CLOSE WINDOW

Gpb040.002: རྡོ་རྗེ་ཕུར་པ་བསྐལ་པ་མེ་ལྟར་འབར་བའི་རྒྱུད་ཅེས་བྱ་བ
Wylie

རྒྱ་གར་སྐད་དུ། བཛྲ་ཀཱི་ལཱ་ཡ་ཨགྣེ་ཀལྤ་ཛྲ་ལ་ཏནྟྲ་ནཱ་མ། བོད་སྐད་དུ། རྡོ་རྗེ་ཕུར་པ་བསྐལ་པ་མེ་ལྟར་འབར་བའི་རྒྱུད་ཅེས་བྱ་བ་བཅོམ་ལྡན་འདས་དཔལ་སྒྲོལ་བྱེད་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ།། དཀྱིལ་འཁོར་གསུམ་གྱི་བདག་ཉིད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་དཔལ་ངོ་བོ་ཀུན་གྱི་རྒྱལ་པོར་གནས་པ་དེ། རང་བཞིན་དབྱེར་མི་ཕྱེད་པའི་རྒྱལ་པོ་དེ་ནི། སྐུ་མདུན་དང་རྒྱབ་མེད་པར་ཐམས་ཅད་དུ་ཞལ་ཐལ་ལེ་བར་གསལ་བ། དེ་ཡུམ་དང་གཉིས་སུ་མེད་པར་བརྐྱང་བསྐུམ་གྱི་ཚུལ་དུ་བཞུགས་ཏེ། དྲག་པོ་མཐིང་ནག་འབར་བའི་གཞལ་ཡས་ཁང། རྒྱ་ཕྱོགས་བཅུར་ཡོངས་སུ་མ་ཆད་པ། ཐོད་པ་འབར་བའི་རྩིག་པ་སྣ་ཚོགས་ཀྱིས་བརྩིགས་པ། ཐོད་པའི་རྒྱུ་ཞགས་དང། རས་རོས་ཞིང་གི་དམ་དུམ་དང། ཁྲོ་བག་གི་ལྷ་མོས་རབ་ཏུ་བརྒྱན་པ། སེར་དམར་གྱི་ཁྱམས་གཉིས་ཀྱིས་བསྐོར་བ། ཀུན་ནས་སྒོ་བཞིར་གྱུར་པ། སྙན་པའི་སྒྲ་སྒྲོགས་པའི་རྟགས་སུ་དྲིལ་བུ་གཡེར་ཁ་དང། ཁྲག་གི་ཞམ་ཆུ་འབབ་པ་ན། བཛྲ་འདུས་པ་དང། བུད་དྷ་འདུས་པ་དང། ར་དན་འདུས་པ་དང། པདྨ་འདུས་པ་དང། ཀརྨ་འདུས་པ་དང། དེ་ཡང་རང་རང་གི་འཁོར་སེམས་དཔའ་དང། སེམས་མ་དང། ཁྲོ་བོ་དང། ཁྲོ་མོ་དང། སྤྲུལ་པ་དང། ཡང་སྤྲུལ་ལ་སོགས་པ། དབང་ཕྱུག་མ་དང། མ་བདུན་སྲིང་བཞི་དང། བསེའི་སྐྱེས་བུ་གདུག་པ་ཅན་དང། མོན་པ་ཕོ་མོ་དང། ཤྭ་ན་མ་དང། ས་བདག་ཆེན་མོ་དང། བདག་ཉིད་ཆེན་མོ་ལ་སོགས་ཏེ། བདུད་ཕོ་མོ་དང། སྲིན་པོ་དང། ཡག་ཤ་དང། དྲི་ཟ་དང། དྲེད་མོ་ལག་རྡེབས་དང། འཕར་བ་རྐང་ལྡིག་དང། བཞད་དང་འུག་པ་ལ་སོགས་པ་བསམ་གྱིས་མི་ཁྱབ་པའི་འཁོར་དང་ཐབས་གཅིག་གོ། དེ་ནས་རང་བཞིན་གཟུགས་བརྙན་དཀྱིལ་འཁོར་ཀུན།། བདེ་གཤེགས་རྒྱལ་བ་ཐུགས་ཀྱི་གཏེར། ། འཁོར་ཚོགས་མ་ལུས་བསམ་ཡས་ཀུན།། རང་བཞིན་ཉིད་དེ་ཀུན་ཏུ་གཅིག། ཕུར་པ་བསྐལ་པ་མེ་ལྟར་འབར་བའི་རྒྱུད་ལས། གླེང་གཞིའི་ལེའུ་སྟེ་དང་པོའོ།།།། དེ་ནས་བཅོམ་ལྡན་འདས་སྒྲོལ་བྱེད་ཀྱི་རྒྱལ་པོ་དེས། མི་གཡོ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས།། ཡུམ་གྱིས་འདི་སྐད་ཅེས་གསུངས་སོ།། ཕྱོགས་བཅུ་རྒྱས་པ་ཐམས་ཅད་ཀུན།། རང་བཞིན་གཅིག་ལས་མི་གཉིས་ཀྱང།། བྱང་ཆུབ་སེམས་ཀྱིས་རོལ་པ་ལས། ། མོས་དབང་ཕྱག་རྒྱ་སྣ་ཚོགས་སྣང།། གསང་ཆེན་གསང་བ་གསང་བའི་མཆོག། ཀུན་ནས་དམ་བ་མ་ལུས་ཀུན།། འཁོར་ཚོགས་ཀུན་ལ་རབ་ཏུ་བསྐུར།། ཞེས་གསུངས་ནས་གཉིས་སུ་མེད་པར་གྱུར་ཏོ། ། དེ་ནས་ཡང་ཡབ་ཀྱིས་འདི་སྐད་ཅེས་གསུངས་སོ།། རྒྱལ་བ་ཀུན་ནས་རབ་བརྒྱུད་པའི།། དབང་མཆོག་མ་ལུས་ཐམས་ཅད་ཀུན།། ཀུན་ནས་ཁྱེད་ལ་རབ་ཏུ་སྦྱིན།། ཕྱི་དང་ནང་དང་གསང་བ་ཡི།། རྒྱལ་བ་མ་ལུས་ཐམས་ཅད་ལ། ། དགོངས་པའི་བཅུད་འདུས་འདི་ལས་མེད།། རྟོགས་ནས་གཞན་ལ་སྨྲ་བྱེད་པ།། དེ་ཉིད་ང་ཡང་ཡིན་ཏེ་དབང་རྣམས་ཀྱི་མཆོག། ཅེས་གསུངས་ནས། གཉིས་སུ་མེད་པར་གྱུར་ཏོ། ། དེ་ནས་འཁོར་གྱི་གཙོ་བོ་རྡོ་རྗེ་སེམས་དཔའ་སྟན་ལས་ལངས་ནས། འདི་སྐད་ཅེས་ཞུས་སོ།། ཨེ་མ་ཧོ་སྒྲོལ་བྱེད་ཀྱི་རྒྱལ་པོ།། བདེ་གཤེགས་ཀུན་གྱི་རྒྱུད་ཆེན་འདི།། ཞལ་བཞེས་དབང་བསྐུར་གནང་བ་ཆེ། ། དབང་བསྐུར་བྱིན་བརླབས་ངོ་མཚར་རོ།། དུས་གསུམ་རྒྱལ་བ་ཀུན་གྱིས་ཀྱང།། འབྱུང་བའི་ངེས་དོན་འདི་ལས་མེད།། ཐམས་ཅད་མ་ལུས་འབྱུང་བའི་གཏེར།། དབང་མཆོག་དམ་པ་ཨ་ལ་ལ།། ཀུན་འབྱུང་དཀྱིལ་འཁོར་ཨ་ལ་ལ། མ་དག་ལོག་ལྟ་ཇི་ལྟར་བསྒྲལ།། འཕྲིན་ལས་རོལ་པ་ཇི་ལྟར་འབྱུང།། རྣལ་འབྱོར་གྲོལ་ལམ་ཇི་ལྟར་བསྒྲུབ།། བསྙེན་བསྒྲུབ་རྣམ་པ་ཇི་ལྟར་ལགས།། སྔགས་དྲུག་རྣམ་པ་དུ་རུ་འགྱུར།། ཉོན་མོངས་བདུད་ནི་གང་གིས་གཞོམ། ། མི་ཤིགས་གཡུང་དྲུང་ཇི་ལྟར་བསྟེན།། རྒྱལ་པོའི་དགོངས་པ་མ་ལུས་ཀུན།། གང་དུ་ངེས་པར་འབྱུང་བར་འགྱུར།། ཕུར་པ་བསྐལ་པ་མེ་ལྟར་འབར་བའི་རྒྱུད་ལས། གླེང་བླང་བའི་ལེའུ་སྟེ་གཉིས་པའོ། །།། དེ་ནས་བཅོམ་ལྡན་འདས་སྒྲོལ་བྱེད་ཀྱི་རྒྱལ་པོས་བཀའ་སྩལ་པ། ཉོན་ཅིག་རྡོ་རྗེ་སེམས་དཔའ་ཁྱོད།། ངས་གསུངས་པ་ལ་གདོན་མི་ཟ།། འདས་པའི་དུས་ན་སྔོན་བྱུང་ལྟར།། ང་འདས་གང་གིས་བསྟན་པ་ལ། ། མ་དག་རཱུ་ཏྲ་བྱུང་གནས་པས།། དུས་གསུམ་བདེ་གཤེགས་མ་ལུས་ཀུན།། བསྐུལ་བའི་ས་ལ་རབ་བཞེངས་ནས།། བཀའ་བགྲོས་རྒྱལ་བས་འདི་ལྟར་བགྲོས།། བཅོམ་ལྡན་འདས་ཁྲག་འཐུང་གི་སྙིང་པོས་བགྲོས་པ། ཀྱེ་འདུས་པའི་ཚོགས་ཆེན་དག། འདས་པའི་དུས་ན་སྔོན་བྱུང་ལྟར།། ད་ལྟར་དུས་འདིར་འབྱུང་བ་སྟེ།། དེ་བཞིན་གཤེགས་པའི་གསུང་རབ་ལས།། བདག་ཉིད་ཆེན་པོ་རྟབ་པ་ཡི།། ཁྲོ་བོ་ཆེན་པོའི་ཚུལ་དུ་སྔོན་བྱུང་བས། ། དེ་ཚེ་སེམས་ཅན་ཐམས་ཅད་ཀུན།། ཤིན་ཏུ་ཁྲོས་དྲག་གཏུམ་པར་འགྱུར།། ཤིན་ཏུ་ཁྲོས་དྲག་གཏུམ་པ་ཡིས།། འོ་དོད་འབོད་བར་ལྟུང་བར་འགྱུར།། མི་བཟད་ཆེན་པོའི་སྡུག་བསྔལ་ཏེ། ། དུག་གསུམ་མཐའ་ལ་མངོན་ཞེན་པའི།། ཇི་ལྟ་བུ་ཡི་ཐབས་ཀྱིས་འདུལ།། ཅེས་བསྒྲགས་སོ།། བཅོམ་ལྡན་འདས་གཏི་མུག་ཆེན་པོའི་ཚོགས་ཀྱིས་བགྲོས་པ། ཤིན་ཏུ་དུག་བའི་སེམས་ཅན་དེ།། ཇི་ལྟར་དེ་དག་གཞིག་འགྱུར་ན། ། བག་ཆགས་ངན་པའི་ཆུ་རླབས་ཀྱིས།། བདུད་ཀྱི་ཚོགས་རྣམས་མངོན་འཕེལ་ནས།། རིག་པ་འཛིན་པའི་རྒྱུན་གཅོད་ཅིང།། བསྟན་པའི་གསུང་རབ་འཇིག་པར་འགྱུར།། དེ་ཚེ་ལས་ཀྱིས་བསྒྲུབས་པ་ཡིས། ། འགྲོ་བ་མ་རིག་མུན་པར་འཁྱམས།། དུག་ནད་རིམས་ནད་འཕྲ་མེན་མ།། གནོད་སྦྱིན་གདོན་དང་ལོག་འདྲེན་ཉིད།། སྲིད་པ་གསུམ་པོ་འཇིག་བྱེད་ཅིང།། དམ་ཚིག་གཉན་པོ་འདྲལ་བྱེད་པ།། ཇི་ལྟ་བུ་ཡི་ཐབས་ཀྱིས་འདུལ། ། ཅེས་བགྲོས་སོ།། བཅོམ་ལྡན་འདས་ང་རྒྱལ་ཆེན་པོའི་ཚོགས་ཀྱིས་བགྲོས་པ། འདས་པའི་དུས་ན་སྔོན་བྱུང་བ།། ལས་ཀྱིས་འདུལ་བའི་རུ་དྲ་དེ།། རྒྱལ་བ་འདས་པའི་སྦྱོར་བ་ཡིས། ། ཇི་ལྟར་ཁྲོ་དྲག་གཏུམ་པ་ལྟར།། ད་ལྟ་འདི་ཚེ་བྱུང་བ་ཡིན།། དུག་གསུམ་བརྩེགས་པའི་རི་བོ་འདི།། འབར་འཕྲོ་འཁྲུག་པའི་སྦྱོར་བ་ཡིས།། ཇི་ལྟར་འཚམ་པ་བཞིན་དུ་འོས།། སངས་རྒྱས་ཐམས་ཅད་འདུས་ནས་ཀྱང། ། ཁྲོས་བའི་སྤྲིན་ནག་གཏིབས་པ་ཡི།། འཐུན་སྤྱོད་རོལ་པའི་སྟོབས་ཆེན་གྱིས།། འཁོར་བ་བསྒྲལ་བའི་དུས་ལ་བབ།། ཅེས་བགྲོས་སོ།། བཅོམ་ལྡན་འདས་ཆགས་པ་ཆེན་པོའི་ཚོགས་ཀྱིས་བགྲོས་པ། ། ཤིན་ཏུ་གདུག་ཅིང་གཏུམ་པ་ལས།། ཞི་བས་ཕན་པར་མི་འགྱུར་ཏེ།། ཤེས་རབ་ཐབས་ཀྱི་ངོ་བོ་ལས།། ཁྲོ་བོ་དེ་བཞིན་གཤེགས་ཀུན་མཛད།། ཁྲོ་བོའི་ཚུལ་ཅན་ཁྲོས་པས་ཀྱང།། འཇིག་རྟེན་གསུམ་དག་སྲེག་བྱེད་ན། ། སངས་རྒྱས་ཐུགས་རྗེ་ཁྲོས་པ་ཡིས། ཁམས་གསུམ་མ་ལུས་སྨོས་ཅི་དགོས།། ཞེས་བགྲོས་སོ།། བཅོམ་ལྡན་འདས་ཕྲག་དོག་ཆེན་པོའི་ཚོགས་ཀྱིས་བགྲོས་པ།། རང་བཞིན་དག་པའི་ངོ་བོ་ལས།། ལོག་རྟོག་ཕྱིན་ཅི་ལོག་གིས་བཅིངས། ། དངོས་པོ་རང་ཁར་ཞེན་པ་ཡིས།། འདུལ་དཀའ་མ་ལུས་འདུལ་པ་དང།། དམ་ཚིག་ལ་སྡང་རྣམ་སྦྱང་ཕྱིར།། དུར་ཁྲོད་གར་གྱི་ཕྱག་རྒྱར་མཛོད།། ཅེས་བགྲོས་སོ།། ཕུར་བ་བསྐལ་པ་མེ་ལྟར་འབར་བའི་རྒྱུད་ལས། ཐུགས་རྗེ་ཆེན་པོའི་འཕྲིན་ལས་ཀྱིས་བཀའི་མོལ་བ་མཛད་པའི་ལེའུ་སྟེ་གསུམ་པའོ།།།། དེ་ནས་ཡང་ཀར་མ་ཧེ་རུ་ཀས།། སྒྲོལ་བྱེད་ཀྱི་རྒྱལ་པོ་ལ་འདི་སྐད་ཅེས་ཞུས་སོ།། རུ་དྲའི་རྒྱུ་ནི་ཅི་ལས་བྱུང། ། རུ་དྲ་རྣམ་པ་དུ་ཞིག་མཆིས།། བསྒྲལ་བའི་ཐབས་ནི་ཇི་ལྟ་ལགས།། ཞེས་ཞུས་པས། ཀཱི་ལ་ཡ་ཡིས་བཀའ་སྩལ་པ།། རྒྱུ་ནི་འཛིན་རྟོག་གཉིས་ལས་བྱུང།། གྲངས་ནི་རྣམ་པ་གསུམ་ཡིན་ཏེ།། ཕྱི་ཡི་ཡུལ་དུ་སྣང་བ་སྟེ། ། མཚན་མར་འཛིན་ཅིང་དངོས་པོར་འཛིན།། འགྱུར་མེད་འདོད་ཁམས་དག་ན་རྟག་ཏུ་གནས།། དྲང་སྲོང་ཆེན་པོ་རྣམས་ལ་རྟག་བར་བར་དུ་གཅོད།། འདི་ནི་མ་ཏང་ཀའི་རུ་དྲར་བཤད།། ནང་གི་སེམས་དང་གཟུང་འཛིན་གཉིས་སུ་མེད་པ་ལས། ། གཟུང་འཛིན་རྣམ་རྟོག་དག་ལས་གྱེས་པ་སྟེ།། བཅུད་ཀྱི་སེམས་ཅན་འཇིག་རྟེན་སྲིད་ལ་གནས།། གཟུགས་ཁམས་ཀུན་ལ་གནས་པ་སྟེ།། ལྷ་རྣམས་ཀུན་ལ་བར་ཆོད་བྱེད། ། འདི་ནི་ཁ་ཊྭཱ་ཀའི་རུ་དྲར་བཤད།། ཆོས་རྣམས་ཐམས་ཅད་རྒྱུ་འབྲས་ལེན་མེད་ཅིང།། འདི་ནི་ནམ་མཁའ་ཁྱབ་བར་གནས།། འདི་ནི་ཨ་ཀར་ཤ་ཡི་རུ་དྲར་བཤད།། འདི་ནི་དབང་ཕྱུག་ཀུན་ལ་གནོད་པར་བྱེད། ། དེ་ཉིད་བསྒྲལ་བའི་ཐབས་བསྟན་པ།། ཕྱག་རྒྱ་ཆེན་པོ་བཞི་དང་ལྡན་བྱས་ནས།། མ་ཏང་ཙིཏྟ་འདྲེན་པ་སྟེ།། ཨོཾ་བཛྲ་ཀཱི་ལི་ཀཱི་ལཱ་ཡ། ཀྲོ་དྷི་ཤྭ་རི་སྟྭཾ། མ་ཏྲ་ཀ་རུ་ཏྲ་ཧ་ན་ཧ་ན་ཧཱུ~ཾ་ཕཊ། མ་ཏྲཾ་ཀའི་རུ་དྲའི་ཁོག་པའི་ནང་དུ་ནི། ། སྔ་མའི་གཞལ་ཡས་ཁང་བསྐྱེད་དེ།། སྒྲོལ་བྱེད་ཡབ་ཡུམ་བསྒོམས་ནས་ཀྱང།། རྡོ་རྗེ་ལུ་གུ་རྒྱུད་བསམས་ནས།། ཕྱོགས་བཞི་མཚམས་བཞིར་བསྐོར་ནས་ཀྱང།། རྟོག་ཚོགས་དཀྱིལ་འཁོར་ལྷ་རུ་གསལ། ། ཏ་ཐ་མ་ཐ་ཧ་ཧཾ་དབྱེ་བ་ནི་ཏྲ་ཏྲ་བཤད་བགད་ཅེས་བཀའ་སྩལ་ཏོ།། ཕུར་པ་བསྐལ་པ་མེ་ལྟར་འབར་བའི་རྒྱུད་ལས།། རུ་ཏྲ་བསྒྲལ་བའི་ལེའུ་སྟེ་བཞི་པའོ།།།། དེ་ནས་ཡང་ཀར་མ་ཧེ་རུ་ཀས། སྒྲོལ་བྱེད་ཀྱི་རྒྱལ་པོ་ལ་འདི་སྐད་ཅེས་ཞུས་སོ། ། རིགས་ཀྱི་བསྒྲུབ་པ་ཇི་ལྟར་ལགས།། ཀཱི་ལ་ཡ་ལ་བདག་ཉན་འཚལ།། སྒྲོལ་བྱེད་རྒྱལ་པོས་བཀའ་སྩལ་པ།། དཀྱིལ་འཁོར་འཁོར་ལོ་རྩིབས་བཞི་ལ།། དབུས་སུ་གྲུ་གསུམ་ཨེ་ཡི་གནས། ། ཟླ་ཁམ་མུ་ཁྱུད་ཐོད་པས་བསྐྱོར།། དབུས་སུ་སྒྲོལ་བྱེད་རྒྱལ་པོ་ཉིད།། ཤར་དུ་བུདྡྷ་ཧེ་རུ་ཀ། ལྷོ་རུ་རད་ན་ཧེ་རུ་ཀ། ནུབ་ཏུ་པདྨ་ཧེ་རུ་ཀ། བྱང་དུ་ཀར་མ་ཧེ་རུ་ཀ། དབུ་གསུམ་ཕྱག་ཀྱང་དྲུག་པ་སྟེ། ། ཞབས་ནི་རྣམ་པ་བཞི་རུ་བགྲད།། ཁྱུ་མཆོག་མ་ཧེ་སྟག་དང་གཟིག། གཏུམ་དོམ་དབང་ཕྱུག་ལྷ་ཆེན་གདན་ལ་བཞུགས།། དུར་ཁྲོད་ཆས་རྣམས་ཀུན་གྱིས་བརྒྱན།། དཔའ་དང་སྒེག་དང་འཇིགས་སུ་རུང།། རང་རེ་ལག་ཆ་སྣ་ཚོགས་དང། ། རལ་གྲི་དགྲ་སྟ་གཤོལ་ལ་སོགས།། སྟོང་གི་ཁོར་ཡུག་འཇིག་རྟེན་བཅས།། ཞི་རྒྱས་དབང་དང་དྲག་པོ་ཡི།། རང་རང་མདོག་གིས་རྣམ་པར་བརྒྱན།། རིགས་ནི་རྣམ་པ་ལྔ་ཉིད་དེ།། རིགས་ཀྱི་བསྒྲུབས་པ་དེ་འགྱུར་རོ། ། ཨོཾ་བཛྲ་ཤྲཱི་ཧེ་རུ་ཀ། ཨོཾ་བུདྡྷ་ཤྲཱི་ཧེ་རུ་ཀ། ཨོཾ་རད་ན་ཤྲཱི་ཧེ་རུ་ཀ་ཨོཾ་པྨད་ཤྲཱི་ཧེ་རུ་ཀ། ཨོཾ་ཀར་མ་ཤྲཱི་ཧེ་རུ་ཀ། སྐུ་བསྐྱེད་རྩ་བའི་སྔགས་ཉིད་དོ།། ཞེས་གསུངས་སོ།། ཕུར་པ་བསྐལ་པ་མེ་ལྟར་འབར་བའི་རྒྱུད་ལས། རིགས་ཀྱི་བསྒྲུབ་པའི་ལེའུ་སྟེ་ལྔ་པའོ།།།། དེ་ནས་བཅོམ་ལྡན་འདས་དཔལ་སྒྲོལ་བྱེད་རྒྱལ་པོ་དེས་འཕྲིན་ལས་རྣམ་པར་རོལ་བའི་ཏིང་ངེ་འཛིན་ལ་ཞུགས་ནས། འདི་དག་བཀའ་སྩལ་ཏོ། ། རྡོ་རྗེ་ཁྲོས་པས་ཞེ་སྡང་གཅོད།། མཚོན་ཆེན་སྔོན་པོ་འབར་བ་ཡིས།། ནམ་མཁའི་དཀྱིལ་ནས་ཐིགས་པ་ཤར།། སྙིང་གི་དཀྱིལ་དུ་བསྒོམ་པར་བྱ།། སྙིང་རྗེས་བསྒྲལ་བའི་དམ་ཚིག་ནི།། གསད་ཅིང་བཅད་པ་མ་ཡིན་ཏེ། ། ཕུང་པོ་རྡོ་རྗེ་གཏམས་བྱས་ནས།། རྣམ་པར་ཤེས་པ་རྡོ་རྗེ་བསྒོམ།། ཨོཾ་བཛྲ་ཀཱི་ལི་ཀཱི་ལཱ་ཡ། སརྦ་བིགྷ་ནན་བཾ་ཧཱུ~ཾ་ཕཊ། ཨོཾ་བཛྲ་ཀྲོ་དྷ་ཧཱུ~ཾ་ཀཱ་ར་ཧཱུ~ཾ་ཕཊ། ཀྲོ་དྷི་ཤྭ་རི་ཤ་ཡ་ཏི་ཧཱུ~ཾ་ཕཊ། ཨོཾ་བཛྲ་ཨུ་ཀ་ར་མུ་ཀ་ཧཱུ~ཾ་ཕཊ། ཨོཾ་བཛྲ་ཧ་མུ་ཀ་མུ་ཁ་ཧཱུ~ཾ་ཕཊ། ཨོཾ་བཛྲ་ཀྲོ་དྷ་བི་ཛ་ཡ་ཧཱུ~ཾ་ཕཊ། ཀྲོ་དྷི་ཤྭ་རི་ལཱ་སེ་ཀི་ཧཱུ~ཾ་ཕཊ། ཨོཾ་བཛྲ་བྱ་གྲི་མུ་ཁ་ཧཱུ~ཾ། ཨོཾ་བཛྲ་ཀྲི་ཏ་མུ་ཁ་ཧཱུ~ཾ། ཨོཾ་བཛྲ་ཀྲོ་དྷ་ནཱི་ལ་དན་ཌ་ཧཱུ~ཾ་ཕཊ། ཀྲོ་དྷི་ཤྭ་རི་བྲ་ཏི་ཛ་ཡ་ཧཱུ~ཾ་ཕཊ། ཨོཾ་བཛྲ་ཙ་སར་མུ་ཁ་ཧཱུ~ཾ། ཨོཾ་བཛྲ་ཁ་ཀ་མུ་ཁ་ཧཱུ~ཾ། ཨོཾ་བཛྲ་ཀྲོ་དྷ་ཡ་མན་ཏ་ཀ་ཧཱུ~ཾ་ཕཊ། ཀྲོ་དྷི་ཤྭ་རི་ཏ་ན་པ་ཏི་ཧཱུ~ཾ་ཕཊ། ཨོཾ་བཛྲ་ཧ་རི་མུ་ཁ་ཧཱུ~ཾ། ཨོཾ་བཛྲ་ཧཱུ~ཾ་ལུ་ཀུ་མུ་ཁ་ཧཱུ~ཾ། ཨོཾ་བཛྲ་ཀྲོ་དྷ་ཨཱརྱ་ཨ་ཙ་ལ་ཧཱུ~ཾ། ཀྲོ་དྷི་ཤྭ་རི་མུ་ཧ་ལ་ཧཱུ~ཾ་ཕཊ། ཨོཾ་བཛྲ་བྱ་ཀྲི་མུ་ཀ་ཧཱུ~ཾ། ཨོཾ་བཛྲ་པ་ཡ་ཏི་མུ་ཀ་ཧཱུ~ཾ། ཨོཾ་བཛྲ་ཀྲོ་དྷ་ཧ་ཡ་གྲྀ་བ་ཧཱུ~ཾ་ཕཊ། ཀྲོ་དྷི་ཤྭ་རི་ཙན་དྷ་རེ་བ་ཡ་ཏི་ཧཱུ~ཾ་ཕཊ། ཨོཾ་བཛྲ་ཙན་ཌ་ལི་མུ་ཁ་ཧཱུ~ཾ། ཨོཾ་བག་ཤ་ཀ་མུ་ཁ་ཧཱུ~ཾ། ཨོཾ་བཛྲ་ཀྲོ་དྷ་ཨ་བ་ར་ཛི་ཏ་ཧཱུ~ཾ། ཀྲོ་དྷི་ཤྭ་རི་ཤ་ཡ་བྱ་ཧཱུ~ཾ་ཕཊ། ཨོཾ་བཛྲ་ཤྭ་ན་མུ་ཁ་ཧཱུ~ཾ། ཨོཾ་བཛྲ་སུ་ཀ་མུ་ཀ་ཧཱུ~ཾ། ཨོཾ་བཛྲ་ཀྲོ་དྷ་ཨ་མྲྀ་ཏ་ཀུ་ཎྜ་ལི་ཧཱུཾ་ཕཊ། ཀྲོ་དྷི་ཤྭ་རི་བ་ཡ་མ་ཧི་ཧཱུཾ་ཕཊ། ཨོཾ་བཛྲ་སིང་ཧ་མུ་ཁ་ཧཱུཾ། ཨོཾ་བཛྲ་ཏི་ཏི་ལ་མུ་ཁ་ཧཱུཾ། ཨོ་བ་ཨཛྲ་ཀྲོ་དྷ་ཏཻ་ལོ་ཀྱ་བི་ཛ་ཡ་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་དྷ་ཤྲ་རི་མ་ར་ན་ཧཱུ~ཾ་ཕཊ། ཨོཾ་བཛྲ་ངག་ཤི་མུ་ཁ་ཧཱུ~ཾ། ཨོཾ་བཛྲ་ནི་ཀུ་ལ་མུ་ཁ་ཧཱུ~ཾ། ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ་ཧཱུ~ཾ་ཕཊ། ཀྲོ་དྷི་ཤྭ་རི་ཙུན་དྷ་མུ་ནེ་ཧཱུ~ཾ་ཕཊ། ཨོཾ་བཛྲ་རིག་ཤ་མུ་ཀ་ཧཱུ~ཾ། ཨོཾ་བཛྲ་ཀ་སི་ཀ་མུ་ཁ་ཧཱུ~ཾ། ཨོཾ་བཛྲ་བག་ཤི་མུ་ཁ་ཧཱུ~ཾ་ཕཊ། ཨོཾ་བཛྲ་བར་བེ་ཧཱུ~ཾ་ཕཊ། ཨོཾ་བཛྲ་ཨ་མྲྀ་ཏ་ཧཱུ~ཾ་ཕཊ། ཨོཾ་བཛྲ་མཱ་ར་ན་ཧཱུ~ཾ་ཕཊ། རྡོ་རྗེ་གཞོན་ནུའི་རིགས་འཛིན་རྣམས།། སྲིད་པ་རྡོ་རྗེ་སྒྲུབས་མཛོད་ཅིག། སྲིད་པ་རྡོ་རྗེ་ཕུར་བའི་ལྷ། ། ཡེ་ཤེས་ཁྲོ་བོ་གྲུབ་བར་མཛོད།། སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ།། ངང་ཉིད་རྡོ་རྗེ་ཆོས་དབྱིངས་ལས།། འབར་བའི་ཁྲོ་བོ་མི་ཟད་པ།། སྐུ་ཡི་དབྱིག་ཏུ་བདག་སྐྱེད་ཅིག། ཐབས་ཀྱི་སྤྱོད་པས་འགྲོ་དོན་དུ། ། བྱམས་དང་སྙིང་རྗེས་གང་འདུལ་བ།། སངས་རྒྱས་འཕྲིན་ལས་རྫོགས་མཛད་ནས།། དབང་དང་དངོས་གྲུབ་བདག་སྩོལ་ཅིག། སྐྱེ་མེད་རྣམ་དག་ཆོས་ཀྱི་དབྱིངས་ཉིད་ལས།། སྐྱེ་བའི་ཆོ་འཕྲུལ་འབར་བའི་སྐུར་སྟོན་པ། ། ཕྱོགས་བཅུའི་རྒྱལ་བ་ཡབ་ཡུམ་ཐམས་ཅད་ཀུན།། གཉིས་མེད་རོལ་བའི་སྲས་མཆོག་ཀཱི་ལཱ་ཀ་ཡ།། བདུད་འདུལ་མཐུ་ཆེན་ཁྲོ་རྒྱལ་ཡབ་ཡུམ་བཅུ།། ཕོ་ཉ་ཡང་སྤྲུལ་ཕྲ་ཐབས་འཁོར་དང་བཅས།། རྡོ་རྗེ་ཕུར་བུའི་འཕྲིན་ལས་བསྒྲུབ་པའི་ཕྱིར། ། བཞེངས་ཤིག་བཞེངས་ཤིག་ཆོས་ཀྱི་དབྱིངས་ནས་བཞེངས།། ཨོཾ་བཛྲ་ས་མ་ཡ་ཛ། སྲིད་པའི་ཕུར་བུ་བསྒྲུབ་པ་དང།། དབང་དང་དངོས་གྲུབ་བླང་བའི་ཕྱིར།། ཡེ་ཤེས་ཁྲོ་བོ་གཤེགས་སུ་གསོལ། ། ཡེ་ཤེས་ཁྲོ་བོ་གཤེགས་ནས་ཀྱང།། རྟགས་དང་མཚན་མ་བསྟན་པ་དང།། ཀཱི་ལ་ཡ་ཡི་དངོས་གྲུབ་གསོལ།། ཨེ་ཧྱེ་ཧི་བྷ་ག་བན་མ་ཧཱ་ཀ་རུ་ནི་ཏྲི་ཤ་ཧོ། ཛ་ཧཱུ~ཾ་བཾ་ཧོ། བཛྲ་ཨཾ་ཀུ་ཤ་ཛ། བཛྲ་པཱ་ཤ་ཧཱུ~ཾ། བཛྲ་སྥོ་ཊ་བཾ། བཛྲ་གྷ་ཎྜ་ཧོ། ཀཱ་ཡ་བཱཀ་ཙིཏྟ་ཏིཥྛ་བཛྲ། སྲིད་གསུམ་གདུག་པ་འདུལ་བ་དང།། ང་རྒྱལ་དྲེགས་པ་གཞོམ་པའི་ཕྱིར།། རྡོ་རྗེ་སྲིན་པོ་འཁོར་བཅས་ལ།། རྩེ་གཅིག་ཡིད་ཀྱིས་ཕྱག་འཚལ་ལོ། ། ཨ་ཏི་པུ་ཧོ། ཨོཾ་སརྦ་ཏ་ཐཱ་ག་ཏ་ད་བན་ད་ནང་ཀ་རོ་མི། མ་ཧཱ་ཡོ་གི་ནི། ཨ་ཏི་པུ་ཧོ། པྲ་ཏི་ཛ་ཧོ། རྒྱལ་བ་ཀུན་ལ་མཉེས་བྱའི་ཕྱིར།། མཆོད་པ་མ་ལུས་ཀུན་སྤྲོའོ།། ཞེས་གསུངས་སོ།། ཕུར་པ་བསྐལ་པ་མེ་ལྟར་འབར་བའི་རྒྱུད་ལས། འཕྲིན་ལས་རོལ་བའི་ལེའུ་སྟེ་དྲུག་པའོ།།།། དེ་ནས་ཡང་སྒྲོལ་བྱེད་རྒྱལ་པོས། བདུད་རྩི་ངེས་པར་འཛིན་པའི་ས་མཱ་དྷི་ལ་སྙོམས་པར་ཞུགས་ནས། འདི་དག་བཀའ་སྩལ་ཏོ།། བདུད་རྩི་འབྱུང་བའི་རྒྱུ་ནི་ཡབ་ཡུམ་མཁའ། ། བདུད་རྩི་བསྒྲུབ་པའི་སྣོད་ནི་ཀ་པཱ་ལ།། བདུད་རྩི་ལས་ནི་རྣམ་རྟོག་སྤང།། བདུད་རྩི་དོན་ནི་སྐྱེ་ཤི་མེད།། ཆོས་ཀྱི་དབྱིངས་ཀྱི་དོན་རྟོགས་ན།། བདུད་རྩི་ཆེ་བའི་རང་རྟགས་དྲུག། འདི་དྲུག་རྟོགས་ན་མངོན་སངས་རྒྱས།། ལྟ་བ་ངོ་མཚར་རྨད་ཀྱི་ཆོས།། རང་བྱུང་མངོན་པར་འདུས་མ་བྱས།། མེ་ལོང་ལྟ་བུའི་ཡེ་ཤེས་ཀྱིས།། ཞེ་སྡང་འཁོར་བ་རྩད་ནས་གཅོད།། མ་སྤངས་འབྲས་བུ་རྡོ་རྗེ་སེམས། ། མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱིས།། ཉོན་མོངས་ང་རྒྱལ་གཏན་ནས་འཇོམས།། སོ་སོར་རྟོག་པའི་ཡེ་ཤེས་ཀྱིས།། འདོད་ཆགས་འཁོར་བ་རྩད་ནས་གཅོད།། མ་སྤངས་འབྲས་བུ་སྣང་མཐའ་ཡས།། བྱ་བ་ནན་ཏན་ཡེ་ཤེས་ཀྱིས། ། ཉོན་མོངས་ཕྲག་དོག་རྩད་ནས་གཅོད།། མ་སྤངས་འབྲས་བུ་དོན་ཡོད་གྲུབ།། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱིས། གཏི་མུག་འཁོར་བ་རྩད་ནས་གཅོད།། མ་སྤངས་འབྲས་བུ་རྣམ་སྣང་མཛད། ། རང་བྱུང་ཆེ་བའི་ཡེ་ཤེས་ཀྱིས།། རྒྱུན་གྱི་ཉོན་མོངས་རྩད་ནས་གཅོད།། མ་སྤངས་འབྲས་བུ་ཧེ་རུ་ཀ། ཡེ་ཤེས་དབུ་ནི་ཉི་ཤུ་གཅིག། འབར་བའི་ཕྱག་ནི་བཞི་བཅུ་གཉིས།། བསྟན་པའི་ཞབས་ཀྱང་རྣམ་པ་བརྒྱད། ། སྦྱོར་བའི་དཀྱིལ་འཁོར་རྣམ་པ་བདུན།། དེ་རྣམས་འགྲོ་བའི་དོན་ལ་སྤྱོད།། ཅེས་གསུངས་སོ།། བརྟག་བཙག་ལས་ནི་ཟིན་པ་དང།། ནང་དང་ཕྱི་ཡི་དངོས་པོ་ཀུན།། བདུད་རྩི་ལུས་ཀྱི་རང་བཞིན་ཏེ། ། ཐམས་ཅད་སྦྱོར་བའི་དབུས་ཉིད་དུ།། ཞོ་ཤ་གསུམ་གྱི་ཕྱེ་མ་གཞག། དེ་ཡི་ནང་གི་རྣམ་པ་ལ།། སྐད་དང་མི་མཐུན་རྣམ་པ་སྟེ།། ཕྱི་ཡི་ཡོད་ནི་ཐམས་ཅད་གཞག། དེ་ཡི་ནང་གི་རྣམ་པ་ལ།། ཚ་བ་གསུམ་ཉིད་སྦྱར་ལ་གཞག། དེ་ཡི་ནང་གི་རྣམ་པ་ལ།། གུར་ཀུམ་པ་སྭོ་རྣམ་པ་ལྔ།། དེ་ཡི་ནང་གི་རྣམ་པ་ལ།། འཛའ་ཏི་ཕ་ལ་བཏགས་བག་ཞག། དེ་ཡི་ནང་དུ་ག་པུར་ཏེ།། དྲི་ཡི་རྒྱལ་པོའི་ནང་ནས་དགེ། འོད་དང་དྲི་དང་དུ་བ་སྒྲ་དང་ནི། ། ཕུན་སུམ་ཚོགས་པ་འབྱུང་བར་འགྱུར།། ཞེས་གསུངས་སོ།། དེ་ནས་ཡང་འདི་སྐད་གསུངས་སོ།། ཞལ་བུ་ཀ་པཱ་ལའི་མཚན་གསོལ་པ།། ཡེ་ཤེས་ལྔ་ལྡན་རྡོ་རྗེ་ཀ་པཱ་ལ།། འབར་བའི་བུ་ག་གཉིས་དང་ལྡན། མཐའ་གཉིས་མདོར་ཕྱིར་ན་དབུས།། སྐུ་གསུང་ལྷུན་གྲུབ་རྡོ་རྗེ་ཀ་པཱ་ལ།། འབར་བའི་སྐུད་པ་ཚད་པའི་དཀྱིལ་ན་གནས།། ལྷག་གནས་སྣ་རྩེར་ཡོངས་སུ་བརྟོལ།། ཞེ་སྡང་མ་སྤགས་ཕྱིར་ན་ཤར་དུ་འདོར་བར་བྱ། ། ཡིད་བཞིན་གཏེར་ལྡན་རྡོ་རྗེ་ཀ་པཱ་ལ།། རིན་ཆེན་དབྱིངས་ལས་དགོས་འདོད་འབྱུང་བ་སྟེ།། དཔག་བསམ་ཤིང་དང་འབྲུ་བཅུད་གཉིས་དང་ལྡན།། ང་རྒྱལ་མ་སྤངས་ལྷོ་ཡི་ཕྱོགས་སུ་གཞག། ཁམས་གསུམ་ཡོངས་སྒྲོལ་རྡོ་རྗེ་ཀ་པཱ་ལ། ། ཐམས་ཅད་དབང་དུ་སྡུད་པ་དུམ་བུ་གཅིག་པ་སྟེ།། དབྱིངས་དང་ཡེ་ཤེས་ཐ་དད་མེད་པའི་ཕྱིར།། འདོད་ཆགས་མ་སྤངས་ནུབ་ཀྱི་ཕྱོགས་སུ་གཞག། ཆོ་འཕྲུལ་རྟགས་འཛིན་རྡོ་རྗེ་ཀ་པཱ་ལ། ། ལས་ཀྱི་མཐའ་རུ་ཕྱིན་པས་བན་དྷ་སུལ་བཞི་པ།། དྲག་པོ་ལས་ལ་ཤིས་པས་རྒྱ་གྲམ་བཞི་རུ་བསྟན།། ཕྲག་དོག་མ་སྤངས་བྱང་གི་ཕྱོགས་སུ་གཞག། ཡེ་ཤེས་ལྔ་དང་ལྡན་པས་ཕྱོགས་བཞི་དབུས་དང་ལྔ། ། བདེ་གཤེགས་རིགས་ལྔའི་ཕོ་བྲང་ཡིན་པར་བཤད།། དེ་རུ་མཾ་ས་བཤད་གཅི་ཁུ་བ་རག་ཏ་ཁྲག། སྐྱོབས་དང་རྩ་བར་སྦྱར་ཏེ་གཞག་པར་བྱ།། དེ་ནས་ཡང་བན་དྷའི་སྐྱོབས་འདི་གསུངས་སོ།། མི་འགྱུར་གཡུང་དྲུང་རྡོ་རྗེ་ཀ་པཱ་ལ། ། མཆོད་རྟེན་དབྱིབས་སུ་འདུག་པས་བཀྲ་ཤིས་སྒོ་མངས་ཏེ།། མཚན་དང་ལྡན་པས་བན་དྷ་ཡེ་ཤེས་སྐྱོབས།། མི་ཤིགས་མཛོད་ལྡན་རྡོ་རྗེ་ཀ་པཱ་ལ།། རྩལ་གསུམ་རྫོགས་པས་སེང་གེའི་ཐོད་པ་སྟེ། ། ཐམས་ཅད་མ་ལུས་ཟིལ་གྱིས་གནོན་པ་ཡི།། སྟོབས་ལྔ་ཡེ་ཤེས་ཤར་ལྷོ་མཚམས་སུ་གཞག། སྲིད་པ་ཡོངས་སྒྲོལ་རྡོ་རྗེ་ཀ་པཱ་ལ།། སྲིན་པོ་མདའ་ཤ་གྲི་བས་མ་བཏུལ་གླང་པོ་ཆེ།། དམག་དཔུང་འཁོར་བྱེད་ཁྱུང་མཆོག་རིན་པོ་ཆེ། ། སྟོབས་ལྡན་ཡེ་ཤེས་ལྷོ་ནུབ་མཚམས་སུ་གཞག། དུས་གསུམ་གཏན་སུངས་ཞལ་བུ་ཀ་པཱ་ལ།། ལྷ་ཆེན་མ་ཧཱ་དེ་བ་བསྒྲལ་བའི་ཐོད་པ་སྟེ།། འཇིག་རྟེན་རང་ན་ཆེ་བཙན་གསང་བ་སྟེ།། འཇིག་རྟེན་ཡེ་ཤེས་ཆེན་པོ་བྱང་ནུབ་མཚམས་སུ་གཞག། མཚན་མ་སྤྲོས་བྲལ་ཞལ་བུ་ཀ་པཱ་ལ།། ཚིལ་ཆེན་ལང་ལིང་གཟུགས་ཀྱི་ཕུང་པོ་སྟེ།། ལི་ཙ་ཀུ་རི་ཐོང་བ་དངོས་གྲུབ་རྫས།། གཏུམ་པ་ཡེ་ཤེས་ཐོད་པ་བྱང་ཤར་མཚམས་སུ་གཞག། གཞན་ཡང་དེ་བཞིན་གྲུ་ཆད་ལ།། བསྒྲུབ་པ་ཡི་ནི་བཀྲ་ཤིས་རྫས།། ཡོངས་སུ་རྫོགས་ལྡན་རྡོ་རྗེ་ཀ་པཱ་ལ།། ལྕུག་འཕྲན་འཕེལ་བྱེད་ཡེ་ཤེས་གསུམ་གྱི་རྫས།། ཤར་གྱི་གྲུ་ལ་དེ་བཞིན་གཞག་པར་བྱ། ། བཀྲ་ཤིས་མཚན་ལྡན་རྡོ་རྗེ་ཀ་པཱ་ལ།། ག་བུར་གངས་ཞུན་དཀར་པ་འཛག་པའོ།། མིང་དུ་མ་ཕྱེ་རིགས་སུ་གཞོན་པ་ཡི།། ཡེ་ཤེས་གསང་བའི་ཐོད་པ་ལྷོ་ཡི་གྲུ་ལ་གཞག། མི་འགྱུར་སྲ་མཁྲེགས་རྡོ་རྗེ་ཀ་པཱ་ལ། ། མ་སྨྲ་མ་ཤིག་ལྕུག་ཕྲན་སྡོང་པོ་འདྲ།། དེ་ཡི་བན་ད་ཡང་དག་བཀྲ་ཤིས་པ།། ཡེ་ཤེས་གསང་བའི་ཐོད་པ་ནུབ་ཀྱི་གྲུ་ལ་གཞག། ཨཱ་ཡུ་དཔལ་ལྡན་རྡོ་རྗེ་ཀ་པཱ་ལ།། མཁས་པ་མང་པོའི་གཟུངས་མ་བྱས་པ་དེ། ། དབང་བསྐུར་དབང་དང་ལྡན་པའི་ཐོད་པ་སྟེ།། ཡེ་ཤེས་གསང་ལྡན་ཐོད་པ་བྱང་གི་གྲུ་ལ་གཞག། གཞན་ཡང་ཡེ་ཤེས་ཐོད་པ་བཞི།། སྒོ་བཞི་དག་ཏུ་གཞག་པར་བྱ།། ཞེས་གསུངས་སོ།། ཕྱི་དང་ནང་དང་གསང་བ་དང། ། དེ་བཞིན་རང་བཞིན་བདུད་རྩི་རྣམས།། བཤད་ཀྱིས་ཀར་མ་ཧེ་རུས་ཉོན།། ར་ས་ཡ་ན་ཕྱི་ཡི་སྨན།། དམ་རྫས་ལྔ་པོ་ནང་གི་སྨན།། རླུང་ལྔ་རྣམ་དག་གསང་བའི་སྨན།། སྐུ་ལྔ་རྣམ་དག་མཐར་ཐུག་སྨན། ། བསམ་གྱིས་མི་ཁྱབ་བརྗོད་ལས་འདས།། རྩ་བ་བརྒྱད་དང་ཡན་ལག་སྟོང།། ཐམས་ཅད་མ་འདུས་གཅིག་ཀྱང་མེད།། དེ་ཡི་ཕྱིར་ན་བདུད་རྩི་ཞེས།། བསམ་གྱིས་མི་ཁྱབ་པས་ན་དེ་སྐད་གསུངས།། རྒྱུ་དང་ལས་དང་སྣོད་དང་ནི། ། དོན་དང་ལུས་དང་འབྲས་བུ་ཡིན།། ཐམས་ཅད་ཀུན་ལ་ངེས་པར་ཁྱབ།། ཅེས་གསུངས་སོ།། ཕུར་པ་བསྐལ་པ་མེ་ལྟར་འབར་བའི་རྒྱུད་ལས།། བདུད་རྩི་ཐིག་ལེའི་ལེའུ་སྟེ་བདུན་པའོ། །།། དེ་ནས་ཡང་ཀར་མ་ཧེ་རུ་ཀས། སྒྲོལ་བྱེད་ཀྱི་རྒྱལ་པོ་ལ། ཕྱག་རྒྱ་ཆེན་པོ་བདག་ཉན་འཚལ།། སྒྲོལ་བྱེད་ཆེན་པོས་བཀའ་སྩལ་པ།། སེམས་ཉིད་མྱ་ངན་འདའ་བ་དང།། སྐུ་མདོག་ཕྱག་མཚན་མཚོན་བའི་ཕྱིར། ། ཕྱག་རྒྱ་ཆེན་པོ་ངས་བཤད་ཀྱིས།། ཉོན་ཅིག་ཀར་མ་ཧེ་རུ་ཀ། སྐྱེ་མེད་རྣམ་དག་ཆོས་ཀྱི་དབྱིངས་ཉིད་ལས།། སྐྱེ་བའི་ཆོ་འཕྲུལ་འཇིགས་པའི་སྐུར་སྟོན་པ།། ཀཱི་ལ་ཡ་ཡི་ཏན་ཏྲ་དང།། རྣམ་པར་གྲོལ་བ་མཚོན་བའི་ཕྱིར། ། ཨེ་ཡི་དཀྱིལ་འཁོར་ལ་གནས་པའི།། བཅོམ་ལྡན་དཔལ་ཆེན་རྡོ་རྗེ་གཞོན་ནུ་ནི།། དབུ་གསུམ་ཕྱག་དྲུག་ཞབས་བཞི་བགྲད།། གཡས་དཀར་གཡོན་དམར་དབུས་མཐིང་ཞལ།། གཡས་གཡོན་དང་པོ་རྩེ་དགུ་མེ་དཔུང་བསྣམས། ། བར་གཉིས་རྩེ་ལྔ་ཁ་ཊྭཱཾ་ཁ།། ཐ་གཉིས་རི་རབ་ཕུར་པ་འདྲིལ།། བརྐྱང་དང་བསྐུམ་དང་དོར་སྟབས་དང།། རྡོ་རྗེ་གཞོན་ནུ་ཐབས་ཀྱི་རྒྱ།། འཁོར་ལོ་རྒྱུས་འདེབས་ཕྱག་རྒྱ་ནི། ། ཆ་ལུགས་གཙོ་དང་མཐུན་པ་ལ།། ཞལ་གཅིག་ཕྱག་གཉིས་སྐུ་མདོག་མཐིང།། གཡས་པ་ཤེས་རབ་ཐབས་ལ་བརྟེན།། གཡོན་པ་དུང་དམར་གཙོ་ལ་སྟོབ།། ཀྲོ་དྷི་ཤྭ་རི་དབྱིངས་ཀྱི་རྒྱ།། འབར་བའི་གདན་ལ་བཞེངས་ནས་ཀྱང། ། ཀཱི་ལ་ཡ་ཡི་དངོས་གྲུབ་གསོལ།། བཅོམ་ལྡན་འདས་དཔལ་ཆེན་རྡོ་རྗེ་གཞོན་ནུ་དང།། ཡུམ་ཆེན་འཁོར་ལོ་རྒྱས་འདེབས་མ།། ཁྲོ་བོའི་ཚོགས་ཀྱིས་བསྐོར་བ་ནི།། ཧཱུ~ཾ་མཛད་མཐིང་སྐྱ་སྟི་ར་མདའ་གཞུ་འགེངས། ། རྣམ་རྒྱལ་དཀར་སྔོ་འཁོར་ལོ་ཏྲི་ཤུལ།། དབྱུག་སྔོན་སྔོ་སྐྱ་བེ་ཅོན་མེ་དབལ་བསྣམས།། གཤེད་པོ་མཐིང་ནག་རལ་གྲི་དབྱུག་ཐོ་འཕྱར།། མི་གཡོ་སྨུག་ནག་དགྲ་སྟ་ཞགས་པ་བསྣམས།། རྟ་མགྲིན་དམར་པོ་སྤུ་གྲི་ཞགས་པ་འཛིན། ། འདོད་རྒྱལ་དམར་སྐྱ་བ་དན་རྔ་ཡབ་འཕྱར།། འཁྱིལ་པ་ལྗང་ནག་རྒྱ་གྲམ་རིན་དབྱུག་འཕྱུར།། བགེགས་འདུལ་སེར་པོ་ཏྲི་ཤུལ་མདའ་གཞུ་འགེངས།། སྟོབས་ཆེན་དུང་ཁ་གཤོལ་དང་ཐོ་བ་བསྣམས། ། འབར་བའི་གདན་ལ་བཞེངས་ནས་ཀྱང།། ཀཱི་ལ་ཡ་ཡི་དངོས་གྲུབ་གསོལ།། བཀའ་འཁོར་དེ་ཡི་ཕྱི་རིམ་ནས།། ཕོ་ཉ་ཚོགས་ཀྱིས་བསྐོར་བ་ནི།། ཡབ་ཀྱི་ཕོ་ཉ་མཆེ་བ་ཅན།། ཡུམ་གྱི་ཕོ་ཉ་གཤོག་པ་ཅན། ། མཆེ་གཤོག་རབ་འབྱམས་ཕོ་ཉ་ཁྲ་ཐབས་ཚོགས།། ཕྱག་ན་དབང་དྲག་ཕུར་པ་འདྲིལ།། འབར་བའི་གདན་ལ་བཞེངས་ནས་ཀྱང།། ཀཱི་ལ་ཡ་ཡི་དངོས་གྲུབ་གསོལ།། བཀའ་འཁོར་དེ་ཡི་ཕྱི་རིམ་ནས། ། སྒོམ་ཚོགས་ཀྱིས་བསྐོར་བ་ནི།། ཕུ་ཤུད་མགོ་ཅན་ལག་ན་ལྕགས་ཀྱུ་ཕུར་པ་བསྣམས།། སྐྱ་ཀའི་མགོ་ཅན་ལག་ན་ཞགས་པ་ཕུར་པ་འདྲིལ།། སྲིན་བྱའི་མགོ་ཅན་ལག་ན་ལྕགས་སྒྲོག་ཕུར་པ་འདྲིལ། ཁྲ་ཡི་མགོ་ཅན་ལག་ན་དྲིལ་བུ་ཕུར་པ་བསྣམས། ། འབར་བའི་གདན་ལ་བཞེངས་ནས་ཀྱང།། ཀཱི་ལ་ཡ་ཡི་དངོས་གྲུབ་གསོལ།། བདེ་བ་མ་བཅོས་རྒྱལ་བ་རྒྱ་མཚོའི་སྐུ།། དུས་གསུམ་རྒྱལ་བ་སངས་རྒྱས་ཀུན་གྱི་དབྱིངས། ། སྲིད་གསུམ་མ་ལུས་དམིགས་སུ་མེད་པ་རྣམས།། ཀུན་བཟང་མཆོད་སྤྲིན་མཆོག་ཏུ་རོལ།། ཨོཾ་ན་མ་སརྦ་ཏ་ཐཱ་ག་ཏེ་བྷྱ།། བི་ཤྭ་མུ་ཁེ་བྷྱ་སརྦ་ཏད་ཁཾ་ཨུད་ག་ཏེ་སྤར་ན་ཧི་མཾ་ག་གན་ཁཾ་སྭཱཧཱ། འགྲོ་བའི་དོན་དུ་ཕྱག་ཞབས་སྐུ་བསིལ་ནས། ། རྡོ་རྗེའི་གདན་ལ་བཞུགས་སུ་གསོལ།། ཨ་ཧ་རི་ཨ་ཧ་ར་བུདྷ་ཙིཏྟ་སྭཱཧཱ། ཨོཾ་བཛྲ་ཀཱི་ལི་ཀཱི་ལཱ་བཾ། བཛྲ་དྷུ་བེ། པུཥྤེ། ཨ་ལོ་ཀེ། གན་དྷེ། བདེ་ཆེན་དབྱིངས་ནས་དཔལ་ཆེན་སྐུར་བཞེངས་ནས། ། དཔལ་ཆེན་རྡོ་རྗེ་གཞོན་ནུའི་ཐུགས་ནི་རིན་པོ་ཆེ།། ཀཱི་ལི་ཀཱི་ལ་ཡ་ཡི་འཁོར་གྱི་འཕྲེང་བས་བསྐོར།། བདེ་ཆེན་དབྱིངས་ནས་དངོས་གྲུབ་སྩལ་དུ་གསོལ།། ཨོཾ་ཨཱ་ཧཱུ~ཾ། བཤང་གཅི་ཤ་དང་ཉི་ཟླ་དང། ། གླང་རྟ་བ་གླང་ཁྱི་ཤ་དང།། མེ་ཏོག་ལ་སོགས་གཏོར་མར་བཅས།། དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་དབུལ།། ཐུགས་དམ་བཞིན་དུ་བཞེས་ནས་ཀྱང།། ཀཱི་ལ་ཡ་ཡི་དངོས་གྲུབ་གསོལ།། རྒྱ་ཕོར་མཚན་ལྡན་སྲུབ་མེད་དུ། ། མུ་ཏིག་དཀར་པོ་དྲི་མེད་གཅིག། ཙན་དན་སྨུག་པོ་རྨ་མེད་གཉིས། ཁམས་གསུམ་བསྒྲལ་བའི་ཤ་ཆེན་གསུམ།། དངོས་གྲུབ་བཅུད་ལྡན་དྲི་ཆེན་བཞི།། དག་བྱེད་རྡོ་རྗེ་དྲི་ཆུ་ལྔ།། ཡེ་ཤེས་ལྔ་ཡི་ངང་ཉིད་དུ། ། གཉིས་སུ་མེད་པར་མཉམ་སྦྱར་ནས།། རྒྱལ་བ་འཁོར་བཅས་རྣམས་ལ་འབུལ།། ཐུགས་དམ་བཞིན་དུ་བཞེས་ནས་ཀྱང།། ཀཱི་ལ་ཡ་ཡི་དངོས་གྲུབ་གསོལ།། ཛ་ཧཱུ~ཾ་བཾ་ཧོ། ཤྲཱི་ཧེ་རུ་ཀ་མ་ཧཱ་བཛྲ་སརྦ་དུཥྟན་ས་མ་ཡ་མུ་ཏྲ་ཁ་རཾ་ཁཱ་ཧི་ཏྲི་ཏ་ཡས་པི་ཧཱུ~ཾ་ཕཊ། ཁམས་གསུམ་མ་ལུས་བསྒྲལ་བའི་ཞིང།། རང་བྱུང་མ་བཅོས་ཐིག་ལེ་ནི།། རིག་པ་དག་གི་གློང་རྟོགས་ཏེ།། ཐམས་ཅད་མ་ལུས་གཉིས་མེད་དང།། རང་བྱུང་དབྱིངས་སུ་གཉིས་མེད་བསྒྲལ། ། རཾ། ཐོག་མར་གཉིས་མེད་རྒྱལ་བའི་ཀློང།། དག་པའི་མཁའ་ནས་གཞོན་ནུའི་སྐུ།། ཧཱུ~ཾ་ཆེན་ལ་སོགས་སྐུར་བཞེངས་ནས།། དུག་གསུམ་ལྗོན་ཤིང་གཅོད་པའི་ཕྱིར།། གཉིས་མེད་སྦྱོར་བའི་མཆོད་པ་འབུལ། ། ས་མ་ཡ་སྟོ། ས་མ་ཡ་སྟྭཾ། ཨ་ནུ་རཱ་ག་ཡཱ་མི། ཨུ་ནུ་རཱ་ག་ཡཱ་ཧཾ། བོ་དྷི་ཙིཏྟ་ཏི་ཥྭ་བཛྲ། ཞེས་གསུངས་སོ།། བསྐུལ་བསྐྱོད་ཐམས་ཅད་ཕྱག་རྒྱ་སྟེ།། གང་བྱས་གཉིས་མེད་དོན་དུ་ཤེས།། འདི་ནི་རྒྱལ་བ་ཀུན་གྱི་རྒྱལ། ། འགྲེས་ལོག་སྤྱི་ཚུགས་གར་འགྲེས་ཀྱང།། སྙིང་པོའི་དོན་ལས་ཡོངས་མི་འདའ།། འཛིན་ཆགས་མེད་པར་རྒྱལ་པས་གསུངས།། སྣང་སྲིད་ཐམས་ཅད་མཆོད་པའི་རྫས།། ཕུལ་ཙམ་ཉིད་ན་ཕུལ་བ་མེད། ། རོལ་བའི་ཆོ་འཕྲུལ་མ་འགགས་པས།། གང་ལྟར་སྤྱད་ཀྱང་མེ་ཏོག་སྐྱེ།། རྒྱལ་བ་ཀུན་དང་མཉམ་སྦྱོར་བའི།། ཁྱད་པར་གསུངས་པ་ཆེན་པོར་འགྱུར།། ཞེས་པར་གསུངས་སོ།། ཕུར་པ་བསྐལ་པ་མེ་ལྟར་འབར་བའི་རྒྱུད་ལས། ངེས་འབྱུང་མཆོད་པའི་ལེའུ་སྟེ་བརྒྱད་པའོ།།།། དེ་ནས་ཡང་ཀར་མ་ཧེ་རུ་ཀས། སྒྲོལ་བྱེད་ཀྱི་རྒྱལ་པོ་ལ། རྣལ་འབྱོར་གྲོལ་ལམ་བསྒྲུབ་ན་ཇི་ལྟར་བསྒྲུབ།། ཀཱི་ལ་ཡ་ཡིས་བཀའ་སྩལ་པ། ། རྣལ་འབྱོར་གྲོལ་བའི་ལམ་འཇུག་པས།། གནས་མལ་བདེ་ཞིང་འཚོལ་བ་བསོག། བསྲུང་བའི་འཁོར་ལོ་བསམས་ནས་སུ།། བསོད་ནམས་ཡན་ལག་བསོགས་བྱས་ནས།། སྟོང་པའི་སྙིང་རྗེ་ཡི་གེ་ལས། ། མཁས་པས་སྐུར་སོགས་གདན་བཤམས་ལ།། དགུག་གཞུག་ཕྱག་རྒྱས་ཐབས་མཆོད་ནས།། བསྙེན་བསྒྲུབ་ཡན་ལག་རྫོགས་པ་ནི།། ཚོགས་ལམ་པ་ཞེས་རྒྱལ་བས་སྦྱར།། ངང་ཉིད་ཆོས་དབྱིངས་རྣལ་འབྱོར་པས། ། གནས་པ་རྩ་ཡི་འཁོར་ལོ་ལས།། མེ་རླུང་ལས་ཀྱིས་འཁོར་ལོ་བསྐོར།། དེ་ལ་ཟབ་མོའི་སྔགས་བཀོད་བས།། ཨཱ་ལི་ཀཱ་ལི་འབྲུ་དགུར་སྦྱར།། དེ་ནི་སྦྱོར་ལམ་རྣལ་འབྱོར་ཡིན།། དེ་ཡང་འཕོ་བའི་རླུང་གིས་བསྐྱོད། ། འཇུ་བའི་མེས་བཞུ་ཐིག་ལེ་གཞིར་གསལ་ཏེ།། ས་གཞི་དགའ་བཞི་དྲོད་མཐོང་བ།། མཐོང་བ་ལམ་གྱི་རྣལ་འབྱོར་པ།། དེ་ཡང་མེ་རླུང་གིས་སྦྱོར་བས།། རིམས་ཀྱི་ཆོས་ཀྱི་ཐིག་ལེར་གསལ།། འཇུག་དང་གནས་དང་ལྡང་བའི་ཚུལ་དུ་བསྒོམ། ། དེ་ནི་བསྒོམ་ལམ་རྣལ་འབྱོར་རོ།། སྣང་བ་གསུམ་གྱི་ངོ་བོ་ཡིས།། འོད་གསལ་ཟུང་འཇུག་ཆོས་ཀྱི་སྐུར་འགྱུར་ཏེ།། སྐུ་དང་ཡེ་ཤེས་དང། ཕ་རོལ་ཕྱིན་པར་འགྱུར།། མཐར་ཐུག་ལམ་དེ་རྫོགས་པའི་རིམ་པ་ཡིན། ། མ་རིག་པ་དང་ཡེ་ཤེས་གཉིས།། ཀུན་གཞི་རྒྱུད་ལ་ཡེ་ཤེས་གནས།། གང་གི་ཡེ་ཤེས་རྒྱས་ཐེབས་ནས།། ལྷ་དང་ཕྲལ་ཞེས་དེ་ལ་བཤད།། དེ་ཉིད་མ་བཅོས་དོན་ཤེས་ཤིང།། གང་གི་རྒྱུད་ལ་རབ་གནས་པ། ། གཟུགས་ལ་དབབ་ཅེས་དེ་ལ་བཤད།། འབྲས་བུ་ཡེ་ཤེས་ནར་སོན་ཅིང།། གང་ལ་དེ་ཡིས་སྦྱོར་བྱེད་པ།། ཡན་ལག་བཅིངས་པར་དེ་འགྱུར་རོ།། ས་ནས་ས་རུ་འཕར་བ་དང།། སྒྲིབ་གནོན་ཡེ་ཤེས་སྐྱེ་བ་དང། ། སྨྱོ་རུ་གཞུག་ཅེས་དེ་ལ་གསུངས།། གང་ལ་བག་ཆགས་རྒྱུད་གནས་ཀུན།། མ་ལུས་ཀུན་ནས་རྩད་འབྱིན་བས།། རྡུལ་དུ་བརླག་ཅེས་དེ་ལ་བྱེད།། ཤེས་བྱ་ཀུན་ལ་ཐོགས་མེད་པའི། ། འབྲས་བུ་ཐམས་ཅད་ལྷུན་གྱིས་གྲུབ།། ཐམས་ཅད་མ་ལུས་འུབ་ཆུབ་པས།། ཞལ་དུ་བསྟབ་ཅེས་དེ་ལ་བྱ།། ཞེས་གསུངས་སོ།། ཕུར་པ་བསྐལ་པ་མེ་ལྟར་འབར་བའི་རྒྱུད་ལས།། དོན་ངེས་པར་གཏན་ལ་དབབ་པའི་ལེའུ་སྟེ་དགུ་པའོ། །།། དེ་ནས་ཡང་ཀར་མ་ཧེ་རུ་ཀས།། སྒྲོལ་བྱེད་ཀྱི་རྒྱལ་པོ་ལ་འདི་སྐད་ཅེས་གསོལ་ཏོ།། བསྒྲུབ་པས་སྒྲོལ་བའི་འཕྲིན་ལས་དག། ཀཱི་ལ་ཡ་ལ་བདག་ཉན་འཚལ།། སྒྲོལ་བྱེད་རྒྱལ་པོས་བཀའ་སྩལ་པ། ། སྒྲོལ་བ་ལས་ཀྱི་འཕྲིན་ལས་རྣམས།། ཡང་དག་ཉིད་དུ་ངས་བཤད་ཀྱིས།། ཉོན་ཅིག་ཀར་མ་ཧེ་རུ་ཀ། དམ་ཚིག་ཆེན་པོའི་དུས་ལ་བབ། སྤྲུལ་པ་ཆེན་པོའི་དུས་ལ་བབ། ཕྱག་གཉེན་ཆེན་མོའི་དུས་ལ་བབ། ། ཤྭ་ན་མུ་ཁའི་དུས་ལ་བབ།། བདག་ཉིད་ཆེན་མོའི་དུས་ལ་བབ།། ས་བདག་ཆེན་མོའི་དུས་ལ་བབ།། ས་བདག་ཆེན་མོའི་དུས་ལ་བབ།། ཁྱེད་ཀྱི་ཐུགས་དམ་དུས་ལ་བབ།། མཐུ་རྩལ་དབྱུང་བའི་དུས་ལ་བབ། ། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང།། དུས་གསུམ་རྒྱལ་བའི་གདུང་འཚོབ་པའི།། རིག་འཛིན་བདག་ཅག་རྣམས་ལ་ནི།། གནོད་ཅིག་གདུག་པའི་དགྲ་དང་བགེགས།། བདུད་དང་བར་དུ་གཅོད་པ་རྣམས། ། དངོས་གྲུབ་འཕྲོག་ཅིང་འཚེ་བ་རྣམས།། ཁྲོ་བོ་ཆེན་པོའི་བྱིན་བརླབས་ཀྱིས།། ཡུད་ཙམ་གྱིས་ནི་འདིར་བཀུག་ནས།། མངོན་སྤྱོད་ཚུལ་བཞིན་བསྒྲལ་པ་དང།། ལུས་ངག་རྡུལ་དུ་བཤིག་ནས་ཀྱང། ། སྡུག་བསྔལ་ཉམས་སུ་མྱོང་བར་མཛོད།། ཨོཾ་ལཾ་ཧཱུ~ཾ་ལཾ་སྟཾ་བྷ་ནན། མོ་ཧ་གྷ་ཡ་བྷ་ག་བན། ཤི་ཏྲི་ཏ་བ་ཀི་ཀྲི་བཛྲ་ཧཱུ~ཾ། ཧཱུ~ཾ་ཀར་ཧཱུ~ཾ་ཧཱུ~ཾ་ཕཊ་ཕཊ། ཨོཾ་བཛྲ་ཀཱི་ལི་ཀཱི་ལཱ་ཡ། ཛ་ཧཱུ~ཾ་བཾ་ཧོ། སརྦ་བིག་ནན་བཾ་ཧཱུ~ཾ་ཕཊ། བཛྲ་ཀཱི་ལི་ཀཱི་ལཱ་ཡ། ཧཱུ~ཾ་ཧཱུ~ཾ་ཧཱུ~ཾ་ཕཊ་ཕཊ་ཕཊ། བཛྲ་ཧཱུ~ཾ་ཀ་ར་ཧཱུ~ཾ་ཨ། ཞེས་ཀུན་གཞིའི་བག་ཆགས་དང་བཅས་ནས་ཕུལ།། དངོས་གྲུབ་བར་ཆད་བྱེད་པའི་བགེགས།། གདུག་ཅིང་སྡང་སེམས་ལྡན་པ་རྣམས།། ཟུང་ཞིག་སྡོམས་ཤིག་རྣམ་པར་ཆིངས། ། རྟོགས་ཤིག་གྲོགས་དང་བྲལ་བར་གྱིས།། རིངས་པར་ཁུག་ལ་སྨྲ་རུ་ཆུག། ཕོབ་ཅིག་རྣམ་པར་གཟིར་བར་གྱིས།། ང་ཡི་དབང་དུ་གྱུར་ནས་ཀྱང།། བསྒོ་བའི་བཀའ་རྣམས་ཉན་པར་གྱིས། ། ཧཱུ~ཾ་པར་བྷྱ་དྷི། ཙྪིནྡ་ཙྪིནྡ་ཛྭ་ལ་པ་ཧཱུཾ་ཕཊ། བྷི་ན་ད་བྷིན་ད་ཧཱུཾ་ཕཊ། གྲིཧྣ་གྲིཧྣ་ཧཱུཾ་ཕཊ། ཧ་ན་ཧ་ན་ཧཱུཾ་ཕཊ། བན་དྷ་བན་དྷ་ཧཱུཾ་ཕཊ། ཏ་ཐ་ཡ་ཧ་ཨ་ཧཱུཾ་ཕཊ། ཧ་ས་ཡ་ར་ཧ་ཏ་ཡ་ན་ཧཱུཾ་ཕཊ། ཥ་ཀྲིན་ཨཱ་ན་ཡ་ཧཱུཾ་ཕཊ། ཡ་ཛྭ་ལ་པ་ཡ་ཧཱུ~ཾ་ཕཊ། ཨཱ་བེ་ཤ་ཡ་ཨཱ་བེ་ཤ་ཡ་ཧཱུ~ཾ་ཕཊ། བིན་དྷ་ཡ་བིན་དྷ་ཡ་ཧཱུ~ཾ་ཕཊ། ཅེས་ལས་ཉོན་མོངས་པ་སྐྱེ་བའི་བག་ཆགས་སྒོ་ལྔའི་རྣམ་པར་ཤེས་པ་ཕུལ་ལོ།། བྲན་དང་ཕོ་ཉ་བཀའ་ཉན་ཚོགས།། ཁྱེད་ཀྱི་དམ་ཚིག་དུས་ལ་བབ། ། སྔོན་ཆད་ཇི་བཞིན་དམ་བཅས་པའི།། མངོན་སྤྱོད་འཕྲིན་ལས་མྱུར་དུ་མཛོད།། ཧ་ན་ཧ་ན་བཛྲ། ད་ཧ་ད་ཧ་བཛྲ། པ་ཙ་པ་ཙ་བཛྲ། མ་ཐ་མ་ཐ་བཛྲ། ཛྭ་ལ་ཛྭ་ལ་བཛྲ། སུ་རུ་སུ་རུ་བཛྲ། མུ་རུ་མུ་རུ་བཛྲ། ཀ་ཏང་ཀ་ཏེ། ཛ་ཡེ་བི་ཛ་ཡེ། ཨ་ཙི་ཏེ། ཨ་པ་ར་རྫི་ཏ། མ་ར་ས་ན་པྲ་མ་ཏ་ན་ཡེ་ཧཱུ~ཾ་ཕཊ། ཅེས་པས་རྣམ་པར་ཤེས་པ་ཚོགས་བརྒྱད་ཕུལ་ལོ།། རྡོ་རྗེ་གསང་བའི་བཀའ་ལས་ནི།། སྡིག་ཅན་གང་ཞིག་འདའ་བྱེད་པ། ། སྟོབས་ཆེན་ཁྲོ་བོ་ཆེན་པོ་ཡིས།། ཀླད་པ་ཚལ་པ་བརྒྱ་རུ་ཁོས།། ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས།། ང་ཡི་བཀའ་ལས་འདའ་མ་བྱེད།། ཨོཾ་མ་མ་པ་ཤི་ཀུ་རུ། མ་ཏཾ་ཉ་ཀ་ར་ཨིན་ཎ། ད་ཏི་མ་མ་ཀར་མ། ཤི་ཏྲཾ་ཀ་ར་ཡེ་ཧཱུ~ཾ་ཕཊ། ཅེས་པས་རྣམ་པར་ཤེས་པའི་རྟེན་མགོ་བོ་བག་ཆགས་དང་བཅས་བ་ཕུལ་ལོ།། གདུག་ཅིང་སྡང་སེམས་ལྡན་པ་ཡི།། ལྷའམ་གནོད་སྦྱིན་བདུད་ཀྱང་རུང།། ང་ལ་བར་ཆད་བྱེད་པ་རྣམས། ། མཐུ་དང་རྫུ་འཕྲུལ་མེད་པར་བྱོས།། སརྦ་ཨ་ན་ཡ་ཧཱུ~ཾ་ཕཊ། ཏ་ཐ་ཡ། ཏ་ཐ་ཡ་ཧཱུ~ཾ་ཕཊ། ཅེས་མཐུད་རྫུ་འཕྲུལ་ཕྲོགས་སོ།། རྡུངས་ཤིག་རྡོ་རྗེ་འབར་བའི་གཏུན།། བཀའ་ལས་འདའ་བྱེད་སྡིག་ཅན་རྣམས། ། རྡོ་རྗེ་མེ་དབལ་སྙིང་བསྲེགས་ནས།། ལུས་ངག་རྡུལ་ཕྲན་བཞིན་དུ་ལྷོགས།། ཁྲོ་མོ་འབར་བའི་གཏུན་ཁུང་དུ།། རྡོ་རྗེ་ཐོ་བས་བརྡུངས་བྱས་ནས།། ལྷ་ཡང་རུང་སྟེ་རླག་པར་བྱེད། ཁ་ཐཾ། ཁ་ཐཾ། ཁ་ཐཾ། ཡུམ་གྱི་མཁའ་དབྱིངས་སུ། ཁམས་གསུམ་དུས་གཅིག་ཏུ་བསྒྲལ་ཏེ། བྱང་ཆུབ་སེམས་ཀྱིས་མ་ཉེས་པར་གྱུར་ཏོ།། ཉི་ཤུ་རྩ་གཅིག་བཟླས། ཧཱུ~ཾ་ཧཱུ~ཾ་ཧཱུ~ཾ། ཕཊ་ཕཊ་ཕཊ། བཛྲ་ཡཀྵ་ཀྲོ་དྷ། ཁཱ་ཧི་ཁཱ་ཧི་ཁཱ་ཧི། ཧ་ཧ་ཧ། ཧཱུ~ཾ་ཧཱུ~ཾ་ཧཱུ~ཾ། ཕཊ་ཕཊ་ཕཊ། ཆོས་ཉིད་ཀྱི་བདེན་པའོ།། གསང་སྔགས་ཀྱི་བྱིན་བརླབས་སོ།། སངས་རྒྱས་ཀྱི་མཐུའོ།། ཨབྷི་ཙརྱའི་དུས་ལ་བབ་བ་རྣམས་ཀྱི་བརྣག་པའོ།། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ། བརྒྱ་རྩ་བརྒྱད་བཟླས། བརྣག་པ་དེ་ཁོ་ན་ལའོ།། ཀཱི་ལི་ཀཱི་ལ་ཡ་བཅོ་བརྒྱད་དོ།། དཀར་ནག་གི་མཚམས་སུའོ།། ཧཱུ~ཾ་ཧཱུ~ཾ་ཧཱུ~ཾ། ཕཊ་ཕཊ་ཕཊ། དགྱེས་དང། གསོ་དང། རྒྱུན་གནས་སོ།། ཞེས་གསུངས་སོ།། ཕུར་པ་བསྐལ་པ་མེ་ལྟར་འབར་བའི་རྒྱུད་ལས། ། སྨད་ལས་ངེས་པར་བསྟན་པའི་ལེའུ་སྟེ་བཅུ་པའོ།།།། དེ་ནས་ཡང་ཀར་མ་ཧེ་རུ་ཀས། སྒྲོལ་བྱེད་རྒྱལ་པོ་ལ་འདི་སྐད་ཅེས་གསོལ་ཏོ།། བསྒྲལ་བའི་ལས་རྣམས་གཏན་ཚིགས་ཀུན།། ཀཱི་ལ་ཡ་ལ་བདག་ཉན། འཚལ། སྒྲོལ་བྱེད་རྒྱལ་པོའ་བཀའ་སྩལ་པ།། སྔགས་དྲུག་ལས་རྣམས་གཏན་ཚིགས་ངས་བཤད་ཀྱིས།། ཉོན་ཅིག་ཀར་མ་ཧེ་རུ་ཀ།། གསང་བའི་ལས་དང་དོན་ཀུན་ལ།། གདབ་པའི་ལས་ཀུན་གང་བྱེད་ཀྱང། ། ངན་སྔགས་ལས་རྣམས་མགོ་ལ་རྫོགས།། གཉིས་ཀྱིས་བསྙེན་པ་བཞི་ཡིས་བསྒྲུབ།། འཕྲིན་ལས་སྡེགས་སུ་རྣམ་པར་བཤད།། གཅིག་ལ་གཅིག་སྟེ་རྟགས་རྣམས་འབྱིན།། གང་གིས་གསད་པའི་ལས་སྦྱོར་བ། ། ངན་སྔགས་སྲོག་གི་འཁོར་ལོའོ།། རྒྱལ་བ་ཀུན་དང་དགོངས་པ་གཅིག། དེ་ཉིད་སྨད་ལས་རྫོགས་པར་བྱ།། མ་ལུས་ཀུན་ལ་གང་སྦྱོར་བ།། དགུག་གཞུག་དྲག་པོའི་ལས་ལ་སྦྱོར།། ཤིན་ཏུ་གཏུམ་ཁྲོད་རོས་ཀྱང། ། བུ་དང་བུ་ལ་གདམས་པར་བྱ།། བསྙེན་བསྒྲུབ་ལས་རྣམས་ཐམས་ཅད།། ཀུན་གྱི་ལས་ལ་གང་མཐའ་སྡུད་ལས་ཀྱི་རྒྱལ་པོར་འགྱུར།། དུས་བ་དྲུག་དང་སྔགས་དྲུག་ལ།། གོ་རིམས་ཇི་བཞིན་སྦྱར་བྱས་ལ། ། རྦད་པའི་སྔགས་སུ་དེ་འགྱུར་རོ།། བྱང་ཆུབ་ཨོཾ་ལས་གྲུབ་པའི་མཐའ།། སྙིང་ལ་གཟིར་བར་རབ་ཏུ་བཤད།། གནད་ལ་དབབ་པའི་ཕོ་ཉ་བརྒྱད་པོ་དང།། དཀྱུས་ཀྱིས་གཉིས་པ་རབ་བསྒུལ་ལ།། བདུན་དང་རྩད་གཅོད་སྙིང་པོ་ལ། ། དྲུག་པའི་སྔགས་ཀྱིས་རབ་ཏུ་གསད།། དེ་བཞིན་གོ་རིམས་ཀུན་དུ་འགྱུར།། དངོས་གསུམ་པ་དང་གཉིས་པ་དང།། དེ་བཞིན་གསུམ་པའི་གསུམ་པ་ལ།། བདུན་པས་མགོ་མནན་བརྒྱད་པ་བླང། ། དྲུག་པ་ཡོངས་སུ་རྫོགས་པར་བརྟག། གསད་པའི་ཐབས་སུ་དེ་འགྱུར་རོ།། སྟོད་ཀྱི་གློད་དང་བར་གྱི་སྐལ།། ཐ་མས་མཐོང་དང་སྔགས་ཀྱིས་གསོད། ཁོང་བཀྲ་ལུང་དུ་དེ་འགྱུར་རོ།། ལས་ལ་ཤིས་ཕྱིར་ཀུན་གྱི་མགོ་ལ་དག་ལ། ། ལས་གཞུག་བརྟུལ་ཕྱིར་ཀུན་གྱིས་གཞུག་ལ་གདགས།། འཕྲིན་ལས་སྡེབས་ཕྱིར་འཕྲིན་ལས་རྡེགས་སུ་གཏང།། མན་ངག་རྩང་ཕྱིན་ཕྱིར་ནི་ཁོང་ཁྲོར་གཏང།། ལྷ་རྣམས་ལས་ལ་གཟུད་ཕྱིར་ཕོ་ཉར་གཏང། ། བསྙེན་བསྒྲུབ་མདོར་ཕྱིར་སྲོག་ལ་འཁོར་ལོ་བསྐོར།། ཉུང་བར་གསང་ཕྱིར་སྔགས་སུ་གཏང།། མི་འུར་ཕྱིར་ནས་སྦད་བའི་སྔགས་སུ་གཏང།། གདུལ་བྱ་ཚར་གཅོད་ཕྱིར་ནི་ཕོ་ཉར་གཏད། ། ཞེས་གསུངས་སོ།། ཕུར་པ་བསྐལ་པ་མེ་ལྟར་འབར་བའི་རྒྱུད་ལས།། མན་ངག་སྡེར་སྦྱིན་པའི་ལེའུ་སྟེ་བཅུ་གཅིག་པའོ།།།། དེ་ནས་ཡང་ཀར་མ་ཧེ་རུ་ཀས། འདི་སྐད་ཅེས་གསོལ་ཏོ།། མི་ཤིགས་རྡོ་རྗེ་གང་ལགས་པ། ། ཀཱི་ལ་ཡ་ལ་བདག་ཉན་འཚལ།། མི་ཤིགས་དོན་རྣམ་གཉིས་སྟེ།། བསྐྱེད་དང་དགུག་དང་བཟླས་པ་དང།། བསྟིམ་དང་བསྲུང་དང་སྦ་བའོ།། གཞལ་ཡས་འཁོར་དང་གཙོ་བོ་དང།། ཕོ་ཉ་ཏིང་འཛིན་ཕྱག་རྒྱས་དང། ། འཕྲོ་འདུ་འོད་ཟེར་འདུ་འཕྲོ་དང།། རིགས་ལྔའི་སྔགས་ཀྱིས་རབ་ཏུ་བསྲུང།། གཞལ་ཡས་ཙིཏྟའི་དཀྱིལ་འཁོར་དུ།། བསྐྱེད་པའི་དཀྱིལ་འཁོར་གཉིས་མེད་བསྟིམ།། མི་འགྱུར་ཡེ་ཤེས་དངོས་པོ་ལ། ། རང་བྱུང་ཡེ་ཤེས་རྒྱ་ཡིས་གདབ།། རྒྱུ་ལས་མ་བྱུང་རྐྱེན་གྱིས་མ་བསྐྱེད་པས།། མི་འགྱུར་ཡེ་ཤེས་གཡུང་དྲུང་ཚེ།། དངོས་པོ་གང་ལ་བདེན་མེད་པས།། རང་བཞིན་འགྱུར་མེད་སྐྱེ་མེད་ཚེ།། སེམས་ཉིད་གང་དུ་མ་བཙལ་བས། ། གཡོ་ལྡང་མེད་པར་སེམས་ཀྱི་ཚེ།། བདག་དང་གཞན་དུ་མི་འབྱེད་པས།། གཉིས་མེད་བྱང་ཆུབ་སེམས་ཀྱི་ཚེ།། ཞེས་གསུངས་སོ།། ཕུར་པ་བསྐལ་པ་མེ་ལྟར་འབར་བའི་རྒྱུད་ལས།། རྡོ་རྗེ་ཚེའི་ལེའུ་སྟེ་བཅུ་གཉིས་པའོ། །།། དེ་ནས་ཡང་ཀར་མ་ཧེ་རུ་ཀས། སྒྲོལ་བྱེད་ཀྱི་རྒྱལ་པོ་ལ་འདི་སྐད་ཅེས་ཞུས་སོ།། བསྙེན་དང་བསྒྲུབ་པ་གང་ལགས་པ།། ཀཱི་ལ་ཡ་ལ་བདག་ཉན་འཚལ།། ཉོན་ཅིག་ཀར་མ་ཧེ་རུ་ཀ། བསྙེན་བསྒྲུབ་དོན་རྣམས་ངས་བཤད་ཀྱིས། ། རྩེ་གཅིག་པ་ཡི་ཡིད་ཀྱིས་ཉོན།། དུར་ཁྲོད་བྲོག་གླིང་རྐང་གཅིག་དྲུང།། དབེན་ལ་ཉམས་དགའི་གནས་དག་ཏུ།། རྫས་དང་ཡོ་བྱད་ཀུན་སོགས་ལ།། ལྷུན་འགྱུར་ཞེ་སྡང་ཆེ་བའི་འཁོར། ། ཤིན་ཏུ་དྲུག་པོའི་དུས་ལ་འཇུག། བསོད་ནམས་དབུང་དང་ཕྱིན་བཤགས་བྱ།། སྟག་དང་གླང་པོ་ལ་སོགས་ཏེ།། ཆོ་ག་ཡན་ལག་རྫོགས་པར་བྱ།། བསྙེན་པ་ཞེས་སུ་རྒྱལ་བས་གསུངས།། ཏིང་འཛིན་རིམ་པ་རབ་གསལ་ཞིང། ། རིག་པའི་ཡེ་ཤེས་གྲངས་བསྟིམ་པས།། ལས་མཐར་ཕྱིན་པ་བསྒྲུབ་ཆེན་པོ།། ཀར་མ་ཧེ་རུ་ཀས་ཡང་གསོལ་པ། དེ་དོན་རྒྱལ་བས་བཤད་དུ་གསོལ།། ཉོན་ཅིག་ཀར་མ་ཧེ་རུ་ཀ། ངས་གསུངས་པ་ལ་ཐེ་ཚོམ་མེད། ། ལྔ་ཡིས་དོན་གྱིས་གཞི་བཟུང་ལ།། བཞི་ཡིས་དེ་ཉིད་ལས་བསྡེབས་ལ། གསུམ་གྱིས་དོན་གྱི་ཁོག་ཕུབ་སྟེ།། གཉིས་ཀྱི་དོན་གྱི་སྤྱིས་རྣམས་འབྱིན།། མཐར་ཕྱིན་ལས་ཀྱིས་རྒྱལ་པོར་བཤད། ། གཅིག་ལ་གསུམ་སྟེ་རབ་ཏུ་དབྱེ།། དང་པོ་རྣམས་པ་གཉིས་སུ་འགྱུར།། གཉིས་ལ་རྣམ་པ་དགུ་རུ་བཤད།། གསུམ་ལ་ཡན་ལག་རབ་ཏུ་དབྱེ།། གཉིས་ལ་གཉིས་ཏེ་གཉིས་སོ་ཏྲ།། གསུམ་ལ་རྣམ་དྲུག་ཉིད་དོ། ། བཞི་ལ་གསུམ་གྱིས་ཡོངས་སུ་རྫོགས།། ཞེས་གསུངས་པས། འཁོར་གྱིས་བསྟོད་དོ།། སྒེག་པོ་དཔའ་བོ་འཇིགས་སུ་རུང་བ་དང།། རྒོད་དང་གཤེ་དང་འཇིགས་པར་ཁྲོ་བ་དང།། སྙིང་རྗེ་རྔམ་དང་ཞི་བ་ལ་སོགས་ཏེ། ། སྐུ་ཡི་དངོས་པོ་ཤིན་ཏུ་ཀླས་པ་ཡིན།། རྒྱན་དང་ཆ་ལུགས་ལྡན་པས་སྒེག་སྒེག་འདྲ།། བདུད་བཞི་གདན་དུ་བཏིང་བས་དཔའ་དབའ་འདྲ།། སྐུ་ཆེ་ཡན་ལག་རགས་པས་འཇིགས་འཇིགས་འདྲ།། ཞལ་གཡས་དཀར་ལ་འཛུམ་པས་རྒོད་རྒོད་འདྲ། ། ཞལ་གཡོན་དམར་ལ་གདང་བས་གཤེ་གཤེ་འདྲ།། ཞལ་དབུས་མཐིང་ལ་རྔམ་པས་ཁྲོ་ཁྲོ་འདྲ།། རྒྱུད་དྲུག་ལ་སོགས་འདྲེན་པས་ཐུགས་རྗེ་ཆེ་ཆེ་འདྲ།། གདུག་པ་ཞལ་དུ་གསོལ་བས་རྔམ་རྔམ་འདྲ། ། ཆོས་སྐུ་མཚན་མ་མེད་བས་ཞི་ཞི་འདྲ།། དེ་འདྲའི་ཁྲོ་བོ་ཆ་ལུགས་འཇིགས་པར་བསྟན་པ་ནི།། རྡོ་རྗེ་རྩེ་དགུས་ས་དགུའི་རྟོག་པ་འཇོམས།། རྡོ་རྗེ་རྩེ་ལྔས་རྒྱུད་ལྔ་རབ་ཏུ་འཇོམས།། མེ་དཔུང་འབར་བས་ཁམས་གསུམ་ཉོན་མོངས་བསྲེག། ཁ་ཊྭཱཾ་རྩེ་གསུམ་དུག་གསུམ་རྩད་ནས་གཅོད།། རི་རབ་ཕུར་པས་ཁམས་གསུམ་ཟིལ་གྱིས་གནོན་མཛད་པ།། སྐུ་སྨད་དཔལ་དང་ཆས་པས་གདུག་པ་སྒྲོལ། ། གཉིས་མེད་ཐུགས་ལས་སྐྱེད་པའི་ཡུམ་ཆེན་དང།། ཡབ་ཡུམ་གཉིས་མེད་སྐུ་གསུང་ཐུགས་དང་ལྡན།། དྲག་པོ་ལས་ཀྱིས་གདུག་པ་སྒྲོལ་མཛད་པ།། ཀཱི་ལ་ཡ་ཡི་དངོས་གྲུབ་སྩལ་དུ་གསོལ།། དེ་ནས་ཡང་རང་བཞིན་གྱི་འཁོར་གྱི་གཙོ་འཁོར་ལ་བསྟོད་དོ། ། བསྐལ་པ་མེ་ལྟར་འབར་བའི་དཀྱིལ་འཁོར་ནས།། གདུག་པ་འདུལ་ཕྱིར་དུས་ལས་མི་འདའ་བའི།། ཁྲོ་རྒྱལ་འདུས་པའི་སྲས་མཆོག་ཀཱི་ལ་ཡ།། རྡོ་རྗེ་གཞོན་ནུའི་སྐུ་ལ་ཕྱག་འཚལ་བསྟོད། ། དུས་གསུམ་རྒྱལ་བ་ཐམས་ཅད་བསྐྱེད་པའི་ཡུམ།། བདེ་ཆེན་དབྱིངས་ལས་སྐྱེད་པའི་འབྱུང་གནས་གཙོ།། མཛེས་པའི་སྐུ་མཆོག་སེམས་ཅན་སྒྲོལ་ལ་མཁས།། འཁོར་ལོ་རྒྱས་འདེབས་ཡུམ་ལ་ཕྱག་འཚལ་ལོ། ། ཕྱོགས་བཅུ་དྲེག་པ་བསྣོལ་བའི།། གདན་སྟེངས་ནས།། བདུད་འདུལ་ཆེན་པོ་ཡེ་ཤེས་ཁྲོ་རྒྱལ་བཅུ།། ཧཱུ~ཾ་དང་ཕཊ་ཀྱིས་སྲིད་གསུམ་འཁོར་བ་འཇོམས།། ཁྲོ་བོ་ཆེན་པོ་བཅུ་ལ་ཕྱག་འཚལ་བསྟོད། ། བདེ་ཆེན་དབྱིངས་ལས་སྐྱེད་པའི་ཁྲོ་རྒྱལ་ཡུམ།། ཁྲོ་བའི་སྐུ་ལ་དགྱེས་པར་སོ་སོ་འཁྲིལ།། སྲིན་པོའི་ཆ་ལུགས་ཤིན་ཏུ་བརྗིད་བར་སྟོན།། ཡེ་ཤེས་ཁྲོ་མོ་བཅུ་ལ་ཕྱག་འཚལ་བསྟོད། ཁམས་གསུམ་དབང་སྡུད་ཡེ་ཤེས་ཕྱག་སྙན་ཚོགས། ། ཆེ་མཆོག་གཏུམ་ཁྲོ་ཕོ་ཉ་འབར་བའི་སྐུ།། རྔམ་པའི་སྟབས་ཀྱིས་སྲིད་གསུམ་འགུགས་མཛད་མ།། མགོ་བརྙན་ཉི་ཤུའི་ཚོགས་ལ་ཕྱག་འཚལ་ལོ།། ཚད་མེད་བཞི་རྫོགས་གསང་བ་ཡུམ་གྱི་དང། ། འཕྲིན་ལས་རྣམ་བཞིས་འགྲོ་བའི་དོན་ལ་བརྩོན།། ཕྱག་རྒྱ་རྣམ་བཞིས་གདུག་པ་འདུལ་མཛད་མ།། སྒོ་སྐྱོང་འགུག་འདྲེན་ཚོགས་ལ་ཕྱག་འཚལ་བསྟོད།། ཕུར་བ་བསྐལ་པ་མེ་ལྟར་འབར་བའི་རྒྱུད་ལས། བསྙེན་བསྒྲུབ་དང་དགྱེས་ཏེ་བསྟོད་པའི་ལེའུ་སྟེ་བཅུ་གསུམ་པའོ།།།། དེ་ནས་ཡང་ཀར་མ་ཧེ་རུ་ཀས། སྒྲོལ་བྱེད་ཀྱི་རྒྱལ་པོ་ལ་གསོལ་བ། ངེས་འབྱུང་སྙིང་པོ་གང་ལགས་པ།། ཀཱི་ལ་ཡ་ལ་བདག་ཉན་འཚལ། ། ཉོན་ཅིག་ཀར་མ་ཧེ་རུ་ཀ། ངས་གསུངས་པ་ལ་གདོན་མི་ཟ།། རང་བྱུང་ཡེ་ཤེས་རྒྱལ་པོ་ལས།། འཁོར་འདས་ཐམས་ཅད་འབྱུང་གནས་ཆོས།། སྣ་ཚོགས་ངོ་བོ་འབྲས་བུར་སྨིན།། ཀར་མ་ཧེ་རུས་ཡང་གསོལ་པ། ། ཨེ་མ་ཧོ་ངོ་མཚར་རྨད་ཀྱི་ཆོས།། རང་བཞིན་གསང་བའི་དངོས་པོ་རྣམས།། སྤྱོད་ཡུལ་མ་ཡིན་ངོ་མཚར་ཆེ།། ཀུན་ལ་སྣང་བ་རྒྱལ་བའི་ཞིང།། ངོ་མཚར་རྨད་བྱུང་རྒྱལ་བའི་ཐུགས།། ངོ་མཚར་རྒྱལ་བ་ཀུན་དང་མཉམ། ། སྒྲོལ་བྱེད་རྒྱལ་པོས་བཀའ་སྩལ་པ།། ཨེ་མ་ཧོ་ངོ་མཚར་རྨད་ཀྱི་ཆོས།། ཀུན་འབྱུང་ཡེ་ཤེས་རྒྱལ་པོ་འདི།། སྟོན་པ་རྡོ་རྗེའི་ཐུགས་ལ་གནས།། མ་བཙལ་བདེ་བའི་སེམས་ཉིད་ལས།། སྣ་ཚོགས་སྣང་བ་ངོ་མཚར་ཆེ། ། བདེ་གཤེགས་ཟབ་མོའི་སྤྱོད་ཡུལ་ལས།། གང་ལྟར་སྣང་བ་ངོ་མཚར་ཆེ།། ཨེ་མ་ངོ་མཚར་རྨད་ཀྱི་ཆོས།། ཀུན་བརྗོད་གསུང་གི་རྒྱལ་པོ་འདི།། ཇི་སྙེད་ཐ་སྙད་ཀུན་བརྗོད་ཀྱང།། འབྲས་བུ་བྱེ་བྲག་སོ་སོར་སྣང། ། ཐ་སྙད་བྲག་ཆ་ཇི་བཞིན་ཏེ།། མ་བརྗོད་སྒྲ་ཡི་ངང་དུ་གནས།། སྒྲ་དེ་མ་བརྗོད་ཐ་སྙད་ལས།། དཔེར་ན་བཅོམ་ལྡན་སྦྲིད་སངས་བཞིན།། སྟོན་པ་རྡོ་རྗེའི་གསུང་ལས་འབྱུང།། ཨེ་མ་ཧོ་ངོ་མཚར་རྨད་ཀྱི་ཆོས། ། ཀུན་ནས་ཐུགས་ཀྱི་རྒྱལ་པོར་གནས།། ཟླ་བ་ལྟ་བུར་དངས་པ་ལས།། ཉི་མ་ལྟ་བུར་ཀུན་ལ་ཁྱབ།། མ་གཡོས་རྒྱ་མཚོ་ལྟ་བུ་ལས།། ཤུགས་ལས་འབྱུང་བ་རོལ་པར་སྣང།། རང་བཞིན་དངོས་པོ་དངོས་མེད་དང། ། མེ་ལོང་དངས་པའི་ཚུལ་བཞིན་ནོ།། སྟོན་པ་རྡོ་རྗེའི་ཐུགས་ལ་གནས།། ཨེ་མ་ཧོ་ངོ་མཚར་རྨད་ཀྱི་ཆོས།། འཕྲིན་ལས་སྣ་ཚོགས་ཅིར་སྣང་ཡང།། ཞི་རྒྱས་དབང་དང་དྲག་པོ་དང།། མངོན་སྤྱོད་འཕྲིན་ལས་བསམ་ཡས་ཀུན། ། ལས་རྣམས་བྱ་བ་མ་ལུས་ཀུན།། གཅིག་མ་ལུས་པར་ཐམས་ཅད་གྲུབ།། བྱས་སོ་ཅོག་རྣམས་ལས་སུ་འགྱུར།། བྱས་དང་གང་ལས་གཡོས་པ་མེད།། ཨེ་མ་ངོ་མཚར་རྨད་ཀྱི་ཆོས། ། ཡོན་ཏན་བསམ་ཡས་གསང་བར་གནས།། ཞིང་ཁམས་རྒྱན་ལ་སོགས་པ་རྣམས།། གང་ཡིན་དེ་ལས་མི་ཞན་པ།། རྒྱལ་བའི་ཡོན་ཏན་བརྗོད་ལས་འདས།། དེ་ཕྱིར་ཡོན་ཏན་ཀུན་ལ་སྣང།། ཨེ་མ་ཧོ་ཡང་དག་རྫོགས་ལུང་རྒྱལ། ། ཆོས་རྣམས་བསྟན་པའི་རྒྱལ་པོར་འབྱུང་བའི་རྒྱུ།། མདོ་སྡེ་འདུལ་བ་མངོན་པ་ཡང།། བསྟན་པའི་རྒྱལ་པོ་ང་ལས་འབྱུང།། དམ་ཚིག་བསྒྲུབ་དང་བསྒྲུབ་པ་དང།། བསྟན་པའི་རྒྱལ་པོ་འདི་ལས་བྱུང། ། སྐུ་དང་གསུང་དང་ཐུགས་རྒྱུད་དང།། བསྟན་པའི་རྒྱལ་པོ་འདི་ལས་བྱུང།། ས་དང་ལམ་རྣམས་བརྒྱུད་པ་ཡང།། བསྟན་པའི་རྒྱལ་པོ་འདི་ལས་བྱུང།། སྟོན་པ་སྒྲོལ་བྱེད་རྒྱལ་པོ་ངས།། ང་ཡིས་མ་བྱས་གང་ཡང་མེད། ། སྟོན་པ་དག་པ་མཐའ་དག་ང་ཡི་འཁོར།། ཐ་སྙད་གྲགས་པ་ཐམས་ཅད་ཀུན།། དེ་དག་ཐམས་ཅད་དང་ལས་བྱུང།། ང་ལས་མ་བྱུང་གང་ཡང་མེད།། ཆོས་སོ་ཅོག་ཏུ་གྲགས་པ་ཀུན།། ཀུན་ཀྱང་ང་ཡི་དངོས་གཞི་ཡིན། ། བསྟན་པའི་རྒྱལ་པོ་མཐའ་དག་ཀུན།། དོན་གྱི་ངོ་བོ་ང་ལས་བྱུང།། ཞེས་གསུངས་པས། ཀར་མ་ཧེ་རུ་ཀས་གསོལ་པ། ཨེ་མ་ཧོ་སྒྲོལ་བྱེད་རྒྱལ་པོ་ལགས། ཀུན་གྱི་གཞིར་གྱུར་དེ་ལྟར་ན། གང་ལྟར་གང་བྱུང་གང་དུ་སྨིན། ། རྫོགས་སངས་རྒྱས་ལ་བདག་ཉན་འཚལ།། དོན་གྱི་སྙིང་པོ་ཀུན་འབྱུང་གཞི་ཉིད་དེ།། འོག་མིན་གནས་མཆོག་དམ་པ་རུ།། སྐུ་ཡང་སྒྲོལ་བྱེད་རྒྱལ་པོ་འདིས།། འཁོར་ཡང་ཀུན་ཁྲོ་འཁོར་རྣམས་ལ། ། ཚིག་གཅིག་གསུངས་པ་མེད་མོད་ཀྱང།། རང་བཞིན་དོན་གྱིས་གོ་བར་སྟོན།། འོག་མིན་གྲགས་པ་དེ་ལྟར་གྱིས།། གོང་དབྱེ་བ་ཡི་གདུལ་བྱ་ལ།། སྒྲོགས་པ་ཀར་མ་ཧེ་རུ་ཀ། དེ་ཡང་ང་སྣང་མྱ་ངན་འདས་འོག་ཏུ། ། བསྟན་པ་ཀུན་འབྱུང་རྒྱལ་པོ་འདི།། རིག་པ་འཛིན་པའི་གནད་གསུམ་ལ།། ངེས་ཏེ་ངེས་པར་འབྱུང་བ་ཡིན།། ངེས་པར་འབྱུང་བར་གདོན་མི་ཟ།། རྒྱལ་བའི་དགོངས་པའི་བཅུད་གནས་འདི།། དེ་ཡང་གང་ཟག་མོས་དབང་ལས། ། རྟོག་པའི་བྱེ་བྲག་ཐམས་ཅད་ལས།། ཆོས་དང་བྱེ་བྲག་བརྗོད་ལས་འདས།། དེ་བསྡུས་རྣམ་པར་གསུམ་ཉིད་དེ།། འདོད་ཆགས་ཞེ་སྡང་གཏི་མུག་སྟེ།། གཉེན་པོ་གང་ལྟར་འཚལ་བས་ན། ། སྣོད་དང་སྦྱར་ལ་གཏད་པར་གསུངས།། དེ་ཡང་སྣོད་ཀྱི་བྱེ་བྲག་ལས།། དུག་ཅན་རྣམས་དང་ཕྲད་མི་འགྱུར། ཁ་སྦུབ་ཞབས་རྡོལ་སྤོང་བའི་རྒྱུ།། དད་ལྡན་བརྩོན་འགྲུས་ཆེ་བ་དང།། དཀའ་ཐུབ་དམ་ལ་གནས་པ་དང། ། བརྟུལ་ཞུགས་ཆེ་ཞིང་སྒྲོལ་ལ་བརྩོན།། སྐད་གདངས་ཆེ་ལ་ལས་ཁྲིགས་མཁས།། དེ་ལྟར་ཚངས་པའི་སྣོད་ལ་གདམས།། ཞེས་གསུངས་སོ།། ཕུར་པ་བསྐལ་པ་མེ་ལྟར་འབར་བའི་རྒྱུད་ལས། གང་ལྟར་བྱུང་བ་དང་ལུང་བསྟན་པའི་ལེའུ་སྟེ་བཅུ་བཞི་པའོ། །།། དེ་ནས་ཡང་སྒྲོལ་བྱེད་རྒྱལ་པོས་འདི་སྐད་ཅེས་བཀའ་སྩལ་ཏོ།། འཁོར་གནས་ཁྲོ་རྒྱལ་ཐམས་ཅད་ཀྱིས།། འབྱུང་གནས་བསྟན་བའི་རྒྱལ་པོ་འདི།། ཀུན་ལ་སྤེལ་ཞིང་རྒྱས་པ་དང། ། ཡོངས་སུ་དང་ཞིང་སྨིན་པ་དང།། མི་ནུབ་རྒྱལ་མཚན་ཆེན་པོ་སྟེ།། ཀུན་ལ་མཐུན་པར་ཡང་དག་ཟུང།། ཕོ་ཉ་འཁོར་ཚོགས་ཐམས་ཅད་དང།། མཁའ་འགྲོ་ཕོ་རྒྱུད་མོ་རྒྱུད་ཀྱིས།། ངས་གསུངས་རྒྱུད་ཀྱི་རྒྱལ་པོ་འདི། ། སྣོད་ལྡན་གང་ལ་གནས་བྱེད་པ།། དེ་ལ་སྐྱོབ་ཅིང་བརྩེ་བར་ཟུང།། ཕུར་པ་བསྐལ་པ་མེ་ལྟར་འབར་བའི་རྒྱུད་ལས། རྒྱུད་ཡོངས་སུ་གཏད་པའི་ལེའུ་སྟེ་བཅོ་ལྔ་བའོ། །།། རྡོ་རྗེ་ཕུར་པ་བསྐལ་པ་མེ་ལྟར་འབར་བའི་རྒྱུད་ཅེས་བྱ་བ་རྒྱུད་ཀྱི་རྒྱལ་པོ་རྫོགས་སོ།།།། ཨུ་རྒྱན་གྱི་མཁས་པ་ཆེན་པོ་པདྨ་འབྱུང་གནས་དང། བོད་ཀྱི་ལོཙྪ་བ་བྲང་ཏི་ཛཱ་ཡ་རཀྵི་ཏ་དང། ལྕེ་ཀུ་ཀུ་ར་ཙ་དང། སྣུབས་ནམ་མཁའི་སྙིང་པོས། བསམ་ཡས་བྲག་དམར་དུ་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།།།། རྒྱ་གར་སྐད་དུ། བུ་ཏྲ་ཏན་ཏྲ་ཀ་པ་ན་མ་པྲ་ཏ་པ། ཀ་རུ་ན་ས་ཏ་ནཱ་མ། ཀ་ར་མ་ར་ཡ་དྷ་བ།

CLOSE WINDOW