་ཐོད་ནང་དུ་གཞུག། ཁྱི་མོ་ནག་མོ་ཀང་ཀ་མས་ཟ་ཞིང་མཐུ་རྩལ་དེ་ལས་ཆེ་བ་མེད།། ཁྱི་མོ་ནང་མོ་གདོང་རྒྱ་མས། ། དགྲ་བགེགས་བླ་ཚེ་འགུགས།། མཐུ་རྩལ་ཆེ་ཞིང་ཆུ་སྲིན་ནོ།། ཁྱི་མོ་ནག་མོ་དངུལ་མིག་མས།། དགྲ་བོ་གློ་སྙིང་འདྲེན་པར་བྱེད།། མཐུ་རྩལ་དེ་ལས་ཆེ་བ་མེད།། ཁྱི་མོ་ནག་མོ་ཕག་གདོང་མས། ། རྣམ་པར་ཤེས་པ་ཧཱུཾ་གིས་འདྲེན།། མཐུ་རྩལ་དེ་ལས་ཆེ་བ་མེད།། ཁྱི་མོ་སྔོན་མོ་སྤྱང་སྔོན་མས།། དགྲ་དང་བགེགས་ཀྱི་དབུགས་འཕྲོག་མ།། ཁྱི་མོ་ནག་མོ་ཤེས་རབ་མས།། ཁྲོ་ཆུས་ཞལ་ལ་རྡོ་རྗེ་སྐུ།། མུ་ཏྲ་བསྒྱུར་ཞིང་རྡོ་རྗེ་རྩེ་གསུམ་གསོར། ། དེ་ལྟར་བསྒྲུབས་པས་དགྲ་བགེགས་རྣམས།། ཅི་སྨོས་གཉལ་ཐག་འཆད་པར་འགྱུར།། ནག་མོ་ཁྲམ་སྐད་འབྱིན་ཞིང་རི་རབ་བསྐོར།། ལྷང་ལྷང་ངུ་ཞིང་དུར་ཁྲོད་གནས་ཉུལ་མ། ། སྲིན་གཅན་གདུལ་བའི་མཐུ་མོ་ཆེ།། རྒྱ་མཚོ་དང་ལ་སྐྱེམས་པར་བྱེད།། ཀླུ་རྣམས་ཀུན་ཀྱང་སྐུ་ལ་འབྱུང།། དེ་ལྟར་ཀླུ་ཡི་མ་མོ་ཧབ་ཤམ་མས།། མ་ཧཱ་ཀཱ་ལ་ཉིད་ལ་གསང་བའི་མདངས་ཕུལ་ཏེ།། མ་ཆགས་ཐབས་ཀྱི་རོལ་པ་མཛད། ། བྱང་ཆུབ་སེམས་ཀྱི་རིག་པ་ཤར།། རྒྱ་མཚོ་འགྲོས་བཀྲོས་པ་ཐམས་ཅད་འདར་ཡེད་ཡེད།། ཀླུ་ཡི་བུ་མོ་ཧབ་ཤམ་མས།། འཇམ་དཔལ་གཤིན་རྗེ་ནག་པོ་ལས།། སྲོག་གི་ཐིགས་པ་བདུན་ཞུས་པས། ། གནང་སྟེ་ཕྱག་རྒྱ་རྒྱ་ཡིས་བཏབ།། བེ་ཅོན་བཙུགས་ཏེ་རྒྱས་བཏབ་བོ།། ཉུངས་ཀར་བསྔགས་ཏེ་གནན་ཏེ་གཞག། མ་ཧཱ་ཀཱ་ལ་ཁྲོ་བོ་དཔལ།། ཉུངས་ཀར་རྒྱལ་པོ་སྤྱན་གསུམ་པ།། ལྷ་ཆེན་ཁྱེད་ལ་སྐྱབས་སུ་མཆི། ། བཅོལ་བ་ཅི་བསམས་འགྲུབ་པར་འགྱུར།། རི་རབ་ཀུན་གྱི་རྨང་དུ་སྦ།། བསྟན་པའི་རྫས་སུ་གསུངས་པ་ལ།། གྲི་རྒོད་ཡག་པའི་སྙིང་རྩེ་དང།། དར་སྣ་ནག་པོ་ལྔ་པས་བརྒྱན།། མདའ་མ་བྱ་རྒོད་སུམ་སྒྲོན་ཅིག། དེ་ལ་དེ་རྣམས་གདགས་པར་བྱ།། ཆང་ཕུད་གཙང་མར་ཉུངས་ཀར་ཚེ།། རྨེ་ཁྲག་དག་དང་ཀ་པཱ་ལར།། སྦྱར་ཏེ་བྱིན་བརླབས་ཚུལ་དུ་བྱ།། རང་ཉིད་ཡ་མནྟ་ཀར་བསྒོམ།། སྣང་སྲིད་སྐྱེ་འགྲོ་མ་ལུས་ལ། ། དེ་ཡི་བདུད་དུ་གྱུར་པར་བསྒོམ།། རྒྱུན་དུ་གདོན་པའི་སྙིང་པོ་ནི།། ཨ་ཀྲོ་བསྙེན་པ་ལྷ་བསྙེན་ནོ།། མ་ཧཱ་ལའི་བསྙེན་པ་ལ།། མ་ཧཱ་ཀཱ་ལ་ཏྲག་ཤ། མ་ཧཱ་ཀཱ་ལ་སྲིདྷི་ཡམ་དུ་ཛ།། བརྗོད་པས་སྐུ་ཆེ་ཡན་ལག་རགས། ། སྟག་ལྤགས་བཀྲམ་པའི་སྟེང་དུ་ཞལ་བགྲད་དེ།། ཕྱག་ན་ཏྲི་ཤུལ་མི་མགོས་བརྒྱན་པ་བསྣམས།། གཡོན་པ་གཟས་པའི་སྙིང་ཁྲག་འཐུང།། བསྙེན་པ་ཚད་དུ་ཕྱིན་ཙམ་ན།། ལྷ་རྣམས་འདྲེ་རྟགས་རྟོད་ཅིང་འོང། ། ཁོ་ལ་མཆོད་པའི་ཡ་རྟགས་སུ།། རྟ་ཁྲམ་བོད་ནག་གཅིན་ཁུ་དང།། ཉུངས་ཀར་རྒྱལ་པོ་རབས་ཆད་ཐོད་པ།། འདི་ནི་པཱུ་ཙ་རྒྱུན་དུ་དབུལ།། དབུགས་སྔགས་དག་ནི་འདི་ལྟ་སྟེ།། ཨོཾ་བླབ་བྱི་ནི་སྙིང་ནལ།། སུ་ཏྲི་ཙི་ཏི་རྦད། ། མ་ཧཱ་པ་ལ་ཧཱུཾ་ཧཱུཾ་ཕཊ་ཕཊ། བཟླས་ཏེ་རྫས་རྣམས་དབུལ་བར་བྱ།། ཉམས་དང་ཏིང་འཛིན་གསལ་བར་འབྱུང།། རུས་པ་རྔུབ་ཅིང་བསྟན་པ་བསྲུང།། འཇམ་དཔལ་གཤིན་རྗེ་ཟླ་གསང་ནག་པོའི་རྒྱུད་ལས། ། མན་ངག་ཡིག་ཆུང་གི་རྒྱུད་ལས་འཇམ་དཔལ་མོན་མོ་བདུན་དང་ཁྱི་མོ་བདུན་གྱིས་བསྐོར་ཏེ་བསྒྲུབ་པའི་ལེའུ་སྟེ་གྱ་ལྔ་པའོ།།།། ཡང་ཞུས་པ། ཉོན་ཅིག་འཇམ་དཔལ་རྣོན་པོ་ཁྱོད།། སྲིད་པའི་མ་མོ་ལས་ལ་བསྐུལ། ། མ་བསྐུལ་རང་ལ་ལྡོག་པར་གསུངས།། དེས་ན་འདི་སྐུལ་རབ་ཏུ་གཅེས།། ཡབ་དང་གཉིས་མེད་འཁྲིལ་བའི་ཡུམ།། ཆོས་ཀྱི་དབྱིངས་ལས་སྐུ་བཞེངས་པ།། ཕོ་བྲང་དག་ཏུ་སྐུ་བསྐྱོད་ཅིང། ། མི་བཟད་སྒེག་མོ་རལ་གཅིག་མ།། བདུད་ཀྱི་ལྕམ་ལ་གཤིན་རྗེའི་ཡུམ།། འདོད་པ་ཁམས་ཀྱི་དབང་ཕྱུག་མ།། ནམ་མཁའ་ཁམས་ཀྱི་དབང་ཕྱུག་མ།། ནམ་མཁའ་ཀྱི་གློག་མ་སྤྲིན།། སྒེག་མོ་རལ་གཅིག་མ་ཡིན་ནམ། ། མཐུ་རྩལ་ཕྱུང་བའི་དུས་ལ་བབ།། སེང་གེ་གཉན་གྱི་རྩལ་སྤྲུལ་མ།། རྡོ་རྗེ་གཉན་གྱི་ཁྲོ་མོ་འཛམ།། རཀྟ་གཉེན་གྱི་ཁྲོ་བོ་འཛམ།། སྒེག་མོ་རལ་གཅིག་མ་ཡིན་ནམ།། ལྷ་མོ་གཉན་ཀྱི་རེ་མ་ཏི།། ཀླུ་མོ་གཉན་གྱི་རེ་མ་ཏི། ། དཔལ་ལྡན་གཉན་གྱི་རེ་མ་ཏི།། སྒེག་མོ་རལ་གཅིག་མ་ཡིན་ནམ།། ཨེ་ཀ་གཉན་གྱི་རེ་མ་ཏི།། བདུད་མོ་གཉན་གྱི་རེ་མ་ཏི།། བདུད་ཀྱི་བུ་མོ་མ་ཡིན་ནམ།། གསང་བདག་གཉན་གྱི་རེ་མ་ཏི། ། འགུ་ཏ་གཉན་གྱི་རེ་མ་ཏི།། སྲིན་མོ་གཉན་གྱི་རེ་མ་ཏི།། དབང་ཕྱུག་གཉན་གྱི་རེ་མ་ཏི།། སྒེག་མོ་རལ་གཅིག་མ་ཡིན་ནམ།། གཅེར་བུ་ནག་མོ་བོང་ཞོན་མ།། ལྷ་མོ་ནག་མོ་གློག་གྱུར་མ།། འཛམ་གླིང་གྲོང་ཁྱེར་ལྟས་ཁྱབ་མ། ། ཆིབས་སུ་དྲེ་རྟ་རྐང་གསུམ་ཆིབས།། ལྷ་མོ་ནག་མོ་འབུམ་སྡེས་བསྐོར།། ནད་ཀྱི་རྐྱལ་བ་གོང་བུ་བཀལ།། མཚོན་གྱི་རྐྱལ་བ་འཕོངས་ལ་བཏགས།། མཛོ་མོ་ཁལ་དུ་ཁྲིད།། ཁ་ནས་མི་རོ་རྟ་རོ་སྐྱུག། སྟོང་ཁམས་ཤ་ཁྲག་མངའ་མཛད་མ།། སྲིད་གསུམ་འགྲོ་བའི་ཤ་ཁྲག་བདག། སྒེག་མོ་རལ་གཅིག་མ་ཡིན་ནམ།། གཤིན་རྗེ་རྒྱལ་པོ་ཀུན་གྱི་ཡུམ།། བཀའ་བཞིན་བསྒྲུབ་པའི་རྣལ་འབྱོར་པ།། སྐུ་ལ་བདོ་བའི་དགྲ་བོ་འདི། ། མིང་པོ་བདག་ལ་བསྙེས་པ་དང།། སྲིང་མོ་ཁྱོད་ལ་ཕོད་བཙུགས་ཀྱིས།། གཟུགས་ཕུང་ཤིང་ལ་ཚེ་ཡི་འདུ་བྱེད་བསྐུལ།། གནམ་གྱི་འཇུ་ཐག་བཅད་དུ་གསོལ།། ས་ཡི་རྟེན་ཕུར་དབྱུང་དུ་གསོལ།། མ་གཅིག་རལ་གཅིག་མ་ཡིན་ནམ། ། ཏྲག་ཤག་ཤ་སྙིང་ཁ་རག་རུ་ལུ་རུ་ལུ་རག་མོ་ཏིང་ལམ་བྷྱོ། ས་མ་ཡ་ཕཊ། སྐབས་སུ་ཉི་མ་བཞི་པའི་སྔགས།། རྫས་ལ་བཟླས་ལ་བྲབ་པར་བྱ།། གཤིན་རྗེ་གཤེད་པོ་ཉ་ལ་འཇུག། དགུ་འམ་ཉི་ཤུ་དགུ་ལ་གདོན།། ཡ་མན་ཏ་ཀའི་ལས་དག་ལ་གདོན།། ཡ་མན་ཏ་ཀའི་ལས་དག་ནི།། ཙ་ར་རོག་པའི་མ་མཁལ་ལ།། མགུལ་དུ་མིང་རུས་བྲིས་བཏགས་ཏེ།། སྒྲུབ་ཁང་སྟེགས་བུའི་རྩ་རུ་གདགས། ། སྔཽན་དམར་ཐག་པས་གདགས་པར་བྱ།། སྐྱེ་ནས་ཁར་ནག་སྐུད་པས་གདགས།། དེ་ལ་སྔགས་བརྡེག་ཚད་དུ་དབྱུང།། དམིགས་པར་དེ་བསྒྲལ།། ཤ་ཁྲག་ལྷ་ལ་མཆོད་པ་དབུལ་བར་བྱ།། ཙིཏྟའི་ནང་དུ་ག་འུ་གཞུག། ཙཏྟི་སྔགས་དང་བཅས་པ་དག། ར་མགོ་དག་གི་ཁར་བཅུག་སྟེ།། ལམ་ཆེན་རྒྱ་གྲམ་དག་ཏུ་མནན།། ལས་བཞི་བྲོ་ཡི་གནན་པ་བྱ།། ཡ་མ་རཱ་ཛ་ཉི་ཤུ་རྩ་གཅིག་ལ་འཇུག། ཉི་ཤུ་དགུ་ལ་གདོན་པར་བྱ། ། ཉུངས་ནག་ཐལ་ཆེན་སྦྱར་བུའི་རྫས།། ཡ་མ་རཱ་ཛའི་ལས་དག་ནི།། དུར་ཁྲོད་རས་ལ་དཔེ་ཆུང་བྲི།། གུ་གུལ་བཏུགས་ཏེ་སྟེགས་བུར་དགྲམ།། ཐལ་ཆེན་ཀེང་རུས་ཕུར་བུས་བསྐོར།། སྟེང་ནས་བུད་མེད་ཞབས་མས་དགབ། ། སྔཽན་དམར་བྱད་ཐག་གདགས་པར་བྱ།། གང་ཡིན་དེ་ལ་བཀུག་བསྟིམ་ནས།། ར་ཡི་མགོ་ཡི་ནང་དུ་གཞག། ཕྱི་ནི་རེ་བའི་ཐུམ་པོར་གཞུག། མགོ་རེ་གྲོ་རེ་ཏ་རེན་པ། ས་རྦེད་དེ་ས་རྦེད་དེ་བོ་ཧོ་ན། ། དེ་བས་ཏ་ན་མཱ་རཱ་ཡ་ཧཱུཾ་ཕཊ།། དབང་ཕྱུག་ཆེན་པོ་ཉ་ལ་འཇུག། བདུན་པ་ཚེས་ནི་བདུན་ལ་དོན།། ནས་སྲན་ཏིལ་ནག་དབང་ཕྱུག་རྫས།། དབང་ཕྱུག་ཆེན་པོའི་ལས་དག་ནི།། རྨ་བྱ་དག་གི་རྒྱལ་མཚན་ལ། ། དམིགས་པའི་མིང་རུས་མགོ་རུ་གཞུག། སྙུག་རྒོད་གཙང་མ་སོར་བཞི་ལ།། བརྒྱད་བཞོགས་རྒྱལ་མཚན་མགུལ་དུ་གདགས།། ཕྱིང་དཀར་གཙང་མ་གྲུ་བཞི་གཅིག། སྟེགས་བུ་སྟེང་དུ་བཏིང་ནས་ནི།། ཤར་དུ་ནས་སྔོན་ཕུལ་གང་སྤུང། ། དཀྱིལ་དུ་རྒྱལ་མཚན་བཙུགས་ནས་ནི།། ཉིན་མཚན་བཟླས་ཤིང་བྲབ་བར་བྱ།། ནུབ་མོ་སྔགས་བཟླས་ཏིལ་གྱིས་བྲབ།། རྫོགས་ནས་རི་གསུམ་རྩེ་མོར་སོང་སྟེ།། དོང་བརྐོས་མིང་བྱང་དེར་བཅུག་སྟེ། ། རྩང་དང་མཉམ་པའི་ཕྱེད་ཁུང་བརྐོས།། རྩང་ལ་རིམ་པས་སྔགས་བཟླས་ཤིང།། དགྲ་ཕྱོགས་རྩེ་བསྟན་རེ་མོས་གཞུག། འཇམ་དཔལ་ཁྱེད་ལ་ལས་བཅོལ་ལོ།། འོ་ཐོད་ལན་གསུམ་དྲག་ཏུ་བོད། ། རིག་གསུམ་རྩེ་ལ་གནན་པ་བྱ།། ཧ་ན་སྟམ་པ།། མ་ར་ཧཱུཾ་བྷྱོ། པྲ་དུད་མཱ་ར་ཡ་ནན། དེ་བ་ད་ན་མཱ་ར་ཡ་ཧཱུཾ་ཕཊ། མ་མོ་བཅུ་དགུ་དག་ལ་གདོན།། ཉི་ཤུ་དག་ལ་འཇུག་པར་བྱ།། ཉུངས་ནག་ཞིང་གཡབ་མ་མོའི་རྫས། ། སྲིད་པའི་མ་མོ་ལས་དག་ནི།། ཞིང་ཆེན་རས་མ་དག་ལ་ནི།། ཤ་སྣ་སྙིང་སྣ་ཁྲག་སྣ་གསུམ་དག་གི། དམིགས་པའི་མིང་བྱང་བྲིས་ནས་སུ།། ཤ་ཁྲག་སྙིང་སྣའི་གཏོར་མ་དབུལ།། གའུ་ཁ་སྦྱར་ནང་དུ་ནི།། རྟེན་དང་བཅས་ནས་བཅུག་ནས་ནི། ། གང་ལ་དམིགས་པ་བཀུག་ལ་བསྟིམ།། གར་གཉན་ས་རུ་གནན།། ལས་གཞི་དུར་ཁྲོད་དཀྱིལ་དུ་གནན།། དེ་བ་ཏྲ་ན་མ་ར་ཡན།། ཁྱབ་འཇུག་རྒྱུ་བའི་དུས་སུ་འཇུག་རྒྱུ་བའི་དུས་སུ་འཇུག། གདོན་པའི་ཡང་རྒྱུ་བའི་དུས་སུ་གདོན།། མངར་གསུམ་ཀླུ་སྨན་ཉ་ཤ་ཁྲག། རུལ་པ་ཁྱབ་འཇུག་རྫས་སུ་བྱ།། ར་ཧུ་ལ་ཡི་ལས་ཐབས་ནི།། སྦྲུལ་སྔོན་དག་གི་ལྷགས་པ་རུ།། ནང་དུ་མིང་རུས་བྲིས་ཏེ་གཞུག། བསེ་ཁ་ཁ་སྦྱར་ནང་དུ་ནི།། འཁྱིལ་བའི་ཚུལ་དུ་བཅུག་ལ་བཞག། མངར་ཏི་ཀླུ་སྨན་སྣ་ཚོགས་ཀྱིས།། སྔགས་བཏབ་ཉིན་བཞི་བྲབ་པར་བྱ།། ཤ་རུལ་ཉ་རུལ་ཁྲག་རུལ་གྱིས།། དེ་ལ་སྔགས་བཟླས་ཚན་བཞི་གདབ། ། ཐོན་ནས་རི་གསུམ་རྩེར་སོང་ནས།། ཁུང་བརྐོས་ནང་དུ་རྩས་བཅུག་སྟེ།། དེ་སྟེངས་ཐོད་ཆེན་དག་གིས་བརྩིག། གསེར་སྐྱེམས་རྒྱུ་བའི་ཕྱོགས་སུ་བཏང།། ལས་བཅོལ་འོ་ཐོད་དྲག་པོ་ཐོད། ། དང་པོར་ཡ་མ་རཱ་ཛཱའི་ལས།། ཞེ་སྡང་རང་སྔགས་དྲག་སྔགས་ཕུལ།། ཡ་མ་རཱ་ཛའི་ལས་དག་ནི།། ཡི་དྭགས་ཀྱི་ནི་དགོངས་ལ་བྲི།། དུག་དང་སྐེ་ཚེ་ལན་ཚྭ་འདིས།། ཁྲག་སྣ་གསུམ་དང་སྦྱར་བ་ལ།། བྱ་རོག་སྒྲོག་རྩ་སྙུ་གུ་ཡིས། ། དམིགས་པ་དཔེ་ཆུང་བྲིས་ལ།། ཕྱི་བཤགས་གཏོར་མ་གཞུང་དུ་བསྲང།། དབང་གཟུགས་དམ་བརྡར་ལྷ་དང་དབྲལ།། གུ་གུལ་གྱིས་བདུགས་སྟེགས་བུ་དགྲམ།། ཐལ་ཆེན་ཀེང་རུས་ཕུར་བུས་བསྐོར། ། སྔོན་དམར་གྱིས་བསྐོར་ཞིབ་མས་དགབ།། མཆོད་པའི་དམ་རྫས་ཚོགས་པར་དགྲམ།། བསྙེན་མཆོད་ཐུགས་དམ་གཞུང་བཞིན་བྱ།། སྔགས་དང་ཕོ་ཉས་དགུག་འདྲེན་བྱ།། ཤེས་པ་བསྟིམ་སྟེ་ཏིང་འཛིན་བསལ། ། མཚན་མོ་བསྙེན་བསྒྲུབ་རྒྱུན་མི་བཅད།། ཉིན་མོ་བསད་པའི་སྔགས་ཀྱིས་བྲབ།། སྨྲ་བཅད་ཞེ་སྡང་བསྐྱེད་དེ་བསྒྲུབ།། ཧོཾ་ཁུང་སྙིང་པར་གནན་ཏེ་གཞག། གཤིན་རྗེ་དམར་པོའི་ལས་སུ་གསུངས།། ཉི་ཤུ་གཅིག་ལ་འཇུག་སྟེ་ཉི་ཤུ་དགུ་ལ་གདོན། ། རྫས་སུ་ཉུངས་ནག་ཐལ་ཆེན་སྦྱར།། ཡ་མ་རཱ་ཛའི་རྫས་སུ་གཞག། ནུབ་ནི་དང་པོ་དུང་ཕོར་སྙིང་ཁར་གཞག། དེ་ཡིས་དེ་ཡི་ལུས་ལ་བསྐུ།། བསད་སྔགས་བཟླས་ཤིང་དུག་གིས་བྲབ། ། གཉིས་པ་གསུམ་ཡང་དེ་བཞིན་བྱ།། ཐལ་ཆེན་ཉུངས་ནག་སྐེ་ཚེ་ལ།། ཉིན་མཚན་མེད་པར་བཟླས་ཤིང་བྲབ།། དམར་པོ་དག་གི་ལས་སུ་བཤད།། འཇམ་དཔལ་གཤིན་རྗེའི་ཏན་ཏྲ་ལས།། ཟླ་གསང་ནག་པོའི་རྒྱུད་མན་ངག་ཡིག་ཆུང་གི་རྒྱུད་ལས། ། སོ་སོར་བསྟན་པའི་ལེའུ་སྟེ་གྱ་དྲུག་པའོ།།།། ཡང་གསུངས་པ།། ཉོན་ཅིག་འཁོར་རྣམས་དད་པར་གྱིས།། མོན་མོ་མཆུ་བསྙུང་ངན་ཐབས་ནི།། བྱ་ལུགས་ཉི་ཤུ་ཐམས་པར་གསུངས། ། བཅོམ་ལྡན་འཇམ་དཔལ་གཤིན་རྗེ་ཡིས།། འཁོར་ལོ་ནང་དུ་སྦ་བ་ཡང།། བྱ་ཐམས་ཐ་དག་བསྟན་པ་སྟེ།། འབྲུབ་ཁུང་ཆག་གང་བ་གཅིག་བརྐོས།། ཐོད་པ་གར་རྙེད་པ་གཅིག་ཏུ།། མིང་རུས་བཅུག་སྟེ་འབྲུབ་ཁུང་དུ། ། ཁ་བུབ་དག་ཏུ་མནན་པ་བྱ།། ཁྱི་ཁྲག་ཐོག་ཏུ་གཏིག་པར་བྱ།། ཨོཾ་དུ་ན་ཤ་རྡ་ལེ་ཡ་དུད་ལེ་དེ།། ཨ་རི་ཨ་ད་རེ་ད་ནི་གཉིས་ཅིག་དེ་བི་མ་ལ་སྭཱ་ཧཱ།། སྔགས་དེས་གནན་པ་དག་ཏུ་བྱ། ། ཟླ་དུས་གདབ་བའི་མན་ཏྲའོ།། སྨྱོ་འབོགས་ཁྲག་ཏུ་སྐྱུགས་ནས་འཆི།། ཐུགས་པོ་དྲོ་པོའི་གཡང་གཞི་ལ།། སྙིང་དང་ཁྲག་ལ་གཏོར་མ་བྱ།། དཀྱིལ་འཁོར་ཐོག་ཏུ་དཀྲམ་བྱ་སྟེ།། མིང་རུས་གྲོ་ག་དག་ལ་བྲི།། ཤ་ལག་གཡས་པ་བརྡེག་ཅིང་བསྔག། རང་ཉིད་གོས་ནག་བགོ་བར་བྱ།། ཨ་ཀྲོ་ཡི་དམ་གདོན་པར་བྱ།། ས་མ་ཡ་སྟི་ཏ་བཾ། མ་རུ་ཐིབས་ཐིབས། ཐབ་པྲ་ནུར་ཁ་ཤ་ལ། ཐུལ་རི་ལི་ལི། རྟགས་ནི་ཟླ་བ་བདུན་རྟ་འོང། གྲི་རུ་ཤིང་སྟེ་ཁྲག་ཏུ་སྐྱུག། ལྷ་ཁང་ཐེམ་འོག་གནན་ལ་གཞག། ཡང་ངན་ཐབས་བྱ་བའི་ལས་ཐབས་ལ།། གཡག་པོ་གྲུས་ཙམ་རཱ་བཙལ་ལ།། དེ་ཡི་ནང་དུ་མདའ་བཅུག་སྟེ།། སུལ་མངས་བཞི་བཅུ་རྩ་གཉིས་ལ། ། དགྲ་བོ་དུ་ཡོད་མིང་རུས་གདགས།། དེ་ནས་རྭ་ཡི་ནང་དུ་གཞུག། ཐུམ་རི་ལི་ལི། ཤ་ཐུམ་ཤ་ཐུམ།། ཤ་ཤ་ཐུམ་ཤ་ཤ་ཐུམ།། མདའ་དང་གཡག་རུ་དགྲ་ཕྱོགས་སུ།། ཕོགས་བདུན་བར་དུ་འཕང་བར་བྱ། ། རྟགས་ནི་མདའ་དང་གྲི་ཡིས་འཆི།། ཞག་ནི་བཅུ་བདུན་དག་ནས་འཆི།། ཡང་ན་གནན་པ་གཞུང་དུ་བགྱི།། ཡང་ན་ངན་ཐབས་བདུན་མོའོ།། རྫས་དང་བྱ་ལུགས་འདི་ལྟ་སྟེ།། ལྷ་བཤོས་འདོམ་གང་ཚད་དུ་བྱ། ། ངོས་ཅིག་ཁྲག་གིས་བསྐུ་བར་བྱ།། ངོས་ཅིག་དམར་ཏེ་ངོས་ཅིག་ས་ནག་བསྐུ།། དེ་ལ་མདའ་ཁྲ་བཅུ་དྲུག་གཟུགས།། བག་ཟན་དག་ལ་ཉ་གཟུགས་བྱ།། བཅུ་དྲུག་བྱས་ཏེ་ཁོང་དུ་མིང་གཡང་བཅུག་སྟེ་མདའ་ལ་གདགས། ། མིང་རུས་ཚོན་གང་བྱས་ལ་གདགས།། ལྷ་བཤོས་སྟེང་དུ་མེ་མར་ལྔ།། སྔགས་ནི་བསྙེན་པ་འདི་དག་གོ། ཐིག་ནག་ཅིག་མེད།། གཉིས་དྲག་བརྒྱད་བཅས་དང། གནམ་ཐོངས་ཕྱེ། རམ་མི་རང་སོད། དེ་ནས་ཡ་རྟགས་མིང་རུས་ཀྱང། ། ལག་མཐོན་པོ་འམ་རྒྱལ་པོའི་སང།། དེ་ལྟ་བུ་རུ་བསྐྱལ་ལ་གནན།། ཁྱིལ་དུ་འོད་དུ་འབར་ནས་འཆི།། ཞག་ནི་བརྒྱད་ཅུ་རྩ་ལྔ་ལ།། སྨྱོ་འབོགས་ལྐུགས་ནས་འཆི་བར་གསུངས། ། ཡང་ན་ངན་ཐབས་བྱ་བ་ལ།། རྫས་དང་བྱ་ལུགས་འདི་ལྟ་སྟེ།། མཆེ་བ་ཅན་གྱི་ཐོད་ནང་དུ།། དགྲ་བོ་དུ་ཡོད་རྫས་བཅུག་སྟེ།། རི་ལུ་སུམ་ཅུ་རྩ་གཉིས་བྱས།། གྲོ་ག་དག་ལ་མིང་རུས་བྲིས་བྱས་ཏེ།། བཟླས་པའི་སྔགས་ནི་འདི་དག་གོ། ཤ་རམ་དུ་ར་ལིང། ཞིང་ཞིང་ལ་ཐུམ་རིལ། བརྗོད་དེ་ཉུངས་ཀར་དེ་ལ་བྲབ།། དེ་ལ་ཕུར་ལ་བྲབ་པར་བྱ།། ཐལ་འདག་དག་གིས་ཁ་བཅད་དེ།། རེ་བར་གཏུམས་ཏེ་ཐོད་པར་གཞུག། རི་བྲག་སེང་འདྲའི་ཁ་རུ་སྦ། ། ཕ་ཚན་ཐར་གྱིས་རླུང་གིས་ཁྱེར།། རིམས་ནད་བྱུང་བས་ཉལ་གྱིས་འགྲོ། ཡང་ན་ངན་ཐབས་འདི་ལྟ་སྟེ།། ལུག་དར་སྤུ་གསུམ་གཡང་གཞི་ལ།། དེ་སྟེངས་དགྲ་ཡི་མིང་རུས་གཞུག། ཤ་ལག་གཡས་པས་མིང་རུས་བརྡུང། ། སྔགས་སུ་དྲག་སྔགས་འདི་ལྟ་སྟེ།། སྤྲུང་ཛུ་ཤ་ལ་ཤིག། ཤུ་དུ་ཤུ་དུ་རྦད།། བྱས་ཤིང་མིང་ཡང་ཤ་ལག་གིས།། བརྡུངས་ལ་གཉན་ས་སྦས་ལ་གཞག། རྟགས་ནི་ཟླ་བ་གསུམ་ན་འོང། ། ལྟས་འདར་ཁྲག་ནད་གཟེར་ནས་འཆི།། ཡང་ནི་ངན་ཐབས་འདི་ལྟ་སྟེ།། དགྲ་བོ་ཕ་མེས་ཐོད་པ་དེས།། དུར་ནས་བླངས་ཏེ་ཐོད་ནང་དུ།། བག་ཟན་དག་ལ་སྦལ་ལྕོང་གཟུགས།། བྱས་ཏེ་ཐོད་པའི་ནང་དུ་གཞུག། ཐོད་པའི་མིག་ནས་ཚོན་སྐུད་དག་གི་གཟུགས།། གླང་ལ་བསྐོར་ལ་ཆུ་མིག་ཏུ་གཞུག། ལྷོ་རུ་ཁ་བལྟས་ནང་དུ་གཞུག། ཞག་ན་ཉི་ཤུ་རྩ་གསུམ་ན།། མཛེ་ཡིས་ཟིན་ཏེ་ཐེ་ཚོམ་མེད།། ཟླ་བ་གཉིས་ན་མཛེ་རུ་སྨིན། ། ཡང་ནི་ངན་ཐབས་བྱ་ཐབས་ལ།། བྲམ་ཟེ་ལྕེ་འཕྲོ་སྔགས་ཤེས་པ།། དེ་ཡི་རྫས་དང་བྱ་ཐབས་ལ།། རོ་ཤུན་རས་ལ་མིང་རུས་བྲི།། དེ་ནས་ཉུངས་ཀར་བྲབ་པར་བྱ།། ཕུང་ཁུང་མང་པོས་དེ་ལ་གདབ། ། སྔགས་ནི་འདི་དག་ཡིན་པ་སྟེ།། ཤ་ཤ་ཧབ་ཧབ།། རྦད་རྦད་དུ་དུ་ནན་ནན།། ཇི་ལྟར་ན་བ་སོས་པ་དང།། ཁྲག་དང་མཁྲིས་པ་སྐྱུག་ཅིང་འཆི།། འཁོར་ལོ་ནང་དུ་བཅུག་ལ་གནན།། ཞག་ནི་བཅུ་ན་ཆོ་འཕྲུལ་འོང། ། ཉི་ཤུ་དགུ་ན་འཆི་བར་གསུངས།། ཡང་ནི་བྲ་རྟ་དཀར་མོ་བསྲུང་བཅད་གསུངས།། འཇམ་དཔལ་གཤིན་རྗེ་གཤེད་པོ་ཡིས།། ཕན་གནོད་གཉིས་སུ་གསུངས་པ་ཡིན།། པྲ་རྟ་དབབ་པའི་བྱ་ཐབས་ལ།། གྲུ་བཞི་ཕྱོགས་བཞི་རུ། ། རྡོ་རྗེ་རྩེ་གསུམ་པ་རེ་བྲི།། འབུས་སུ་དབབ་སྔགས་བྲི་བར་བྱ།། འཁོར་ལོ་ནང་གི་གྲུ་བཞིར་ནི།། ཡི་གེ་ཁྲི་ཞེས་བྱ་བ་བྲི།། དེའི་ནང་དུ་སྔགས་བྲི་བ།། ཨོཾ་ན་མོ་བྷ་ག་ཝ་ཏི། རིག་དྲུང་མི་རི་ཡ་ཧཱུཾ་ཕཊ། དེ་ལྟར་སྡེ་ཚན་དྲུག་ཏུ་བྲི། སྔགས་ཀྱི་ལྡང་པུ་ཏྲ་ཡམ་པ་ཏ་ཡ་པ་ཏ་ཡ་ཞེས་པ་བྲི། སེར་བའི་མིང་དང་དབབ་བར་གྱུར་ཅིག་བྲི།། སྔགས་ཀྱི་འོག་ཏུ་བྲི་བ་ལ།། ཡུལ་ཆེ་གེ་མོ་བྱ་བ་བྲི།། སྔགས་དང།། འཁོར་ལོ་སྣག་ཚ་ནི། ། དྲག་པོ་བྲི་བ་དག་དང་མཐུན།། མཆོད་རྟེན་ནག་པོ་ཟུར་གསུམ་གཅིག། བྱས་ཏེ་དེ་ལ་རྣམ་ལྔ་དབུལ།། དེ་ཡི་ནང་དུ་འཁོར་ལོ་གཞུག། དགྲ་བོའི་ཡུལ་དབུ་ཞིང་དབུས་སུ།། [}]གས་ཏེ་གནན་ལ་གཞག་པའོ། ། ལས་སྦྱོར་དུས་སུ་ལྷོ་རུ་ལྟ།། མ་བྱུང་བར་དུ་ཐོག་སེར་དབབ།། ཕྱིང་བ་བཀབ་པ་འདྲ་བའམ།། རྫ་བཀྲམ་བཞིན།། ལུག་ལ་ཁུས་གདབ་བཞིན་དུ་དབབ།། སེར་བ་རྣམ་ཁོ་དག་ཏུ་འབབ།། བསྙེན་པའི་སྔགས་སུ་གསུངས་པ་ལ། ། ཨོཾ་བ་ག་ཏ་བ་ཏི། རིག་ཁྱུང་མི་རི་ཨ་ཧཱུཾ། ཡུལ་ཆེ་གེ་མོ་པྲ་རྟ་རམ་པ་ཏ་ཡ་པ་ཏེ།། རྟགས་དང་མཚན་མ་གྲངས་ཀྱིས་འབྱུང།། དེ་ནི་དབབ་པའི་སེར་བ་སྟེ།། རེ་དོགས་མེད་པར་གསུངས་པའོ། ། ཡང་ནི་ཕན་བྱ་བསྲུང་བ་བསྟན།། འཁོར་ལོ་བྲི་བ་གོང་དང་མཐུན།། འཁོར་ལོའི་དབུས་སུ་སྔགས་བྲི་བ།། མཚམས་བཞིར་ཁྲི་ཞེས་བྱ་བ་བཞི་བྲིས་ལ།། དབུས་སུ་སྔགས་བྲི་འདི་ལྟར་རོ།། ཨོཾ་ནག་མོ་བ་ག་འདི། རིག་ཁུང་མི་རི་ཡ་ཧཱུཾ། སྡེ་ཚན་དྲུག་ཏུ་དབུས་སུ་དགོད།། སྔགས་ཀྱི་ལྷད་དུ་ཡུལ་ཆེ་གེ་མོ་ཞེས་བྱ་བ་བྲི།། སྔགས་ཀྱི་འོག་ཏུ་པྲ་རྟ་མ་ར་ཡ་བྱ་བ་བྲི།། སྔགས་དག་འཁོར་ལོ་སྣག་ཚ་ནི།། ཞི་བ་བྲི་བ་བདག་དང་འཐུན། ། མཆོད་རྟེན་དཀར་པོ་ཟླུམ་པོ་གཅིག། བྱས་ཏེ་ནང་དུ་འཁོར་ལོ་གཞུག། ཡུལ་གྱི་དབུས་ཀྱི་ཁང་ཐོག་ཏུ།། བཞག་སྟེ་བཟླས་ན་པྲ་རྟ་མི་འོང་ངོ།། བཟླས་པ་བྱེད་པའི་དུས་ཙམ་ན།། རྣལ་འབྱོར་ཁ་ནི་བྱང་དང་ཤར། ། བལྟས་ཏེ་བཟླས་པ་འབད་པར་བྱ།། སེར་བའི་རྐྱེན་གྱིས་སེར་བ་ཐུབ་ངེས།། ལས་དང་ལོ་ཐོག་ལ་ཟབ་ཡི།། འདི་གཉིས་རྐྱེན་སེར་བཟློག་པར་བྱ།། ཕྱག་ཆ་ལྔ་ལ་ཡང་ཧཱུཾ་གིས་བསླབ་པར་བྱ།། རྡོ་རྗེ་ནག་པོ་ཧཱུཾ་གི་སྒྲ། ། དེ་ལས་འབྱུང་སྟེ་རྡོ་རྗེའི་རྔ།། དེ་ལས་གྱུར་བ་སྐད་ཅིག་གིས།། སྣ་ཚོགས་རྡོ་རྗེའི་བླ་རེད་གྱུར།། ནམ་མཁའ་ཁྱབ་པར་ཀུན་ཏུ་བསམ།། རྔ་དེ་དག་ལ་བཟླས་ཏེ་བརྡུང།། རྔ་ཡི་སྐད་ཀྱིས་ཐོག་སེར་འབེབས། ། འབབ་པ་རངས་པ་རྦད་ཀྱིས་འཆད།། དེ་ལྟ་སྒྲ་ཡི་བྱེ་བྲག་རྣམས།། ཡོད་ཚད་བརྡུང་དཀྲོལ་སེར་བ་དབབ།། དེ་ནི་བསྲུང་བ་དག་ཏུ་གསུངས།། བསྲུང་པའི་རྫས་སུ་ཉུངས་ཀར་དང།། དབབ་པའི་རྫས་སུ་སྙིང་སྣ་ཁྲག་སྣ་དང། ཤ་སྣ་ལོ་ཐོག་གངས་ཀྱི་ཆུ།། ཉུངས་ནག་དག་དང་བྱ་བར་ཤིས།། འཇམ་དཔལ་པར་དུ་ནག་པོ་ཡི།། ལས་ཐབས་བྱ་ལུགས་བསྟན་པ་ལ།། མཎྜལ་ཁྲུ་གང་ཟུར་གསུམ་བ།། དེ་ཡི་སྟེང་དུ་པར་བུ་ཁ་སྦུབ་ལ། ། འོག་ཏུ་ཧོམ་ཁུང་ཟུར་གསུམ་བརྐོ།། དེ་ཡི་ཁ་ནི་སྦར་བུས་དབབ།། ནང་དུ་མིང་རུས་བྲིས་པ་གཞུག། བར་དུ་བྱ་བར་རབས་ཆད་ཀྱི།། བེ་མོ་གར་རྙེད་ཐོད་པར་གཞུག། རང་གི་ཟ་བའི་སྣོད་ཀྱང་བྱ། ། མང་དུ་བཙལ་ཏེ་སྤྱད་པར་བྱ།། དེ་མིན་ཐོད་པ་གར་རྙེད་པ།། མཎྜལ་ཟུར་དུ་ཁྱི་ཐོད་གསུམ།། ཟུར་གསུམ་དག་ལ་དགོད་པར་བྱ།། དེ་ཡི་ནང་དུ་ཡང་མིང་རུས་གཞུག། སྦར་བུ་དག་ལ་ཉུངས་ཀར་བྲབ།། ཡི་དམ་ལྷ་རུ་གཤིན་རྗེ་བསྒོམ། ། ཐུགས་ཁར་མ་ཧཱ་དེ་བ་བསྒོམ།། དེས་ལས་མཁན་བྱ་བར་གསུངས།། འབྲུབ་ཁུང་ནང་དུ་དགྲ་བོ་ཡོད་པར་བསམ།། དགྲ་བོ་དགུག་སྔགས་འདི་ལྟ་སྟེ།། དང་ལ་ཨ་ཀྲོ་ལྷ་བསྙེན་གདོན།། དེ་ནས་ངན་སྔགས་སྤུ་གྲི་བཟླ་བར་བྱ། ། ཨོཾ་ཤཾ་ཨོཾ་ཤཾ། ཧཱུཾ་ཏྲཾ་ཏྲི་མཱ་ར་ཡ་ཕཊ། ཐུཾ་ཐུཾ་ཁྲོ་ཤཾ་སྭཱཧཱ། ཧཱུཾ་ཧཱུཾ་ཧ་ཧ།། ཧེ་ཧེ་མ་ར་ན་སྭཱཧཱ། ཧ་ཧུ་ཁྲི་སྭཱཧཱ། ཨོཾ་ཤཾ་ཤཾ་སྭཱཧཱ། ཤ་ཤ་ཤུ་ཤུ། ར་ར་རུ་རུ་མཱ་ར་ཡ་ཕཊ། ཨ་གད་ཙེ་ཨཱ་གད་ཙེ་མ་ར་ཡ་ཧཱུཾ་ཕཊ་སྭཱ་ཧཱ། ཤི་ཁྲཾ་ཤི་ཁྲཾ་ས་ཧ་ར་ན་མཱ་ར་ཡ་ཧཱུཾ་ཕཊ། ཧཾ་ཧཾ་ཧང་ཧང་དགྲ་བོ་མ་ར་ཡ་ཧཱུཾ་ཕཊ་སྭཱ་ཧཱ། ཧ་ཐུཾ་ཧུཾ་ཐུཾ་ཏྲང་ཧྲི་མཱ་ར་ཡ་ཧཱུཾ་ཕཊ་སྭཱ་ཧཱ། ཧཱུཾ་ཧཱུཾ་ཧྲི་ཧྲི་ཡ་ཏྲཾ་མ་ར་ན་སྦ་ཧཱུཾ་ཕཊ་སྭཱ་ཧཱ། ཨོཾ་ཤང་ཧཱུཾ་ཏྲང་ཧ་ཨོཾ་སྭཱཧཱ། ཧ་ལི་ཧུ་ལི་མ་ར་ན་སྭཱཧཱ། ཧཱུཾ་ཤ་ཧཱུཾ་ལྗང་ཧ་ཧཱུཾ་ཁྲཾ་སྭཱཧཱ། སྐོར་བ་ཕྱིན་ཕྱོགས་དག་ཏུ་བྱ།། སྒྲུབ་པ་ཞག་ནི་གསུམ་དུ་བྱ།། དེ་ནས་མིང་ཡང་ཁྱི་ཡང་ནང་དུ་གཞུག། བྲག་རྩ་འམ་མཆོད་རྟེན་རྙིང་པའི་ས་རུ་གནན།། ཆུ་མིག་ངམས་གནག་ཤིང་གཅིག་གམ། ། གད་པ་ནག་པོ་རྩ་ཞབས་བསམ།། ལྷ་འདྲེ་འགྲུལ་སྲང་སོགས་གནན།། དེས་ཀྱང་མ་གྲུབ་ཞག་གསུམ་བྱ།། དེས་ཀྱང་མ་གྲུབ་ཞག་དགུར་བྱ།། གནན་པ་སྔ་མ་བཞིན་དུ་བྱ། ། ཞག་དགུ་ལོན་ནས་བར་བུ་རྟགས་རྣམས་འབྱུང།། སྔགས་པ་རང་ཉིད་ཁྲུས་ནས་གདོན།། ལུས་བསྲུང་ལྷ་བསྙེན་ཚད་དུ་བྱ།། བསྟན་པ་བསྲུང་བའི་དོན་ཆེད་དུ།། འཇམ་དཔལ་བར་བུ་ངན་སྔགས་འདི།། ཤིན་ཏུ་ཁྱད་པར་འཕགས་པ་ཡི། ། མན་ངག་གསེར་ཐར་བར་བུ་འདི།། བསྟན་པ་བསྲུང་བའི་དོན་དུ་བསྟན།། འཇམ་དཔལ་ཟླ་གསང་ནག་པོའི་རྒྱུད་ལས།། ངན་སྔགས་ཀྱི་བར། བསེ་སྒྲོམ་ཁ་དབྱེ་བའི་ལེའུ་སྟེ་གྱ་བདུན་པའོ། །།། འཁོར་རྣམས་ཀྱིས་སྟོན་པ་ལ་ཕྱག་འཚལ་མཆོད་པ་ཕུལ་ཏེ།། བསྐོར་བ་ལན་སྟོང་དུ་བྱས་ཏེ། གསོལ་བ་བཏབ་སྟེ། ཨེ་མ་ཧོ།། སྟོན་པ་ལགས། ཁྱེད་ཀྱིས་གསུངས་པའི་ཏན་ཏྲ་འདི། དབུ་ཞབས་ཀྱི་དོན་རིལ་བདག་ལ་བཀའ་སྩལ་པ་སྐུ་དྲིན་ཆེའོ།། ངོ་མཚར་ལགས་སོ།། རྗེས་སུ་ཡི་རང་ལགས་སོ།། སྤྱི་བོར་བསྐུར་བར་བགྱིའོ།། བསྙེན་བཀུར་དང་བསྟི་སྟང་དུ་བགྱིད་དོ།། ཡིད་ལ་བཅང་ཞིང་བཀླག་པར་བགྱི། ། བྲི་བར་བགྱི། མཆོད་པར་བགྱིད་དོ།། ཧོ་ཧོ་ཧི། ཏན་ཏྲ་འདི་ཡི་དོན་སྟོན་པ་ཆེན་པོ་ལགས་གང་ལ་གདམས་པར་བགྱི།། གང་ལ་གཏད་པར་བགྱི། གང་དུ་བསྒྲགས་པར་འགྱུར།། འདི་ཡི་བདག་པོ་ནི་གང་གིས་བགྱི། ། དུས་ནི་ཇི་ཙམ་ན་འབྱུང་བ་ལགས།། གནས་ནི་གང་དུ་བཞུགས་པ་ལགས།། འཁོར་ནི་གང་ལ་སྟོན་པ་ལགས།། མཚན་ནི་ཇི་ལྟར་གདགས་པར་བགྱི། སྟོན་པ་ལགས་བདག་ཅག་འཁོར་རྣམས་ལ་བཀའ་སྩལ་པར་གསོལ། ། ཞེས་གསོལ་བ་བཏབ་བོ།། སྟོན་པ་ཏིང་ངེ་འཛིན་ལས་བཞེངས་ཏེ། བཀའ་སྩལ་པ། ཉོན་ཅིག་འཇམ་དཔལ་རྣོན་པོ་ལ་སོགས་འཁོར།། དད་པར་གྱིས་ལ་རྗེས་སུ་འབྲང།། ད་ཡང་གདམས་ཀྱིས་མ་ཡེངས་པར། ། དབང་པོ་ཡན་པར་མ་གཏང་བར།། ཤིན་ཏུ་དང་བས་ཉན་པར་གྱིས།། ཤིན་ཏུ་དད་པས་ཉན་པར་བགྱིས།། དང་པའི་འཁོར་ལ་བཤད་པར་གྱིས།། གང་ལ་གདམས་ན་འཁོར་གྱི་དང་པོ་ཁྱོད་ལ་གདམས། ། གང་ལ་གཏད་ན་སྡུད་པ་པོ་རྡོ་རྗེ་རྣོན་པོ་ཁྱོད་ལ་གཏད།། གང་དུ་གཏད་ན་མེ་རི་འབར་བའི་གནས་སུ་གཏད།། གང་དུ་སྒྲོགས་པར་འགྱུར་ན།། མི་ཡུལ་འདི་རུ་བསྒྲགས་པར་བགྱི།། འདི་ཡི་བདག་པོ་སྟོན་པ་འཇམ་དཔལ་གྱིས་བགྱི། དུས་ནི་ད་ལྟར་འབྱུང། དེས་ཀྱང་དུས་གསུམ་དུ་འབྱུང་ངོ་ཞེས།། གནས་ནི་འཛམ་བུ་གླིང་འདིར་བཞུགས་སོ།། འཁོར་ནི་སྔར་གྱི་ཞི་ཁྲོ་དང།། ད་ལྟ་མོས་པའི་འཁོར་ལ་སྟོན།། མཚན་ནི་ཟླ་གསང་ནག་པོའི་རྒྱུད། ། མན་ངག་སྒྲུབ་ཐབས་རྒྱུད་ཅེས་བྱ།། མ་མོས་པ་དང་དད་པ་མེད།། དམ་ཉམས་དམ་ལོག་དཔེ་འཁྱུད་བྱེད།། བཀའ་སླུ་དཔེ་རྐུན་ཟག་སོག་ཅན།། བྱིལ་མ་ནོར་ཆུང་གཡོ་སྒྱུ་ཅན།། མ་འདྲེས་འཕྱར་པ་ཡ་ག་འདོགས། ། དབང་དང་རིམ་པ་མ་བྱས་པར།། ཐོ་ཆོར་བྱེད་ཅིང་ཟིན་པར་ཁྱེར།། དམ་རྫས་མན་ངག་མང་སར་ངོམ་ལ་དགའ།། ཟབ་མོ་ཁྲག་ཚོངས་བྱེད་པའི་མི།། མེད་མཐོང་མ་ཐོས་རྫུན་དུ་སྨྲ།། མེད་པར་ཡོ་ལ་ཡོད་ཟེར་བ། ། ཕ་རོལ་ནོར་རྫས་ཐབས་ཀྱིས་འདྲུ།། རང་བསྟོད་བླ་མ་དམ་པ་སྨོད།། ཐོབ་ཏུ་འདོད་ན་ཅི་བཏུབ་བྱེད།། གདོན་མེད་གྲོང་དུ་བསྙེན་པ་བྱེད།། དམ་རྫས་གཉན་པོ་གོང་དུ་སྟོན།། རྔ་སྒྲ་དྲིལ་སྒྲ་གྲོང་དུ་བསྒྲོགས། ། དམར་དོང་དམར་པོ་གློ་ལ་འདོགས།། གཏོར་མ་སྟེགས་མེད་ཁྱི་གསེབ་འཐོར།། གྲོང་དུ་མཁའ་འགྲོ་གཏོར་མ་སྐྱོང།། ཤིང་འཕྲེང་གོག་པོ་གློ་ག་འདོགས།། རྣམ་འབྱོར་སྤྱི་ཡི་རྐང་འདྲེན་ཡིན།། བླ་མ་སློན་དཔོན་སྤུན་གྲོགས་ལ། ། ཚིག་རྩུབ་འབྱིན་ཞིང་བརྫུན་དུ་སྨྲ།། འཇིག་རྟེན་འདི་རུ་སྡུག་བསྔལ་འཚེད།། བསྒྲུབ་པ་ཐམས་ཅད་དོན་མེད་འགྱུར།། རང་ལ་མེད་པར་ངོམ་མཐུ་བྱེད།། རྟགས་མེད་ཁ་སྐད་སྣ་ཚོགས་སྨྲ། ། ལུང་ཚིག་ཐར་ཐོར་བློ་ལ་གཟུང།། བླ་མའི་གདམས་ངག་མ་ནོས་པར།། དབང་རིམ་ཚུལ་བཞིན་མ་བྱས་པར།། བྱ་རུ་མི་རུང་སྣ་ཚོགས་བྱེད།། གྲོང་དུ་ལྷ་འདྲེ་ཆེན་པོ་འདུལ།། སྲིད་བའི་ལྷ་འདྲེ་གཉེན་པོ་ལ། ། ཕུད་འཐོར་བདེན་པ་བརྡར་བ་ཚུགས།། ཚུལ་འཆོལ་མི་ནག་རྨོངས་པ་འདུལ།། གདེང་མེད་གནས་ཁང་སྲུང་བ་ཚུགས།། འཕྲེང་བ་བགྲང་ཞིང་ཞིབ་པ་སྐད།། མདའ་ཚད་ཁུར་ཞིང་ཕོད་ཀ་རིང།། ཞ་ཆེན་གོན་ཞིང་འཇོལ་བེར་ཆེ། ། འགྱིང་ཞིང་གོང་མ་མི་འཁུར་བ།། སྣ་ལ་གྲལ་གྱི་ཅོ་ལ་འཕྱོང།། བདེན་པ་མེད་པར་ཆེ་དག་སྨྲ།། གྲུབ་པ་མེད་པར་འདུལ་ཐབས་སྨྲ།། གཟུགས་འཛིན་མེད་ཅིང་ཆེ་བ་སྨྲ།། རང་ཤེས་མེད་པར་ཕ་རོལ་སྨོད། ། སློབ་དཔོན་མེད་པར་སློབ་བུ་རིས།། སྒོམ་རྒྱུ་མེད་པར་སྒོམ་ཚུལ་སྟོན།། རང་ལ་མི་ཕན་མཁས་པ་སྨོད།། མི་མཆོངས་པ་རུ་ཆགས་དཔོན་བྱེད།། མན་ངག་མཉན་པ་མ་བྱས་པར།། རྨོངས་པའི་གང་ཟག་དག་ལ་འཆད། ། ཀྱེ་མ་སེམས་ཅན་སྙིང་རེ་རྗེ།། འདི་ལྟ་བུ་ཡི་གང་ཟག་ལ།། མང་ངག་གསང་བའི་ཏན་ཏྲ་འདི།། མཐོང་ཞིང་ཐོས་པ་མི་བྱའོ།། འདི་བསྟན་དམྱལ་བར་མི་ཐར་བཞིན།། རྡོ་རྗེ་དམྱལ་བར་ལྟུང་བར་ངེས། ། འདི་ལ་རྒྱུད་འདི་བསྟན་མི་བྱ།། ཤིན་ཏུ་ཡིད་ལ་གཅགས་པར་བྱ།། ཤིན་ཏུ་མི་བསྒྲགས་རྒྱ་ཡེས་བཏབ།། འོ་ན་གདམས་ཤིང་བསྟན་པའི་སྣོད།། ཤེས་རབ་རྣམ་གསུམ་རབ་སྦྱངས་པས།། བླ་མ་སློབ་དཔོན་དམ་པ་ལ། ། དཀར་བ་ཆེན་དུ་བྱས་པའི་མི།། དཔར་རིམ་ཕྱག་ནི་ཡུན་དུ་བྱས།། ཡུན་དུ་རྗེས་སུ་བེ་བཞིན་འབྲངས།། བླ་མའི་རིག་པ་རིམ་བཞིན་འཁུར།། ནོར་དང་ཟས་དང་འཁོར་རྣམས་ཀྱིས།། རྟག་ཏུ་འཁུར་ཞིང་བླ་མ་བསྟེན། ། བཀའ་མི་གཅོག་ཅིང་བུ་བཞིན་བྱེད།། ཤིན་ཏུ་སྙིང་ཉེ་ཆགས་པ་མེད།། ཟབ་མོ་འདི་ཞིང་སྣོད་ལྡན་འདམ།། སྒྲུབ་ལ་བརྩོན་ཞིང་དགོན་པར་འདུག། འདུ་འཛི་སྤངས་ཏེ་ཆོས་སྤྱོད་བྱེད།། སྔཽན་དུ་འགྲོ་བ་རྒྱུན་མི་འཆད། ། དམ་རྫས་ལྔ་དང་མི་འབྲལ་བར།། རིགས་འཛིན་གདུང་ཞིང་དངོས་གྲུབ་སྤེལ།། མནོས་པའི་དོན་ནི་གདོན་མི་ཟ།། དམ་ཅན་ཐམས་ཅད་གྲིབ་མ་བཞིན།། འཁོར་ལོ་འཁོར་ཞིང་འདོད་པ་འགྲུབ། ། དུས་བཏབ་དུས་སུ་ཆར་ལྟར་འབབ།། སྐུལ་བའི་དུས་སུ་གློག་ལྟར་མགྱོགས།། བྱིན་རླབས་འདོད་པ་ཞར་ལ་འོང།། ཟར་མ་ལེགས་པའི་འབྲས་བུ་འདྲ།། དེ་ཕྱིར་རྐ་བ་སྔོན་ལ་འབྱུང།། ཚུལ་བཞིན་བྱས་པས་འབྲས་བུ་འབྱུང། ། དེས་ན་གནས་ཁང་དབེན་པ་སྲུང།། སྒོམ་སྒྲུབ་ཆོས་སྤྱོད་ནར་མར་བྱས།། དམ་ཚིག་གཞུང་སྲོང་སྐུ་ཚེ་རིང།། འདོད་པ་རིན་ཆེན་གཏེར་བཞིན་འབྱུང།། དེ་ཡི་བྱིན་རླབས་བརྗོད་མི་ལང།། དེ་ཕྱིར་བླ་མ་དམ་པར་བསྐུར། ། དེ་ལྟར་བྱས་པས་དོན་རྣམས་འགྲུབ།། བློན་པོ་མི་ཆོས་དོར་བ་བྱ།། དོར་བས་རིན་ཆེན་གཏེར་དང་འཕྲད།། དེ་ལྟ་བུ་ཡི་སྣོད་ལྡན་ལ།། ཏན་ཏྲ་ཟླ་གསང་ནག་པོའི་རྒྱུད། ། གཏད་ཀྱིས་སྙིང་གི་དཀྱིལ་དུ་ཕུལ།། སྣོད་དང་ལྡན་ལ་འདི་སྒྲོགས་ལ།། མི་ནུབ་རྒྱལ་མཚན་བྱ་བར་ཐོགས།། སྣོད་མེད་དམ་མེད་མ་བསྒྲགས་ཤིག། རྡོ་རྗེ་དམྱལ་བར་སྐྱེ་བར་ངེས།། མོས་འདུལ་རྣ་མས་ལ་རྒྱུན་དུ་སྒྲོགས། ། ཤོག་ཅིག་སྟོན་ཅིག་སྡུད་པ་པོ།། དཔལ་ལྡན་འཕགས་པ་འཇམ་དཔལ་ལ།། འཁོར་གྱི་དང་པོ་རྡོ་རྗེ་རྣོན་པོ་ཡིས།། མ་འོངས་སེམས་ཅན་དད་པ་ལ།། གསོལ་བ་བཏབ་ནས་ཞུས་པའོ།། འཇམ་དཔལ་གཤིན་རྗེ་ཟླ་གསང་གི་མན་ངག་ཡིག་ཆུང་སྒྲུབ་ཐབས་ཀྱི་རྒྱུད་དུ་བཤད་པའི་མན་ངག་གི། ། རྒྱུད་དུ་གྲགས་པ།། ཏན་ཏྲ་གཏད་པའི་ལེའུ་སྟེ་གྱ་བརྒྱད་པའོ།། རྒྱུད་འདི་གཉིས་སུ་བཞུགས་པ་ཡིན།། འདི་ནི་མན་ངག་རྒྱུད་དུ་གསུངས། ། ཤིན་ཏུ་དཀོན་པའི་མི་རབས་བཞི།། ཁམས་ནས་དུར་ནས་དྲངས་པ་ཡིན།། སྐུ་འགྱུར་སུམ་པས་གནང་བ་ལགས།། རྒྱུད་ཀྱི་ཟླ་གསང་བྱ་བ་ལགས།། ལེའུ་བརྒྱད་ཅུ་རྩ་བརྒྱད་པ།། ཀུན་ལ་ཡོད་ན་ངོ་མཆར་ཆུང། ། རྒྱུད་ཀྱི་ཁ་བྱངནངན་འདུག་པ་ཡི།། རྒྱུད་ཅེས་བྱ་བ་འདི་ལ་ཟེར།། སྤེལ་བར་མ་གསུངས་གཏེར་དུ་སྦ།། འཁྱགས་སྒུར་རྒབ་ལས་བྱས་པ་ཡིན།། ཨི་ཏུ། ཨ་ཁྲོ།།།།
CLOSE WINDOW