Wylie |
ཀྱ་རྙ?་ཡཱ་ཐཱ། བ་ཧྱ། དང་ཏ་གཱའ་གཱའ་ཏྱ། ན་ན། བདྷྱརཐའ། རྒྱ་གར་སྐད་དུ། བུད་དྷ་ཀ་ར་ཡ་ཧུ་ནཱ་མ། བོད་སྐད་དུ།། སངས་རྒྱས་ཀྱི་འདས་རྗེས་གཉིས་པ། ཡང་དག་པར་རྫོགས་པའི་སངས་རྒྱས། དཔའ་བོ་སྟོབས་ཀྱི་རྣམ་པར་གནོན་པ་ཉིད་ལ་ཕྱག་འཚལ་ལོ།། ཡང་གཅིག་རྡོ་རྗེ་འཆང་ཆེན་ང།། སེམས་ཅན་ཀུན་ལ་ཐུགས་བརྩེ་བས།། ཏིང་ངེ་འཛིན་ལས་གཉིད་སད་དེ། ། ཉོན་མོངས་གདུག་རྩུབ་མཁའ་འགྲོའི་གནས།། གསང་ཆེན་རོལ་པའི་དུར་ཁྲོད་དུ།། ཡབ་ནི་གནོད་སྦྱིན་ཡག་ཤ་སེང་གེའི་གདུང།། མ་ནི་འདོད་དབང་ལྷུམས་སུ་སྐྱེས། ། ཡིད་ཁྲོས་འཇིགས་པའི་གཟུགས་སུ་བྱས།། གཞོན་ནུ་དཔའ་བོ་སྟོབས་དང་ལྡན།། ཕྱག་ན་རྡོ་རྗེ་བྱ་བ་ནི། སྤྲིན་གྱི་ནང་ནས་ཐོན་ནས་ནི།། འཁོར་ཡང་བྱང་ཆུབ་སེམས་དཔའ་བདུན། ། མཁའ་འགྲོ་པུར་ན་ཉེར་བཞི་དང།། ཚངས་པ་དུང་མགྲིན་སེང་གེས་གདུང།། དྲང་སྲོང་ཟླ་འོད་གཞོན་ནུ་དང།། དེ་དག་འདུལ་བའི་ཡུལ་དུ་བྱས།། ཕུ་སྡུད་བྱེ་བཞི་ཕྲག་དགུ་དང། ། འདུལ་བྱེད་བྱེ་བ་བྲག་གཉིས་དང།། བསྡུས་པ་ཨ་ཏི་ཡོ་གའི་བཅུད།། འབུམ་ཕྲག་གཅིག་ལ་སོགས་གསང་ཆེན་རོལ་བའི་དུར་ཁྲོད་དུ་གནས།། ཚེ་ལོ་དྲུག་ཁྲི་བ་ཡི་དུས། ། ཕུང་པོ་ལྷག་མ་མེད་པ་རུ།། རིམ་པ་གཉིས་ལྡན་གསང་མཆོག་ཏུ།། ཡེ་ཤེས་ལུས་ཅན་དེ་བཞིན་གཤེགས།། དེ་ནས་དགའ་རབ་རྡོ་རྗེ་ཉིད།། གསང་ཆེན་རོལ་པའི་དུར་ཁྲོད་གནས། ། མེ་རི་འབར་བའི་ཤར་ཕྱོགས་སུ།། བརྒྱལ་ཅིང་སྨྲེ་སྔགས་མཆི་མ་ཕྱུང།། ཀྱེ་མ་ཀྱེ་ཧུད་ཀྱེ་མ་ཀློང།། སྟོན་པ་སྒྲོན་མའི་འོད་ནུབ་ནས།། མ་རིག་མུན་པ་གང་གིས་སེལ།། དེ་ལྟར་སྨྲེ་སྔགས་བརྒྱལ་སངས་ནས། ། ནམ་མཁའི་དབྱིངས་སུ་ཡར་བལྟས་པས།། འོད་ལྔ་འཇའ་ཚོན་འཁྲུག་པའི་ནང།། སྟོན་པ་དཔའ་བོ་སྟོབས་ལྡན་ནི།། ཕྱག་གཡས་གྲུབ་མོ་ཡར་ཕྱུངས་ནས།། རིན་ཆེན་ཤེལ་གྱི་ཟ་མ་ཏོག། སེན་གང་བ་གཅིག་མར་ལ་བོར།། དགའ་རབ་ལག་པ་ཡར་བཟེད་ནས།། གླེགས་བམ་ལག་པའི་མཐིལ་དུ་བབས།། དེ་ཉིད་ཞལ་ཕྱེས་བལྟས་པ་ཡི།། བཻ་ཌཱུར་མཐིང་ཤོག་ཞུན་མ་ལ།། རིན་ཆེན་སྣ་ལྔས་བྲིས་པ་སྣང། ། བལྟས་པས་དགའ་རབ་རང་རྒྱུད་གྲོལ།། དེ་ཡི་ཞལ་ཆེམས་འདི་སྐད་དོ།། ངེས་པར་སངས་རྒྱས་ཐོབ་འདོད་ན།། སྔོན་དུ་འགྲོ་ལ་རྩལ་ཉིད་སྦྱངས།། ལུས་དང་ངག་དང་ཡིད་གསུམ་མོ།། རུ་ཤན་ལེགས་པར་མ་ཕྱེས་ན། ཁམས་གསུམ་ཉིད་ལས་མི་གྲོལ་བ།། སྔོན་འགྲོའི་གནད་ལ་མཁས་པར་བྱ།། མཆོག་དང་ཐུན་མོང་དངོས་གྲུབ་འབྱུང།། ཐོག་མར་དབེན་པའི་གནས་ཉིད་དུ།། ཐེག་པ་བཅུ་གཅིག་དབང་མཆོག་བསྐུར། ། དེ་ནས་ཐེག་པ་རིམ་གྱིས་ཁྲིད།། དང་པོ་འཇིག་རྟེན་ལྷ་མོའི་ཁྲིད།། ལུས་ཀྱིས་སྔོན་འགྲོ་བྱ་བའི་ཕྱིར།། རིགས་དྲུག་སྤྱོད་པ་སྣ་ཚོགས་སྤྱད།། སྐྱིལ་ཀྲུང་མཐིལ་པར་དྲང་པོར་སྲང།། སྤྱི་བྲོ་ཐལ་སྒྱུ་ཡུན་དུ་གནས། ། དེ་ལྟར་ལུས་ཀྱི་དུབ་བྱས་པས།། ལུས་བདེ་མི་རྟོག་བར་གཅོད་ཞི།། ཞེན་པ་བཟློག་ཅིང་སྡིག་པ་འདག། ལུས་ཉིད་སྤྲུལ་པའི་སྐུར་གྲོལ་ནས།། སངས་རྒྱས་སྐུ་དང་གཉིས་སུ་མེད།། ལྷག་མེད་ཉིད་དུ་གྲོལ་བར་འགྱུར། ། ངག་གི་སྔོན་འགྲོ་བྱ་བའི་ཕྱིར།། རིགས་དྲུག་སྒྲ་སྐད་སྣ་ཚོགས་བརྗོད།། ཞི་ཁྲོའི་སྒྲ་དང་འབྱུང་བའི་སྒྲ།། རྣམ་པ་སྣ་ཚོགས་ཉིད་དུ་བྱ།། ངག་ནི་ཧཱུཾ་དུ་གནས་པ་ལ།། རྒྱས་གདབ་པ་དང་རྩལ་ཉིད་འབྱོངས། ། གཉེན་བཙལ་ལམ་དུ་ཞུགས་པ་དང།། དེ་དག་རྣམས་ལ་ངག་འབྱོངས་པས།། ཞེན་པ་ལོག་ནས་ངག་སྒྲིབ་དག། མི་རྟོག་གཉིས་མེད་ལོངས་སྐུར་གྲོལ།། དེ་རྣམས་འཇིག་རྟེན་ལྷ་མིའི་ཁྲིད། ། ལེགས་པར་ཡང་དག་ཉིད་དུ་སྦྱངས།། དེ་ནས་ལྟ་ལོག་མུ་སྟེགས་ཁྲིད།། རྟག་ཆད་གཉིས་ལ་སྦྱང་བར་བྱ།། གཅིག་པ་ཉན་ཐོས་ལམ་ཁྲིད་སྦྱང།། གཉིས་པ་རང་རྒྱལ་ལམ་ཁྲིད་ཀྱང།། གསུམ་པ་བྱང་སེམས་ལམ་ཁྲིད་ཀྱང། ། བཞི་པ་ཀྲི་ཡའི་ལམ་ཁྲིད་ཀྱང།། ལྔ་པ་ཨུ་པའི་ལམ་ཁྲིད་ཀྱང།། དྲུག་པ་ཡོ་གའི་ལམ་ཁྲིད་ཀྱང།། བདུན་པ་མ་ཧཱའི་ལམ་ཁྲིད་ཀྱང།། བརྒྱད་པ་ཨ་ནུའི་ལམ་ཁྲིད་ཀྱང།། དགུ་པ་རྫོགས་ཆེན་ཨ་ཏི་ཁྲིད། ། སེམས་ཀྱིས་རྩད་ཁུངས་བཅད་པའི་ཕྱིར།། རིགས་དྲུག་སྡུག་བསྔལ་བློ་ལ་བླངས།། འདུས་བྱས་ཐམས་ཅད་མི་རྟག་པ།། ཀུན་ཀྱང་འཇིག་པའི་ཆོ་འཕྲུལ་སྒོམ།། དེ་རྣམས་སྒོམ་པའི་མཁན་པོ་ནི།། སེམས་ལ་ཐུག་གམ་མ་ཐུག་བརྟག། སེམས་སུ་ཐུག་ན་དགེ་སྡིག་གང་ཆེ་བརྟག། དེ་ནས་སེམས་འདི་གང་འདིང་འདྲ།། འདྲ་དཔེ་མང་དུ་བསྡུར་བར་བྱ།། དེ་ནས་ལུས་ངག་ཡིད་གསུམ་པོ།། གཙོ་བོ་གང་ཡིན་ཐག་ཀྱང་བཅད། ། སེམས་སུ་ཐག་ཆོད་མནའ་ཡང་བསྐྱལ།། དེ་ནས་སེམས་ཀྱི་བྱུང་ས་བཙལ།། མ་རྙེད་ཆོས་ཀྱི་སྐུ་དང་སྤྲོད།། དེ་ནས་སེམས་ཀྱི་གནས་ས་བཙལ།། མ་རྙེད་ལོངས་སྤྱོད་སྐུ་དང་སྤྲད།། དེ་ནས་སེམས་ཀྱི་འགྲོ་ས་བཙལ། ། མ་རྙེད་སྤྲུལ་པའི་སྐུ་དང་སྤྲད།། དེ་ལྟར་སེམས་ཀྱིས་སུས་བྱས་པ།། ཞེན་ལོག་བར་གཅོད་ཞི་བ་དང།། སྒྲིབ་པས་ཁམས་གསུམ་གོས་པ་མེད།། ཆོས་སྐུ་རང་གྲོལ་གཉིས་མེད་འདའ།། དེ་ནས་ལུས་ངག་ཡིད་གསུམ་པོ། ། རྣལ་དུ་འབེབ་པ་མཁས་པར་བྱ།། ལུས་ངག་ཡིད་གསུམ་སོར་ཆུད་ནས།། ཉམས་ལེན་ཉིད་ལ་བརྩོན་པར་འགྱུར།། དེ་ལྟར་སྔོན་འགྲོ་རྫོགས་བྱས་ནས།། དེ་དག་བློ་ཡིས་བོར་བྱས་ཏེ།། མངོན་སུམ་གནད་ལ་ཕབ་པའི་ཕྱིར། ། ལུས་ངག་ཡིད་གསུམ་བྱ་བ་སྤངས།། ཅེས་པའི་ཞལ་ཆེམས་གཉིས་པ་འདི།། བྱིན་རླབས་ཆེན་པོ་རང་བབས་ཀྱི།། ཡི་གེ་རིས་སུ་རང་བྱུང་ངོ།། མྱ་ངན་འདས་པའི་སྣ་ཁྲིད་ཡིན།། བསྟན་པ་ཀུན་གྱི་བུ་གཅིག་པོ། ། འབྲས་བུ་ཀུན་གྱི་མཆོག་དམ་པ།། ཞལ་ཆེམས་གཉིས་པ་བྱ་བ་རྫོགས་སོ།། སྐལ་ལྡན་ལས་ཅན་སྙིང་གི་བུ་དང་སྤྲོད།། ཁྲོས་མ་ནག་མོས་རྒྱལ་བའི་བཀའ་འདི་སྲུངས་ཤིག། ཌམཱཉ།།།། རྒྱ་གར་སྐད་དུ། བུད་དྷ་བྷ་ཀ་ར་ཡ་བྷེ་ནཱ་མ། བོད་སྐད་དུ། སངས་རྒྱས་ཀྱི་ཞལ་ཆེམས་པ་གསུམ་པ་ཞེས་བྱ་བ། རང་གྲོལ་རྡོ་རྗེ་འཆང་ལ་ཕྱག་འཚལ་ལོ།། སེམས་ཅན་ཚེ་ལོ་ཁྲི་ཚོའི་དུས།། སྲིན་པོ་རུ་ལུའི་ཡུལ་དུ་ཡང། ། ཕ་ནི་རག་ཤ་ཁྲོ་གདུངས་དང།། སྲིན་མོ་ཤམ་ཤམ་ནག་མོའི་བུ།། སྟོན་པ་རྡོ་རྗེ་འཆང་ཆེན་ནི།། དྲང་སྲོང་ཁྲོས་པའི་རྒྱལ་པོར་སྐྱེས།། འཁོར་དུ་སྲིན་པོ་བྱེ་བ་ཅིག། ལོ་ནི་སྟོང་ཕྲག་གཉིས་བཞུགས་སོ། ། སྟག་སྤྱང་འཁྲོས་པའི་རི་བོ་ལ།། ཐ་མར་འདའ་བའི་ཚུལ་ཡང་བསྟན།། འཁོར་རྣམས་བརྒྱལ་ཏེ་མཆི་མ་ཕྱུང།། ཀྱེ་མ་ཀྱེ་ཧུད་ཀྱེ་མ་ཀློང།། སྟོན་པ་སྒྲོན་མའི་འོད་ནུབ་ནས།། མ་རིག་མུན་པ་གང་གིས་སེལ། ། དེ་ལྟར་སྨྲེ་སྔགས་བརྒྱལ་སངས་ནས།། ནམ་མཁའི་དབྱིངས་སུ་ཡར་བལྟས་པས།། འོད་ལྔའི་ནང་དུ་སྟོན་པ་བྱོན།། ཕྱག་གཡས་གྲུ་མོ་མར་ཕྱུང་ནས།། རིན་ཆེན་ཤེལ་གྱི་ཟ་མ་ཏོག། སེན་གང་བ་ཅིག་མར་ལ་བོར། ། དགའ་རབ་ལག་པ་ཡར་བཟེད་པས།། གླེགས་བམ་ལག་པའི་མཐིལ་དུ་བབས།། དེ་ཉིད་ཞལ་ཕྱེས་བལྟས་པ་ཡི།། རང་བྱུང་ཡི་གེ་རང་ཤར་བ།། རིན་ཆེན་སྣ་ལྔས་བྲིས་པ་སྣང།། བལྟས་པས་དགའ་རབ་རང་རྒྱུད་གྲོལ། ། ཀྱེ་མ་ཀྱེ་མ་བུ་རྣམས་གསོན།། ལུས་འདི་མྱ་ངན་འདས་འདོད་ན།། སྐུ་གསུམ་བཞུགས་སྟངས་ཉིད་ལ་བསླབ།། འདི་ལྟར་སུ་ཡིས་བྱས་པའི་མི།། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི།། སྐུ་ཡི་ཀློང་དུ་མྱ་ངན་འདས། ། ངག་ནི་སློབ་པའི་རིམ་པ་དང།། གནས་པ་བསྟན་ཅིང་ལ་ཡང་བཟླ།། དེ་ལས་མི་འདའ་སུས་བྱས་པ།། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི།། གསུང་གི་ཀློང་དུ་མྱ་ངན་འདས།། བྱ་བ་དགུ་འཕྲུགས་དག་ཏུ་བཏང། ། སེམས་གནད་གཟིགས་སྟངས་གསུམ་བཅུན་ཏེ།། ཡུལ་གནད་ནམ་མཁའ་སྐྱེན་བྲལ་སྒོ།། གནད་བཟློག་ཕབ་ལ་ཟུར་གྱིས་ལྟ།། སྒྲོན་མ་བཞི་ལྡན་འབྲལ་མི་བྱ།། རླུང་གནད་ཤིན་ཏུ་དལ་ལ་བསླབ། ། དེ་ལྟར་གནད་གསུམ་གཟིགས་པ་ཡིས།། སྐུ་གསུམ་རིག་པ་སྟོང་པར་འཆར།། ལུག་རྒྱུད་རིག་པ་བཙོན་དུ་བཟུང།། མངོན་སུམ་གནད་མཐོང་ཕྱིར་མི་ཟློག། ཆོས་འདི་མངོན་སུམ་སྣང་བའི་ས།། ཡིད་སྤྱོད་འཛིན་པའི་ལྟ་བ་ནུབ། ། ཉམས་སྣང་གོང་འཕེལ་རྣམ་གཉིས་ཀྱིས།། བར་དོའི་ཡེ་ཤེས་མངོན་སུམ་གསལ།། རིག་པ་ཚད་ལ་ཕེབས་པ་ཡིས།། ལོངས་སྤྱོད་རྫོགས་པའི་སྐུ་ངོས་ཟིན།། ཆོས་ཉིད་ཟད་པའི་སྣང་བ་ཡིས། ། རྫོགས་ཆེན་བྱ་བྲལ་འབྲས་བུ་ཐོབ།། འདི་ལྟར་སྣང་བཞི་མཐར་ཕྱིན་ནས།། མྱང་འདས་བཙལ་དུ་མེད་པའོ།། མི་འགུལ་གསུམ་ལ་གཞི་བཅས་ནས།། སྡོད་པ་གསུམ་གྱིས་ཚད་བཟུང་བས།། རྟགས་ནི་ལུས་ངག་ཡིད་ལ་འབྱུང། ། ཐོབ་པ་གསུམ་གྱིས་གཟེར་ཐེབས་སོ།། དེ་ལས་བསྟན་དུ་མེད་དོ་ས་མ་ཡ།། བར་དོ་མ་བུ་གཉིས་སྦྱོར་བས།། ཡེ་ཤེས་སྣང་བ་ལམ་མེ་བ།། འགྲོ་བའི་མར་མེ་ཡེ་ཤེས་སྒྲོན།། གཟི་བརྗིད་ཆེན་པོ་འོད་གསལ་བ། ། ཞི་ཁྲོ་རང་སྣང་དཀྱིལ་འཁོར་གསལ།། འདི་ནི་རང་རིག་འོད་སྣང་སྟེ།། གཉིས་མེད་གཉིས་སུ་མེད་པ་རུ།། ཡང་དག་མཐའ་ལ་རྣམ་པར་གནས།། སྐད་ཅིག་གཅིག་གིས་བྱེ་བྲག་ཕྱེད། ། སེམས་ཀྱིས་སྐད་ཅིག་དོན་ཀུན་རིག། བདེ་ཆེན་གཞི་འོ་མི་འགྱུར་བས།། དཔག་མེད་མདའ་ལྟར་སླར་མི་ཟློག། མི་འགྱུར་གསེར་གྱི་ཐུར་མ་བཞིན།། རང་སྣང་ཉིད་དུ་ཐག་ཆོད་ཅིག། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། ། ཐུགས་ཀྱི་སྙིང་པོ་བུ་གཅིག་པོ།། རིན་ཆེན་ཞུ་བའི་ཁུ་བས་བྲིས།། ལེགས་པར་དྲིལ་ལ་མཆན་ཁུང་བཅུག། བཀུར་སྟི་རིམ་གྲོ་ཕུན་སུམ་ཚོགས།། སུ་ཡིས་བྱས་པ་གྲོལ་བར་ངེས།། འཇའ་འོད་སྒྲ་དང་ས་གཡོས་དང། ། སད་སེར་མུ་གེ་འབྱུང་བའི་ཚེ།། ཕྱོགས་དང་མཐུན་པའི་ལྕེ་ཡིས་ཀླག། སྟོང་གསུམ་སྤྲུལ་པའི་སངས་རྒྱས་ལ།། ཡོན་ཕུལ་བས་ཀྱང་སྟོབས་ཆེའོ།། འདི་ཉིད་བསྟན་པའི་སྲོག་ཡིན་ནོ།། ལྔ་ལྡན་བུ་ལ་རིམས་ཀྱིས་སྟོན། ། སྔགས་ཀྱི་སྲུངས་མས་སྲུངས་ཅིག། ས་མ་ཡ། རྒྱ་རྒྱ་རྒྱ། ཐསྦྱ་མྱ།།།། རྒྱ་གར་སྐད་དུ། བུད་དྷ་ཀ་ར་ཡ། བོད་སྐད་དུ། སངས་རྒྱས་ཀྱི་ཞལ་ཆེམས།། སྟོན་པ་རྡོ་རྗེ་འཆང་ཆེན་ང།། སྟག་སྤྱད་རི་ལ་ཏིང་ངེ་འཛིན།། ལོ་ལྔ་འབྲུག་གམ་གཉིས་བཞུགས་སོ།། དེ་ནས་འགྲོ་བའི་དོན་ལ་བཞེངས། ། ཚེ་ལོ་ལྔ་སྟོང་ཐུབ་པའི་དུས།། ལྷོ་ཕྱོགས་བྱ་རྒོད་ཕུང་པོའི་རི།། ཉན་ཐོས་རྣམས་དང་ཡིད་འདྲེས་ཕྱིར།། རྒྱལ་པོ་ཛཱ་ཞེས་བྱ་བའི་ཁབ།། ལྷོ་ཕྱོགས་རྒྱང་གྲག་གཅིག་གི་ས།། ཕ་ནི་རྒྱལ་པོ་སེང་གེ་བཟང། ། མ་ནི་མཛེས་མ་འོད་ལྡན་འབུམ།། ཏིང་ངེ་འཛིན་ལས་སྐུ་འཁྲུངས་པ།། གསེར་འོད་དམ་པ་བྱ་བར་གྲགས།། ཉན་ཐོས་རྣམ་པའི་གདུང་བ་གཅད།། གླེགས་བམ་ཞུ་མ་འདི་གཏད་དོ།། ཨེ་མ་ཧོ།། སྐད་ཅིག་རྫོགས་སངས་རྒྱས་འདོད་ན། ། ལུས་ངག་ཡིད་གསུམ་བྱ་བ་བཏང།། ཤེས་པ་རྩེ་གཅིག་དྲང་ལུས་གཅུན།། འཕྲོ་འདུ་བྱུང་ན་དེ་ཉིད་ལྟ།། བྱུང་གནས་འགྲོ་གསུམ་བརྟགས་པས་ཤེས།། འདུག་སྟངས་གསུམ་དང་ལྡན་པ་ན། ། དབྱིངས་ཀྱིས་ནང་ན་འོད་ཀྱིས་ཁྱིམ།། འགྱུར་དེ་ཡེ་མཉམ་ཆེན་པོ་ནི།། སངས་རྒྱས་སེམས་ཅན་ཐམས་ཅད་ལ།། བྱས་པ་མེད་པར་ཡེ་མཉམ་གནས།། འདི་ཉིད་སུ་ཡི་རྟོགས་པའི་མི།། རང་རིག་ངོ་བོ་རྟོགས་པའོ། ། ཤོ་ལོ་ཀ་ནི་བདུན་པ་འདི།། ཐུགས་རྗེ་དྲན་སངས་རྒྱས་པ་སྟེ།། སྐལ་ལྡན་བུ་ལ་རིམས་ཀྱིས་གཏོད།། སྐལ་མེད་རྣམས་ལ་མ་ཉེ་ཞིག། སྔགས་ཀྱི་སྲུངས་མས་ཐུབ་པར་སྲུངས།། ས་མ་ཡ། རྒྱ་རྒྱ་རྒྱ། གཏེར་རྒྱ། སྦས་རྒྱ། དམ་རྒྱའོ།།།། རྒྱ་གར་སྐད་དུ། བུདྡྷ་དྷརྨ། བོད་སྐད་དུ། སངས་རྒྱས་ཀྱི་ཆོས་ཚིག། དེ་ནས་ཚེ་ལོ་སྟོང་ཚོའི་དུས།། སོག་པོ་གཡུ་ཡི་གནས་མཆོག་ཏུ།། བྱང་ཆུབ་སྙིང་པོའི་ཤིང་ལ་བརྟེན། ། བརྩེགས་པ་བློ་གྲོས་བྱ་བར་སྐྱེས།། ལོ་ནི་བརྒྱ་དང་ཉི་ཤུ་རུ།། བྱང་སེམས་དཔག་མེད་འཁོར་གྱིས་བསྐོར།། ཀུན་བྱེད་རྒྱལ་པོ་ཁུ་བྱུག་རོལ།། ཆོས་སྡེ་མང་དུ་གསུངས་ནས་ཀྱང།། རྒྱལ་པོ་ཛཱ་ཡི་ཁང་བཟངས་ཀྱི། ། བྱང་གི་ཕྱོགས་སུ་མྱ་ངན་འདས།། ཛ་ཡི་ཁང་སྟེངས་ཞག་བདུན་དུ།། དམ་པ་ཆོས་ཀྱི་ཆར་པ་བབ།། རྒྱལ་པོ་དགྱེས་ཏེ་གསོལ་བ་བཏབ།། གཟི་ཡི་ཕྱག་རྡོར་གྲུ་གང་བ།། ནམ་མཁའ་དབྱིངས་ནས་འདི་སྐད་གསུངས། ། ཀྱེ་ཀྱེ་རྒྱལ་པོ་ཆེན་པོ་ཉོན།། ཆོས་རྣམས་རང་བཞིན་བདག་མེད་པས།། དངོས་པོ་མེད་པའི་འདུ་ཤེས་བསྒོམ།། ཆོས་རྣམས་དངོས་པོར་གཟུང་མེད་པས།། གཟུང་འཛིན་མེད་པའི་འདུ་ཤེས་བསྒོམ། ། ཆོས་རྣམས་རང་བཞིན་ལྟར་མེད་པས།། གསལ་སྟོང་དག་པའི་འདུ་ཤེས་བསྒོམ།། ཆོས་རྣམས་རང་བཞིན་བསྒོམ་མེད་པས།། དམིགས་གཏད་བྲལ་བའི་འདུ་ཤེས་བསྒོམ།། ཆོས་རྣམས་རང་བཞིན་ཕྱོགས་མེད་པས། ། བློ་འཛིན་དག་པའི་འདུ་ཤེས་བསྒོམ།། ཆོས་རྣམས་རང་བཞིན་རྒྱུས་མེད་པ།། བྱ་བཙལ་བྲལ་བའི་འདུ་ཤེས་བསྒོམ།། དེ་སྐད་ཞལ་ཆེམས་བཞི་པ་བབ།། རྒྱལ་པོ་གཟུང་འཛིན་རང་སར་གྲོལ།། གསེར་འོད་བརྩེགས་པ་བློ་གྲོས་ཀྱིས། ། ཞལ་ཆེམས་རྡོ་རྗེའི་ཚིག་དྲུག་གསུངས།། སྐལ་ལྡན་བུ་ལ་རིམས་ཀྱིས་གཏད་དོ།། སྔགས་ཀྱི་སྲུངས་མས་འདི་སྲུངས་ཅིག། སྱ་མྱ་ཡ།།།། རྒྱ་གར་སྐད་དུ། ས་ཐ་ཏ་ཐཱ་གྷ་བྷྱ། བོད་སྐད་དུ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དགོངས་པའི་བཅུད། ཚེ་ལོ་ལྔ་བརྒྱ་པ་ཡི་ཚེ།། བྱ་རྒོད་སྤུངས་པའི་རི་བོ་རུ།། སྟོན་པ་འོད་སྲུངས་བགྲེས་པོ་ལ། ། འཁོར་དུ་དགྲ་བཅོམ་བདུན་གྱིས་བསྐོར།། ཐོག་མའི་སངས་རྒྱས་རབ་བདུན་དང།། དཀྱིལ་འཁོར་གཅིག་བསྡུས་འཁོར་ཡིན་པས།། ལ་བྱ་ཉོན་མོངས་གཅད་བྱའི་ཕྱིར།། ངེས་པ་དོན་གྱིས་ཆོས་རྣམས་གསུང། ། འདས་པའི་ཚུལ་ཡང་བསྟན་པའི་ཚེ།། གདུལ་བྱ་དགྲ་བཅོམ་འཁོར་རྣམས་ལ།། གདུང་བ་བཅད་ཚིག་འདི་གསུངས་སོ།། ཨེ་མ་ཆོས་སྒོ་བསམ་ཡས་ཀུན།། འདི་ལ་མ་འདུས་གང་ཡང་མེད།། འཇིག་རྟེན་འཁྲུལ་པའི་བློ་རིངས་སྟུངས། ། ཀུན་ཀྱང་མི་རྟག་འགྱུར་འཆི་བསམ།། རྒྱུས་པས་ལས་ཀྱིས་རྣམ་དབྱེ་གསལ།། གདུངས་པས་གསོལ་པ་དྲག་ཏུ་བཏབ།། ལུས་ངག་ཡིད་གསུམ་རུ་ཤན་དབྱེ།། མི་འགྱུར་ལྷུན་གྲུབ་མ་ཞེན་ཞོག། ཤེས་རབ་རང་བྱུང་སྒྲོན་མ་ཡིས།། ཆོས་སྐུ་ངོ་བོ་གཅིག་ཏུ་བསྡུད།། རྒྱང་ཞགས་ཆུ་ཡི་སྒྲོན་མ་ཡིས།། རིག་པ་ཡེ་ཤེས་འཆར་སྒོ་བྱེད།། དག་པ་དབྱིངས་ཀྱི་སྒྲོན་མ་ཡིས།། རིག་པ་འོད་སྐུ་འཆར་གཞི་བྱེད། ། ཐིག་ལེ་སྟོང་པའི་སྒྲོན་མ་ཡིས།། སྣ་ཚོགས་འོད་ལྔ་རང་གིས་མདངས།། རྩལ་རྫོགས་ཆོས་ཚིག་ཟད་པར་བྱེད།། དབྱིངས་འདི་རིག་པའི་ཡུལ་ཡིན་ནོ།། སྣང་བ་མི་འགག་ལྷུག་པར་འཆར། ། འཁོར་འདས་ཤན་འབྱེད་རྣལ་དུ་དབབ།། དེ་ནས་དབྱིངས་རིག་སྣང་བ་བརྟག། འདི་ལ་གོམས་པའི་ཚད་རྙེད་ནས།། ཕྱི་རོལ་སྣང་བ་ཐམས་ཅད་ནི།། གོང་ནས་གོང་དུ་ཡར་མཆེད་ནས།། རིམས་ཀྱིས་གོམས་ནས་ཆོས་ཟད་དེ། ། ཟག་བཅས་རང་དེངས་འཁོར་དོངས་སྤྲུགས།། ཅེས་གསུངས་ནས་འཇའ་འོད་དུ་ཡལ་ལོ།། སྔགས་ཀྱི་སྲུངས་མས་སྲུངས་ཅིག། སྱ་མྱ་ཡ། རྦ་དྷྱ་དྦ།།།། རྒྱ་གར་སྐད་དུ། བྷ་དྷ་ཨ་ཀྵེ་བཾ། བོད་སྐད་དུ། ཐེམས། ཚེ་ལོ་སུམ་བརྒྱ་པ་ཡི་དུས།། རྡོ་རྗེ་གདན་གྱི་འབྱུང་གནས་སུ།། ཡབ་ནི་བྲམ་ཟེ་མཚན་བཟང་དང།། ཡུམ་ནི་དགེ་སློང་པདྨ་ལྕམ།། སྟོན་པ་རྡོ་རྗེ་འཆང་ཆེན་ང།། མངོན་རྫོགས་རྒྱལ་པོ་བྱ་བར་འཁྲུངས། ། འཁོར་ནི་རིགས་གསུམ་མགོན་པོ་ལ།། ཡང་དག་དོན་གྱི་ཆོས་རྣམས་བཤད།། དེ་ནས་མྱ་ངན་འདས་པའི་ཚེ།། གདུང་བ་བཅད་ཚིག་འདི་བབས་སོ།། ཨེ་མ་རིགས་གསུམ་སྤྲུལ་འཁོར་རྣམས། ། གསང་སྔགས་ཀུན་གྱིས་ཡང་གསང་གནད།། ལུས་ངག་ཡིད་གསུམ་བྱ་བ་ནི།། དགུ་ཕྲུག་དག་ཏུ་གཏང་བར་བྱ།། ལུས་ངག་འདུག་སྟངས་བཅུ་གཅིག་གཟིར།། སྒོ་ས་གནད་ཕབས་ཟློག་ཟུར་གྱིས་ལྟ། ། རླུང་གནད་ཤིན་ཏུ་དལ་ལ་བསླབ།། རྐྱེན་བྲལ་གསུམ་གྱི་དག་དབྱིངས་ལ།། ལུ་གུ་རྒྱུད་ཀྱིས་ར་བ་དང།། འཇའ་འོད་སྐུ་ཐིག་ཟེར་དུ་འཁྲིགས།། སྣ་ཚོགས་གཟུགས་ཅན་དེ་བཞིན་གཤེགས།། ནམ་མཁའ་ཁྱབ་པར་གར་བྱེད་པ། ། ཡན་ལག་མེད་པའི་རྩིས་ལས་འདས།། སྤྲིན་བྲལ་ནམ་མཁའ་དངས་པ་ལ།། ཟིམ་བུས་སུ་རྒྱ་བལྟ་བར་བྱ།། ཉིན་མཚན་དབང་པོ་ཨར་ལ་གཏད།། ཟླ་བ་དགུ་གསུམ་བདུན་དྲུག་ལ།། མངོན་སུམ་གོང་འཕེལ་ཚད་ཕེབས་ཏེ། ། ཕུང་པོ་རང་དེངས་ཆོས་ཟད་དོ།། བསྟན་པ་ཀུན་གྱི་སྙིང་ཁུ་འདི།། རིན་ཆེན་ཞུ་བའི་ཁུ་བས་བྲིས།། མགུལ་དུ་བཏགས་པས་ཕྱི་ནང་གྲོལ།། སྐལ་ལྡན་བུ་ལ་རིམས་ཀྱིས་གཏོད།། སྱ་མྱ་ཡ། སྐུ་གསུང་ཐུགས་ཀྱི་རྒྱ་དམ་པོ་ཡོད་དོ།། ཊཱ་ཊཀ་ཐ་ཊྭ་ར་ཊཾ་བ་ཊ།།།། རྒྱ་གར་སྐད་དུ། རད་ན་ཏི་ལ། བོད་སྐད་དུ། རིན་ཆེན་ཐིག་ལེ། ཚེ་ལོ་བརྒྱ་པའི་ཚེ།། བ་ར་ན་སེའི་གནས་མཆོག་ཏུ།། དྲུག་པ་རྡོ་རྗེ་འཆང་ཆེན་ང།། སྟོན་པ་ཤཱཀྱ་ཐུབ་པ་ཞེས།། འཁོར་དུ་ལྔ་སྡེ་བཟང་པོས་བསྐོར། ། དྲང་ངེས་གཉིས་ཀྱི་ཆོས་འཁོར་བསྐོར།། ནུབ་ཕྱོགས་བྱ་རྒོད་ཕུང་པོའི་རི།། རྡོ་རྗེ་གདན་དུ་བྱང་ཆུབ་གནས།། བྱང་ཆུབ་ཤིང་ལ་སྐུ་རྒྱབ་གཏད།། སྲོད་ལ་བདུད་ཀྱི་དཔུང་རྣམས་བཏུལ།། ནམ་ཕྱེད་ཏིང་འཛིན་མཉམ་པར་བཞུགས། ། སྐྱ་རེངས་དང་པོ་ཤར་བ་ལ།། ང་ནི་མྱ་ངན་འདས་ཚུལ་བསྟན།། འདི་ཡང་གང་ཟག་རྟག་མཐའ་གསལ།། ཚེ་སྟོད་འཁོར་འདས་རུ་ཤན་ཕྱེ།། བར་དུ་སྣང་བཞི་ཉམས་སུ་བླངས།། ཚེ་སྨད་ཆོས་ཟད་མངོན་སངས་རྒྱས། ། སྤུར་ཁང་ནང་ནས་སྐུ་སྟོད་ཕྱུང།། འཁོར་ཚོགས་གདུང་བ་གཅད་པའི་ཕྱིར།། ཀུན་དགའི་ལག་ཏུ་གླེགས་བམ་བབ།། བལྟས་པས་རིགས་དྲུག་དོང་སྤྲུག་གོ། ཨེ་མ་ཕྱི་རབས་རིགས་ཀྱི་བུ། ། ཡོན་ཏན་གསུམ་ལྡན་བླ་མ་ཚོལ།། ཉམས་མྱོང་ཡིད་ཆེས་མཆེད་གྲོགས་ཚོལ།། ཕུན་སུམ་ཚོགས་པའི་གནས་ཉིད་དུ།། རྣམ་སྣང་ཆོས་བདུན་ལུས་གནད་བཅའ།། སྣང་བ་སེམས་ཡིན་བུམ་དབང་ཐོབ།། སེམས་ཉིད་རང་སྟོང་གསང་དབང་ཐོབ། ། སྟོང་པ་མཐའ་ཁྲོལ་ཤེར་དབང་ཐོབ།། ངོ་བོ་མཉམ་ཉིད་ཚིག་དབང་ཐོབ།། རང་རིག་སྐུ་གསུམ་རྗེན་པ་འདི།། སྙིང་གི་དཀྱིལ་ནས་ལྷང་ངེ་གནས།། རིག་པ་ཡེ་ཤེས་འོད་པོ་ཆེ།། རྒྱུ་རྐྱེན་འབྲས་བུ་རྟགས་དུས་སུ། ། བྱུང་གནས་འགྲོ་གསུམ་མེད་པ་རུ།། སྟོང་གསལ་མ་འགགས་ཟངས་ཐལ་ལེ།། སྣང་བ་དངོས་བཟུང་མེད་པ་སྟེ།། སྟོང་ནི་དབྱིངས་དང་ཁ་དོག་བྲལ།། གསལ་བ་གཞི་འགྱུའི་སྣང་བ་གསལ། ། མ་འགག་རིག་རྩལ་སྣ་ཚོགས་འཆར།། ཡོད་དོ་སྙམ་ན་བཟུང་བཅངས་བྲལ།། མེད་དོ་སྙམ་ན་འཁོར་འདས་གསལ།། བཅོས་བསླད་མེད་པར་ཟང་ཐལ་ལེ།། འགག་བསྒྲུབ་མེད་པར་ཡང་ཁྲོལ་ལ།། རེ་དོགས་མེད་པར་བདེ་ཁྲིལ་ལི། ། གཤིས་ལུག་ངང་ན་དང་སང་ངེ།། རིག་པ་འཛིན་མེད་ཆོས་ཀྱི་སྐུ།། རིག་པ་ཀུན་གསལ་ལོངས་སྤྱོད་རྫོགས།། རིག་པ་ཀུན་འཆར་སྤྲུལ་པའི་སྐུ།། རིག་པ་སྐྱེ་མེད་ཀློང་དཀྱིལ་དུ།། ཕྱི་ནང་གསང་བའི་ཆོས་རྣམས་འདུ། ། ཆུ་རྣམས་རྒྱ་མཚོར་འདུས་དང་མཚུངས།། འཛིན་མེད་སྐྱེ་མེད་རང་སར་གྲོལ།། རྟོག་མེད་མཉམ་ཉིད་རིག་པའི་སྐུ།། བཟུང་བས་མི་ཟིན་ཆུ་ཟླ་འདྲ།། རིག་པའི་སྐུ་ནི་བུམ་སྐུ་འདྲ། ། ཡེ་ཤེས་བུམ་ནང་མར་མེ་འདྲ།། ཨེ་མ། འཛིན་མེད་རང་ལ་མདངས།། བཅོས་པ་མེད་པའི་ངང་ལ་ཞོག། སངས་རྒྱས་ཀུན་གྱི་ཡེ་ཤེས་ནི།། རང་གི་སྙིང་གི་དཀྱིལ་དུ་ཞོག། ཅང་མེད་དངོས་པོའི་རང་གཟུགས་ཀུན། ། ནམ་མཁའ་སྟོང་པའི་དཀྱིལ་ལ་སྦོས།། གསང་སྔགས་ཀུན་གྱི་ལྟ་ཕུག་ནི།། སྒྲོན་མ་བཞི་ལ་མ་ཡེངས་སྟེམས།། རང་བྱུང་རིག་པའི་རྒྱལ་པོ་ནི།། ལུ་གུ་རྒྱུད་དུ་ཤེས་པར་བྱ།། རང་གྲོལ་ཆེན་པོའི་ལྟ་སྟངས་ནི། ། སེང་གེ་ལྟ་བུར་ཤེས་པར་བྱ།། གཞི་ཁྲེག་ཆོད་ཀྱིས་འཁོར་འདས་གྲོལ།། ལམ་ཐོད་བརྒལ་རྩལ་སྐུ་གསུམ་རྒྱས།། བརྒྱད་ཁྲི་བཞི་སྟོང་ཚིག་བརྗོད་རྣམས།། འཁྲུལ་པའི་སྟེང་དུ་ཡང་རྩེ་མནན། ། དྲང་པོའི་སེམས་ཅན་བློ་བསྒྱུར་རྩམ།། ངེས་པར་འདི་ལ་གདེང་ཆོས་ཅིག། ཅེས་གསུངས་ནས་མངོན་པར་རྫོགས་པར་སངས་རྒྱས་སོ།། དུས་གཅིག་ལ་འཛམ་བུའི་གླིང་དུ་མཆོད་རྟེན་བྱེ་བ་རང་འཁྲུངས་སོ། ། སྐལ་ལྡན་ལས་ཅན་ཅིག་ལ་གཏོད་ཅིག། སྐུ་གསུང་ཐུགས་ཀྱི་རྒྱ་ཡོད་དོ།། རྒྱལ་བ་དགོངས་པ་བརྒྱུད་པའི།། ཞལ་ཆེམས་རྗེས་དགོངས་ཉམས་བསྟན་པ་ཀུན་གྱི་ཐུགས་བཅུད་དོ།། སྱ་མྱ་ཡ།།།། རྒྱ་གར་སྐད་དུ། ཧྱ་ཀྵོཾ་ས་བྷྱ། བོད་སྐད་དུ། རིགས་འཛིན་གྱི་འདས་རྗེས། བཅོམ་ལྡན་འདས་ཀུན་སྣང་བཅོས་བསྡུད་དང་བྲལ་ལ་ཕྱག་འཚལ་ལོ།། ཀུན་བཟང་ཆོས་སྐུའི་གློང་ལས་ནི།། འགག་མེད་ཞི་ཁྲོ་རྡོར་འཆང་སྤྲུལ། ། སྐུ་ཡི་མཛད་པ་བཅུ་གཉིས་དང།། ཕྱི་ནང་གི་མཛད་པ་བཅུ་གཉིས་དང།། ཐུགས་ཀྱིས་མཛད་པ་བཅུ་གཉིས་དང།། མཛད་པ་སུམ་ཅུ་སོ་དྲུག་རྣམས།། སྟོན་པའི་བྱ་བ་རྫོགས་པའི་དུས། ། རིགས་འཛིན་དགའ་རབ་རྡོ་རྗེ་ཉིད།། འཁོར་གྱི་དམ་པར་སྐུ་འཁྲུངས་ཏེ།། མཛད་པའི་ཆོས་རྣམས་ཐུགས་སུ་ཆུད།། དེ་ལྟ་བུ་ཡི་རིགས་འཛིན་བདག། ཆོས་ཀྱི་བདེ་བའི་ལྷུམས་སུ་ཞུགས།། པྲད་ཛྙ་བྷ་བྷ་ཞེས་སུ་གྲགས། ། རི་བོ་ཉི་མ་སྣང་བྱེད་དུ།། ལོ་ནི་ཉི་ཤུ་སྒོམ་ཚུལ་བསྟན།། ལོ་ནི་སུམ་ཅུ་རྩ་གཉིས་ནས།། སངས་རྒྱས་བསྟན་པའི་ཆོས་རྣམས་ནི།། མ་ལ་ཡ་ཡི་རྩེ་མོ་རུ།། རྡོ་རྗེ་དབྱིངས་ཀྱི་མཁའ་འགྲོ་མ།། འཛིན་མེད་བདེ་བའི་རོལ་ཆེན་དང། ། བདེ་བྱེད་སེར་མོ་ཞེས་བྱ་དང།། རིག་འཛིན་བརྒྱ་དང་གསུམ་པོ་ཡིས།། རང་བཞིན་རྫོགས་པ་ཆེན་པོ་ནི།། ཤོ་ལོ་ཁ་ནི་འབུམ་ཕྲག་དྲུག། བཅུ་ཕྲག་རྩ་བཞི་ཡི་གེར་བཏབ།། བསིལ་བ་ཚལ་གྱི་དུར་ཁྲོད་དུ། ། ཤེས་རབ་གདུལ་བྱར་གྱུར་པ་ཡི།། མཁའ་འགྲོ་དྲངས་ལས་འདས་པ་ལ།། གུ་ལང་བདུན་བུར་ཆོས་བཤད་དོ།། བསྟན་པ་དམ་པ་རྒྱས་པར་བྱས།། དེ་ནས་ཆུ་བོ་དན་ཏི་གྷོར།། ཟག་བཅས་ཕུང་པོ་མི་སྣང་བར། ། ཟག་མེད་སྒྱུ་མ་གཟུགས་ཀྱི་སྐུ།། ནམ་མཁའི་འོད་ཀྱི་བཀང་ནས་གཤེགས།། དེ་དུས་འཇམ་དཔལ་བཤེས་གཉེན་གྱིས།། གདུང་བའི་སྨྲེ་སྔགས་མཆི་མ་ཕྱུང།། དེ་ཚེ་ནམ་མཁའི་དབྱིངས་རུམ་ནས།། རང་བྱུང་རང་ཤར་ཚིག་འདི་གྲགས། ། ཞལ་ཆེམ་ཚིག་གསུམ་གནད་རིག་ཞེས།། འཇམ་དཔལ་བཤེས་གཉེན་ཉིད་ལ་བབ།། དེ་ཡི་ཞལ་ཚིག་འདི་ལྟར་རོ།། ཨོལྷ། རང་རིག་རྟོགས་པའི་གདེང་ལ་ཕྱག་འཚལ་ལོ།། ཡིན་པ་གྲུབ་པ་མེད་པའི་རིག་པ་འདི། ། རང་སྣང་ཤར་ཚུལ་ཅིར་ཡང་མ་འགག་པས།། སྣང་སྲིད་ཐམས་ཅད་ཆོས་སྐུའི་ཞིང་དུ་ཤར།། ཤར་བ་དེ་ཉིད་རང་གིས་ཐོག་ཏུ་གྲོལ།། གྲོལ་ཙམ་ཉིད་ནས་སྐྱེ་འགག་གཉིས་སུ་མེད། ། གཉིས་མེད་མཐའ་གྲོལ་སྐུ་གསུམ་རང་ཆས་སོ།། ཨ་ཨ་ཨ། ངོ་རང་ཐོགས་སུ་སྤྲད། ཐག་ཅིག་ཐོག་ཏུ་ཆོད། གདེངས་གྲོལ་ཐོག་ཏུ་བཅའ། དེ་ལྟར་ཚིག་གསུམ་གནད་གདེགས་ལ།། དགོངས་པ་རྣམ་པ་དུ་མ་ཤར། ། འཇམ་དཔལ་ཉིད་ཀྱིས་གསོལ་བཏབ་པས།། ཞལ་ཆེམས་པ་ནི་འདི་ལྟར་གྲགས།། ངོ་ནི་རང་ཐོག་སྤྲད་པ་ཡི།། ཆོས་ཉིད་ངོ་བོ་རྗེན་པར་མཐོང།། ཡིད་སྤྱོད་བློ་ཡི་ཐེ་ཚོམ་ཁྲོལ།། ཐག་རྣམས་གཅིག་ཐོག་བཅད་པ་ཡིས། ། དངོས་པོའི་ཆོས་རྣམས་ཌ་ཧྱོ།། སྣང་ཉམས་ཤེས་ཉམས་གོང་དུ་འཕེལ།། རང་སྣང་གཅིག་ཆོད་ཉིད་དུ་གྲོལ།། གདེང་བཞི་གྲོལ་ཐག་བཅད་པ་ཡིན།། འཁྲུལ་སྣང་ཞིང་ཁམས་ཉིད་དུ་རྒྱས། ། རིག་པ་རྣམས་ཀྱང་སྲང་ལ་ཐེབས།། ཚད་མེད་ཆོས་ཉིད་རང་སར་གྲོལ།། ཚིག་གསུམ་འབྲེལ་པ་དོན་འབྲེལ་དགུ། རྣལ་འབྱོར་རྣམས་ཀྱིས་ཐུགས་ལ་སྦོས།། ས་མ་ཡ། དྷ་ཐིམ། ཞལ་ཆེམས་གསུམ་པའི་འདི་ལྟར་གྲགས། ། ངོ་བོའི་ཆོས་རྣམས་སྟོང་པར་ཤེས་པར་གྱིས་ཤིག། ཐུགས་རྗེའི་ཆོས་རྣམས་མ་འགག་པར་ཤེས་པར་གྱིས་ཤིག། རང་བཞིན་གྱི་ཆོས་རྣམས་གསལ་བར་ཤེས་པར་གྱིས་ཤིག། ལྟ་བའི་ཆོས་རྣམས་ཐག་ཆོད་ཅིག། སྒོམ་པའི་ཆོས་རྣམས་ཕུར་ཚུག་གཅིག། མེད་པའི་ཆོས་རྣམས་ལ་ཟློས་ཅིག། གཞི་ཡི་ཆོས་རྣམས་དམིགས་གཏད་དང་ཕྲོལ་ཅིག། ལམ་གྱི་ཆོས་རྣམས་བློ་འཛིན་དང་ཕྲོལ་ཅིག། འབྲུའི་ཆོས་རྣམས་རེ་དོག་དང་ཕྲོལ་ཅིག། སྣང་བའི་ཆོས་རྣམས་གཏད་མེད་དུ་ཐོང་ཞིག། བདེན་པའི་ཆོས་རྣམས་བདེན་མེད་དུ་ཐོང་ཞིག། ང་བདག་གི་ཆོས་རྣམས་སྣང་མེད་དུ་ཐོང་ཞིག། ང་སོད། བདག་སློགས། འཁོར་འདས་ཐམས་ཅད་གཞི་མེད་རྩ་བྲལ་ཐོང་ཞིག། ཅེས་གསུངས་ནས་ནམ་མཁའ་ལ་རང་བཞིན་གྱིས་ཡལ་ལོ།། དགའ་རབ་རྡོ་རྗེའི་ཞལ་ཆེམས་ཚིག་གསུམ་གནད་དུ་གདེག་པ་ཞེས་བྱ་བ། ཞལ་ཆེམས་གསུམ་པ་ཞེས་བྱ་བ་རྫོགས་སོ། ། སྱ་མྱ་ཡ། གཟའ་བདུད་རྒྱལ་པོས་བཀའ་འདི་སྲུངས་ཅིག། སྱ་མྱ་ཡ། རྒྱུ་རྒྱུ་རྒྱི། གཏེར་བརྒྱ། ཟབ་བརྒྱ་དེ་རྒྱའོ།། །། །། བཅོམ་ལྡན་འདས་རང་བྱུང་གི་རིག་པ་ལ་ཕྱག་འཚལ་ལོ། ། རྡོ་རྗེ་གདན་གྱི་ནུབ་ཕྱོགས་སུ།། རིམ་པ་གཉིས་པ་གྲོང་ཁྱེར་དུ། ཡབ་ནི་བྲམ་ཟེ་ལེགས་ལྡན་ཏེ།། ཡུམ་ནི་སྣང་ལ་སྒྲོལ་མའི་བུ།། འཇམ་དཔལ་བཤེས་གཉེན་ཆེན་པོ་ནི།། དུར་ཁྲོད་སོ་ས་གླིང་དུ་བཞུགས། ། སིང་ཧ་ཉིད་ལ་གདམས་པ་གཏད།། སོ་སའི་གླིང་དུ་འོད་ལུས་ཡལ།། དེ་དུས་སིང་ཧས་སྨྲེ་སྔགས་བཏོན།། དེ་ཚེ་ནམ་མཁའི་དབྱིངས་རུམ་དུ།། གདུང་བ་གཅད་ཕྱིར་ཞལ་ཆེམས་ནི།། དགོངས་ཉམས་དྲུག་པ་ཞེས་བྱར་གྲགས། ། དེ་ཡི་དགོངས་ཚིག་འདི་ལྟར་རོ།། ཨེ་མ་ཧོ། བདག་འཛིན་རྩ་བ་བཅད་ནས། བྱུང་གནས་འགྲོ་གསུམ་གཏོར་གཞིག་བྱེད་རིགས་པས་བརྟགས་པས་རང་རིག་རྗེན་པར་བུད།། རྗེན་པ་དེ་ཉིད་བལྟས་པས་བདག་འཛིན་རྟོག་པ་བྲལ། ། རྟོག་བྲལ་ངང་ལ་གནས་པས་སྟོང་ངལ་སྒོ་ལྔ་བྱེ། སྒོ་ལྔ་རང་ལུགས་བཞགས་པ་ཆོས་ཉིད་མ་དང་མཇལ།། དེ་ལ་གོམས་པའི་སྐྱེས་བུས་སྐུ་གསུམ་འབྲས་བུ་ཐོབ། ། འཁོར་འདས་ཤན་འབྱེད་ཚིག་དྲུག་དགོངས་ཉམས་དང་པོའི།། རང་རིག་བདག་ཏུ་མེད་པའི་རིག་སྟོང་རྗེན་པ་འདི།། སྟོང་གདངས་མ་འགགས་རང་བཞིན་ངང་ལས་གཉིས་མེད་གསལ།། ཇི་ལྟར་གསལ་ཡང་སྟོང་གསལ་གཉིས་མེད་ཉག་གཅིག་གོ། ཉག་གཅིག་འཁོར་འདས་ཀུན་གྱིས་གཞི་ལམ་འབྲས་བུ་གནས།། དེ་ཤེས་ཡེ་ཤེས་ཆེན་པོ་ལྔ་དང་ལྡན།། ཆེན་པོ་ལྔ་དང་ཉག་གཅིག་ཐིག་ལེ་ལྔ་རྫོགས་སོ།། ཚིག་དྲུག་དགོངས་ཉམས་གཉིས་པའོ། ། སྱ། རིག་སྟོང་སྐུ་ལ་གསལ་ཞིང་འགྱུར་བ་མེད།། སྟོང་པ་མི་འགྱུར་ཆོས་དབྱིངས་ནམ་མཁའ་ལྟ་བུའོ།། གསལ་བ་མི་འགྱུར་ཉི་ཟླ་གཟའ་བྲལ་ལྟ་བུའོ།། ཐུགས་རྗེ་ཀུན་ལ་ཁྱབ་ཅིང་དོན་ལ་འགྱུར་བ་མེད། ། སྟོང་པ་གསལ་ལ་མ་འགགས་སྣ་ཚོགས་ཅིར་ཡང་དོན་མི་འགྱུར།། རང་བྱུང་རང་ཤར་རང་གྲོལ་རང་རིག་རང་སར་རྫོགས་སོ།། ཚོགས་དྲུག་དགོངས་ཉམས་གསུམ་པའོ།། གཞི་རང་བབ་རང་ལུགས་བཞག་པ་དགོངས་པའི་གནད། ། སྤྱོད་པ་དྲན་འཛིན་དང་བྲལ་བ་དགོངས་པའི་གནད།། ཚོགས་དྲུག་དགོངས་ཉམས་བཞི་པའོ།། ཉོན་མོངས་རྣམ་རྟོག་གི་རྩ་བ་སྐྱང་འདེད་དུ་ཐོང།། རིག་པ་རང་ཐོགས་སུ་གྲོལ་བ་དགོངས་པའི་གནད། ། སྒོམ་ཉམས་སྣང་གིས་རྟག་ཚད་རྒྱ་མཚོ་རུ་སྦོས།། ནང་ཡེ་ཤེས་ཀྱིས་སྒྲོན་ཆེན་ནམ་མཁའ་ལ་ཁྱོགས།། བར་གྲུལ་བུམ་གྱིས་བྲུ་གུ་གྲག་བར་དུ་གསོལ།། རང་རིག་ཆོས་ཉིད་དུ་གྲོལ་བ་དགོངས་པའི་གནད་དོ། ། དགོངས་ཉམས་ལྔ་པའོ།། མི་དགེ་རྒྱབ་ཏུ་བོར་ན་དགེ་བ་རང་ཁ་ལ། འཁྲུལ་བའི་དེ་ཉིད་རྟོག་ན་ཆོས་ཅན་རང་སར་གྲོལ།། ངར་འཛིན་འགོང་པོ་ཐུལ་ན་བྱང་ཆུབ་ཚུལ་མི་དགོས།། གང་ཡང་གཟུང་འཛིན་མེད་ན་འཁྲུལ་པ་ཀ་ནས་དག། ཆོས་རྣམས་རྒྱུད་ཐོག་ཁལ་ན་ཆོས་ཅན་སྟུབས།། དེ་ལས་བསླབ་རྒྱུད་མེད་ན་དབྱིངས་ལས་འདས།། ཚིག་དྲུག་དགོངས་ཉམས་དྲུག་པའོ།། ཚིག་བར་སུམ་ཅུ་སོ་དྲུག་ཡོད། ། ཞལ་ཆེམས་དགོངས་ཉམས་དྲུག་པ་འདི།། ཟབ་ཕྱིར་གཏེར་དུ་སྦས་པའོ།། ཕྱི་རབས་ལས་ཅན་བུ་དང་སྤྲོད།། སྱ་མྱ་ཡ། གཏེར་རྒྱ། སྦས་རྒྱ། གཟའི་རྒྱལ་པོས་ཐུབ་པར་སྲུངས་ཅིག།། སྣང་བ་བཀོད་པའི་ཞིང་ཁམས་ན། ། མ་བཀོད་རིགས་པའི་རང་སྣང་སྐུ་ལ་ཕྱག་འཚལ་ལོ།། དེ་ནས་ལོ་ནི་སུམ་བརྒྱ་ཉེར་ལྔ་ན།། སྱཾར་གྱི་མེ་ཏོག་པད་གླིང་ལ།། འཇམ་དཔལ་དཔལ་བཟངས་རྫུས་ཏེ་འཁྲུངས། ། རྫོགས་ཆེན་འབུམ་ཕྲག་དྲུག་ཅུ་བཞི། ཁྱད་པར་ཡང་ཏིག་སྲོག་ཏིག་རྣམས།། ཨུ་རྒྱན་པདྨ་ཉིད་ལ་གཏད།། དུར་ཁྲོད་འཇག་མའི་གླིང་གོང་དུ།། ཕུང་པོ་ལྷག་མེད་རང་ཡལ་ལོ།། པདྨས་གདུང་བའི་སྨྲེ་སྔགས་རྡུངས། ། འོད་ཀྱིས་ནང་ནས་འདི་སྐད་ཤར།། ཀྱེ་མ་ཀྱེ་མ་རིགས་ལྡན་ཉོན།། གསང་སྔགས་ཨ་ཏི་འདི་ལྟར་སྤྱོད།། ཞལ་ཆེམས་བཞག་ཐབས་བཞི་ལ་ཉོན།། ལུས་འདི་བཞུགས་སྟངས་གསུམ་ལ་གཞག། ངག་བསླབ་གནས་དང་ལ་ཟླའོ། ། ཡིད་ནི་གཟེག་བྲལ་ངང་བཞག་གདུང་བའོ།། ནང་དབྱིངས་རྒྱང་ཞགས་ལམ་ལ་བཞག། ཕྱི་དབྱིངས་ལུ་གུ་རྒྱུད་ལ་བཞག། གཉིས་པོ་དྲིལ་ལ་ཐིག་ལེར་བཞག། ཐིག་ལེ་དམིགས་གཏད་བྲལ་བར་བཞག། གཉིས་པའོ།། སྐྱེས་གནས་བར་དོར་ཅིག་ཆོད་བཞག། ཆོས་ཉིད་བར་དོར་རང་སྣང་བཞག། སྲིད་པ་བར་དོར་རང་ལོག་གཞག། གཞག་ཐབས་བཞི་པ་རྫོགས་སོ།།།། གསང་སྔགས་གསང་བའི་ཡང་གནད་རྣམས། ། བཞག་ཚིགས་འདི་ལས་མ་འདུས་མེད།། ཉམས་སུ་ལོང་ཞིག་ཕྱི་རབས་རྣམས།། ལྔ་ལྡན་བུ་ལ་འདི་གཏོད་ཅིག། སྱ་མྱ་ཡ། རྒྱ་རྒྱ་རྒྱ། གཏེར་རྒྱ། སྦས་རྒྱ། ཟབ་རྒྱ།།།། ཐིག་ལེ་ཉག་ཅིག་ངང་དུ་ཕྱག་འཚལ་ལོ།། རྒྱ་ནག་ཤོ་ཤའི་གླིང་ཞེས་པར། ཁྱིམ་བདག་དགེ་བའི་མིང་ཅན་དུ།། རྣམ་སྣང་མཁྱེན་ལ་གཉིས་བུ་དེ།། སློབ་དཔོན་ཤི་རི་སིདྷ་དེ། མཁས་པར་སྦྱངས་པའི་དོན་དང་ལྡན། ། འཁོར་ནི་རིག་ལྡན་བསམ་མི་ཁྱབ།། རིགས་འཛིན་ཨུ་རྒྱན་ཡེ་ཤེས་མདོ།། བྷི་མ་ལ་མི་ཏྲ་བྷོ་ཏེ་དང།། མཁས་པའི་ཐུགས་སྲས་བཞི་འཛོམ་སྟེ།། དོན་རྒྱུད་རིགས་འཛིན་གསུམ་ལ་སྣང།། དཔེ་རྒྱུད་བྷེ་རོ་ཉིད་ལ་སྣང། ། བྱང་ཆུབ་འབྱུང་བར་བྱེད་པ་ཡི།། ཤིང་དྲུང་ལོ་བརྒྱ་ཉི་ཤུ་བཞུགས།། དེ་ནས་ལི་ཡུལ་ལམ་ཁར་འདས།། ཐུགས་སྲས་བཞི་ལ་གཟེར་འདི་གདབ།། ལེ་ལོ་ཅན་སྙོམས་ལས་སུ་མི་འགྲོ་བ་མངོན་སུམ་གཉིས་གནད། ། མངོན་སུམ་ལྟར་སྣང་དུ་མི་གེལ་བ་ཁྲེད་ཆོད་ཀྱིས་གཟེར།། ཆོས་རྣམས་བཟང་རྟོགས་སུ་མ་ལུས་ཐགས་ཆོད་ཀྱིས་གཟེར།། ངན་རྟོག་ཐེ་ཚོམ་དུ་མ་ཤོར་བ་རྟགས་ཚད་ཀྱིས་གཟེར།། གཉིས་སྣང་གཉིས་མེད་དུ་མ་ལུས་པ་ཞེན་མེད་ཀྱིས་གཟེར། ། ཟངས་དུ་འདུག་པ་རང་གྲོལ་གྱི་གཟེར།། གཟེར་བུ་བདུན་གྱིས་དགོངས་པ་འདི།། བཻ་རོའི་ལག་ཏུ་བབ་པ་ཡི།། སྐལ་ལྡན་ལས་ཅན་ཅིག་དང་འཕྲད་པར་ཤོག། གཟའ་བདུད་ཀྱི་རྒྱལ་པོས་སྲུངས་ཅིག། གཏེར་རྒྱ། སྦས་རྒྱ། ཟབ་རྒྱ།།།། ཐིག་མེ་མཉམ་རྫོགས་ངང་དུ་ཕྱག་འཚལ་ལོ།། ཨུ་རྒྱན་ཡུལ་འཁྲུངས་བད་ལའོ།། ལས་སྨོན་དག་པས་སིང་ཧ་མཇལ།། ཐུགས་རྗེའི་སྟོབས་ཀྱི་བསྟན་པ་ཨ་ཏི་བབ།། གདུལ་བྱའི་སྟོབས་ཀྱིས་བོད་དུ་འོང། ཁ་བ་ཅན་རྣམས་བདེ་ལ་བཀོད། ཁྲི་སྲོང་ལྡེ་བཙན་བསམ་པ་བསྒྲུབས།། ས་འོག་ས་བླ་གཏེར་གྱིས་བཀང།། བརྒྱ་དང་བཅུ་གཅིག་བོད་ཡུལ་བསྡད།། ང་ནི་སྲིན་པོའི་ཡུལ་དུ་འགྲོ། བཻ་རོ་ཉིད་ལ་གདམས་པ་གཏད། ། ཆོས་རྣམས་ཐམས་ཅད་གཅིག་ཏུ་དྲིལ།། མྱོང་བའི་སྟེང་དུ་རྡོ་རུས་གཏུག། ཞལ་ཐེམས་དུས་སུ་ཞུན་ཐག་ཆོད།། ཡིད་ཀྱིས་སྣང་བའི་ཡུལ་ལ་བསླད།། གཟུགས་ཀྱིས་རིག་པའི་མདངས་མ་ཤིགས།། རྟོགས་པས་རྟོགས་པའི་དྲི་མ་ཁྲུས། ། སྟོང་པ་སྐྱེ་མེད་ཅིག་ཆོད་སོ།། བདག་འཛིན་བྲལ་བའི་ལུང་སྟེང་ན།། ཞེན་འཛིན་བྲལ་བའི་ལུས་བོར་ལ།། བརྟག་སྤྱད་བྲལ་བར་ལམ་མེར་ཞོག། རང་མདངས་ནམ་མཁའི་དབྱིངས་སུ་ཤར། ། མུ་ཏི་རྨ་བྱ་དྲ་བ་རིས།། ཉི་ཟླ་གཟའ་སྐར་འཇའ་ཚོན་རིས།། རིག་པའི་རང་སྐུ་བརྗོད་ལས་འདས།། ཡོ་ག་བདུན་གྱི་ལུས་སྤུར་ལ།། སྣང་བ་བཞི་ཡི་ཟག་བཅས་ཡལ།། འདི་ལས་མེད་དོ་ཙིཏྟ་ཐིམ།། ཞེས་གསུངས་སོ། ། སློབ་དཔོན་སྲིན་ཡུལ་བཞུད།། ཤོ་ལོ་ཀ་ནི་བཞི་པ་འདི།། ཨུ་རྒྱན་དགོངས་པའི་ཞལ་ཆེམས་སོ།། རྟགས་ཀྱི་རྟགས་ཀྱིས་ངོ་བོ་འཕྲོད།། སྒོམ་གྱིས་བསྒོམ་གྱིས་དོན་ཁྲོལ་ལོ།། གཟའ་བདུད་ཀྱི་རྒྱལ་པོས་སྲུངས་ལ། ། སྐལ་ལྡན་བུ་ལ་རིམ་གྱིས་གཏོད།། གཏེར་རྒྱ། སྦས་རྒྱ། ཟབ་རྒྱ།།།། རིགས་འཛིན་རྣམས་ཀྱི་ཞལ་ཆེམས་སོ།། དབང་ལྡན་མངོན་སུམ་ཡེ་བབས་ཀློང་ལ་ཕྱག་འཚལ་ལོ། ། བཻ་རོ་ཙ་ན་མཁས་པ་ངས།། བློ་འདས་རིན་ཆེན་གཏེར་དུ་གདམ།། རྒྱ་ནག་ཡུལ་དུ་འགྲོ་བའི་ཚེ།། ཞལ་ཆེམས་ལྷུགས་པ་འདི་བཞག་གོ། ཧོ་ཇི་ལྟར་ལིང་བཀན་ཆོས་མང་ཀྱང།། འདུ་ཤེས་མ་ཟད་བློ་རིས་ཡིན། ། ཆོས་ཟད་ཀློང་དུ་ལ་ཟློས་ཅིག། ཇི་ལྟར་ཚིག་བརྗོད་ཐམས་ཅད་ཀུན།། རྟོག་པ་མ་ཟད་སྣ་ཁྲིད་བོ།། བརྗོད་མེད་ངང་དུ་ལ་ཟློས་ཅིག། ཅི་ལྟར་དམིགས་གཏད་བསྐྱེད་རྫོགས་ཀུན།། བཟང་རྟོག་ཕྱོགས་རེར་བསྟན་པ་ཙམ། ། དམག་དེ་ཀློང་དུ་ལ་ཟློག་ཅིག། ཅི་ལྟར་བྱེད་སྤྱོད་ཐམས་ཅད་ཀུན།། ཉོན་མོངས་གཉེན་པོར་བསྟན་པ་ཙམ།། སྤང་བླང་བྲལ་བར་ལ་ཟློས་ཅིག། སྒོ་གསུམ་ཁྲེག་ཆོད་ཟབ་ལགས་ཀྱང།། རླུང་སེམས་བཙོན་བཟུང་བསྟན་པ་ཙམ། ། སེང་གླང་དྲང་སྲོང་ལ་ཟློས་ཅིག། འདི་ལྟར་ལྟ་སྟངས་བརྗོད་འདས་ཀྱང།། རྣམ་རྟོག་འགྱུ་རླུངས་བཟུང་བ་ཙམ།། ཟློག་གམ་ཟུར་གྱིས་ལ་ཟློས་ཅིག། འདི་ལྟར་སེམས་འདུལ་ཁྲིམས་མང་ཀྱང། ། ཡིད་སྤྱོད་ཕྱུག་མཛོད་སྨོན་དང་མཚུངས།། ཡུལ་གྱིས་ཡེ་ཤེས་མངོན་སུམ་ལྟོས།། ཨེ་མ་ལུས་མ་འགུལ། ངག་མ་སྨྲ། སེམས་མི་སྤྲོ། ཡུལ་ནམ་མཁའ། བྱད་མིག་འབྲལ། ཁྱུག་གེ་བྲིང་ངོ།། ལམ་མེ། ལྷང་ངེ། ཁྲོལ་ལེ། ཤིག་གེ་རྟོག་མེད་དུ་རྗེན་ནེ། ཕཊ་ཨ། ཧྲིང་ཧྲིང་ཧྲིང། ཨེ་མ་ངོ་མཚར་རྨད་ཀྱི་ཆོས། ཡང་ཏིག་སྲོག་གི་བཅུད་ཐིག་རྣམས།། གཅིག་ཏུ་དྲིལ་ཏེ་ཡི་གེར་བཏབ།། མ་འོངས་དོན་དུ་གཏེར་དུ་སྟམ། ། ཕྱི་མ་དད་པ་ཤེས་རབ་ཅན།། འཇམ་དཔལ་ཅི་ནས་ཕྱག་རྡོར་གྱིས།། སྤྲུལ་པ་འབྱུང་གིས་འཕྲད་པར་ཤོག། རྡོ་རྗེ་ལེགས་པས་བཀའ་འདི་སྲུངས། སྱ་མྱ་ཡ། ཨ་ཏི་བླ་ན་མེད་པ་བསྟན་པའི་སྙིང། མཁའ་འགྲོའི་སྲོག་སྐལ་ལྡན་གྱི་ནོར། དོན་གྱི་མཆོག་ཀློང་ཆེན་སྲོག་ཐིག་བྱ་བ་རྫོགས་སོ།། རྒྱ་རྒྱ་རྒྱ། ཁ་ཐམ། ཊ་བཻ་རོ་ཙ་ནས་སྤྲེ་ལོ་སྤྲེའི་ཟླའི་ཚེས་བཅུའི་སྔ་དྲོ་འཆིང་ཕུའི་ཡང་དབེན་དུ། ཆུ་ཤོག་རིན་ཆེན་ཟེར་འཕྲོ་ལ་བྲིས། །།།། རྒྱུ་རྒྱུ་རྒྱུ། གཏེར་བརྒྱ། སྦས་བརྒྱ། ཟབ་བརྒྱ་དེ་རྒྱའོ།།།། ཨུ་རྒྱན་གྱི་སྐད་དུ། ཐཱརྦཱཉ་ཁྭསྭམ་ན་བཊ་བནང་མང་ཨུ0f7f་བོད་སྐད་དུ། བླ་མ་སྐུ་གསུམ་བདེ་བ་ཆེན་པོའི་གསང་རྒྱུད་ཅེས་བྱ་བ། བཅོམ་ལྡན་འདས་བདེ་ཆེན་དྲི་མེད་འོད་མི་འགྱུར་བ་ལ་ཕྱག་འཚལ་ལོ། ། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་བདེ་བ་ཆེན་པོ་ལྷུན་གྱིས་གྲུབ་པའི་སྟོན་པ། གནས་ཆོས་ཉིད་མཉམ་ཉིད་ཀྱི་ཕོ་བྲང་ན། རང་ལུས་སྤྲུལ་པའི་འཁོར་ཚོགས་རྣམས་དང་ལྷན་ཅིག་ཏུ། བྱང་ཆུབ་སེམས་ཀྱི་ཆོས་ཉིད་ལ་དུས་གསུམ་བླ་མའི་ཏིང་ངེ་འཛིན་ལ་མཉམ་པར་བཞུགས་སོ།། དེའི་ཚེ་འཁོར་གྱི་ནང་ནས། རང་བྱུང་ཐུགས་རྗེ་ཡེ་ཤེས་རྩལ་ལངས་ནས། གུས་པའི་ལུས། སྙན་པའི་ངག། དང་བའི་ཡིད་ཀྱིས། བཅོམ་ལྡན་འདས་ལ། འཁོར་རྣམས་ཀྱིས་མགྲིན་གཅིག་ཏུ་འདི་སྐད་ཅེས་གསོལ་ཏོ།། ཨེ་མ་ཧོ། བཅོམ་ལྡན་དཔལ་ཆེན་བདེ་བ་ཆེ།། བྱང་སེམས་བླ་མའི་ཏིང་འཛིན་དེ།། མ་རྟོགས་སྐྱོན་ནི་ཇི་ལྟར་འགྱུར། ། རྟོགས་པའི་ཡོན་ཏན་གང་ལྟར་འབྱུང།། སེམས་ཉིད་བླ་མ་ཇི་ལྟར་བྱོན།། དེ་དོན་འདུས་པའི་འཁོར་ལ་གསུངས།། ཞེས་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱི་སྐུ་ཆོས་ཀྱི་དབྱིངས་ལས་མ་གཡོས་པའི། གསུང་ཅི་ཡང་མི་འབྱོན་པའི་ཚུལ་གྱིས། ཐུགས་རྟོག་པ་མེད་པའི་ངང་ནས་དགྱེས་བཞིན་དུ། བཀའ་སྩལ་པ། ཉོན་ཅིག་རང་བྱུང་རང་སེམས་འཁོར།། བྱང་སེམས་བླ་མའི་ཏིང་འཛིན་དེ།། མ་རྟོགས་སྐྱོན་ནི་སེམས་ཅན་འགྱུར། ། རྟོགས་པའི་ཡོན་ཏན་སངས་རྒྱས་འབྱུང།། སངས་རྒྱས་ཀུན་བདག་བླ་མ་ཡིན།། བླ་མ་རང་བྱུང་ཡེ་ཤེས་སོ།། ཞེས་གསུངས་སོ།། དེ་ནས་ཐུགས་རྗེ་ཡེ་ཤེས་རྩལ་གྱིས་ཡང་གསོལ་བ། ཨེ་མ་བཅོམ་ལྡན་བདེ་བ་ཆེན་པོ་ལ་སོགས། བྱང་ཆུབ་སེམས་ཀྱི་ཆོས་ཉིད་དེ།། རྟོགས་དང་མ་རྟོགས་མཚན་ཉིད་གང།། དེ་དོན་སྟོན་པའི་བླ་མ་དེ།། རང་བྱུང་ཉིད་དུ་ཇི་ལྟར་འབྱོན།། དེ་དོན་རྒྱས་པར་བཤད་དུ་གསོལ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། བྱང་ཆུབ་སེམས་ཀྱི་ཆོས་ཉིད་དེ།། ཆོས་ཉིད་དབྱིངས་ཀྱི་ནམ་མཁའ་ལ།། དེ་ཉིད་རང་རྩལ་མ་འགགས་པས།། སྤྲིན་བཞིན་བདེ་གསལ་མི་རྟོག་གསུམ།། རང་བཞིན་བྱང་ཆུབ་སེམས་སུ་ཤར། ། སེམས་ལ་ང་བདག་གཟུང་བ་ཡིས།། དུས་གསུམ་ཤར་ནས་གཞན་དུ་འཕྲུལ།། ཆགས་སྡང་རྨོངས་པས་ཁམས་གསུམ་དུ།། སེམས་ཅན་ལུས་ངག་ཡིད་གསུམ་གྲུབ། ། འཁོར་བའི་སྡུག་བསྔལ་བྱུང་བ་ཡིན།། སེམས་ལ་བདག་ཏུ་མ་གཟུང་བར།། འཛིན་མེད་རང་སར་སྤྱོད་པ་ཡིས།། རང་ཤར་རང་གྲོལ་ལྷུན་གྲུབ་ཏུ།། སྤྲུལ་སྐུ་ལོངས་སྐུ་ཆོས་སྐུའོ།། བདེ་ཆེན་སངས་རྒྱས་འབྱུང་བ་ཡིན། ། སངས་རྒྱས་བླ་མས་བསྟན་པས་བྱུང།། བླ་མ་མེད་པའི་གོང་རོལ་ཏུ།། སངས་རྒྱས་བྱ་བའི་བྱུང་ས་མེད།། ཐོག་མའི་སངས་རྒྱས་བླ་མ་ཡིན།། བླ་མ་སེམས་ལས་རང་བྱུང་ཡིན།། སེམས་ཉིད་དོན་གྱི་བླ་མ་ཡིས། ། ནང་གི་རང་སེམས་ཆོས་སྐུར་བསྟན།། ཆོས་སྐུ་སྣང་བ་མཐའ་ཡས་ཡིན།། སེམས་ཉིད་བརྡ་ཡི་བླ་མ་ཡིན།། ཕྱི་རོལ་སྣང་བ་སྤྲུལ་སྐུར་བསྟན།། སྤྲུལ་སྐུ་པདྨ་ཐོད་འཕྲེང་རྩལ།། སེམས་ཉིད་ཡེ་ཤེས་བླ་མ་ཡིས། ། བར་གྱི་རླུང་རིག་ལོངས་སྐུར་བསྟན།། ལོངས་སྐུ་ཐུགས་རྗེ་ཆེན་པོ་ཡིན།། སེམས་ཉིད་ལྷན་སྐྱེས་བླ་མ་ཡིས།། ནང་རིག་སེམས་གསུམ་དབྱེར་མེད་བསྟན།། བདེ་ཆེན་འོད་མི་འགྱུར་བ་ཡིན།། བླ་མ་རང་བྱུང་སངས་རྒྱས་ཏེ། ། ཀུན་གྱི་བདག་ཉིད་ནི་འདོད་པའི་དོན་གྲུབ་ནོར་གྱི་མཆོག། དུག་ལྔ་ནད་སེལ་སྨན་གྱི་མཆོག། ཐར་བར་འདྲེན་པ་སྐྱབས་ཀྱི་མཆོག། འཁོར་བ་ལས་གྲོལ་གྲུ་ཡི་མཆོག། མ་རིག་མུན་སེལ་སྒྲོན་མེ་མཆོག། བདག་གཞན་དོན་གྲུབ་དམ་པའི་མཆོག། བདེ་ལེགས་ཀུན་མཛད་གཏེར་གྱི་མཆོག། སངས་རྒྱས་ཀུན་འབྱུང་ཕ་ཡི་མཆོག། འགྲོ་ཀུན་སྐྱོང་བ་མ་ཡི་མཆོག། ཐེག་པ་ཀུན་སྟོན་ཆོས་ཀྱི་མཆོག། བར་ཆད་ཀུན་སེལ་སྲུང་བའི་མཆོག། འབྲེལ་ཚད་དོན་ལྡན་བྱིན་རླབས་མཆོག། ཡ་མཚན་དངོས་གྲུབ་ངོ་མཚར་མཆོག། གང་ལ་གང་འདུལ་ཡི་དམ་མཆོག། ལས་རྣམས་ཀུན་གྲུབ་ཆོས་སྐྱོང་མཆོག། ཐམས་ཅད་བླ་མ་མཆོག་ལས་བྱུང། ། བླ་མ་ཀུན་བྱུང་ཀུན་མཁྱེན་ཡིན།། ཐམས་ཅད་མཁྱེན་པའི་སངས་རྒྱས་སོ།། གདོད་ནས་ཡིན་ཏེ་གློ་བུར་མིན།། རང་བྱུང་ཡིན་ཏེ་བཅོས་མ་ཡིན།། ལྷུན་གྲུབ་ཡིན་ཏེ་འགྱུར་ལྡོག་མེད།། སྐུ་གསུམ་རྡོ་རྗེ་འཛིན་པ་ཡིན། ། ཞེས་བཀའ་སྩལ་ཏོ།། བླ་མ་སྐུ་གསུམ་བདེ་བ་ཆེན་པོའི་གསང་རྒྱུད་ལས། གླེང་གཞི་གླེང་བསླངས་བླ་མ་བྱོན་ཚུལ་གྱི་ལེའུ་སྟེ་དང་པོའོ།།།། དེ་ནས་ཐུགས་རྗེ་ཡེ་ཤེས་རྩལ་གྱིས་ཡང་གསོལ་བ། ཨེ་མ། བཅོམ་ལྡན་བདེ་བ་ཆེན་པོ་ལ།། རང་བྱུང་སྐུ་གསུམ་བླ་མ་དེ།། མ་རྟོགས་འཁྲུལ་བའི་སེམས་ཅན་གྱིས།། སྐུ་གསུམ་བླ་མ་ཇི་ལྟར་སྒྲུབ།། དེ་དོན་འདུས་པའི་འཁོར་ལ་སྟོན།། ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ། རང་བྱུང་སྐུ་གསུམ་བླ་མ་དེ།། མ་རྟོགས་འཁྲུལ་བའི་སེམས་ཅན་གྱིས།། གཞན་ནས་བསྒྲུབས་པས་མི་འགྲུབ་འཁྲུལ།། རང་སེམས་བླ་མར་བསྒྲུབས་པ་ཡིན།། སེམས་ཅན་སངས་རྒྱས་སྙིང་པོ་ཅན། ། སྐུ་གསུམ་བླ་མའི་ངོ་བོས་ཁྱབ།། ཡིན་ཀྱང་བདག་འཛིན་སྒྲིབ་པ་ཡིས།། བླ་མ་དུས་བཞིའི་སངས་རྒྱས་དང།། འབྲལ་མེད་གནས་ཀྱང་མ་རྟོགས་པས།། བདག་མེད་རང་གྲོལ་སྐུ་ཐོབ་ཕྱིར། ། ཐོག་མའི་སངས་རྒྱས་བླ་མ་ལ།། རང་སེམས་སྐུ་གསུམ་སྨིན་པ་ཡིས།། གཞི་ལ་བྱིན་རླབས་རྗེས་སྣང་ཞུ།། ད་ལྟའི་བླ་མ་སངས་རྒྱས་ཀྱིས།། རང་སེམས་སྐུ་གསུམ་ངོ་བོ་རུ།། ལམ་གྱི་སྒྲུབ་ཐབས་ཉམས་སུ་བླང། ། མ་འོངས་བླ་མ་སངས་རྒྱས་སུ།། སྐུ་གསུམ་གྲུབ་པའི་འབྲས་བུ་དེ།། རྗེས་ཀྱི་ཡན་ལག་རྩལ་སྦྱངས་ཏེ།། གཞི་དང་ལམ་དང་འབྲས་བུ་གསུམ།། དུས་གསུམ་སྐུ་གསུམ་དབྱེར་མེད་དུ།། སངས་རྒྱས་ཐོག་མ་ཐ་མ་མེད། ། ཡེ་ཤེས་མིག་གཅིག་དྲི་མེད་གསལ།། བདེ་བ་ཆེན་པོར་དངོས་སངས་རྒྱས།། སྐུ་གསུམ་འགྲོ་དོན་ལྷུན་གྱིས་གྲུབ།། ཅེས་བཀའ་སྩལ་ཏོ།། བླ་མ་སྐུ་གསུམ་བདེ་བ་ཆེན་པོའི་གསང་རྒྱུད་ལས།། རང་སེམས་བླ་མར་བསྒྲུབ་པའི་མདོ་བྱང་གི་ལེའུ་སྟེ་གཉིས་པའོ། །།། དེ་ནས་ཐུགས་རྗེ་ཡེ་ཤེས་རྩལ་གྱིས་ཡང་གསོལ་བ། ཨེ་མ། བཅོམ་ལྡན་བདེ་བ་ཆེན་པོ་ལགས། མ་རྟོགས་འཁྲུལ་པའི་སེམས་ཅན་ལ།། གཞི་ལ་སྐུ་གསུམ་ཇི་ལྟར་གནས། ། ཐོག་མར་བླ་མའི་བྱིན་རླབས་ཀྱིས།། གཞི་ལས་ལམ་དུ་ཇི་ལྟར་སྨིན།། དེ་དོན་འདུས་པའི་འཁོར་ལ་གསུངས།། ཞེས་གསོལ་ཏོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། སེམས་ཅན་མ་ལུས་ཐམས་ཅད་ལ། ། ཀུན་གཞི་བྱང་ཆུབ་སེམས་ལས་བྱུང།། བྱང་ཆུབ་སེམས་ལ་སྐུ་གསུམ་གྱི།། ངོ་བོ་ཡེ་ནས་ལྷུན་གྲུབ་ཏུ།། སེམས་ཉིད་མི་རྟོག་ཆོས་སྐུར་གནས།། སེམས་ཉིད་བདེ་བ་ལོངས་སྐུར་གནས།། སེམས་ཉིད་གསལ་བ་སྤྲུལ་སྐུར་གནས། ། སྐུ་གསུམ་བླ་མའི་དགོངས་པ་དེ།། སེམས་ཀྱིས་ཁྱབ་ཚད་ཀུན་ལ་ཁྱབ།། ཡེ་ནས་འབྲལ་མེད་གནས་གྱུར་ཀྱང།། དེ་ཉིད་མ་ཤེས་གློ་བུར་གྱིས།། མཁའ་ལ་སྤྲིན་གྱིས་བསྒྲིབས་པ་ལྟར། ། བདག་འཛིན་ཞན་པས་མ་རིག་འཁྲུལ།། དུག་གསུམ་སྤྱད་པས་ཁམས་གསུམ་འཁོར།། དེ་ཉིད་གཟུང་འཛིན་གསལ་བ་ན།། རང་སེམས་སྐུ་གསུམ་བླ་མ་རུ།། ན་བུན་སངས་པའི་ནམ་མཁའ་རུ།། སྔོན་དུ་ལྷག་གིས་སྨིན་ནས་འོང། ། དེ་ཕྱིར་བདག་འཛིན་གྲོལ་ནས་སུ།། སྣང་རིག་སེམས་གསུམ་བདག་མེད་དུ།། སྐུ་གསུམ་ལྷུན་གྲུབ་བདེ་བ་ཆེ།། རང་རིག་རང་དབང་བསྐུར་བ་ཡིས།། རང་དབང་སེམས་ལ་ཐོབ་པ་ན།། འདུས་བྱས་རྫས་དང་དཀྱིལ་འཁོར་གྱིས། ། ཀུན་རྫོབ་མཆོག་དབང་བསྐུར་མི་དགོས།། བསྐུར་ཡང་རིག་པའི་དབང་མི་ཐོབ།། འོན་ཀྱང་མོས་པའི་རྟེན་འབྲེལ་གྱིས།། ཐུན་མོང་བྱིན་རླབས་འབྱུང་བ་སྲིད།། ཡང་དག་སྐུ་གསུམ་མི་རྟོགས་པས། ། ཐོག་མར་རིག་པ་རྩལ་དབང་བསྟན།། སྦྱོར་དངོས་རྗེས་གསུམ་བྱིན་གྱིས་རློབས།། སྦྱོར་བ་སློབ་མས་བླ་མ་ལ།། ཆོས་ཀྱི་སྐུ་རུ་མོས་བྱས་ལ།། རང་སེམས་ཆོས་སྐུར་མ་རྟོགས་པས།། གཏི་མུག་འཁོར་བར་འཁྱམས་པ་ཡིས། ། སྡུག་བསྔལ་སེམས་ཅན་སྙིང་རེ་རྗེ།། དེ་རྣམས་ཆོས་སྐུ་ཐོབ་པར་བྱ།། སྙམ་དུ་མོས་པའི་སེམས་བསྐྱེད་ཀྱིས།། ཕྱག་འཚལ་མེ་ཏོག་གཏོར་བྱས་ལ།། རྣམ་དག་ཆོས་དབྱིངས་ཕོ་བྲང་དུ། ། སྐྱེ་མེད་ཆོས་སྐུའི་བླ་མ་ལ།། བདག་ཉིད་གུས་པས་གསོལ་བ་འདེབས།། མ་རིག་གཏི་མུག་རང་གྲོལ་ནས།། རང་བྱུང་ཡེ་ཤེས་ལྷུན་གྲུབ་ཏུ།། ཆོས་སྐུའི་བྱིན་བརླབས་དབང་བསྐུར་ཞུ། ཞེས་པས་གསོལ་བ་ལན་གསུམ་གདབ། ། དངོས་གཞི་བླ་མས་སློབ་མ་ལ།། མ་ཡེངས་སེམས་ཉིད་རྩེ་གཅིག་ལ།། རང་བྱུང་ཆོས་སྐུའི་དབང་འདི་བསྐུར།། ཆོས་སྐུའི་ཕོ་བྲང་ཆོས་ཀྱི་དབྱིངས།། ཅིར་ཡང་མ་གྲུབ་ཡངས་པའི་ཀློང། ། ཆོས་ཀྱི་སྐུ་ནི་སྤྲོས་དང་བྲལ།། གཅིག་ཏུ་མ་གྲུབ་གཉིས་སུ་མེད།། ཀུན་ལ་ཁྱབ་པའི་ཐུགས་རྗེ་ཅན།། ངོ་བོ་ཉིད་དུ་ལྷུན་གྲུབ་འདིས།། སེམས་ཉིད་ཆོས་སྐུར་དབང་བསྐུར་རོ།། དེ་བཞིན་ཉིད་དུ་བྱིན་གྱིས་རློབས། ཁྱོད་ཀྱི་སེམས་ཉིད་དེ་ལྟར་ཡིན།། རང་སེམས་ཆོས་སྐུའི་དབང་ཐོབ་འགྱུར།། ཞེས་པས་ཆོས་སྐུའི་དབང་བསྐུར་ལ།། རྗེས་སྣང་རང་སེམས་ཆོས་སྐུར་སྒྲུབ།། ཆོས་སྐུའི་རང་རྩལ་ལོངས་སྐུའི་དབང།། རང་རིག་ཉིད་ལ་སྨིན་བྱའི་ཕྱིར། ། སྦྱོར་བ་སློབ་བུས་བླ་མ་ལ།། ལོངས་སྤྱོད་རྫོགས་སྐུའི་མོས་བྱས་ལ།། རང་རིག་ལོངས་སྐུར་མ་རྟོགས་པས།། འདོད་ཆགས་སྲིད་པས་འཁོར་བར་འཁྱམས།། འདོད་ལོག་སེམས་ཅན་སྙིང་རེ་རྗེ། ། དེ་རྣམས་ལོངས་སྐུར་ཐོབ་པར་བྱེད།། སྙམ་དུ་འཇུག་པའི་སེམས་སྐྱེད་ཀྱིས།། ཕྱག་བཙལ་མེ་ཏོག་གཏོར་བྱས་ལ།། གསལ་དག་བདེ་ཆེན་ཕོ་བྲང་དུ།། མ་འགགས་ལོངས་སྐུའི་བླ་མ་ལ།། བདག་ཉིད་གུས་པས་གསོལ་བ་འདེབས། ། འདོད་ཆགས་ཞེན་པ་རང་གྲོལ་ནས།། རང་རིག་ཡེ་ཤེས་རང་གྲོལ་དུ།། ལོངས་སྐུའི་བྱིན་བརླབས་དབང་བསྐུར་ཞུ།། ཞེས་གསོལ་བ་ལན་གསུམ་གདབ།། དངོས་གཞི་བླ་མས་སློབ་མ་ལ། ། མ་ཡེངས་ཡིད་ཀྱིས་རྩེ་གཅིག་ལ།། རང་གསལ་ལོངས་སྐུའི་དབང་འདི་བསྐུར།། ལོངས་སྐུའི་ཕོ་བྲང་བདེ་བ་ཅན།། ཞིང་ཁམས་རྣམ་དག་བསམ་མི་ཁྱབ།། ལོངས་སྤྱོད་རྫོགས་སྐུ་གསལ་ལ་སྟོང།། དངོས་པོར་མ་གྲུབ་བཟུང་དུ་མེད། ། ཀུན་ཏུ་སྣང་བའི་དལ་ཅན་ལ།། རང་བྱུང་ཡེ་ཤེས་གསལ་མདངས་འདིས།། རང་རིག་ལོངས་སྐུར་དབང་བསྐུར་རོ།། དེ་བཞིན་ཉིད་དུ་བྱིན་གྱི་རློབས། ཁྱོད་ཀྱི་རླུང་རིགས་དེ་བཞིན་ཡིན། ། རང་རིག་ལོངས་སྐུར་རང་དབང་ཐོབ།། ཅེས་པས་ལོངས་སྐུའི་དབང་བསྐུར་ལ།། རྗེས་སྣང་རང་རིག་ལོངས་སྐུར་བསྒྲུབས།། ལོངས་སྐུའི་རྣམ་འཕྲུལ་སྤྲུལ་སྐུའི་དབང།། རང་སྣང་ཉིད་ལས་སྨིན་བྱའི་ཕྱིར། ། སྦྱོར་བ་སློབ་བུས་བླ་མ་ལ།། སྤྲུལ་པའི་སྐུ་རུ་མོས་བྱས་ལ།། སྡང་སེམས་གཉིས་སྣང་འཁོར་བར་འཁྱམས།། ལོག་རྟོག་སེམས་ཅན་སྙིང་རེ་རྗེ།། དེ་རྣམས་སྤྲུལ་སྐུར་ཐོབ་པར་བྱ།། སྙམ་དུ་དོན་དམ་སེམས་བསྐྱེད་ཀྱིས། ། ཕྱག་འཚལ་མེ་ཏོག་གཏོར་བྱས་ལ།། སྐྱོན་མེད་པདྨའི་ཕོ་བྲང་དུ།། དེས་མེད་སྤྲུལ་སྐུའི་བླ་མ་ལ།། བདག་ཉིད་གུས་པས་གསོལ་བ་འདེབས།། ལོག་རྟོག་ཞེ་སྡང་རང་གྲོལ་ནས།། རང་སྣང་ཡེ་ཤེས་རང་གསལ་དུ། ། སྤྲུལ་སྐུའི་བྱིན་རླབས་དབང་བསྐུར་ཞུ།། ཞེས་པས་གསོལ་བ་ལན་གསུམ་གདབ།། དངོས་གཞི་བླ་མས་སློབ་མ་ལ།། མ་ཡེངས་སྣང་བ་རྩེ་གཅིག་ལ།། རང་སྣང་སྤྲུལ་སྐུའི་དབང་འདི་བསྐུར། ། སྤྲུལ་སྐུའི་ཕོ་བྲང་ཨུ་རྒྱན་ཡུལ།། རང་རང་གང་མོས་ཞིང་ཁམས་ནས།། སྤྲུལ་པའི་སྐུ་ནི་ངོ་མཚར་ཅན།། ཉེ་རིང་མེད་པ་ཀུན་ཏུ་འབྱོན།། གང་མོས་དེར་འབྱོན་བྱིན་རླབས་ཅན།། རང་སྣང་དག་པའི་སྐུ་མཆོག་འདིས། ། རང་སྣང་སྤྲུལ་སྐུར་དབང་བསྐུར་རོ།། དེ་བཞིན་ཉིད་དུ་བྱིན་གྱིས་རློབས། ཁྱོད་ཀྱི་སྣང་བ་དེ་བཞིན་ཡིན།། རང་སྣང་སྤྲུལ་སྐུར་རང་དབང་ཐོབ།། རྗེས་སྣང་རང་སྣང་སྤྲུལ་སྐུར་བསྒྲུབ།། སྐུ་གསུམ་ངོ་བོ་དབྱེར་མེད་པས། ། ཐམས་ཅད་རྫོགས་པའི་སངས་དབང།། ལྷན་ཅིག་སྐྱེས་པར་སྨིན་བྱའི་ཕྱིར།། སྦྱོར་བ་སློབ་མས་བླ་མ་ལ།། བདེ་ཆེན་སྐུ་རུ་མོས་བྱས་ལ།། སྐུ་གསུམ་དབྱེར་མེད་མ་རྟོགས་པ།། དེར་འཛིན་ཤེས་བྱའི་སྒྲིབ་པ་ཡིས། ། སངས་རྒྱས་མ་ཐོབ་སྙིང་རེ་རྗེ།། སྙམ་དུ་དམིགས་མེད་སེམས་སྐྱེད་ཀྱིས།། ཕྱག་འཚལ་མེ་ཏོག་གཏོར་བྱས་ལ།། ཡང་དག་འོད་གསལ་ཕོ་བྲང་དུ།། ཕྱོགས་མེད་བདེ་ཆེན་བླ་མ་ལ།། བདག་ཉིད་གུས་པས་གསོལ་བ་འདེབས། ། ཐ་དད་གཟུང་འཛིན་རང་གྲོལ་ནས།། རང་བྱུང་སྐུ་གསུམ་ལྷུན་གྲུབ་ཏུ།། བདེ་ཆེན་བྱིན་རླབས་དབང་བསྐུར་ཞུ།། ཞེས་པས་གསོལ་བ་ལན་གསུམ་གདབ།། དངོས་གཞི་བླ་མས་སློབ་མ་ལ། ། སྣང་སྲིད་སྐུ་གསུམ་དབྱེར་མེད་ཅིང།། ལྷུན་གྲུབ་བདེ་ཆེན་དབང་འདི་བསྐུར།། བདེ་ཆེན་ཕོ་བྲང་རྣམ་དག་དབྱིངས།། ལྷུན་གྲུབ་འོད་གསལ་ཀུན་བཟང་ཀློང།། བདེ་ཆེན་སྐུ་ནི་འདུས་མ་བྱས།། མ་བཅོས་རང་བཞིན་ལྷུན་གྱིས་གྲུབ། ། གསལ་ལ་འཛིན་མེད་བདེ་བ་ཆེ།། ཀུན་མཁྱེན་ཀུན་ཤེས་ཀུན་རྟོག་བྲལ།། སྒྲིབ་མེད་ཐམས་ཅད་མཁྱེན་པ་འདིས།། རྫོགས་སངས་རྒྱས་པར་དབང་བསྐུར་རོ།། དེ་བཞིན་ཉིད་དུ་བྱིན་གྱིས་རློབས། ཁྱོད་ཀྱི་ངོ་བོ་དེ་བཞིན་ཉིད།། སྐུ་གསུམ་ལྷུན་གྲུབ་རང་དབང་ཐོབ།། རྗེས་སྣང་སྐུ་གསུམ་དབྱེར་མེད་དུ།། བདེ་བ་ཆེན་པོར་རྩལ་སྦྱང་ངོ།། འབྲས་བུ་མྱུར་དུ་སྨིན་པར་འགྱུར།། འདི་ཐོབ་སངས་རྒྱས་ཐམས་ཅད་ཀྱིས། ། དབང་བསྐུར་མ་ལུས་ཐོབ་པ་ཡིན།། བདེ་གཤེགས་བཀའ་ལུང་ཐམས་ཅད་རྫོགས།། སྐུ་གསུམ་བླ་མར་རང་ངོ་འཕྲོད།། དེ་ཉིད་དབང་གི་མཐར་ཐུག་གོ། ཞེས་བཀའ་སྩལ་ཏོ།། སྐུ་གསུམ་བདེ་བ་ཆེན་པོའི་གསང་རྒྱུད་ལས། ། རང་སེམས་བླ་མར་བྱིན་རླབས་དབང་གི་ལེའུ་སྟེ་གསུམ་པའོ།།།། དེ་ནས་ཐུགས་རྗེ་ཡེ་ཤེས་རྩལ་གྱིས་ཡང་གསོལ་བ། ཨེ་མ། བཅོམ་ལྡན་བདེ་བ་ཆེན་པོ་ལགས།། སེམས་ཅན་སངས་རྒྱས་རྒྱུད་ཉིད་ལ། ། བྱིན་རླབས་དབང་གིས་གཞི་སྨིན་པ།། ལམ་གྱིས་ཉམས་སུ་བླངས་པ་ཡིས།། འབྲས་བུ་སྐུ་གསུམ་ཇི་ལྟར་འགྲུབ།། དེ་དོན་འཁོར་ལ་གསུང་དུ་གསོལ།། ཅེས་གསོལ་ཏོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། རང་སེམས་སངས་རྒྱས་སྐུ་གསུམ་དུ།། མ་རྟོགས་གཟུང་འཛིན་འཁོར་བར་འཁྱམས།། རྟོགས་པའི་ཉམས་ལེན་མངོན་སངས་རྒྱས།། སངས་རྒྱས་གཞན་ནས་མ་མཆིས་ཏེ། ། རང་སེམས་སངས་རྒྱས་སྐུ་གསུམ་ཡིན།། ཡིན་ལ་ཆགས་འཛིན་མེད་པ་ཡིས།། དེ་ཡི་ཉམས་ལེན་རྩོལ་བ་བྲལ།། མ་བཅོས་བཞག་པས་སྐུ་གསུམ་གྲུབ།། དེ་ཕྱིར་ད་ལྟ་སྒྲུབ་པ་བསྟན།། ལུས་ངག་ཡིད་གསུམ་སྐུ་གསུམ་དུ། ། རང་བཞིན་ཉིད་དུ་འོད་གསལ་བར།། ལྷུན་གྱིས་གྲུབ་ནས་རྟོགས་པ་ལ།། ཀུན་རྫོབ་བློས་བྱས་སྒྲུབ་མི་དགོས།། རང་སྣང་སྤྲུལ་སྐུར་གསལ་བ་ལ།། བསྐྱེད་རིམ་མི་དགོས་དྲན་པས་གསལ།། རང་སེམས་སྟོང་པ་ཆོས་སྐུ་ཡིན། ། སྟོང་གསལ་འགག་མེད་ལོངས་སྐུ་ཡིན།། ཅིར་ཡང་འཆར་བ་སྤྲུལ་པའི་སྐུ།། དེ་གསུམ་དབྱེར་མེད་བླ་མ་ཡིན།། བྱས་པ་མེད་པར་ཀུན་ལ་རྟོགས།། རྟོགས་ཀྱང་རྩལ་ནི་མ་རྫོགས་པས།། བུ་ཆུང་མི་རུ་རྟོགས་གྱུར་ཀྱང། ། གསོ་རན་མ་བྱས་རྩལ་མ་རྫོགས།། དེ་བཞིན་སྐུ་གསུམ་ཡིན་གྱུར་ཡང།། དེ་ཉིད་བརྟན་པ་མ་ཐོབ་པས།། ལུས་ངག་ཡིད་གསུམ་ཐ་མལ་ལུས།། དེ་ཕྱིར་སྐུ་གསུམ་བླ་མ་དེ།། མ་བཅོས་སེམས་ལ་མ་ཡེངས་བསྒྲུབ། ། རང་སེམས་སྐུ་གསུམ་རྩལ་རྫོགས་འགྱུར།། དེ་ཉིད་སྐུ་གསུམ་བླ་མ་དངོས།། སངས་རྒྱས་ཀུན་དང་དབྱེ་བ་མེད།། དེ་ལྟར་མ་རྟོགས་གང་ཟག་གི། སྐུ་གསུམ་ལོགས་ནས་བསྒྲུབ་འདོད་ཅིང། ། འདུས་བྱས་ཀུན་རྫོབ་ཆོ་ག་ཡིས།། མེད་ལ་རྟོག་འཛིན་རྟག་ལྟ་དང།། རྟོགས་ལ་མེད་སྟོང་རྫོགས་རིམ་དང།། གཉིས་མེད་གཉིས་འཛིན་བསྙེན་བསྒྲུབ་ཀྱིས།། སྐུ་གསུམ་བླ་མ་འགྲུབ་མི་འགྱུར།། ཡིན་ཀྱང་མོས་སྣང་མཐུ་རྟས་ཀྱིས། ། ཚོགས་རྫོགས་ཐུན་མོང་སྒྲིབ་པ་འདག། མཆོག་གི་དོན་ལ་གཞོལ་བར་འགྱུར།། དེ་ཕྱིར་བླ་མ་རང་ལ་སྒྲུབ།། ཐམས་ཅད་རང་སེམས་འདི་ཉིད་ཡིན།། བསྐྱེད་རིམ་སྤྱན་དྲངས་བཞུགས་སུ་གསོལ། ། ཕྱག་འཚལ་མི་དགོས་རང་རེ་ཡིན།། མཆོད་འབུལ་མི་དགོས་མཉེས་བྱེད་མེད།། བསྟོད་བསྐུལ་མི་དགོས་གཉིས་སུ་མེད།། བསྙེན་བསྒྲུབ་མི་དགོས་ཡེ་ནས་གྲུབ།། སྐུ་གསུམ་རང་ཉིད་ཡིན་པ་ལ།། རང་ལ་ཡིན་ལུགས་གསལ་འདེབས་ནི། ། རང་སེམས་སྐྱེ་མེད་ཆོས་ཀྱི་སྐུ།། བདེ་ཆེན་སྣང་བ་མཐའ་ཡས་ཡིན།། གནས་ནི་ཆོས་དབྱིངས་སྙིང་དཀྱིལ་ན།། རྟོགས་དུས་ཆོས་ཀྱི་དབྱིངས་ཡིན་ཏེ།། མ་རྟོགས་སྙིང་ལ་གནས་པར་བཟུང། ། ཅིར་ཡང་མ་གྲུབ་སྟོང་པ་ལ།། ཀུན་ཏུ་གསལ་བས་སྣང་བ་སྟེ།། ཕྱོགས་རིས་མེད་པར་མཐའ་ལས་འདས།། གཟུང་འཛིན་མེད་པར་བདེ་བ་ཆེ།། དབྱིངས་རིག་གཉིས་མེད་ངོ་བོ་ཉིད།། འདི་དཀར་ལྷག་གེ་གསལ་བ་ཡིས། ། ཆོས་ཀྱི་སྐུ་ཞེས་གསལ་བ་ཡིན།། གཟུགས་སྐུ་མ་གྲུབ་ཆོས་སྐུ་ལས།། སངས་རྒྱས་ཐམས་ཅད་འདི་ལས་བྱུང།། དཀྱིལ་འཁོར་ཀུན་གྱི་གཙོ་བོ་ཡིན།། རིགས་ཀྱི་བདག་པོ་བླ་མ་སྟེ། ། རང་སེམས་བླ་མ་ཆོས་སྐུ་ལ།། ཇི་ལྟར་བྱས་ཀྱང་འགྱུར་ལྡོག་མེད།། མ་བཅོས་རང་བཞིན་ལྷུན་གྱིས་གྲུབ།། དེ་ལ་ཉམས་ལེན་ཅི་ཡང་མེད།། དེ་ཉིད་ངང་དུ་སྐྱོང་བ་ཡིན།། རང་སེམས་འགག་མེད་གསལ་ཙམ་ན། ། ལོངས་སྐུ་ཐུགས་རྗེ་རིགས་བཞི་ཡིན།། གནས་ནི་ཞིང་ཁམས་རྩ་ལ་གནས།། རྟོགས་ན་མཁའ་སྤྱོད་བདེ་ཆེན་ལ།། མ་རྟོགས་རྩ་དང་རླུང་དུ་འཆར།། སྒོ་ལྔ་གསལ་བས་སྐུ་ཡིན་ལ།། དངོས་པོ་མེད་པས་ཡེ་ཤེས་ཏེ། ། སྐུ་དང་ཡེ་ཤེས་ལོངས་སྤྱོད་པས།། ཕྱི་ནང་ཀུན་ཏུ་གསལ་བ་ལ།། གཟུགས་ཉིད་གསལ་སྟོང་འཛིན་པ་མེད།། མེ་ལོང་ཡེ་ཤེས་ལོངས་སྤྱོད་པའི།། བཛྲ་ཐུགས་རྗེ་ཆེན་པོ་ཡིན།། སྒྲ་ནི་གྲག་སྟོང་གཉིས་སུ་མེད། ། མཉམ་ཉིད་ཡེ་ཤེས་ལོངས་སྤྱོད་རྫོགས།། རཏྣའི་ཐུགས་རྗེ་ཆེན་པོ་ཡིན།། དྲི་ནི་ཚོར་སྟོང་འདུ་ཤེས་བྲལ།། ཀུན་རྟོགས་ཡེ་ཤེས་ལོངས་སྤྱོད་རྫོགས།། པདྨའི་ཐུགས་རྗེ་ཆེན་པོ་ཡིན།། རོ་ནི་མྱོང་སྟོང་ལྷུན་གྱིས་གྲུབ། ། བྱ་གྲུབ་ཡེ་ཤེས་ལོངས་སྤྱོད་རྫོགས།། ཀརྨའི་ཐུགས་རྗེ་ཆེན་པོ་ཡིན།། རང་སེམས་སྐུ་གསུམ་ཉག་གཅིག་ལ།། མ་འགགས་སྒོ་ལྔར་གསལ་ཙམ་ན།། ཞི་བ་ལོངས་སྤྱོད་རྫོགས་སྐུ་འབྱུང།། གསལ་ཆ་རགས་སུ་ཤར་ཙམ་ན། ཁྲོ་བོ་ལོངས་སྤྱོད་རྫོགས་སྐུ་འབྱུང།། སྣང་ལ་རང་བཞིན་མ་གྲུབ་པས།། ཡེ་ཤེས་སྐུ་ཡི་དཀྱིལ་འཁོར་ཅན།། ཡེ་ཤེས་ཞེན་འཛིན་མེད་པ་ཡིས།། བླ་མ་ལོངས་སྤྱོད་རྫོགས་པ་དེ།། ཇི་ལྟར་བྱས་ཀྱང་འགག་པ་མེད། ། རང་བྱུང་རང་གསལ་ལྷུན་གྱིས་གྲུབ།། དེ་ལ་སྒྲུབ་རྒྱུ་ཅི་ཡང་མེད།། རང་གསལ་ཉིད་དུ་སྐྱོང་བ་ཡིན།། རང་སེམས་སྣང་བར་ཤར་ཙམ་ན།། ངེས་པ་མེད་པ་སྤྲུལ་པའི་སྐུ།། ཨུ་རྒྱན་པདྨ་མཚན་བརྒྱད་ཡིན། ། གནས་ནི་ཨུ་རྒྱན་ཡུལ་ན་གནས།། རྟོགས་ན་ཨུ་རྒྱན་ཀོ་ཤ་ལ།། མ་རྟོགས་ཚོགས་བརྒྱད་ཡུལ་དེ་ཡིན།། རང་སེམས་གཅིག་གི་འཆར་ཚུལ་ལས།། རྣམ་ཤེས་ཚོགས་བརྒྱད་བྱུང་བ་ཡིས།། གང་དུ་འཆར་ནི་ངེས་མེད་ལ། ། གཅིག་ལས་བརྒྱད་བྱུང་སྤྲུལ་སྐུ་ཡིན།། ཡིན་ཀྱང་སེམས་ཉིད་ཆོས་སྐུ་ལ།། གཞན་གྱི་སྐྱོན་གྱིས་མ་གོས་པས།། ཨུ་རྒྱན་པདྨ་ཞེས་པ་དེ།། མིག་གི་རྣམ་ཤེས་སྣང་སྟོང་ཚོགས།། དངོས་མེད་སྤྲུལ་སྐུ་པདྨ་ཡིན། ། རྣ་བའི་རྣམ་ཤེས་གྲགས་སྟོང་ཚོགས།། བདེན་མེད་སེང་གེ་སྒྲ་སྒྲོགས་ཡིན།། སྣ་ཡི་རྣམ་ཤེས་ཚོར་སྟོང་ཚོགས།། འཛིན་མེད་ཉི་མ་འོད་ཟེར་ཡིན།། ལྕེ་ཡི་རྣམ་ཤེས་མྱོང་སྟོང་ཚོགས།། ཞེན་མེད་པདྨ་སམ་བྷ་ཡིན། ། ལུས་ཀྱི་རྣམ་ཤེས་རེག་སྟོང་ཚོགས།། ཆགས་མེད་བློ་ལྡན་མཆོག་སྲེད་ཡིན།། ཀུན་གཞི་རྣམ་ཤེས་ཡེ་སྟོང་ཚོགས།། གཞི་མེད་ཤཱཀྱ་སེང་གེ་ཡིན།། ཉོན་མོངས་རྣམ་ཤེས་རིག་སྟོང་ཚོགས།། རྟོག་མེད་པདྨ་རྒྱལ་པོ་ཡིན། ། ཡིད་ཀྱི་རྣམ་ཤེས་འགྱུས་སྟོང་ཚོགས།། གཏད་མེད་པདྨ་ཐོད་འཕྲེང་ཡིན།། དེ་ལྟར་རང་སེམས་ཆོས་ཀྱི་སྐུ།། ཚོགས་བརྒྱད་ཡུལ་དུ་ཤར་ཙམ་ན།། རང་སྣང་སྤྲུལ་སྐུ་པདྨ་བརྒྱད།། དེ་ལས་ཀྱང་ནི་མ་འགགས་པས། ། སྣང་བ་གང་ཤར་སྤྲུལ་སྐུ་ཡིན།། ཆོས་དབྱིངས་སྟོང་པའི་ནམ་མཁའ་ལ།། རིག་པ་ཡེ་ཤེས་ཆོས་ཀྱི་སྐུ།། མ་འགགས་རོལ་པར་ཤར་བ་ཡིས།། སྤྲུལ་སྐུ་དཔའ་བོ་མཁའ་འགྲོ་ཡིན།། སྣང་བ་སྣོད་ཀྱི་འཇིག་རྟེན་ཀུན། ། བླ་མ་སྤྲུལ་སྐུའི་གཞལ་ཡས་ཡིན།། འགྲོ་བ་སེམས་ཅན་མ་ལུས་ཀུན།། བླ་མ་སྤྲུལ་སྐུའི་ངོ་བོ་ཡིན།། སྣང་བ་རང་སེམས་ཡིན་པའི་ཕྱིར།། གང་ལྟར་བྱས་པ་དེ་ལྟར་ཡིན།། སྣང་ཡང་སེམས་ལས་གཉིས་སུ་མེད། ། གཉིས་མེད་སྣང་བ་སྤྲུལ་སྐུ་ཡིན།། སྤྲུལ་སྐུའི་སྣང་བ་གསལ་བ་ལ།། རིག་པ་ཧུར་གདོན་བྱུང་རྒྱལ་གཏད།། རང་སྣང་མི་འགྱུར་གཞན་མི་འགྱུར།། རང་སྣང་སྤྲུལ་སྐུར་ཤེས་པ་ན།། ཐམས་ཅད་སྤྲུལ་སྐུར་འཆར་བ་ཡིན། ། ཡ་ངའི་ཕྱོགས་སུ་ཐོག་བརྫིས་བཏང།། སྙེམས་རྟོག་ཁུ་འཁྲིག་མེད་པར་བྱ།། དངོས་གྲུབ་ཆེན་པོ་བདུད་ཀྱིས་སྟེར།། བདུད་ཀྱང་རང་སྣང་སྤྲུལ་སྐུ་ཡིན།། རང་སྣང་སྤྲུལ་སྐུར་མ་ཤེས་ན།། ལྷ་ཡང་གཉིས་འཛིན་བདུད་དུ་འཁྲུལ། ། སྙེམས་བྱེད་ཐེ་ཚོམ་འཁོར་བ་ཡིན།། སྣང་བ་ཅི་ཤར་རང་སྣང་ཡིན།། རང་སྣང་འཛིན་མེད་སྤྲུལ་སྐུ་ཡིན།། ཇི་ལྟར་ཤར་ཡང་འཛིན་པ་མེད།། ཞེན་མེད་རང་ཤར་རང་གྲོལ་དུ།། སྤྲུལ་སྐུ་ཆུ་ཟླ་བཞིན་དུ་གསལ། ། རྩོལ་བ་མེད་པར་ལྷུན་གྱིས་གྲུབ།། དེ་ལ་བསྒྲུབ་རྒྱུ་ཅི་ཡང་མེད།། གང་ཤར་དོན་དེ་སྐྱོང་བ་ཡིན།། རང་སེམས་སྣང་བར་ཤར་བའི་ཚེ།། སྤྲུལ་སྐུ་ཡིན་པས་གསལ་བ་ལྟར།། དངོས་པོར་འཛིན་པའི་རྟག་ལྟ་མེད། ། རང་སྣང་ལུས་ཀྱི་འཛིན་པ་ཟད།། ལྟ་བྱེད་རྟོགས་པ་རང་གྲོལ་ཡིན།། རང་སེམས་དངོས་མེད་གསལ་བའི་ཚེ།། ལོངས་སྐུ་ཡིན་པས་དེ་ཉིད་སྤྱོད།། རང་རིག་རླུང་གི་འཛིན་པ་ཟད།། གཉིས་འཛིན་འཛིན་པའི་རྟག་ལྟ་མེད། ། གཅོད་བྱེད་རྟོག་པ་རང་སར་གྲོལ།། རང་སེམས་མི་གཡོ་གནས་པའི་ཚེ།། ཆོས་སྐུ་ཡིན་པས་དེ་ཀར་བཞག། སྟོང་པར་འཛིན་པའི་ཆད་ལྟ་མེད།། རང་སེམས་འདི་ཡིན་འཛིན་པ་ཟད། ། བསྒོམ་བྱ་བསྒོམ་བྱེད་རང་སར་གྲོལ།། རང་སེམས་སྐུ་གསུམ་བླ་མ་ལས།། ཇི་ལྟར་བྱས་ཀྱང་མི་འདའ་བས།། རིག་པ་གཅེར་བུ་ལྡིང་བར་གྲོལ།། ཐམས་ཅད་དབྱེར་མེད་མཉམ་པ་ཉིད།། བདེ་གཤེགས་མ་ལུས་འདུས་པའི་སྐུ། ། བདེ་ཆེན་ཐམས་ཅད་མཁྱེན་པ་ཡིན།། དེ་ཉིད་དོན་དེ་བསྐྱང་བ་ལས།། གཞན་གྱི་བྱ་རྒྱུ་ཅི་ཡང་མེད།། སྣང་རིག་སེམས་གསུམ་དབྱེར་མེད་དུ།། རྟོགས་མེད་སངས་རྒྱས་ཐམས་ཅད་འགྲུབ། ། མཐའ་ཡས་བདག་དང་དབྱེ་བ་མེད།། ཡོན་ཏན་མ་ལུས་ཐོབ་པ་ཡིན།། སྐུ་གསུམ་རྣམ་མཁྱེན་ལྷུན་གྱིས་གྲུབ།། འགྲོ་དོན་འཕྲིན་ལས་མ་ལུས་རྫོགས།། འཁོར་བ་དོང་ནས་སྤྲུགས་པ་ཡིན།། དེ་ཉིད་བསྒྲུབ་པའི་མཐར་ཐུག་གོ། ཞེས་བཀའ་སྩལ་ཏོ།། བླ་མ་སྐུ་གསུམ་བདེ་བ་ཆེན་པོའི་གསང་རྒྱུད་ལས།། རང་སེམས་བླ་མར་བསྒྲུབ་པ་ཉམས་ལེན་གྱི་ལེའུ་སྟེ་བཞི་པའོ།།།། དེ་ནས་ཐུགས་རྗེ་ཡེ་ཤེས་རྩལ་གྱིས་ཡང་ཞུས་པ། ཨེ་མ་བཅོམ་ལྡན་བདེ་བ་ཆེན་པོ་ལགས།། རང་སེམས་སྐུ་གསུམ་བླ་མ་རུ།། ཉམས་ལེན་བསྒྲུབ་པ་ངོ་སྤྲད་ནས།། མན་ངག་རྩལ་སྦྱོང་ཇི་ལྟར་བྱེད།། དེ་དོན་འདུས་པའི་འཁོར་ལ་གསུངས།། ཞེས་གསོལ་ཏོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁམས་གསུམ་སེམས་ཅན་ཐམས་ཅད་ལ།། སྐུ་གསུམ་གདོད་ནས་ལྷུན་གྱིས་གྲུབ།། བདེ་དང་གསལ་དང་མི་རྟོག་གསུམ།། མ་བཅོས་གཞི་ཡི་སྐུ་གསུམ་ཡིན། ། འདོད་ཆགས་ཞེ་སྡང་གཏི་མུག་གསུམ།། རྩལ་སྦྱོང་ལམ་གྱི་སྐུ་གསུམ་ཡིན།། ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ།། མཐར་ཐུག་འབྲས་བུའི་སྐུ་གསུམ་ཡིན།། དོན་ལ་དེ་རྣམས་དབྱེར་མེད་དེ།། གདོད་ནས་ལྷུན་གྲུབ་སངས་རྒྱས་ཀྱི། ། ངོ་བོ་ཡིན་ཀྱང་མ་རྟོགས་འཁྲུལ།། དུག་གསུམ་ཞེན་པས་འཁོར་བར་འཁྱམས།། བདག་འཛིན་རང་ཁར་མ་ཞེན་ན།། དུག་གསུམ་སྐུ་གསུམ་ལྷུན་གྲུབ་ཀྱིས།། ལམ་གྱི་རྩལ་སྦྱོང་ཆེན་པོ་ཡིན། ། དུག་གསུམ་སྐུ་གསུམ་མ་ཤེས་ན།། སྤངས་པས་མི་སྤོངས་རང་སེམས་ཡིན།། རང་སེམས་སྤངས་པའི་སངས་རྒྱས་མེད།། བསྒྲུབས་པས་མི་འགྲུབ་དངོས་པོ་མེད།། དངོས་པོ་མེད་པས་འཛིན་པ་གྲོལ།། འཛིན་མེད་སྤང་མེད་དུག་གསུམ་སྟེ། ། ཞེན་པ་མེད་པ་སྐུ་གསུམ་དངོས།། ཞེན་པ་རྟོགས་ན་དུག་ཡིན་ཏེ།། འཁོར་འདས་ཞེན་དང་མ་ཞེན་ཕྱེ།། དེ་ཕྱིར་ཞེན་མེད་ཉམས་ལེན་བསྟེན།། ཕ་ནི་བདེ་བ་ཆེན་པོ་ཡིས། བུད་མེད་འདུལ་བའི་ཆོས་སུ་བྱུང། ། བུད་མེད་སྟོང་པ་བདེ་ལ་སྲིད།། འདོད་ཆགས་པ་ཡི་ཐིག་ལེ་ལས།། ཕྱི་རུ་དུས་དང་ཁོག་པ་གྲུབ།། ནང་དུ་ཐིག་ལེ་རྩ་མདུད་གྲུབ།། ཀུན་རྫོབ་འདོད་ཆགས་དེ་ཉིད་ལས།། རྟེན་ནས་དོན་དམ་ཆགས་ལམ་ནི། ། ཕྱི་རུ་གཟུགས་མའི་རྩ་སྣ་སྤྲད།། ནང་དུ་ཐིག་ལེ་འཕེན་འཇུག་བྱ།། གསང་བ་འདོད་ཆགས་བདེ་སྟོང་དུ།། ཐམས་ཅད་ལོངས་སྤྱོད་རྫོགས་སྐུར་གྲོལ།། ཞེན་པ་མེད་པར་རྩལ་སྦྱངས་པས། ། འཁྲུལ་རྟོག་སྐད་ཅིག་ཡུལ་མ་གྲུབ།། དེ་ཉིད་ལམ་དུ་འཁྱེར་བ་ཡིན།། མ་ནི་སྟོང་ཤས་ཕྱེ་བ་ཡིས།། སྐྱེས་པ་འདུལ་བའི་ཆོས་སུ་བྱུང།། སྐྱེས་པའི་བདེ་བ་སྟོང་པར་རྟོགས།། ཞེ་སྡང་མ་ཡི་ཐིག་ལེ་ལས།། ཕྱི་རུ་ཤ་དང་པགས་པ་གྲུབ། ། ནང་དུ་རྩ་དང་རླུང་དུ་གྲུབ།། ཀུན་རྫོབ་ཞེ་སྡང་དེ་ཉིད་ལས།། རྟེན་ནས་དོན་དམ་ཐབས་ལམ་ནི།། ཕྱི་རུ་ལུས་ཀྱི་འཁྲུལ་འཁོར་བྱ།། ནང་དུ་རླུང་གི་དམིགས་པ་གཟུང།། གསང་བ་ཞེ་སྡང་གསལ་སྟོང་དུ། ། ཞེན་པ་མེད་པར་རྩལ་སྦྱངས་པས།། འཁྲུལ་སྣང་རྟོག་པ་མི་འཆར་བར།། ཐམས་ཅད་སྤྲུལ་པའི་སྐུ་རུ་གྲོལ།། དེ་ཉིད་ལམ་དུ་འཁྱེར་བ་ཡིན།། སེམས་ནི་མི་རྟོག་ཤས་ཆེ་སྟེ།། ཟུང་དུ་འཇུག་པའི་ཆོས་སུ་བྱུང། ། གཉིས་མེད་མཉམ་པ་ཉིད་ཡིན་པས།། གཏི་མུག་བྱང་ཆུབ་སེམས་ཉིད་དེ།། ཕྱི་རུ་འཁྲུལ་པའི་སྣང་བ་གྲུབ།། ནང་དུ་བདག་འཛིན་སེམས་སུ་གྲུབ།། ཀུན་རྫོབ་གཏི་མུག་དེ་ཉིད་ལ།། རྟེན་ནས་དོན་དམ་གྲོལ་ལམ་ནི། ། ཕྱི་རུ་སྣང་བའི་རྗེས་མི་འབྲང།། ནང་དུ་སེམས་ཉིད་མ་བཅོས་བཞག། གསང་བ་གཏི་མུག་རིག་སྟོང་དུ།། ཞེན་པ་མེད་པར་རྩལ་སྦྱངས་པས།། བདག་འཛིན་ཞེན་པ་ཀུན་ཟད་ནས།། ཐམས་ཅད་ཆོས་སྐུར་གྲོལ་ནས་འགྲོ། ། དེ་ཉིད་ལམ་དུ་ཁྱེར་བ་ཡིན།། གནད་ཀྱི་མན་ངག་འདི་རྟོགས་ན།། སངས་རྒྱས་ཀུན་དང་དབྱེར་མི་ཕྱེད།། དེ་ལྟར་དུག་གསུམ་སྐུ་གསུམ་དུ།། རང་སེམས་བླ་མར་རྩལ་སྦྱངས་པས། ། སྣང་སྲིད་སྐུ་གསུམ་ངོ་བོར་རྟོགས།། དེ་ཉིད་མན་པ་གཞན་མེད་པས།། འཁོར་བ་ཐམས་ཅད་དོང་སྤྲུགས་ཏེ།། རང་སེམས་བདེ་བ་ཆེན་པོ་རུ།། གསལ་སྟོང་འཛིན་མེད་མངོན་སངས་རྒྱས།། གཟུང་འཛིན་རྣམ་རྟོག་མེད་པ་རུ། ། སྣང་སྲིད་ཐམས་ཅད་གསལ་བ་ནི།། ཐམས་ཅད་མཁྱེན་པའི་སངས་རྒྱས་ཡིན།། རང་རིག་ཆོས་སྐུ་གཞན་དོན་དུ།། ལོངས་སྐུ་སྤྲུལ་སྐུའི་གཟུགས་སུ་ཤར།། ཤར་ཡང་རྩོལ་རྟོག་མེད་པ་ཡིས།། བླ་མ་སྐུ་གསུམ་ལྷུན་གྲུབ་ཡིན། ། ཆོས་ཉིད་ངང་ལ་འགྱུར་ལྡོག་མེད།། དེ་ཉིད་གདམས་པའི་མཐར་ཐུག་གོ། ཞེས་བཀའ་སྩལ་ཏོ།། བླ་མ་སྐུ་གསུམ་བདེ་བ་ཆེན་པོའི་གསང་རྒྱུད་ལས།། རང་སེམས་བླ་མར་རྩལ་སྦྱོང་གི་གདམས་ངག་བསྟན་པའི་ལེའུ་སྟེ་ལྔ་པའོ། །།། དེ་ནས་ཐུགས་རྗེ་ཡེ་ཤེས་རྩལ་གྱིས་ཡང་གསོལ་བ། ཨེ་མ། བཅོམ་ལྡན་བདེ་བ་ཆེན་པོ་ལགས།། རང་སེམས་བླ་མར་བསྒྲུབ་པ་ཡིས།། ཆ་རྐྱེན་ཐུན་མོང་ཡན་ལག་ཏུ། ། ལས་ཚོགས་མན་ངག་ཇི་ལྟར་ལགས།། དེ་དོན་འདུས་པའི་འཁོར་ལ་གསུངས།། ཞེས་གསོལ་ཏོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། རང་སེམས་བླ་མ་སྐུ་གསུམ་གྱིས།། ཐུན་མོང་འཕྲིན་ལས་བཞི་ཡིན་ཏེ། ། ཕྱི་རོལ་གདོན་དང་ནང་གི་གདོན།། གསང་བ་ཉོན་མོངས་རྣམ་རྟོག་ཀུན།། མ་བཅོས་འཛིན་མེད་རང་སར་གཞིལ།། གཏད་མེད་ངང་དུ་ཞི་གནས་འགྲོ།། ཆོས་སྐུ་ཞི་བའི་འཕྲིན་ལས་ཡིན།། ཕྱི་ཡི་ལོངས་སྤྱོད་ནང་གི་ཚེ། ། གསང་བ་ཡེ་ཤེས་འཁོར་རྒྱས་པ།། ཤིན་ཏུ་གསལ་བར་མདངས་སྟོན་པས།། བདེ་བ་ཆེན་པོའི་རང་བཞིན་རྒྱས།། ལོངས་སྐུ་རྒྱས་པའི་འཕྲིན་ལས་ཡིན།། ཕྱི་རུ་མི་མཐུན་རིགས་པས་གཏོར། ། ནང་དུ་མདོ་དོན་རླུང་སེམས་བསྡུ།། གསལ་ལ་འགྱུར་ལྡོག་གང་དགོས་པ།། རང་གསལ་རིག་པའི་སྟོབས་ཀྱིས་བསྒྱུར།། དབང་དྲག་སྤྲུལ་སྐུའི་འཕྲིན་ལས་ཡིན།། སྐུ་གསུམ་འཕྲིན་ལས་དབྱེར་མི་ཕྱེད། ། དོན་ལ་རང་བྱུང་ཡེ་ཤེས་ཡིན།། དུས་གསུམ་སངས་རྒྱས་ལས་བྱེད་མགོན།། འགྲོ་བའི་དོན་ལ་སྟོན་པ་པོ།། དེ་ཉིད་འཕྲིན་ལས་མཐར་ཐུག་གོ། ཞེས་བཀའ་སྩལ་ཏོ།། བླ་མ་སྐུ་གསུམ་བདེ་བ་ཆེན་པོའི་གསང་རྒྱུད་ལས། ། ཐུན་མོང་ལས་ཚོགས་ཀྱི་ལེའུ་སྟེ་དྲུག་པའོ།།།། དེ་ནས་ཐུགས་རྗེ་ཡེ་ཤེས་རྩལ་གྱིས་ཡང་གསོལ་པ། ཨེ་མ། བཅོམ་ལྡན་བདེ་བ་ཆེན་པོ་ལགས།། རང་སེམས་བླ་མ་སྐུ་གསུམ་དུ། ། ལྷུན་གྲུབ་གསང་བའི་རྒྱུད་མཆོག་འདི།། དམ་ཚིག་གཏད་རྒྱ་གང་ལྟར་བྱེད།། དེ་དོན་འདུས་པའི་འཁོར་ལ་གསུངས།། ཞེས་གསོལ་ཏོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། དུས་བཞི་སངས་རྒྱས་མ་ལུས་རྣམས། ། སྐུ་གསུམ་བླ་མ་ཉིད་ལ་འདུས།། སེམས་ཉིད་དོན་གྱི་རྒྱུད་མཆོག་འདི།། སངས་རྒྱས་ཀུན་གྱི་སྙིང་པོ་གཙོ།། གསང་སྔགས་རྒྱལ་པོ་ཀུན་གྱི་རྗེ།། འདི་རྟོགས་འགྲོ་ཀུན་རྫོགས་སངས་རྒྱས།། གསང་སྔགས་རྒྱུད་ཆེན་གཞན་དག་ནི། ། བྱས་བཅོས་ལམ་གྱི་རྒྱུད་ཡིན་ཏེ།། འདི་ཉིད་འབྲས་བུ་ད་ལྟར་འབྱིན།། ཡང་གསང་སྙིང་པོའི་རྒྱུད་ཡིན་པས།། སྐལ་ལྡན་མཐོང་ཐོས་རེག་པས་གྲོལ།། སྐལ་མེད་ལོག་ལྟའི་རང་བཞིན་བསྒྲིབས། ། ལོག་པའི་གདུལ་བྱ་ཐབས་ཀྱིས་འདུལ།། ཐུགས་རྗེ་ཆེན་པོ་ཁྱོད་ལ་གཏད།། སྙིགས་མའི་འགྲོ་བ་འདྲེན་པ་ཡི།། བསྐལ་བཟང་སངས་རྒྱས་སྟོང་གི་སྲས།། མཐའ་ཡས་སྤྲུལ་པའི་སྐུར་བྱོན་ནས།། མཚོ་སྐྱེས་པདྨ་འབྱུང་གནས་ཀྱིས། ། རྒྱུད་མཆོག་འགྲོ་བའི་དོན་བྱེད་འགྱུར།། བསྟན་པ་མི་མཇེད་ཁམས་སུ་འབྱུང།། འཁོར་བ་དོང་ནས་སྤྲུགས་བྱེད་དེ།། དེ་བསྒྲུབས་སངས་རྒྱས་ཀུན་འགྲུབ་བོ།། སྤྲུལ་པ་རྣམས་ཀྱི་མཐར་ཐུག་གོ། ཞེས་བཀའ་སྩལ་ཏོ།། དེར་འཁོར་ཐམས་ཅད་སྐུ་གསུམ་བླ་མའི་ངོ་བོར་ཡི་རངས་ཏེ་ཆོས་ཉིད་ཀྱི་ངང་དུ་གྲོལ་ལོ།། བླ་མ་སྐུ་གསུམ་བདེ་བ་ཆེན་པོའི་གསང་རྒྱུད་ལས། གཏད་རྒྱ་ལུང་བསྟན་རྗེས་སུ་ཡི་རངས་པའི་ལེའུ་སྟེ་བདུན་པའོ། །།། སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་མཐར་ཐུག་གཅིག་ཏུ་དྲིལ་བ། བླ་མ་སྐུ་གསུམ་བདེ་བ་ཆེན་པོའི་གསང་རྒྱུད་ཅེས་བྱ་བ། ཨུ་རྒྱན་པདྨ་འབྱུང་གནས་ཀྱིས། ཨུ་རྒྱན་གྱི་སྐད་ལས་བོད་ཀྱི་ཡི་གེ་རུ། ཆོས་དབྱིངས་ནམ་མཁའི་རྫོང་དུ་རང་འགྱུར་མཛད་པའོ།། རྫོགས་སོ།།།། ཨེ་མ་ཧོ། བདག་འདྲ་པདྨ་འབྱུང་གནས་ལ།། གསང་སྔགས་མཆོག་གི་བཀའ་བབས་ཀྱང།། བླ་མའི་ཐུགས་རྒྱུད་གསང་བ་འདི། ། དེ་སྔ་འཇིག་རྟེན་ཁམས་མ་བྱུང།། ཕོ་བྲང་བདེ་བ་ཆེན་པོ་རུ།། འཕགས་པ་བསྒྲུབས་པའི་བྱིན་རླབས་ཀྱིས།། ཐུགས་རྗེ་ཆེན་པོས་རྒྱུད་འདི་གནང།། འདི་ལ་བརྟེན་ནས་འགྲོ་ལ་ཕན་དོན་དུ།། བླ་མའི་སྒྲུབ་ཐབས་མང་དུ་བརྩམས། ། གཏེར་ཁ་དུ་མར་སྦས་ནས་བདོག། རྒྱུད་མཆོག་གསང་བ་སྙིང་ཐིག་འདི།། བདག་ཉིད་པདྨའི་ཐུགས་ལ་བཅངས།། སྲིན་པོའི་ཡུལ་དུ་བཞུད་ཁ་རུ།། སྙིགས་མའི་འགྲོ་བ་དྲང་དོན་དུ། ། ཡང་གསང་དགོངས་གཏེར་སྙིང་པོ་རུ།། སྤེལ་བར་འཕངས་ནས་གཏེར་དུ་སྦས།། ཐུབ་པར་བསྲུངས་ཅིག་གཏེར་སྲུངས་ཚོགས།། སྙིང་ལ་ཕུར་ཅིག་ས་མ་ཡ། རྒྱ་རྒྱ་རྒྱ། ཨེ་མ། བསྐལ་པ་མར་འགྲིབ་ཉེ་བ་ལ། ། གཏེར་འདི་དབང་བའི་ལས་ཅན་ནི།། ཨུ་རྒྱན་གཉིས་མེད་ཐུགས་ཀྱི་སྲས།། སྐྱེ་བ་ལྔ་ཡི་ཐ་མ་ལ།། མོན་བོད་གཉིས་ཀྱི་སོ་འཚམས་སུ།། མེ་ཉག་བན་ཆུང་ཤེས་རབ་ཅན།། སྦས་པའི་ངང་ནས་སྐལ་ལྡན་སྐྱོང། ། འཁོར་ནི་ཁྲ་མོ་རིགས་འདུས་འདུ།། སྤྱོད་ལམ་མ་ངེས་ཀུན་གྱི་ཚུལ།། སྐྱེ་མཐའ་བྱང་ཆུབ་སེམས་དཔའ་དེ།། དེ་ལ་འབྲེལ་ཚད་ཨུ་རྒྱན་འཇལ།། གང་ཞིག་དེ་ཡི་མིང་དང་རུས།། བླ་རྟགས་གསང་བའི་མཚན་ཐོས་ཀྱང། ། བྱང་ཆུབ་མངོན་དུ་བྱས་པ་ཡིན།། གང་ཞིག་བསྟོད་སྨད་ལོག་ལྟ་སྤངས།། ནམ་ཞིག་འཁོར་བའི་མཐའ་ལས་གྲོལ།། སྐལ་ལྡན་སློབ་བུ་བཅུ་དགུ་འབྱུང།། དེ་ལ་ཆོས་འདི་རྫོགས་པར་བྱིན། ། འགྲོ་བ་མང་པོ་སྨིན་པར་འགྱུར།། ཀུན་གྱི་ཙིཏྟའི་དཀྱིལ་དུ་བཅང།། འཁོར་བ་རྒྱུན་གཅོད་སྐུ་གསུམ་ཐོབ།། བདུད་ཀྱི་བྱིན་རླབས་སྐུར་འདེབས་མཁན།། ཨུ་རྒྱན་ང་ལ་རྒྱབ་ཀྱིས་ཕྱོགས།། དམྱལ་བ་སྒྲུབ་ལ་སྦྱིན་མི་བྱ། ། བྱིན་ཡང་སྐལ་ལྡན་སྲེག་པར་འགྱུར།། སེང་གེ་དཀར་མོའི་འོ་མ་དེ།། རིན་ཆེན་གསེར་སྣོད་མ་གཏོགས་པ།། རྫ་ཤིང་སྣོད་དུ་བླུག་ན་འགས།། དེ་ཕྱིར་ལོག་ལྟ་ཅན་ལ་གསང།། བྱིན་ན་གསང་བའི་དམ་ཚིག་ཉམས། ། རྡོ་རྗེ་དམྱལ་བར་སྐྱེ་བར་འགྱུར།། དེ་བས་མ་སྤེལ་ཙིཏྟར་སྟིམ། ཤིན་ཏུ་ཟབ་པའི་རྒྱུད་མཆོག་འདི།། རད་ན་གླིང་ཞེས་གྲགས་པ་ཡི།། སྐལ་ལྡན་དེ་དང་འཕྲད་པར་ཤོག། ས་མ་ཡ། རྒྱ་རྒྱ་རྒྱ། ས་མ་ཡ། བྀཐཾ། རྒྱ་རྒྱ་རྒྱ་རྒྱ་རྒྱ། གཏད་རྒྱ། གཏེར་རྒྱ། སྦས་རྒྱ། གསང་རྒྱ།།།། དྲམཅ་རྔ:་ཆམཱ་:ཡང་དག་གསང་བའི་སྐད་དུ། ཡང་སྡིག་བྷ་ཏུང་པ་ཡ། བོད་སྐད་དུ། དགོངས་དོན་འགྲོ་བ་ཀུན་གྲོལ་གྱི་རྒྱུད་ཅེས་བྱ་བ། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། ཆོས་དབྱིངས་ཀ་དག་ཁྱབ་བརྡལ་ཀློང་ཡངས་གིས་གནས་སུ།། སྟོན་པ་ཀུན་བཟང་སྣང་བ་མཐའ་ཡས་ཆོས་ཀྱི་སྐུ་ལ། འཁོར་རང་བྱུང་ཡེ་ཤེས་ལྔའི་འཁོར་གྱིས་བསྐོར་ནས། ངོ་བོ་ཉིད་ཀྱིས་བསྟན་པ་སྨྲ་བསམ་བརྗོད་དུ་མེད་པ་ལས། གཟུགས་བརྙན་གྱིས་བསྟན་པ་སྐྱེ་བ་མེད་པ་ལས། སྐྱེ་བའི་ཆོ་འཕྲུལ་ཡི་གེ་དྲུག་གི་འཁོར་ལོ་རང་འབྱུང་དུ་ཤར་བ་ལ་ཕྱག་འཚལ་ལོ། ། འདི་སྐད་བདག་གིས་བསྟན་པའི་དུས་གཅིག་ན། ཡེ་ཤེས་ལྷུན་གྲུབ་འོད་ལྔའི་ཞིང་ཁམས་སུ།། སྟོན་པ་པདྨ་རྒྱལ་པོ་ལོངས་སྤྱོད་རྫོགས་པའི་སྐུ་ལ། འཁོར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་མང་པོས་བསྐོར་ནས། རང་ཤར་གྱིས་བསྟན་པ་ཉོན་མོངས་པའི་གཉེན་པོ་ཡེ་ཤེས་ཀྱི་དགོངས་པ་ལ། གཟུགས་ཅན་གྱིས་བསྟན་པ། འགགས་པ་མེད་པ་ལ་རང་ཤར་བར་གསང་རྒྱུད་འདི་དག་བཤད་ཀྱི་ཉོན་ཅིག་འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། ། ཐུགས་རྗེ་ཀུན་ཁྱབ་འཇིག་རྟེན་གྱི་གནས་སུ།། སྟོན་པ་གང་ལ་གང་འདུལ་སྤྲུལ་པའི་སྐུ་ལ། འཁོར་དུ་སྐལ་ལྡན་གདུལ་ཚོགས་ཀྱིས་བསྐོར་ནས། རང་གྲོལ་བསྟན་པ་འགྲོ་བ་ཀུན་གྲོལ་ལས། གཟུགས་ཅན་གྱིས་བསྟན་པ་ཚིག་དང་ཡི་གེར་གནས་པ་ལ་འདུན་པར་གྱུར་ཏོ།། དེའི་ཚེ་སྤྲུལ་པ་སྐུའི་ཞིང་ཁམས་འདིར། སངས་རྒྱས་འདུས་པ་གྷུ་རུ་པདྨ་རྒྱལ་པོ་ཡིས། སྐུ་གསུང་ཐུགས་ཀྱི་འོད་དེ་ལས་སྤྲུལ་པ་སྐུའི་ཞིང་ཁམས་ཆེན་པོ་གསལ་བར་གྱུར་ཏོ།། དེའི་ཚེ་གསང་བའི་མཁའ་འགྲོ་གསོལ། ཀྱཻ། བསྟན་པའི་བདག་པོ་ཐུགས་རྗེ་ཆེ།། ཆོས་རྣམས་སྟོན་པ་པདྨའི་རྒྱལ། ། རྒྱུད་རྒྱལ་སངས་རྒྱས་དགོངས་པའི་དོན།། འགྲོ་བ་ཀུན་གྲོལ་གསུང་དུ་གསོལ།། དེ་སྐད་ཞུས་པའི་དོན་དགོངས་ནས།། སྟོན་པ་ཉིད་ཀྱིས་བཀའ་སྩལ་པ། ཨེ་མ་ཨེ་མ། སྐུ་གསུམ་སྐུ་ལྔ་སྟོན་པའི་བཅུད། ། སྨིན་གྲོལ་གེགས་གསལ་པོ་གསད་བྱུང་ནས།། བློ་འདས་དོན་ལ་སྦྱོར་བའི་རྒྱུད།། བཤད་ཀྱིས་མ་ཡེངས་ཡིད་ཀྱིས་ཉོན།། ཅེས་གསུངས་སོ།། དགོངས་དོན་འགྲོ་བ་ཀུན་གྲོལ་གྱི་རྒྱུད་ལས། གླེང་གཞིའི་ལེའུ་སྟེ་དང་པོའོ། །།། ཡང་དེའི་ཚེ་བདེ་ཆེན་སངས་རྒྱས་སྙིང་པོ་བཀོད་པ་ཞེས་བྱ་བ་ན། སྟོན་པ་སངས་རྒྱས་གངས་ཆེན་མཚོ་ཞེས་བྱ་བའི་དྲུང་དུ། ཆོས་དབྱིངས་ཡེ་ཤེས་མཁའ་འགྲོ་ཞེས་བྱ་བས་འདི་སྐད་ཅེས་གསོལ་ཏོ། ། ཀྱཻ། ཆོས་ཀྱི་དབང་ཕྱུག་ཐུགས་རྗེ་ཆེ།། བདེ་སྟོང་ཟག་མེད་པདྨའི་རྒྱལ།། རྒྱུད་རྒྱལ་སྨིན་བྱེད་དབང་གི་ལྷ།། བདག་ཅག་འཁོར་ལ་བཀའ་སྩལ་ཞུ།། དེ་སྐད་ཞུས་པའི་དོན་དགོངས་ནས།། སྟོན་པ་ཉིད་ཀྱིས་བཀའ་སྩལ་པ། ཧྲི། ཐམས་ཅད་རྒྱལ་བའི་དཀྱིལ་འཁོར་དུ།། རང་སེམས་རིག་པའི་དབང་ཐོབ་ནས།། ཐེག་པ་རིམ་དགུ་ལ་སོགས་པའི།། ཆོས་སྒོ་མ་ལུས་འདིས་ཕྱེད་འགྱུར།། བླ་མ་སངས་རྒྱས་འདུས་པ་ཡིས། ། ཐབས་ཤེས་བདུད་རྩི་ཐོབ་པ་ན།། རླུང་སེམས་ཀུན་ལ་དབང་ཐོབ་ནས།། སྟོང་ཉིད་ཆེན་པོར་རྣམ་པར་གྲོལ།། སྟོང་པའི་ངང་ལས་བདེ་ཆེན་སྐུ།། ཤེས་རབ་མཁའ་འགྲོ་དང་སྦྱར་ན།། བདེ་བ་སེམས་བཟུང་སྟོང་ལ་སྦྱར། ། གཉིས་མེད་ངང་དུ་ཡེ་ཤེས་སྐྱེ།། ཆོས་ཀྱི་དགོངས་པའི་རང་སེམས་ནི།། སྟོང་ཉིད་བདེ་ཆེན་བློ་ལས་འདས།། རྒྱལ་བུ་རྒྱལ་ས་ཟིན་པ་ལྟར།། དོན་མཐོང་ཙམ་གྱིས་སྨིན་པར་འགྱུར།། དེ་ལྟར་དབང་བཞིའི་གདམས་པ་ཡིས། ། ཐེག་པ་རིམས་ཀྱི་འཇུག་པར་བྱ།། དེ་ལྟར་ཡོངས་སུ་སྨིན་པ་ལ།། གྲོལ་བར་བྱེད་པའི་གདམས་པ་བསྟན།། ཧཱུཾ་མེ་པད་ཎི་མ་ཨོཾ། ཨོཾ་ཨཱ་ཧཱུཾ་ཧྲི། ཞེས་གསུངས་སོ།། དགོངས་དོན་འགྲོ་བ་ཀུན་གྲོལ་གྱི་རྒྱུད་ལས། སྨིན་བྱེད་དབང་གི་ལེའུ་སྟེ་གཉིས་པའོ།།།། ཀྲཤྱདཱ་ཀོཧ་ཧ:་ཆ་ན་རྟངདུག་:མླནིརགཎཉཀྟོ:་མཏགཱརྟཤཱཧྱཏ། ཡང་དེའི་ཚེ་བདེ་ཆེན་རྡོ་རྗེ་སྙིང་པོ་བཀོད་པའི་རྒྱན་ཅེས་བྱ་བ་ན། སྟོན་པ་རྡོ་རྗེ་གངས་ཆེན་མཚོ་ཞེས་བྱ་བའི་དྲུང་དུ། མེ་ལོང་ཡེ་ཤེས་མཁའ་འགྲོ་མ་ཞེས་བྱ་བས་འདི་སྐད་ཅེས་གསོལ་ཏོ།། ཀྱཻ། ཐར་པའི་ལམ་སྟོན་ཐུགས་རྗེ་ཆེ།། མཚོ་རྒྱལ་ཆེན་པོ་ལྷུན་རྫོགས་པདྨ་རྒྱལ།། རྒྱུད་རྒྱལ་ཆོས་ཀྱི་ཕྱག་རྒྱའི་དོན། ། བདག་ཅག་འཁོར་ལ་བཀའ་སྩལ་གསོལ།། འདི་སྐད་ཞུས་པའི་དོན་དགོངས་ནས།། སྟོན་པ་ཉིད་ཀྱིས་བཀའ་སྩལ་པ།། ཧྲི། ཐོག་མར་སངས་རྒྱས་ཀུན་གྱི་གཙོ།། བླ་མ་སྒོམ་ཞིང་གསོལ་བ་གདབ། ། ཏིང་ངེ་འཛིན་གྱི་དབང་ཡང་བླང།། རྒྱུན་དུ་འབྲེལ་མེད་རྗེས་སུ་བཞུགས།། བླ་མ་རྡོ་རྗེ་སེམས་དཔའ་ལ།། མཎྜལ་འབུལ་ཞིང་ཡིག་བརྒྱ་བཟླས།། ཐབས་ཀྱི་ཡན་ལག་དེ་དག་གིས།། སྒྲིབ་པ་གཉིས་སྦྱངས་ཚོགས་གཉིས་རྫོགས། ། བླ་མ་དཀོན་མཆོག་སྐྱབས་གནས་ལ།། བྱང་ཆུབ་བར་དུ་སྐྱབས་སོང་ནས།། སྨོན་པ་དང་ནི་འཇུག་པ་ཡིས།། འགྲོ་བའི་དོན་དུ་སེམས་བསྐྱེད་དོ།། དེ་ལྟར་གསོལ་འདེབས་སྤེལ་སྦྱངས་དང། ། སྐྱབས་འགྲོ་སྨོན་འཇུག་སེམས་སྐྱེད་དང།། ཕྱི་ནང་གསང་བའི་སྡོམ་པ་གཟུང།། དམ་བཅའ་སྨོན་ལམ་རྒྱས་པར་གདབ།། ཕྱི་ནང་རྟོགས་པའི་མཚམས་བཅད་ལ།། སྒྲིབ་གཉིས་མ་ལུས་རྣམ་དག་ཅིང།། ཡེ་ཤེས་དག་ནི་གཉིས་མེད་པའི། ། དཀྱིལ་འཁོར་བསྐྱེད་ཅིང་བསྒྲུབ་པར་བྱ།། བདག་གི་ཡེ་ཤེས་ལྷ་ལས་ནི།། རང་བྱུང་རང་གྲོལ་བདེ་བ་ཆེ།། འདོད་ཡོན་མ་སྤངས་རོལ་པའི་རྒྱན།། བསོད་ནམས་ཡེ་ཤེས་ཚོགས་ཀྱི་མཆོག། ཏིང་ནི་གསུམ་ལས་བྱུང་བ་ཡིས།། བསོད་ནམས་ཐམས་ཅད་དཀྱིལ་འཁོར་ནི།། ཅི་བཞིན་རྣལ་འབྱོར་རང་ལུས་ལ།། དེ་བཞིན་དབང་རླུང་ཐིག་ལེ་གནས།། སྒོ་གསུམ་རྣམ་དག་ངང་དུ་གསལ།། དེ་བཞིན་རང་གི་སེམས་ལ་ཡང། ། འཁོར་བ་དང་ནི་མྱ་ངན་འདས།། ཐམས་ཅད་འབྱུང་ཞིང་ཐམས་ཅད་གནས།། ཐམས་ཅད་གྲོལ་བར་བྱེད་པའོ།། དེ་ལྟར་བསྐྱེད་རྫོགས་རྫོགས་པ་ཆེ།། ཕྱི་ནང་གསང་བའི་དཀྱིལ་འཁོར་དུ། ། ཟུང་འཇུག་གཏོར་མའི་རྣལ་འབྱོར་གྱིས།། ཐུན་མོང་མཆོག་གི་དངོས་གྲུབ་འབྱུང།། རྒྱལ་བའི་དཀྱིལ་འཁོར་མ་ལུས་ཀྱང།། ཆོས་དབྱིངས་དོན་དུ་རོ་གཅིག་པ།། བསྟོད་པ་གླུ་ཡི་དོན་གསོལ་འདེབས། ། ཨེ་མ་དབྱིངས་ཀྱི་རོལ་པ་འདིས།། རྟོག་པ་མེད་ལས་ཀུན་མཁྱེན་པ།། སྐུ་བཞིའི་འཕྲིན་ལས་ལྷུན་གྱིས་གྲུབ།། མ་འགགས་ཡེ་ཤེས་སྒྱུ་མའི་ལྷ།། འགྲོ་བ་གྲོལ་བའི་དོན་དུ་བསྐུལ།། ཡེ་ཤེས་ལྷ་དང་ནམ་དུ་ཡང། ། མི་འབྲལ་རྩེ་གཅིག་བསྒྲུབ་པ་ལ།། ཟ་འདུག་འགྲོ་ཉལ་ཐམས་ཅད་དུ།། ཡེངས་ན་ཡེ་ཤེས་ལྷ་སྤང་འགྱུར།། ཉོན་མོངས་འཁྲུལ་རྟོག་སྐྱེས་པ་ན།། བར་ཆད་འབྱུང་པོ་ལ་སོགས་པས།། ལུས་ལ་ནད་རྣམས་གཏོང་བ་དང། ། འཆི་བའི་རྟགས་རྣམས་སྟོན་པར་འགྱུར།། དེ་ན་ཤེས་བཞིན་དྲན་པ་བསྟན།། འཆི་བ་སླུ་ཕྱིར་ཚོགས་གཉིས་བསགས། ཁ་སྦྱོར་རླུང་གི་ཚེ་ཡང་སྲིང།། བློ་འདས་སྒོམ་ན་སྐྱེ་ཤི་མེད།། དེ་ལྟར་བར་ཆད་ཡོང་སྤངས་ནས། ། ཚེ་འདིར་རང་གཞན་དོན་ལ་སྦྱར།། ཚོགས་བསག་སྒྲིབ་པ་སྦྱང་བའི་ཕྱིར།། ཆོས་སྤྱོད་བཅུ་ལ་རྣམ་པར་བསླབས།། འགྲོ་བ་རྣམས་ལ་ཕན་དོན་དུ།། མཆོག་དང་ཐུན་མོང་གྲུབ་ཆེན་བརྒྱད།། འབྱུང་བ་ལྔ་ཡི་འཕྲིན་ལས་བཞི། ། ཡི་གེ་བཅུ་པ་བཟུང་བས་གྲུབ།། དེ་ལྟར་སྣ་ཚོགས་འཕྲིན་ལས་རྣམས།། བསྐྱེད་རིམ་ཡན་ལག་རྫོགས་པས་འགྲུབ།། དེ་ཡང་དངོས་པོ་རྣམ་པ་བཅུ།། རྒྱུད་རྣམས་ཀུན་གྱི་དགོངས་པ་རྫོགས། ། ཨོཾ་ཨཱ་ཧཱུཾ་ཧྲི་ཨོཾ་མ་ཎི་པདྨེ་ཧཱུཾ། ཞེས་གསུངས་སོ།། དགོངས་པ་ཀུན་གྲོལ་གྱི་རྒྱུད་ལས། ཆོས་ཀྱི་ཕྱག་རྒྱ་དང་སྦྱོར་བའི་བསྐྱེད་རིམ་གྱི་ལེའུ་སྟེ་གསུམ་པའོ།།།། ཐཏརྚཀསཀཀྐཿ་ཨརྟནྚཊགླཐརྟ། ཡ་ཏྲ། ཁས་ཞོར། ཉཉསབྱཅཧ།། ཡང་དེའི་ཚེ་བདེ་ཆེན་རིན་ཆེན་བཀོད་པའི་རྒྱན་ཅེས་བྱ་བ་ན། སྟོན་པ་རིན་ཆེན་གངས་ཆེན་མཚོ་ཞེས་བྱ་བའི་དྲུང་དུ། མཉམ་ཉིད་ཡེ་ཤེས་མཁའ་འགྲོ་ཞེས་བྱ་བས་འདི་སྐད་ཅེས་གསོལ་ཏོ། ། ཀྱཻ། རླུང་སེམས་རང་གྲོལ་ཐུགས་རྗེ་ཆེ།། ཐིག་ལེ་ཆེན་པོ་པདྨ་རྒྱལ།། རྒྱུད་རྒྱལ་དམ་ཚིག་ཕྱག་རྒྱའི་དོན།། བདག་ཅག་འཁོར་ལ་བཀའ་སྩལ་ཞུ།། དེ་སྐད་ཞུས་པའི་དོན་དགོངས་ནས། ། སྟོན་པ་ཉིད་ཀྱིས་བཀའ་སྩལ་པ།། ཧྲི། རྡོ་རྗེ་ལུས་ཀྱི་སྲོག་པ་ལས།། རྩ་རླུང་ཐིག་ལེའི་གར་གསལ་ནས།། འབར་བའི་རྩ་མདུད་གྲོལ་རྟགས་འཆར།། འཛག་པས་དགའ་བདེའི་ཉམས་མྱོང་འཆར།། ཡི་དམ་ལྷ་དང་བདག་ཉིད་དང། ། སྣང་སྲིད་ཐམས་ཅད་བདེ་བ་ཆེ།། ཡེ་ཤེས་སྒྱུ་མར་རྩལ་སྦྱངས་ནས།། གང་ལྟར་སྤྱད་ཀྱང་རོལ་པའི་ཀློང།། རྨི་ལམ་དུ་ཡང་དྲན་པས་ཟིན།། སྦྱངས་སྤེལ་བསྒྱུར་ལ་གནས་སུ་འཕངས།། ཐམས་ཅད་སེམས་ཀྱི་ཆོ་འཕྲུལ་ལ། ། རྨི་ལམ་སྒྱུ་མ་ལྟ་བུར་བཞག། གཉིད་དང་མངོན་སུམ་ཁྱད་མེད་པར།། གསལ་སྟོང་བདེ་བ་ཆེན་པོ་དང།། ཉོན་མོངས་རྟོག་པ་རང་ཡལ་ནས།། འོད་གསལ་ལམ་དུ་སློངས་པར་འགྱུར། ། རླུང་སེམས་གནད་དུ་འབྱོང་པའི་ཚེ།། འབྱུང་བ་དངོས་གྲུབ་རོ་ལ་སོགས།། དམིགས་པ་གང་དང་གར་གཏད་ཀྱང།། ལུས་ཀྱི་དོར་ལེན་རང་དབང་ཐོབ།། རླུང་སེམས་ཏིང་འཛིན་རྣམ་གསུམ་གྱིས།། འོད་ལམ་ངང་ནས་ཆོས་སྐུར་འཕོ། ། སྒྱུ་མ་ལྟ་བུར་ལོངས་སྐུར་འཕོ།། བསྐྱེད་རིམ་གསལ་བས་སྤྲུལ་སྐུར་འཕོ།། ཨ་ཧཾ། ཧྲི་ཧྲི་ཧྲི། ཞེས་གསུངས་སོ།། དགོངས་དོན་འགྲོ་བ་ཀུན་གྲོལ་གྱི་རྒྱུད་ལས། དམ་ཚིག་གི་ཕྱག་རྒྱ་དང་སྦྱོར་བའི་སྟེང་སྒོ་རྣམ་པར་གྲོལ་བའི་ལེའུ་སྟེ་བཞི་པའོ། །།། ཤར་ཡཾ་བརྡ་ཏཾ།[་ཨུ0f7f]ཧསཊསགཏ:་རདྱརྦཱ:་ཙབཏཾ། སཊྚནརྚརྡ:་ཡང་དེའི་ཚེ་བདེ་ཆེན་པདྨ་སྙིང་གི་བཀོད་པའི་རྒྱན་ཅེས་བྱ་བ་ན། སྟོན་པ་པདྨ་གངས་ཆེན་མཚོ་ཞེས་བྱ་བའི་དྲུང་དུ། སོར་རྟོག་ཡེ་ཤེས་མཁའ་འགྲོ་ཞེས་བྱ་བས། འདི་སྐད་ཅེས་གསོལ་ཏོ།། ཀྱཻ། ཐབས་ཤེས་ཟུང་འཇུག་ཐུགས་རྗེ་ཆེ།། ཟག་མེད་བདེ་ཆེན་པདྨ་རྒྱལ།། རྒྱུད་རྒྱལ་ལས་ཕྱག་རྒྱའི་དོན། ། བདག་ཅག་འཁོར་ལ་བཀའ་སྩལ་ཞུ།། དེ་སྐད་ཞུས་པའི་དོན་དགོངས་ནས།། སྟོན་པ་ཉིད་ཀྱིས་བཀའ་སྩལ་པ།། ཧྲི། སྟེང་སྒོ་རྣམ་གྲོལ་རྩལ་འབྱོངས་ནས།། འོག་སྒོ་བདེ་བ་ཆེ་ལ་བསླབས།། བདེ་ཆེན་གྲོགས་སུ་མི་མོ་ནི། ། མཚན་ལྡན་ཌཱ་ཀྐི་རིགས་ཅན་བརྟེན།། དེ་ཡང་གསང་བ་ཡེ་ཤེས་ལྷ།། རྩེ་གཅིག་བསྒྲུབ་པའི་ཏིང་འཛིན་གྱིས།། དབང་དུ་བསྡུས་ཤིང་འགུག་པར་བྱ།། མོས་པས་འདུས་ན་སངས་རྒྱས་ཞིང། ། གཞན་གྱིས་སྒྲོ་སྐུར་གསལ་བ་དང།། གསང་སྤྱོད་གནད་དུ་འགྱུར་བའི་ཕྱིར།། བདག་དང་ཕྱག་རྒྱ་བཅས་པ་ཡང།། མི་སྣང་སྒྲིབ་པའི་སྦྱོར་བ་བྱ།། དེ་ནས་མཚན་ལྡན་སྨིན་བྱས་ལ།། ཡབ་ཡུམ་ལྷར་བསྐྱེད་སྦྱོར་བྱས་ཏེ། ། དབབ་བཟུང་ཀློག་དགྲམ་བདེ་ངོས་བཟུང།། མ་བཅོས་ངང་དུ་གློད་པར་བྱ།། རྡོ་རྗེ་སྦུབས་སུ་ནུབ་པ་དང།། རྡོ་རྗེ་བླང་ཞིང་བདེ་བ་བསྐྱེད།། ཡུམ་གྱི་རྩ་སྣ་ཚུར་ལ་ཞུགས།། དངས་མའི་ཐིག་ལེ་བླང་བར་བྱ། ། དེ་ལྟར་རྩལ་འབྱོངས་རྣལ་འབྱོར་པ།། ཐེག་ཆེན་བྱང་ཆུབ་སེམས་དཔའ་ཡིས།། གཞན་དོན་སྤྲུལ་སྐུ་གཞག་པའི་ཕྱིར།། བྱང་སེམས་སྤྲོས་ལ་ཉེས་པ་མེད།། ཨོཾ་ཧུ་མ་གྷ་ཡེ་ན་མ་སྭཱཧཱ། ཞེས་གསུངས་སོ། ། དགོངས་དོན་འགྲོ་བ་ཀུན་གྲོལ་གྱི་རྒྱུད་ལས། ལས་ཀྱི་ཕྱག་རྒྱ་དང་སྦྱོར་བ་འོག་སྒོ་བདེ་ཆེན་གྱི་ལེའུ་སྟེ་ལྔ་པའོ།།།། ཝབསརསྔ། ནརྡབཊསཥའོ། ཤཱཙསཥྱརྟཏཊ། རྐབསཏུཊལེག་བཡཏྲཀས། ཡང་དེའི་ཚེ་བདེ་ཆེན་ཀརྨ་བཀོད་པའི་རྒྱན་ཅེས་བྱ་བ་ན། སྟོན་པ་ཀརྨ་གངས་ཆེན་མཚོ་ཞེས་བྱ་བའི་དྲུང་དུ། བྱ་གྲུབ་ཡེ་ཤེས་མཁའ་འགྲོ་ཞེས་བྱ་བས་འདི་སྐད་ཅེས་གསོལ་ཏོ།། ཀྱཻ། འཁྲུལ་པ་ཀ་དག་ཐུགས་རྗེ་ཆེ།། ཡེ་ཤེས་ལྷུན་གྲུབ་པདྨའི་རྒྱལ། ། རྒྱུད་རྒྱལ་ཕྱག་རྒྱ་ཆེན་པོའི་དོན།། བདག་ཅག་འཁོར་ལ་བཀའ་སྩལ་ཞུ།། དེ་སྐད་ཞུས་པའི་དོན་དགོངས་ནས།། སྟོན་པ་ཉིད་ཀྱིས་བཀའ་སྩལ་པ།། ཧྲི། བདེན་པ་གཉིས་ལྡན་རང་གི་སེམས། ། མ་བྱུང་མི་གནས་མི་འགྲོ་བ།། འཁོར་འདས་གང་དུའང་གྱུར་པ་མེད།། དོན་དམ་བློ་འདས་དགོངས་པ་ལ།། ཐམས་ཅད་ཡོད་ཅིང་ཐམས་ཅད་མེད།། འགྱུར་བ་མེད་ཅིང་བརྗོད་དུ་མེད།། གཅིག་དང་འདུ་འབྲལ་གྲུབ་མཐའ་གཏོར། ། ཆོས་རྣམས་ཀུན་གྱི་སྙིང་པོ་ཡིན།། ཐམས་ཅད་བདེན་པ་གཉིས་ཀྱི་ཚུལ།། སྐྱེ་བ་མེད་ལས་ཐམས་ཅད་སྐྱེ།། སྐྱེས་ཙམ་ཉིད་ནས་སྐྱེ་བ་མེད།། གང་ཡང་མ་གྲུབ་བླང་དོར་བྲལ།། དེ་ལས་ཁྱོད་ཀྱི་འཁྲུལ་པ་དེ། ། དང་པོ་རྒྱུ་མེད་བྱུང་བ་མེད།། བར་དུ་རྐྱེན་མེད་གནས་པ་མེད།། ཐ་མ་གཉེན་པོ་འགྲོ་ས་མེད།། ཡིད་ལ་བྱེད་པ་མེད་པ་སྟེ།། ཡེ་ཤེས་མེད་ཅིང་འཁྲུལ་པ་མེད།། ཞི་བ་མེད་ཅིང་སྲིད་པ་མེད། ། ཟག་པ་མེད་ཅིང་འགྱུར་བ་མེད།། ཡོན་ཏན་ཀུན་ལ་དགའ་སྤྲོ་མེད།། སངས་རྒྱས་རྣམས་ལ་རེ་བ་མེད།། སྡུག་བསྔལ་ཀུན་ལ་འཇིགས་པ་མེད།། འཁོར་བ་འཁྱམས་ཀྱིས་དོགས་པ་མེད།། དེ་ལྟར་བརྗོད་དུ་མེད་པ་ལ། ། ཆོས་ཀྱི་གླུ་བླངས་གསང་བའི་སྐད།། རྒྱལ་བའི་དགོངས་དོན་མ་བཅོས་པ།། ཕྱག་རྒྱ་ཆེན་པོ་གཉིས་མེད་དོན།། དེ་ཉིད་དུས་གསུམ་རྩ་བ་བཅད།། སྒོ་གསུམ་མ་བཅོས་གློད་ལ་སྒྲིམས།། གཞི་ཆ་གསུམ་བྲལ་གཉུག་མ་དེ། ། ཞི་གནས་ངང་ནས་ལྷག་མཐོང་སྦྱངས།། ཞི་བར་གནས་པ་ངོས་བཟུང་ལ།། ཡུལ་དྲུག་རྟོག་པ་ཟིལ་གྱིས་མནན།། ནམ་མཁའ་ཉིད་ལ་རྣམ་པར་བསླབས།། ལྷག་མཐོང་ཡེ་ཤེས་རྒྱུད་ལ་སྐྱེ། ། རྒྱུད་དུ་ལྷོད་ཀྱིས་གློད་པ་ལ།། སྐྱེ་འགག་གནས་གསུམ་མཐའ་དང་བྲལ།། ཡེངས་པ་མེད་པའི་ཤེས་བཞིན་རྟེན།། གློད་ཅིང་སྒྲིམས་པར་བྱེད་པ་ཡིན།། དཔེར་ན་རྫིང་གི་བྱ་ལྟར་འཕུར།། དང་པོ་ཡེངས་མེད་སྐྱོང་བ་གཅེས། ། བར་དུ་ཡན་པར་བཏང་ཡང་ལྡོག། ཐ་མ་བཏང་ཡང་འགྲོ་མི་བཏུབ།། མ་བཅོས་བཞག་པས་ཕྱག་རྒྱ་ཆེ།། ཉམས་ལ་མ་ཞེན་མཉམ་བཞག་ལ།། རྗེས་ཐོབ་སྤྱོད་པའི་རྣལ་འབྱོར་བྱ།། ལྷ་ཡི་བུ་ཡིས་བདུད་བཅོམ་ཕྱིར། ། ཉམ་ང་ཐོག་རྫིས་བྱེད་པ་དང།། རྐྱེན་སྣང་གྲོགས་སུ་ཁྱེར་བ་དང།། བར་ཆད་ལམ་དུ་ལོངས་པར་བྱ།། ཕུང་པོའི་བདུད་ནི་ལུས་འདི་ཡིས།། འཁོར་བའི་སྡུག་བསྔལ་སྣ་ཚོགས་བསྐྱེད།། མི་གཙང་རྫས་ཀྱིས་ཡོངས་སུ་གང། ། དེ་ཕྱིར་མི་ཆགས་ལིངས་ཀྱི་སྐུར།། དེ་ལ་ཆགས་ན་ཆགས་མཁན་སུ།། དམོད་ཅིང་དོར་ན་དོར་མཁན་གང།། བཏང་སྙོམས་རྨོངས་པར་སུ་ཡིས་བཞག། ཅེར་ལྟས་རང་བཞག་སྟོང་པར་གྲོལ། ། རང་སེམས་རིག་པའི་དཔལ་སྦྱངས་པས།། སྲིད་པའི་འཁོར་ལོ་ལས་གྲོལ་ཏེ།། འཆི་བདག་བདུད་ལས་མི་འཇིགས་པ།། སྐྱེ་མེད་འཆི་བ་མེད་པར་འགྱུར།། དེ་བས་བདུད་ཀྱི་དཔུང་རྣམས་ཀུན།། རིག་པའི་དཔལ་གྱིས་བརྟུལ་ནས་ཀྱང། ། ཐར་པའི་གྲོགས་སུ་ཆོད་པ་ནི།། རྣལ་འབྱོར་ཆེན་པོའི་ལམ་དུ་ཁྱེར།། ཆོས་ཉིད་དོན་གྱི་སྙིང་པོ་སྟེ།། རང་ལ་ཡོད་ཀྱང་མ་ཤེས་པས།། འཁྲུལ་སྣང་རྣམ་པ་སྣ་ཚོགས་པ།། ཞེ་བྱེད་གདམས་པ་འདི་ལྟ་སྟེ། ། རང་གི་འཁྲུལ་སྣང་གནོད་བྱེད་ལ།། སྙིང་པོའི་སྟོབས་ཀྱིས་ལུས་སྦྱིན་ཅིང།། རྗེས་སུ་འཛིན་ཞིང་དོན་ལ་ལྟ།། འབྱུང་པོ་འདུལ་བའི་ཞི་བྱེད་ཡིན།། འབྱུང་བ་བག་ཆགས་ནད་རྣམས་ལ།། རྫས་དང་རྟེན་འབྲེལ་སྣ་ཚོགས་ཀྱིས། ། བྱིན་གྱིས་བརླབ་ཅིང་ཏིང་འཛིན་སྒོམ།། ནད་རྣམས་འཇོམས་པའི་ཞི་བྱེད་ཡིན།། ཉོན་མོངས་གཉེན་པོ་བསྟེན་པ་དང།། གནས་བསྒྱུར་ཡེ་ཤེས་བསྟེན་པ་དང།། རང་གྲོལ་ཆོས་ཉིད་ཤར་བ་ཡིས། ། ཉོན་མོངས་ཞི་བར་བྱེད་པའོ།། བག་ཆགས་འཁྲུལ་པའི་སྣང་བ་འདི།། གཟུང་འཛིན་མེད་པར་རྒྱ་ཡིས་གདབ།། ཉིན་མཚན་འདྲེས་པའི་སྒོམ་པ་འཆར།། ངན་རྟོག་བཟང་རྟོག་གཉིས་མེད་གྲོལ། ། གདོན་དང་ནད་དང་ཉོན་མོངས་དང།། བག་ཆགས་ཕྱི་ནང་རྩད་བཅད་དེ།། སྟོང་ཉིད་ངང་དུ་རང་གྲོལ་ན།། འདི་ཕྱི་བར་དོ་སྡུག་བསྔལ་ཞིང།། ལུས་གནད་རྩ་རླུང་ཐེག་ལེའི་ཉམས།། མུན་པའི་ནང་ན་སྣང་བ་གསལ། ། སྲོག་ཆགས་འཆི་མེད་རྡོ་རྗེ་འགྱུར།། བདེ་ཉམས་སྟོང་ན་སྡུག་བསྔལ་མེད།། སྒོ་ཡུལ་རླུང་རིག་གནད་ཀྱིས་ནི།། ཆོས་ཉིད་སྟོང་པ་དངོས་སུ་སྣང།། ཉམས་སྣང་འཕེལ་ཅིང་འགྲིབ་པ་མེད།། ཆོས་ཟད་དུས་སུ་སངས་རྒྱས་སོ། ། ཐིག་ལེ་གནས་པ་ལམ་དང་སྒོ།། དབང་པོ་བཀག་པས་འདོད་ཡོན་གསལ།། ཕྱོགས་བཞིར་འཕངས་ཤིང་སླར་ལ་ཟློག། ངལ་བསོའི་དུས་ན་ལམ་ཀུན་བྱེད།། སྒྲོན་མ་ཕྱི་ནང་འཛོམས་པའི་དུས། ། མགོ་བོ་གཏུམས་ན་རྒྱང་མི་གསལ།། མཐའ་ནས་དབུས་སུ་རྣམ་པར་ལྟ།། ཡེ་ཤེས་འོད་ལུས་ངང་དུ་ཡལ།། དེ་ལྟར་འོད་གསལ་ཉམས་ཀྱི་རྟེན།། རྒྱང་ཞག་ཆུ་ཡི་སྒྲོན་མ་གཅེས།། ཆུ་ལ་ཆུ་ཡིས་གསོས་པ་ན། ། སྐྱོན་དག་ཡེ་ཤེས་སྣང་བ་འཕེལ།། ཡེ་ཤེས་མར་མེའི་འོད་ཟེར་ལས།། ཐུགས་རྗེའི་སྣང་བ་རབ་ཏུ་གསལ།། རྟོག་མེད་མཁྱེན་པའི་རྩལ་རྫོགས་ནས།། སྲིད་ལས་རྣམ་གྲོལ་ཞི་བ་ཐོབ།། ཐོག་མ་མེད་པའི་སྤེ་བཞི་ལས། ། ང་བདག་དབང་གི་འཁྲུལ་གྱུར་ཏེ།། མཐའ་མ་སངས་རྒྱས་མ་ཐོབ་པར།། རང་བཞིན་བར་དོ་ཆེན་པོར་གནས།། ཐོག་མའི་གཞི་ལས་འཁྲུལ་པ་ཡང།། སྐྱེ་གནས་བར་དོའི་དུས་འདིར་ནི།། སྨིན་གྲོལ་རང་ངོ་ཤེས་པ་ན། ། རྒྱལ་བུ་རྒྱལ་ས་ཟིན་པ་འདྲ།། དེ་ཚེ་བག་ཆགས་རང་གྲོལ་ནས།། རྨི་ལམ་བར་དོ་ཤར་བའི་ཚེ།། འཁྲུལ་སྣང་དབྱིངས་སུ་ཡལ་བ་ནི།། སྒྱུ་མ་མཁན་གྱི་མིག་འཕྲུལ་འདྲ།། འབྱུང་བ་ཐེམས་ནས་འཆི་ཀ་ཡང། ། རླུང་སེམས་སྤྱི་བོར་སྟོན་ནས་ཀྱང།། རིག་པའི་རྩལ་ཁ་སྟོད་པ་ནི།། རྒྱལ་པོའི་བཀའ་ཐེན་བསྐུར་བ་འདྲ།། བར་དོ་དང་པོ་ཆོས་ཉིད་ཉམས།། བར་དོ་གཉིས་པ་ལྷུན་གྲུབ་ཉམས།། བར་དོ་གསུམ་པ་སྒྲ་འོད་ཟེར། ། སྔར་འགྲིས་མི་དང་འཕྲད་པ་འདྲ།། དེ་དག་ཀུན་ལ་མ་གྲོལ་ན།། འཁོར་བ་རྒྱུ་ཟློག་མངལ་སྒོ་དགགས།། སངས་རྒྱས་སྲས་སུ་བསྐྱེད་པར་བྱ།། ངལ་བ་དབུགས་ཕྱུང་བསྐྱེད་པ་འདྲ།། ཨ་ཨ་ཨ། ཨམཤ། ཨྱཾ་ཕྱ་ཧཱུཾ། ཞེས་གསུངས། དགོངས་དོན་འགྲོ་བ་ཀུན་གྲོལ་གྱི་རྒྱུད་ལས། ཕྱག་རྒྱ་ལེན་དང་སྦྱོར་བ་བསྟན་པ་སྙིང་པའི་ལེའུ་སྟེ་དྲུག་པའོ།།།། ཀསྔབ་འབཔཊར:སཀཏྲ། ངའཏྷབཀརྐས། ཡང་དེའི་ཚེ་འཁོར་ཡོངས་གྲོལ་གྱིས་དུར་ཁྲོད་ཅེས་བྱ་བ་ན། སྟོན་པ་རིགས་ལྔ་འདུས་པའི་རྒྱལ་པོ་ཐོད་པའི་འཕྲེང་བ་ཞེས་བྱ་བའི་དྲུང་དུ། སེམས་ཀྱི་མཁའ་འགྲོ་དབང་ཕྱུག་མ་ཞེས་བྱ་བས་འདི་སྐད་ཅེས་གསོལ་ཏོ།། ཀྱཻ། རང་ཤར་རང་གྲོལ་ཐུགས་རྗེ་ཆེ། ། དྲེག་པ་འདུལ་མཛད་པདྨ་རྒྱལ།། རྒྱུད་རྒྱལ་ཡོངས་སུ་གཏད་པའི་དོན།། བདག་ཅག་འཁོར་ལ་བཀའ་སྩལ་ཞུ།། དེ་སྐད་ཞུས་པའི་དོན་དགོངས་ནས།། སྟོན་པ་ཉིད་ཀྱིས་བཀའ་སྩལ་པ། ཧྲཱི:དགོངས་དོན་འགྲོ་བ་ཀུན་གྲོལ་རྒྱུད།། ཕུན་ཚོགས་གསུམ་བདུན་དགུས་བཤད་ལ་རང་ཅད་ཅིང།། སངས་རྒྱས་སྐུ་གསུམ་བསྟན་པ་ཡིས།། སྙིང་པོའི་བཅུད་དུ་རྒྱུད་འདི་བཞུགས།། འགྲོ་བ་བློ་དམན་དོན་དུ་ནི། ། ཚིག་དོན་དབྱེ་བར་མི་བྱ་ཞིང།། སྟག་མོའི་མཆོང་སྟངས་ལྟ་བུ་ཡིས།། བསྡུས་དོན་ས་རྣམས་བཅད་དེ་བཤད།། སྐུ་གསུམ་སྟོན་པའི་བཀའ་རྣམས་ཀྱིས།། དགོངས་པ་གཅིག་ཏུ་བསྡུས་ནས་ཀྱང།། བུང་བ་རྩི་ཐོག་ལྟ་བུ་ཡིས། ། ངོ་བོ་ཀུན་བཅུད་བསྡུས་ནས་བཤད།། ཚིག་དོན་མགོ་ལུས་ཐམས་ཅད་ཀྱང།། གང་ཟག་རྣམས་ཀྱིས་གོ་བྱའི་ཕྱིར།། རང་བཞིན་དེ་ཡི་སྟུན་བུ་ལྟར།། ལེ་ཚིག་འབྲུ་རྣམས་བཅོས་ནས་བཤད། ། རྒྱུད་དང་གདམས་པའི་ཁྲིད་རྣམས་ཀྱང།། མ་ནོར་རིམ་བཞིན་བསྟན་པ་ནི།། མུ་ཏིག་ཙར་བསྐྱུས་ལྟ་བུ་ཡི།། དབྱེ་བ་སྔོན་དུ་བསྡེབས་ཏེ་བཤད།། གཞན་གྱི་བསྒོམ་པ་ཚར་གཅད་ཕྱིར།། རང་གིས་སྒྲུབ་མཐའ་རྣམ་པར་བསྐྱངས། ། སེང་གེ་ངར་སྐད་ལྟ་བུ་ཡིས།། ལོག་ལྟ་སུན་རྣམས་ཕྱུང་ནས་བཤད།། ཨེ་མ། ཡེ་ཤེས་སྐུ་མཆོག་ཐུགས་རྗེ་ཅན།། འདི་ཉིད་མཐོང་བ་ཙམ་གྱིས་ནི།། ཉོན་མོངས་རྣམས་མེད་དོན་མཐོང་ཞིང། ། མ་བསྒོམས་པར་ཡང་མཐོང་གྲོལ་ལོ།། ཆོས་ཉིད་གསུང་མཆོག་ཟབ་མོའི་དོན།། འདི་ཉིད་ཐོས་པ་ཙམ་གྱིས་ནི།། ཡེ་ཤེས་འགག་མེད་དོན་རྟོགས་ཤིང།། མ་བསྒོམས་པར་ཡང་ཐོས་གྲོལ་ལོ།། རིག་པའི་ཐུགས་མཆོག་འདུས་མ་བྱས། ། འདི་ཉིད་བཏགས་པ་ཙམ་གྱིས་ནི།། རང་སེམས་འཁྲུལ་མེད་དོན་རྟོགས་ཤིང།། མ་བསྒོམས་པར་ཡང་བཏགས་གྲོལ་ལོ།། དགོངས་པ་དོན་མཐོང་བདེ་བ་ཆེ།། འདི་ལ་རེག་པ་ཙམ་གྱིས་ནི། ། བདེ་ཆེན་ཟག་མེད་དོན་རྟོགས་ཤིང།། མ་བསྒོམས་པར་ཡང་རེག་གྲོལ་ལོ།། འདོད་པའི་ཡོན་ཏན་རང་གྲོལ་བ།། འདི་ཉིད་ཚོར་བ་ཙམ་གྱིས་ནི།། ཚིག་གི་རོལ་པའི་དོན་རྟོགས་ནས།། སྒོམ་མི་དགོས་ཏེ་ཚོར་གྲོལ་ལོ། ། ཐུགས་རྗེ་འཕྲིན་ལས་ཤུགས་འབྱུང་བ།། འདི་ཉིད་མྱོང་པ་ཙམ་གྱིས་ནི།། བློ་དང་བྲལ་བའི་དོན་རྟོགས་ནས།། སྒོམ་མི་དགོས་ཏེ་མྱོང་གྲོལ་ལོ།། རྒྱུད་འདིའི་མན་ངག་གབ་པ་རྣམས།། སྤྲུལ་པ་རིགས་འཛིན་ཞལ་ནས་འབྱུང། ། ཆ་རྐྱེན་དགོས་པ་ཚང་བར་ནི།། ཕྱི་རབས་སྐལ་ལྡན་འཁོར་ལ་སྟོན།། མ་ཚང་ཁ་སྐོང་ཐེག་པ་རྣམས།། བསྟན་པ་གཞན་ནས་ལེགས་བསྡུས་ཏེ།། ཆོས་རྣམས་དགོངས་དོན་གཅིག་པའི་ཕྱིར། ། རྒྱུད་རྒྱལ་འདི་ཡི་གྲོགས་སུ་བསྡེབས།། བསྟན་པ་ལ་ནི་ཞུགས་པ་དེས།། ཕྱི་ནང་གསང་བ་རྩ་ལག་གིས།། རང་གཞན་དོན་དུ་དམ་ཚིག་ནི།། མི་ཉམས་རང་གི་ཟློག་བཞིན་སྲུངས།། ང་ཡི་སྤྲུལ་པ་ཕྱག་དྲུག་པ། ། རྒྱུད་འདི་ཁྱོད་ལ་ཡོངས་སུ་གཏད།། སངས་རྒྱས་བསྟན་པ་ཁྱོད་ཀྱིས་བཟུང།། ཕྱི་རབས་རྣལ་འབྱོར་སྟོང་གྲོགས་ཀྱིས།། གསང་བ་ཡེ་ཤེས་ཁྲོས་པའི་སྐུ།། ལྷ་མོ་ཙིཏྟ་དུག་མཐུར་མ།། རྒྱུད་འདི་ཁྱོད་ལ་ཡོངས་སུ་གཏད། ། སངས་རྒྱས་བསྟན་པ་ཁྱོད་ཀྱིས་སྐྱོངས།། བཀའ་གཉན་ལས་བྱེད་མེ་སྤུ་གྲི།། འཇིག་རྟེན་དྲེགས་པ་མང་པོར་བཅས།། རྒྱུད་འདི་ཁྱོད་ལ་ཡོངས་སུ་གཏད།། སངས་རྒྱས་བསྟན་པ་ཁྱོད་ཀྱིས་སྲུངས།། བཛྲ་ས་མ་ཡ། ཧཱུཾ་ཧྲི། ཧ་ཧ་ཧ་ཧ། ཧེ་ཧེ། ཨ་ཨ། ཞེས་བཀའ་སྩལ་ནས།། འཁོར་བ་སྒྲོལ་བར་མཛད་དོ།། དགོངས་དོན་འགྲོ་བ་ཀུན་གྲོལ་གྱི་རྒྱུད་ལས།། འདུས་དོན་ཡོངས་སུ་གཏད་པའི་ལེའུ་སྟེ་བདུན་པའོ།།།། རྒྱུད་འདི་གང་དུ་གནས་པ་དེ་ཉིད་བདེ་བ་ཅན་ལྟར་གནས་སོ། ། རྒྱུད་འདི་ཁ་ཏོན་དུ་བྱེད་པ་ལ་སོགས་པའི་ཆོས་སྤྱོད་ལ་འཇུག་པ་དེ་ནི།། ཀུན་བཟང་སྣང་བ་མཐའ་ཡས་ལྟར་གནས་སོ།། རྒྱུད་འདི་མཐོང་བ་དང། ཐོས་པ་དང། དྲན་པ་དང། རེག་པ་དང། རླུང་དང། རྡུལ་གྱིས་ཕོག་པ་རྣམས་ཀྱང་ངན་སོང་དུ་མི་ལྟུང་ཞིང།། མཚམས་མེད་པ་ལྔ་བྱས་པའི་འགྲོ་བ་ཡང། འདི་ཐོས་ནས་ངན་སོང་ལས་སྐྱོབ་པར་མ་གྱུར་ན། བདག་པདྨ་འབྱུང་གནས་ཀྱི་མཚམས་མེད་པ་ལྔ་བྱས་པ་ཡིན་ནོ།། བསྟན་པ་ཐམས་ཅད་ཀྱི་དགོངས་དོན་འགྲོ་བ་ཀུན་གྲོལ་གྱི་རྒྱུད་ཅེས་བྱ་བ་རྫོགས་སོ།།།། སྐལ་ལྡན་དད་བརྩོན་ཤེས་རབ་བློ་ལྡན་སྙིང་རྗེ་ཅན་དང་འཕྲད་པར་ཤོག། གཏེར་རྒྱ། སྦས་རྒྱ། ཟབ་རྒྱ། གཉན་རྒྱ། གྷུཧྱ། མོཾས་མཧྱ། བདག་འདྲ་མཁའ་ཆེན་བཟང་ཡིས་ཡི་གེར་བྲིས་པའོ།། རྱ་ན་མ་ཊ། དྷནམ། ཨོ་རྒྱན་དྲི་མེད་ལྷུན་གྲུབ་ཀྱིས་རྩཝ་རི་སྤྲུལ་འཁོར་གྱི་ཤར་སྒོ། རྡོ་རྗེ་སྒོམ་ཕུག་ཅེས་བྱ་བ་ནས་གདན་དྲངས་སོ།། ལྕགས་ཕོ་སྤྲེལ་ལོ་སྤྲེའུ་ཟླ་ལ། ཙ་གོངས་ཆོས་ཀྱི་ཕོ་བྲང་དུ་བྲིས་པའོ།།།། རྩ་ཅ་ཐཀགྷ་ཅཱབྷཧྲ། དགོངས་པ་རང་གྲོལ་གྱི་སྐད་དུ། ཨོཾཧུ་ལྷུ་ལཱི། བོད་སྐད་དུ། ཐིག་ལེ་ཡང་ཟབ་འབྲས་བུ་ཡེ་གྲོལ་ཆེན་པོའི་རྒྱུད། བླ་མ་རང་རིག་དོན་གྱི་ལྷ་ལ་ཕྱག་འཚལ་ལོ།། ཆོས་སྐུ་ཀ་དག་དོན་རིག་ཅིང། ། ལོངས་སྐུ་ལྷུན་གྲུབ་ངང་དུ་ཤར།། སྤྲུལ་སྐུ་ཐོས་པའི་དུས་གཅིག་ན།། ཆོས་སྐུའི་གནས་སུ་ལོངས་སྐུའི་གཙོ།། སྤྲུལ་པའི་འཁོར་ལ་ངོ་བོ་བསྟན།། འདི་དང་ཕྲད་ཚད་འཁོར་བ་སྒྲོལ།། འདི་ཡི་རྒྱུད་འཛིན་སངས་རྒྱས་སྲས། ། འགྲོ་བ་འདྲེན་པའི་བླ་མ་ཡིན། རྒདྷགབྲ་ཐྱར། འདི་ནི་རང་འབྱུང་ཐིག་ལེའི་མདངས།། གཉོ་འཁོར་གཉིས་སུ་མེད་པའི་ཕྱིར།། མ་བརྗོད་འདྲའི་ཚུལ་དུ་ཤར།། དགོངས་པ་གཉིས་མེད་ངང་དུ་གྲོལ། ། ཨོཾ། སྣང་བ་ཐམས་ཅད་སེམས་ཀྱི་རྩལ། ཨ། སེམས་ཉིད་གཞི་མེད་ཐིག་ལེ་སྟོང། ཧཱུཾ། སྟོང་པ་ཟག་མེད་བདེ་བ་ཆེ། ཨོཾ་ཧཱུ:་བདེ་ཆེན་བློ་འདས་ཀུན་ཏུ་བཟང།། རྟགས་དང་ཚིག་དང་དྷ་པ་ཡི།། དབང་དོན་གོ་ན་ཐོབ་པ་ཡིན། ། མ་མ་ཀུ་ལིང་ས་མན་ཏ།། རྟ། ཐཱཀ། བླ་མ་སྐུ་གསུམ་རིག་པའི་སྐུ།། རྡོ་རྗེ་སེམས་དཔའ་བདག་གི་སྐུ།། ཙིཏྟ་དུང་ཁང་ཞི་ཁྲོའི་ཚོགས།། ཡེ་ཡིན་གསལ་གདབ་དོན་ལ་བལྟ།། རྩ་གནས་རྒྱལ་བའི་ལྷ་ཚོགས་རྣམས། ། ཐིག་ལེ་འོད་ཀྱི་སྐུ་རུ་བཞུགས།། རླུང་གི་ཞགས་པས་གཟུགས་བྱས་ནས།། ཤེས་རབ་ལྡན་པའི་བདེ་བ་བསྐྱེད།། ཨོཾཧཱུ། ཧྱ་ཏྱ། ལྟ་བ་མཐའ་བྲལ་ཡངས་པའི་ཀློང།། སྒོམ་པ་འཛིན་བྲལ་ཐིག་ལེའི་དབྱིངས། ། སྤྱོད་པ་ཆགས་བྲལ་ཆོས་ཉིད་གྲོལ།། འབྲས་བུ་བློ་བྲལ་སྐུ་གསུམ་རྫོགས།། གཞི་ལ་བྱུང་གནས་འགྲོ་གསུམ་བྲལ།། མ་བཅོས་སེམས་ཉིད་ཆོས་ཀྱི་སྐུ།། ལམ་ནི་རྟོག་ཚོགས་ཤར་གྲོལ་ཏེ། ། མཐའ་བྲལ་ཐིག་ལེ་ལོངས་སྤྱོད་རྫོགས།། འབྲས་བུ་བར་དོ་སངས་རྒྱས་ཏེ།། སངས་རྒྱས་སྤྲུལ་པ་དཔག་མེད་འགྱེད།། དབྱིངས་སྒྲོན་མ་དང་ཡེ་ཤེས་མུན་པ་རིག་པ་ལུ་གུ་རྒྱུད་གསུམ།། གཉིས་མེད་ངང་དུ་ལྷུན་རྫོགས་འགྱུར། ། རང་བྱུང་ཉག་གཅིག་ཡེ་ཤེས་དོན།། རང་ཤར་ལྷུག་པ་གཟའ་གཏད་བྲལ།། དེ་ཡི་མཐའ་འཛིན་གྲོལ་གྱུར་ན།། འཁོར་འདས་ཆོས་རྣམས་ཐམས་ཅད་ཀྱང། རང་འབྱུང་རིག་པའི་རྩལ་དུ་ཤར།། རྟ་ཏྱ། རྒྱུད་འདི་བཅངས་ནས་བདུད་བཞི་ཐུལ།། སངས་རྒྱས་ཀུན་གྱི་སྲས་གཅིག་ཡིན།། ཏིལ་ལ་སྟོང་གསལ་ལས་ཀུན་བྱེད།། ཀུན་ཏུ་བཟང་པོའི་ས་བོན།། ཐམས་ཅད་འདི་ལས་འབྱུང་ཞིང་གྲོལ།། རྒྱུད་འདི་རིན་ཆེན་ལྔ་ཡིས་བྲིས། ། མཐོང་ཐོས་བཅངས་པས་སངས་རྒྱས་ཏེ།། སྐུ་གསུམ་རྟགས་ཀྱི་འགྲོ་བ་འདུལ།། རྒྱུད་འདི་མཁའ་འགྲོ་རྣམས་ལ་གཏད།། དམ་ཚིག་བྱ་ར་རྒྱུན་དུ་གྱིས། ས་མ་ཡཱ། འབྲས་བུ་ཡེ་གྲོལ་གྱི་རྒྱུད་རྫོགས་སོ། །།། ཅམྟརཱ། རྐྱ། རྒྱ་གར་སྐད་དུ། ཐཅབླམླཏཱ། བོད་སྐད་དུ། ལུང་བསྟན་རྗེས་སུ་གནང་བའི་རྒྱུད་ཅེས་བྱ་བ། དཔལ་ཡེ་ཤེས་སྙིང་པོ་བདེ་བ་ཆེན་པོ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། འོག་མིན་ཐུག་པོ་བཀོད་པའི་ཞིང་ཁམས། དཀར། སེར། དམར། ལྗང། མཐིང་ཁའི་གཞལ་ཡས། འོད་ལྔའི་དལ། སྣང་ལ་རགྲུབ་པ་ན། བཅོམ་ལྡན་འདས་དཔལ་བདེ་བ་ཆེན་པོ་ལ། འཁོར་རིགས་ལྔའི་སངས་རྒྱས་དང། རིགས་གསུམ་གྱི་བོ་དྷི་ས་ཏྭ་དང། མ་དང་ཊཱ་ཀི་མའི་འཁོར་གྱིས་བསྐོར་ནས་བཞུགས་སོ།། གླེང་གཞིའི་ལེའུ་སྟེ་དང་པོའོ།།།། ཨདམཏ། དེ་ནས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་འོད་ཟེར། དཔལ་བདེ་བ་ཆེན་པོའི་ཐུགས་ཁར་འདུས་པར་གྱུར་ཏེ། དཔལ་བདེ་བ་ཆེན་པོ་འཛུམ་པ་དང་བཅས་པའི་ཐུགས་ཁ་ནས་ཡི་གེ་ཧྲི་དམར་པོ་ཁྲུ་གང་བ་ཅིག་མདུན་གྱི་ནམ་མཁའ་ལ་ཐོན་པར་གྱུར་ཏོ། ། དེ་ནས་རིགས་བཞིའི་སངས་རྒྱས་ཀྱི་ཐུགས་ཁ་ནས། ཨོཾ་དཀར་པོ་དང། ཨཱ་དམར་པོ་དང། ཧཱུཾ་མཐིང་ཁ་དང། ཏྲཾ་སེར་པོ་ཐོན་པར་གྱུར་ཏེ་ཧྲི་ལ་བརྒྱན་པར་གྱུར་ཏོ།། རིགས་གསུམ་གྱི་བོ་དྷི་ས་ཏྭ་དང། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཁ་ནས་འོད་ཟེར་དཔག་ཏུ་མེད་པ་བྱུང་ནས། ཧྲི་དེ་ལ་ཐིམ་པར་གྱུར་ཏོ།། དེ་ནས་ཧྲི་དེ་སྐར་མདའ་འཕངས་པ་བཞིན་དུ་སྤྲུལ་སྐུའི་ཞིང་ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས་དྲི་མེད་ཀོ་ཤའི་མཚོ་ལ་ཐོག་བབས་པ་ལྟར་སོང་བ་གཟིགས་སོ། ། དེ་ནས་འཇིག་རྟེན་གྱི་ཁམས་འོད་དུ་འབར་ཏེ་འོད་ཟེར་ཕྱོགས་བཅུར་འཕྲོས་སོ།། ལུང་བསྟན་རྗེས་སུ་གནང་བའི་རྒྱུད་ལས། གླེང་བསླངས་པའི་ལེའུ་སྟེ་གཉིས་པའོ།།།། གཏྱ་ཅཏ། དེ་ནས་པདྨ་འཕྲེང་འཛིན་གྱིས།། དཔལ་ཆེན་པོ་ལ་འདི་སྐད་ཞུས།། ཀྱེ་ཀྱེ་དཔལ་ཆེན་འོད་དཔག་མེད།། ཡི་གེ་འོད་ཀྱིས་རབ་བརྒྱན་པ།། དྷ་ན་ཀོ་ཤའི་མཚོ་ལ་བབས། ། འཇིག་རྟེན་ཁམས་ཀྱང་འོད་དུ་འབར།། འདི་ཡི་མཚན་ཉིད་ཇི་ལྟ་བུ།། མོས་པའི་འཁོར་ལ་གསུང་དུ་གསོལ།། དེ་ནས་དཔལ་ཆེན་འདི་སྐད་གསུང།། ཉོན་ཅིག་དྲི་མེད་པད་འཕྲེང་འཛིན། ། བདག་གི་ཐུགས་ཁ་ནས་བྱུང་བའི།། ཧྲི་དམར་འོད་ཟེར་འདུས་པ་འདི།། ཀོ་ཤའི་མཚོ་ལ་བབས་པ་འདི།། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི།། སྐུ་གསུང་ཐུགས་ཀྱི་སྲས་གཅིག་པུ།། སྙིགས་མའི་འགྲོ་བ་འདྲེན་པའི་དཔལ། ། པདྨ་གེ་སར་སྙིང་པོ་ལ།། འདས་གྲོངས་མི་མངའ་རྡོ་རྗེའི་སྐུ།། འགྲོ་བ་འདྲེན་པའི་ལྕགས་ཀྱུ་མཆོག། སྡུག་བསྔལ་ནད་སེལ་སྨན་གྱི་རྒྱལ།། པདྨ་འབྱུང་གནས་ཞེས་བྱ་བ། ཁྱེ་ཆུང་ལོ་བརྒྱད་ཚུལ་དུ་འབྱུང། ། མཐའ་ཡས་བདག་དང་གཉིས་སུ་མེད།། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི།། སྐུ་གསུམ་ཐུགས་ཀྱི་སྤྲུལ་པ་ཡིན།། འགྲོ་རྣམས་སྒྲོལ་བའི་གྲུ་ཆེན་ཡིན།། མ་རིག་སེལ་བའི་སྒྲོན་མེ་མཆོག། ཐར་པའི་གནས་སྐྱེལ་རིན་ཆེན་སྐས། ། སྙིགས་མའི་སྐྱབས་ཆེན་འཁོར་ལོ་སྒྱུར།། པདྨ་འབྱུང་གནས་ཞེས་བྱར་གྲགས།། ནོར་བུའི་ནང་ནས་ཡིད་བཞིན་ལྟར།། མཐའ་ཡས་པདྨའི་རྒྱལ་པོ་འབྱོན།། སྨན་ཚོགས་ནང་ནས་རྣམ་རྒྱལ་ལྟར། ། མཐའ་ཡས་པདྨའི་རྒྱལ་པོ་འབྱོན།། མེ་ཏོག་ཚོན་གྱི་ཨུ་དུམ་ལྟར།། མཐའ་ཡས་པདྨའི་རྒྱལ་པོ་འབྱོན།། སྐར་ཚོགས་ནང་ནས་ཉི་ཟླ་ལྟར།། མཐའ་ཡས་པདྨའི་རྒྱལ་པོ་འབྱོན།། འདི་ནི་འགྲོ་བ་ཀུན་གྱི་ཡབ། ། ཅེས་གསུངས་སོ།། ལུང་བསྟན་རྗེས་སུ་གནང་བའི་རྒྱུད་ལས།། འབྱོན་ཚུལ་གྱི་ལེའུ་སྟེ་གསུམ་པའོ།།།། ཀགབཌྱ། དེ་ནས་པདྨ་འཕྲེང་འཛིན་གྱིས།། མཐའ་ཡས་ཉིད་ལ་ཡང་ཞུས་པ།། དེ་ལྟ་བུ་ཡི་སྤྲུལ་སྐུ་དེས། ། འགྲོ་བའི་དོན་ནི་ཇི་ལྟར་མཛད།། བསྟན་པ་གང་གི་ཕྱོགས་སུ་འབྱུང།། ཞེས་ཞུས་པས། བདེ་བ་ཆེན་པོས་བཀའ་སྩལ་པ།། ཉོན་ཅིག་དྲི་མེད་པད་འཕྲེང་འཛིན།། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། ། སྤྲུལ་པ་པདྨའི་རྒྱལ་པོ་འདི། ཁམས་གསུམ་ཀུན་ཏུ་འགྲོ་བ་འདྲེན། ཁྱད་པར་རྒྱ་གར་ཡུལ་དུ་བཞུགས།། ཀུན་འཇུག་སྣ་ཚོགས་མཐར་ཕྱིན་མཛད།། མཚན་བདུན་དུ་ནི་གྲགས་པ་ཡི།། རྒྱ་གར་བལ་པོ་འགྲོ་བའི་དོན། ། ཉི་ཟླ་ལྟ་བུ་ཁྱབ་པར་མཛད།། དེ་ནས་བོད་ཡུལ་དབུས་སུ་འབྱོན། ཁྲི་སྲོང་ལྡེ་བཙན་བསམ་པ་གྲུབ།། ཆོས་ཀྱི་བསྟན་པའི་ཉི་མ་ཤར།། དྲེགས་པ་མ་ལུས་བྲན་དུ་འཁོལ།། རྡོ་རྗེ་གྲོ་ལོད་ཅེས་སུ་གྲགས།། མཚོ་རྒྱལ་ཞེས་བྱས་བཀའ་རྣམས་སྡུད། ། བསྟན་མཇུག་གཏེར་གྱིས་རྒྱས་མཛད་ཅིང།། གཏེར་ཁ་བསམ་ལས་འདས་པ་སྦེད།། དེ་ནས་ལྷོ་ནུབ་མཚམས་སུ་ནི།། གདུག་པ་སྲིན་གྱི་ཁ་གནོན་མཛོད།། སྲིན་པོ་རག་ཤ་ཐོད་འཕྲེང་ཞེས། ། འཇིགས་སུ་རུང་བའི་ཆ་ལུགས་ཀྱིས།། སྲིན་པོ་རྣམས་ལ་དམ་ཆོས་སྟོན།། དེ་ཡི་བཀའ་ཡི་སྡུད་པ་པོ།། སྲིན་པོའི་བུ་མོ་མཐིང་འབར་འོད།། གཡུ་ཡི་ཟུར་ཕུད་རུས་རྒྱན་གསོལ།། མཚོ་རྒྱལ་སྐྱེ་བ་ཕྱི་མ་སྟེ། ། བཀའ་རྣམས་ཀུན་གྱི་བསྡུ་བ་མཛད།། ཡུམ་ཆེན་ཌཱ་ཀི་ལྔས་བསྐོར་ནས།། སྤྲེལ་ལོ་ཟླ་བའི་ཚེས་བཅུ་ལ།། བོད་ཁམས་རྒྱ་གར་བལ་ཡུལ་དང།། ཨུ་རྒྱན་མཁའ་སྤྱོད་ལ་སོགས་པ།། གླིང་བཞི་ཀུན་ཏུ་འབྱོན་པ་ཡིན། ། ཀུན་ལ་བྱིན་རློབས་བར་ཆད་སྲུང།། ཚེས་བཅུ་ཀུན་ལ་སྤྲུལ་པ་འགྱེད།། དེ་དུས་མཆོད་སྒྲུབ་སུ་མཛད་པ།། ཞལ་མཇལ་ཆོས་སྟོན་དངོས་གྲུབ་སྟེར།། འདི་ནི་འགྲོ་བ་ཀུན་གྱི་ཕ།། ཕྱི་རབས་འགྲོ་བའི་ལྷ་སྐལ་ཡིན། ། ཆོས་སྐུ་སྣང་བ་མཐའ་ཡས་ལ།། ལོངས་སྐུ་ཐུགས་རྗེ་ཆེན་པོ་ཡིན།། སྤྲུལ་སྐུ་པདྨ་འབྱུང་གནས་སོ།། ཞི་བ་ཐུགས་རྗེ་ཆེན་པོ་ལ། ཁྲོ་བོ་རྟ་མགྲིན་རྒྱལ་པོའོ།། སྐུ་ནི་མི་བསྐྱོད་རྡོ་རྗེ་ལ།། གསུང་ནི་སྣང་བ་མཐའ་ཡས་ཏེ། ། ཐུགས་ནི་རྣམ་པར་སྣང་མཛད་ཡིན།། ཡོན་ཏན་རིན་ཆེན་འབྱུང་ལྡན་ཡིན།། འཕྲིན་ལས་དོན་ཡོད་གྲུབ་པའོ།། འདི་ལ་མོས་པས་སུ་བསྒྲུབས་པ།། དུས་གསུམ་རྒྱལ་བ་ཀུན་འགྲུབ་འགྱུར།། ཡིད་ཙམ་སྣང་བ་ཆགས་པས་ཀྱང། ། མཐོ་རིགས་བདེ་བ་ཐོབ་པར་འགྱུར།། འདི་ལ་མོས་པ་ཐམས་ཅད་ཀྱང།། པདྨའི་སྤྲུལ་པ་དངོས་ཡིན་ནོ།། འདི་སྒྲུབ་པ་ཡི་སྐྱེས་བུ་རྣམས།། མཐའ་ཡས་བདག་དང་དབྱེ་བ་མེད།། ཅེས་གསུངས་སོ། ། ལུང་བསྟན་རྗེས་སུ་གནང་བའི་རྒྱུད་ལས། ལུང་བསྟན་པའི་ལེའུ་སྟེ་བཞི་པའོ།།།། ཐརང་:་དེ་ནས་པདྨ་འཕྲེང་འཛིན་གྱིས།། མཐའ་ཡས་ཉིད་ལ་ཡང་ཞུས་པ།། དེ་ལྟ་བུ་ཡི་སྤྲུལ་པ་དེ།། མ་འོངས་སྒྲུབ་པ་ཇི་ལྟར་བགྱི། ། བདེ་བ་ཆེན་པོས་བཀའ་སྩལ་པ།། ཉོན་ཅིག་དྲི་མེད་པད་འཕྲེང་འཛིན།། མ་འོངས་སྐལ་ལྡན་སྐྱེས་བུ་ཡིས།། ཚེ་གཅིག་སངས་རྒྱས་ཐོབ་འདོད་ན།། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི།། སྐུ་གསུང་ཐུགས་ཀྱི་སྤྲུལ་པ་ནི། ། པདྨ་རྒྱལ་པོ་སྒྲུབ་འདོད་ན།། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ལ།། ཡིད་དང་མཐུན་པའི་གནས་སུ་བསྒྲུབ།། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱིས།། སྐུ་བསྒྲུབ་ཨོཾ་ལ་འདུས་པས་སྐྱེད། ། སྐུ་མདོག་དཀར་པོ་ཟུར་བརྒྱད་ནང།། འདབ་བཞི་རིགས་དྲུག་ས་བོན་ནི།། མ་རིག་འཁྲུལ་པས་སྐྱེད་ཕྱིར་གནས།། རང་རིག་ཆོས་ཀྱི་སྐུ་ཡིན་ཕྱིར།། རྒྱལ་ས་འཛིན་པའི་ལྷུན་གྲུབ་གནས།། མ་རིག་རྒྱུད་སྦྱངས་ངག་རྩལ་བསྐྱེད། ། སྙིང་པོ་འབྲུ་ལྔ་འཛབ་ཏུ་བཟླས། ཨོཾ་ཧཱུཾཏྲཾ་ཧྲི་ཨ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི།། སྐུ་དང་གཉིས་མེད་སངས་རྒྱའོ།། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི།། གསུང་བསྒྲུབ་ཨ་ལ་འདུས་པས་སྐྱེད། ། སྤྲོ་བསྡུ་གོང་འདྲ་ཨ་ཉིད་བཟླས།། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི།། གསུང་དང་གཉིས་མེད་སངས་རྒྱའོ།། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི།། ཐུགས་བསྒྲུབ་ཧཱུཾ་ལ་འདུས་པས་སྐྱེད། ། སྤྲོ་བསྡུ་གོང་འདྲ་ཧཱུཾ་ཉིད་བཟླས།། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི།། ཐུགས་དང་གཉིས་མེད་སངས་རྒྱའོ།། འཕྲིན་ལས་ལས་ཚོགས་བཞི་དང་སྦྱར།། ཡིད་བཞིན་ནོར་བུའི་རྒྱུད་མཆོག་འདི། ། ཐུགས་རྗེ་ཆེན་པོས་ཁྱོད་ལ་གཏད།། དེར་འཁོར་ཐམས་ཅད་རྗེས་སུ་ཡི་རངས་ཏེ། དཔལ་ཆེན་པོས་གསུངས་པ་ལ་མངོན་པར་བསྟོད་དོ།། ལུང་བསྟན་རྗེས་སུ་གནང་བའི་རྒྱུད་ལས། བསྒྲུབ་པ་དང་གཏད་པའི་ལེའུ་སྟེ་ལྔ་པའོ། །།། རྫོགས་སོ།། ས་མ་ཡཱ། རྒྱ་རྒྱ་རྒྱ། དེར་ལོངས་སྐུ་ཐུགས་རྗེ་ཆེན་པོས་བཀའ་བསྡུ་བ་མཛད་ནས།། སྤྲུལ་སྐུ་པདྨ་འབྱུང་གནས་ལ་ཤར་རི་བོ་ཏ་ལའི་རྩེ་མོར་གནང་ངོ།། བདག་འདྲ་པདྨས་རྒྱུད་འདི་ལ་བསྟེན་ནས། སྐུ་གསུང་ཐུགས་ཀྱི་སྒྲུབ་ཐབས་ལ་ཚོགས་དང་བཅས་པ་མཛད་དེ། མཚོ་རྒྱལ་ལ་གདམས་ཏེ། མ་འོངས་དོན་དུ་སའི་གཏེར་དུ་སྦས།། ལས་ཅན་སྙིང་གི་བུ་དང་ཕྲད་པར་ཤོག། འདི་ནི་ཀུན་གྱི་ཐུན་མོང་མ་ཡིན་པས། ། གཞན་ལ་མ་བཤད་སྙིང་གི་དཀྱིལ་དུ་སྦོས།།།། ཐཅཊཊཱམ། རྒྱ་གར་སྐད་དུ། བྷུ་དྷ་བཛྲ་ས་སྭ་ས་མ་ཏི་ན་མ་ཏི་ན་མ་ཏན་ཏྲ། བོད་སྐད་དུ། སངས་རྒྱས་རྡོ་རྗེ་སེམས་དཔའི་དགོངས་པ་ཚིག་གསུམ་པའི་རྒྱུད། བཅོམ་ལྡན་འདས་མགོན་པོ་འོད་འགྱུར་བ་མེད་པ་ལ་ཕྱག་འཚལ་ལོ། ། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། ཡེ་ཤེས་ཀྱི་སྣང་བ་འགག་པ་མེད་པ། འོད་ཀྱི་དཀྱིལ་འཁོར་ཆེན་པོའི་ཀློང་ན། རང་སྣང་རྟོགས་པའི་རྒྱལ་བ་རིགས་ལྔ་དང། སྣང་བ་འོད་ཀྱི་ཕུང་པོ་ཆེན་པོ་ལ་འདུ་འབྲལ་མེད་པར་བཞུགས་སོ། ། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། སངས་རྒྱས་མི་བསྐྱོད་པའི་ཞིང་ཁམས་མངོན་པར་དགའ་བའི་ཚལ་ན། རྒྱལ་བ་རྡོ་རྗེ་སེམས་དཔའ་ལ། རྡོ་རྗེ་རིགས་ཀྱི་འཁོར་བྱེ་བ་ཁྲག་ཁྲིག་མཐའ་ཡས་པས་བསྐོར་ནས། རང་རིག་པའི་ཡེ་ཤེས་ཡེ་ནས་རང་བཞིན་གྱི་འོད་ཀྱི་ཕུང་པོ་ཆེན་པོ། འོད་གསལ་བའི་ངང་ལ་བཞུགས་སོ།། དེའི་ཚེ་གསང་བའི་བདག་པོ་རྡོ་རྗེ་འཛིན་པ་ཆེན་པོ་དེས། སངས་རྒྱས་འོད་མི་འཁྲུགས་པ་ཆེན་པོ་ལ་འདི་སྐད་ཅེས་གསོལ་ཏོ།། ཀྱེ་ཀྱེ་སངས་རྒྱས་ཐམས་ཅད་ཀྱི་མེས་པོ། རྒྱལ་བ་འོད་མི་འགྱུར་བ་ཆེན་པོ་ལགས།། མ་རིག་འཁོར་བའི་སེམས་ཅན་ལ། ། སངས་རྒྱས་དགོངས་པ་གསུང་དུ་གསོལ།། ཞེས་ཞུས་སོ།། དེ་ནས་བདེ་བར་གཤེགས་པ་ཐམས་ཅད་ཀྱི་མེས་པོ། སངས་རྒྱས་འོད་མི་འགྱུར་བ་ཆེན་པོ།། ཕྱི་ནང་མེད་པར་འོད་ཀྱི་ཕུང་པོར་བཞུགས་པ་དེས། འདི་སྐད་ཅེས་བཀའ་སྩལ་ཏོ།། ཀྱེ་མ་གསང་བའི་བདག་པོ་ཁྱོད་ཉོན་ཅིག། རང་ཤེས་རིག་གི་ངོ་བོ་སང་ངེ་བ་འདི་དངོས་པོ་དང་ཁ་དོག་ཅིའི་ངོ་བོར་ཡང་མ་གྲུབ་པར། སྟོང་སང་དེ་འདུག་པ་འདི་སངས་རྒྱས་ཀུན་ཏུ་བཟང་མོ་ཡིན་ནོ། ། རང་རིག་པ་ཤེས་རིག་གི་ངོ་བོ་འདི་སྟོང་བསྔོ་ཙམ་ན་གསལ་བ་སྟོང་པ་ཕྱང་ཆད་དུ་མ་སོང་བར། རང་གི་ཤེས་རིག་མ་འགགས་བར་ཝ་ལ་ལ་གསལ་བ་འདི་ཀ་དཔལ་ཀུན་ཏུ་བཟང་པོ་ཡིན་ནོ། ། རང་གི་རིག་པ་དངོས་པོ་ཅིར་ཡང་མ་གྲུབ་པའི་སྟོང་པ་དང། རང་གི་རིག་པ་ཝལ་ལེ་གསལ་བ་འདི་དབྱེར་མི་ཕྱེད་པར་འདུག་པས། སངས་རྒྱས་ཆོས་ཀྱི་སྐུ་ཡིན་ནོ།། རང་གི་རིག་པ་གསལ་སྟོང་དབྱེར་མེད། འོད་ཀྱི་ཕུང་པོ་ཆེན་པོར་བཞུགས་པ་འདི་ལ། སྐྱེ་ཤི་མེད་པས་སངས་རྒྱས་འོད་མི་འགྱུར་བ་ཡིན་ནོ།། དེ་ངོ་ཤེས་པས་ཆོག་གོ། ཞེས་བཀའ་སྩལ་ཏོ།། དེ་ནས་ཡང་གསང་བའི་བདག་པོས་འདི་སྐད་ཅེས་ཞུས་སོ། ། ཨེ་མ་ཧོ། བདེ་བར་གཤེགས་པ་མགོན་པོ་འོད་དཔག་མེད།། སངས་རྒྱས་བཙལ་དུ་མེད་པ་གསུམ་པོ་གསུང་དུ་གསོལ།། ཅེས་ཞུས་སོ།། དེ་ནས་ཡང་འགྲོ་བའི་མགོན་པོ་འོད་དཔག་མེད་ཆེན་པོས། འདི་སྐད་ཅེས་བཀའ་སྩལ་ཏོ། ། ཀྱེ་གསང་བའི་བདག་པོ་ཁྱོད་མ་ཡེངས་པར་ཉོན་ཅིག། རང་གི་ཤེས་རིག་ཝལ་ལེ་དུག་པ་འདི་སངས་རྒྱས་ཡིན་པས།། སངས་རྒྱས་གཞན་ནས་བཙལ་དུ་མེད།། རང་གི་རིག་པ་ཝལ་ལེ་ཁྱུག་གེ་བ་འདི་རྒྱུན་དུ་གསལ་བས། སངས་རྒྱས་ཆོས་ཀྱི་སྐུ་ལ་བསྒོམ་བསྒྲུབ་བྱར་མེད་དོ།། རང་གི་རིག་པ་ཆོས་ཀྱི་སྐུ་ལ་སྐྱེ་ཤི་མེད་པས། ལས་དང་ལས་ཀྱི་རྣམ་པར་སྨིན་པས་གོས་པ་མེད་དོ།། ཞེས་བཀའ་སྩལ་ཏོ།། དེ་ནས་ཡང་གསང་བའི་བདག་པོས་འདི་སྐད་ཅེས་ཞུས་སོ། ། ཀྱེ་ཀྱེ་སངས་རྒྱས་འོད་མི་འགྱུར་བ་འོད་ཀྱི་ཕུང་པོ་ཆེན་པོ། སངས་རྒྱས་འོད་ཀྱི་ཕུང་པོ་ཆེན་པོའི་འཆར་ལུགས་བསྟན་དུ་གསོལ། ཅེས་ཞུས་སོ།། དེ་ནས་རྣམ་པར་གྲོལ་བའི་སངས་རྒྱས་འོད་ཀྱི་ཕུང་པོ་ཆེན་པོས། འདི་སྐད་ཅེས་བཀའ་སྩལ་ཏོ།། ཀྱེ་གསང་བའི་བདག་པོ། རང་གི་རིག་པའི་རང་འོད་ངོ་མ་ཤེས་པ་རྣམས་ནི། ལས་དང་བག་ཆགས་སུ་བཅས་ཏེ་འཁྲུལ་ལོ། ། རང་གི་འོད་འདི་ངོ་ཤེས་སམ་མ་ཤེས་ཀྱང་རུང།། སེམས་ཅན་ཐམས་ཅད་འཁྲུལ་པའི་སྣང་བ་འགགས་པ་དང། དག་པའི་སྣང་བཞག་ལྔར་འཆར་རོ།། དེ་ངོ་ཤེས་ན་རང་སྣང་དག་པའི་སྣང་བ་ལ་གཉིས་སུ་མེད་པར་ཐིམ་ནས་སངས་རྒྱའོ། ། དེ་ནི་གདམས་ངག་ཅན་གནད་ངོ་ཤེས་པས་སངས་རྒྱས་པ་ཡིན་ནོ།། སེམས་ཅན་ཐམས་ཅད་ལ་དག་པའི་སྣང་བ་ཡང་དང་ཡང་དུ་ཤར་ཡང། དེ་ངོ་མ་ཤེས་པས་འཁོར་བར་འཁྱམས་སོ། ། འདི་སངས་རྒྱས་རྡོ་རྗེ་སེམས་དཔའི་གསང་ལམ་ཡིན་ནོ།། དེ་ངོ་ཤེས་པས་ཆོག་གོ། དོན་དེ་ངོ་ཤེས་བར་གྱིས་ཤིག། ཅེས་བཀའ་སྩལ་ཏོ།། སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་ཚིག་ཉུང་བ་ཞེས་བྱ་བའི་རྒྱུད་ལས། སངས་རྒྱས་རྡོ་རྗེ་སེམས་དཔའི་གསང་ལམ་བསྟན་པའི་ལེའུ་སྟེ་དང་པོའོ།།།། དེ་ནས་གསང་བའི་བདག་པོས་འདི་སྐད་ཅེས་ཞུས་སོ།། ཀྱེ་ཀྱེ་བདེ་བར་གཤེགས་པ་འོད་ཀྱི་ཕུང་པོ་ཆེན་པོ་ལགས། བར་དོ་རྣམ་པ་གསུམ་པོ་གསུང་དུ་གསོལ། ཅེས་ཞུས་སོ།། དེ་ནས་ཡང་སངས་རྒྱས་འོད་མི་འགྱུར་བས་བཀའ་སྩལ་པ། ཀྱེ་གསང་བའི་བདག་པོ། ད་ལྟ་དང། འཆི་ཁ་དང། བར་དོ་དང་གསུམ་ལས། ད་ལྟའི་གདམས་ངག་སྐྱེལ་མ་དང་འདྲའོ། ། འཆི་ཀའི་རིག་པ་འགྲོན་བུ་དང་འདྲའོ།། བར་དོའི་སྣང་བ་བསུན་མ་དང་འདྲའོ།། དེ་ཡང་ད་ལྟའི་གདམས་ངག་དཔེ་དོན་རྟགས་གསུམ་གྱིས་ཡིད་ཆེས་པར་གྱིས་ཤིག། དཔེ་ནི་ཤེལ་དང་ཉི་མ་འདྲ་འབག་རྣམ་པ་གསུམ་མོ། ། དོན་ད་ལྟར་གྱི་དུས་ནས་སྐུ་གསུམ་འདུ་འབྲལ་མེད་པར་བཞུགས་པ་འདི་ཡིན་ནོ།། རྟགས་གསུམ་ལས་ཆོས་སྐུའི་རྟགས་ད་ལྟར་གྱི་རིག་པ་རང་གི་ངོ་བོ་མ་འགགས་པར་སང་ངེ་གསལ་བ་འདི་སངས་རྒྱས་ཆོས་ཀྱི་སྐུ་ཡིན་ནོ། ། ལོངས་སྐུའི་རྟགས་ད་ལྟའི་ལུས་ཁ་མིག་དང་བཅས་པ་ཡིན་ནོ།། ལུས་ཀྱི་ནང་ན་རང་གི་རིག་པ་མ་འགགས་པར་གསལ་བ་འདི་ཉིད་སངས་རྒྱས་ལོངས་སྤྱོད་རྫོགས་པའི་སྐུ་ཤེས་རབ་ཀྱི་ཁ་མིག་ཅན་ཡིན་ནོ། ། སྤྲུལ་སྐུའི་རྟགས་ད་ལྟར་རང་གི་མིག་ནས་འོད་ཀྱི་ཕུང་པོ་འཆར་བ་འདི་ཡིན་ནོ།། དེ་ཡང་རང་གི་མིག་རྡོ་རྗེ་སེམས་དཔའི་མེ་ལོང་ལ་བཅུག་ནས་མ་ཡེངས་པར་བལྟས་པས། ཆུ་བུར་གྱི་མིག་གིས་ཆོས་ཉིད་དག་པའི་སྣང་བ་མ་ཐུབ་པར། སངས་རྒྱས་ཀྱི་ཞིང་འཕྲ་ལ་དངས་པ། གསལ་ལ་འཚེར་བ། རང་བཞིན་བཀྲག་ལ་ཉམ་ང་བར་མེ་རེ་རེ་འཆར་བ་འདི། སྤྲུལ་པའི་སྐུ་འོད་ཀྱི་ཁ་མིག་ཅན་ཡིན་ནོ། ། རང་གི་སྙིང་གི་ནང་དྭངས་མ་ལྔའི་དབུས་ན། ཡེ་ཤེས་ལྔའི་འོད་ཁ་དོག་ལྔར་གནས་པ་ནི་སྤྲུལ་པའི་སྐུའོ།། འོད་ལྔའི་དབུས་ན་སྐུ་ལྔ་གནས་པ་ནི་ལོངས་སྤྱོད་རྫོགས་པའི་སྐུའོ། ། སྐུ་དང་འོད་གཉིས་སུ་མི་རྟོགས་པའི་དམིགས་པ་ནི་ཆོས་ཀྱི་སྐུའོ།། ཆོས་ཀྱི་སྐུ་ཇི་ལྟར་ཉམས་སུ་བླང་བ་ནི་ནམ་མཁའ་གསུམ་སྤྲུགས་ཀྱི་གདམས་ངག་གོ། དེ་ཡང་ཕྱིའི་ནམ་མཁའ་བར་སྣང་སྟོང་པ་འདིའོ། ། ནང་གི་ནམ་མཁའ་མིག་དང་སྙིང་གཉིས་འབྲེལ་བའི་རྩ་སྦུགས་སྟོང་སེང་ངེ་བ་འདིའོ།། གསང་བའི་ནམ་མཁའ་ནི་ཙིཏྟ་རིན་པོ་ཆེའི་འཕྱོང་གུར་ཕུབ་པའི་གཞལ་ཡས་ཁང་ནི་གནང་ངོ།། དེ་ཡང་རིག་པ་མིག་ལ་གཏད། མིག་བར་སྣང་ལ་གཏད་པས། ཡེ་ཤེས་ལྷུག་པར་འཆར་རོ།། ལོངས་སྐུའི་ཉམས་ལེན་ནི། སྲིད་པའི་མེ་ལོང་གི་ནང་དུ་རྒྱལ་བ་རིགས་ལྔའི་གཟུགས་བརྙན་འཆར་དུ་བཅུག་ལ་ལྟའོ།། སྤྲུལ་སྐུའི་ཉམས་ལེན་ནི་སྒྲ་འོད་ཟེར་གསུམ་ཉམས་སུ་བླངས་ཏེ། སྒྲ་ནི་རྣ་བ་བཀག་ལ་ལྟའོ།། འོད་ནི་སྒྲོན་མ་དང་མན་ཤེལ་ལ་ལྟའོ།། ཟེར་ནི་ཉི་མའི་སྙིང་པོ་ལ་ལྟའོ།། དེ་དག་གིས་ད་ལྟའི་གདམས་ངག་བསྟན་པའོ།། འཆི་ཀའི་རིག་པ་འགྲོན་བུ་ལྟ་བུ་ལ་གསུམ་སྟེ། ཕྱི་འབྱུང་བ་བསྟིབ་པ། ནང་གི་འབྱུང་བ་བསྟིབས་པ་དང། གསང་བའི་འབྱུང་བ་རྫོགས་པའོ།། དེ་ཡང་སྙིགས་མའི་ཕུང་པོ་ལུས་ལས་དྭངས་མ་ཡེ་ཤེས་ཀྱི་འོད་ལྔ། ཆོས་ཉིད་ནམ་མཁའ་ལ་ཐིམ་མོ། ། བར་དོར་སངས་རྒྱས་ཀྱི་ཞིང་ཁམས་རྣམ་པར་དག་པ་ཞག་ལྔར་འཆར་རོ།། དེ་ཉིད་ངོ་ཤེས་པས་རང་སྣང་དག་པའི་སྣང་བ་ལ་གཉིས་སུ་མེད་པར་ཐིམ་ནས་སངས་རྒྱའོ།། བར་དོ་གསུམ་ནི་ཆོས་ཉིད་བར་དོ། ། སྲིད་པར་བར་དོ།། ལས་ཀྱི་བར་དོའོ།། ཆོས་ཉིད་བར་དོ་ནི་ཞག་ལྔ་དག་པའི་སྣང་བ་འཆར་ཏེ། བསུན་མ་གསུམ་ཡོད་དོ།། དེ་ཡང་འོད་དང་སྒྲ་དང་ཟེར་གསུམ་མོ།། འོད་ནི་བདེ་བར་གཤེགས་པའི་འོད་མཆོག་གི་འོད་གསལ་ལོ། ། དེ་ཡང་འོད་འཕྲ་ལ་དངས་པ། གསལ་ལ་འཚེར་བ། རང་བཞིན་གྱི་བཀྲག་ལ་ཉམ་ང་བས། འཇིག་རྟེན་གྱི་ཁམས་ཐམས་ཅད་ཁེངས་པ་ནི། ནམ་ཟླ་སོས་ཀའི་ཐང་ལ་སྨིག་སྒྱུ་འགྱུ་བ་བཞིན་མེ་རེ་རེ་འོང་ངོ། ། དེ་ལ་མ་འཇིགས་ཤིག། འོད་ཀྱི་ནང་ཐམས་ཅད་ནས་ཆོས་ཉིད་རང་སྒྲ་འབྲུག་སྟོང་ལྡིར་བ་ཙམ། སྒྲ་གྲགས་ལ་ཆེ་བ་འུ་རུ་རུ་འོང་ངོ།། དེ་ལ་མ་སྡངས་ཤིག། འོད་ལས་ཟེར་མཚོན་ཆའི་ཆར་འབབ་པ་འདྲ་བ། མཚོན་ཆ་སྣ་ཚོགས་སུ་ཟིང་ཟིང་བས་སྣང་བ་ཐམས་ཅད་ཁེངས་ནས་འོང་ངོ།། དེ་ལ་མ་སྐྲག་ཅིག་དེ་དག་ནི་མཆོག་གི་འོད་གསལ་ཏེ། མ་འཇིགས་མ་སྡངས་མ་སྐྲག་ཅིག། དེ་བས་ན་ད་ལྟར་ཉམས་སུ་ལེན་པ་གལ་ཆེའོ། ། སྲིད་པའི་བར་དོ་ནི་ད་ལྟའི་ཉམ་ལེན་འདི་ཞེན་ན་སྒྲ་འོད་ཟེར་གསུམ་ལ་འཇིགས་སྡངས་སྐྲག་པ་སྙམ་བྱེད་པས། རང་སྣང་ལ་ཐེ་ཙོམ་ཟོས་ཏེ་རང་ངོ་མ་ཤེས་པས། འོད་དེ་ལས་རིགས་དྲུག་གི་སྣང་བ་ཤར་ཏེ། ལྷ་དང་ལྷ་མ་ཡིན་གྱི་འོད་ལྗང་ཁུ། མིའི་འོད་སེར་པོ། བྱོལ་སོང་གི་འོད་ནག་པོ། ཡི་དྭགས་ཀྱི་འོད་དམར་པོ། དམྱལ་བའི་འོད་དཀར་པོ་ལྔར་འཆར་རོ།། བར་དུ་བླ་མ་ཡི་དམ་མཁའ་འགྲོ་གསུམ་གྱི་སྣང་བ་འཆར་རོ། ། དེ་ལ་གོང་གི་འོད་གསལ་གྱི་སྣང་བ་ལ་འཇིགས་ཤིང། འོག་གི་རིགས་དྲུག་གི་སྣང་བ་ལ་མི་འཇིགས་པར་ཐུན་མོང་གི་འོད་ངོ་མ་ཤེས་པས། འགྲོ་བ་རིགས་དྲུག་གི་སྣང་བ་ལ་རིག་པ་འཇུག་ཏུ་འགྲོ་བས། དེ་བཞིན་གཤེགས་པའི་འོད་ངོ་ཤེས་པར་བྱའོ།། རང་འོད་ངོ་ཤེས་པས་བར་དོ་དེར་བླ་མ་ཡི་དམ་མཁའ་འགྲོ་གསུམ་གྱིས་ལུང་སྟོན་ཏེ། རིགས་ཀྱི་བུ་ཁྱོད་བདེ་བར་གཤེགས་པའི་རང་གི་འོད་ལ་མ་འཇིགས་མ་སྡངས་མ་སྐྲག་ཅིག། རང་གི་སྣང་བ་ཡིན་ནོ་ཞེས་ལུང་སྟོན་ནོ།། བླ་མས་ལུང་སྟོན་པ་ནི། བླ་མའི་མན་ངག་དྲན་པ་དང་བླ་མ་ལ་མོས་གུས་ཆེ་བ་ལ་འོང་ངོ།། ཡི་དམ་གྱི་ལྷས་ལུང་སྟོན་པ་ནི་ཕྱི་ནང་གསང་བའི་དབང་རྫོགས་པ་དང་ཡི་དམ་གྱི་ལྷ་གསལ་ཞིང་རྟག་ཏུ་དྲན་པ་ལ་འོང་ངོ། ། མཁའ་འགྲོས་ལུང་སྟོན་པ་ནི་གསང་སྔགས་ཀྱི་དམ་ཚིག་མ་ཉམས་པ་ལ་བྱའོ།། ལུང་བསྟན་པས་མཆོག་གི་འོད་གསལ་དེ་རང་གི་འོད་དུ་ཤེས་ནས་སངས་མི་རྒྱ་མི་སྲིད་པས། སྲིད་པའི་བར་དོ་ཞེས་བྱའོ།། ལུང་སྟོན་པ་མེད་ན་ཐུན་མོང་གི་ལམ་ལ་ཤེས་པ་ཞུགས་ནས། སྐད་ཅིག་མ་དང་པོ་ལ་སངས་རྒྱས་ཀྱི་འོད་ནུབ་ནས་འགྲོ། སྐད་ཅིག་མ་གཉིས་པར་རྫོགས་ལྡན་གྱི་སྣང་བ་ནུབ་ནས་འགྲོ། སྐད་ཅིག་མ་གསུམ་པ་ལ་དེ་ནས་རྫོགས་ལྡན་མུན་པ་ནག་པོའི་རྒྱལ་ཁམས་ཉིན་མོའི་སྣང་བ་མེད་པར་ཆར་རླུང་འཐིབས་པ་ལྟ་བུའི་ནང་ནས་ཤིན་ཏུ་སྡུག་གོ། དཔེར་ན་ཉི་མ་ནུབ་ནས་ས་སྲོས་པ་དང་འདྲའོ།། དེར་ཞག་བདུན་འཁྱམ་མོ།། དེ་ནས་ཞག་བདུན་པ་ལ་སངས་ནས། ལྷན་ཅིག་སྐྱེས་པའི་ལྷ་དང་འདྲེ་གཉིས་ཀྱིས། གཤིན་རྗེ་ཆོས་ཀྱི་རྒྱལ་པོའི་དྲུང་དུ་ཁྲིད་ནས་ལས་དགེ་སྡིག་གང་མང་འདྲེན་པས་མ་འཆམ་ནས། དེར་གཤིན་རྗེས་ལས་ཀྱི་མེ་ལོང་ལ་ལྟར་བཅུག་པས། མངོན་སུམ་དུ་མཐོང་སྟེ་སྟོབས་གང་ཆེ་བའི་དབང་གིས་མཐོ་རིས་དང་ངན་སོང་དུ་འཕེན་ནོ།། དེའི་ཕྱིར་ལས་ཀྱི་བར་དོ་ཞེས་བྱ་སྟེ། ལས་ཀྱིས་མ་གོས་པ་གལ་ཆེའོ།། དེ་ལྟར་གདམས་པའི་གནད་ཤེས་པ་རྣམས་སྐད་ཅིག་མ་གསུམ་ལ་སངས་རྒྱ་ངེས་ལ། མི་ཤེས་པ་རྣམས་འཁོར་བར་འཁྱམས་པས། གདམས་པའི་གནད་ཤེས་ཤིང་གོམས་པར་བྱ་བ་རབ་ཏུ་གཅེས་སོ། ། སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་ཚིག་ཉུང་བ་ཞེས་བྱ་བའི་རྒྱུད་ལས། རྡོ་རྗེ་སེམས་དཔའི་ཞལ་ཆེམས་གསུམ་པའི་ལེའུ་སྟེ་གཉིས་པའོ།།།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང། གསང་བའི་བདག་པོ་ལ་སོགས་པའི་འཁོར་ཐམས་ཅད་རབ་ཏུ་དགའ་ཞིང་ཡི་རངས་ཏེ་རོལ་མོའི་སྤྲིན་གྱིས་གཏིབས་ཤིང། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། ། སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་ཚིག་ཉུང་ངུ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་ཆེས་གསང་བ་རྫོགས་སོ།།།། དཔལ་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས་ཁྲ་མོ་བྲག་ལ་གཏེར་དུ་བཙལ་བའོ། ། བདག་འདྲ་པདྨ་ལས་འབྲེལ་བཙལ་གྱིས་སྣང་བར་བྱས་པ་ཡིན་ནོ།།། མདྒ་ལཾ།།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་ལོ་ནམ་མཁའི་མཛོད་ཀྱི་རྒྱུ། རྒྱ་གར་སྐད་དུ། ལོ་ཀོཏྟ་ར་སརྦ་ཏ་ཐཱ་ཏ་ག་ཏ་ཙཀྲ། ཁངྒོ་ཥ་ཏནྟ་ནཱ་མ། བོད་སྐད་དུ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་ལོ་ནམ་མཁའི་མཛོད་ཀྱི་རྒྱུད། འཇིག་རྟེན་འདས་པའི་མདོ་ཞེས་བྱ་བ། །།། བམ་པོ་དང་པོ།། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་བཤད་པའི་དུས་གཅིག་ན། བཅོམ་ལྡན་འདས་སྐུ་མྱ་ངན་ལས་འདས་པའི་འོག་མིན་གྱི་གནས་སུ། སུམ་ཅུ་རྩ་གསུམ་ལྷའི་མདུན་ས་ཆོས་བཟང་ཚལ་ན་བཞུགས་ཏེ། འཁོར་དེར་འགྲོ་བ་རིགས་དྲུག་དང། སྐྱེ་གནས་བཞི་དང། ལྷ་སྲིན་སྡེ་བརྒྱད་ལ་སོགས་པ་འདུས་པར་གྱུར་ནས། དེར་ཚངས་ཆེན་ལ་སོགས་པ་དམ་ཚིག་ཅན་ཐམས་ཅད་དང། ཁམས་གསུམ་ན་གནས་པའི་མཐུ་དང་དབང་བཙན་པ་ཐམས་ཅད་འདུས་པར་གྱུར་པས། ཚངས་པ་ཆེན་པོ་སྟེང་གི་གནས་བསྲུང་བ་ཡང་རང་གི་སྟན་ལས་ལངས་ནས། བཅོམ་ལྡན་འདས་ག་ལ་བ་དེར་ལོགས་སུ་ལྷགས་ཏེ། བླ་གོས་ཕྲག་པ་གཡས་པ་ལ་ཟར་ཏེ་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས་ཐལ་མོ་སྦྱར་ནས། བཅོམ་ལྡན་འདས་ལ་འདི་སྐད་ཞུས་སོ།། བཅོམ་ལྡན་འདས་ཅའི་སླིད་དུ་སྤྱན་འཛུམ་ཞིང་དགོངས་པ་མཛད་པ་ལགས། དེ་སྐད་ཅེས་གསོལ་བ་དང། འོག་གི་རིག་པ་འཛིན་པ་བརྒྱ་བྱིན་ལྷའི་དབང་པོ་ལ་སོགས་པ་རྣམས་ལ། བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ།། ང་ཉིད་མངོན་པར་རྫོགས་པར་ངེས་པར་བྱང་ཆུབ་ནས། ང་ཉིད་ལྷའི་གནས་འདིར་གཤེགས་ཏེ། འགྲོ་བ་སེམས་ཅན་གྱི་དོན་ལ་གཤེགས་ནས་དགོངས་པ་མཛད་དོ།། དེ་ནས་འཁོར་དེ་རུ་འདུས་པ་རྣམས་ཀྱིས། བཅོམ་ལྡན་འདས་ལ་མཆོད་པ་མང་པོས་མཆོད་ནས། ཚངས་པས་སྐབས་དབྱེ་བར་ཞུས་པ་ལས། བཅོམ་ལྡན་འདས་ཀྱིས་ཅང་མི་གསུང་བར་གནང་སྟེ། བཅོམ་ལྡན་འདས་ཀྱིས་ནམ་མཁའ་མཛོད་ཅེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། ། སྐུ་དྲང་པོར་བསྲངས། ཞབས་སྐྱིལ་མོ་ཀྲུང་བཅས་པ་ལས། པདྨའི་གདན་ལ་ཕྱག་རྒྱ་ལྔ་དང་ལྡན་པར་བཞུགས་ཏེ། ནམ་མཁའི་ཁམས་ཐམས་ཅད་ཡེ་ཤེས་ཀྱི་མཛོད་ཅེས་བྱ་བའི་རིན་པོ་ཆེ་འོད་འབར་བའི་གཞལ་ཡས་ཁང་དུ་བྱིན་གྱིས་བརླབས་པའི་ཕྱག་རྒྱ་སྟེ། ལག་པ་ཐལ་མོ་ཁོང་སྟོང་དུ་ཕུབ་ཕུབ་པོར་སྦྱར་ཏེ། སོར་མོ་ཚིགས་ཟུར་ཅན་དུ་བཅག། རིན་པོ་ཆེའི་སྒྲོ་མ་བུ་ལྟར་བྱས་པས། ནམ་མཁའ་རིན་པོ་ཆེས་འཕེལ་བར་བསམས་ནས། རཏྣ་མ་ཧེ་སྟེ། རིན་པོ་ཆེ་ཤུ་ལ་སྟེ་དཀར་པོ། ཁ་ལོ་ཁྲི་ལ་སྟེ་ནག་པོ། ལི་ཧི་དང་སྟེ་དམར་པོ། ནཱི་ལ་སྔོན་པོ། ན་ལ་སྟེ་ལྗང་ཁུ། བྱི་ཧ་ན་སྟེ་སེར་པོར་བྱས་པའོ། ། སྙིང་པོ་འདི་ཡང་བཀའ་སྩལ་ཏོ།། སརྦ་ཏ་ཐཱ་ག་ཏེ་བྷྱོ། བི་ཤྭ་མུ་ཁེ་བྷྱཿ། སརྦ་ཏད་ཁཾ་ཨུད་ག་ཏེ་སྥ་ར་ན་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། ཞེས་བརྗོད་པས་སྟེང་གི་ནམ་མཁའ་གཞལ་ཡས་ཁང་དུ་གྱུར། རཏྣ་སིད་དྷི་ས་མ་ཡ་ཧཱུཾ། ཞེས་བརྗོད་པས་ནང་ཡེ་ཤེས་རིན་པོ་ཆེས་བཀང་སྟེ། དངོས་གྲུབ་ཏུ་གྱུར་ནས་དམ་ཚིག་དབང་དུ་འདུས་ཏེ། འཕགས་པའི་དགོངས་པ་གྲུབ་བོ།། དེ་ནས་འཁོར་དེར་འདུས་པ་རྣམས་ཀྱིས། བཅོམ་ལྡན་འདས་ལ་ཞུས་པ། བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་དང་ལྡན་པས་རྒྱལ་བའི་སྐུ་བསྟན་དུ་གསོལ། ཞེས་ཞུས་པ་དང། བཅོམ་ལྡན་འདས་ཀྱིས་ནམ་མཁའི་སྟོང་པ་ལས་ཡིད་བྱེད་པ་པོ་ཀུན་ཏུ་བཟང་པོའི་སྐུ་གཅིག་ཏུ་སྤྲུལ་པ་ལས། ཆོས་བྱ་བ་མོ་ཀུན་ཏུ་བཟང་མོའི་སྐུ་ཡང་བྱིན་གྱིས་བརླབ་ས་ལས་བྱུང་སྟེ། ཡབ་ཡུམ་ཐབས་ཤེས་རབ་ཏུ་གྱུར་པས་འབྲས་བུར་གྱུར། རྐྱེན་ལས་རིགས་ལྔ་ལྷུན་གྱིས་གྲུབ་པའི་སངས་རྒྱས་ལྔ་རུ་གྱུར་ཏེ། དེ་ལ་ཡང་བཅོམ་ལྡན་འདས་ཀྱིས་ཐུགས་རྗེའི་བྱིན་གྱི་རླབས་ཀྱིས།། འབྱུང་བ་ཆེན་པོ་ལྔ་ལས་ཡུམ་ཡེ་ནས་གནས་པའི་མ་ཆེན་མོ་ལྔ་རུ་བྱིན་གྱིས་བརླབས་ཏེ།། ཕུང་པོ་ལྔ་ལས་བསྐྱེད་པས། དབུས་དེ་བཞིན་གཤེགས་པའི་རིགས་ཤར་རྡོ་རྗེའི་རིགས། ལྷོ་རིན་པོ་ཆེའི་རིགས། ནུབ་པདྨའི་རིགས། བྱང་ལས་ཀྱི་རིགས། དེ་ལྟར་རིགས་ལྔར་བྱིན་གྱིས་བརླབས་སོ།། ཡང་རིགས་ལྔ་ཡབ་ཡུམ་ནི་ནམ་མཁའི་འཛོད་ན་བཞུགས་ནས་ཐབས་ཤེས་རབ་ཀྱི་བྱིན་གྱིས་བརླབས་པའི་སེམས་བསྐྱེད་དེ། ། དེ་ཡང་དབྱིངས་ནས་མཉམ་པར་སེམས་ཅན་རྣམས་ཕྱུང་སྟེ། དེ་ལྟར་བྱིན་གྱིས་བརླབས་དང་ཡང་སྤྲུལ་དེ་ལྟར་འབྱུང་སྟེ། བསྟན་པའི་ཆོས་དར་ནས་འབྱུང་བ་དང། འཕགས་པའི་དགེ་འདུན་འབྱུང་བ་དང། ཡང་བཅོམ་ལྡན་འདས་ཐུགས་རྗེ་ཆེ་ལ་ཐབས་མཁས་པ་དེས་དགོངས་ནས། འགྲོ་བ་རྣམས་ལ་བརྩེ་བར་དགོངས་ནས། ལྷ་ཆེན་པོ་བརྒྱད། སྟེང་གི་ཉི་ཟླ། འོག་ནས་ས་བདག་བཀའི་དམ་ལ་བཏགས་ཏེ། ཁྲོ་བོ་ཆེན་པོ་བཅུ་རུ་བྱིན་གྱིས་བརླབས་ནས་ཕྱོགས་བཅུར་བཀོད་དེ་ལས་བྱེད་པར་བསྐོས། མི་མཉམ་པའི་མདང་སྒྱུ་མའི་རོལ་པས་ཕྱོགས་སྐྱོང་བཅུ་ཡང་སྟང་སྟབས་ཀྱི་གདམ་དུ་བཏིང་སྟེ་གཞག། ཕྱོགས་སྐྱོང་བ་རྣམས་ལ་ཡང་ཐབས་ཀྱི་ཁྲི་འཕངས་དང། རང་གཏན་ཏེ་མདུན་དུ་བཞུགས་སོ།། དེ་ཡང་ལས་ནི་རང་རང་གི་འཁོར་འདུལ་བར་བསྐོས། ཕྱོགས་སྐྱོང་རྣམས་ཀྱི་གདན་སྟེངས་སུ་ཁྲོ་བོ་བཅུ་པོ་རང་གི་གཟུངས་མ་དང་ཐབས་ཤེས་རབ་ཏུ་བསྐོས་ཏེ་སྙིང་པོ་ཕོག། ལག་ཆ་གཏད་དེ་བཀོད་པ་དང། སྤྱིར་རྒྱུད་རེ་ལ་བདུད་འདུལ་བའི་ལེའུ་དང། སྔགས་དང། ཕྱག་རྒྱ་རེ་འབྱུང་བ་དང། སེམས་ཅན་གྱི་བག་ཆགས་ཀྱི་སོ་སོར་གོ་བ་རེ་རེ་དང་སྦྱར། སྦྱར་ན་ལྟ་སྤྱོད་སྤངས་ནས་འབྱུང་སྟེ། ཟ་ཧོར་ཡུལ་གྱི་མི་ལ་གཉིས་སུ་མེད་པའི་དོན་གཞག་ནས་མི་དམིགས་བར་སྒོམ། སྤྱོད་པ་དམིགས་པ་མེད་པར་སྤྱོད་དོ། ། ལྟ་བ་ཡང་ནི་མི་དམིགས་པར་ལྟའོ།། སིང་ངའི་ཡུལ་ན་ནི་རྫུ་འཕྲུལ་གྱི་ལུང་བསྟན་ཏེ། ངོ་མཚར་གྱི་ཆོས་སྤྱོད་དོ།། རྒྱ་གར་གྱི་ཡུལ་ན་ནི་ཐབས་ཤེས་རབ་ཀྱི་ཆོས་སྤྱོད་དེ། ཐབས་ཀྱི་སྤྱོད་པ་སྣ་ཚོགས་ཤེས་རབ་ཆོས་ཀྱི་དབྱིངས་ལ་སྒོམ། དེ་ནས་རྒྱ་གར་གྱི་ཡུལ་བསམ་གཏན་རྫོགས་ཏེ་གནས། དེ་ནས་བལ་ཡུལ་དུ་ལོངས་སྤྱོད་དང་ལྡན་པར་བྱིན་གྱིས་བརླབས། དེ་ནས་ལི་ཡུལ་དུ་ལྷ་སྲིན་གྱི་སྟོན་པར་ཞུགས། ཁ་ཆེའི་ཡུལ་དུ་ནི་བདེ་སྐྱིད་དང་ལྡན་པའི་ཆོས་སྤྱོད། ཐེག་པ་ཆེན་པོ་དགུ་ཡང་ལྟ་བ་མི་མཐུན། སྤྱོད་པ་མི་གཅིག་སྟེ། ཉན་ཐོས་ནི་འགོག་པ་སྟེ། འཕགས་པའི་བདེན་པ་བཞི་སྒོམ། རང་སངས་རྒྱས་ནི་གཅིག་པུས་ཏེ། བསེ་རུ་ལྟར་སྤྱོད། མདོ་སྡེ་ནི་ཕ་རོལ་ཏུ་ཕྱིན་པ་བཅུ་ལ་གནས་པར་སྤྱོད། ཀྲི་ཡ་ནི་དག་པར་སྤྱོད་ཅིང་ལྷ་དང་རྗེ་ཁོལ་དུ་བལྟ། ཨུ་པ་ཡ་ནི་ལྷ་དང་དཔོན་གཡོག་ཏུ་བལྟ། ཡོ་ག་ནི་རིགས་ལྔ་ཚུལ་གཅིག་པར་ལྟ་ཞིང་བདུད་རྩི་སྤྱོད། ལྷ་དང་གྲོགས་པོར་བལྟ། མ་ཧཱ་ཡོ་ག་ནི་བདག་གི་ཕུང་པོ་དང། སྐྱེ་མཆེད་དང། ཁམས་ནི་ལྷ་མོར་སྒོམ། ཨ་ནུ་ཡོ་ག་ནི་ལྷ་བདག་གི་སྲས་སུ་བསྐྱེད་ལ། རྒྱལ་བའི་སྲས་སུ་བདག་བསྐྱེད་དོ། ། ཨ་ཏི་ཡོ་ག་ནི་བདག་རང་ཡེ་ནས་ཧེ་རུ་ཀར་སྒོམ་སྟེ། ཆོས་ཀྱི་དབྱིངས་ཡང་དག་པ་ཡིན། འདི་ཀུན་ཡང་གོམ་ནས་བཏུབ་བོ།། དེ་ལ་དབང་པོ་ཡིད་བྱེད་པ་པོ་ནི་ཡབ། ཆོས་བྱ་བ་མོ་ནི་ཡུམ་དུ་མཚན་གསོལ། ལག་ན་རྡོ་རྗེ་དང་དྲིལ་བུ་བསྣམས། པདྨ་དང། ཀླུ་ཤིང་དང། རིན་པོ་ཆེ་དང། འཁོར་ལོ་དང། རལ་གྲི་བསྣམས་ནས། དེའི་བྱིན་རླབས་ལས་བྱུང་བ་ནི། རིགས་ལྔ་ནི་ཡུམ་ལྔ། དེའི་བྱིན་རླབས་དང་འབྲས་བུ་ལས་གྲུབ་པ་ནི། བྱང་ཆུབ་སེམས་དཔའ་དང་སེམས་མའི་འཁོར་རྣམས་འབྱུང་བས་སངས་རྒྱས་ཀྱི་སྲས་པོ། ཨོཾ་བཻ་རོ་ཙན། ཧཱུཾ་བཛྲ་ས་ཏྭ། ཏྲཾ་རཏྣ་སམ་བྷ་བ། ཧྲི་ཨ་མི་ཏཱི་བྷ། ཧ་ཨ་མོ་གྷ་སིདྡྷི། དེའི་ཡུམ་ལྔ་ནི། མཾ་དྷཱ་ཏུ་ཤྭ་རི། ལཾ་ཏེ་ཤྭ་ར་ཏི། མོ་ཧ་ར་ནི། རཱ་ག་ར་ཏི། བཛྲ་ས་མ་ཡདྷ་ར། ཀུཎྜ་ལི་རཱ་ཛ་ཡི། ཨངྐུ་པ་ཙི་ཏ། པ་ཏ་པདྨ་ཨཱརྱ་བ་ལོ། བཛྲ་པཱ་ཎི། མེ་ཏྲ། ཏྲི་ལིང་ནོ། རམ་པ་ཡ། མཉྫུ་ཤྲི། ས་མ་ཏྲ། མཱ་ལེ། ལཱ་སྱེ། གཱི་རྟི། ནི་རྟི། དྷུ་པེ། པུཥྤེ། ཨཱ་ལ་ཀོ། གན་དྷེ། ཤཱཀྱ་མུ་ནེ། ཀྵཀྲ། སྲུམ་ཆ་མ། སྲ་མ་ནི་སིང། ག་ཤཾ། ར་ག་ར་དུ། ཡ་མ་བིག་ནན། མ་ཧཱ་བ་ལ། ཧ་ཡ་གྲི་བ། ཨ་མྲྀ་ཏ་ཀུཎྜ་ལི། ཨཾ་ཀུ་ཤ། པཱ་ཤ། ལོ་ཀ་བམ། གམ་དྷཾ། དེ་ལྟར་མིང་བཏགས། སྙིང་པོ་ཕོག་ནས་སེམས་ཅན་གྱི་དོན་བྱེད་པར་དབང་བསྐུར་ནས། ཡེ་ཤེས་བླ་མའི་ས་ལ་བཀོད་དེ་བཞག་གོ། དེ་དག་ལ་སོགས་ཏེ་བསྐལ་པ་བཟང་པོའི་བྱང་ཆུབ་སེམས་དཔའ་དང། གཟིགས་མོ་པ་དང། ཕ་རོལ་ཏུ་ཕྱིན་པ་བཅུ་དང། ས་བཅུའི་བྱང་ཆུབ་སེམས་དཔའ་དང། དེ་དག་ཀུན་དང། གཞན་ཡང་ཕྱི་རིག་པ་འཛིན་པ་དང། ཕྱོགས་སྐྱོང་དཀར་བའི་དམ་ཚིག་ཅན་རྣམས་ལ་ཡང་མི་བཏགས་སྙིང་པོ་ཕོག། ལག་ཆ་གཏད་ནས་སོ་སོར་རང་རང་གི་ལས་དང་གྲུབ་པ་ལ་བཙུད་དོ།། བཛྲ་བུདྡྷ། བཛྲ་ཙིཏྟ། བཛྲ་རཏྣ། བཛྲ་པདྨ། བཛྲ་ཀརྨ། བཛྲས་ཏྭ། བཛྲ་རཱ་ཛཱ། བཛྲ་ར་ག་ཤ། བཛྲ་སྭ་དྷུ། བཛྲ་རཏྣ། བཛྲ་སུ་ར་ཏི། ཤ་ར། བཛྲ་ཀེ་ཏུ། བཛྲ་པ་ཤ།། བཛྲ་དྷརྨ། བཛྲ་ཏཱིཀྵ་ཎ། བཛྲ་ཙཀྲ། བཛྲ་པཱ་ཤ། བཛྲ་ཀརྨ་སིདྡྷི། བཛྲ་རཀྵ། བཛྲ་ཡཀྵ། བཛྲ་སན་ཏི། ཀ་རུ་མུ་ཀ།། མ་ཧཱ་བག་ཤ།། ཛ་ལ་སུ་ཏི། རཱ་ཛཱ་པ་ཐ་ཤ་ག་མ། ས་མན་ཏ་བྷ་ཏྲ། ཙནྡྲ་པྲ་བྷ། པ་ཏྲ་པ་ལ། ཀུ་མར་ཙ་ལ། བཛྲ་ཙིཏྟ། པྲ་པ་གཉྫ་ཛ། ག་ག་ན་གཉྫ་ཛ། བྱི་ཀ་ཏ་མ་ཏི་ཏི། ཐ་ང་ཀུ་ས། ཛྙ་ན་མུ་ཁ་ཏ་ཙི་ཏི། ཛ་ཡས་མ་བྷ་བ་མ་ཧི་ཤ་ག་ཏྲི། མེ་ཏཱི། ག་ག་ཏ་སྟི་དུར་ཀ་ཏི། རྐརྨ་བོ་དྷི་བྱ་ཏི་ས་ཏ་ཀ། མ་ཀ། ཡ་ཡ། མུ་ཀ་ཤ། རྟ་ཡ་ཤྲི་ཤ། དྷུ་ཧ་ར། ནི་མེད། བྱུ་ར་ཏི་དྷུ། ས་ར་སྨིན་ནི། ཧྲ་པ་ཤ། བ་རུ་ཡིན་དྲ། མ་མ་ཏེ་ག་ཡ་ཡ་ག་ཏུ། ཤ་ཀུ། བྲ་མ་བ་ཏེ། བྲ་མ་ཤུ་ཏ། མཧཱ་པྲ་མ། སུ་ར་ར། ཚ་པ་ག་ཏུ། སི་རི་ཤི་ཏ། ཨུ་ཏ་སྭ་ར། ཨ་བུ་མ་ཏེ། པ་ར་ཤུ་ཉ་ར། ཤུ་ཏརྒ་ཏ་བུ། ཨུ་མུ་ཀ་མ་ཤ་ཏ། ཨ་བུ་དུ་ཀ། པྲ་ཉ་བྲ་ག་པུ་བ་ཏ་ལ་མ་ཏ། ཨུ་བྷྱ་མ་མ་ཏ། ཨུ་ཏ་ཀ། སུ་ཏ་ཤི་མི། མུ་ཀ་ནི། རྦ་སུ་ཏ་ཤ་ཉ། ཨུ་ཙ་བྱ་ཀ།། ཨུ་མ་ཤ་ཏ་མ། བིཛྙཱ་ན། ཀ་མན་ཏ་ག། ཤ་རྒུད་ཏ། བ་ན་ཏ། སད་སྤྲ། ཞེས་བྱའོ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྒྱུད། འཇིག་རྟེན་ལས་འདས་པའི་མདོ་ལས། འཁོར་དང་གླེང་གཞིའི་ལེའུ་སྟེ་དང་པོའོ། །།། གཞན་ཡང། དཱ་ན་པཱ་ར་མི་ཏ། ཤཱི་ལ་པཱ་ར་མི་ཏ། ཀྵཱནྟི་པཱ་ར་མི་ཏ། བྷིརྻ་པཱ་ར་མི་ཏ། དྷྱཱ་ན་པཱ་ར་མི་ཏ། ཨུ་པཱ་ཡཱ་པཱ་ར་མི་ཏ། ཛྙཱ་ན་པཱ་ར་མི་ཏ། བ་ལ་པཱ་ར་མི་ཏ། པྲ་ཛྙཱ་པཱ་ར་མི་ཏ། པྲ་ཎིདྡྷ་ན་པ་ར་མི་ཏ། ། ཕ་རོལ་ཏུ་ཕྱིན་པ་བཅུའོ། པྲ་མུ་ཏི་ཏ། བི་མ་ལ། པྲ་ཏ་ག་ཏི། ཨི་ཙ་ཏ་མ་རི། སུ་རུ་ཙ་ཡ། མུ་ཏི་མུ་ཀེ། སུ་རུ་ཀ་མ། ཨུ་སུ། ག་མ་ནི་ས་ཏྲ་མ་ཏི། ཙ་ཀ་ལ། མ་མ་མུ་ཀ་བ་ཧ། ཡ་ཏ་ཕ་ཕྱེ། ཡརྱ་ཏི་མུ་བུའི་ཤ་ཏྲི་བུ་མི། ཨ་ཏི་ག་མ་ཛ། ཨ་ཀུ་མི། ཨུ་ལེ་ཀ་ཤྭ་ར། ཨུ་ལ་ཀ་བྷྱ། ད་དི་བི་བ་ཤ། ནུ་སྤྲ་ཤ། བ་ར་བཛྲ་ས་ནེ། ཨ་ས་ར་ཙ་ཀ་མ་ཧཱ། པདྨ་ར་ཙ། ཛྙཱ་ཨུ་ར་ཏ། བཛྲ་ས་ཏྭ་ཀ་ཡ་པ་ཏྲ་བྷ་བ་ཏི། ས་མན་ཏ་པ་ཏྲ། ཧེ་རེ་ཙ་མ་ཀ་ལེན་པ་པུ་ཏ། འདི་ནི་བྱང་ཆུབ་སེམས་དཔའ་དང་སངས་རྒྱས་སོ།། སའི་རིམ་པ་དེ་ལྟ་བུ་ལ་སངས་རྒྱས་གནས་པ་ལགས་སོ།། ཆོས་ཀྱང་སྡེ་སྣོད་ལ་སྤྱོད་ཅིང་གནས་པ་ལས། སེམས་ཅན་གྱི་བློའི་རིག་པ་དང་སྦྱར་ནས་ཆོས་སྤྱོད་པ་ལས། སེམས་ཅན་ལྟ་བ་དམན་ཅིང་བློ་འཁྲུགས་པ་རབས་གཅིག་གིས། སངས་རྒྱས་ཀྱི་ཆོས་ལ་རང་བྱན་དང་ཐུགས་ཐུབ་ཏུ་སྤྱོད་སྤྱོད་པས། གྲུབ་ཏུ་མེད་པས། ཚིག་དང་ཡི་གེ་གང་ཟག་གི་ཕྱིར་འབྲེངས་པས། བདག་པོ་མེད་པས་གར་སོང་སོང་ལ་འཇུས་སོ།། འདུལ་བ་དང། མདོ་སྡེ་དང། མངོན་པའི་སྡེ་སྣོད་གསུམ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་སེམས་དང་ལྡན་པའོ།། ས་བཅུ་བདུན་པ་ཀུན་ཏུ་བཟང་པོའི་ས་སྟེ། མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་བཅུ་རྫོགས་པའི་གནས། ཆོས་མ་བྱུང་མ་སྐྱེས་པའི་སའོ།། ནང་དུ་ཨ་ཏི་ཡོ་ག་རྫོགས་པའི་ས་ཡང་ཡིན་ནོ།། དམིགས་སུ་མེད་པའི་ས་དང་པོའོ། ། ས་བཅུ་དྲུག་པ་རྣམ་པར་སྣང་མཛད་ཀྱི་ས་སྟེ། ཡོད་པ་མེད་པ། གཉིས་ཀར་མ་གྲུབ་སྟེ། སྐྱེ་འགག་མ་གྲུབ། ཀུན་རྫོབ་དང་དོན་དམ་པ་གཉིས་ཀར་མ་གྲུབ། བསྒྲུབ་པས་གཉིས་ཀར་བརྟེན་ན་སྣང་བའོ།། སྨྲས་ན་གོ་བའོ། ། སེམས་རྟོག་ཐམས་ཅད་རྣམ་པར་དག་ན། དེ་ནི་བཅོམ་ལྡན་འདས་ཀྱི་ཐུགས། གཟུགས་ཐམས་ཅད་རྣམ་པར་དག་ན། དེ་ནི་བཅོམ་ལྡན་འདས་ཀྱི་སྐུ། སྒྲ་ཐམས་ཅད་རྣམ་པར་དག་ན། དེ་ནི་བཅོམ་ལྡན་འདས་ཀྱི་གསུང། འདི་ལྟར་དེ་ནི་དེ་ལྟའོ།། ཐབས་ཀྱི་རིགས་པས་སྤྱོད་པ་ལ་དོར། དམ་ཚིག་གིས་གཞི་གཟུང། ལྟ་བས་ཐག་གཅད། དད་པས་ཕྱིར་མི་ལྡོག། སྒོམ་པས་ལམ་བཙལ། འདི་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་རྫོགས་པའི་ས་བཅུ་རིམ་གྱིས་མནན་ནས། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་བསྒོམས་ཏེ་ལོངས་སྤྱོད་རྫོགས་པའི་ས། གསུང་རྣམ་པར་དག་པའི་ས་སྟེ། མདོ་སྡེ་རྒྱུད་ཀྱི་ཐེག་པའོ།། དེ་བས་ན་ས་བཅུ་དྲུག་པའོ། ། ས་བཅོ་ལྔ་པ་ནི་དཔལ་ཤཱཀྱ་ཐུབ་པའི་ས་སྟེ། བརྩོན་འགྲུས་དགེ་བསྐུལ་ས། ཏིང་ངེ་འཛིན་མི་གཡོ་བས་ཡེ་ཤེས་རྒྱུན་གྱིས་གནས་སོ།། བྱང་ཆུབ་སེམས་དཔའི་འཁོར་གྱིས་བསྐོར་ཞིང་བཞུགས་པས་ཤཱཀྱ་ཐུབ་པའི་སའོ། དེ་ཡང་ཅིའི་ཕྱིར་སྤྲུལ་པ་ཞེ་ན། བཅོམ་ལྡན་འདས་ཀྱི་ཐུགས་རྗེས་རླུང་ཆགས་ལྷུན་པོའི་རྩ་བས་ཡངས་སོ།། ས་བཅུ་ལ་རི་རབ་རྩེ་མོས་ཏེ། སྲིད་པའི་ལོངས་སྤྱོད་སྣ་ཚོགས་དང་ལྡན་ནོ།། ས་དགུ་པ་བརྒྱ་བྱིན་གྱིས། ས་བརྒྱད་པ་སུམ་ཅུ་རྩ་གཉིས་ཀྱིས། ས་བདུན་པ་རྒྱལ་ཆེན་གྱིས། ས་དྲུག་པ་དེ་ཝའི་ས། ལྔ་པ་གནོད་སྦྱིན་སྡེ་དཔོན་ཚངས་པའི་ས། བཞི་པ་མིའི་ས། གསུམ་པ་བྱོལ་སོངས། གཉིས་པ་ཡི་དྭགས་ས། གཅིག་པ་དམྱལ་བའི་སའོ།། འདི་ལྟར་ས་རིམ་པར་གནས་སོ།། རྒྱང་འཕན་ཐ་མ་ན་གནས་ཏེ། ས་འདི་རྣམས་ལ་སོ་སོར་ལས་བྱས། དེ་ནས་ས་ཉི་ཤུ་གཅིག་ཆོས་ཀྱི་དབྱིངས་ཀྱི་ས་སྟེ། འདི་རྒྱུ་ཐམས་ཅད་ཀྱི་སྟོང་པ་ཞེས་བྱའོ། ། སྐུ་དངོས་པོ་མེད་པ་ཕྱི་སྟོང་པ་ཞེས་བྱའོ།། ས་ཉི་ཤུ་ནི་སེམས་ཀྱི་ས་སྟེ། ནང་སྟོང་པ་ཞེས་བྱའོ།། ཐུགས་མཚན་མ་མེད་པས། འབྲས་བུ་སྟོང་པ་ཞེས་བྱའོ།། ས་བཅུ་དགུ་པ་ནམ་མཁའི་དབྱིངས་ཕྱི་ནང་སྟོང་པ་ཞེས་བྱའོ། ། གསུང་སྨོན་པ་མེད་པའོ།། ཆོས་འདི་གསུམ་ཀུན་རྫོབ་སྒྱུ་མ་ཙམ་དུ་དབྱེ་ཡང། མདོར་བསྡུས་ན་བསམ་གཏན་འཁོར་བ་རྒྱུན་གཅོད་ཏིང་ངེ་འཛིན་མི་གཡོ་བའོ།། ཤེས་རབ་གསལ་བ། མི་གནས་མྱ་ངན་འདས་པས་བྱ། ཤེས་རབ་དག་པས་ཞིང་སྟོང་པ་ལ་འཕྱོ། སྐྱེ་བའི་ཆོས་ལ་བདག་མེད་པས་རིག། སྨྲ་བའི་ཡུལ་ལ་འདས། རྟོགས་སྤྱོད་མཐའ་དང་བྲལ། ཚད་མེད་པ་བཞི་དང་ལྡན། ཐེག་པ་ཆེན་པཽ་མངོན་པ་མ་མོའི་ས་གསུམ་པ་དང་པོའོ། ། ས་བཅོ་བརྒྱད་པ་ཡེ་ཤེས་སེམས་དཔའི་སྟེ། འདི་ནི་སྣང་ལ་སྟོང་པར་སྣང་སྟེ། མེ་ལོང་ལྟ་བུའི་ཡེ་ཤེས་གཟུགས་བརྙན་སྣང་བ་དང་འདྲ་སྟེ། ཆོས་མཉམ་པ་ཉིད་ཀྱི་ས་སྟེ། སྟོང་པ་ཉིད་ཀྱི་ཡེ་ཤེས། རྡོ་རྗེ་ལྟ་བུའི་རྩ་བ་དབྱུང་མི་དགོས། ཀུན་ཏུ་བཟང་པོའི་ས་ཕ་རོལ་ཏུ་ཕྱིན་པ་ཡང་ཀུན་རྫོབ་མཉམ་པ་ཉིད་ཀྱི་ངང་དུ་ཨ་ཏི་ཡོ་གའི་ས། ཆོས་མ་བྱུང་མ་སྐྱེས་སྐྱེ་འགག་ཡོད་མེད་མེད། སྟོང་པ་གཟུང་འཛིན་དང་བྲལ་བའི་དམིགས་སུ་མེད་པའི་སའོ། ། ས་བཅུ་དྲུག། ས་རྣམ་པར་སྣང་མཛད་ཀྱི་མདོ་སྡེ་ཐེག་པ་ཆེན་པོ། འདི་ཡོད་མེད་གཉིས་ཀར་མ་གྲུབ། སྐྱེ་འགག་མ་གྲུབ་སྟེ། དོན་དམ་པ་ཀུན་རྫོབ་ཏུ་སྙོམས་པར་ཕ་རོལ་ཏུ་ཕྱིན་པ་དྲུག་རྫོགས་ཤིང་མངོན་ཤེས་དང་ལྡན་ཏེ། ཕྱི་མདོ་སྡེ་དང། ནང་སྔགས་དང། རྒྱུད་ཐམས་ཅད་དབྱེར་མེད་པའི་སའོ།། ས་བཅོ་ལྔ་པ་ཤཱཀྱ་སེང་གེའི་ས་སྟེ། ཐམས་ཅད་ཀྱི་དོན་ལ་ཏིང་འཛིན་ཡེ་ཤེས་བརྒྱན་གྱི་ས་སྟེ། བརྩོན་འགྲུས་ས་སྟེ། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་བརྒྱད་ཀྱིས་བསྐོར་བའི་ས་འདིའི་ལོ་རྒྱུས་གོང་ནས་བཤད། ས་བཅུ་གཉིས་པ་རྡོ་རྗེ་སེམས་དཔའ་གནས་ཏེ། མཆོད་པའི་ལྷ་མོ་བརྒྱད་ཀྱིས་བསྐོར་ཏེ་ཆགས་པ་མི་མངའ་བའི་ཚུལ་ལོ།། ཐབས་ཀྱི་སྦྱོར་བ་མན་ཆད་སྟེ། སེམས་དོན་སོ་སོར་རྟོགས་ཏེ། སོ་སོར་རྟོག་པའི་ཡེ་ཤེས་སོ།། ས་བཅུ་གསུམ་པོ་ཀྲི་ཡའི་ས་སྟེ། གཙང་མ་ཁྲུས་གཙང་མའི་དཀྱིལ་འཁོར་རྫོགས་པའི་སའོ། ། ས་བཅུ་གཉིས་པ་རང་སངས་རྒྱས་པའི་ས་སྟེ། རྟེན་འབྲེལ་གྱི་སྒོ་ནས་འཇུག་པའི་སའོ།། ས་བཅུ་གཅིག་ཉན་ཐོས་ཀྱི་ས་སྟེ། འཕགས་པའི་བདེན་པ་བཞིའི་སྒོ་ནས་འཇུག། ཟུང་བཞི་ཡ་བརྒྱད་འགྲུབ། མུན་པ་སེལ། ནན་ཏན་བསྒྲུབ་པ་འདི་ཡན་ཆད་ཀྱིས་འོག་མིན་སའོ།། རི་འདི་རྣམས་རི་རབ་བོ།། འབུམ་སྡེ་བརྒྱད་དང། གསུང་རབ་མདོ་སྡེ་བཅུ་གཉིས་དང་ཡོ་ག་དང། ཐེག་པ་ཆེན་པོ་ཏན་ཏྲ་སྡེ་བཅོ་བརྒྱད་དང། ཉན་ཐོས་ཀྱི་ཐེག་པ་འདུལ་བ་དང། མདོ་སུ་ཏྲ་སྡེ་དྲུག་དང། སངས་རྒྱས་ཀྱི་བསྟན་ཆོས་རྣམས་ཚར་བར་མཛད་པ་ལས། སེམས་ཅན་རྣམས་བློ་མི་འགྱུར་ཞིང་ཐེ་ཙོམ་དུ་གྱུར་པ་རྣམས་ལ། སྔོན་སྔགས་དང་ཆོས་ཇི་ལྟར་འབྱུང་བ་བཤད་པ། ལྟ་བ་དང་སའི་ཁྱད་པར་རིམ་པ་དང། སངས་རྒྱས་བཅོམ་ལྡན་འདས་ཀྱིས་བདུད་རིམ་པར་བཏུལ་བ་བསྟན་པའོ།། ས་བཅོ་བརྒྱད་པ་ཐམས་ཅད་སྟོང་པའི་ངང་ལ་འབད་རྩོལ་དང་བྱ་བརྩལ་མི་དགོས་སོ། ། གསལ་བ་མཁྱེན་ཏེ་རིག་པ་མེ་ལོང་ལྟ་བུའི་ཡེ་ཤེས་སོ།། ས་བཅུ་བདུན་ནས་སེམས་ཅན་དོན་ལ་གཟིགས་ཏེ། ཁྲོ་བོ་བརྒྱད་དང་ནང་གི་ལྷ་མོ་བརྒྱད་དུ་སྦྱོར་བའི་བྱིན་གྱི་རླབས་ལས། ཤར་དུ་རྣམ་པར་རྒྱལ་བ་དང་བཛྲ་ལཱ་སྱེ་ལས་ཡུལ་འཁོར་སྲུང་བྱུང།། ལྷོར་གཤིན་རྗེ་གཤེད་དང་རཏྣ་མཱ་ལེ་ལས་འཕགས་སྐྱེས་པོ་བྱུང། ནུབ་ཏུ་རྟ་མགྲིན་དང་གིར་ཏི་ལས་མིག་མི་བཟང་བྱུང། བྱང་དུ་བདུད་རྩི་འཁྱིལ་བ་དང་ནིར་ཏི་ལས་རྣམ་ཐོས་སྲས་བྱུང། ལྷོ་ཤར་དུ་དབྱུག་པ་སྔོན་པོ་དང་དྷུ་བེ་ལས་ཡོངས་སུ་སྦྱར་བ་ལས་ཚངས་པ་མེ་ལྷ་བྱུང། ལྷོ་ནུབ་ཏུ་མི་གཡོ་མགོན་དང་པུཥྤེ་ལས་ལང་ག་སྲིན་པོ་བྱུང། ནུབ་བྱང་དུ་ཊཀྐི་རཱ་ཙཱ་དང་ཨཱ་ལ་ཀི་ལས་སྲོག་སྐྱོང་བྱུང། བྱང་ཤར་དུ་ཁམས་གསུམ་རྒྱལ་བ་དང་གན་དྷེ་ལས་མ་ཧཱ་དེ་བ་བྱུང། དེ་དག་ལ་གནས་པའི་ཚུལ་ལོ།། ས་བདུན་པ་རླུང་ལས་ཆུ་ཆགས་ཏེ། དེ་ལས་གསེར་གྱི་སྤྲིས་མེར་ཆགས། དེའི་སྟེང་དུ་མེ་ཆགས། ནམ་མཁའི་སྟེང་དུ་ཡང་ཡོད། འོག་ན་ཡང་ཡོད་པ་ལས། དེ་ནས་སྟོན་པས་བཅོམ་ལྡན་འདས་ཀྱི་སྐུ་སྤྲུལ་པ་ལས། སྲིད་པའི་རྩེ་མོ་ནས། དམྱལ་བ་ཡན་ཆད་སེམས་ཅན་གཡོ་འགུལ་བ་ཐམས་ཅད་ཀྱི་ལྷུབས་སུ་ཞུགས་པ་ལ་སྐུ་སྣ་ཚོགས་པར་སྤྲུལ་སྐུ་འཁྲུངས་ཏེ། སོ་སོའི་རྒྱལ་པོར་སྐུ་སྤྲུལ་ཏེ། སྐད་དང་སྐུའི་ཆོས་སྟོན་པར་སྐུ་སྤྲུལ་ཏེ། དཔེར་ན་འཇིག་རྟེན་དུ་སྐུ་མངོན་པར་གཤེགས་པའི་དུས་ནས། བསྟན་པ་ཉིད་དེ་ལས་བྱུང་བའི་རྟགས་སུ། ཤཱཀྱ་ཐུབ་པ་གླང་དཀར་པོར་སྤྲུལ་ནས་སྐུ་ལ་འོད་ཟེར་འཕྲོས་པས། ཡུམ་གྱི་དབྱིངས་སུ་གཤེགས་པས། ཡུམ་གྱི་རྨི་ལམ་དུ་བབ་སྟེ། མི་ཡུལ་དུ་ཆོས་བསྟན་ནས་བླ་ན་མེད་པར་སངས་རྒྱས་སོ། ། ཤཱཀྱ་ཐུབ་པ་ཡུམ་སྒྱུ་མ་ལྷ་མཛེས་པའི་ལྷུམས་སུ་ཆགས་ནས་མི་ཡུལ་དུ་གཤེགས་པའི་དུས་ན། འཆི་བདག་གི་བདུད་ལ་སོགས་པས་བཅོམ་ལྡན་འདས་ལ་བརྒལ་ཏེ། བླ་འོག་ཕྱོགས་བཅུའི་བདུད་སྡིག་ཅན་ཇི་ལྟར་ཡང་སྤྲུལ་ཏེ། ནམ་མཁའ་ལས་མཚོན་གྱི་ཆར་ཕབ་པ་ལ། བཅོམ་ལྡན་འདས་ཀྱི་སྐུ་ཅི་ཡང་མ་གཡོས་པས། བདུད་སྲིན་རྣམས་སོ་སོར་བརྒྱལ། མཚོན་ཆ་ཐམས་ཅད་གསེར་གྱི་ས་གཞི་དང། མཆོད་པ་དང། རིན་པོ་ཆེར་བྱིན་གྱིས་བརླབས་ནས་གཞག་གོ། འཇིག་རྟེན་འདས་པའི་མདོའི་རྒྱུད་ལས། ས་རིམ་པར་དབྱེ་བའི་ལེའུ་སྟེ་གཉིས་པའོ།།།། དེ་ནས་བཅོམ་ལྡན་འདས་ལ་བདུད་སྲིན་གྱི་མཚོན་ཆ་ཐམས་ཅད་མེ་ཏོག་དང་པདྨར་གྱུར་ཏེ། འདོད་ཆགས་ཀྱི་དགྲ་དང་བདུད་བཅོམ། ཞེ་སྡང་གི་མཚོན་བསྙིལ། ང་རྒྱལ་གྱི་མི་གསད། གཏི་མུག་གི་དམག་བཅོམ། ཕྲག་དོག་གི་རླུང་ངན་གནན་ནས་ཞི་བར་མཛད་ནས་གནས་སོ། ། དེ་ལྟར་སའི་རིམ་པ་ལ་གནས་པ་ལས། ས་ལྔ་པ་ལ་གནས་པའི་བདུད་མ་ཏྲཾ་རུ་ཏྲ་བྱ་བ་དེ། འདོད་ཆགས་ཞེ་སྡང་གཏི་མུག་ང་རྒྱལ་ཕྲག་དོག་ལྔ་དང་ལྡན་པའི་སྡིག་པའི་སེམས་ཅན། ལྷའི་དབང་པོས་ཀྱང་མི་ཐུབ་བ། མཐུ་བོ་ཆེ་དབང་པོ་ཆེ་དེ་སུས་ཀྱང་མ་ཐུབ་ནས། ལྷ་སྲིན་ཐམས་ཅད་དབང་དུ་བསྡུས་ནས། བཅོམ་ལྡན་འདས་ཀྱིས་དེ་ལྟར་བསྒྲལ་བར་དགོངས་པ་ལས་མཐུ་དང་དཔུང་གིས་དེ་མི་ཐུབ་པས། ངན་ཐབས་ཀྱིས་དེ་གདུལ་བར་དགོངས་ནས། ཙ་ན་ཀ་ཞེས་བྱས་ཏེ་ཉུངས་ཀར་དང། ཚོ་བུ་ཕ་སྨུག་པོའི་ནང་དུ་སྲིན་མོ་ནད་སྟོང་མ་བརྒྱ་བརྩལ་ཏེ། མ་ཏྲང་ཀ་རུ་ནའི་ཕྱོགས་སུ་གཏོར་ནས། ཁོའི་ལུས་ལ་ཕོག་སྟེ། ཡན་ལག་ཐམས་ཅད་ཁྲག་ཆུ་བུར་གྱིས་གང་བར་གྱུར་ཏེ། ངན་སྔགས་བཟླས་ཏེ། ཙན་ཀ་མ་ཏྲང་ཀ་རུ་ན་ལ་ཕཊ། ཅེས་འཕངས་སོ།། དེ་ནས་དེའི་ཤུལ་ནས་ལྕགས་དང་ཤིང་ཚེར་མ་ཅན་ལ་བྱས་པའི་ཕུར་པ་བྱས་ཏེ། གཟའ་ཆེན་པོ་བརྒྱད་ལ་དབང་བསྐུར་ནས། བཛྲ་ཀི་ལ་ཡ་མ་ཏྲང་ཀ་རུ་ན་ལ་ཕཊ། བྱས་པས་མ་ཏྲང་ཀ་རུ་ན་ལ་ཟུག་གོ། དེའི་འོག་ཏུ་ལྕགས་ཀྱི་སྡིག་པ་དང་ཏྲ་ཏྲ་རྐང་གཅིག་གསལ་ཏེ། གཟའ་བརྒྱད་རྦད་དེ། སྙིང་པོ་འདི་ལྟ་བུས་གཟའ་སྔགས་ནས་གཏང་སྟེ། སུརྱ། ཙནྡྲ་བོ་དྷི་སཏྭ་ཨུཏྟ་ར། བུདྡྷ་བྷ་ག་ཝ་ཏི། ཤུ་ཏྲ་ར་ཧཱུ་ལ་ཤུ་རེ་ཤ་རང་གུདྡྷ། བྷུ་དྷུ། འདི་རྣམས་ཀྱི་མ་ཏྲང་ཀ་རུ་ནའི་ལུས་ལ་ཕོག་མ་ཐག་ཏུ་གཟེར་ཐབས་ཀྱིས་བཏབ་ནས། ལྷའི་དབང་པོ་མ་ཏྲཾ་ཀ་རུ་ཏྲ་གཤིན་རྗེའི་བདག་པོ་བཀུམ་མོ།། ཤི་བའི་རོ་མགོ་ལྷོ་ནུབ་མཚམས་སུ་བསྟན་ནོ།། རྐང་པ་བྱང་ཤར་མཚམས་སུ་བསྟན་ནས་འདའ་བ་ལས། འཇིག་རྟེན་མི་རྣམས་ཀྱི་ཡུལ་གཅིག་དུ་རོ་མ་ཤོང་ནས། གདེག་ཏུ་ཡང་སུས་ཀྱང་མ་ཐེག་ནས། རོ་དེའི་རོ་སྟོད་སིང་ངའི་ཡུལ་དུ་འཚལ། དེར་དུར་ཁྲོད་ཆེན་པོ་གཅིག་བརྩིགས་ཏེ་བཞག་པ་ལས། སིང་ངའི་ཡུལ་གླིང་ཕྲན་ན་རྫུ་འཕྲུལ་གྱི་ཆོས་མང་ཞིག་རྒྱས་སོ། ། རོ་སྨད་རྒྱ་གར་ཡུལ་དུ་འཚལ་ནས། དེར་དུར་ཁྲོད་གཅིག་འཚལ་བ་ལས། དུར་ཁྲོད་ཆེན་པོ་བརྩིགས་པ་ལས། འདོད་ཆགས་དབང་དུ་གྱུར་ནས་སྣ་ཚོགས་པའི་གཟུགས་སུ་གསལ་བ་ལས། སྟོན་པར་ཤཱཀྱ་ཐུབ་པ་མངོན་པར་གཤེགས་པ་ལས། ཆོས་ཀྱི་འཁོར་ལོ་བསྐོར་ནས་སྐྱེ་གནས་ཀྱི་མཛོད་འདོད་ཆགས་ཀྱི་དགྲ་མངོན་པར་འདུལ། དམ་པ་ཆོས་ཀྱི་སྣོད་དུ་གྱུར་ཏེ། ནང་ཁྲོལ་མ་ལུས་པར་བལ་ཡུལ་དུ་འཚལ་བ་ལས། དུར་ཁྲོད་ཆེན་པོ་ཕྱེད་པ་བརྩིགས་པས། རྡོ་རྗེའི་མཆོད་རྟེན་བརྒྱ་རྩ་བརྒྱད་རང་བྱུང་དུ་སྐྱེས། སྤྱན་རས་གཟིགས་དབང་ཕྱུག་གི་སྐུ་མངོན་པར་ཕྱུང་བ་དང་འདྲ་བར་མཆོད་པའི་ཡོ་བྱད་རྒྱས་པར་གྱུར་ཏོ། ། གནས་པའི་གསུམ་པའི་ཡུལ་ནི་དུར་ཁྲོད་ཕྱེད་དང་གསུམ་ཞེས་བྱའོ།། དེ་ནས་མ་ཏྲང་ཀ་རུ་ན་གུམ་པའི་བུ་སྨད་འཁོར་དང། ཀུན་གཅིག་བདུད་ཀྱི་འཁོར་དུ་འདུས། ལྷ་མ་ཡིན་དང། ཤ་ཟ་དང། རོ་ལངས་དང། ཤ་ཁྲག་ལ་རྔམ་པ་ཀུན་དང། གཅན་འདབ་ཆགས་རིལ་བ་བདུད་ཀྱི་འཁོར་དུ་མ་འདུས་སོ།། སྟོང་གསུམ་ལ་མངའ་བྱེད་པ་ཚངས་པ་དང། བརྒྱ་བྱིན་དང། ཕྱོགས་སྐྱོང་བ་དང། ལྷ་སྲིན་མཐུ་པོ་ཆེ་དང། ཀླུ་ལ་སོགས་པ་ཐམས་ཅད་ཀྱིས་དབང་དུ་བསྡུས་ཏེ། འཁོར་མང་པོ་ཇི་སྙེད་ཅིག་གིས་བསྐོར་བའི་དབུས་ན་བདུད་མ་ཏྲང་ཀ་རུ་ཏྲ་བཅུ་གནས། བདུད་ཀྱི་བ་དན་དང་རྒྱལ་མཚན་ནི་བཙུགས། བ་དན་ཕྱར་བའི་མཐུས་རི་རང་མཛུབ་མོའི་ཐོར་ཏོ་ལ་བཞག་ལ། སྤྱི་བོ་ལ་ལན་གསུམ་བསྐོར་ནས་གནས་པ་ལ། སྟོན་པ་ཤཱཀྱ་ཐུབ་པ་བདུད་བཏུལ་བར་དགོངས་ནས། ལུས་ནི་རི་རབ་པས་ཀྱང་ཆེ་བའོ།། པགས་པའི་གསུམ་པས་ཀྱང་གྲངས་གསུམ་ཡོད་དེ། མཚོན་གྱིས་ཀྱང་མི་ཚུགས་ནས། སྟོན་པ་དཔལ་ཤཱཀྱ་ཐུབ་པས་བདུད་བཏུལ་བར་དགོངས་ཏེ་ཕྱིན་ནས། སྟོན་པས་ངའི་བཀའ་ཉན་དུ་རུང་བྱས་པ། ཁོ་ན་རེ། འོ་ལྷའི་ངན་བུ་ཆུང་མགོ་རེག་པ། ། ཕ་བརྩམས་ནི་བྲེགས། མ་བརྩགས་གཞོབ་ཀྱི་རལ་ཀ་ལ་ཕུ་ཕྲག་པ་ལ་ཁོལ་ལ་རང་གི་གནས་བདེ་བར་ལོང་ཟེར་ནས་མ་ཐུབ།། དེ་ནས་སྟོན་པས་དཔལ་རྡོ་རྗེ་སེམས་དཔའ་མངགས་ཏེ་བཏང་བས། སྐུ་ནས་འོད་འཕྲོས་པ་ཞལ་ནས་ཧཱུཾ་ཞེས་བསྒྲགས་ཏེ་ཕྱིན་པས། ལྷ་ངན་དགེག་པོ་ཁྱོད་ཕྱིར་སོང་སྐད་ནས་ཤ་ཁྲག་ཟས་ལ་མཐུན་ཕྱིར་ལོག་གོ་དེ་ནས་རྟ་མགྲིན་བཏང་བས། རྟ་མགྲིན་རྔམ་ལ་ཁྱོད་ཁྲོས་ཀྱང་ངའི་འཁོར་ན་ཀླུ་རྟ་མགོ་ཅན་དང་ལྷན་ཅིག་བཞག་ནས་ཡང་ང་མི་ཐུབ་ཟེར་ནས་སླར་ལ་བྲོས། དེ་ཀུན་ལ་རང་རང་གི་གནས་གང་ཡིན་པར་ཕྱིན་པར་དེངས་ཤིག་པར་བསྒོ། དེ་ནས་འཇིག་རྟེན་གྱི་གཙོ་བོ་ཐམས་ཅད་ཀྱང་དབང་དུ་འདུས། སངས་རྒྱས་ཐམས་ཅད་ཀྱང་དབང་དུ་ཅི་འདུས་བྱ་ཟེར་རོ།། སྲིད་པའི་རྩེ་མོ་མན་ཆད་དབང་དུ་འདུས་པ་ལ་ཐུག་ནས། ནད་དང་རིམས་ཀྱིས་ཤི་བའི་ཤ་ཁྲག་ཟོས། བསད་ནས་ཀྱང་བདུད་ཀྱིས་ཟོས། འཇིག་རྟེན་གསུམ་ལ་སྟོངས་པ་ལ་ཐུག་ནས། བཅོམ་ལྡན་འདས་ཀྱིས་དཔལ་རྡོ་རྗེ་སེམས་དཔར་སྤྲུལ་ནས། ས་རིམ་པ་བཅུ་བདུན་ནས་གཟིགས་ཏེ། བདུད་ནི་དར། སངས་རྒྱས་དང། ཆོས་དང། སེམས་ཅན་བརླག་པ་ལ་ཐུག་ནས། སྟོན་པ་བཅོམ་ལྡན་འདས་ཀྱིས་དཔལ་ཆེན་པོ་ཤྲཱི་ཧེ་རུ་ཀར་སྤྲུལ་ནས། བདུད་ཀྱི་འཁོར་དུ་བྱོན་ནས། སྲིན་མོ་ཤ་ཟ་ཅ་ན་རྔམ་མ་དང། དབྱངས་མ་དང། དྲི་མ་འཐོར་བ་དང། ཁྲག་འཐུང་མ། ཤར་ལྷོ་རོ་ལངས་མ། ལྷོ་ནུབ་རྨོངས་བྱེད་མ། བྱང་ནུབ་ཐོད་འཕྲེང་མ། བྱང་ཤར་མཚམས་འདི་རྣམས་སྲིན་མོ་བརྒྱད་ལགས་ཏེ། བདུད་ཀྱི་འཁོར་ལོ། ཀེའུ་རི་དང། ཙེའུ་རི་དང། པྲ་མོ་ཧ་དང། བེ་ཏ་ལི་དང་པུཀྐ་སི་དང། གྷས་མ་རི་དང། སྨ་ཤ་ནི་དང། ཙཎྜ་ལི་དང། འདི་རྣམས་ནི་ཡེ་ཤེས་ཀྱི་མ་མོ་བརྒྱད་དོ།། རྒྱ་ཡུལ་དུ་མཆོག་ཆེན་མ་ཧཱ་བོ་དྷི་དུར་ཁྲོད་སྲུང། ལྷོར་རྒྱ་གར་ཡུལ་དུ་རྡོ་རྗེ་གདན་དུ་སྲུང། ནུབ་ཏུ་ཁ་ཆེ་ཡུལ་དུ་མཐར་ལེགས་གཡུང་དྲུང་གཏེར་སྲུང། བྱང་ས་ལའི་ཡུལ་དུ་དབྱངས་ལྷ་ཀོ་ལ་ས་དུར་ཁྲོད་སྲུང། ཤར་ལྷོར་དུར་ཁྲོད་བལ་ཡུལ་དུ་ཁ་ཤེ་ལ་དུར་ཁྲོད་སྲུང།། ལྷོ་ནུབ་ཟ་ཧོར་ཡུལ་དུ་ཁམས་གསུམ་བདེ་རྐྱས་སྒྲོགས་དུར་ཁྲོད་སྲུང། བྱང་ནུབ་ཨུ་རྒྱན་ཡུལ་དུ་རྨད་གྲགས་ཆོས་ཀྱི་དབྱིངས་དུར་ཁྲོད་སྲུང། བྱང་ཤར་ལི་ཡུལ་དུ་འགེའུ་དོ་ཤན་དུར་ཁྲོད་སྲུང། མཆོད་རྟེན་འདི་བརྒྱད་ནི་དུར་ཁྲོད་ཀྱི་མ་བརྒྱད་དོ།། འདི་ནི་འཇིག་རྟེན་ལས་འདས་པའི་དུར་ཁྲོད་ཀྱི་མ་བརྒྱད་དོ། ། འཇིག་རྟེན་ལས་འདས་པའི་དུར་ཁྲོད་ནི། ཕྱོགས་སྐྱོང་བ་བརྒྱད་ཡིན་ནོ།། འདི་བརྒྱད་ད་དུང་སྲིན་མོའི་སན་གནས་སོ།། དེའི་ནང་རོལ་ན་བདུད་ཀྱི་བུ་མོ་བཞི་གནས་ཏེ། སྲིན་མོ་ཟ་བྱེད་མེད་ཅེས་བྱ་སྟེ། མེ་ཟ་མོ་དང། བྲག་གྱོན་མོ་དང། ཆུ་འབེབས་མ་དང། རླུང་འབྱིན་མ་དང་བཞི་གནས་ཏེ། ཧེ་རུ་ཀ་དཔལ་རྡོ་རྗེ་སེམས་དཔའ་དེས། བདུད་ཀྱི་ཆ་ལུགས་སུ་སྤྲུལ་ནས། དཔལ་ཤྲཱི་ཧེ་རུ་ཀའི་ཆ་བྱད་སྤྲུལ་ནས། སྲིན་མོ་དེ་རྣམས་ཀྱིས་མཐོང་སར་བྱོན་པ་དང། སྲིན་མོ་དེ་རྣམས་ཀྱིས་བལྟས་ནས། སྤྱིར་བདག་ཅག་གི་ཁྱོ་ཡང་འདྲ་ན། དེ་བས་ཀྱང་གཟི་ཆེ་ལ་ཆ་བྱད་མཛེས་པ་དང་ལྡན་པ་ཞིག་མཐོང་ནས་ཆགས་སེམས་སྐྱེས་ནས། བཅོམ་ལྡན་འདས་ཀྱིས་ཕྱག་རྒྱ་བཞིས་བསྡམས་དེ་དབང་དུ་བསྡུས་སོ།། དེའི་ནང་རོལ་ན་བདུད་ཀྱི་ཉེ་གནས་མ་སྲིན་མོ་ཀོར་ཏི་ཤྭ་རི་ཞེས་བགྱི་བ། ནག་མོ་ཆེན་མོ་རལ་པ་ཅན་མགོ་དགུ་ཡོད་པ། མིག་ནས་མེ་འབར་བ། ཁ་ནས་མིའི་ལྷ་བ་རྐང་བྲ་བ་ཞག་འཛག་པ། ངོས་བཞི་ནས་མེ་འབར་བ་ཞིག་གིས་བསྟན་ནས། སྤྱིར་ན་རང་གི་ཁྱིམ་བདག་མ་ཏྲང་ཀ་རུ་ཡང་འདྲན། དེ་བས་ཀྱང་མཚན་མ་སྔོན་མ་མཐོང་བ་འདྲ་བ་ན། གཟི་བྱིན་དང་བརྗིད་དང་ལྡན་པ། འོད་ཟེར་ཕྱོགས་བཅུར་འཕྲོ་བ་ཞིག་མཐོང་ནས། འདོད་ཆགས་དང་ཆགས་སེམས་ཀྱིས་ནོན་ནས། དབང་མེད་པར་ནང་ནས་ཕྱིར་ཕྱུང། ཕྱི་ནས་ནག་དུ་ཞུགས་ཏེ་བལྟས། བཅོམ་ལྡན་འདས་ཀྱིས་ཞལ་འཛུམ་པ་དང། འཇིགས་པའི་ཚུལ་བསྟན་པས། མོས་འཛུམ་པ་བསྟན་པ་ཡང་གཟིགས་ནས། བཅོམ་ལྡན་འདས་ཀྱི་ནམ་མཁའ་ལ་ཧཱུཾཿམཐིང་ན་གཅིག་དམིགས་ནས། དུར་ཁྲོད་ཀྱི་བདག་པོ་འདུལ་བའི་ཏིང་ངེ་འཛིན་ལ་དམིགས་ནས་ཧཱུཾ་ཞེས་བརྗོད་པས། མོས་བསམ་པས་འདི་དང་གཉིས་སྦྱོར་བ་བྱས་ཀྱང་རུང་ངམ་བསམ་བྱས།། ནམ་གྱི་སྲོད་ལ་དགའ་ནས་ཧེ་ཞེས་ནརྗོད། ། ནམ་གྱིས་གུང་ལ་ཧུ་ཞེས་བརྗོད། ཐོ་རངས་ཀ་ཕཊ། ཅེས་བརྗོད་པས། ནམ་ལངས་ནས་རྒྱུ་འབྲས་ལས་སྤྲུལ་པའི་སྲས་སྔོན་ག་རལ་པ་ཅན་དབུ་དགུ། གཡས་དཀར། གཡོན་དམར། དབུས་མཐིང་བ། དབུའི་བར་བ་གཡས་སར། གཡོན་ལྗང། དབུས་དམར། དབུ་ཐ་མ་གཡས་དཀར། གཡོན་ལྗང། དབུས་སེར་བྱ་བ། ཕྱག་བཅོ་བརྒྱད་པ། དང་པོ་གཉིས་རྡོ་རྗེ་རྩེ་དགུ་པ་དང་དུང་ཆེན་དམར་གྱིས་བཀང་བ་འཁྲུག་ཅིང་གསོལ་བ། དེའི་འོག་མ་གཉིས་ཏི་རའི་གློ་སྙིང་འབྱིན་ཅིང་ཟབ། དེའི་འོག་མ་གཉིས་པ་སུ་ཏའི་རྒྱུ་མ་སྡོག་པ། དེའི་འོག་མ་གཉིས་ཉི་ཟླ་ཐུགས་ཀར་འཛིན་པ། དེའི་འོག་མ་གཉིས་བྱ་ཁྱུང་དང་འུག་པ་འཛིན་པ། དེའི་འོག་མ་གཉིས་རྡོ་རྗེ་རྩེ་ལྔ་དང། མུ་སུ་ར་རྩེ་གསུམ་པ་བསྣམས་པ། དེའི་འོག་མ་གཉིས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་བསྣམས་པ། ཐ་མ་གཉིས་གསེར་གྱི་རྟེའུ་ཆུང་དང་སྲུང་ཡབ་བསྣམས་པའོ།། ཞབས་བརྒྱད་མ་ཧཱ་དེ་བ་ཕོ་མོ་དང། ཚོགས་ཀྱི་བདག་པོ་ཕོ་མོ་དང། བྱིན་ཡ་ཀ་ཕོ་མོ་དང། མ་ཧཱ་ཀཱ་ལ་ཕོ་མོ་དང་བརྒྱད་ཕྱོགས་བཞིར་བརྫི་བའོ།། དུར་ཁྲོད་ཀྱི་རྒྱན། སྤྲུལ་གྱི་སྐ་རགས་དང། ཐོད་འཕྲེང་གི་རྒྱན། ཞིང་གི་ཡ་བ་བསྐོར། གླང་ཆེན་གྱི་ཀོ་རློན། སྟག་གི་ཤམ་ཐབས། ཞིང་གི་གཡང་གཞི། ཐལ་ཆེན་གྱི་ཚོམ་བུ། རཀྟའི་ཐིག་ལེ། ཞག་གི་ཟོ་རིས། རྒྱན་རྣམ་པ་སྣ་ཚོགས་པས་བརྒྱན་པའོ།། ཞལ་ནས་ཧཱུཾ་དང་ཕཊ་ཀྱི་སྒྲ་སྒྲོགས་པ་ཞིག་བྱུང་བས། དབུ་དགུ་ནི་བྱང་ཆུབ་ཐེག་པ་དགུ་ལ་འཇོག་པ། སྤྱན་དབུ་མ་དགུ་ནི་དབྱིངས་རྣམས་ལ་གཟིགས་ཐབས་བལྟ་བ། སྤྱན་བཅོ་བརྒྱད་ནི་དབང་པོ་དྲུག། ཡུལ་དྲུག། རྣམ་ཤེས་དྲུག་གི་རང་བཞིན་ནོ།། ཕྱག་མཚན་བཅོ་བརྒྱད་བསྣམས་པ་ནི། མཐར་གྱིས་གནས་པའི་སྙོམས་པར་འཇུག་པའི་ཁྲོ་བོ་བརྒྱ་རྩ་བརྒྱད། ཁྲོ་མོ་བརྒྱད་རྩ་བརྒྱད། ཆོས་ཐམས་ཅད་ནི་ཡང་སྤྲུལ་དང། ཞིང་སྤྲུལ་ལས་གྲུབ་པ་འདི་ལྟ་བུའི་ལས་གྲུབ་པ་ཤ་སྟག་གོ། ཞབས་བརྒྱད་ནི་འཇིག་རྟེན་གྱི་ལྷ་དང་མིན་མང་པོ་མནན་པ་ནི། བསམ་གཏན་བཞི་དང། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་བཞི་རྫོགས་སོ།། རྡོ་རྗེ་གཤོག་བས་སྟབས་པ་ནི་ཆོས་ནམ་མཁའ་ལྟ་བུ་ལ་ཤེས་རབ་ཀྱི་རྩལ་གྱིས་ནམ་མཁའ་ལ་དབང་སྟོད་པའོ། ། ཡང་དབང་གཅོད་པའོ།། སྤྲུལ་ནག་གིས་ཀླུ་དང་དུ་སྡུད་པའོ།། འདི་ལྟ་བུ་ཞིག་བྱུང་ནས། ཡབ་ཀྱི་མཚན་ཡང་དཔལ་ཧེ་རུ་ཀར་བཏགས། དཔལ་ཆེན་པོ་དེ་དག་གིས་རྡོ་རྗེ་སའི་ལ་ཆགས་པའི་ཚུལ་གྱིས་ནུས་པའི་སྤྱོད་ཡུལ་འདི་དག་བོར་ནས་སླར་ས་བཅུ་བཞི་པར་གཤེགས་སོ། ། དེ་ནས་བཅོམ་ལྡན་འདས་དཔལ་ཧེ་རུ་ཀ་དེས་བདུད་བར་དགོངས་ནས། ཡབ་ཀྱིས་བཀའ་སྩལ་པ། བདུད་ཐུལ་ཅིག་པར་བསྒོ་ནས་བཞག་གོ།། ཞལ་ནས་ཧཱུཾ་དང་ཕཊ་ཀྱི་སྒྲ་བྱུང་པས། སྲིད་པ་གསུམ་གཡོས་པས་བདུད་བརྒྱལ་སངས་ལ་ཕྱིར་ཕྱོགས་སུ་ཞོག་ནས། མགོ་གཅད་ཁྲག་ཟགས་སོ།། དེ་ནས་ཡང་དཔལ་ཧེ་རུ་ཀས་བྱིན་གྱིས་བརླབས་པས། རིགས་ལྔ་སྣགས་རྒྱས་དང། འབྱུང་བ་ཡུམ་ལྔས་བྱིན་གྱིས་བརླབས་པས། ཨོཾ་བི་ཤྭ་བཛྲ་ཀྲོ་དྷ་ཛཝ་ལ་མཎྜལ་ཕཊཿཧ་ལ་ཧ་ལ་ཧཱུཾ་ཕཊ། ཅེས་བརྗོད་པས་རིགས་ལྔར་གྱུར་ཏེ་དབུས་དང། ཤར་དང། ལྷོ་དང། ནུབ་དང། བྱང་དུ་བཀོད་པ་ལས། ཧེ་རུ་ཀ་ཡབ་ཡུམ་བཅུ་ལས། ཀེའུ་རི་ལ་སོགས་པ་བརྒྱད་སྐྱེས་ནས། ཀོའུ་རི་ལ་སྲིད་ལ་གསུམ་ཐར་པར་བྱེད་པར་དབང་བསྐུར། ཙིའུ་རི་ལ་དབྱིངས་ནས་ཐུགས་དམ་བསྐུལ་བར་དབང་ཐོག་པྲ་མོ་ཧ་ལ་སྟོང་གསུམ་ཕྱག་རྒྱས་འདེབས་པར་དབང་བསྐུར། བི་ཏ་ལི་ལ་སྟོང་གསུམ་རྨོངས་པར་བྱེད་པར་དབང་བསྐུར། སྤུ་ཀ་སི་ལ་སྟོབས་ཀྱི་ཁམས་གསུམ་སྒྱུར་ཏེ་ལྕོབ་བྱེད་ཀྱི་དབང་བསྐུར། གྷས་མ་རི་ལ་འཇིག་རྟེན་འཁྲུག་ཅིང་ཞལ་དུ་སྟོབས་པའི་དབང་བསྐུར། སྨ་ཤ་ནི་ལ་དམེ་ཤ་ལ་དབང་བྱ་བ་དང་མ་མོའི་དབང་བསྐུར། ཙནྡ་ལི་ལ་ཚེ་འཛིན་པར་དབང་བསྐུར་ཏེ། ཡེ་ཤེས་ཀྱི་དུར་ཁྲོད་ཀྱི་བདག་པོའོ།། དེ་ནས་བདུད་ཀྱི་བུ་མོ་མེ་ཟམ་དང། བྲག་གྱོན་མ་དང། ཆུ་འབེབས་མ་དང། རླུང་འབྱིན་མ་བཞི་སྲོད་ལ་སེང་གེའི་མགོ་དང། སྟག་དང། ཝ་དང། སྤྱང་ཀི་བཞི་རུ་སྤྲུལ་ནས་བཏང་བ་ལ། ཧེ་རུ་ཀ་མ་ཆགས་ཐབས་ཀྱི་སྦྱོར་བ་བྱས་པས། སེང་གེའི་མགོ་ཅན་ཡབ་ཡུམ་ལྷ་སྲིན་ཕྱེ་བའི་བུ་འཕྲ་མེན་མར་སྐྱེས་ནས། ལས་ཅི་ནུས་སྨྲས་པས། འཇིག་རྟེན་སྒྲོལ་ནུས་སྐད་ནས། སིང་ཧ་མུ་ཁར་བཏགས། སྟག་གི་མགོ་ཅན་ལ་བདུད་བཏུལ་བས། བྱ་གྷྲི་མི་ཁར་བཏགས། ཝའི་མགོ་ཅན་ལ་སྲི་གདུལ་བས། སྲི་ལ་མུ་ཁར་བཏགས། སྤྱང་མོའི་མགོ་ཅན་ལ་དྲག་དལ་ནུས་སྐད་ན། ཤྭ་ན་མུ་ཁར་བཏགས་སོ།། དེ་ནས་ཡང་ཐོ་རངས་ཁ་བྱ་རྒོད་དང། ཁཱ་ཏ་དང། བྱ་རོག་དང། འུག་པ་བཞི་བཏང་ནས། མ་ཆགས་ཐབས་ཀྱི་སྦྱོར་བ་བྱས་པས། ནམ་ལངས་ནས་བུ་རེ་རེ་སྐྱེས་པས། བྱ་རྒོད་མགོ་ཅན་ལ་ཁམས་གསུམ་དབང་ལ་ཁྲག་དྲང་བར་བྱས་ཏེ། གྲི་དྷ་མུ་ཁར་བཏགས། ཀང་ཀའི་མགོ་ཅན་དུར་ཁྲོད་འདུལ་བར་དབང་བསྐུར། ཀང་ཀ་མུ་ཁར་བཏགས། བྱ་རོག་མགོ་ཅན་ལ་ཡོན་ཏན་གྱི་ཡིད་བསྐུར་བར་བྱས་ནས། ཁ་ཁ་མུ་ཁར་བཏགས། འུག་པའི་མགོ་ཅན་ལ་སྣ་དྲང་བར་བཅད་ནས། ཧཱུ་ལུ་མུ་ཁར་བཏགས་སོ། ། སྒོ་བཞིར་ཏ་ཀྲིད་ཆེན་པོ་བཞི་བཞག་གོ། འཇིག་རྟེན་ལས་འདས་པའི་མདོའི་རྒྱུད་ལས། དུར་ཁྲོད་དང་ཡེ་ཤེས་ཀྱི་མ་མོས་བདུད་བཏུལ་བའི་ལེའུ་སྟེ་གསུམ་པའོ།། དེ་ནས་ཁྲོ་བོ་བཅུ་དང་ཁྲོ་མོ་བཅུ་ཕྱོགས་བཞི་མཚམས་བརྒྱད་དེ། སྟེང་འོག་བཅུར་བཀོད་དེ། དེའི་མདུན་དུ་ཡང་དྲི་ཟ། གཤིན་རྗེ། ཀླུ། གནོད་སྦྱིན། མེ་ལྷ། སྲིན་པོ། རླུང་ལྷ། རུ་ཏྲ། བྱི་ན་ཡ་ཀ། ཟླ་བ་དང་ཉི་མ། ས་བདག་གིས་སྟན་དུ་བྱས་ནས། དེས་གདན་ཁྲི་ཡང་རང་རང་གི་གདན་དང། ཤིན་ཏུ་རྣམ་པར་རྒྱལ་བ། བཛྲ་ཀྲོ་དྷ་བི་ཛ་ཡ་སྟེ། ཞལ་གསུམ། ཕྱག་དྲུག། གཡས་དཀར། གཡོན་དམར། དབུས་མཐིང་ནག། ཕྱག་གཡས་རྡོ་རྗེ། ཏི་ཤུལ་ལ། ཏི་རའི་དབྱུག་པ། གཡོན་དྲིལ་བུ། འཁོར་ལོ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཀུན་ལ་དུར་ཁྲོད་ཀྱིས་བརྒྱན་ཏེ། གཤོག་པ་རྡོ་རྗེ་བལྟམས་པ། དྲི་ཟའི་གདན་ལ་ཛ་ཛ་ག་ཏ་མ་བཛྲ། རྡོ་རྗེ་སྙེམས་མ་གཉིས་སྦྱོར་བ་ལས། སྲོད་ལ་སྟག་ཏུ་སྤྲུལ་ནས་གདའ་བདེ་ལས་བུ་སྐྱེས་པས་འཕྲ་མེན་མ་འཇིགས་བྱེད་སྟག་གི་མགོ་ཅན་ཞིག་ཏུ་སྤྲུལ་ནས་གདའ་ནས། བྱ་གྷྲི་ཡོ་གི་སྟེ། ལས་ཅི་ནུས་སྨྲས་པས། བདག་གི་མྱོས་པར་ནུས་སྐད་ནས། མྱོས་བྱེད་མས་ཏ་མ་ཏ་ཞེས་བཏགས་སོ།། ཐོ་རངས་བྱ་རྒོད་དུ་སྤྲུལ་ནས་གདའ་ནས། མ་ཆགས་ཐབས་ཀྱི་སྦྱོར་བའི་སྲས་བྱ་རྒོད་ཀྱི་མགོ་ཅན་ཞིག་བྱུང་སྟེ། ཀྲོ་དྷ་ཡོ་ག་ཞེས་བཏགས་ནས། ལས་ཅི་ཤེས་སྨྲས་པས། ངས་ཐུགས་དམ་བསྐུལ་ནུས་སྐད་ནས། ཛ་བྱ་ཏ་ཀི་མྱོས་བྱེད་མ་ར་བཏགས་སོ། ། ཤར་ལྷོ་མཚམས་ན་མེ་ལྷའི་གདན་སྟེངས་ན། དབྱུག་པ་སྔོན་པོ་དབུ་གསུམ་ཕྱག་དྲུག་པ། གཡས་དཀར། གཡོན་དམར། དབུས་སེར་ཞལ། གཡས་རྡོ་རྗེ། མེ་ཐབ། བྱ་རོག་བསྣམས་པའོ། ། གཡོན་བྷན་དྷ། ཏི་ར། རལ་གྲི། དུར་ཁྲོད་ཀྱི་རྒྱན་དགུ་གསོལ་བ། ཨུ་ཀྲ་མས་ཏེ་སྡེར་མོ་ཅན་དང་གཉིས་ཀྱི་བྱིན་རླབས་ཀྱི་སྲས། སྲོད་ལ་ཙ་མ་ར་ཡ་སྟེ་གཡག་མགོ་ཅན་སྐྱེས་པས། ལས་ཅི་ནུས་སྨྲས་པས། སྲིད་པ་གསུམ་གྱི་ཡིད་འཕྲོག་ནུས་སྐད་ནས། ན་མ་ཛ་ཧ་ས་ཏེ་ཡིད་འཕྲོག་མར་བཏགས། ཐོ་རངས་བྱ་རོལ་ཏུ་སྤྲུལ་ནས་བཏང་བ་ལས། བྱའུ་བྱ་རོག་ཅན་ཞིག་གདའ་བས། ཁ་ཁ་ཡོ་གི་སྟེ། ལས་ཅི་ནུས་སྨྲས་པས། དུག་གསུམ་ཟ་ནུས་སྐད། བག་ཤ་ཟ་བྱེད་མར་བཏགས་སོ།། ལྷོར་གཤིན་རྗེའི་གདན་སྟེངས་ན། ཡ་མན་ཏ་ཀ་གཤིན་རྗེའི་གཤེད་དབུ་གསུམ་ཕྱག་དྲུག་པ། གཡས་དཀར། གཡོན་དམར། དབུས་སྔོ། ཕྱག་གཡས་རྡོ་རྗེ། ཐོ་བ། དགྲ་སྟ། གཡོན་བྷན་དྷ། ཏིར། བྱ་འུར་པ་བསྣམས་པའོ།། ཙན་དྭངས་ཤམ་སྟེ་རྡོ་རྗེ་གཏུམ་མོ་དང་གཉིས་མེད་བྱིན་རླབས་ལས། སྲོད་ལ་ཤ་བར་སྤྲུལ་ནས་གདའ་བས། ཤ་བའི་མགོ་ཅན་ཞིག་བྱུང་བས། སྤྲ་མོ་ཡོ་གི་སྟེ། ལས་ཅི་ནུས་སྨྲས་པས། གདུག་པ་གསུམ་གྱི་ཁྲག་འདྲེན་ནུས་སྐད་ནས། རག་ཏ་མ་ཏ་ཀོང་ཁྲག་འདྲེན་མར་བཏགས་སོ། ། ཐོ་རངས་འུག་པར་སྤྲུལ་པ་ལས། མ་ཆགས་ཐབས་ཀྱི་རོལ་པ་མཛད་པ་ལས། དེའི་བྱིན་རླབས་ལས་འུག་པའི་མགོ་ཅན་བྱུང། ཧཱུ་ལུ་མ་ཀས་ཏེ། ལས་ཅི་ནུས་སྨྲས་པས། འདྲེལ་ཅིང་སྨྱོ་བར་ནུས་སྐད་ནས།། རི་བི་ཀུ་རུ་སྟེ་འདྲེམ་བྱེད་མར་བཏགས་སོ།། ལྷོ་ནུབ་མཚམས་ན་བདེན་བྲལ་གྱི་གདན་ལ། ཨ་རྱ་ཨ་ཙ་ལ་དབུ་གསུམ་ཕྱག་དྲུག་པ། གཡས་སེར། གཡོན་དམར། དབུས་སྨུག་ནག། གཡས་རྡོ་རྗེ། རལ་གྲི། དགྲ་སྟ། གཡོན་བན་དྷ། དབྱུག་ཐོ། ཝ། ཚ་ཉ་མ་ཀ་ཏེ་ཡུམ་གཏུམ་ཁུང་དང་སྦྱོར་བའི་བྱིན་རླབས་ལས། སྲོད་ལ་གཟིག་ཏུ་སྤྲུལ་པ་ལས། དེ་གཉིས་སྦྱོར་བའི་བྱིན་རླབས་ལས་གཟིག་མགོ་ཅན་དུ་བྱུང། བྱ་ཀ་ཡོ་གི་སྟེ། ལས་ཅི་ནུས་སྨྲས་པས། གདུག་པ་གསུམ་འཇོམས་ནུས་སྐད་ནས། འཇོམས་བྱེད་མར་བཏགས། ཐོ་རངས་ཁྭའི་མགོ་ཅན་ལ་ཀ་ཀི་ལ་ཡོ་གི་སྟེ། ལས་ཅི་ནུས་སྨྲས་པས། ཧ་པུ་རི་ཉ་སྟེ། ལས་བྱེད་མར་ནུས་སྐད་ནས། ལས་བྱེད་མར་བཏགས་སོ།། ནུབ་ཏུ་ཀླུ་མོའི་གདན་སྟེངས་སུ་དཔལ་རྟ་མགྲིན་ཞལ་གསུམ་ཕྱག་དྲུག་པ། གཡས་དཀར། གཡོན་སྔོ། དབུས་དམར་ཞལ། རྟ་མགོ་ལྗང་ཁུ། རྔོག་མ་ལེ་བརྒན། དཔྲལ་བ་དཀར་ལ་ཞལ་གདངས་མཆེ་བ་གཙིགས་པ། དུར་ཁྲོད་ཀྱི་རྒྱན་གྱིས་བརྒྱན་པ། གཡས་གསུམ་ན་རྡོ་རྗེ། ཨུ་ཏིར། དབྱུག་པ། གཡོན་པ་གསུམ་ན་ལྕགས་སྒྲོག། ཞགས་པ། བྱ་ཁྱུང་བསྣམས་པ། ཧ་ཡ་གྲི་བ་སྟེ་རྟ་མགྲིན་ཨ་ལོ་ཏིང་ཀ་སྟེ། དུར་ཁྲོད་བདག་མོ་དང་གཉིས་ཀྱི་བྱིན་གྱི་རླབས་ལས། སྲོད་ལ་བྱི་ལར་སྤྲུལ་ནས་བུ་བྱི་ལའི་མགོ་ཅན་བྱུང། ཧཱུ་ལུ་ཡོ་གི་སྟེ། ལས་ཅི་ནུས་སྨྲས་པས། བརྩོན་ཞིང་རྨུགས་པར་བྱེད་ནུས་སྐད། རྨུགས་བྱེད་མར་བཏགས་སོ། ཐོ་རངས་པུ་ཤུད་གཅིག་ཏུ་སྤྲུལ་ནས། དེའི་བུ་པུ་ཤུད་མགོ་ཅན་བྱུང། ངག་ཏི་རི་ཁ་སྟེ། ལས་ཅི་ནུས་སྨྲས་པས། བདག་གིས་མགྱོགས་པར་རྔ་ཐོགས་སྐད་ནས། ཙ་བྱོ་ཧ་ཀ་སྟེ། མགྱོགས་བྱེད་མར་བཏགས་སོ།། ནུབ་བྱང་རླུང་ལྷའི་གདན་སྟེངས་སུ་ཨ་པ་ར་ཙི་ཏ་ཞལ་གསུམ་ཕྱག་དྲུག་པ། གཡས་སེར། གཡོན་ལྗང། དབུས་དམར། ཕྱག་གཡས་གསུམ་ན་རྡོ་རྗེ། རྡུལ་ཡབ། བདན་བསྣམས་པ། གཡོན་གསུམ་ན་རྡོ་རྗེ། དབྱུག་པ། དུང་ཆེན་བསྣམས་པ། རྒྱན་འགྲེ་བར་བྱ། དུར་ཁྲོད་ཀྱི་རྒྱན་དགུས་བརྒྱན་པ། བ་ཡུ་བེ་སྟེ། རླུང་འབྱིན་སྲས་དྲེད་ཀྱི་མགོ་ཅན་བྱུང།། བྱི་ཤ་པུ་ཀ་ར་ཡོ་གི་སྟེ། ལས་ཅི་ནུ+ིས་སྨྲས་པས། བཛྲ་ཨཱ་ཡུརྴི་ཨཱ་བེ་ཤ་ཡ་སྟེ། ཚེ་འབེབས་ནུས་སྐད་ནས། འབེབས་བྱེད་མར་བཏགས་སོ།། ཐོ་རངས་བྱི་བ་དང་སྦྱོར་བའི་བྱིན་རླབས་ལས། སྲས་བྱི་བའི་མགོ་ཅན་བྱུང། ལས་ཅི་ནུས་དྲིས་པས། ཧ་རི་སྟེ། འཕྲོག་ནུས་སྐད་ནས། འཕྲོག་བྱེད་མར་བཏགས་སོ།། དེ་ཡན་ཆད་འཕྲ་མེན་མ་བཞི་བཅུའི་བསྐོར་ལ། ཁྲོ་བོ་ཆེན་པོ་བཅུས་ནི་བདུད་བཏུལ། ཁྲོ་མོ་ཆེན་མོ་བཅུས་ནི་བགེགས་བཅིལ། འཇིགས་བྱེད་ཆེན་མོ་གཅན་གཟན་གྱི་མགོ་ཅན་བཅུ་ནི་འཇིགས་བྱེད་ཀྱི་ཕོ་ཉ། བྱའི་མགོ་ཅན་བཅུ་ནི་རྡོ་རྗེ་འཇིགས་བྱེད་ཀྱི་ཕོ་ཉ་མ་ཡིན་ནོ།། འཇིག་རྟེན་ལས་འདས་པའི་རྒྱུད་ལས། འཕྲ་མེན་མ་བཞི་བཅུའི་ལེའུ་སྟེ་བཞི་པའོ། །།། དེ་ནས་བཅོམ་ལྡན་འདས་བདུད་དང་སྲིན་པོ་འདུལ་བའི་ཏིང་ངེ་འཛིན་ལ་སྙོམསཔར་ཞུགས་ཏེ། བདུད་རུ་དྲ་དེ་ཡང་བདུད་ཀྱི་རྒྱལ་མཚན་བསྒྲེངས་ནས་སུས་ཀྱང་བསྒྲལ་བར་མི་ཚུགས་པར་སྣང་བ་ལས། བཅོམ་ལྡན་འདས་དཔལ་ཆེན་པོས། ཡུངས་ཀར་གཅིག་སྲིན་པོ་ལ་སོ་སོར་འཕང་སྟེ་བཏང་ངོ།། དེའི་སྔགས་འདི་སྐད་དོ།། པུ་ཏ་བྱ་ཏེ། ཤུ་ལ་ནི། རག་ཤ་ནི། རུ་དྲ་ན། ཕཊ་ཕཊ། ཅེས་འཕངས་པས་སྲིན་པོ་རུ་དྲ་ནག་པོ་དེ་ན་ནས་འདུག་གོ། དེ་ནས་བཅོམ་ལྡན་འདས་ཀྱིས་ན་བ་དེ་ལ་མནན་པའི་ཕྱིར་ཡུང་ནག་འཕངས་ཏེ། ཨུ་རྒྱ་ཙ་ལ་ཀ་ལ་ཏྲི་སྣ། བི་ཏི་ཕ་ཏ། ཨུ་ཏ་ཏ་ར། བུད་རྦ་བྱ་ག་ཏི་སྟི། ཤུཀྲ། ག་དྷ། ཕཊ་ཕཊ། ཅེས་འཕངས་པས་རུ་དྲ་ནི་བརྒྱལ་ནས་ཤི་བ་ལ། ཕྱིར་ཕྱོགས་སུ་ཞོན་ནས་བསྒྲལ། བུ་སྨད་དང་འཁོར་ནི་དབང་དུ་བསྡུས་ཏེ། རུ་དྲ་དེ་ཡང་དེ་དུས་སུ་བསྒྲལ་བ་ལས། འཛམ་བུའི་གླིང་དུ་རོ་མ་ཤོང་ནས་སོ་སོར་གཏོར་ཏེ་བཏང་བས། རོ་སྨད་རྒྱ་གར་ཡུལ་དུ་བཏང་བས་འདོད་ཆགས་ཆེ་བས་སྔགས་ཀྱི་ཆོས་དེར་དར་རོ།། རོ་སྟོད་སིདྷ་ལའི་ཡུལ་དུ་འཚལ་བས་རྫུ་འཕྲུལ་གྱི་ཆོས་དེར་དར་རོ།། ནང་ཁྲོལ་བལ་ཡུལ་དུ་འཚལ་བས་ལོངས་སྤྱོད་དེར་དར་རོ། ། སྟ་ཟུར་གཡས་རྒྱ་ནག་ཡུལ་དུ་འཚལ་བས་གཙུག་ལག་དེར་དར། སྟ་ཟུར་གཡོན་སྟག་ལ་གཟིག་ཡུལ་དུ་འཚལ་བས་ནོར་དེར་དང། ལག་པ་ལི་ཡུལ་དུ་འཚལ་བས་གྲུབ་པ་བྱུང། རྐང་པ་གཡོན་པ་ཁ་ཆེའི་ཡུལ་དུ་འཚལ་བས་གཏེར་དར། རྐང་པ་གཡས་པ་གླིང་དགུར་གཞག། ཨོ་རྒྱན་དང་དེར་གཏོར། དེ་ལྟར་གྲུབ་པས་རུ་དྲ་གནས་པ་ཡང་དེ་ནས་བྱུང། ཡུངས་ཀར་གྱི་སྙིང་པོ་ནི། ཨུས་བྱ་ཏེ་ཤ་ཏྲུཾ། སརྦ་ཙ་ན་ཀ་སི་ཏི་སརྦ་དྷུན། ཞེས་གྲངས་མང་པོ་འབྱུང་ངོ།། དེ་ལ་ཕོ་ཉ་མང་པོར་ཡང་མངགས་ཏེ། ཡུངས་ཀར་དང་ཡུངས་ནག་ཕོ་ཉར་བྱིན་གྱིས་བརླབས་ནས། ཕྱི་ནང་སྡེ་སྣོད་དང་འཇིག་རྟེན་ལས་འདས་པའི་ལྷ་སྲིན་ཐམས་ཅད་མངག་གོ། ཡུངས་ཀར་གྱི་རྒྱལ་པོ་དང། ཡུངས་ནག་མཚོ་འུབ་སྨུག་པོ་གཉིས་ཆར་དུང་ཕོར་མཚན་དང་ལྡན་པ་ཁ་ཕྱེ་ལ་ཞིང་གཤིན་པ་ལ་བན་ད། ནུབ་ཚབས་ཆེ་བའི་གཏིང་དུ་ཁ་གསུམ་ལ་སོགས་པར་བཅུག་ལ་ཁ་གནམ་དུ་བསྟན་པར་བྱས་ལ། ཁ་ནས་ཡར་སའི་དཔངས་མཛུབ་གང་ཡོད་པ། ནང་ཡང་སས་བཀང་པར་བྱས་ལ། དེར་བསྐྱེད་པ་ནི་ཡུངས་ཀར་གྱི་རྒྱལ་པོ་བྱ་སྟེ། དེའི་ཕོ་ཉ་དང་ལས་བྱེད་དོ། ། ཡུངས་ནག་ཚ་འུབ་སྨུག་པོ་དེ་ཡང་དེ་དང་འདྲ། ཡུང་ཀར་དང། ཡུངས་ཟོར་དང་འཕངས་པ་ཡང་ཉིད་དེ། ཡུངས་ནག་ནི་དུར་ཁྲོད་ཀྱི་ཐལ་བ་དང། མི་རོ་བསྲེགས་པའི་ཐལ་སོལ་ལོ།། དེ་ཞིབ་ཏུ་བྱས་པ་དང་ས་བསྲེས་པ་ལ་བསྐྱེད་པ་ནི་ཡུངས་ཀར་རྡོ་རྗེ་རིགས་མཆོག་ཅེས་བྱ་སྟེ། ལས་བཅོལ་བ་བྱེད་དོ།། ཡུངས་ཀར་ཡེ་ཤེས་རིགས་མཆོག་ཅེས་བྱ་བ་ནི་དགེ་སློང་གི་སྐྲ་དང་ལུས་བཀྲུས་པའི་ཆུས་ཞིང་བསྐྱེད་པ་ལ་བྱའོ།། དེས་ནི་འཕགས་པའི་ཐུགས་དམ་སྐུལ་བར་བྱེད་དོ། ། ཡུངས་དཀར་ཡུངས་ནག་ཀྱང་འདྲའོ།། དེའི་སྙིང་པོ་ནི་འདིའོ།། ཨུད་པྱ་ཏེ། ཤུ་ལ་ར་ན་ཙ་ཀ། ཀུ་མ་ཧཱ། ཤ་ཏྲུཾ་ན་སྤྱ། མ་ཀུ་ཏ་ན་ཏྱ། ཤ་ཏྲུཾ་མུར་ཏི་པུ་ཏྲི། ཨུ་བྷྱ་ཏི་ཙ་ན་ཀ་ཙ། བཛྲ་ཛྙཱ་ན་ནཱ་ཡ་ན་རི་ཀུ་མུ་ཀ། ཛ་ཛཿཕཊ་ཕཊ། བྷུད་ཏྱ་ཡ་ཛ་ཛ་ར་ཙ་ན། ཛྙཱ་ན། བཛྲ་ན། ན་ཡ་ན། ཀུ་མ་ཏ་ན། ཛཱ་ཛཱ་ན། ཕཊ་ཕཊ། བྷུད་ཏི་ཛ་ཡ། གུ་ཤ་ཛ་ཛ་ན། ཕོ་ན་ལྕགས་ཀྱུས་སྙིང་ནས་དྲོངས་ཞེས་བྱུང་ངོ། །།། དེ་ནས་བགེགས་གུ་གུལ་ནག་པོས་བདུགས་ལ་གསད་པར་བྱ་སྟེ། གུ་གུལ་དང། དུར་ཁྲོད་དུར་གྱི་རྫས་སུ་སྦྱར་བར་བྱ་སྟེ། མཾ་ས་མཆོག་དང་དམར་ཆེན་སྙིང་པོ་དང།། གོ་རོ་ཙ་ན་རྡོ་རྗེ་དྲི་ཆ་དང། ། ཙིཏྟ་མཆོག་དང་རྡོ་རྗེ་སྨུན་ཆེན་དང། ཀེང་རུས་བ་སུ་ཏ་དང་བྱང་ཆུབ་སེམས།། ཀོ་ཤོ་དང་ནི་རྒུན་འབྲུམ་པ་ན་སེ།། ཨ་མྲ་ན་ལེ་ཀེ་རྒྱས་ཀ་རུ་ཀཾ།། ཤ་ཀྲ་དགྲ་བགེགས་དགུག་པའི་ལས་མཛོད་ཅིག། ཨ་ན་ཛ་ན། ཨ་བི་རཱ་ཤ་ཧཱུཾ་ཕཊ། ཤ་ཁྲག་ཕཊ།། མ་ར་ན་ཕཊ། ཀི་རི་ལི་ཏི་ཕཊ། རི་དག་ཕཊ། གུ་གུལ་གྱིས་བྱིས་གྱིས་བརླབས་པའི་སྔགས་ནི། ཨ་ན་རྫ་ན། ཨ་མྲྀ་ཏ། ཧ་ན་ཧ་ན་ཧཱུཾ། མངག་ཅིང་བསད་པའི། བཛྲ་ཡག་ཤ། བྷུ་ར་ཧཱུཾ་ཧཱུཾ་ཏྲ་ཏ་ཕགས། གུ་གུལ་འབྱུང་པོ་བསྐྲད་པ་ནི། འཇིག་རྟེན་སྐྱོང་བས་གཟུང་དུ་གསོལ།། སིདྷ་པྱ་ན་ནན། ཧི་ལི་ཧི་ལི། ཨི་ལི་ཨི་ལི། སརྦ་ཤ་ཏྲུཾ་མ་ལ་ཀ་མ་ལ་ཏི་བཛྲ་ཤྲུ་ཏི་བཛྲ། ཧེ་རུ་ཀའི་གལ་པོ་ལས། བདུད་ཡགཥ་སྨྲ་ར་ཏཱ་ན་སྒྲུབ་ཐབས་སུ་བསྟན་ནོ།། འཇིག་རྟེན་འདས་པའི་མདོའི་རྒྱུད་ལས། བདུད་ཡག་ཤ་སྨ་ར་ཏཱ་ན་བསྒྲུབ་པའི་ལེའུ་སྟེ་ལྔ་པའོ།།།།། དེ་ནས་བཅོམ་ལྡན་འདས་སྐུ་ཆེ་ཡནལག་རགས་པ་དེས། མཚོན་ཆ་དམ་ཚིག་ཅེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ།། ཕྱག་རྒྱས་མཚོན་ཆ་རྣམས་བྱིན་གྱིས་བརླབས་ཏེ། ཕྱག་བཅོ་བརྒྱད་གཡས་ཀྱི་དང་པོ་རྡོ་རྗེ་ལྕགས་སྒྲོག་སྟེ་ཡབ་ཀྱི་ཕྱག་རྒྱ། རྡོ་རྗེ་ཕ་ལམ་ཅིས་ཀྱང་མི་ཚུགས་ཏེ། མི་འགྱུར་བའི་ཆོས་ཉིད་ཀྱི་རྡོ་རྗེ་དང། རྡོ་རྗེ་ལྟ་བུའི་ཡེ་ཤེས་ཀྱིས་འཁོར་བའི་སྡུག་བསྔལ་འཇོམས་པས་ཡེ་ཤེས་ཀྱི་རྡོ་རྗེ་དང། དོན་དམ་ཐམས་ཅད་རྟོགས་མ་སྲོད་སྤྱང་ཀིར་སྤྲུལ་པའི་སྲས་སྤྱང་ཀིའི་མགོ་ཅན་གཅིག་བྱུང། ཤྭ་ན་ཡོ་ག་སྟེ། ལས་ཅི་ནུས་སྨྲས་པས། དགྲ་བགེགས་ཀྱི་སྙིང་ཟ་ནུས་སྐད་ནས། རག་ཤ་རྩ་སྟེ། ཤོ་ན་སྙིང་འབྱིན་མར་བཏགས་སོ། ། ཐོ་རངས་ཁྲའི་མགོ་ཅན་གཅིག་བྱུང། ཀ་ཀི་ཡོ་གི་སྟེ། ལས་ཅི་ནུས་སྨྲས་པས། བདག་གིས་སྲིད་པ་གསུམ་ལ་འཛིན་ནུས་སྐད་ནས། པུ་ཏི་ཀ་སྟེ་འཛིན་བྱེད་མར་བཏགས་སོ།། བྱང་དུ་གནོད་སྦྱིན་གྱི་གདན་ལ་བདུད་རྩི་འཁྱིལ་བ་དབུ་གསུམ་ཕྱག་དྲུག་པ། གཡས་ནག། གཡོན་སེར། དབུས་ལྗང། ཕྱག་གཡས་རྡོ་རྗེ་རྒྱ་གྲམ། དབྱུག་པ། རལ་གྲི། གཡོན་པ་ནད། ཏི་ར། ཕ་ཝང་བསྣམས་པའོ། ། དུར་ཁྲོད་ཀྱི་རྒྱན་དགུས་བརྒྱན་ནོ།། ཡུམ་ཤྭ་ན་ཛོ་གི་གདན་ཏེ། སྒྲ་འབྱིན་མའི་བྱིན་བརླབས་ལས། སྲོད་ལ་སེང་གེ་རུ་གདའ། སིང་ཧ་མུ་ཁ་སྟེ། ལས་ཅི་ནུས་སྨྲས་པས། གཟི་སྦྱིན་འབྲལ་ནུས་སྐད་ནས། འབྲས་བྱེད་དུ་བཏགས་སོ།། ཐོ་རངས་ཕ་ཝང་དུ་བྱུང་བས། དེའི་བུ་ཡང་ཕ་ཝང་མགོ་ཅན་དུ་བྱུང་བས། རྩ་རྨངས་ལ་ཡོ་ཀི་སྟེ། ལས་དྲིས་པས་སྨྲ་སྟེ་ཅི་ལ་སྟེ་དྲན་པར་ནུས་སྐད་ནས། དྲན་བྱེད་མར་བཏགས་སོ།། བྱང་ཤར་དུ་བྱིན་ཡ་ཀའི་གདན་སྟེངས་སུ་ཏྲཻ་ལོ་ཀྱ་བི་ཛ་ཡ་སྟེ། ཁམས་གསུམ་རྣམ་པར་རྒྱལ་བ་དབུ་གསུམ་ཕྱག་དྲུག་པ། གཡས་དམར། གཡོན་ལྗང། དབུས་སེར་བོ། ཕྱག་གཡས་རྡོ་རྗེ། མུ་ཟ་ར་དང། དབྱུག་པའོ། ། གཡོན་བྷན་ད། སྟ་རི་དང། བྱ་ཁྱུང་བསྣམས་པའོ།། དུར་ཁྲོད་རྒྱན་དྲུག་གུས་བརྒྱན་ཏེ། ཡུམ་ད་ར་དང་ཙས་ཀ་སྟེ་གསོད་བྱེད་མ། སྲོད་ལ་དོམ་གྱི་མགོ་ཅན་བྱུང། ཛ་ཀ་ཏ་ཧུ་ལུ་ཡོ་གི་སྟེ། ལས་དྲིས་པས་མྱོས་པར་ལས་བྱེད་ནུས་སྐད་ནས། སྭ་ཏ་མས་ཏེ། མྱོས་བྱེད་མར་བཏགས་སོ།། ཐོ་རངས་དྲེད་ཀྱི་མགོ་ཅན་བུ་དྲེན་མགོ་ཅན་དུ་བྱུང། རྡོ་རྗེ་ར་པ་རྒུ་ཡོ་གི་སྟེ། ལས་དྲིས་པས་ཏ་ཏེ་འབེབས་པར་ནུས་སྐད་ནས། འབེབས་བྱེད་མར་བཏགས་སོ། ། སྟེང་དུ་ཉི་ཟླའི་གདན་སྟེངས་སུ་ཧཱུཾ་མཛད་དབུ་གསུམ་ཕྱག་དྲུག་པ། གཡས་དམར་སེར། གཡོན་ལྗང་སེར། དབུས་སྔོ་བ། གཡས་རྡོ་རྗེ། ཐོ་བ། འཁོར་ལོ། གཡོན་དུང་ཆེན། ཞགས་པ། དམིགས་པ་བསྣམས་པ། ཡུམ་ཙི་ལི་ཏི་སྒྲ་འབྱིན་མ། ཐོ་རངས་ཕག་ཏུ་སྤྲུལ་པའི་སྲས་ཕག་གི་མགོ་ཅན་བྱུང། སྨ་ར་ཙ་མ་ར་སྟེ། ལས་ཅི་ནུས་སྨྲས་པས། སུ་མ་ར་སྟེ་མནན་པའི་ལས་ནུས་སྐད་ནས། མནན་བྱེད་མར་བཏགས་སོ། ། སྲོད་ལ་སྨིགས་བུར་སྤྲུལ་པའི་སྲས་སྨིགས་བུའི་མགོ་ཅན་བྱུང། ག་ན་ཙ་ཡོ་གི་སྟེ། ལས་ཅི་ནུས་སྨྲས་པས། རྐུ་བར་བྱེད་ནུས་སྐད་ནས། ད་ལུ་བགྱི་སྟེ། རྐུན་བྱེད་མར་བཏགས་སོ།། འོག་ཏུ་ས་བདག་གི་གདན་སྟེངས་སུ་སྟོབས་པོ་ཆེ་དབུ་གསུམ་ཕྱག་དྲུག་པ། གཡས་སྔོ། གཡོན་དམར། དབུས་ནག། གཡས་ན་རྡོ་རྗེ། མདའ་གཞུ། ཐོ་བ། གཡོན་དུང་ཆེན། གཏུན་ཤིང་བསྣམས་པ། ས་མ་ཏ་ཀ་སྟེ། སྐུལ་བྱེད་མར་བཏགས་སོ། ། སྲོད་ལ་དྲེད་དུ་སྤྲུལ་པའི་པར་མཛད་པས་ལས་ཀྱི་རྡོ་རྗེའོ།། ས་དགུ་འཇོམས་པས་ལྟ་བ་ཡར་ལྟ་བརྩེ་དགུ། མར་བལྟ་བ་སྐྱེ་གནས་དགུ་འཇོམས་པས། ཡར་བལྟ་བ་ཡེ་ཤེས་ལྔས་རྒྱུད་ལྔ་སྒྲོལ་བ། མར་བལྟ་བས་དུག་ལྔ་འཇོམས་པ། འཕྲིས་རྩེ་གཅིག་པས་བྱེད་པའོ།། དེ་ལས་འབྲེལ་ནས་ལྕགས་སྒྲོག་ནི་སྐྱེ་གནས་དགུ་འཇོམས་པ་ལ་འབྲེལ་པ་ལ་རྟོགས་པ་ལས་ཀྱི་འབྲེལ་བའོ།། ཡབ་ཡུམ་དང་འབྲེལ་བས་དམ་ཚིག་གི་འབྲེལ་བའོ། ། འཕགས་པ་དང་འབྲེལ་པས་ལྕགས་སྒྲོག་ཐུགས་རྗེ་ཐབས་ཀྱི་འབྲེལ་པ། གཡོན་དང་པོ་ཡུམ་གྱི་ཚུལ་དེ་དུང་ཆེན་དམར་གྱིས་བཀང་བ་བསྣམས་ཏེ། འདས་པའི་སངས་རྒྱས་མཆོད་པ་དང། ཐུགས་རྗེ་ཆགས་པའི་རཀྟ་ནི་དུས་གསུམ་གྱི་རྒྱལ་བ་མཆོད་པའོ།། གཡས་ཀྱི་དང་པོ་གཉིས་པ་ནི་ཞིང་གི་དབྱུག་པ་སྟེ། ཀི་རི་མས་རྣམ་རྟོག་འཇོམས་པ་དང། ཉམས་པ་འདུལ་བར་བྱེད་པ་དང། བསྒྲུབ་པའི་དགོངས་གྲུབ་ལེན་པར་བྱེད་པའོ། ། གཡས་གསུམ་བརྩེའུ་རི་མདའ་གཞུ་ནི་འཕྲ་མེན་འབྱིན་པའི་མདའ་གཞུ་དང། བདུད་ལས་རྒྱལ་བའི་མདའ་གཞུ་དང། དབྱིངས་ལས་ཐུགས་དམ་བསྐུལ་བའི་མདའ་གཞུའོ། ། གཡས་ཀྱི་བཞི་པ་ན་ཁ་ཏོང་ཁའི་རྒྱལ་མཚན་ནི་སྤྲ་མོ་ཧ་སྟེ། ཡུལ་ལ་ཟློག་ནས་སྟག་གི་ཁ་ཏོང་ཁ་དང། བགེགས་ལ་འདེབས་པའི་ཁ་ཏོང་ཁ་དང་འཁོར་དབང་སུ་སྡུད་པའི་ཁ་ཏོང་ཁའོ།། གཡས་ཀྱི་ལྔ་ལ་རྡོ་རྗེ་པེ་ཏ་ལི་ནི་མི་འགྱུར་བ་ཆོས་ཉིད་ཀྱི་རྡོ་རྗེ། འཇོམས་པ་ཡེ་ཤེས་ཀྱི་རྡོ་རྗེ་དང། མཛད་པ་ལས་ཀྱི་རྡོ་རྗེའོ།། གཡས་དྲུག་པ་ན་རྡོ་རྗེ་པུ་ཀ་སིའི་རྒྱུ་ཞགས་ནི། རྒྱུ་དྲུག་གཅོད་པ་དང། ཐུགས་རྗེ་རྒྱུན་ཐག་དང། བྱམས་པའི་རྒྱུན་ཞགས་སོ། ། གཡས་ཀྱི་བདུན་པ་ཐོད་རློན་འགག་པ་མ་རི་ཏི། ཆ་གཡོས་པ་ཆོས་ཀྱི་སྐུ་དང། མ་ཡངས་པ་ལོངས་སྤྱོད་རྫོགས་པའི་སྐུ་དང། མི་ཤིགས་པ་སྤྲུལ་པའི་སྐུའོ།། གཡས་ཀྱི་བརྒྱད་པ་སྨ་ཤ་ལི་སྙིང་འབྱིན་པ་ནི། ཡེ་ཤེས་ལྔ་དང་ལྡན་པ་བྱང་ཆུབ་སེམས་ལ་རོལ་པ་དང། ཡབ་ཡུམ་གསོང་ཆེན་ཐུགས་ལ་རོལ་པ་དང། སེམས་དཔའ་སེམས་མ་ཡེ་ཤེས་རྒྱུ་འབྲས་ལ་རྫོགས་པར་ཐུགས་ལ་རོལ་པའོ།། གཡས་ཐ་མ་དགུ་པ་ཙན་ད་ལི་བྷན་ད་ནི། རྣམ་པར་དག་པ་ཆོས་ཉིད་དང། ཐམས་ཅད་མཁྱེན་པའི་ཡེ་ཤེས་དང། ཆགས་པ་ཐུགས་རྗེའོ།། ཕྱག་གཡོན་གྱི་གཉིས་པ་ནི། སིང་ང་མ་སྟེ། སྡིགས་པའི་མཛུབ་མོ་ནི་རང་བཞིན་གྱིས་འཇིག་རྟེན་བསྒྲལ་བའི་བསྡིགས་པ་དང། རྟོགས་པས་བསྡིགས་པ་དང། ལས་ཀྱིས་བསྡིགས་པའོ།། གཡོན་གྱི་གསུམ་པ་བྱ་ཁྲ་ཆེན་མོ་ནི། ཅི་འདོད་བསྒྲུབ་པ་དང། གང་འདོད་སྟེར་པ་དང། འདོད་དགུར་བསྒྱུར་བའོ། ། གཡོན་གྱི་བཞི་པ་སྲི་ལ་རྒྱུ་ཞགས་ནི། མཉེན་ལ་ལྕུག་པ་ཡུམ་གྱི་ཚུལ་དུ་སྟོན་པའོ།། རྩུབ་པས་གདུག་པའི་ཞེ་སྡང་ཚར་གཅོད་པ་དང། ཞགས་པས་སྡིགས་པས་རྒྱུ་ལྔ་དབྱིབས་འབྱིན་པའོ།། གཡོན་གྱི་བཞི་པ་ཤོ་ན་རྡེ་ཆུང་ཚར་གསུམ་གྱི། རྡེ་ཆུང་ལྕང་ལོ་ཅན་གྱིས་གནས་འཇོམས་པ་དང། རྡེ་ཆུང་ཟུར་འགྲོས་ཀྱི་མ་མོ་དང་མཁའ་འགྲོའི་ཐུགས་དམ་བསྐུལ་བ་དང། ཀོ་ཏ་ཤི་སྐད་ཀྱིས་བདུད་འདུལ་བའོ།། གཡོན་གྱི་དྲུག་པ་ཅང་ཏེའུ་ན། ། སྡུག་བསྔལ་སེལ་བར་བྱེད་པ་དང། ཅང་ཏེའུའི་སྒྲའི་དབང་པོ་དང། ཅང་ཏེའུའི་རྟ་སྐདའཚེར་བའོ།། གཡོན་གྱི་བདུན་པ་ཁ་ཊྭཱཾ་དགྲ་སྟ་བསྣམས་པ་ནི། རྣོ་དཔལ་དགྲ་སྟ་ཕྲག་པ་ལ་བཀལ་བ་དང། བདུད་ཀྱི་དབང་པོ་རྣམས་འགྱེལ་བ་དང། བདུད་ཀྱི་གནས་འཇོམས་པར་བྱེད་པའོ།། གཡོན་གྱི་བརྒྱད་པ་ཏྲི་ཤུ་ལ་བསྣམས་པ་ནི། ཁ་ཁ་ཞེས་བག་ཆགས་སེལ་བར་བྱེད་པ་དང། ཕྱག་ན་རྡོ་རྗེས་ཀླད་པ་འགེམས་པ་དང། དམར་ཆེན་དམ་རྫས་འཁྲུག་པར་བྱེད་པའོ།། གཡོན་གྱི་ཐ་མ་དགུ་པ་རུ་ལུ་ཀ་རྡ་བསྣམས་པ་ནི། ཡེ་ཤེས་དབྱིངས་ཀྱི་བརྡ་དང། གསང་བ་ཡུམ་གྱི་བརྡའོ། འཇིག་རྟེན་འདས་པའི་མདོའི་རྒྱུད་ལས། མཚོན་ཆ་དམ་ཚིག་གི་ལེའུ་སྟེ་དྲུག་པའོ།།།། དེ་ནས་བཅོམ་ལྡན་འདས་དཔལ་ཆེན་པོས། ཧཱུཾ་བི་ཤ་བཛྲ་མཧཱ་ཀྲོ་དྷ་མ་ཧཱ་ཤྲིཿ་ཧེ་རུ་ཀ་ཧ་ལ་ཧ་ལ། ཞེས་བརྗོད་པས། འཇིག་རྟེན་དྲུག་སྲིད་པ་གསུམ་དུས་གཅིག་ཏུ་གཡོས་པས། སྟེང་འོག་ཕྱོགས་མཚམས་ཐམས་ཅད་གན་ཕུབ་ཏུ་བྱས་ཏེ་གཡོས་པས། འུར་ཆེམ་ཐུག་སྒྲས་བདུད་པདྨ་སྲིན་པོ་དང། མཐུ་དང་དབང་ཆེ་པ་ཐམས་ཅད་བརྒྱལ་འགྱེལ་བའི་སྟེང་དུ། དཔལ་ཆེན་པོ་ཤྲིཿ་ཧེ་རུ་ཀས་ཕྱིར་ཕྱོགས་སུ་ཞོན་ནས། ལ་ལ་ནི་བསད་ནས་མགོ་བཅད། ལ་ལའི་ཁྲག་འཐུངས། ལ་ལའི་རུས་པ་འཆོས། ལ་ལ་ནི་བཅིངས། ལ་ལ་ནི་མནན། དེ་ནས་ཀུན་བརྒྱལ་བ་སངས་ཙ་ན། ཐམས་ཅད་དབང་དུ་འདུས་ནས། དབང་ཕྱུག་ཆེན་པོ་རྣམས་བརྒྱལ་སངས་ནས་མ་དང། ཆུང་མ་དང། སྲིང་མོ་དང། བུ་མོ་རྣམས་ཕུལ་ལོ།། རང་རང་ཡང་བྲན་བྱ་བར་དམ་བཅས་མནའ་བོར་ཏེ། ལས་དང་པོ་བྱེད་པར་ཁས་འཆེས་ནས་ལག་ཏུ་རྡོ་རྗེ་གཏད། རང་གི་ལག་ཆ་དང་སྟན་དུ་ཆས་ནས། རྡོ་རྗེ་འཆང་བའི་གྲལ་ཏུ་བཞུག། ཡེ་ཤེས་བླ་མའི་ས་ལ་དལ་གྱིས་འཛེག་ཏུ་བཅུག་གོ། དེ་ནས་དེ་དག་གི་འཁོར་དབང་དུ་འདུས་ནས།། ཧཱུ~ཾ་ཧཱུ~ཾ་ཧཱུ~ཾ། བྷྱོ་བྷྱོ་བྷྱོ། ཨ་ར་ལི་ཛཱ་ཛ་ཛ། ཞེས་བརྗོད་ནས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ནས་ནམ་མཁའ་དང་བཅས་པ་ཐམས་ཅད་ཡུངས་འབྲུའི་ནང་དུ་ཚུད་དོ། ། དེ་ནས་འབྱུང་པོ་མ་ལུས་པའི་རྒྱལ་པོ་དྲེགས་པ་ཆེན་པོ་ལ་སོགས་པའི་ཆུང་མ་ཕུལ་ཏེ། མ་ནུ་རག་ཤ་སི་ལ་སོགས་པས་ལས་དང་པོ་པར་ཁས་འཆེས། དེ་ནས་དབང་ཕྱུག་མའི་གཙོ་མོ་བརྒྱད་ཀྱིས་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་བགྱིས་ནས་འབངས་བགྱི་བར་ཞལ་གྱིས་འཆེས། ཛ་ཡ་རུ་ཧྲི་བཛྲ་ས་མ་ཡ་བཛྲ་ཧཱུ~ཾ། ཞེས་བརྗོད་པས། དམ་ཚིག་མ་རྡོ་རྗེ་ལས་བྱ་བར་དམ་བཅས་སོ། ཛཱ་ཡ་དུ་ཨུ་མ་ད་ཧི་ཁང་ཁ་ད་རི། ཞེས་བརྗོད་པས། ལྷ་ཆེན་མས་ལས་བྱ་བར་དམ་བཅས་སོ། ཛཱ་ཡ་དུ་པྲ་མ་ནི་ཀངྐ་དཱ་རི། ཚངས་མས་ལས་བྱ་བར་དམ་བཅས་སོ། ། ཛཱ་ཡ་དུ་མ་ཧེ་ཤུ་ལ་དཱ་རེ་ཀེའུ་མ་ཤན་ཏིང་དཱ་རི། ཞེས་བརྗོད་པས།། ཞི་བ་མོས་ལས་བྱ་བར་དམ་བཅས་སོ།། ཛཱ་ཡ་དུ་ན་ར་ཨ་ནི་ཙཀྲ་དཱ་རི། ཞེས་འཁོར་ལོ་མས་ལས་བྱ་བར་དམ་བཅས་སོ། ། ཛཱ་ཡ་དུམ་ཧ་ཧྲི་ད་ཏ་ན་དཱ་རི། ཞེས་གསོད་ཆེན་མས་ལས་བྱ་བར་དམ་བཅས་སོ།། ཛཱ་ཡ་དུ་ཨིན་ཏྲི་བཛྲ་ད་རི། ཞེས་དབང་མོས་ལས་བྱ་བར་དམ་བཅས་སོ། ཛ་ཨ་དུ་བཛྲ་མུ་ནི་ཏཙྪ་ནྦྷ་རི་སྟེ། གཤིན་རྗེ་མོས་ལས་བྱ་བར་དམ་བཅས་སོ།། ལྷ་མོ་དང་ལས་བྱེད་མས་དེ་ལྟར་ལས་བྱ་བར་དམ་བཅས་སོ།། སོ་སོར་དམ་བཅས་སོ།། སྔོན་བདུད་རུ་ཏྲ་བཅོམ་ལྡན་འདས་ཀྱིས་བཏུལ་ནས། དབང་ཕྱུག་ཆེན་མོ་རྣམས་བཏུལ་ཏེ། མ་དང། སྲིང་མོ་དང། བུ་དང། ཆུང་མ་རྣམས་ཕུལ་ནས།། མ་ནུ་རག་ཤ་སི་བདུད་ཀྱི་བུ་མོ། དྲེགས་པ་ཆེན་མོའི་ཆུང་མ་མི་སྲིན་མོ། མདོག་དམར་སེར། ལག་ན་ཏྲི་ཤུལ་དང་བྷན་ད། མགོ་གཡག། བྲ་མ་ཧེ་སྟེ། ཚངས་པའི་ཆུང་མ་ཚངས་མའི་དམར་སྐྱ། མགོ་སྤྲུལ། གཡས་བྷན་དྷ། གཡོན་རྡོ་རྗེ་རྩེ་ལྔ་པ། རེའུ་ཏྲི་ཁྲོ་མོ་མདོག་སེར་ནག། མགོ་གཟིག། གཡས་བྷན་དྷ། གཡོན་དབྱུག་ཏོ།། བེཥྞ་བེ། ཁྱབ་འཇུག་ཆུང་མ་མདོག་དཀར་དམར། མགོ་སྲིན་མོ། རྒྱུ་ཞགས་དང་དུང་དམར། ཀཱ+ཽ་རི་སྟེ། གཞོན་ནུ་མ་མགོ་ཕ་ཝང། མདོག་དམར་སེར། ལག་ན་འཁོར་ལོ་དང་དྲིལ་བུ། ཨིན་དྲ་ཡ་སྟེ། བརྒྱ་བྱིན་མ་མདོག་དམར་སྐྱ། མགོ་དྲེད། ལག་ན་བྷན་དྷ་དང་དབྱུག་ཏོ། བཛྲ་བི་ཀ་ལ་སྟེ། རྡོ་རྗེ་དབང་མོ་མདོག་དམར་ནག། མགོ་དོམ། ཁོག་ཆེན་ཟ་བ། ཨ་མྲི་ཏ་སྟེ། བདུད་རྩི་མ་མགོ་ཆུ་སྲིན། མདོག་སྔོ་ནས། ལག་ན་བུམ་པ་བསྣམས་པ། སོའུ་རིམ་སྟེ། ཞི་བ་མོ་མདོག་སྔོ་ནག། མགོ་སྡིག་པ། ལག་ན་བུམ་པ་དང་དྲིལ་བུ། དང་ན་དམ་སྟེ།། བེ་ཅོན་མ་མདོག་ནག་མོ།། མགོ་ཁྲ། ལག་ན་ཐོད་རློན་དང་བེ་ཅོན། རག་ཤ་སི་སྲིན་མོ་མདོག་དམར། མགོ་ཁྭ། ལག་ན་རྒྱུ་ཞགས་འདྲེན་པ། བྷཥཀ་ཤ་སི་ཟ་བ་མོ་མགོ་སྟག། མདོག་ནག་མོ། བམ་ཆེན་སྙིང་ཟ་བ། ར་ཏི་བཛྲ་སྟེ། དགའ་བྱེད་མ་མདོག་ནག་མོ། མགོ་བྱ་རྒོད། བམ་ཆེན་ཟ་བའོ།། རུ་དྷི་བཛྲ་སྟེ། ཁྲག་འཐུང་མ་མདོག་དཀར་དམར། མགོ་རྟ། ལག་ན་རྡོ་རྗེ་དང་དུང་དམར། ཨེ་ཀ་ཛ་ཊི་རལ་གཅིག་པུ་སྦྱོར་བ་མདོག་དམར་ནག། མགོ་ནམ་མཁའ་ལྡིང། ལག་ན་རྡོ་རྗེ་འཕྲེང་བ། མ་ནུ་ཧ་ར་ཡིད་འཕྲོག་མ་མགོ་བྱ་ཀྱི། མདོག་དམར་སེར། ལག་ན་བམ་ཆེན་རྒྱུ་ཞགས་འདྲེན་ཅིང་ཟ་བ། བ་ཡ་བ་སྟེ། རླུང་ལྷ་མོ་དམར་ནག། མགོ་ཤ་པོ། ལག་ན་བ་དན་ཤ་བའི་རོ་ལ་ཟ་བའོ།། མ་ཧཱ་མ་རན་གསོད་ཆེན་མ་མདོག་ནག། མགོ་སྤྱང་གི། ལག་ན་བམ་ཆེན་རྗེའུ་ཆུང་བསྣམས་པ། ཨག་ནེ་མ་མེ་ལྷ་མོ་མགོ་སྐྱིན། མདོག་དམར་སེར། ལག་ན་མེ་ཐབ་དང་རྒྱུ་མ་འདྲེན་པ། བ་ར་ཧི་ཕག་མོ་མདོག་ལྗང་ནག། ལག་ན་མཆེ་བ་དང་བྱི་བ་ཟ་བ། ཙ་མུན་སྟི་རྒན་བྱེད་མདོག་ལྗང་ནག། མགོ་ཁྭ། ལག་ན་རྒྱུ་ཞགས་དང་ཁྲག་འཐོར་བ། བ་རུ་ན་ཀླུ་མོ་མདོག་སྔོ། མགོ་སྤྲུལ། ལག་ན་སྤྲུལ་ཞགས། སྤུ་ཏ་ན་སྣ་ཆེན་མ་མདོག་ལྗང་ནག། བམ་ཆེན་ཟ་བ། མགོ་བ་གླང། བཛྲ་མ་ཧཱ་ཀཱ་ལ་རྡོ་རྗེ་ནག་མོ། མགོ་རྟ། ལག་ན་ཏྲི་ཤུལ་དང་ལྕགས་ཀྱུ། ཙ་ཀ་ལ་སྟེ། མགོ་ར་མགོ། མདོག་སྔོ་ནག། ལག་ན་རི་ལ་ཞག་ཀུམ་དཀར་ནི་མདོག་དམར་མོ།། མགོ་སེང་གེ། ལག་ན་ཉི་ཟླ་ལྕགས་སྒྲོག། ལམ་བོ་དར་ན་བ་སུ་འཛིན་མ། མདོག་ལྗང་ནག། མགོ་སྐྲི་ཀ་ལ། ལག་ན་དྲིལ་བུ། བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ། བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ། བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ། བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ། ཨ་མག་ཉ་བཛྲ་གྲུལ་བུ་སྲ་སི་འབྱུང་ངོ།། སམ་སི་ལམ་དྲང་སྲོང། རབ་ལྟོ་འཕྱེ། ས་མ་ཡ་མ་མ། ས་མ་ཡ་མ་མ། ཀུ་བར་ནོར་ལྷ། ཨ་ཡག་ཤ་གནོད་སྤྱིན། རུ་དྲ་ན་བགེགས། ཤ་ཏྲ་ན་དུན་ཏི་ན་རྒྱུ་སྐར་དུ་བཏགས་སོ།། དེའི་ཕྱི་རིམ་དུ་ནང་གིང་ཆེན་རྣམས་དབང་ཆེན་པོས་བཞག། དེའི་ཕྱི་རོལ་ཏུ་རྒྱལ་པོ་ཆེན་པོ་བཞི་སྟེ། ཏ་ཙ་ཀྲ་སྟེ། ཡུལ་འཁོར་སྲུང། ཨུད་མ་སྟིང། ཏ་མྱོས་བྱེད་མ། ཨུ་རྒྱད་ན་སྟེ། འཕགས་སྐྱེས་པོ། ཨུད་ཏ་ར་ནི་ཡངས་བྱེད་མའོ།། དར་ཨ་མ་ཏ་སྟེ། མིག་མི་བཟང། བྱི་ཏི་ལིར་སྟེ། སྟི་རིགས་པའི་འཕྲེང་འཛིན་མ། ཡག་ཤ་པི་ཙི་པུཏྲ་སྟེ། རྣམ་ཐོས་སྲས། བྱི་ཏི་མ་ཧི་ཤས་ཏེ། འདུལ་མཁན་མ། ཨག་ནེ་དེ་བ་བེ་པ་ས་ཧ། ཏི་ཏར་ཏ་ཡ། བ་རུ་ན། ཡག་ཤ་ཡམ། ཀུ་པེར། རུ་པ་ཏྲ། སརྱ། ཙནྡྲ་ཨ་ཏི་བ་བ། བྲ་ཧྨ་བཥྞུ+ི། ནཱ་ག་མ་ཧཱ་དེ་བ། ནཱ་ག་པ་ཏི་ནི་ཏི། ཀོ་མ་ཀོ་མ་ཀཏྟི། ནཱ་ག་མ་ཏ་ཙ་འབྱ། ནཱ་ག་དེ། མ་ཧཱ་ནྭ་ག་མུ་ཤི་ཏ། མ་ཙན་ག་དག་རྦ་ན་ཡ་ཙ་ན། ནག་ཏུ་ཏ་སྤྲ་ལི། གུ་ཉ་ལིད་མ་ཧཱ་མ། ཨ་དུ་ཡ། ས་མ་ཉ། ཧ་དཀར་ལོ་ཀར་ཏ། དེ་དག་ལ་སོགས་པ་བདུད་ཀྱི་འཁོར་དུ་སོངས་པ་ཐམས་ཅད་བདུད་ཀྱི་འཁོར་བོར་ནས། སངས་རྒྱས་ཀྱི་བསྟན་པ་ལ་བཙུད། ཕྱོགས་དཀར་པོ་ལ་བཞག་ནས་རྔ་བརྡུངས་སྟེ། མེ་དང་ཆུ་དང། རླུང་དང་བསྒྲལ་པས་བཀྲུས། བདུད་ཀྱི་འདུ་ཤེས་ལྷ་མ་ཡིན་དུ་བསྒྱུར་རོ།། དེ་ནས་ཏ་ཀེ་མ་ཏ་ཏ་ཀེ་མ་བྱས་ནས་རྔ་བརྡུངས་པས། འཇིག་རྟེན་དྲུག་པོ་ཐམས་ཅད་འདུས་སོ།། དེ་ནས་བདུད་ར་ཏྲ་རང་གི་སྔ་མའི་ལས་དྲན་ནས། བྷ་ག་བཱན་གྱི་ཞབས་སྤྱི་བོས་བླངས་ནས། བཅོམ་ལྡན་འདས་བདག་བསྐལ་པ་གསུམ་དུ་གར་སྐྱེས་པ་ཡང་མཐོང་དྲན་ནས། ཐུགས་རྗེས་བཟུང་ནས་ལྷའི་དེད་དཔོན་དུ་གྱུར་པ་དེ་རྗེས་སུ་དྲན་ཏེ། ཡི་རངས་ནས་ལུས་ཕུལ་ལོ། ། སྲོག་ཕྲོགས་བཀའ་ཉན་ནས་ཟས་བྱིན་ནོ།། གཙུག་ལག་ཁང་དང། དམ་ཚིག་བསྲུང་བར་བྱས་ནས་མ་ཧཱ་ཀཱ་ལར་བཞག་གོ། དེ་ནས་བདུད་ཀྱི་གཟུགས་བརྙན་རྡོ་དང་འདྲ་བར་མཆོད་པ་བྱས་སོ། ། མགོ་ཐམས་ཅད་བཅད་ནས་སེམས་ཅན་གྱི་སྲོག་གི་ཏོག་པ་བཅོམ་པའི་འཕྲེང་བ་དང་རྫས་སུ་བཅད་དོ།། ཤ་ཁྲག་དང་རུས་པ་ལ་སོགས་པ་སྨེ་ཤ་ཐམས་ཅད་བདུད་རྩིར་བྱིན་གྱིས་བརླབས་ནས་བཞག་གོ། མཚན་བཏགས་སོ།། རྡོ་རྗེ་སྨེ་བརྩེགས་སུ་ཡང་མཚན་གཅིག་ཏུ་བཏགས་སོ།། སྤྱིར་ན་དངོས་པོ་ནམ་མཁའ་ནམ་མཁའི་མཛོད་ཅེས་བྱའོ།། དེ་ནས་དཔལ་ཆེན་པོས་འགྲོ་བ་སེམས་ཅན་རྣམས་བདུད་ལས་ཐར་ནས་འདི་སྐད་གསུངས་སོ། ། རྡཻའུ་ཆུང་བརྡུངས་པའི་སྒྲ་སྐད་ཀྱིས།། བདུད་དང་རུ་ཏྲའི་འཁོར་བཤིག་ནས།། ཆོས་ཀྱི་དབྱིངས་ལས་འཁོར་བར་བཀོད།། སེམས་ཅན་ཆེན་པོ་ཨ་ལ་ལ།། ཤཱཀྱ་སེང་གེ་ཨ་ལ་ལ། ། རྡོ་རྗེ་སེམས་དཔའ་ཨ་ལ་ལ།། དེ་ནས་བདུད་ཀྱི་བུ་མོ་ཀུན་གྱི་ཤ་རུས་བཙལ་ནས། དབུས་ནས་ཁུང་བུ་ཡང་རྩིབས་བརྒྱད། ཕུར་བ་ཡང་ཟུར་བརྒྱད་པ་གཅིག་བྱུང། ཤར་དུ་ཁུང་བུ་ཟུར་གསུམ་པ། ། ཕུར་པ་ཡང་ཟུར་གསུམ་པ་གཅིག་བྱུང། ལྷོར་ཁུང་བུ་ཡང་ཟུར་དྲུག་པ། ཕུར་པ་ཡང་ཟུར་དྲུག་པ་གཅིག་བྱུང། ནུབ་ཏུ་ཁུང་བུ་ཡང་ཟླ་གམ། ཕུར་པ་ཡང་ཟླ་ཁམ་གཅིག་བྱུང། བྱང་དུ་ཁུང་བུ་ཡང་ཟླུམ་པོ། ཕུར་པ་ཡང་ཟླུམ་པོ་གཅིག་བྱུང། ཁུང་བུ་ནི་ཧོམ་ཁུང་དུ་བྱས། མིང་ཡང་ཧོམ་ཁུང་དུ་བཏགས། ཕུར་པ་ནི་ཀི་ལ་ཡར་བཏགས། དཀྱིལ་འཁོར་དུ་བསྡུས་ནས། དཔལ་ཆེན་པོ་ཡབ་ཡུམ་རྡོ་རྗེ་སེམས་དཔའ་སངས་རྒྱས་པ་ཡིན་པས་ན། ཡེ་ཤེས་དང་མཁྱེན་པ་ཡང་ཡུམ་སྲིན་མོ་ཀྲོ་ཏི་ཤྭ་རི་མ་ལགས་པས། ཁྲོ་གཉེར་དང་སྡང་མིག་དང་དྲེགས་པ་ཕོ་མོ་གྱུར། དེ་ནས་ཡེ་ཤེས་སེམས་དཔའ་ས་བརྒྱད་གཟིགས་ནས། དཔལ་ཆེན་པོས་མ་འོངས་པ་ནས་ཁྲོ་ལ་རྔ་མ་ཞེ་སྡང་ཆེ་བས་སེམས་ཅན་ཐེ་ཙོམ་སྐྱེ་བར་བཅད་ནས། ཧཱུཾ་ཞེས་པས། དཔལ་ཤྲིཿ་ཧེ་རུ་ཀའི་འཁོར་མ་ལུས་པར་དབང་དུ་བསྡུས་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དབྱིངས་དང། ཐབས་དང་ཤེས་རབ་བསམ་གཏན་ཏིང་ངེ་འཛིན་དང། ཀུན་རྫོབ་དང་དོན་དམ་པར་བསྙམ་སྟེ། མཉམ་པ་ཉིད་ཀྱི་ཡེ་ཤེས་ལ་གཤེགས་སོ།། ཐུགས་མཚན་མ་མེད་པར་གྱུར་ཏོ།། ཚོགས་དང་ཏ་ན་དང་ག་ན་ཡེ་ཤེས་སེམས་དཔའ་གསུངས་སོ། ། སྦྱོར་བ་དང། ཆགས་སེམས་དང། རྟོག་དཔྱོད་སྐྱེ་གནས་སྦྱོར་བ་ལ་སྐྱེ་གནས་མེད་པར་མ་ཆགས་པར་བྱ་བའི་ཐབས་ཟླ་བའི་དཀྱིལ་འཁོར་དུ་བྱ་བའི་ཐབས་དང། པདྨའི་འདོད་ཆགས་སྐྱེ་འགྲོའི་ལམ་དུ་བྱུང་བ་ཙམ་དུ་ཟད་དོ། ། བཅོམ་ལྡན་འདས་ལ་ཆགས་སེམས་མེད་པའི་དཔེ་ནི། རྒྱ་གར་ཡུལ་དུ་བྲམ་ཟེ་ཕྱུག་པོ་བ་ལང་ཁྱུ་བ་མེད་ནའི། བཅོམ་ལྡན་འདས་ཀྱིས་ཆུ་བོ་ན་ར་ཛ་རའི་འགྲམ་དུ་འོད་མའི་ཚལ་དུ་སྤོས་ལ་གླང་པོ་ཆེ་གཅིག་བྱས་ནས། ཕྱི་དེ་ལོ་ལ་བ་རིམ་གཅིག་ལ་སྤོས་ཀྱི་བེའུ་གཅིག་སྐྱེས། བ་རི་ལ་སྤོས་ཀྱི་གླང་ལ་འཁོར་ཞིང་ལྷག། དེ་ཡང་སྤོས་ཀྱི་གླང་ལ་ཆགས་སེམས་མེད་དེ། བ་ལ་བེའུ་ཟིན་པ་དང་འདྲ་སྟེ། བཅོམ་ལྡན་འདས་ཀྱི་སྐུ་དང་ཆ་ལུགས་པདྨ་སངས་རྒྱས་དང་འདྲ་བར་གྱུར་ནས། མ་བུ་དོན་ལ་རོལ་པ་བྱུང་བས་དེའི་བླ་ན་མེད་པའི་རྒྱུད་ཡང་ཡིན་ནོ།། དེ་ལྟར་ཆོས་དམིགས་སུ་མེད་པའི་ངང་ལས། སྐུ་གསུང་ཐུགས་སུ་བརྒྱུད་པ་ལས་བྱུང་ངོ།། འདི་ཡང་རང་བཞིན་དངོས་དཔག་པ་དང། གཟུང་ཞིང་དམིགས་པ་མེད་པས་སུན་ནམ་མཁའི་དབྱིངས་ལྟར་འགྱུར་རོ།། འཇིག་རྟེན་ལས་འདས་པའི་མདོའི་རྒྱུད་ལས། བདུད་བཏུལ་ནས་མཁའ་འགྲོའི་སྲོག་སྙིང་གི་ལེའུ་སྟེ་བདུན་པའོ།།།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྒྱུད། འཇིག་རྟེན་འདས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་ལས། བམ་པོ་གཉིས་པའོ།། འཇིག་རྟེན་འདས་པའི་མདོ་ལས་ཀྱང། དཀར་མོ་ལག་ན་རྡོ་རྗེ་དབྱུག་པ་ཐོགས། ། རྐུན་མོ་ཐབས་ཀྱི་མདའ་གཞུ་ཐོག།། རྒྱས་འདེབས་ཆུ་སྲིན་རྒྱལ་མཚན་འཕྱར།། རྨོངས་བྱེད་མ་ནི་རྡོ་རྗེ་འཕྱར།། སྦོས་བྱེད་ཞིང་གི་རྒྱུ་ཞགས་འདྲེན།། སྨྱོ་བྱེད་ལག་ན་ཐོད་ཁྲག་འཐུང།། གཏུམ་མོ་ཞིང་གི་སྙིང་འབྱིན་མ། ། ཚེ་བདག་མ་མོ་མགོ་གཅོད་མ།། ཡེ་ཤེས་མ་མོ་ཁྱེད་རྣམས་ཀྱིས།། རྣལ་འབྱོར་དགྲ་བགེགས་འདུལ་བར་མཛོད།། སེང་གདོང་འཇིག་རྟེན་སྒྲོལ་བྱེད་མ།། སྟག་གདོང་བདུད་དཔུང་འཇོམས་པར་བྱེད། ། ཝ་གདོང་དུར་ཁྲོད་སྲི་འདུལ་མ།། སྤྱང་གདོང་ས་ཟ་འདྲ་བར་བྱ།། ཁྲག་འཐུང་མ་ནི་བྱ་རྒོད་མགོ།། ཀངྐ་དུར་ཁྲོད་བགེགས་འཇོམས་མ།། རྒྱུ་འཕྲེང་འབྲིང་བའི་ཁྭ་རོལ་མགོ། འུག་གདོང་ལྕགས་ཀྱུས་འདྲེན་པར་བྱེད། ། རྡོ་རྗེ་མགོ་བརྙན་མཆེ་གཤོག་ཚོགས།། དགྲ་བགེགས་འདུལ་བའི་འཕྲིན་ལས་མཛོད།། སྟག་གདོང་ལག་ན་ལྕགས་ཀྱུ་སྟེ།། ཕག་གདོང་སྔོན་མོ་ཞགས་པ་འཕེན།། ལྕགས་སྒྲོག་དམར་པོ་ཉི་ཟླའི་སྤྱན། ། ཐལ་ཆེན་མ་ནི་དྲིལ་བུ་འཁྲོལ།། གཱ+ཽ་རི་བན་དམར་བྱིན་དབྱུག་སྔོ།། ཙི་རི་སེར་མོ་འདའ་གཞུ་འགེངས།། པྲ་མོ་དམར་མོ་ཆུ་སྲིན་འཕྱར།། པེ་ཏ་བྱི་ཟ་རྡོར་འཕྱར་གནག། པུ་ཀ་དམར་སེར་རྒྱུ་ཞགས་འདྲེན། ། གྷས་མ་དུང་དམར་འཁྲུག་འཐུང་ལྗང།། སྨ་ཤ་མཐིང་ནག་བྱིས་སྙིང་ཟ།། ཙནྜ་སེར་སྐྱ་མཆོག་ལུས་འབྲེལ།། སིདྷ་ཁ་རོ་བསྣོལ་སེར་སེང།། བྱ་གྷྲི་སྣལ་ལྡ་བསྣོལ་མར་སྟག། སྲི་ལ་དུར་ཁུར་ནག་པོ་ཝ།། ཤྭ་ན་འབྲུལ་ལྟ་མཐིང་ཁ་ཁྱི། ། གྲི་དྷ་ཁྲག་འཐུང་བྱ་རྒོད་མགོ། ཀངྐ་རྐང་ཕྲན་སྣར་མགོ་རིང།། ཁ་ཁྭ་ཁ་རོ་བམ་ཏི་གནག། ཧུ་ལུ་རྡོ་རྒྱུ་མཐིང་ཚོགས་འུག། ཛ་ཛ་རྟ་གདོང་ལྕགས་ཀྱུ་འདྲེན།། ཕག་གདོང་ནག་མོ་མཆེ་ཞགས་མ། ། ལོ་ལ་ལྕགས་སྒྲོག་ཉི་ཟླའི་སྦྱིན།། ཐལ་བྱེད་སྣ་ཚོགས་དྲིལ་འཁྲོལ་མ། ཧཱུཾ་མཛད་ལག་ན་ཉི་ཟླ་བསྣམས།། རྣམ་པར་རྒྱལ་བ་རྡོ་རྗེ་གདེང།། དབྱུག་པ་སྔོན་པོ་མེ་ལྷ་འཛིན།། གཤིན་རྗེ་གཤེད་པོ་མི་མགོ་ཐོགས། ། མི་གཡོ་མགོན་པོ་རལ་གྲིའོ།། རྟ་མགྲིན་དཔལ་ནི་ལྕགས་སྒྲོག་སྡོམ།། འདོད་པ་རྒྱལ་པོ་བ་དན་ཏེ།། བདུད་རྩི་འཁྱིལ་པ་དབྱུག་ཏོའོ།། ཁམས་གསུམ་རྒྱལ་ན་ཁ་ཊྭཱཾ་ག། སྟོབས་ཆེན་གཤོལ་ཆེན་འབར་བའོ། ། ཧཱུཾ་ཀ་ར་དང་རྣམ་པར་རྒྱལ།། དབྱུག་པ་སྔོན་པོ་གཤིན་རྗེ་གཤེད།། མི་གཡོ་རྟ་མགྲིན་གཞན་ལས་རྒྱལ།། བདུད་རྩི་འཁྱིལ་དང་ཁམས་གསུམ་རྒྱལ།། སྟོབས་པོ་ཆེ་ལ་སོགས་པའོ།། བསྐུལ་མ་རལ་གཅིག་སྙེམས་སྡེར་མོ། ། དུར་ཁྲོད་གཏུན་ཁུང་གཏུམ་མོ་དང།། རླུང་འཛིན་བདུད་རྩི་སྦྱིར་ཕྱེད་མ།། གསོད་བྱེད་མ་ལ་སོགས་པའོ།། སྟག་གཡག་ཤ་བ་གཟིག་བྱི་བ།། སྤྱང་ཀི་སེང་གེ། དོམ་ཕག་དྲེད།། བྱ་རྒོད་བྱ་རོལ་འུག་པ་ཝ། ། པུ་ཤུད་ཕ་ཝང་ཁྲ་སྲེ་མོ།། དམིགས་པའི་མགོ་དང་བྱི་བའི་མགོ། ཧཱུཾ་ཀ་ར་ཧཱུཾ་ཕཊ། བི་ཛ་ཡཧཱུཾ་ཕཊ། ནི་ལདནྜ་ཧཱུཾ་ཕཊ། ཡ་མན་ཏ་ཀ་ཧཱུཾ་ཕཊ། ཨཱརྱ་ཨ་ཙ་ལེ་ཧཱུཾ་ཕཊ། ཧ་ཡ་གྲི་བ་ཧཱུཾ་ཕཊ། ཨ་པ་ར་ཛི་ཏ་ཧཱུཾ་ཕཊ། ཨ་མྲྀ་ཏ་ཧཱུཾ་ཕཊ། ཏྲཻ་ལོཀྵ་བི་ཛ་ཡ་ཧཱུཾ་ཕཊ། མ་ཧཱ་བ་ལ་ཧཱུཾ་ཕཊ། ཨ་ཀྲ་ཙ་ལ་ལི་ཧཱུཾ་ཕཊ། ཨངྐུ་ཤ་ཏྲ་ཏཾ་ཧཱུཾ་ཕཊ། བཛྲ་ཨུ་ཀྲ་ཧཱུཾ་ཕཊ། པཱ་ཤཾ་ཧཱུཾ་ཕཊ། ཙ་ཉི་བྱི་ཀྲ་ཧཱུཾ་ཕཊ། བཛྲ་ཨེ་མོ་གྷ་ཧཱུཾ་ཕཊ། བཛྲ་ལོ་ཀ་ཧཱུཾ་ཕཊ། བཛྲ་པ་ལ་ཡ་ཧཱུཾ་ཕཊ། བཛྲ་གནྡྷེ་ཧཱུཾ་ཕཊ། བཛྲ་ད་ར་ཀ་ཏི་ཧཱུཾ་ཕཊ། ས་ཀྲ་ལ་ཧཱུཾ་ཕཊ། བྱ་ཀྲི་ཡོ་གི་ཛ།། མ་ར་ཡོ་གི་ཛ། པྲ་མ་ར་ཡོ་གི་ཛ། ཤྭ་ན་ཡོ་གི་ཛ། ཧཱུ་ལུ་ཡོ་གི་ཛ། བྱཱ་གྲི་ཡོ་གི་ཛ། སིདྷ་ཡོ་གི་ཛརྒ་ར་ཡོ་གེ་རུ་ལུ། ཀ་ཡོ་གི་ཛ། སྨ་ར་ཡོ་གི་ཛ། པཱ་ཤུ་པུ་ར་ཡོ་གི་ཛ། གྲི་ད་ཡ་ཡོ་གི་ཤཱ། ཁཱ་ཁ་ཡོ་གི་ཛ། ཧ་ལུ་ཀ་ཡོ་གི་ཛ། སིདྷ་ལ་ཡོ་གི། ག་ཏི་ར་ཡོ་གི་ཛ། ཙ་སྨ་བ་ཡོ་གི་ཛ། སྟི་ར་ཐ་རྒུ་ཡོ་གི་ཛ། ཛ་གན་ཡོ་གི་ཛ། དུ་མཥྟ་ཡོ་གི་ཛ། རྡོ་རྗེ་སྙེམས་མ་ལྕགས་ཀྱུ་སྟེ།། རྡོ་རྗེ་སྡེར་མོ་མེ་སྒྲོན་འཛིན།། དུར་ཁྲོད་བདག་མོ་ལྕགས་སྒྲོག་འཛིན།། གཏུན་ཁུང་མ་ནི་སྤུ་གྲི་འཛིན།། གཏུམ་མོ་ལག་ན་ཞགས་པ་སྟེ།། རླུང་སྦྱིན་མ་ནི་དར་ཡབ་པོ།། བདུད་རྩི་སྦྱོར་མ་དྲིལ་བུ་སྟེ། ། གསོད་བྱེད་ལག་ན་ཀརྟ་རི།། རལ་གཅིག་མ་ནི་ཉི་ཟླ་སྟེ།། གསལ་མ་ལག་ན་བུམ་པའོ།། ས་ཏ་མོ་ཏ་ཟོ་བྱེད་མ།། བྱཱ་གྷྲི་མ་ནི་སྟག་གི་མགོ། ཛྭ་བྱ་བྱཱ་མ། འདྲེན་བྱེད་ཀྲི་ཏ་བྱ་རྒོད་མགོ། ནཱ་མཿཛ་བྱ་ཡིད་འཕྲོག་མ། ། ཚར་མ་ར་ག་གཡག་གི་མགོ། བག་ཤ་ཟ་བྱེད་ཁཱ་ཁ་བྱི་ལའི་གདོང།། རཀྟ་ཁྲག་འཛིན་པྲ་མོ་ཤ་པོ་མགོ། རི་བྱིད་འདྲལ་བྱེད་ཧཱུཾ་ལུ་འུག་པའི་མགོ། བྷྱི་དན་འཇོམས་བྱེད་བྱ་ཀ་གཟིག་གི་མགོ། ཛ་བྱ་སྐུལ་བྱེད་སྟི་རི་པུ་ཤུད་མགོ། རཀྟ་ཤི་ཙ་ཏ་ཤྭ་ན་སྦྱང་ཀིའི་མགོ། པྲ་ས་ཏི་ཀ་འཛིན་བྱེད་ཁྲ་ཡི་མགོ། མ་ར་གསོད་བྱེད་སིང་ང་སེང་གེའི་གདོང།། སྨ་སྟེ་དྲན་བྱེད་ཚེར་མ་ཕ་ཝང་མགོ། སཱ་ཏ་མཱ་ཏ་རྨུགས་བྱེད་ད་ར་རྒྱ་དོམ་གྱི་མགོ། གཏན་ལ་འབེབས་བྱེད་སྟབ་པ་དྲེད་ཀྱི་མགོ། ད་ལུ་གུ་བྱེད་གན་ཛ་སྨིགས་པའི་མགོ། ཨ་ཏུ་ཚ་འཕེལ་བ་ཤ་བ་རུ་ཕག་གི་མགོ། ཨུ་ནི་སྨྱོ་བྱེད་སྤྲ་ར་བྱི་བའི་མགོ། འཇིགས་བྱེད་ཕོ་ཉའི་ཚོགས་རྣམས་ཀྱིས། ། རྣལ་འབྱོར་པའི་དགྲ་བགེགས་དགུག་ཏུ་གསོལ།། མ་ནུ་རག་ཤ་ཛ་མར་ཡོ་གི་བྷྱོ། སྤྲ་མ་ནི་ས་ཏྷ་ཡོ་གི་བྷྱོ། རིའུ་དྲི་བྱ་ཡོ་གི་བྷྱོ། བྷེ་སྣ་བེ་ཀ་ལུ་ཀ་ཡོ་གི་བྷྱོ། འོག་མ་ཡོ་གི་སྨྲ་ཡོ་གི་བྷྱོ། སིང་ཀ་ལ་མང་ད་ར་ཡོ་གི་བྷྱོ། ཨ་སྨྲི་ཏ་མ་མ་ཀ་རང་གོ་གི་བྷྱོ། སོའུ་མ་མ་བྱ་ཡོ་གི་བྷྱོ།། ད་ཧ་ན་དམ་ཀ་ལི་ལ་ཡོ་གི་བྷྱོ། པན་ཙ་སོ་བྱ་ཡོ་གི་བྷྱོ། ཡོ་གི་སྨ་ཡོ་གི་བྷྱོ། ར་ཏེ་བཛྲ་ཡོ་གི་བྷྱོ། ཏུ་ཏི་མ་ར་ཡོ་གི་བྷྱོ། ཨེ་ཀ་ཙ་རམ་ཀ་རུ་ན་ཡོ་གི་བྷྱོ། མ་ནུ་ཧ་རི་ཡོ་ཀ་ཀ་སུན་ཡོ་གི་བྷྱོ། སི་ཏི་ཀ་ཀ་མ་ཀ་རུ་ལ་ཡོ་གི། བ་ཡོ་བྱ་པྲ་མ་ཡོ་གི་བྷྱོ། མ་ཧཱ་མ་ར་ཤི་ཡོ་གི་བྷྱོ། ཨག་ནེ་ཏེ་ཡོ་གི་བྷྱོ། བར་ཧི་ཡོ་གི་བྷྱོ། ཙ་མུན་ཏ་ཡོ་གི་བྷྱོ། པུ་ཏ་ན་ག་ཡོ་གི་བྷྱོ། ཨ་འགུ་ཤ་ན་བྱ་ཡོ་གི་བྷྱོ། བ་ཤི་ཚར་ཡོ་གི་བྷྱོ། ལོ་ཀ་བམ་སིང་ང་ཡོ་གི་བྷྱོ། གན་ཏེ་ཀ་རུ་ཡོ་གི་བྷྱོ། བ་ར་ཧི་ཡི་གེ་བྷྱོ། ཙ་མུན་ཏ་ཡོ་གི་བྷྱོ། པུ་ཏ་ནག་ཡོ་གི་བྷྱོམ། ཨ་འགུ་ཤ་ན་བྱ་ཡོ་གི་བྷྱོ། བ་ཤི་ཚར་ཡོ་གི་བྷྱོ། ལོ་ཀ་བམ་སིང་ང་ཡོ་གི་བྷྱོ། གན་རེ་ཀ་རུ་ཡོ་གི་བྷྱོ། ཞེ་པས་འཕྲ་མེན་མཁའ་འགྲོའི་ཚོགས་སོ།། འཇིག་རྟེན་འདས་པའི་རྒྱུད་ལས། སྔགས་དང་ཕྱག་རྒྱའི་ལེའུ་སྟེ་བརྒྱད་པའོ།།།།། ཏན་ཏྲ་ཆེན་པོ་འཇིག་རྟེན་འདས་པའི་མདོའི་ནང་ནས། སྦྱོར་སྒྲོལ་གྱི་སྒོ་ནས་བཀའ་སྩལ་པ། བསྒྲལ་བ་ལ་ཡང་འདི་ལྟ་སྟེ། གང་བསྒྲལ་བ་དང་གཅིག། གང་དུ་བསྒྲལ་བ་དང་གཉིས། དོན་ཆེན་ཅིའི་ཕྱིར་བསྒྲལ་བ་དང་གསུམ། དུས་ཇི་ཙམ་ནས་བསྒྲལ་བ་དང་བཞི། བསྒྲལ་ནས་ཅི་བྱ་བ་དང་ལྔའོ།། དེ་ལ་གང་བསྒྲལ་ཞེ་ན། བསྒྲལ་བའི་ཞིང་བཅུ་སྟེ། བདུན་སྲིན་མོ། རྣལ་འབྱོར་གྱི་དགྲ་བགེགས། ལྕམ་དྲལ་ཁུ་ལྡོག། མོན་ཇུ་ཕུབ། མཁའ་ལ་འགྲོ་བའི་མགྱོགས་མ། ས་ལ་འགྲོ་བའི་དབུ་མ། བཅུ་དྲུག་ཙང་ན་འགྱིལ་བ། སླར་འཁྱེར་འཚོ་མཐའ་འཁོར་བ་རྣམས་ཏེ། ཁ་གཅིག་བསྒྲལ་ནས་རྫས་སུ་མི་སྤྱོད། གནས་གང་དུ་བསྒྲལ་ན་མཐོ་རིས་སུ་བསྒྲལ་ཏེ། ངན་སོང་གསུམ་ལས་ཐར་པར་བྱའོ།། དོན་ཆེན་ཅིའི་ཕྱིར་བསྒྲལ་ཞེ་ན། བདུད་དང་སྲིན་པོ་གདུལ་བའི་ཕྱིར་བསྒྲལ་ལོ།། དུས་ཇི་ཙམ་ན་བསྒྲལ་བའི་ཐབས་ནི་བདག་རྣལ་འབྱོར་པ་བསྒྲུབ་པ་ལ་ཞུགས་པ་ཙམ་ན། བདག་རྟོག་པ་རྣམ་པ་བཞིའི་སྒོམ་ལ། རྒྱུ་སེམས་ཅན་དེ་སྙིང་རྗེས་བསྒྲལ་ལོ།། བསྒྲལ་ནས་ཅི་བྱ་ཞེ་ན། མ་མོ་དང་མཁའ་འགྲོའི་ཐུགས་དམ་སྐོངས་དགོས་པས་བསྒྲལ་ལོ།། འོ་ན་སྦྱོར་བ་ལ་འདི་ལྟ་སྟེ། གང་ལ་སྦྱར། གནས་གང་དུ་སྦྱར། དོན་ཆེན་ཅིའི་ཕྱིར་སྦྱར། སྦྱར་ནས་ཅི་བྱ་ཞེ་ན། དེ་ཡང་གང་ལ་སྦྱར་ཞེ་ན། པདྨ་ཅན་དང། རི་མོ་ཅན་དང། དུང་ཆེན་མ་དང། བན་གླང་ཅན་དང། མཚན་དང་ལྡན་པའི་བསྒྲུབ་ཟླ་ཡོ་གི་དང་སྦྱོར། གནས་གང་དུ་སྦྱར་ན། བསྒྲུབ་པ་ཆེན་པོའི་གནས་སུ་སྦྱར་རོ།། དོན་ཆེད་ཅིའི་ཕྱིར་སྦྱར་ན། རྒྱལ་བའི་ཐུགས་དམ་སྐོངས་པའི་ཕྱིར་རོ།། དུས་ཇི་ཙམ་ནས་སྦྱར་ཞེ་ན། བསྒྲུབ་པའི་དུས་བྱང་ཆུབ་སེམས་འབབ་བའི་དུས་སུ་སྦྱོར། སྦྱར་ནས་ཅི་བྱ་ཞེ་ན། ཨ་མྲྀ་ཏ་སྦྱར་བས་བདུད་དང་སྲིན་པོ་འདུལ་ཞིང། རྒྱལ་བའི་ཐུགས་དམ་དང་ཉམས་ཆག་ཡོ་ག་ལ་སྲོངས་པས་སྦྱར་རོ།། འདི་ལྟར་སྦྱོར་བའི་ཆོས་འདི་མི་བྱ་རུ་རྟོག་པ་སྦྱང་བའི་ཕྱིར་རོ། ། སངས་རྒྱས་འདོད་ཆགས་བྱེད་པ་མེད་པས་བདུད་དང་སྲིན་པོ་འདུལ་བའི་དོན་ཞེས་བཤད་དོ།། བསྒྲུབ་པ་ཆེན་པོ་འདིའི་དུས་སུ་བདུད་རྩི་གསལ་བས་གཞན་ནི་བསླ་ན། ཡུལ་སྔོན་གསལ་འཚལ་ཏེ། དེ་ལ་གུ་གུལ་ནག་པོ་བསྒྲུབ་དགོས་ཏེ། གུ་གུལ་དང། ཐང་ཆུ་དང། མཆོག་ཆེན་པོ་ལྔའི་སྒུམ་ཆེན་དང། རྒུན་འབྲུམ་སྟེ། སྟ་བོན་པོ་དང། དུག་རྫས་ཏེ་རེའུ་ལྕགས་པ་དང། དགྲ་སྲིན། ཐང་ཁྲོམ་དང། ཐར་ནུ་རྣམས་ཆ་བསྙམས་ཏེ་རིལ་བུ་བྱས་ལ། དེ་སྨན་ལྔ་དང། སྟེགས་བུའི་བྱང་ཤར་མཚམས་སུ་ཕུར་པ་གཞག། གུ་གུ་ལ་ནག་པོ་ཨན་ཛཱ་ན་བྱ་བ། དེ་གྲུབ་པ་དང་དྲི་མི་ཞིམ་ཞིང་སྐྱུག་བྲོ། དེ་ཡུལ་སྔོན་གྱི་སྙེན་པོ་ཡིན་པས་བསྒྲུབ་དགོས། དེ་ཡང་གུ་གུལ་སྦྱར་བའི་སྔགས་བཤམ་དུ། ཟླ་བ་གཟས་ཟིན་པའི་ནུབ་མོ་བསྒྲུབས་པ་དང། བགེགས་འབྱུང་པོ་དང། ཏྲི་བོ་དགྲ་བགེགས་བརྒྱལ་ཏེ། ཨ་ཏི་པ་ལ་ཡུལ་སྔོན་ཡིན་པས་དེ་རྒྱལ་པར་ནུས་སོ། ། སྲོག་རྩ་ཨན་རྩ་མོ་འདི་དག་སྟེ། དེའི་ཕྱིར་བསྒྲུབ་དགོས་པས། བགེགས་བསྐྲད་ཅིང་དེའི་སྙིང་པོ་བརྗོད་པའི་སྔགས་ནི། འཇིག་རྟེན་སྐྱོང་བས་གཟུང་དུ་གསོལ། སྱད་ཡ་ཐེ་དན། ཨི་ལི་ཨི་ལི། མི་ལི་མི་ལི། ཀི་ལི་ཀི་ལི། ན་ར་ནི་ལ་པ་ཡ། བུ་བུ་ར་བྱི་རུ་བྱི་རོ། ཧུ་ཧུ་པུ་པུ་རོ། ཧུ་ཧུ་པུ་པུ་ར། ཀ་ཤ་ལི་རི་ཏུ་ཀ་ཏ་ཡ། མ་ལ་ཀི་ལི་པ་ཡ་སྭཱཧཱ། བགེགས་ནམ་མ་ཏྲ་སྟན། གུ་གུལ་གྱི་བགེགས་གསད་བའི་སྔགས་ལ། སྱད་ཡ་ཐཱ+ེ་དན། ཧཱུ་ཧུ་ན་ལ། ཀུ་ལ་བང་ཛ་བ་ཧུ་ཡཱ་ཡ། རས་ས་ཡང་བྱ་བྲེ། ཨ་ཏ་བ་ཏེ་མ་ཏུད་བྱ། མ་ཏུ་ཏ། ས་པ་ལ་སྭཱཧཱ། རཀྟ་བསྒྲུབ་པ་ལ་ཟླ་བ་གཟས་ཟིན་པའི་ནུབ་མོ་ཟླ་བ་ནམ་སོ་སོས་སུ་བསྒྲུབ། དེར་རཀྟ་ལ་སྒྲ་འབྱུང་བས། རཀྟ་བསྒྲུབ་པ་ལ་ཅི་དགོས་ཤེ་ན། རཀྟའི་ཚོམ་བུས་འཕགས་པ་མཉེས་པར་བྱེད་དེ། རཀྟ་ཞེས་བྱ་བ་ཡང་མཆོག་ཆེན་པོ་ལྔའི་རཀྟ་སྟེ། ཨ་སྨྲ། རྒུན་འབྲུམ། ས་ན་སེ། ནེ་ལ་ཀྱེ་རྒྱ། ཨ་རུ་ར། འདི་ལྔའི་རཀྟ་དང། འདི་ལྔ་ལ་ཡང་ལྔ་ལྔས་ཏེ། ཤངས་ཀྱི་རཀྟ་ལྔ། རྩའི་རཀྟ་ལྔ། རྐང་མགྱོགས་ཀྱི་རཀྟ་ལྔ། འབྲས་བུའི་རཀྟ་ལྔ་སྟེ། བཅོ་ལྔ་སྟེ་ཉི་ཤུ་པའོ།། མི་མོ་མཚན་དང་ལྡན་པའི་རཀྟ་དང། སྲིད་པ་ཆགས་བྱེད་སྲིད་པའི་རཀྟ། ན་ཡར་རཀྟས་བྱས་ཏེ། བྱོལ་སོང་ལ་དགོས་པས་བྱིའུའི་རིགས་པའི་རཀྟ། ཤིང་ལྟ་བུ་ལ་སོགས་པའི་རཀྟ་དང་ཁྲག་བསྲེས་ལ། ནུབ་ཕྱོགས་སུ་བཞུགས་ནས་བསྒྲུབས་པ་དང། སྒྲ་འབྱུང་སྟེ། དེ་དང་སྨན་དུ་སྦྱར་ཏེ། དེའི་སྙིང་པོ་ནི། སརྦ་ཏ་ཐཱ་ག་ཏ་མ་ཧཱ་ལ་རཀྟ་ཧཱུཾ། ཞེས་སོ།། དེས་འཕགས་པ་མཆོད་པ་དང།། དགྲ་བགེགས་ཀྱི་གཟུགས་དང་མིང་རུས་སྙིང་པོ་བྲིས་ན་ཁུགས་དེས་རྟག་ཏུ་བསྒྲུབ་བོ།། ཐུགས་ཀར་ནི་བགེགས་ཀྱི་གཉེན་པོར་བཅོམ་ལྡན་འདས་ཀྱི་ཐུགས་ལ་དགོངས་ནས་ཕྱག་ཏུ་ཕུལ་ནས། བགེགས་སྟོང་ཕྲག་བརྒྱད་ཅུའི་གཉེན་པོར་བྱིན་གྱིས་བརླབས་པ་ལགས་པས། ཡུངས་ཀར་དང་ཡུངས་ནག་ཕོ་ཉ་གང་དུ་སྤྲུལ་ཅིང་གང་དུ་བཏུལ་བས། བྱད་དུ་ཚུད་པའི་བསྒྲུབ་པ་བཀའ་སྩལ་པ་ལགས་སོ།། བཅོམ་ལྡན་འདས་ཀྱི་ཐུགས་རྗེ་ཆེ་བ་ཐབས་མཁས་པས་མཚོན་ཆས་བདུད་རུ་དྲ་ལ་མི་ཐུབ་མི་གཅོད་ན། ཡུངས་ཀར་དང་ཡུངས་ནག་འཕང་བར་དགོངས་ནས། ཡུངས་ཀར་གྱི་རྒྱལ་པོ་ནི། ཨུད་ཏྲ་བྱི་ཤུལ་ལ་བྱ། ཡུངས་ནག་ནི་ཨུད་བྱི་ཏོ་ཀ་ལ་ཁྲིས་ན་བྱ། ཡུངས་ཀར་དེ་དང་ཡུངས་ནག་བསྐྱངས་པས་བདུད་བགེགས་ལ་མི་ཚུགས་ནས། གནོད་སྦྱིན་གྱི་ཐོད་པའི་ནང་དུ་སྐྱོད་པ་ནི། ཡུངས་ཀར་གྱི་རྒྱལ་པོ་དང། ཡུངས་ནག་གི་རྒྱལ་པོར་བྱས་ཏེ། ཡུངས་ཀར་གྱི་རྒྱལ་པོ་ནི། ཨུད་བྱ་ཏི་ཙ་ན་ཤ་ཏྲུཾ་ར་ཙས་བྱ། ཡུངས་ནག་གི་རྒྱལ་པོས་ནི། ཨུད་བྱ་ཏི་ཙ་ན་ག་ག་ལ་ཀྲི་ས་ན་ཤ་ཏྲུཾ་ར་ཙས་བྱའོ། ། དེ་ལ་ཡུངས་ཀར་རྡོ་རྗེའི་རིགས་མཆོག་དང། ཉུངས་ནག་རྡོ་རྗེའི་རིགས་མཆོག་ནི། དུར་ཁྲོད་ན་མི་རོ་དང་ཁྲག་རུས་པ་དང་འདྲེས་པའི་ཕྱེ་མ་དང། མ་འདྲེས་པ་བསྐྱེད་པའི་ཡུངས་ཀར་ནག་དང། ཡུངས་ཀར་ནག་རྡོ་རྗེའི་རིགས་མཆོག་ནི། ཨུད་བྱི་ཏ་ཤུ་ལ་བཛྲ་འབྱིན་ཏྲེ། ཞེས་བྱའོ།། ཡུངས་ནག་རྡོ་རྗེའི་རིགས་མཆོག་ནི། ཨུ་ཏ་བྱ་ཏེ་ཙ་ན་ཀ་ཀ་ལ། ཀྲིས་ན་བཛྲ་བྱི་ཏི་འདྲིག་ཅེས་བྱའོ། ། ཡུངས་ཀར་ཁྲོ་བོའི་རིགས་མཆོག་ནི། མི་གྲི་རུ་ཤི་བའི་རུས་ཐལ་དང། རུས་ཕྱེ་དང། སོལ་ཕྱེ་དང། ས་བསྲེས་ནས་བླངས་བྱས་ནས་བསྐྱེད་པ་ན། ཡུངས་ཀར་ཁྲོ་བོའི་རིགས་མཆོག་དང། ཡུངས་ནག་ཁྲོ་མོའི་རིག་མཆོག་ཅེས་བྱ་སྟེ། ཨུད་བྱ་སྟེ་ཙན་ཀ་ཤུ་ལ་ཀྲི་ན་ཀྲོ་ཏ་སྟེ། ཡུངས་ནག་གོ། ཡུངས་ཀར་བྱང་ཆུབ་སེམས་དཔའ་ནི། དགེ་སློང་ཕོ་མོ་དང་དགེ་བསྙེན་ཕོ་མོའི་ཁྲུས་བྱས་པའི་ཆུས་བསྐྱེད་པ་ལ་བྱ་སྟེ། ཨུད་བྱི་ཙ་ཀ་ལ་བོ་དེ་ས་ཏ་བྱའོ། ། ཡུངས་ནག་ཕོ་ཉར་མངགས་པའི་ཡུངས་ཀར་ནི། ཨུ་ཏི་ཙ་ན་ཀྲ་པ་ཀྲི་ན་དུན་ཧེ་ཏེ་ཞེས་བྱ་སྟེ། མི་གྲིར་ཤི་བའི་ཕོ་མོ་གཉིས་ཆར་གྱི་རོ་བསྲེགས་པའི་ཐལ་བ་དང། སོལ་ཕྱེ་དང། རུས་པ་དང། ས་རུ་སྐྱེས་པའི་སླན་ལ་བསྐྱེད་པ་དང། མངས་ནས་ཞིང་པགས་སུ་ཕུར། ཡང་ན་མཆོག་ལྔའི་པགས་པ་ལ་བྱ་སྟེ། འདི་ལྟ་བུའི་རྫས་ནི་སྐྱེས་བུ་མཁས་པས་དང་དུ་བླངས་པས་འགྲུབ་སྟེ། འདི་ལྟ་བུའི་ཕྱག་ན་འཆང་བ་ནི། པདྨ་དེ་བདུད་དང་དགྲ་བགེགས་གང་ལ་ཡང་སྔགས་དང་ཕྱག་རྒྱའི་ཏིང་ངེ་འཛིན་དུ་ལྡན་པས། བཀའ་རག་གསལ་དུ་བས་སོ།། འདི་ལྟ་བུ་ལ་ཕུར་བུ་གྱེ་འམ། ཕུར་བུ་འམ། ཟོར་འཕངས་ན་དགྲ་བོ་ཡང་དུས་སུ་འཆིའོ། ། འཇིག་རྟེན་འདས་པའི་མདོ་དང། སུ་སི་ཏི་ཀ་ར་རབ་ཏུ་གྲུབ་བྱེད་ཀྱི་རྒྱུད་དང། ཧེ་རུ་ཀ་གལ་པོའི་རྒྱུད་འདི་གསུམ་ཀའི་ནང་ནས། སྤྱིར་བསྒྲུབ་པ་ཐམས་ཅད་ནམ་ཡང་ཚེས་བཅུ་བཞི་ལ་གཟུང་སྟེ་བསྙེན་པ་གཟུགས་སོ། ། རྫས་བསོག་པ་ཚེས་བཅོ་ལྔ་ལ་བསྒྲུབ་བོ།། བཅུ་དྲུག་པ་ལ་དངོས་གྲུབ་བླང་ངོ།། དེ་ཅིའི་ཕྱིར་ཞེ་ན། གྲུབ་པ་ཐམས་ཅད་རང་འབྱུང་དུ་འབྱུང། གྲུབ་བ་བྱུང་བ་ནི་བརྒྱ་ལམ་ན་འགར་བས་སོ། ཟླ་བ་གཟས་ཟིན་པའི་ཚེ་ན་གྲུབ་ཐག་ཉེའོ། ། དེ་ཅིའི་ཕྱིར་ཞེ་ན། ལྷ་སྲིན་ཐམས་ཅད་ཟླ་བ་གཟས་ཟིན་པ་དང། ལྷ་མ་ཡིན་ལ་སོགས་པ་ཐམས་ཅད་དེར་འཚོགས་ཏེ། ལེགས་ཉེས་དང་སྦྱར་ནས་དུས་སུ་ལས་བྱེད་པས། དུས་དེར་བསྒྲུབ་པར་བགྱི། ཚེས་བཅོ་ལྔ་ལ་ཟླ་བ་གཟས་ཟིན་པ་ཚེ་ན་བསྒྲུབ་བོ།། དཀྱིལ་འཁོར་གང་གི་ལུགས་སུ་བྱས་ཀྱང་མི་འགལ། སྔགས་མཁན་ཁྲུས་བྱ། གོས་གཙང་མ་བགོ། རྫས་སྣ་ཚང་དགུ་བཤམས་ལ་དུས་དེར་བསྒྲུབ་བོ། ། མཆོད་པ་དང་ཡོ་བྱད་ཚང་བར་བྱས་ལ་ཆོ་ག་ཐམས་ཅད་གཞུང་བཞིན་བྱས་ལ། འདི་ལ་རོགས་མོ་མ་ཆགས་པས་མ་གྲུབ་པས་དང། ཚད་མེད་པའི་འོ་མ་ཚེས་བཅུ་བཞི་ལ་བཞོས་ལ། ཚེས་བཅོ་ལྔ་ལ་ཟླ་བ་གཟས་ཟིན་པའི་ཚེ་ནས་སོས་སོས་སུའོ།། དཀྱིལ་ཁོར་སྟེང་དུ་ཀུ་ལ་དང། བྱང་ཆུབ་ཀྱི་ཤིང་ལོའི་སྟེང་དུ་བཞག་ལ། བ་ཡང་སྤོས་ཆུས་བསྐུས་ལ། རྩཝ་གཙང་མ་ཟོས་པའི་འོ་མ་དེ་ལ་སྔགས་མཁན་གྱི་ལག་པ་མནན་ལ། འོ་མ་དེ་ཞོ་རུ་གྱར་ན། གྲུབ་པའི་རྟགས་ཡིན་པས་ཞོ་དེ་འཐུངས་པས་འདོད་པའི་གཟུགས་སུ་འགྱུར་རོ།། གཟུགས་བཟང་རྒྱལ་སྲས་བརྒྱད་དྲུག་ལོན་པའི་མདོག་ཏུ་འགྱུར་རོ།། རྫུ་འཕྲུལ་ནམ་མཁའ་ལ་འཕུར་པ་ཡན་ཆད་འགྲུབ། སྔོན་གྱི་གྲུབ་པ་ཅན་གྱི་ཞབས་འབྲིང་བྱས་ནས་རིགས་འཛིན་འགྲུབ་སྟེ། དེའི་བསྙེན་པའི་སྔགས་ནི། ཨོཾ་ཨཾ་ཨི་མ་མུ་མུ། ཨཾ་ཨཾ་མུ་མུ་བཛྲ་ཙཀྲ་སྟིག་ན། ཀི་ལ་ཡ་གི་ཤྭ་ར་མེ་ཧ་པ་ཨཾ་མ་མུ་སྭཱ་ཧཱ། བསྲུང་བའི་སྔགས་ཀྱི་ཆོ་ག། ཨ་བ་རྩེ་དུང། ཞེས་བརྗོད་དེ་བསྙེན་པར་བཟླས། འདི་ན་མར་ལ་བ་དམར་སེར་སྐྱའི་མར་ལ་བསྒྲུབ་པ་བསྟན་ཏེ། སེར་སྐྱའི་མར་དེ་རྡུལ་ཚོན་གྱི་སྟེང་ངམ་སྣོད་དུ་བཞག། ཟླ་བ་གཟས་ཟིན་པའི་ནུབ་མོ་བཟླས་པའི་སྔགས་ནི། ཨོཾ་ཨཾ་ལི་མུ་མུ། ལ་སོགས་པའི་བསྙེན་པ་གྲངས་འབུམ་དུ་བཟླས། ཟླ་བ་ནམ་སོས་སུ་བཟླས། མར་ཚ་བར་གྱུར་ནས་འཐུངས་ན། འཇིག་རྟེན་གསུམ་གྱི་ངོ་ཤེས། སྟོབས་ཆེ་རིགས་འཛིན་ཐོབ་སྟེ་རླུང་དང་འདྲ། ཨ་རྩེ་དུང། ཞེས་ལུས་བསྲུང་ལ་བཏུང་ངོ།། འདི་ན་མར་རལ་གྲི་ལ་བཟླས་པ་ནི། ཟླ་བ་གཟས་ཟིན་པའི་ཚེ་བསྟན་ནོ།། རལ་གྲི་གང་རུང་བས་ཕན་མེད་པས། ཨུད་པ་ལ་གྱི་ལོ་མ་འདྲབ་ལ་ཚད་དང་ལྡན་པ་ལ་བསྒྲུབ་པར་བྱས་ཏེ། རལ་གྲིའི་སྣ་ནས་དཀྱིལ་འཁོར་གྱི་སྟེང་དུ་བཞག་ལ། རལ་གྲིའི་ངོ་ལ་ཨོཾ་ཨམ་ཨོཾ་མ་མུ། ཞེས་མཚལ་གྱིས་བྲིའོ།། རལ་གྲིའི་ངོ་ནས་ལག་པས་བཟུང་ལ། ཆོ་ག་ཚང་བ་བྱ་ཞིང་བསྙེན་པ་བྱས་པ་དང། རལ་གྲི་དེ་འབར་བ་དང། འགུལ་བ་གྲུབ་པའི་མཚན་མ་ཡིན། རལ་གྲི་དེ་ལ་གོ་ཆའི་སྔགས་དང། ཨ་བ་རྩེ་དུང། ཞེས་རང་བསྲུངས་ནས། རལ་གྲི་འོད་འབར་པ་དེ་ཐོགས་ན། རིགས་འཛིན་གྱི་ཡ་ཏར་འགྲོ་སྟེ། སྟོབས་ཆེ་ཞིང་རླུང་ལ་ཞོན་པ་འགྲུབ་པར་འགྱུར། མདོག་གསེར་དང་འདྲ་བར་སྐྲ་ཡང་འཁྱིལ་བ་དང། ལྕང་ལོ་ཅན་དུ་འགྱུར་རོ།། ཡང་ཟླ་བ་གཟས་ཟིན་པའི་ཚེས་བཅོ་ལྔ་ལ་ལྡོང་རོས་བསྒྲུབ་པ་བསྟན་ཏེ། མདོག་དམར་བ་ལས། བ་དམར་གྱི་འོ་མས་སྦྱར་ལ། སྟེགས་བུའི་སྟེང་དུ་བཞག་ལ། གྲུབ་བའི་མཚན་མ་ཚ་བ་དང། འཕར་བར་གྱུར་ཏེ། ཚ་བར་གྱུར་པས་རྐང་པ་མགྱོགས་པར་འགྱུར། དུ་བ་འཐུལ་བས་མི་སྣང་བར་འགྱུར། འཕར་བས་ནམ་མཁའ་ལ་འགྲོ་བར་འགྱུར་ཏེ།། རིགས་འཛིན་དུ་འགྱུར་རོ།། རྐང་མཐིལ་དྲོ་བས་དུ་བར་བསྐུས་པས་བསྡུ་བར་སྐུ་མི་སྣང་སྟེ། ། འབར་བའི་རིགས་འཛིན།། འཕུར་བས་རིགས་འཛིན་མཁའ་ལ་འཕུར། ཨོཾ་ཨཾ་ལི་མ་མུ་མུ་མ་ཨ་རྩེ་དུང། ཞེས་སྙིང་པོ་བཟླས་སོ།། ཡང་ཟླ་བ་གཟས་ཟིན་པའི་ཚེ་ཤུ་དག་ལ་བསྒྲུབ་པར་བྱའོ།། བསྙེན་བསྒྲུབ་མཆོད་པའི་ཆོ་ག་ཚང་བར་བྱ། ཤུ་དག་དེ་དག་སྔགས་པའི་ལག་མཐིལ་དུ་བཅུག་སྟེ། ལག་ན་འདུག་བཞིན་དུ་ཤུ་དག་དེ་འགུལ་ཞིང་གཡོ་ན་འགྲུབ་པའི་མཚན་མ་ཡིན་ཏེ། དེས་མགོ་ལ་བསྐུས་ན་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་མཚན་མ་རིམ་པ་བཞིན་ཐོབ་པར་འགྱུར་རོ། ། སྙིང་ཁར་བསྐུས་ན་སྨན་དང། རྩི་དང། ངོ་ཤེས་གཙུག་ལག་བོན་དང། རྒྱུ་དང། བཟོ་ལ་མཁས་པར་འགྱུར། དེའི་བསྙེན་པ་དང་སྔགས་འདི་དག་བསྟན་པས་གོ་བར་ཤེས་བར་བྱའོ། ། ཨོཾ་ཨཱི་ཨི་མ་མུ་ཨ་པ་ཙི་དུང།། ཞེས་སྙིང་པོ་འདི་དག་མ་ནོར་པར་བྱས་ན་འགྲུབ་པར་ངེས་སོ།། གུ་གུལ་ནག་པོ་དང། སྤྲ་ཚིལ་དང། དུར་ཁྲོད་ཀྱི་རྫས་དང། རྟ་བོན་ཕོའི་དུག་རྫས་རྣམས་སྦྱར་བ་ཡིན་ནོ།། འཇིག་རྟེན་སྐྱོང་བས་གཟུང་དུ་གསོལ། ཏ་ཡ་ན་ན། ཨི་ལི་ཨི་ལི། མི་ལི་མི་ལི་པུ་པུ་ར་ཤ་ལི། རི་པུ་པུ་ཏ་ཀ་ཡ་མ་ལ་ཙ་ལ་ཀི་ལ་ཡ་ཀི་ལ་བྱ་ཀ་ལ་ཁྲི་སྣ་ཕཊ། སྔགས་འདི་བརྗོད་ཅིང་ཟླ་བ་གཟས་ཟིན་པའི་ཚེ་ན་དགྲ་བགེགས་གསོད་ནུས་སོ།། འདི་མར་མིག་གི་མངོན་ཤེས་བསྒྲུབ་པ་བསྟན་ཏེ། དེ་ཡང་འཛིན་རྟེན་ལས་འདས་པའི་མད་ནས་འབྱུང་སྟེ། དྲང་སྲོང་རག་ཤ་ནན་ཞེས་བྱས་ཏེ། རྒྱལ་པོ་ཡུལ་འཁོར་སྲུང་གི་བུ་ཡིན་ཏེ། དེའི་མིང་ནི་རྒྱལ་པོ་ཤེས་ཉེན་ཅན་ཞེས་བྱ་སྟེ། ལྷ་དག་དྲང་སྲོང་མ་ལུས་པ་སྦྱན་དྲངས་ནས། མཆོད་པ་བྱས་པ་དང། ལྷ་མ་ཧཱ་དེ་ཝ་ཀུན་གྱིས་སྤྱངས་པ་དང། ལྷ་མ་ཧཱ་དེ་ཝའི་དཔྲལ་པའི་དཀྱིལ་ན་མིག་ཡོད་པ་ལས་མཆི་མ་ཐིགས་གཅིག་ཟག་པ་ལས། ལྷ་དང་དྲང་སྲོང་ཐམས་ཅད་ལ་རིམས་ནད་བྱུང་སྟེ། མི་ལ་ཡང་རིམས་ནད་བྱུང་སྟེ་ན་བ་ལས། ལྷ་མ་ཧཱ་དེ་ཝའི་མིག་གི་མཆི་མ་རླུང་ལྷ་བེ་རམ་བའི་ལག་ཏུ་བསྐུར་ནས་ས་སྟེང་ཁྱབ་པར་བསྐྱེད་དོ།། དང་པོ་རྒྱ་གར་ཡུལ་གྱི་ཕྱིར་ཡང་བསྐྱེད། དེ་ནས་འཕྲོས་ཏེ། དེ་ནི་བདུད་རྩིའི་མཆོག་ཡིན་ཏེ། བོད་སྐད་དུ་སྤང་ལ་སྐྱེ་བའི་སྡེ་ཏོག་བྱ། རྨུ་རྐང་གཅིག་ལུག་མིག་ཅེས་བྱའོ།། རྒྱ་གར་སྐད་དུ་བ་ཧུས་ལྟས་བྱ། འདི་ནི་སྨན་དང་བདུད་རྩིའི་འཕྲོད་དུ་རབ་ཡིན་ནོ།། གྲིབ་མ་ལ་བསྐམས་ནས་བཞག་ན། དུག་སྣ་ཚོགས་ཀྱི་འཕྲོད་ཡིན་ནོ།། དེ་ལ་མེ་ཏོག་ལུག་མིག་དང། བྱི་ལ་དང། པུ་ཤུད་དང། བྱ་རོག་དང། སྤྱང་ཀི་དང། བྱ་རྒོད་དང་མི་དང། རྟ་དང། བ་གླང་དང། ཕག་རྒོད་དང། སྤྲུལ་དེ་རྣམས་ལ་སྦྱར་ནས་མིག་ལ་བསྐུས་ནས། གསུར་ཆེན་ལ་བདུགས་ལ། ཚེས་བཅུ་གཅིག་ལ་སྐྲ་བཀྲུས་ན། མགོ་ལ་མཆོག་བ་གླང་གི་རུས་སྐུ་མིང་ཆེན་ཞེས་བྱ་སྟེ། དེ་ཡང་བསྐུས་བ། དེ་ལ་བསྒྲུབ་པ་ཟླ་བ་ཉ་གསུམ་ལ་ལམ་པོ་ཆེའི་བཞི་མདོ། ཤིང་རྐང་གཅིག་གི་འགུར་མ་ལོག་པར་སྔགས་འདི་བཟླས་ཤིང་མིག་ལ་བསྐུས་ན། ཉིན་མཚན་མེད་པར་ཨ་ཏྲི་ཤོ་དེ། སྲིད་པ་གསུམ་གྱི་ལྷ་སྲིན་མཐོང་བར་འགྱུར་རོ། ། ཨོཾ་ཀ་ལ་ཀ་ལིན་ཏེ་པུར་ཏི་སི་ཏི། རྦ་ན་དུ་མུ་དུ་མུ། ད་ནི་ཤི་ནི་རིས། མ་ཧཱ་བུ་ར་ཀ་ལི་ལེ། ཏེ་ལོག་ཀྱ་ནེ་ཙ་ན་ལ་སྭཱ་བྷ་དུམ་ཀ་ཏི་སྭཱ་ཧཱ། བཛྲ་ཙག་ན་ཧཱུཾ་ཧཱུཾ་ཛ། ཨ་ཏྲི་ཤོ་ཧཱུཾ་ས་ཏི་ཧཱུཾ་སི་ཏི་ཧཱུཾ་ཅི་ཀ་ས་ཏི། ཧཱུཾ་ཉ་ན་ཚ་ལ། ཞེས་སྙིང་པོ་བཟླས་སོ།། འཇིག་རྟེན་འདས་པའི་མདོ་ལས། འདི་ན་མར་རྨི་ལམ་མཐོང་བར་བྱ་བའི་མངོན་ཤེས་བསྒྲུབ་པར་བྱ་སྟེ། ད་ཅི་གོང་མའི་སྨན་རྣམས་ཆུ་ཁྱོར་གང་ལ་སྐུ་གླུགས་སྤང་ལ་མིག་ལ་ཡང་བསྐུ། དེའོ་འོག་ཏུ་མཚན་སྣ་ཚོགས་ཀྱིས་ལུས་བསྐུ། སྟེགས་བུ་དང་དཀྱིལ་འཁོར་གྱི་འགྲམ་དུ་སྔགས་འདི་ཆུ་ལ་སྦྱར་བའི་སྨན་རྣམས་འཐུངས་ནས་ཉལ་ན། རྨི་ལམ་སྣ་ཚོགས་མཐོང་བར་འགྱུར་རོ།། ཏྱཐཱ། མུ་ག་ལེ་ཐཱ་ཧཱ། མུ་ཙ་ཏི་ཐཱ་ཧཱ། དན་སྟི་ལི་ཐཱ་ཧཱ། དུན་ཏེ་ལི་ཐཱ་ཧཱ། འཇིག་རྟེན་འདས་པའི་ཏན། ཏྲ་ལས་རྣ་བའི་མངོན་ཤེས་བསྒྲུབ་པ་འབྱུང་སྟེ། སྲིན་པོ་པུ་སྣའི་རྣ་བ་ཞེས་བྱ་སྟེ། དུར་ཁྲོད་ཀྱི་བདག་པོ་གཤིན་རྗེ་རྩ་མུན་ཏས་བྱས་པས། ཕག་པའི་རྣ་སྤབས་བྱུང་བས། ཕག་པའི་རྣ་བར་བཅུག་ནས། ཕག་པའི་རྣ་བ་དང་འབྲས་བུ་སྔར་བསྒྲུལ་བའི་རྣ་བ་དང། ཀླད་པ་དང། ད་ཅི་གོང་དུ་དམོས་པའི་རྣ་བ་དང་སྦྱར་ནས། བ་སྤྲུ་བ་དཀར་མོའི་འདབ་མ་དང་བསྲེས་ནས་མགོ་ལ་བསྐུས་ཏེ། སྔགས་འདིས་བཏབ་ན། འཇིག་རྟེན་གསུམ་གྱི་སྐད་དང་སྒྲ་ཐོས་ཤིང་གོ་བར་འགྱུར་རོ།། ཧཱུཾ་ཤོ་དེ་བྱ་སྟ་གཉའ་ན་ཀྲོ་ཏ་སམ་ནི་བྱི་སྟ་ནས་ན་ཞེས་བསྙེན་པ་བཟླས་སོ། ། འདི་ནི་མར་སྣའི་མངོན་ཤེས་བསྒྲུབ་པ་བསྟན་ཏེ། ཤིང་སྣ་མའི་འབྲས་བུ་ནི། སྣ་ཆེན་མེའི་སྣ་ཁྲག་ཡིན་ཏེ། སྲིད་པ་དང་པོ་ཆགས་ཙམ་ན་སྐྱེས་པས། དཔྱིད་ཟླ་ར་བ་ལ་སྨིན་པས་སྣ་མའི་འབྲས་བུ་དང། དགྲལ་བའི་སྣ་དང་སྣ་ཁྲག་སྦྱར་ནས། སྣ་ལ་བསྐུས་ནས་སྔགས་བཏབ་ན། དྲི་སྣ་ཚོགས་ཚོར་རོ།། ཧཱུཾ་ཉ་ཉ་བྱ་སྟེ། སྙ་སེ་ག་ཏི། ཁ་སི་ཏི། བསྙེན་པ་བཟླས་སོ།། ཚེའི་མངོན་ཤེས་བསྒྲུབ་བ། ཐང་ཤིང་ལོ་གསུམ་སྟོང་ལོན་པའི་ལོ་མ་འཐུར་དུ་གུག་པའི་གསེབ་ན། ཐང་འབྲུམ་གྱི་གཟུགས་ཅན་དེའི་ཡལ་ག་འཐུར་དུ་ལོ་བརྒྱ་འམ་སྟོང་ལོན་པའི་གསེབ་ནས་ཡལ་ག་དྲང་པོ་དེ་གསུམ་དང། ཨ་རུ་ར་སྦྱར་ཏེ་བཅོས་ལ། ཆུང་དུ་ནས་ཚོམ་པ་དེ་བཀོད་མ་ཁྱོར་གང་བསྡུས། འབྲས་དང་ཏིལ་མར་དང་ཟོས་ན་ལོ་སྟོང་ཐུབ་བོ།། ཟས་ཟ་མི་དགོས་འཕུར་བ་ཐོབ་བོ།། སྔགས་ལ། ན་མོ་བྷྱ་རྒ་སི་ཏི་ས་ག་གཉའ་ནའི་བྷན་དུ། ཨ་ཡུ་ར་ག་ཨ་ཡུ་བྱིན་དུ་ཕུས་མ་ཧཱུཾ། ཞེས་བསྙེན་པ་བཟླས་སོ། ། ཡང་འདིར་འཕྲུལ་ཐོབ་པ་བསྒྲུབ་སྟེ། ཤུགས་པ་ཕྲག་པ་རྒྱས་ཤུག་ལོ་འབྲས་དཀར་པོའི་འདབ་མ་དང་བཙོས་ལ། དེ་ཚོས་པ་དང་ཐང་རུ་བྱུང་སྟེ། བཏང་ནས། དེ་ལེགས་པར་བསྐུས་ཏེ། འདས་མ་ཚོ་བསྐམས་པ་དང། ཤུག་འབྲས་ཀྱི་སྙིང་པོ་སྐང་པ་སྟོན་པ་བསྐམས་ཏེ། ཁྲེ་འབྲས་དང། རྒྱ་སྲན་དང། ཨ་རུ་ར་དང་སྦྱར་ལ། དེའི་ཕྱེ་མ་ཕོ་སུ་རེ་ཀ་རའི་ཕྱེ་མ་དང་ཏི་ལ་མར་སྦྱར་བའི་ཕོ་ཚོམས་རེ། ཉིན་གཅིག་ལ་ལན་གསུམ་ཟའོ།། འཕུར་ཡང་ཐུབ། ཟས་ཀྱང་བཟའ་མི་དགོས། ཚེ་རིང་བར་འགྱུར་རོ།། སྔགས་འདི་བཟླས་སོ།། ན་མོ་བྷ་ག་བ་ག་ཏེ། སི་ཏི་ཨ་ཡུ་ག་ཛཱ་ན་ཨ་ཡུ་བྷིན་དུ། ཨ་ཡུ་མ་ལ་ཙ་ཡ་རྦ་ཡ་རྦ་ལ། ཨ་ཡུ་ར་ག་ས་མ་ཡ་ཧཱུཾ། སྲིན་པོ་ཛ་ལ་ཡ་རག་ཤན་ཤ་བསྒྲལ་བའི་སྙིང་ཞེས་བཟླས་སོ།། འདི་ན་མར་སེམས་མངོན་ཤེས་བསྒྲུབ་པ་བསྟན་ཏེ། སྔོན་གནོད་སྦྱིན་བསྒྲལ་བའི་སྙིང་ཡིན་ཏེ། ཕྱག་ན་རྡོ་རྗེས་བསྒྲལ་ནས། ཙིཏྟ་སྐྱུར་བ་སྙིང་ཞོ་ཤ་ཡིན་ནོ།། སྙིང་ཞོ་ཤ་དང། སྔོན་ཀླུའི་རྒྱལ་པོ་བྱ་ཁྱུང་ཁ་རུ་ནས་ཁྱེར་ནས་ཤི་བའི་སྙིང་ཡིན་ཏེ། ན་ག་གེ་སར་དང། བྱ་རྒོད་ཀྱི་སྙིང། ནེ་ཚོའི་སྙིང་དང། མཆོག་ཆེན་པོ་ལྔ་རྣམས་ཀྱི་སྙིང་དང་སྦྱར་ནས་བསྒྲུབས་ཏེ་ཟོས་ན། སྲིད་པ་གསུམ་གྱི་ལྷ་སྲིན་གྱི་སྐྱེས་གནས་དང། དུས་གསུམ་གྱི་སྐྱེ་གནས་དྲན་པར་འགྱུར་རོ།། སྔགས་འདི་བཟླས་ཤིང་བསྒྲུབ་བོ།། ཧཱུཾ་ཙིཏྟ་སིདྡྷི་བོ་དྷི་སྭཱཧཱ། ཛྙཱ་ན་ཀཱ་ཡ་བ་ཏུ་བཛྲ་སི་ཏི་ཧཱུཾ། ཞེས་བཟླས་སོ།། འདི་ན་མར་ལྕེའི་མངོན་པར་ཤེས་པ་བསྒྲུབ་སྟེ། མེ་ལོང་ཀྲི་ཁྲིལ་ལྕེའི་ར་ཞེས་བྱ་སྟེ། སེ་བའི་མེ་ཏོག་དང། སྟང་པལ་ཧས་ཞེས་བྱ་སྟེ། ལ་ཕུག་གི་མེ་ཏོག་གཉིས་དང། མཆོག་ཆེན་པོ་དང། ནེ་ལེའི་ལྕེ་དང། ཀླད་པ་གོ་རོ་ཙ་ན་དང་སྦྱར་ཏེ་བསྒྲུབས་ན། སྔགས་འདི་བཏབ་སྟེ་ཟོས་ན། རོ་སྣ་ཚོགས་ཀྱི་བྲོ་བ་མྱོང་བ་དང། ལྕེ་བདེ་བ་དང། ཚིག་ལྷ་སྲིན་གྱིས་གོ་བར་འགྱུར་རོ།། ཧཱུཾ་ཛི་ཧ་བྱ་གཉའ་ནི་ཏ་ཧཱུཾ། ཞེས་བསྙེན་པ་བཟླས་སོ།། འདི་ན་མར་མ་གཉའ་བ་ཉི་ཤུ་གཅིག་དང། ཨ་རུ་ར་ཉི་ཤུ་རྩ་གཅིག་དང། དེ་ལས་བཙོས་ཏེ། ཨ་རུ་ར་སུལ་བུ་རངས་པ་དང། བཙོས་པའི་ཁུ་བ་ཨ་རུ་ར་དང་སྦྱར་ལ་བཏུང། སྔགས་ལ། བྱར་སུ་ཤ་ཏ་སུ་ཡ་ཧཱུཾ་སི་སྭ་ཏི། རིགས་འཛིན་ཐོབ། ཕོས་འཐུངས་ན་བུ་ཁྱེའུ་བསྐྱེད། བསྙེན་པ་བཟླས་སོ།། ཡང་འདིར་འཕྲུལ་ཐོབ་པ་དྲེག་པ་སྟ་བསྒྲུབ་སྟེ། ཟླ་བ་གཟས་ཟིན་པའི་ནུབ་མོ་ཕུར་པའི་མངོན་ཤེས་བསྒྲུབ་པར་བྱ་སྟེ། འོ་ལྔ་ནས་ཕུར་པ་ལ་འཚལ་བའི་རྫས་བསག་ས་ལ་བསྐམས་ལ། དཀྱིལ་འཁོར་དབང་དང་ཞི་རྒྱས་གང་ཡང་རུང་བ་བཞེངས་ལ། ཕུར་པའི་ཆོ་ག་ལེགས་པར་བྱས་ལ། ཟླ་བ་གཟས་ཟིན་པ་སོར་ཆུད་ཆུད་དུ། ཕུར་བུ་ལག་ཏུ་འདྲིལ་ཞིང་སྙིང་པོ་འདི་བཟླས་སོ།། ཨཱ+ོཾ་ཨི་ཨི་མ་མེ་མི་མི། ཀཱི་ལི་ཀཱི་ལཱ་ཡ་ས་ཧཱུཾ། བཛྲ་ཀཱི་ལི་ཀཱི་ལཱ་ཡ་སི་ཏི་ཧཱུཾ། ཀཱི་ལི་ཀཱི་ལཱ་ཡ་ཛྙ་ན་ཧཱུཾ། ཞེས་སྙིང་པོ་བཟླས་པ་དང། ཀི་ལ་ཡ་དེ་དྲོས་ནས་ཚ་འུར་འུར་སོང་བ་དང། ཕུར་བུ་འོད་གསལ། ཕུར་བུ་བསྒྲུབ་པ་ཡིན་པས། བདུད་དང། སྲིན་པོ་དང། དགྲ་བགེགས་དང། ལོག་འདྲེན་གང་ལ་བཏབ་ཀྱང་ཐེབས་པར་འོང་བས་འདི་ལྟར་སྒྲུབས་ཤིག། དགྲ་བོ་རྩ་བ་བདུན་བརྒྱུད་ཚུན་ཆད་ཀྱི་གཤེད་མར་འགྱུར་རོ།། འདི་ན་མར་ཟོར་འཕང་བ་དང། དགྲ་བོ་གསད་པའི་ཐབས་བསྟན་ཏེ། ཟོར་གྱི་རྫས་ལྡན་ལ་ཚང་བར་བཤམ་སྟེ། ཟླ་བ་གཟས་ཟིན་པའི་ནུབ་མོ་ཟོར་འཕངས་པའི་སྐྱོགས་ཀྱི་ཆུ་ཁལ། ནས་ནག་དང། ཉུངས་ནག་དང། ཟོར་གྱི་སྐྱོགས་ཁ་རྩིད་པ་ནག་པོས་བཀབ་ལ། སྐྱོགས་ཁ་བཅད་པའི་སྟེང་དུ་ཡུངས་ནག་གི་རྒྱལ་པོ་བླུག་བའི་སྙིང་པོ་ནི། ཨོཾ་ཨཾ་ཨིམ་མ་མ་ན། ག་ལ་ཁྲིས་སྣ་ཤ་ཀུ་ལ་ཕཊ་ཕཊ། ཅེས་འབུམ་བཟླས། ཟླ་བ་ནག་ཟློར་ཆུད་པ་དང་སྙིང་པོ་དང་བསྙེན་པ་བྱས་ནས། ཟོར་སྐྱོགས་སམ། ཡུངས་ནག་གི་ཚེ་དང། ནས་དང། མདའ་གཞུ་འགུལ་ལམ། མདའ་འམ་སྒྲ་བྱུང། འཕངས་ནས་གྲུབ་པའི་བདུད་སྲིན་གང་ལ་འཕངས་པའི་ཟོར་དང། ཡང་བསྟན་དུ་བརླག་པའི་བུ་ཚ་བདུན་བརྒྱུད་ཡན་ཆད་ཀྱི་གཉེན་པོར་འགྱུར་རོ།། འདི་ནས་མར་སྔ་ནས་བཤམས་ལ་ཅོང་གཟི་དང། ལྕོང་གཟིའི་ཆུ་ཕུལ་གང་དང། འོ་མ་བྲེ་གང་གི་ནང་དུ། ཨ་རུ་ར་ཉི་ཤུ་རྩ་གཅིག་བླུག་པའི་ཆུ་དང། ཅོང་ཞི་དང། ཨ་རུ་ར་གཉིས་དང། ཨ་རུ་ར་སུལ་བུ་རངས་པ་དང། འོ་མ་བདེ་སྐྱེ་རུ་གྱུར་པ་དང། ཅོང་གཟི་གསལ། ཤུལ་མ་བླག་པས་སྐྱ་སོང་བ་དང། ཉི་མའི་གུང་ལ་ཏིལ་མར་དང་བུར་མར་དང་བཟའ་འོ།། སྤྱི་བུ་ཁྱེའུ་སྐྱེའོ།། ལོ་བརྒྱ་ཐུབ། སྔགས་ནི། ཨིར་མ་ཏ་སི་ཏི། བེ་ལ་ལི་ཚར་ཆུར་ན་ཙན་དྷ་ལོ་སྭཱ་ཧཱ། འཇིག་རྟེན་འདས་པའི་མདོ་ལས། ཆོས་ཐམས་ཅད་ཀྱི་མདོ་ལ་བཟླས་པའི་གྲུབ་པའི་མངོན་ཤེས་བསྟན་པར་བྱ་སྟེ། ཆོས་ཀྱི་མདོ་ཉི་མའི་དམར་ཐག་ཆད་ནས། ནམ་སྲོས་པ་དང་བས་ཆོས་ཀྱིས་ལ་ལ་འགྱིང། སངས་རྒྱས་ལམ་བསླབ་དགོས་ཏེ། རྒྱུད་རེ་ལ་གསང་བའི་དོན་རེ་འབྱུང་ན། དེ་ཡང་སྤྱིར་མཁས་པས་གསུངས། བཀའ་ལས་འབྱུང་སྟེ་མི་འགལ་ལེགས། བཀའ་འདི་ནི་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ།། སྤྱི་ཉིད་བློན་པོས་ཀྱང་འདི་ལྟར་འདུག་པས། རབ་ཏུ་དཀོན་ལ་ལེགས་པས་དོན་བྱོས་ལ། སློབ་མ་སྙིང་དང་འདྲ་བ་ལ་ཡང་སྟོན་ཅིང་སྤྱིར་ངན་སོང་དུ་ལྟུང་བར་བྱེད་པ་ནི་མི་དགེ་བ་བཅུ་དང། ཉོན་མོངས་པ་ལྔ་དང། མཚམས་མེད་པ་ལྔ་བྱས་ནས། སེམས་རྒྱུད་མ་སྦྱངས་པས་ངན་སོང་དུ་འཁྲིད་དོ།། མཐོ་རིས་སུ་འཁྲིད་པ་ནི་དགེ་བ་བཅུ་དང། ཚད་མེད་པ་བཞི་དང། ཆོས་སྤྱོད་བཅུས་སྣ་དྲངས་ནས་བྱང་ཆུབ་ཀྱི་སེམས་རྡོ་རྗེ་ནི་བསྒོམས་པས་འདོན་པ་དང་འདྲ་བར་གར་དམིགས་པར་ཕྱིན་ནོ། ། དེའི་ཕྱིར་ན་སེམས་ལ་སྐྱེ་ཤི་མེད་པས་སེམས་གཙོ། སྤྱིར་སེམས་ནི་རླུང་ཡིན་ཏེ། གར་ཕྱིན་པར་ཕྱིན་ཅིང་འགྲོ་ན། ངལ་ཏེ་ཞེ་སྡང་གི་དབང་གིས་དམྱལ་བར་འགྲོ་དགོས་ན། དམྱལ་བའི་སྒོ་བཅོད། བཅད་པའི་སྔགས་ལ། སརྦ་ན་ར་གུ་དུ་མ་ཐ་མ་གི་ཧེ་ཧ་བྱི་རི་ཀུ། ཞེས་སྒོ་བཅད་དོ།། དམྱལ་བའི་རྒྱལ་བོ། གཤིན་རྗེ་ཆོས་ཀྱི་རྒྱལ་པོ་ཨ་བ་གླང་མགོ་ཅན་ཁ་ཊྭཱཾ་ཁ་ཐོགས་པ་ཕྱིར་བསྐྲད་པར་བྱའོ། ། འདོད་ཆགས་ཀྱི་དབང་གིས་ཡི་དགས་སུ་འགྲོ་སྲིད་དོ།། སྲིད་ན། སརྦ་པྲེ་ཏ་མ་གེ་སྟེ་ཧ་བྱ་ར་འོ་ཀུ། ཞེས་པས་ཡི་དྭགས་ཁ་འབར་མ་སྒྲོམ་བུ་ཐོགས་པ་ཕྱིར་བསྐྲད་དོ།། གཏི་མུག་གི་དབང་གིས་བྱོལ་སོང་དུ་འགྲོ་སྲིད་ན། སྔགས་འདིས་བྱོལ་སོང་གི་སྒོ་བཅད་དོ།། སརྦ་ཏི་ཏ་མ་ཀི་ཧེ་ཧེ་རི་བི་སྐུ། ཞེས་པས་བྱོལ་སོང་གི་རྒྱལ་པོ་གླང་པོ་ཆེ་ས་སྲུངས་ཀྱི་བུ་ཕྱིར་བསྐྲད་དོ།། ང་རྒྱལ་གྱི་དབང་གིས་མཐའ་འཁོབ་ཀྱི་གནས་སུ་སྐྱེས་སྲིད་ན། སྔགས་འདིས་སྒོ་བཅད་དོ། སརྦ་སྲ་ནི་མ་ཀེ་ཧེ་ཧ་བྱ་རི་བི་སྐུ། ཞེས་པས་མིའི་སྒོ་བཅད་དོ།། ཕྲག་དོག་གི་དབང་གིས་ལྷ་མ་ཡིན་གྱི་གནས་སུ་སྐྱེས་སྲིད་པས། དེར་སྐྱེས་པ་སྔགས་འདིས་སྒོ་བཅད་དོ། ། སརྦ་བི་ག་ཏྲ་ཡ་སྟེ་བ་མ་ཀེ་ཧེ་རི་རི་བ་ཀུ། ཞེས་སྒོ་བཅད་དོ།། ལྷ་མ་ཡིན་ཐགས་བཟངས་རིགས་མཚོན་ཆ་ཐོགས་པ་སླར་ལོག་གོ། གལ་ཏེ་དྲོད་གཤེར་ལས་སྐྱེས་བར་འགྲོ་སྲིད་པས། སྔགས་འདིས་སྒོ་བཅད་དོ། ། སརྦ་རྩ་མ་དེ་ཧེ་བྷྱ་ཏི་ཏི་ཀུ། ཞེས་སྒོ་བཅད་དོ།། དབྱར་གྱི་རྒྱལ་མོ་ཆུ་ཐོག་མ་ཕྱིར་བསྐྲད་དོ།། གལ་ཏེ་དམྱལ་བ་ནས་གྱེས་ནས་མནར་མེད་པར་འགྲོ་སྲིད་ན། སྔགས་ལ། ཚེ་ར་ཡམ་ཀྱེ་ཧོ་ཧ་བི་ཀུ། ཞེས་བཅད་དོ།། སྲིད་པའི་རྒྱལ་མོ་མདའ་ཐོགས་པ་ཕྱིར་བསྐྲད་དོ།། སྒོ་ང་ལ་སྐྱེས་པར་འགྲོ་སྲིད་པས། སྔགས་ནི། ཨ་ཉ་མ་ག་ཧེ་ཧ་ར་བྱི་ཀུས་སྒོ་བཅད་དོ།། ནམ་མཁའ་ལྡིང་གི་རྒྱལ་པོ་གསེར་མིག་ནི་སྟོད་མི་ལ་སྨད་སྤྱང་ཀིར་འདུག་པ་ཕྱིར་བསྐྲད་དོ། ། དེ་ནས་ལྷའི་སྒོ་དབྱེ་བ་སྟེ། སྔགས་ལ། ཨ་དང་མ་མ་ཨེ་ཀེ་ཡ་ཕཊ། ཅེས་ལྷའི་སྒོ་དབྱེའོ།། ཚངས་པས་ལག་ནས་དྲངས་ཏེ། དེ་ཡན་ཆད་ཏིང་ངེ་འཛིན་གྱི་ཟས་སྐོམ་དང་ལོངས་སྤྱོད་ལུས་སེམས་ཡེ་ཤེས་ལས་འགྱུར་པ་ལ། རིགས་སེམས་དཔའ་སེམས་མའོ།། རྒྱུད་འཇིག་རྟེན་འདས་པའི་མདོ་ལས། ཡེ་ཤེས་ཀྱི་མ་མོའི་ཕོ་ཉ་ནི། ཤར་གྱི་ཕྱོགས་ནས་འགུགས་བྱེད་མ།། མཐིང་ཁ་མཆོག་རྣམས་གསང་བའི་ཡུམ། ། ཀཻ་རི་ནག་མོ་དབྱུག་ཏོ་འཕྱར།། བདུད་བགེགས་འདུལ་བའི་ལས་མཛོད་ཅིག། ལྷོ་ཡི་ཕྱོགས་ནས་འགུགས་པ་ནི།། གསེར་གྱི་འོད་འཕྲོ་མདའ་གཞུ་འགེངས།། ཙེའུ་ཐབས་ཀྱི་མདའ་གཞུ་འཕེལ། ། ལྷོ་ཡི་དགྲ་བགེགས་དགུག་ཏུ་གསོལ།། ནུབ་ཀྱི་ཕྱོགས་ནས་འགུགས་མ་ནི།། ཆུ་སྲིན་རྒྱལ་མཚན་འཕྱར་བ་མོ།། པྲ་མོ་དམར་མོ་འཇིགས་པའི་གཟུགས།། བྱང་གི་ཕྱོགས་ནས་འགུགས་བྱེད་མ། ནག་མོ་རལ་པ་ཐོད་པ་འགེངས། ། པེ་ཏ་ནག་མོ་རྡོ་རྗེ་འཕྱར།། བྱང་ནས་དགྲ་བགེག་དགུག་ཏུ་གསོལ།། ཤར་ལྷོ་ཕྱོགས་ནས་འགུགས་པ་ནི།། བསྐལ་བའི་མེ་འབར་རྒྱུ་འཕྲེང་འཛིན།། སྤུ་ཀ་དམར་སེར་འཇིགས་པའི་གཟུགས། ། ཤར་ལྷོ་མཚམས་ནས་དགུག་ཏུ་གསོལ།། ལྷོ་ནུབ་མཚམས་ནས་འགུགས་བྱེད་མ།། ལྗང་ནག་ཆེན་མོ་མེ་འབར་མ།། དཀར་མོ་རྡོ་རྗེ་ཐོད་ཁྲག་འཐུང།། ལྷོ་ནུབ་མཚམས་ནས་དགུག་ཏུ་གསོལ། ། ནུབ་བྱང་མཚམས་ནས་འགུགས་བྱེད་མ།། བཙུན་མོ་ཞེ་སྡང་སྤུ་གྲིའི་སོ།། སྨ་ཤ་མཐིང་ནག་འཇིགས་པའི་གཟུགས།། ནུབ་བྱང་མཚམས་ནས་དགུག་ཏུ་གསོལ།། བྱང་ཤར་མཚམས་ནས་འགུགས་པ་ནི། ། ཁ་ཊྭཱཾ་མཚོན་གྱི་ཆར་འབེབས་མ། ཙན་ད་སེར་སྐྱ་ཆར་འབེབས་མ།། ཙན་དྷ་ཧས་ཀྱ་འཇིགས་པའི་གཟུགས། བྱང་ཤར་མཚམས་ནས་དགུག་ཏུ་གསོལ།། ཛ་ཛ་ཨང་གུ་ཤ་ཛ། དཔལ་ཆེན་ཐུགས་ཀྱི་ཕོ་ཉ་སྟེ། ། ཤར་གྱི་ཕྱོགས་ནས་འགུགས་པ་ནི།། བཛྲ་མུ་སྟེ་འཇིགས་པའི་གཟུགས།། འབར་མ་རྡོ་རྗེ་སྐུ་འབར་མ།། དཀར་མོ་ལག་ན་རྡོ་རྗེ་འཕྱར།། ཤར་གྱི་ཕྱོགས་ནས་དགུག་ཏུ་གསོལ།། ཤར་ལྷོ་མཚམས་ནས་འགུགས་བྱེད་མ། ། མུན་སྟེ་ཨ་ན་འཇིགས་པའི་གཟུགས།། འབར་མ་མེ་ཁྱེར་གློག་འཕྲེང་འཛིན།། མུར་ཏི་དྲག་མོ་འཇིགས་པའི་གཟུགས། སེར་མོ་ལག་མེ་ཏོག་བསྣམས།། ཤར་ལྷོ་མཚམས་ནས་དགུག་ཏུ་གསོལ།། ལྷོ་ཡི་ཕྱོགས་ནས་འགུགས་པ་ནི། ། མུ་ཏི་ཡ་མ་འཇིགས་པའི་གཟུགས།། འབར་མ་གཤིན་རྗེ་སྐར་མ་སྟོང།། སྡོན་མོ་འོད་ཀྱི་མདའ་འཕེན་མ།། ལྷོ་ཡི་ཕྱོགས་ནས་དགུག་ཏུ་གསོལ།། ལྷོ་ནུབ་མཚམས་ནས་འགུགས་པ་ནི། ། མུག་ཏི་དྲག་ཤ་འཇིགས་པའི་གཟུགས།། འབར་མ་སྲིན་མོ་རལ་གྲི་འཛིན།། ལྷོ་ནུབ་མཚམས་ནས་དགུག་ཏུ་གསོལ།། ནུབ་ཀྱི་ཕྱོགས་ནས་འགུགས་པ་ནི།། མི་ཏིང་ནཱ་ག་འཇིགས་པའི་གཟུགས།། འབར་མ་ཀླུ་མོ་ལྕེ་འབེབས་མ། ། དམར་མོ་ལག་ན་ཐོད་འབེབས་མ།། ནུབ་ཀྱི་ཕྱོགས་ནས་དགུག་ཏུ་གསོལ།། ནུབ་བྱང་མཚམས་ནས་འགུགས་པ་ནི།། མུན་པ་ཡང་ནི་འཇིགས་པའི་གཟུགས།། འབར་མ་རླུང་བདག་བ་དན་འཕྱར། ། བྱང་ནུབ་མཚམས་ནས་དགུག་ཏུ་གསོལ།། བྱང་གི་ཕྱོགས་ནས་འགུགས་བྱེད་ནི།། མུན་ཏི་བ་བ་འཇིགས་པའི་གཟུགས།། འབར་མ་གནོད་སྦྱིན་ཁྱུང་ཐོགས་མ།། ལྗང་ནག་ལག་ན་ཁྲ་ཐོགས་མ།། བྱང་གི་ཕྱོག་ནས་དགུག་ཏུ་གསོལ། ། བྱང་ཤར་མཚམས་ནས་འགུགས་པ་ནི།། མུན་ཏིང་རུ་དྲ་འཇིགས་པའི་གཟུགས།། འབར་མ་འཇིགས་བྱེད་བན་གླང་སྣ།། མཐིང་ཁ་ལག་ན་མདུང་ཐུང་འཕེན།། བྱང་ཤར་མཚམས་ནས་དགུག་ཏུ་གསོལ། ། སྟེང་གི་ཕྱོགས་ནས་འགུགས་པ་ནི།། མུར་སྟི་སུ་རྒྱ་འཇིགས་པའི་གཟུགས།། སེར་མོ་ལག་ན་ཉི་ཟླ་ཐོགས།། སྟང་གི་ཕྱོགས་ནས་དགུག་ཏུ་གསོལ།། འོག་གི་ཕྱོགས་ནས་འགུགས་པ་ནི།། མུ་སྟི་བབ་འཇིགས་པའི་གཟུགས། ། འབར་མ་ཕག་གདོང་ས་བདག་མོ།། ནག་མོ་ལག་ན་བུམ་པ་འཛིན།། འོག་གི་ཕྱོགས་ནས་དགུག་ཏུ་གསོལ།། འཇིག་རྟེན་འདས་པའི་རྒྱུ་ལས། ཡེ་ཤེས་ཀྱི་མ་མོ་དང་འབར་བའི་ཕོ་ཉས་དགྲ་བགེགས་འགུགས་པའི་ལེའུ་སྟེ་དགུ་པའོ། །།། འཇིག་རྟེན་འདས་པའི་མདོ་ལས། ཧེ་རུ་ཀ་ལ་ཕྱག་འཚལ་ལོ།། དེ་ནས་བཅོམ་ལྡན་འདས་ཞེས་བྱ་བའི་དོན་ལ། དང་པོ་བཅོམ་ལྡན་འདས་ཞེས་བྱ་བ་ནི་བདུད་བཞི་བཅོམ་སྟེ། སྦྱོར་བ་ཡེ་ཤེས་ཀྱིས་ཟིན་པས་ལྷའི་བུའི་བདུད་བཅོམ་པ་དང། ཕུང་པོ་ལྔ་རིགས་ལྔར་བསྒོམས་པས་ཕུང་པོའི་བདུད་བཅོམ། ཏིང་ངེ་འཛིན་ཐང་ལྷོད་མེད་པར་བསྒྲོམས་པས་ལས་དང་ཉོན་མོངས་པའི་བདུད་བཅོམ། སྒྲོལ་བ་སྙིང་རྗེས་ཟིན་པས་འཆི་བདག་གི་བདུད་བཅོམ་ལ། རྣམ་པ་གཅིག་ཏུ་འདུལ་བ་ཚམ་རྔམ་གྱི་རིགས་བཞི་ཧེ་རུ་ཀ་དང། ཁྲོ་བོ་རྣམས་དང། ལྷ་ཆེན་པོའི་ཞབས་འོག་ཏུ་བཅུག་ཅིང། སྒལ་ཚིག་བཅོམ་པས་ཀྱང་བཅོམ་ལ། ཡང་རྣམ་པ་གཅིག་ཏུ་འཇིག་རྟེན་གསུམ་ན་མཐུ་ཆེ་ལ་དབང་བཙན་པས་ཀྱང། བདུད་དང། སྲིན་པོ་དང། ཚངས་པ་དང། བརྒྱ་བྱིན་དང། ལྷ་དང། ཀླུ་དང། དེ་རྣམས་བཅོམ་པས་ཀྱང་བཅོམ། ལྡན་པ་ནི་ཐབས་དང་ཤེས་རབ་ཀྱིས་འཁོར་ཡེ་ཤེས་ལས་ལས་གྲུབ་པ་དང། ལས་གྲུབ་དང་ལྔན་པས་ཀྱང་ལྡན་ནོ།། འདས་པ་ནི་འཁོར་བ་དང་མྱ་ངན་ལས་འདས་པས་ཀྱང་འདས་སོ། ། ཐེག་པ་དགུའི་འོག་མ་ཀུན་ལ་འདས་པས་ཀྱང་འདས་པ། འཇིག་རྟེན་ལས་འདས་པའི་ཧེ་རུ་ཀའི་གལ་པོ་ཡིན་པས་ཀྱང་འདས་སོ།། དཔལ་ཧེ་རུ་ཀ་ཞེས་པ་ལ། བདག་དང་གཞན་གཉིས་ཀའི་དཔལ་ཞེས་ཀྱང་བྱ་ན། འདིས་ཐུགས་རྗེ་ཆེན་པོས་བདུད་དང་སྲིན་པོ་འདུལ་བས་ཀྱང་ཀུན་གྱི་དཔའ་ཡིན་ལ། མ་མོ་དང་མཁའ་འགྲོ་ཀུན་གྱི་དཔལ་ཡིན་པས་ཀྱང་དཔལ་ཡིན་ནོ།། པདྨ་ཞེས་པ་ནི། པདྨ་འདམ་ནས་སྐྱེས་ཀྱང་འདམ་གྱིས་མ་གོས་པ་དང། ཤེས་རབ་ཀྱི་རང་བཞིན་སྦྱོར་སྒྲོལ་གྱི་ཆོས་སྤྱོད་ཀྱང་བག་ཆགས་དང་སྐྱོན་གྱིས་མ་གོས་སོ།། ཧེ་རུ་ཀ་ཞེས་པ་ནི། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལྷ་སྲིན་བདུད་དང་བགེགས་ཀུན་ལས་ཀྱང་རབ་ཏུ་འཕགས་ཏེ། གཞན་གྱིས་མི་ཚུགས་ཤིང་མཐུ་ཆེ་ལ་དབང་བཙན་པས་ལྟ་བ་དང་སྤྱོད་པའི་དོན། ཨ་ཏི་ཡོ་གའི་དོན་བྱ་བཙལ་དང་བྲལ་ཞིང་འདས་པས། ཁྲོ་བོ་ཀུན་གྱི་ཐོག་མ་ཡིན་པས་ཀྱང་ཧེ་རུ་ཀའོ། ། དཔལ་ཆེན་པོ་ཧེ་རུ་ཀ་དེ་འོག་མིན་གྱི་གནས་ལྕང་ལོ་ཅན་གྱི་ཕོ་བྲང་དུ། རིན་པོ་ཆེ་ཡེ་ཤེས་ལས་གྲུབ་པའི་གཞལ་ཡས་ཁང་ཚད་དཔག་ཏུ་མེད་པ་ཡུམ་གྱི་མཁའ་པདྨ་འདབ་མ་སྟོང་དང་ལྡན་པ་སྟེ། རྡོ་རྗེ་བླ་རེ་མིག་མངས་རིས་སུ་བྲེས་པ། འོག་རྡོ་རྗེའི་གཞལ་ཡས་སུ་བཀྲམ་པ། དེའི་འོག་ཀྱང་འདོད་ཆགས་ཁྲག་གི་རྒྱ་མཚོ། ཞེ་སྡང་རུས་པའི་ཕུང་པོ། གཏི་མུག་ཤའི་རི་རབ་ཀྱི་སྟེང་ན། རིན་པོ་ཆེའི་ཁྲི་རྐང་བརྒྱད་པ་ལ། ཁྲི་རྐང་གི་བར་རེ་རེ་ན་སྤྲིན་མེད་པའི་ཉི་མ་བདུན་བདུན་བརྩེགས་མར་ཤར་བ། ཁྲི་རྐང་དེའི་བར་གསེར་གྱི་སེང་གེ་སྤྱན་གསུམ་གསུམ་བདུན་བཞི་ཉི་ཤུ་རྩ་བརྒྱད་ཡེ་ཤེས་ལས་གྲུབ་པའི་ཚུལ་དུ་ཁ་ཕྱོགས་བཞི་ཚམས་བརྒྱད་དུ་གཟིགས་པ། དེའི་བར་བར་ཁྲི་རྐང་གི་གསེབ་སེང་གེ་གནས་པས། ཀུན་ཏུ་བཟང་པོ་ལ་འཁོར་བ་བཙལ་གྱིས་མ་རྙེད་པས། དབྱེ་བ་མེད་པའི་ས་ལ་མཉམ་པ་ཉིད་ཀྱི་ཀློང་དུ་གནས་པས་རྒྱུ་འབྲས་ཀྱི་ཆོས་དང། ལས་སྡུག་བསྔལ་དང། སྐུ་དང་ཡེ་ཤེས་ཀྱི་ཆོས་ཐམས་ཅད་ལ་སེམས་ཀྱི་དབང་བསྐུར་བས། རིག་པའི་རྒྱལ་པོ་རང་དབང་རྫོགས་པས། འདི་ལྟར་གནས་པའི་རྣལ་འབྱོར་པས་དབང་བསྐུར་ཡང་མི་འགལ། མ་བསྐུར་ཀྱང་དབང་ཐམས་ཅད་རྫོགས་པས། གསེར་ས་དབུང་ལ་ཁ་བླངས་མི་དགོས། བླངས་ཀྱང་མི་འགལ་བ་དང་འདྲའོ།། དེའི་ཕྱིར་འདི་སྐད་ཅེས་གསུངས་སོ།། ཡོད་ཅིང་རྫས་སུ་སྣང་ན་ཡང། ། སྣང་ཞིང་སྲིད་པའི་ཡེ་ཤེས་བརྒྱན།། མེད་ཅིང་ཆད་པར་སྣང་ན་ཡང།། ཁམས་གསུམ་ཐམས་ཅད་སྟོང་པའི་དབྱིངས།། ཡོད་མེད་གཉིས་ལས་འདས་ན་ཡང།། དོན་གྱི་མཆོག་ནི་བཅོམ་པས་ཀྱང། གསེར་གྱི་མདོག་གཟི་འཕགས་རྡོ་རྗེའི་སིང་ཧ་མ། ཕྱོགས་བཞི་མཚམས་བརྒྱད་དཔུང་འཇོམས། རྟགས་ཞེས་བྱ། པདྨ་རྩ་ལ་བརྒྱད་པའོ།། ཁྲི་རྐང་དེ་རྣམས་ལ་ཡང་པདྨ་ཧེ་རུ་ཀླུ་ལས་གྲུབ་པ་ཡིན་པས་སྦྲུལ་ནག་ཆེན་མོའི་གདན་བྱས་ནས་བཞུགས་སོ། ། ཕྱོགས་བཞི་མཚམས་བརྒྱད་ནས། ཤར་དྲི་ཟ། ལྷོ་གཤིན་རྗེ། ནུབ་ཀླུ། བྱང་གནོད་སྦྱིན། མེ་ལྷ་དང། སྲིན་པོ་དང། རླུང་ལྷ་དང། དབང་ལྡན་དེ་རྣམས་ཞབས་འོག་ཏུ་གདན་བྱས་ནས་བཞུགས་སོ། ། དེ་ནས་འཁོར་དེར་ཧེ་རུ་ཀའི་སྤྲུལ་པ་དང། ཡུམ་ཆེན་མོ་ཀྲོ་དྷཱི་ཤྭ་རི་ལ་སོགས་པ་ཡུམ་གྱི་ཚོགས། ཡེ་ཤེས་དང་ལས་ལས་གྲུབ་པའི་མཁའ་འགྲོ་མ་དང། ཁྲོ་བོ་དང། ཁྲོ་མོ་དང། ཕོ་ཉ་དང། དབང་ཕྱུག་མ་ལ་སོགས་ཚོགས་ནས། བཅོམ་ལྡན་འདས་དཔལ་ཆེན་པོ་ལ་བསྐོར་བ་བྱས་ནས་བརྐྱང་ཕྱག་འཚལ་ནས། ཕྱོགས་གཅིག་ཏུ་བཀོད་འཁོད་དེ་འདི་སྐད་བརྗོད་དོ།། ཨེ་མ་ཡེ་ནས་གསང་བའི་ཆོས།། སངས་རྒྱས་བདེ་ཆེན་ཉིད་ལ་རྫོགས། ། མ་རིག་མུན་སེལ་ཧེ་རུ་ཀ།། དཔལ་མཆོག་ཁྱོད་ལ་ཕྱག་འཚལ་ལོ།། ཞེས་བསྟོད་དེ་ཕྱག་འཚལ་ལོ།། དེ་ནས་འཁོར་བ། དཔལ་ཆེན་པོ་བཛྲ་ཧེ་རུ་ཀ་ཡིས་བཀའ་བསྩལ་པ། ཀྱེ་བཅོམ་ལྡན་འདས་པདྨ་ཧེ་རུ་ཀ། ཏན་ཏྲ་འཇིག་རྟེན་འདས་པའི་རྒྱུད་འདི་བཀའ་སྩལ་དུ་གསོལ། ཅེས་ཞུས་པས། བཅོམ་ལྡན་འདས་ཐུགས་རྗེ་ཆེ་ལ་ཐབས་མཁས་པ་དེས་ཐུགས་ཡང་དག་པའི་ཡེ་ཤེས་བྱམས་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། དང་པོ་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་བསྒོམ་པ་ལ་ཡང་རྣམ་པ་གསུམ་སྟེ། བསྒོམ་པའི་དགོས་ཆེད་དང། ཐབས་དང། འབྲས་བུ་དང་གསུམ་མོ།། སྒོམ་པའི་དགོས་ཆེད་ནི། སེམས་ཅན་གྱི་གཟུང་འཛིན་གྱི་དབང་གིས། དངོས་པོ་དང་མཚན་མ་ལ་མངོན་པར་ཞེན་པའི་དབང་གིས་འཁོར་བ་ཡིན་པས། དེའི་གཉེན་པོར་རྣམ་པར་མི་རྟོག་པ་བསྒོམ་པར་བྱའོ།། བསྒོམས་པའི་ཐབས་ནི། འཁོར་བ་དང་མྱ་ངན་ལས་འདས་པ་ཐམས་ཅད་རང་གི་སེམས་ལས་གུད་ན་མེད། ། གཟུང་འཛིན་དང་བྲལ་བ་ནི་མྱ་ངན་ལས་འདས་པར་སྣང་ལ། གཟུང་འཛིན་དང་མ་བྲལ་བ་ནི་འཁོར་བ་དང་མྱ་ངན་དུ་འདུག་པའི་གཞིའོ། ། ཤེས་པ་རྣམ་པ་གསུམ་གྱིས་སྣོད་རྣམ་པ་གསུམ་གྱི་ཁ་ཕྱེ་སྟེ། རྣམ་པར་མི་རྟོག་པས་རྒྱུད་སྦྱངས་ཏེ། སྐད་ཅིག་མ་རང་བཞིན་མེད་པར་དམིགས་ཏེ། སྔ་མ་ནི་འདས། ཕྱི་མ་ནི་མ་བྱུང། ད་ལྟར་ནི་མི་གནས་པས། ཆོས་ཀྱི་སྐུ་ལས་མི་ཞེན་པར་ཡང་རིག་པར་བྱས་པས། རང་བཞིན་མེད་པར་གཟུང་འཛིན་གཉིས་ཀས་སྟོང་སྟེ། གླེང་གཞི་དང་ཁུངས་ཀྱིས་སྟོང་སྟེ། སྟོང་པ་ཡང་མེད། མི་སྟོང་པ་ཡང་མེད། དབུ་མར་ཡང་མི་དམིགས་ཏེ། རྣམ་པར་རྟོག་པའི་གཉེན་པོ་མི་རྟོག་པའི་སེམས་ཡི་གེ་ཨ་དང་སྦྱར་ནས། བདག་གཟུགས་བརྙན་ཡི་གེ་ཨ་ཅི་ལ་ཡང་མི་དམིགས། མི་སེམས་པར་བསྒོམ་པ་ནི་དགོས་ཆེད་དོ།། བསྒོམ་པའི་ཐབས་ནི། ལུས་སྲང་ཕྱག་རྒྱ་བྱས་ནས་ཞེས་པས། བདག་གི་ཡི་གེ་ཨ་དེ་ལྟར་བསྒོམ་ཞིང་མེད་པ་ཁོ་ན་འོ།། བསྒོམས་པའི་འབྲས་བུ་ནི། བདག་རྒྱུ་སེམས་ཅན་གྱི་དུས་ན་དེ་ལྟར་བསྒོམས་པས། འབྲས་བུ་འཕགས་པའི་གནས་སྐབས་སུ་སྐུ་ནི་ཆོས་སྐུ་ཐོབ་ལ། ཡེ་ཤེས་སྟོང་པ་ཉིད་ཀྱི་ཡེ་ཤེས་དང་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཐོབ། བསྒོམས་པའི་འབྲས་བུའོ།། དེ་ཡང་ཏིང་ངེ་འཛིན་གྱི་འབྱུང་བ་འདི་སྐད་གསུངས་སོ།། རྣམ་པར་མི་རྟོག་ཡེ་ཤེས་སྐྱེ་མེད་ཅིང། ། གཟུང་འཛིན་རྟོག་པའི་མཐའ་ཉམས་མ་ཆགས་དབྱིངས།། ཐམས་ཅད་སྤྲོས་བྲལ་མཉམ་ཉིད་ཇི་བཞིན་དབྱིངས།། རྣམ་རྟོག་སྤྲོས་བྲལ་ཡུལ་ལས་འདས།། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཤཱུ་ནྱ་ཏ་ཛྙཱ་ན་ས་མཱ་དྷི་སྭ་བྷཱ་བ་ཨཱཏྨ་ཀོུ྅ཧཾ། ཞེས་སྙིང་པོ་བརྗོད་པས། ཏ་ཐཱ་ག་ཏ་ནི་དེ་བཞིན་གཤེགས་པའོ།། མ་ཧཱ་ནི་ཆེན་མོ། ཤཱུ་ནྱ་ཏ་ནི་སྟོང་པའོ།། ཛྙཱ་ན་ནི་ཡེ་ཤེས་སོ།། ས་མཱ་དྷི་ནི་ཏིང་ངེ་འཛིན་ནོ།། སྭ་བྷཱ་ཝཱ་ཨ་ཏྨ་ཀོུ྅ཧཾ་ནི་བདག་ཁོ་ན་བྱིན་གྱིས་རློབས་ཤིག་པའོ། ། དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་བསྟན་པའོ།། དེ་ལྟར་བསྒོམས་པས་ཀུན་ཏུ་སྣང་གི་ཏིང་ངེ་འཛིན་བསྒོམ་པ་ལ་ཡང་རྣམ་པ་གསུམ་སྟེ། བསྒོམ་པའི་དགོས་ཆེད་ནི། རྟོག་པ་འབྱུང་བ་དང། ཆོས་འཕྲུལ་འབྱུངབ་བསྟན་པ་དང། སྒྱུ་མའི་ཏིང་ངེ་འཛིན་བཀོད་པ་དག་གོ། དོན་དམ་པར་ནི་བདག་གི་རྣམ་པར་ཤེས་པའི་ཡི་གེ་ཨ་སྣང་བ་ལས་ཀྱང། ཆོས་སྐུ་ལས་མི་ཞེན་པར་སྣང་ལ། ཀུན་རྫོབ་ཏུ་འདུས་བྱས་ཀྱི་སྣང་བ་ལ་དགོངས་ཏེ། གཉེན་པོར་ཆོས་སྟོང་པ་སྣང་སྟེ། དེ་གོ་འབྱེད་པར་སྣང་བའོ།། བསྒོམ་པའི་ཐབས་ནི། གཟུགས་འཛིན་དང་བྲལ་བར་ཤེས་ལ། བདག་གི་སེམས་ནམ་མཁའི་དཀྱིལ་ན་ཡི་གེ་ཨ་གཟའ་སྐུར་མ་པ་ཝ་སངས་ཤར་བ་ལྟ་བུ་ཀུན་ཏུ་སྣང་བས་ན་ཀུན་ཏུ་སྣང་ངོ། ། བསྒོམས་པའི་འབྲས་བུ་ནི། རྒྱུ་སེམས་ཅན་གྱི་དུས་ན་དེ་ལྟར་བསྒོམས་པས་འབྲས་བུ་འཕགས་པའི་དུས་ན་སྐུ་ནི་ལོངས་སྤྱོད་རྫོགས་པའི་སྐུ་ཐོབ་ལ། ཡེ་ཤེས་ལས་སོ་སོར་རྟོག་པའི་ཡེ་ཤེས་དང་མཉམ་པ་ཉིད་ཀྱི་ཐོབ་བོ།། དེ་ཡང་འབྱུང་བ་འདི་སྐད་དོ།། མ་ལྟར་བྱམས་པའི་སྙིང་རྗེས་ཀུན་ལ་ཁྱབ།། མཁའ་ལྟར་གོ་འབྱེད་ཆོ་འཕྲུལ་འབྱུང་བར་བསྟན། ། ཀུན་ལ་ཁྱབ་པའི་ཡེ་ཤེས་གསལ་བ་ལས།། རིན་ཆེན་གཏེར་ལྟར་ཆེ་བའི་ཁྱད་པར་བསྟན།། ཧཱུཾ་སྥ་ར་ན་ཕཊ། སཾ་ཧ་ར་ཧཱུཾ། སརྦ་ཙནྜ་ནི་ཏྀ། དྷརྨ་དྷཱ་ཏུ། ས་མཱ་ན་དྷི་སྭ་བྷ་བ་ཨཱཏྨ་ཀོུ྅ཧཾ། ཞེས་ཀུན་ཏུ་སྣང་གི་ཏིར་ངེ་འཛིན་ནམ་ལངས་པའི་ཁ་དོག་དང་འདྲ་བར་བསྒོམས་ཏེ། དེ་ཡན་ཆད་རང་རྒྱུད་ཐབས་ཀྱི་བསྒོམ་པའོ།། དེ་ནི་གཉེན་པོ་རིམ་པར་བསྒོམ་པ་ནི། རྒྱུའི་ཏིང་ངེ་འཛིན་བསྒོམ་པའི་དགོས་ཆེད་ནི། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་སོ།། བསྒོམ་པའི་ཐབས་ནི། བདག་གི་རྣམ་པར་ཤེས་པའི་གཟུགས་བརྙན་བྱང་ཆུབ་ཀྱི་སེམས་ནི། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་དམ་པའི་ཆོས་ཐམས་ཅད་ལ་དབང་བསྐུར་བས། ཧཱུཾ་དམར་པོ་གཅིག་ཏུ་གྱུར་པ་ལས། ཡེ་ཤེས་བསྐྱེད་པ་གཅིག་གསལ་བར་བསྒོམས་ཏེ། ཕྱོགས་བཅུར་འཕྲོས་པས། འཕགས་པའི་ཐུགས་དམ་བསྐུལ། འགྲོ་བའི་རྒྱུད་སྦྱངས། བདུད་བཏུལ། བགེགས་བཅོམ། སླར་འདུས་པ་ལས། ཧཱུཾ་དེ་ལས་ཕྱག་མཚན་རྡོ་རྗེར་གྱུར། རྡོ་རྗེ་སྐུ་ཕྱག་རྒྱ་ཆེན་པོ་དཔལ་རྡོ་རྗེ་སེམས་དཔའ། དེ་ཡང་སྤྲུལ་པའི་བཛྲ་ཧེ་རུ་ཀར་གྱུར། ད་ཅི་དང་ལ་རྡོ་རྗེ་སེམས་དཔའི་ཆ་ལུགས་སུ་ཞུགས་ཙམ་ན། མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང། དཔེ་བྱད་བཟང་པོ་བརྒྱད་ཅུར་བཞུགས་པ་ལས། བཛྲ་ཧེ་རུ་ཀར་གྱུར་པ་ནི། དུར་ཁྲོད་ཀྱི་རྒྱ་ནད་གུས་བརྒྱན་པར་བཞུགས་པ་ལས། དེ་ལས་ཀྱང་དཔའ་ཆེན་པོ་པདྨ་ཧེ་རུ་ཀར་གྱུར་ཏེ་བསྒོམ་པ་ནི། དབུ་དགུ་ཕྱག་བཅོ་བརྒྱད། ཞབས་བརྒྱད་པར་སྤྲུལ་པ་ལས། རྡོ་རྗེའི་གཤོག་པ་བཞིས་ཀྱང་བཏེག་པ། རྟ་མགོ་ལྔས་ཀྱང་མཚོན་པ་གཅིག་ཀྱང་གསལ་བར་བསྒོམ་མོ།། རྒྱུའི་ཏིང་ངེ་འཛིན་བསྒོམས་པའི་འབྲས་བུ་ནི་སྤྲུལ་པའི་སྐུ་ཐོབ་སྟེ། ཡང་སྤྲུལ་དང་སྤྲུལ་པའི་ཧེ་རུ་ཀ་ཐོབ་ལ། འཁོར་ཡང་སྤྲུལ་པ་མང་པོས་བསྐོར་བའོ།། ཡེ་ཤེས་ལས་རང་རིག་པའི་ཡེ་ཤེས་དང་བྱ་བ་གྲུབ་པའི་ཡེ་ཤེས་ཐོབ་བོ། ། དེ་ཡང་དབང་པོའི་རིམ་པ་བསྒོམས་པས། བྱུང་བ་སྟབ་པ་ནི་འདི་སྐད་དོ།། ཡི་གེ་ཧཱུཾ་ནི་སེམས་ཀྱི་རང་བཞིན་ཏེ།། ཆགས་པའི་སྐྱོན་བྲལ་པདྨ་རཱ་གའི་མདོག། པདྨ་འདམ་ལས་སྐྱེས་ཀྱང་འདམ་མི་གོས། ། སངས་རྒྱས་ཆེ་བའི་ཁྱད་པར་བསྟན་པའི་ཕྱིར།། རྒྱ་མཚོ་རླབས་ལྟར་ཞི་ཁྲོའི་དཀྱིལ་འཁོར་འབྱུང།། ཧ་ཐུན་ས་མ་ཏི་སྥ་ར་ན་ཕཊ། སཾ་ཧ་ར་ན་ཧཱུཾ། ཞེས་སླར་བསྡུས་པའོ།། དེ་ལྟར་ཏིང་ངེ་འཛིན་རྣམ་པ་གསུམ་པོ་བཤད་ཅིང་བཀའ་སྩལ་ནས། འཁོར་དེར་འདུས་པ་རྣམས་ལ་ཕྱག་བཙལ་མཆོད་པ་ཕུལ་ལོ།།།། འཇིག་རྟེན་འདས་པའི་མདོ་ལས་བམ་པོ་གསུམ་པའོ།།།། དེ་ནས་འཇིག་རྟེན་འདས་པ་ཞེས་བཀའ་སྩལ་པ་ནི། འཇིག་རྟེན་དང་འཇིག་རྟེན་ལས་འདས་པས། ཆོས་དྲག་ཤུལ་དང། སྤྲུལ་པ་དང། ཕོ་ཉ་དང། བསྒྲུབ་པ་དང། ཆོ་ག་ལ་སོགས་པ་དྲག་ཤུལ་མང་བ་འབྱུང་བས་འཇིག་རྟེན་ལས་འདས་པའོ། ། དེ་ཡང་སྒྲས་དྲངས་ན་ལོ་ག་དང་ར་སུ་དྲས་བྱའོ།། དེ་ནས་དཔལ་ཆེན་པོ་ལྷུན་གྱིས་གྲུབ་པར་བྱ་བའི་གཙོ་བོ་ཡིས། རྒྱལ་བའི་དཀྱིལ་འཁོར་བཞུགས་གནས་རྫོགས་པར་བྱའོ།། བསྐྱེད་པར་བྱའོ།། བསྒོམ་ཞིང་བསྐྱེད་པ་འདི་སྐད་དོ། ། གཞལ་ཡས་ཁྱད་པར་ཡིན་ཞིང་ཕོ་བྲང་ནི།། རིན་ཆེན་མཆོག་བྱིན་དབང་གི་ཡུལ་དུ་བསྟན།། ཀུན་ཏུ་རོལ་པས་ཅ་རི་ཡང་རོལ་པའི་དབྱིངས།། ཐམས་ཅད་ཆོས་དབྱིངས་ཡུམ་གྱི་དཀྱིལ་འཁོར་དུ། ། དངོས་རྣམས་ཐམས་ཅད་ནམ་མཁའ་མཉམ་པའི་ཡུམ་ཆེན་ཀུན་ཏུ་བཟང།། ཅིར་ཡང་སྐྱེ་མེད་ཐབས་ཀྱི་ཕྱག་རྒྱ་ཆེ།། ཞེས་པ་དང། རྡོ་རྗེ་གཞལ་ཡས་ཁང་ནམ་མཁའི་ཆ་དང་མཉམ།། རྐང་པ་ཡིད་བཞིན་རིན་ཆེན་མཆོག་ལས་གྲུབ། ། སྤྲིན་མེད་ཉི་མ་བདུན་བརྩེགས་གསལ་བའི་རྒྱན། འགྱུར་མེད་འཇིགས་པས་སེང་གེའི་ཁྲི་ལ་བཞུགས།། མགོ་པོ་དཔའ་བོ་སངས་རྒྱས་ཆོས་ཀྱི་སྐུ།། མི་གཡོ་བརྟན་པས་རྡོ་རྗེ་ལྷུན་པོ་འདྲ། ། ཞེས་པས་གཞལ་ཡས་ཁང་ཡེ་ཤེས་གསལ་བས་གྲུབ། རྡོ་རྗེ་རྩིག་པས་གཏམས་ཏེ། རྡོ་རྗེ་སྟེང་བླ་རེ་རྒྱ་གྲམ་མིག་མངས་རིས་སུ་བྲིས་པ། འོག་རྡོ་རྗེའི་གཅལ་དུ་བཀྲམ་བ། ཉི་ཟླ་ཐོད་སྤྲུལ་གྱིས་བརྒྱན་པ། མདོག་དམར་པོ། དབྱིབས་ཟླ་གམ། མེ་རི་སྨུག་ནག་འབར་བའི་ནང་ན་བཞུགས་པར་བསམ་མོ།། ཨོཾ་དྷརྨ་དྷཱ་ཏུ་ཀ་བ་ན་ད་སརྦ་བ་ཨཏྨ་ཀོུ྅ཧཾ། སྙིང་པོ་བརྗོད་པས། ཡང་ཧཱུཾ་ཕྱོགས་བཅུར་འཕྲོས། སླར་འདུས་པ་ལས། ཁྲི་རྐང་རིན་ཆེན་འབར་བའི་སྐུར་བསྟན་པ།། རིགས་བཞི་ཁྲག་འཐུང་སྐུ་ལ་མ་བདུན་སྙོམས་པར་འཁྲིལ།། རང་ན་ར་ཏི་ཏྲི། ཞེས་བརྗོད་པས། རྐང་པ་བཞི་རྩིག་ཏུ་གྱུར་ཏོ།། ཁྲི་རྐང་དེ་བཞི་ནི་ཧེ་རུ་ཀ་ཁྲག་འཐུང་ཆེན་པོ་བཞིའིརང་བཞིན་མངོན་དུ་གྱུར་བའོ། ། འཇིག་རྟེན་འོད་ཀྱི་རྒྱལ་པོ་ཉི་མའི་དཀྱིལ་འཁོར་ན།། སྟོང་གསུམ་མུན་ནག་སེལ་བའི་མ་མ་ཀི། མ་སཱུརྻ་མཎྜལ་ཧཱུཾ། ཞེས་བརྗོད་པས་ཉི་མའི་དཀྱིལ་འཁོར་དུ་གྱུར་ཏེ། སྤྲིན་མེད་པ་ཉི་མ་བདུན་ཤར་བ་ནི་གསང་བའི་ཡུམ་བདུན་གྱི་རྟགས་སོ། ། ཡང་ཧཱུཾ་དེ་འཕྲོས། སླར་འདུས་པ་ལས་འདི་སྐད་དོ།། དབང་ཕྱུག་མར་འདུས་ཤིང་སིང་ང་ཙམ་ལ།། མཐུ་རྩལ་ཆགས་པས་ཆེ་བའི་དབང་ལྡན་མ། ། ཨོཾ་པང་ཙམ་པ་ལ་བི་མ་ལ་སི་ཏི་ཧཱུཾ། ཞེས་པས་གསེར་གྱི་སེང་གེ་སྤྱན་གསུམ་པ་ཉི་ཤུ་རྩ་བརྒྱད། ཁྲི་འཕངས་བཞི་ལ་མ་འདྲེས་པ་བརྒྱད་དུ་སྣང་བའི་ཕྱོགས་བཞི་ན། མཚམས་བཞི་ནས་ཏེ་ཉི་ཤུ་རྩ་བརྒྱད་ཁྱི་ཚུགས་སུ་ཁ་ཕྱོགས་བཞིར་བལྟས། མཇུག་མ་དབུས་སུ་བསྟན་ནས་གནསས་པ་འདི་རྣམས་ནི་དབང་ཕྱུག་མ་རྣམས་ཀྱི་རྟགས་སོ།། འཇུག་སྐོར་རྒྱལ་ལ་ནི་གཙོ་བོ་ལ་མཉེས་པ་འབུལ་བའི་རྟགས་སོ།། སིང་ང་ཙམ་པ་ལ་ནི་གསེར་གྱི་སེང་གེ་ཡིན་ལ། བ་ལ་མ་བྱི་མོ་ཡིན་ལ། སི་ཏི་ནི་དངོས་གྲུབ་འབུལ་བའོ།། ཡང་ཧཱུཾ་དེ་ཕྱོགས་བཅུར་འཕྲོས། སླར་འདུས་པས་འདི་སྐད་དོ།། འདམ་གྱི་སྐྱོན་བྲལ་པདྨ་ཁ་བརྒྱད་པ། ། རིགས་མཆོག་གཟི་ལྡན་གསང་བ་ཡུམ་གྱི་དབྱིངས།། ཨོཾ་པདྨ་རཀྟ་མ་ཧཱ་རཀྟ་ཧྲི། ཞེས་བརྗོད་པས་པདྨ་ལེ་བརྒན་ཁ་བརྒྱད་པར་གྱུར། པདྨ་ནི་སངས་རྒྱས་རིགས་མཆོག་བརྒྱའི་རང་བཞིན། ཡུལ་གྱི་མཁའ་དབྱིངས་རྣམ་པར་དག་པ་ཡིན་ལ། རཀྟ་མཚལ་ཆེན་མོ་ཆགས་པའི་རྟགས་སོ།། ཡང་དེ་འཕྲོས་འདུས་པ་ལས་འདི་སྐད་བརྗོད་དོ།། རིགས་གཉིས་དབྱེར་མེད་གཅིག་ཏུ་བསྒོམས་པ་ལས། གྲངས་མེད་རྒྱལ་བའི་སྐུ་ལ་འཕྲོས་པ་ཡི། ། དབུ་གསུམ་ཕྱག་དྲུག་འབར་བའི་ཐུགས་ཀ་རུ།། རྡོ་རྗེ་ཕྲ་མོ་པདྨའི་ཐུགས་ཀར་འཕྲོ།། སརྦ་ཏ་ཐཱ་ག་ཏ་བཛྲ། སརྦ་ཏ་ཐཱ་ག་ཏ་ཏ་ཐ་ཨ་ཧཱུཾ། ཞེས་བརྗོད་པས། བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་དབུ་གསུམ་ཕྱག་དྲུག་པ། གཡས་དཀར། གཡོན་དམར། དབུས་མཐིང་ཁ། ཕྱག་དྲུག་ཡེ་ཤེས་དྲུག་གི་ཕྱག་རྒྱ། རྡོ་རྗེ། འཁོར་ལོ། རིན་པོ་ཆེ། པདྨ། རལ་གྲི། དྲིལ་བུ་བསྣམས། དེའི་ཐུགས་ཀར་ཡེ་ཤེས་སེམས་དཔའ་མཚོན་གང་པ་རྡོ་རྗེ་ཕྲ་མོ་བསྒོམས་པ་དང། དེའི་སྒལ་ཚིགས་ནས་བརྒྱུད་ཤངས་ནས་བརྒྱུད་དེ་འདི་སྐད་དོ།། ཁྲོ་བོའི་རྒྱལ་པོ་འཇིགས་བྱེད་ཧཱུཾ་སྒྲ་ཅན།། ཧཱུཾ་གིས་སྲིད་གསུམ་མ་ལུས་དབང་དུ་སྡུད།། ཧཱུཾ་གིས་ཉོན་མོངས་དུག་ལྔ་གསུམ་ཀ་འཇོམས་མཛད་པ། ། ཧཱུཾ་གིས་ཐམས་ཅད་འཇོམས་ཤིང་ཐམས་ཅད་རྫོགས།། ཧཱུཾ་གིས་ངན་སོང་གནས་ནས་སྟོང་པར་བྱེད།། ཧཱུཾ་གིས་བླ་མེད་བྱང་ཆུབ་གནས་སུ་སྒྲོལ།། ཧཱུཾ་གིས་དུས་གསུམ་རྒྱལ་ཐམས་ཅད་བསྐྱེད། ། ཧཱུཾ་གིས་པདྨ་མ་ཧཱ་ཤྲཱིཿ་ཧེ་རུ་ཀ། མཧཱ་ཙཎྜ་སརྦ་དུཥྟནྟ་ཀ་ཧ་ན་ད་ཧ་པ་ཙ་ཧཱུཾ་ཕཊ། པདྨ་ཀྲོ་ཏི་ཤྭ་རི་དེ་བ་ཏི་ཏམས་ན་ཛ་ལ་ནི་ཧཱུཾ་ཕཊ། ཅེས་བརྗོད་པས།། ཧཱུཾ་དང་པོས་འཇིག་རྟེན་གྱི་ཁམས་ཁེངས། ཧཱུཾ་གཉིས་པས་ཡེ་ཤེས་ཀྱི་མེ་སྤར། ཧཱུཾ་གསུམ་པས་བག་ཆགས་ཀྱིས་སྒྲིབ་པ་སྦྱངས། ཧཱུཾ་བཞི་པས་དེ་དག་ཀུན་གྱི་སེམས་ཧཱུཾ་དུ་གྱུར། ཧཱུཾ་ལྔས་དེ་དག་ཀུན་སླར་འདུས། ཧཱུཾ་དྲུག་པས་དེ་དག་ཀུན་པདྨ་ཧེ་རུ་ཀར་འགྱུར། སྐུ་ཆེ་ལ་ཡན་ལག་རགས་པ་དང། སྐུ་མདོག་དམར་ཐག་ཆད་པ་དང། དབུ་ལྔ་རིགས་ལྔ་དབུ་ལ་རྟ་མགོ་དང་འདྲ་བ། དབུ་བཞི་རིགས་བཞི་དབུ་དགུ། ཕྱག་བཅོ་བརྒྱད་འཕྲ་མེན་བཅུ་དྲུག་པར་བསམ་མོ། ། ཞབས་བརྒྱད་ཁྲོ་བོ་བརྒྱད། གཤོག་པ་བཞི་འཕྲིན་ལས་བཞིར་བསམ་སྟེ། དེ་ལ་དབུ་དགུ་ཡེ་ཤེས་ལྔའི་དབུ་རྒྱན་གྱི་མངའ་གསོལ་ཏེ་འདི་སྐད་དོ།། ཕྱོགས་བཞིར་འབར་བའི་སྐུ་བསྟན་པས།། དབུ་དགུ་འབར་བའི་དབུ་རྒྱན་ལྡན། ། སྤྱི་མཐུན་ལྔ་ལྔ་སྐུ་ཡི་རྒྱན་དུ་ཆེ།། ཙཀྲ་ཨོཾ་བྲུཾ། ཙཀྲ་ཧཱུཾ་བྲུཾ། ཙཀྲ་སྭ་བྲུཾ། ཙཀྲ་ཧྲི་བྲུཾ། ཞེས་བརྗོད་པས་ཙཀྲ་ལ་འཁོར་ལོ།། བྲུཾ་ལས་གཞལ་ཡས་ཁང་དུ་གྱུར་པ་ལས། ཡིག་འབྲུ་ལྔ་ལས་རྒྱལ་བའི་སྐུ་ལས་སོ་སོའི་ཡུམ་དང་ལྡན་པར་གྱུར་ཏོ། ། དེ་ནས་རྟ་མགོས་དབང་བསྐུར་ཞིང་མངའ་གསོལ་བ་འདི་སྐད་དོ།། དབང་གི་རྟ་གདོང་འཕྲིན་ལས་མགྱོགས་པ་ནི།། རྣམ་ཤེས་མྱུར་མགྱོགས་གློག་གི་རྒྱན་དུ་བསྟན། ། ཨོཾ་ཤྲིཿབཛྲ་ས་ཏྭ་ས་ཏ་མ་མུ་ས་ཀུ་ཀ་ཡོ་གའི་ཤྭ་རི། ཧ་ཡ་གྷྲི་བ། ཞེས་བརྗོད་པས་དབུ་ལྔའི་སྤྱི་བོར་རྟ་མགོ་ལྗང་ཁུ་རེ་བྱུང་བར་གྱུར། དབུ་གཞན་པ་རིགས་བཞི་དབུ་རྒྱན་རེ་རེ་བྱུང་བའོ།། དེ་ནས་ཐོད་འཕྲེང་གིས་མངའ་གསོལ་བའོ། ། དུང་ཆེན་ཁོང་སེང་སྒྱུ་མའི་ཐོད་འཕྲེང་ནི།། དབང་པོ་དབྱེར་མེད་ཤེས་རབ་རྟོགས་པའི་རྒྱན་དུ་བསྟན།། རངན་ར་ཏྲི་ཀྲོ་དྷི་ཤྭ་རི་ཛ་ལ་སྲ་ཛྭ་ལ། མུ་ཏི་ཀ་ས་ལ། མ་ཀུ་ཏ་མ། མུ་ཏི་ར་ཏ་ཀ་ལ། ཧེ་ཧེ་ཁ་ཊྭཱཾ་ཁ་བཛྲ་ཏྲི་ཤུ་ལ་ཀོའུ་ར། ཧཱུཾ་ཧཱུཾ་ཧེ་མ་ཧེ་མ་རུ་ཏྲ་མ་མ་ཧཱ་སྲ་བྷ་བ་ཧཱུཾ་ཕགས་མ་ཧཱ། ཞེས་པས་ཐོད་པ་ཚར་གསུམ་གྱི་དབུ་རྒྱན་དང། མགུར་ཆུ་དང། དཔུང་རྒྱན། ཕྱག་གདུབ། ཞབས་གདུབ་བརྒྱན་པར་གྱུར། དེ་ནས་རྡོ་རྗེ་གཤོག་པ་བསྐྱེད་པ་འདི་སྐད་དོ།། ཡིད་བཞིན་རིན་ཆེན་འབྱུང་བའི་གཤོག་པ་ཅན།། རེ་བ་སྐོང་བྱེད་དཔག་བསམ་ལྗོན་ཤིང་འདྲ།། འཕྲིན་ལས་རྣམ་བཞི་རེ་སྐོང་རྟོགས་པའི་རྒྱན།། ཨོཾ་སུམྦྷ་ནི་གྲྀ་ཧྣ་གྲྀ་ཧྣ་པ་ཡ་ཨཱ་ན་ཡ་ཧོ། བྷ་ག་བཱ་ན་བི་དྱཱ་རཱ་ཛ་ཧཱུཾ་ཕཊ། མ་བཛྲ་ས་ཀ་ཨ་བི་ར་ཙ། ཀ་མ་ཀུ་རུ་ཤན་ཏི་སྭཱ་ཧཱ། ཞེས་བརྗོད་པས། རྡོ་རྗེ་རྒྱུ་རིན་པོ་ཆེ་ལས་བྱས་པ། གྲུབ་པ་ཡེ་ཤེས་ལས་གྲུབ་པ། སྒྲོའི་ཁུང་སྦྲུལ་ནག་གི་མགོ་ཐམས་ཅད་རྡོ་རྗེའི་ཐུའི་འཕྲན་ཡན་ཆད་བལྟམས་པ། འཇིག་རྟེན་འགྱེད་པའི་གཞིས་འདེགས་པ། དེ་ནི་ཞི་རྒྱས་དབང་དང་མངོན་སྤྱོད་ཀྱི་ལས་བཞིས་སེམས་ཅན་ཀུན་ལ་མ་ལྟར་བྱམས་པར་འགྱུར་རོ།། དེ་ནས་པདྨ་ཧེ་རུ་ཀ་ཀླུ་ལས་གྲུབ་པས་སྦྲུལ་ནག་འཇིགས་བྱེད་རྒྱན་དུ་ཆེ། ། དུག་ལྔ་མ་སྤངས་དབང་གི་ཐབས་སུ་རྟོགས།། ཀླུ་ཆེན་གདུལ་བ་དབང་གི་ཐབས་སུ་བསྟན།། ན་ཀར་ཙ་ཧ་ཧེ་རུ་ལུ་ལུ་ཧཱུཾ། ཞེས་བརྗོད་པས་སྦྲུལ་ནག་གི་ཆུན་པོས་དབུ་རྒྱན་དང། མགུར་ཆུ་དང། ཕྱག་གདུབ། དཔུང་རྒྱན། དོ་ཤལ་དང། ཞབས་གདུབ་བྱས་པར་བསམ་མོ།། དེ་ནས་ཞབས་ཀྱི་རྒྱན་ཆས་ཀྱི་མངའ་གསོལ་བ་འདི་སྐད་དོ།། དཔའ་བོ་རབ་བརྗིད་ཏིང་ངེ་འཛིན་སྣོན་པའི་སྟབས། ། རྣོ་སྡུག་ཟློག་བྱེད་རྒྱ་བྱེ་ལྕགས་ཀྱི་ཆས།། ཤེས་རབ་ཏིང་འཛིན་བཅས་པའི་ཆས།། དབང་གི་བསེ་ཁྲབ་འབར་བ་བརྗིད་པའི་ཆས།། དཔལ་བརྗིད་མཉེན་ལྕུག་སྦྲུལ་ནག་འཁྱིམ་བའི་ཆས། ། དམར་ཟས་དབང་ཕྱུག་ཟངས་ཀྱི་མཆེ་བ་ཅན།། གཟི་མདངས་ཆུ་སྐྱེས་ཆུ་གྲི་སྤྲུལ་ཅིང་རོལ།། གཅན་གཟན་རྒྱལ་པོ་སྟག་འདུལ་ཞབས་ལ་གསོལ།། ཕྱོགས་བཞི་མཚམས་བརྒྱད་ཁྲོ་རྒྱལ་འདུལ་བའི་སྟབས། ། ཞེས་བརྗོད་པས། ཤི་ཧི་ར་ཙི་ཏྲི་ཨ་གར་པ་ཡ། ཧྲི་པདྨད་བན་ཏ་མ། ཛིམ་པ་ན་ཀ་ར་བྱི་ནི་ཧེ་མེ་ཏྲི་ར་ན། ཏིང་ལིང་རྦ་རམ་པ་ཡཾསྭཱཧཱ། ཞེས་པས་ཞབས་བརྒྱད་སེམས་མ་བརྒྱད་དུ་གྱུར། ལཱ་སྱ། མཱ་ལེ། གཱི་རྟི། ནིརྟི། བཛྲ་དྷཱུ་པེ། པུཥྤེ། ཨཱ་ལོ་ཀེ། གནྡྷེ་ཧཱུཾ། ཞེས་པས་ཆས་བརྒྱད་སེམས་དཔའ་བརྒྱད་དུ་གྱུར་པས། ཨོཾ་བཛྲ་ས་མ་ཏི་ཤ་ར་ཧཱུཾ། ཞེས་བརྗོད་པས་ཏིང་འཛིན་བརྒྱད་དུ་གྱུར། དེ་ནས་ཁྲོ་བོ་དག་གདན་དུ་འདིང་བ་འདི་སྐད་དོ། ། ཚད་མེད་ཆེ་བའི་ཁྱད་པར་བསྟན་པའི་ཕྱིར།། ང་རྒྱལ་མཐུ་མཉམ་བདུན་དཔུང་རང་བཤིག་ནས།། འཇིག་རྟེན་སྐྱོད་པའི་གདན་ནི་ཆེ་བ་ཡི།། སྟོབས་ལྡན་དབང་ཕྱུག་ཆེ་བ་མནན།། ཀྲོ་ཏི་ན་ཏ་ནི་ཧཱཾ། ཀ་ར་བི་ཛ་ཡ། ནི་ལ་ཏན་ཏྲ། ཡ་མན་ཏ་ཀ། ཨཱརྱ་ཨ་ཙ་ལ། ཧ་ཡ་གྷྲི་བ། ཨ་པཱ་ར་ཙིཏྟ། ཨ་མྲྀ་ཏ་ཀུན་ཌ་ལི། ཏྲཻ་ལོ་ཀྱ་བི་ཛ་ཡ། མཧཱ་བ་ལ། ཨ་ཀ་ནི་ཙ་ཡ། ཡ་མ་ཧི་ཏི། བུ་རུན་ཡཾ་བ་བྱེ། བ་ཏུ་ཏྲ། སྭུརྱ་ཟནྡྲ་ཨ་ཏི་བྷ། སུམ་པ་རམ་པ་ནན། ཞེས་བརྗོད་པས་ཁྲོ་བཅུ་སྣོད་སྒོ་བཅད་པ་བཞིན་མནན་པར་བསམ། ཁྲོ་བོ་བཅུའི་གདན་དུ་ཡང་ཕྱོགས་སྐྱོང་བཅུ་མནན་ཏེ། ཞབས་སྙིང་ཁར་བོལ་མན་ཆད་ནུབ་ནས། སྒལ་ཚིགས་འཇོམས་སྙིངས་འབྱིན་ཏེ། དེའི་བྱིན་རླབས་ཀྱིས་ཕྱོགས་སྐྱོང་བཅུ་སྒྲ་འབྱིན་སྐད་ངན་འདོན་ཏེ། ཁྲོ་བོའི་ཞབས་འོག་ཏུ་བཞག་པ་བཞིན་ནོ།། དེ་ནས་ལག་པ་གཡོན་པའི་མཛུབ་མོ་བསྒྲེངས་ལ་འདི་སྐད་དོ།། ཁྲོ་མཛུབ་ཕྱག་རྒྱ་འདི་བཅིངས་པས། ། ཁྲོ་བོའི་དཀྱིལ་འཁོར་ཐམས་ཅད་ཀྱིས།། བདུད་ནི་མར་ལ་སྡིག་ཅེས་བྱ།། བདུད་དང་མུ་སྟེགས་དབང་དུ་སྡུད།། ཕྱོགས་སྐྱོང་བཅུ་རྣམས་དབང་དུ་སྡུད།། ཅེས་བརྗོད་པས། ཨིན་དྲ་དང། ཨག་ནི་དང། ཡ་མན་དང། ཏི་ཏ་རག་ཤ་དང། བ་རུ་ན་དང། ཡ་མ་དང། རུ་ཏྲ་དང། སཱུརྱ་དང། ཙན་དྲ་དང། ཨ་ཏི་བྷ་རྣམས་དང། ཚངས་པ་དང། བརྒྱ་བྱིན་མན་ཆད། སྐྱེས་བུ་ཞགས་པས་བཏབ་པ་བཞིན་དུ་དབང་དུ་འདུས་པར་གྱུར་ཏོ། ། དེ་ནས་མཚོན་ཆ་ལྔའི་ཆར་དབབ་པ་འདི་སྐད་དོ།། དཔལ་ཆེན་རྡོ་རྗེ་ཐོག་ཐོག་སེར་ལྟར་འབེབས།། ཧཱུཾ་དང་ཕཊ་སྒྲས་སྲིད་གསུམ་འཁོར་བ་འཇིགས།། སྤྲུལ་པའི་ཁྲོ་བོ་མང་པོས་སྤྲིན་ལྟར་འཁྲིགས། ། རྡོ་རྗེ་ཁྲག་འཐུང་ཁྲག་གི་སེར་བ་འབེབས།། རྡོ་རྗེ་མཚོན་ཆས་གནམ་ལྕགས་ཐོག་པ་ལ།། གསང་སྔགས་ལོག་པའི་ཆོས་རྣམས་ཐམས་ཅད་འཇོམས།། འཇིག་རྟེན་འདི་དང་ཕ་རོལ་གཉིས་ཀར་ཡང། ། སྡིག་པས་སེལ་ཅིང་ཉོན་མོངས་གཞན་རྨོངས་མེད་པའོ།། བི་ཏ་ལྕགས་ཀྱུས་བཟུང་ནས་ཡེ་ཤེས་ལྔ་བྱང་ཆུབ་སེམས་སུ་རྟགས་བྱིན་པ་དང། ཡེ་ཤེས་གཉིས་སུ་མེད་པ་དང།། ཡི་གེ་ཧྲིའི་བྱིན་བརླབས། འཕགས་པ་མཆོད། འགྲོ་བའི་དོན་བྱས། རིགས་ལྔའི་སྐུ་བསྐྱེད། ཧཱུཾ་གི་གཞལ་ཡས་ཁང་སྒོ་བཅད། ཕྱིར་ལྡོག་པ་རྡོ་རྗེ་རྒྱ་གྲམ་གྱི་སྒོ་བཅད་དོ།། སེམས་མདའ་རྩེ་ལ་བླངས་ལ་འོག་མིན་དུ་ཀུན་ཏུ་བཟང་པོའི་གནས་སུ་འཕངས་ལ་བཏང་ངོ། ། ཡུམ་ལྔ་བདུད་རྩིའི་བུམ་པ་ནས་བྱང་ཆུབ་སེམས་སུ་དབང་བསྐུར། རིགས་ལྔས་ནི་བྱིན་གྱིས་བརླབས། སེམས་དཔའ་དང་སེམས་མའི་མཆོད་པ་བྱེད། མ་མོ་མཁའ་འགྲོས་ནི་དངོས་གྲུབ་ཀྱི་སྟོང་འདེབས། ཁྲོ་བོ་དང་ཁྲོ་མོས་ནི་བར་ཆད་ཀྱི་བགེགས་འཇིལ་ཞིང་མཚམས་གཅོད། འཕྲ་མེན་དང་པོ་ཉས་ནི་མངག་གཞུག་དང་ལས་བསྒྲུབ། ཚངས་པ་དང་བརྒྱ་བྱིན་ལ་སོགས་པ་དབང་ཕྱུག་ཚོགས་ནི་ལས་བྱེད་དོ། ། དེ་ནས་དུག་གསུམ་གྱི་མཆོད་པ་ཡང། འདོད་ཆགས་ཁྲག་གི་རྒྱ་མཚོ་ལ།། འཁོར་བཅས་མ་ལུས་གཤེགས་སུ་གསོལ།། ཨོཾ་པདྨ་ཤྲིཿ་ཧེ་རུ་ཀ། མ་ནཱ་ཙན་དྲ་སྭ་བྷཱ་བ་དུཥྟ་ན། ཏ་ཀ་པ་ཙ་ཧཱུཾ་ཕཊ། ཨོཾ་ཙཀྲ་ཧཱུཾ་བྲུཾ། ཙཀྲ་ས་བྲུཾ། ཙཀྲ་ཧྲི་བྲུཾ། ཙཀྲ་ཧྲ་བྲུཾ། ཞེས་བརྗོད་པས་མཚོན་ཆ་ཤངས་ཀྱི་རླུང་སྒོ་ནས་མཚོན་ཆའི་ཕབ་སྟེ། ལུས་ཀྱི་རྟོག་པ་སྦྱངས། ཁམས་གསུམ་བཤིག་གྲིལ་ཏེ། སེམས་ཡེ་ཤེས་སུ་བསྐྱེད་དོ། ། དེ་ནས་འདུད་ཁ་གཅིག་འདི་སྐད་བརྗོད་དོ།། ཆོས་ཉིད་སྟོང་པ་བྱང་ཆུབ་སེམས་སུ་རོལ།། ཡེ་ཤེས་ལྔ་ལྡན་བྱང་སེམས་ཐུགས་སུ་རོལ།། གསང་ཆེན་ཡབ་ཡུམ་བྱང་ཆུབ་སེམས་ལ་རོལ།། སེམས་དཔའ་ཡེ་ཤེས་རིགས་ལྔའི་སེམས་ལ་རོལ། ། བཛྲ་སཏྭ་རཱ་ཛ། བུདྡྷ་ས་ཏྭ་རཱ་ཛ། རཏྣ་ས་ཏྭ་ར་ཛ། པདྨ་ས་ཏྭ་རཱ་ཛ། ཀརྨ་ས་ཏྭ་རག་ཏ་ཛྭ་ལ་མ་ཧཱ་ཁ་རཾ་ཁའི། ཞེས་རུས་པའི་ཕུང་པོ་འཁོར་བཅས་མ་ལུས་བཞེས་སུ་གསོལ། མ་ཧཱ་ཀེང་ནི་རཱ་ཛ་ལ་ཁ་རཾ་ཁའི། གཏི་མུག་ཤ་ཡི་ཕུང་པོ་ལ།། འཁོར་བཅས་མ་ལུས་གཤེགས་སུ་གསོལ།། མ་ཧཱ་རག་ཏ་ཛྭ་ལ་ཁ་རཾ་ཁཱ་ཧི། དེ་ནས་ནམ་མཁའི་མཁའ་འགྲོ་མ་ལ་བསྟབས་ཏེ། རྔམ་པ་གློག་གི་དཀྱིལ་འཁོར་ལ། རྡོ་རྗེ་རྫུ་འཕྲུལ་རྣམ་པར་འཕྲུལ།། དཔའ་བོ་རྡོ་རྗེ་ཁྲོ་བོའི་འཇིགས་བཅས་པས།། རིགས་སྔགས་དོན་ལ་ཡང་དག་སྦྱར།། ཁྲག་གི་རྒྱ་མཚོ་རྦ་ཀློང་ཁྱིལ་ལི་ལི།། རུས་པའི་ཕུང་པོ་ཁྲོལ་ལོ་ལོ།། རྡོ་རྗེ་ཞིང་ཆེན་དྲི་ངད་པུངས་སེ་པུངས། ། བནྡྷ་མ་མོའི་ཚོགས་ནི་རྫ་ལྟར་སྤུངས།། མཐོང་ཐོས་རྔ་མ་པ་མཁའ་འགྲོའི་ཚོགས་དང་རོལ།། ཁ་ཁ་ལོ་ཡེ་པཱ་ཤ་བ་ག་ཨ་ལ་ལ་ཧོ། ཞེས་བརྗོད་པས་མཁའ་འགྲོ་ཞིང་ལ་རོལ་པར་གྱུར། ལྷག་མ་འདབ་ཀྱི་རི་རབ་ཙམ། དཔལ་པདྨ་ཧ་ཡ་གྷྲི་བས་བསྡུས། བྱང་ཆུབ་སེམས་སུ་བསྒྱུར། ཡན་ལག་ཉིང་ལག་བསྲུངས་པས། ཧྲི་བཛྲ་པདྨ་ཧཱུཾ། ཧ་ཧེ་ཕཊ་བྷོ་རུ་ལུ་རུ་ལུ་ཧྲིང་ཧྲིང། ཧ་ཡ་གྲི་བ་ཧུ་ལུ་ཧུ་ལུ་ཧཱུཾ་ཊ། ཨེ་ཨ་ར་ལི་ཧྲི་ཧྲིང། བསྙེན་པའི་སྙིང་པོ་འབུམ་བཟླས་སོ།། ཆོ་ག་ཡང་ཟླ་བ་གཟས་ཟིན་པའི་ནུབ་མོ་བྱའོ།། དེ་ལ་གཞལ་ཡས་ཁང་རྣམ་པ་གསུམ་སྟེ། ཡངས་པ་དང། རྒྱ་ཆེ་བ་དང། དབྱིངས་ཡེ་ཤེས་ཀྱི་ཁྱད་པར་ཅན་དང་གསུམ་མོ། ། དེ་ལ་ཡང་ཡངས་པ་ནི་མཐའ་དབུས་མེད་པར་ལས་བྱའོ།། འདོད་ཆེན་ནི་ཡེ་ཤེས་ལྷུན་གྱིས་གྲུབ། དབྱིངས་དང་ཡེ་ཤེས་ཀྱི་ཁྱད་པར་ཅན་ནི། གཞུག་པ་དང། པདྨ་གསང་བ་ལ་ཡབ་ཡུམ་འབྲལ་བ་མེད་པའོ། ། དེ་ལ་མདོག་དམར་བ་མེད་པ་ནི་ཡུམ་གྱི་མཁའ་རྣམ་པར་དག་པའི་ཚུལ་ལོ།། པདྨ་འདབ་མ་བརྒྱད་པ་ནི་པདྨ་ལེ་བརྒན། ཡུམ་འདོད་མའི་དབྱིངས་ཏེ། པདྨ་འདམ་གྱིས་མ་གོས་ལ། ཡུམ་གྱི་མཁའ་ལ་ཡང་བག་ཆགས་ཀྱི་སྐྱོན་གྱིས་མ་གོས་པའི་ཚུལ་ལོ། ། དབྱིབས་ཟླ་གམ་ནི་དབང་གི་རྒྱལ་པོའི་གཞུགས་གནས་ཡིན་པའོ།། ནམ་མཁའི་ཚད་པ་མེད་པ་ནི་ནམ་མཁའ་སྟོང་པ་ལས་འཕགས་པའི་སྤྲུལ་པ་འབྱུང་བའི་རང་བཞིན་སྟོང་ཞིང་བདག་མེད་པའོ། ། སྟེངས་རྡོ་རྗེའི་བླ་རེ་མིག་མངས་རིས་སུ་བྲིས་པ་ནི། དཔལ་རྡོ་རྗེ་སེམས་དཔའི་བྱིན་བརླབས་རྡོ་རྗེ་དབྱིངས་ཀྱི་ཕོ་བྲང་གི་རྟགས་ཏེ། དེ་ལྟར་སྲ་ཞིང་མཁྲེགས་པ་རྡོ་རྗེའི་གུར་ཏེ། དེའི་བར་རིན་པོ་ཆེ་གཉའ་ན་ཟླུམ་པོ་ནི། སེམས་ཅན་རེ་འདོད་ཡིད་བཞིན་དུ་སྐོང་བའོ།། རིན་པོ་ཆེ་ཁྲི་རྐང་བཞི་པ་བརྒྱན་དུ་སྣང་བ་ནི། ཁྲི་རྐང་བཞི་ཧེ་རུ་ཀའི་རང་བཞིན་ལ། རྟ་ཀྲིད་ཆེན་པོ་བཞིའི་རྟགས་སོ།། ཁྲི་རྐང་གི་རྒྱུ་རིན་པོ་ཆེ་ལས་བྱས་པ་ནི། རིན་པོ་ཆེ་སེམས་ཅན་འདོད་པ་དང། སྲོག་གི་མི་ཟིན་པ་ཡང་ཡིན་ལ། ཡེ་ཤེས་གསལ་བའི་རྟགས་སོ།། བར་དེ་ནས་སྤྲིན་མེད་པའི་ཉི་མ་བདུན་བདུན་འཆར་བ་ནི། འཇིག་རྟེན་ན་འོད་གསལ་བའི་ཉི་མ་ཡིན་ལ། ཉི་མ་ནི་སངས་རྒྱས་ཀྱི་སྐུ་ཡང་ཡིན་ལ། འོད་གསལ་བ་ཡིན་ལ། ཡེ་ཤེས་ཀྱི་རང་བཞིན་མ་ནོར་བར་གསལ་བ་ཡང་ཉི་མ་ཡིན་ལ། གསང་བའི་ཡུམ་དུ་བྱིན་གྱིས་བརླབས་པས། དཀྱིལ་འཁོར་དུ་བཞུགས་སོ།། གཟའ་དང་སྐར་མ་ལ་སོགས་པ་མདུན་ཁུང་བྱས་པ་ནི། འོད་གསལ་ཞིང་ཡེ་ཤེས་ཀྱི་རྟགས་སོ།། བར་བར་ན་དྲི་ཟ་དང། གཤིན་རྗེ་དང། རླུང་ལྷ་དང། གནོད་སྦྱིན་དང། མེ་ལྷ་དང། སྲིན་པོ་དང། རླུང་བདག་དང། དབང་ལྡན་རྣམས་གནས་པ་ནི། ཆེ་བའི་རྟགས་འཇིག་རྟེན་དབང་མཛད་པས། དེའི་སྟེང་ན་ཁྲོ་བོ་གནས་པས་འཇིག་རྟེན་ལས་འདས་པའི་བརྟན་ནོ།། བར་ན་གསེར་མདོག་རྩལ་འཕར་སིང་ངམ། ཕྱོགས་བཞི་མཚམས་བརྒྱད་བདུད་དཔུང་འདུལ་ཞིང་འཇོམས་པར་མཛད་ཅེས་པ་ནི་གསེར་གྱི་སེང་གེ་སྤྱན་གསུམ་པ་ལྷན་ཅིག་པ་ནི་དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད་ཀྱི་རང་བཞིན་ལ། སྤྱན་གསུམ་ནི་ཡེ་ཤེས་བྱེ་བྲག་ཏུ་ཡང་བསྟན་ཏེ། ཁྱི་ཕོ་ཚུགས་སུ་ཁ་ཕྱིར་བལྟས་པ་ནི། དང་པོ་ནས་རང་རང་གིས་ལས་ཁས་བླངས་པས་ལས་བྱེད་པའི་ཚུལ་ལོ།། མཇུག་གོར་ནང་དུ་བལྟས་པ་ནི། གཙོ་བོ་ལ་མཉེས་པ་འབུལ་བའི་ཚུལ་ལོ། ། དེ་ལ་རྩལ་བརྒྱད་ནི། ཆོས་ཉིད་ཀྱི་རྩལ་ནི་ཐམས་ཅད་གཤིག་པ་ནི་ཡིན། ཡེ་ཤེས་ཀྱི་རྩལ་ནི་ཅི་ལ་ཡང་ཐོགས་པ་མེད། རྡོ་རྗེའི་རྩལ་ནི་ཕྱོགས་མེད་པར་བྱམས་པ། ཏིང་ངེ་འཛིན་གྱི་རྩལ་ནི་རྟོགས་ཤིང་གོམས་པའོ། ། ཡོན་ཏན་གྱི་རྩལ་ནི་ཅི་ལ་ཡང་ཐོགས་པ་མེད་པའོ།། དབང་གི་རྩལ་པདྨ་ཧེ་རུ་ཀས་དབང་དུ་སྡུད་པ། འཕྲིན་ལས་ཀྱི་རྩལ་ནི་འཕྲིན་ལས་རྣམ་བཞིས་འགྲོ་བ་སེམས་ཅན་གྱི་དོན་ཇི་བཞིན་མཛད་པའོ། ། དངོས་གྲུབ་ཀྱི་རྩལ་ནི་མངོན་ཤེས་ལྔ་རྫོགས་པ་ལས། མཐུ་དང། རྫུ་འཕྲུལ་དང། ཅི་ལ་ཡང་ཐོགས་པ་མེད་པའོ།། དབང་ཕྱུག་ཉི་ཤུ་རྩ་བརྒྱད་པོ་དེས་མཛད་པ་བསྟན་པའོ།། གདན་དེ་ཀུན་ལ་ཡང་ཕྱི་སྣོད་ཀྱི་ཆེ་ཡིན་ནོ། ། གསེར་མདོག་སེང་གེའི་གནད་ནི་དབང་ཕྱུག་མ་ཡིན་ལ།། ཉི་ཟླ་འོད་ཀྱི་གདན་ནི་གསང་བའི་ཡུམ་དུ་བསྟན།། དྲི་མ་མེད་པའི་གཏན་ནི་གསང་བའི་ཡུམ་མོ་རུ་བསྟན། དྲི་མ་མེད་པའི་སྟན་ནི་ཡུམ་གྱི་མཁའ་དབྱིངས་ལ། ཏ་ཀྲིད་བརྒྱད་པོའི་གདན་ནི་འཇིག་རྟེནལས་འདས་པའོ།། དབང་གི་རྩལ་ནི་འཇིག་རྟེན་དབང་དུ་མཛད་པས། ཐབས་ཀྱིས་ཆེ་ཞིང་ཕྱོགས་སྐྱོང་བ་ན། འཇིག་རྟེན་འདས་པ་དབང་དུ་སྡུད་པར་མཛད། ཐབས་ཀྱི་ཆེ་བ་ནི་ཁྲོ་བོ་བཅུ་གདན་དུ་བྱས་པའོ།། བླ་ན་མེད་པ་དབང་དུ་མཛད་པ་ཐབས་ཀྱི་ཆེ་བ་ནི། མ་ཧཱ་དེ་བ་ལ་སོགས་པ་གདན་དུ་བྱས་པ་དང། རིགས་ལྔ་དབུས་རྫོགས་པ་དབང་གི་རྩལ་ལོ། ། འཇིག་རྟེན་འདས་པའི་མདོ་ལས། དཔལ་པདྨ་ཧེ་རུ་ཀས་ལྷ་ཆེན་པོ་གདན་དུ་བྱས་པ་དང། པདྨ་གནས་ཀྱི་ལེའུ་སྟེ་བཅུ་པའོ།།།། ཏན་ཏྲ་ཆེན་པོ་འཇིག་རྟེན་འདས་པའི་མདོ་ལས། ད་རིགས་གཅིག་ཏུ་བསྒྲུབ་པ་བསྟན་པར་བྱ་སྟེ། དང་པོ་ཧཱུཾ་ལས་ཕྱག་མཚན་རྡོ་རྗེར་གྱུར། དེ་ལས་དཔལ་རྡོ་རྗེ་སེམས་དཔའ་མཚན་དང་དཔེ་བྱད་དང་ལྡན་པ། རྒྱན་ཐམས་ཅད་རྫོགས་པ་གཅིག་ཏུ་གྱུར། དེ་ལས་དཔལ་ཆེན་པོ་པདྨ་ཧེ་རུ་ཀར་གྱུར་པའི་ཐུགས་ཀར་ཡེ་ཤེས་སེམས་དཔའ་བསྒོམས་པས། རིགས་གཉིས་གཅིག་ཏུ་གྱུར་པ་ཞེས་བྱ་སྟེ། དཔལ་རྡོ་རྗེ་སེམས་དཔའ་ནི་རྡོ་རྗེའི་རིགས་ཡིན་ལ། པདྨ་ཧེ་རུ་ཀ་ན་པདྨའི་རིགས་ཡིན་པས། རིགས་གཉིས་ལས་དབྱེར་མེད་པར་གཅིག་ཏུ་སྣང་བས་གཅིག་ཏུ་གྱུར་པ་ཞེས་བྱའོ། ། དེ་ལས་གཞལ་ཡས་ཁང་དེ་ལྟ་བུའི་ནང་ན་བཞུགས་པའི་མངའ་བདག་གང་ལགས་ཤེ་ན། བཅོམ་ལྡན་འདས་པདྨ་ཧེ་རུ་ཀ་སྐུ་ཆེ་ལ་ཡན་ལག་རགས་པ། དབུ་དགུ། ཕྱག་བཅོ་བརྒྱད། ཞབས་བརྒྱད། དབུ་གོང་མ་ལྔ་རྟ་མགོ་ལས་བྱུང་བའི་འོག་མ་བཞི་མཚམས་བཞིར་གཟིགས་པ། གཤོག་པ་བཞི་དང་ལྡན་པ། སྐུ་མདོག་དམར་པོ་ལ་དུར་ཁྲོད་ཀྱི་རྒྱན་ཆས་སྐུ་ལ་གསོལ་བ། རྒྱན་གྱིས་བརྒྱན་པ་གཅིག་གཞལ་ཡས་ཁང་དེའི་དབུས་པདྨའི་ལྟེ་བ་ལ། ཨེ་གྲུ་གསུམ་གྱི་སྟེང་ན་དབང་ཕྱུག་ཆེན་པོ་མ་ཧཱ་དེ་བའི་སྟེང་ན། ཡབ་ཡུམ་མ་ཧཱ་ཀྲོ་ཏི་ཤྭ་རི་དང་བརྐྱང་བསྐུམ་གྱི་ཚུལ་དུ་བཞུགས་སོ། ། དེའི་འཁོར་རྣམས་བསྒོམ་པའི་དུས་ནི། གསངས་ནས་སྦས་པའི་ཚུལ་དུ་བཞུགས། རྡུལ་ཚོན་ལ་བཀོད་པའི་དུས་ནི། པདྨའི་ཕྱི་རིམ་ན་ནི་ཡེ་ཤེས་དང་ལས་ལས་གྲུབ་པའི་འཕྲ་མེན་མ་བཅུ་དྲུག་བཀོད་ལ། པདྨ་ལ་ནི་ཡབ་ཡུམ་བརྒྱད་བཀོད། ཁྲོ་བོ་བརྒྱད་ཀྱི་ཁྲི་རྐང་ལ་ཁྲོ་བོ་དང་ཁྲོ་མོ་དང་སྤེལ་མ། སེམས་དཔའ་དང་སེམས་མ་ཁྲི་རྐང་བཞིའི་རང་བཞིན་ལ། དབང་ཕྱུག་མ་ནི་བར་བར་གྱི་སེང་གེའོ།། གསང་བའི་ཡུམ་བཞི་ནི་ཉི་མར་བསྟན་པ་ལགས། ། དེ་ནས་བྱུང་གདོན་པ་འདི་སྐད་དོ།། ཧཱུཾ། ཁྲོ་བོ་རྒྱལ་པོ་རྟ་མགྲིན་རྟ་སྐད་ཅན།། རལ་པ་དམར་ལ་འབར་བ་མེ་མདོག་ཅན། ཁྲོ་བོ་འབར་བའི་ཞལ་ནི་ཕྱོགས་བཞིར་གཟིགས། ཁྲོས་པའི་སྤྱན་བགྲད་ཁྲོ་གཉེར་སྤྲིན་དམར་བཟློག་པ་བཞིན། གློག་སྟོང་འགྱུར་བའི་འོད་ཟེར་རྣམ་པར་འཕྲོ།། གློག་བང་འཛིན་པས་མཆེ་བ་དཀར་པོ་གཙིག། སྐུ་མདོག་པདྨ་རཱ་གའི་མདོག་འདྲ་ལས། ། ཞིང་ལྤགས་རློན་པའི་གཡང་གཞི་སྐུ་ལ་གསོལ།། གླང་ཆེན་བརྗིད་པའི་གཡང་གཞི་སྐུ་ལ་ན་བཟར་བསྣབས།། སྟག་གི་ཤམ་ཐབས་གཡང་གཞི་རྒྱན་དུ་བྱས།། ཐོད་རློན་འཕྲེང་བ་སྐུ་ཡི་རྒྱན་དུ་བྱས།། སྦྲུལ་ནག་སྟོང་གིས་ཕྱག་གདུབ་སྐུ་ཡི་རྒྱན། ། བ་སུ་ཏ་ཡི་ཞགས་པ་སྐུ་ལ་བསྣམས།། ཐལ་ཆེན་ཁྲག་དང་ཞག་གི་ཐིག་ལེས་བརྒྱན།། པདྨ་གསང་བ་ཡུམ་དང་གཉིས་མེད་པས། འབར་བ་ཆེན་པོ་པདྨའི་ཀློང་ན་བཞུགས། ། དཔལ་ཆེན་མ་ཡི་འཁོར་ཚོགས་རྒྱ་མཚོ་རྣམས།། དཀྱིལ་འཁོར་རིམ་བཞིན་འབར་བ་སྤྱན་དྲངས་ཏེ།། པདྨའི་རྒྱལ་པོ་དབང་མཆོག་རིགས་ཀྱི་གཙོ།། ཐུགས་རྗེ་ཆགས་པའི་དབང་ཕྱུག་སྐུ་མངའ་བ། ཁྲོ་རྒྱལ་འཇིགས་བྱེད་ཡེ་ཤེས་ཐུགས་རྗེ་ཅན། ། པདྨའི་རྒྱལ་པོ་འདིར་གཤེགས་འཁོར་དང་སྤྱོན།། ཆགས་མེད་ཆགས་དང་བྲལ་བའི་རང་བཞིན་ལ།། པདྨ་དམར་པོ་འདམ་སྐྱེས་མདོག་ལྟར་སྣང། ཁམས་གསུམ་སྲིད་པ་གསུམ་ལ་མངའ་མཛད་པས། ། ཆགས་རབ་རྒྱལ་པོ་འདིར་གཤེགས་འཁོར་དང་སྤྱོན།། འོད་ཟེར་གློག་སྟོང་འགྱུ་བའི་བྱིན་རླབས་སྐུ་སྐྱོད་ཅིག། ཐུགས་དམ་ཧཱུཾ་དང་ཕཊ་ཀྱི་སེར་འབེབས་ཤིང། ཁྲོ་བོ་སྤྲུལ་པ་མང་པོ་འཁོར་དང་བཅས། ། མ་ཚོགས་འཕྲ་མེན་དབང་ཕྱུག་གཤེགས་སུ་གསོལ།། འོད་ཟེར་དམར་སྨུག་འབར་བའི་ཀློང་དཀྱིལ་ནས།། ཡུམ་ལ་རོལ་པས་བརྐྱང་བསྐུམ་ཚུལ་དུ་བཞུགས།། ཕྱག་ཆར་མཚོན་ཆ་འཕྲ་མེན་འབར་བ་ཐོགས། ། ཁྲོ་བོའི་ཞབས་ཀྱིས་མནན་ནས་འདིར་གཤེགས་ཤིག། རྡོ་རྗེ་ཀློང་དགུ་དུར་ཁྲོད་ཆེན་པོ་ནས།། འཕྲ་མེན་རྒྱ་མཚོ་ཆུ་སྲིན་འཛིན་པར་རོལ།། ཧེ་རུ་མ་བདུན་དབང་ཕྱུག་འཁོར་དང་སྤྱོན།། ཏ་ཀྲིད་འཁོར་བཅས་འདིར་གཤེགས་མཆོད་པར་བཞེས། ། ད་ནི་ཕྱག་འཚལ་ཏེ། རྒྱལ་བའི་སྐུ་ནི་ཆོས་སྐུ་པདྨའི་གདུང།། ཆོས་རྗེ་འོད་དཔག་མེད་པས་རྡོ་རྗེ་ཆོས།། སྤྱན་རས་གཟིགས་དབང་ཧྲི་ལས་རྔམ་ཆེན་སྐུ།། རྟས་མགྲིན་རྟ་སྐད་བཞད་ལ་ཕྱག་འཚལ་ལོ། ། དབང་ཆེན་ཀུན་འདུས་དབང་གི་རྒྱལ་པོ་སྟེ།། དབང་གི་མདོག་དམར་བསྐལ་པའི་མེ་ལྟར་འབར།། དབང་ཆེན་རྔམ་བརྗིད་ཉི་མ་འབུམ་གྱི་གཟི།། མངའ་མཛད་པདྨའི་གསུང་ལ་ཕྱག་འཚལ་ལོ། ། ཆོས་ཉིད་བདུད་རྩི་མཆོག་གི་ངང་གྱུར་པས།། དུག་གསུམ་གཏན་དུ་ཕུང་མཛད་དཔལ་འབར་སྐུ།། གདུག་བཅས་ཀླུ་རྣམས་བརྗིད་པའི་ཞབས་ཀྱིས་བརྫིས།། དུག་ཆེན་བདུད་རྩིར་གྱུར་ལ་ཕྱག་འཚལ་ལོ། ། ཕྱག་འཚལ་ནས་བསྟོད་དེ། ནམ་མཁའི་རི་མོ་ཐབས་ཀྱིས་ཕྱག་རྒྱས་གནོན་པའི་གདན་སྟེང་རྔོམ།། ཚམ་རྔམ་མ་ཆེ་བ་གཙིགས་པའི་སྟོབས་ཆེན་རྔོམ།། ཟླ་གམ་ཅིར་ཡང་འགྱུར་བའི་ལྗགས་ཀྱང་རྔོམ། ། སྐྱེ་ཤི་རྩ་བ་གཅོད་པའི་མཆེ་གཙིག་རྔོམ།། གསུང་སྒྲ་འབྲུག་ལྟར་སྒྲོགས་པའི་དབྱངས་སྒྲ་རྔོམ།། འཕྲིན་ལས་རྒྱ་མཚོ་རྒྱན་གྱི་རྦ་རླབས་རྔོམ།། ཡོན་ཏན་རྩ་བཞི་ཇི་ལྟར་རྔོམ།། རུ་ཏྲ་བསྒྲལ་བས་མཐུ་རྩལ་རྔོམ། ། ལྷ་ཆེན་མནན་པས་གདན་ཆེན་རྔོམ།། ཁམས་གསུམ་བསྒྲལ་བས་ཞིང་ཆེན་རྔོམ།། རྟོག་འཇོམས་སྤྱོད་པའི་བརྟུལ་ཞུགས་རྔོམ།། ཤུགས་ཀྱི་འཕྲོ་བའི་བརྟུལ་ཞུགས་རྔོམ།། འདུལ་བྱེད་དབང་གི་འཕྲིན་ལས་རྔོམ། ། ཐུགས་རྗེས་འབྱུང་བའི་སྤྲུལ་པ་རྔོམ།། སྐུ་ཆེ་ཡན་ལག་རགས་པ་བརྗིད་རེ་ཆེ།། གྲངས་མང་རྒྱན་དང་ལྡན་པས་བརྗིད་རེ་ཆེ།། བཀུར་འོས་གཙོ་བོར་མཐོང་བས་བརྗིད་རེ་ཆེ། ཁྱད་ཞུགས་ཡིད་དང་འཐད་པས་བརྗིད་རེ་ཆེ། ། མདངས་ཆེན་སྟོང་གསུམ་གང་བས་བརྗིད་རེ་ཆེ།། ཚིག་མྱུར་ཐེ་ཚོམ་གཅོད་པས་བརྗིད་རེ་ཆེ།། ཐུགས་རྗེ་ཐུགས་དམ་ལྡན་པས་བརྗིད་རེ་ཆེ།། འགྲོ་བ་ཡོངས་ལ་སྙོམས་པས་བརྗིད་རེ་ཆེ། ། སྲིད་གསུམ་འགྲན་ཟླ་མེད་པས་བརྗིད་རེ་ཆེ།། མ་རྨོངས་ཐབས་ཀྱིས་འདུས་བས་བརྗིད་རེ་ཆེ།། མེད་ལ་ཟད་མི་ཤེས་པས་བརྗིད་རེ་ཆེ།། གཅིག་ལ་འདོད་དགུར་བསྒྱུར་བས་བརྗིད་རེ་ཆེ།། ཐབས་མཁས་སྐྱོན་གྱིས་མ་གོས་བརྗིད་རེ་ཆེ། ། འདོད་སྤྱོད་ཕན་པས་མཛད་པས་བརྗིད་རེ་ཆེ།། མི་མཉེས་ཉམ་བག་རོལ་པ་བརྗིད་རེ་ཆེ།། མགོན་སྐྱབས་སྟ་བོན་མཛད་པས་བརྗིད་རེ་ཆེ།། སྐུ་གསུང་ཐུགས་ཡོན་ཏན་རྔམ་པས་བརྗིད་རེ་ཆེ། ། སྐུ་གསུང་ཐུགས་ཡོན་ཏན་རྔམ་བརྗིད་ཀྱི་བསྟོད་པའོ།། འཇིག་རྟེན་འདས་པའི་མདོ་ལས། བསྟོད་པའི་ལེའུ་སྟེ་བཅུ་གཅིག་པའོ།།།། འཇིག་རྟེན་འདས་པའི་ཏན་ཏྲ་ལས། དབུ་ལས་རིགས་ལྔ་འབར་བའི་སྐུར་བསྟན་པས། ། མི་མཐུན་ལྔ་ལྔ་བསྟན་ཀྱང་ནམ་མཁའི་རྒྱན་དུ་ཆེ།། དབུ་དགུ་འབར་བའི་ཐབས་ཆེན་རྒྱུར་སྣང་སྟེ།། ཐེག་པ་མཆོག་དགུ་ཀུན་ལ་འཕགས་པར་བསྟན།། སྤྲུལ་པ་མང་པོ་ཁྱད་པར་བསྟན་པ་ནི། ། དབུ་སྐྲ་ཁམ་ནག་གྱེན་དུ་འཁྱིལ་བ་ནི། ཁྲོ་བོ་ཡེ་ཤེས་སྤྲུལ་པ་མང་པོ་གཟིངས།། རལ་པ་སྤྲུགས་ཏེ་འཁྲིགས་པས་སྟོང་ཁམས་ཁེངས།། ད་ནི་མཆོད་པ་སྤྲེང་བར་བྱ་སྟེ། སྤྱན་གྱི་སྡང་མིག་གློག་སྟོང་རྒྱུ་བ་ནི། ། གཟིགས་པས་སྤྱན་བགྲད་གཟིགས་སྟངས་རྒྱུ་དང་ལྡན།། སྨིན་མ་ཁྲོ་གཉེར་སྤྲུལ་པ་འགྱེད་ཅིང་འདུད།། ཐབས་རྣམས་དཔལ་ཆེན་པདྨའི་སྐུ་ལ་རྫོགས།། བྱང་ཆུབ་སེམས་ཀྱི་དབང་ཕྱུག་དཔལ་ཆེན་ཧེ་རུ་ཀ། དཔལ་ཆེན་པདྨ་ཧེ་རུ་ཀ། ཁྲི་ཆེན་རྔམ་པ་ཀུན་གྱི་གཙོ།། རིགས་ལྔ་དཔལ་ཆེན་ཁྲག་འཐུང་དང།། ཡུམ་ཆེན་ཀྲོ་ཏི་ཤྭི་རི་དང།། མ་མོ་ཆེན་པོ་བདུན་རྣམས་དང།། དེ་འཁོར་བ་ཡི་ཚོགས་རྣམས་ལ།། བླ་མེད་དམ་རྫས་བདུད་རྩིའི་མཆོག། མཆོད་དེ་ཀུན་ཏུ་དགྱེས་མཛོད་ལ།། འཕྲུལ་གྱི་དངོས་གྲུབ་སྩལ་དུ་གསོལ།། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་པན་ཙ་མ་ཧཱ་མཾ་ས་ཁཱ་ཏི། མ་ཧཱ་བ་སུ་ཏ་ཁཱ་ཧི། མ་ཧཱ་ཀོང་ནི་ཛ་ལ་ཁཱ་ཧི། སྤྱན་བཞི་བཅུ་རྩ་གཉིས་དང་ལྡན་ཏེ། དབུ་གོང་མ་ཕྱོགས་བཞི་དབུས་དང་ལྔ་ལ་སྤྱན་གསུམ་གསུམ་བཅོ་ལྔ། རིགས་ལྔའི་སྐུ་གསུམ། གསུང་གསུམ། ཐུགས་གསུམ། ཡོན་ཏན་གསུམ། འཕྲིན་ལས་གསུམ། གསུམ་གསུམ་དང་སྦྱར། རྟ་མགོ་ལྔ་ལ་སྤྱན་འབར་བ་བཅོ་ལྔ། སྟོང་པ་བཅོ་བརྒྱད་སྐུ་གསུང་ཐུགས་ཀྱིས་མནན་པས་དེ་ལྟར་སྦྱོར་རོ།། དབུ་གོང་མ་བཞི་ལ་སྤྱན་བཞི་བཅུ་རྩ་གཉིས་ནི། དོན་དུ་རིགས་བཞིའི་རྣལ་འབྱོར་དང་སྦྱར་རོ། ། གཟིགས་ཐབས་བཅུ་གཉིས་དང་སྦྱར་ཏེ། གཟིགས་པ་སངས་རྒྱས་ཀྱི་སྤྱན་ནི། སྤྱན་སྟོང་ཁམས་ལ་གཟིགས། ཕྱི་ནང་སྐྱེ་པ་མེད་པར་གཟིགས། སྤྱན་བགྲད་པ་སྤ་བཀོང་བལ་གཟིགས། སྡང་མིག་ཞེ་ལ་གནོན་པ་གཟིགས། ། ཟུར་མིག་གློག་ལྟར་རྒྱུ་བ་གཟིགས། ཆོས་ཉིད་རྒྱན་དུ་གཟིགས་པ་དང། ཡེ་ཤེས་དབྱིངས་ལ་གཟིགས། ངན་སོང་འཐུར་དུ་ལྟ་བའོ།། སྨིན་མ་ནི་སངས་རྒྱས་བཞི་བཅུ་རྩ་གཉིས་དང་སྦྱར་རོ། ། སྨིན་པར་མཛད་པའི་འཕྲིན་ལས་ནི། འགྲོ་བ་མ་ལུས་རྒྱལ་བའི་སྐུ་གསུང་ཐུགས་སུ་སྨིན་པར་བྱེད་པ། མ་ལྟར་བྱམས་པའི་ཐུགས་རྗེ་ནི། བྱམས་སྡང་ཕྱོགས་མེད་པ་ལ་བྱ། དབྱིངས་ལས་མ་གཡོས་པ་ནི། ཡབ་ཡུམ་ཐབས་དང་ཤེས་རབ་རོལ་པ་མཛད་པའི་དུས་ན། ཏིང་ངེ་འཛིན་ལས་མ་གཡོས་པའོ།། སྙན་ནི་དབྱིངས་ཀྱི་དོན་ཡེ་ཤེས་ཀྱིས་རྟོགས་པ་དང་དབྱིངས་ཐོབ་པའི་སྙན་ནི། གསན་པ་དང། མ་འགག་པའི་སྙན་ནི་སྤྲུལ་པའི་སྒྲས་འགྲོ་བའི་དོན་མཛད་པ་ཐོབ་པའོ། ། དམིགས་པ་ཡོངས་སུ་དམ་པའི་སྙན་ནི་འགྲོ་བ་རིགས་དྲུག་སྙན་མི་སྙན་ལ་མ་ཆགས་པའོ།། རོལ་པ་མཐུན་འཇུག་འཇམ་པ་འཕྲིན་ལས། མ་བསླད་ཡེ་ནས་མཐུན་འཇུག་འཇམ་པས་སངས་རྒྱས་སྐུ། ཐུགས་རྗེ་འབྱུང་བྱེད་སྤྲུལ་པ་གྲངས་མེད་པ། དབང་དྲག་འཇོམས་པས་འཕྲིན་པས་དམར་བས་དབང། འདོད་ཆགས་དྲག་པོ་ཞེ་སྡང་དྲག་པོའོ།། ཤངས་ཀྱི་རླུང་སྒྲོམ་ན་རླུང་ནག་ཚུབ་མ་ཁམས་གསུམ་ཁྱབ་པར་འདྲེན། ཁམས་གསུམ་དོན་དུ་གཉེར་རྡོ་རྗེ་ཆུའི་རླུང་གིས་ཚེ་དང་ཟུངས་འཛིན། གཟི་བརྗིད་དབང་ཕྱུག་ཆེ་དྲི་ལྔ་རོ་ཡེ་ཤེས་དབྱིངས་སུ་གཅོད། རྣོ་དབལ་མཆེ་བ་དཀར་པོ་གཙིགས་པས་ཁམས་གསུམ་འཁོར་བའི་སྐྱེ་ཤི་གཅོད། ། ཨག་ཚོམ་སྐུའི་རྒྱན་དུ་གདེངས་པ་མེ་ལྟར་འབར། གསུམ་གྱི་བརྗོད་པ་གདེངས་པ་འོད་དང་འདྲ། ཐུགས་ཀྱི་ཡོན་ཏན་ཉི་ཟླ་ཤར་བའི་དོན། ཧེ་རུ་ཀའི་གལ་པོ་ལས། ལྷག་པའི་རྟ་མགོ་ཅི་བྱ་ཞེས་པ་ལས། རྟ་མགོ་ནི་ཐེག་པ་འོག་མ་བས་སྐལ་པ་ཕྱི་མ་གྲུབ་སྟེ། ཐེག་པ་ཡང་རྩེ་འདིས་དུས་འདིར་སངས་རྒྱས་ཏེ། དེ་ཡང་ཤུགས་ཀྱིས་གྲུབ་པའི་བརྩོན་འགྲུས་ཏེ། རྟ་ལ་ཞོན་པ་དང། ལྟ་ཡུད་ལ་ཕྱིན་པ་དང་འདྲའོ། ། སྒྲོལ་བར་བྱེད་པ་མཐུ་སྟོབས་ནི། སྡུག་བསྔལ་ཐར་པར་བྱེད་པའོ།། འདུལ་བྱེད་དབང་གི་འཕྲིན་ལས་ནི། ཆུ་སྲིན་དགོད་མ་ཁ་དང་འདྲ་བས་ཏེ། རྟ་མགྲིན་གྱིས་ཀླུ་འདུལ་བས་རྟ་མགོའོ། ། དབུ་ལྔ་རྟ་མགོ་ལྗང་ཁུར་བྱུང་བ་ནི་འཕྲིན་ལས་ཀྱི་རངས་བཞིན་ཡིན་ལ། རྔོག་མ་ལེ་བརྒན་ནི་དབང་གི་རྟགས་སུ་ཡང་བསྟན་པ་ལ། དཔྲལ་བ་ཞུར་པོ་ནི་ཞི་བའི་རང་བཞིན་དུ་བསྟན་པ་ལ། རྟ་མགོ་ནི་དྲག་པོ་འཕྲིན་ལས་མཛད་པས་རྟ་མགོའོ།། ཏན་ཏྲ་འཇིག་རྟེན་འདས་པ་ལས། དབུའི་དོན་རྟགས་ཀྱི་ལེའུ་སྟེ་བཅུ་གཉིས་པའོ།།།། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་རྟགས་འཇུག་ཅེས་བྱ་བས། ནམ་མཁའ་ལྡིང་གི་རྒྱལ་པོ་འགྱུར་བའི་ཏིང་ངེ་འཛིན་ལ་དགོངས་ནས་གཤོག་པ་བསྐྱེད་དེ། འཇིག་རྟེན་པ་ཡིད་བཞིན་དུ་འབྱུང་བ་ནི་ཞེས་པས། རྒྱུ་རིན་པོ་ཆེ་ལས་བྱས་པ། དེ་ཡང་གྲུབ་པ་ནི་ཡེ་ཤེས་ལས་གྲུབ་པའོ། ། སྤྲུལ་པ་ནི་པདྨ་ཧེ་རུ་ཀའོ།། ཀླུ་ལས་སྤྲུལ་པ་སྤྲུལ་དུ་གྲུབ་པའོ།། རེ་བ་བསྐོང་མཛད་དཔག་བསམ་ལྗོན་ཤིང་འདྲ།། ཞེས་པ་ནི། འཕྲིནལས་རྣམ་བཞིས་འགྲོ་བའི་དོན་བྱེད་པས། དཔེ་དཔག་བསམ། ཤིང་དུ་བསྟན་པའོ། ། རྟོགས་པས་རྩལ་གཅོད་འཕྲིན་ལས་རླབས་སུ་ཆེ་ཞེས་པ་ནི། རྩལ་ཆེན་ཤུགས་ཀྱིས་འཕང་བ་གཅོད་པའོ།། ཉི་མ་འབུམ་གྱིས་བརྒྱན་པ་སྟེའུ་གཤོག་པ་ཅན་ཞེས་པ་ནི། གཤོག་པ་ནི་གནམ་ས་གཅོད་པ་ཡིན་ལ། ཉི་མ་ནི་ཡེ་ཤེས་ཉི་མས་ཐོ་གཤོག་རེ་རེ་ལས་ཡེ་ཤེས་ཉི་མ་ཤར་བའོ།། ནམ་མཁའ་ནམ་མཁའ་རྒྱལ་པོ་རྒྱལ་མོ་བརྒྱད་ཅེས་པ་ནི། ཧཱུཾ་བཛྲ་ཙིན་དྷ་ཛྭ་ལ་སུམྦྷ་ནི། གྲྀ་ཧྞ་པ་ཡ། ཨཱ་ན་ཡ་ཧོ། བྷ་ག་བཱ་ན། ས་ཏ་ར་ཙ་ཧཱུཾ་ཕཊ། གཤོག་པ་བཞི་ཡང་སྟེང་མ་གཡས་པ་ང་རྒྱལ་བསྐྱེད་བྱས་ལ། གཡོན་སྟེང་མ་གཏི་མུག་བསྐྱེད་པས་ཞི་བ། གཡས་འོག་མ་ང་རྒྱལ་བསྐྱེད་པས་དྲག་པོ། གཡོན་འོག་མ་སེམས་ཅན་ཐམས་ཅད་ཞིང་དབང་དུ་སྡུད་པས་དྲག་པོ། སྟེའུ་གཤོག་པ་ནི་བགེགས་དང་ལོག་འདྲེན་རྡོ་རྗེ་ལྕགས་ཀྱུས་སྙིང་ནས་འདྲེན་པ་ཡིན་ལ། གྲོལ་བར་ཡང་བྱེད་དོ།། གཤོག་པ་ནི་རྫུ་འཕྲུལ་ཐོགས་པ་མེད་པ་ནམ་མཁའ་ལ་འཕུར་བ་ཡིན་ནོ། ། དེའི་ཕྱིར་ནམ་མཁའ་ལྟར་ཡོངས་སུ་ཁྱབ་པ་དང། མ་ལྟར་ཀུན་ལ་བྱམས་པ་དེང།། ཐུགས་རྗེའི་དབང་གིས་སྡུད་པ་དང།། རྩལ་ཆེན་ཤུགས་ཀྱིས་འཕུར་བ་དང།། ཁྱུང་ཆེན་སྐུ་ལ་རྫོགས་པ་དང།། མཁའ་འགྲོའི་རྒྱལ་མོ་དབང་བྱེད་པའོ། ། འཇིག་རྟེན་འདས་པའི་མདོ་ལས། རྡོ་རྗེ་གཤོག་པའི་ལེའུ་སྟེ་བཅུ་གསུམ་པའོ།།།། དེ་ནས་བཅོམ་ལྡན་འདས་དཔལ་ཆེན་པོ་ཁྲོ་བོའི་རྒྱལ་པོ་འདུལ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། ། དཔའ་བ་རབ་བརྗིད་ཏིང་ངེ་འཛིན་པའི་སྟོབས་ཞེས་པ་ནི། རང་བཞིན་གྱི་དཔའ་བ་ནི་ལས། པདྨ་ཧེ་རུ་ཀའི་རིགས་ཀྱིས་དཔལ་བསྟན་དང། སེང་གེཐབས་ཀྱི་དཔའ་བ་བྱ་ཁྱུང་ཀ་རུ་ན། སྤྲུལ་པ་ལས་དང་ཁྲོ་བ་ཡིས། ཤེས་རབ་ཀྱི་དཔའ་བ་ནི་ཡེ་ཤེས་ཀྱི་ལྷ། རྣམ་པར་ཤེས་པ་བརྒྱད་སེམས་མ་བརྒྱད་དང་སྦྱར་རོ།། སེམས་དཔའ་བཞི་ཞབས་བརྒྱད། སེམས་མ་བཞི་ཞབས་ཀྱི་རྒྱན་བརྒྱད། འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་ནི་དབང་དུ་བྱས། རྒྱན་དང་སྟང་སྟབས་སུ་ལྡན་པས་དཔའ་བར་བརྗིད་ཆེ་བར། ཏིང་ངེ་འཛིན་དང་ལྡན་པས། ཤར་དྲི་ཟ་དང་བཅས་པ་རྣམ་པར་རྒྱལ་བའི་གནོན་རྣོ་གདུག་ཟློག་བྱེད་རྒྱུ་བྱེའུ་ལྕགས་ཞེས་པ་ནི། ཕྱིར་མདོ་བ་ནི་མཚོན་ཆེན་ཏེ། དེས་མི་ཕིགས་ཞིང་ཕྱིར་ལྡོག་པས་ཁྲབ་རྒྱ་བྱེའུ་སྔོན་པོའོ།། ནང་སེམས་ཀྱི་མ་ནོ་བ་ནི། གདུག་པ་བསམ་པ་ངན་པ་སྦྱོར་བའི་དུག་ཅིས་ཀྱང་མི་ཚུགས་ཤིང་དེ་ཟློག་པར་བྱེད་པའོ། ། དེ་ལྟར་ཡང་ལྷོར་གཤིན་རྗེ་དང་བཅས་ནས། ཁྲོ་བོ་གཤིན་རྗེ་གཤེད་ཀྱིས་མནན་པའོ།། དབང་གི་བསེ་ཁྲབ་གཟི་བརྗིད་པའི་ཐབས་ཞེས་པ་ནི། འཇིག་རྟེན་དབང་དུ་འདུས་པ་དང། འཇིག་རྟེན་ལས་འདས་པ་དབང་དུ་མཛད་པ་དང། ཅིས་ཀྱང་མི་ཚུགས་པའི་ཐབས་སུ་སྤ་བཀོང་བ་དང། ཡེ་ཤེས་ཀྱི་བསེ་ཁྲབ་ཏུ་བསྟན་པ་དང། ཡེ་ཤེས་ཀྱི་མེ་འབར་གཟི་འབར་ཏེ། དུག་ལྔ་བསྲེགས་ནས་འཇིག་རྟེན་ལས་འདས་པའི་གནས་སུ་བསྒྲལ་ནས། ནུབ་ཕྱོགས་ཀླུ་དང་བཅས་ནས། ཁྲོ་བོ་ཧཱུཾ་མཛད་ཀྱིས་མནན་པའོ།། ཤེས་རབ་ཏིང་ངེ་འཛིན་རྡོ་རྗེ་འཆང་བའི་ཆས་ཞེས་པ་ནི། ཆོས་ཐམས་ཅད་རྟོགས་པ་ཤེས་རབ་ལས་བྱང་བས། ཐབས་མཁས་པ་སྤྱོད་ཡུལ་གྱི་ཆོས་དང། ཆོས་ཉིད་དབྱིངས་ལ་ཡེ་ཤེས་ཀྱི་རྒྱན་དུ་སྣང་བ་ལས། ཤེས་རབ་ཀྱི་རྡོ་རྗེ་རྒྱ་གྲམ་མིག་མངས་རིས་སུ་ཏིང་ངེ་འཛིན་གྱིས། བདུད་དང་མུ་སྟེགས་ལ་སོགས་པས་མི་ཚུགས་པ་ནི། ཤེས་རབ་ཏིང་ངེ་འཛིན་གྱི་ཆོས་ཀྱི་ཏེ། བྱང་ཕྱོགས་གནོད་སྦྱིན་དང་ཁྲོ་བོ་བདུད་རྩི་འཁྱིལ་བ་མནན་པའོ།། དཔལ་བརྗིད་མཉེན་ལྕུག་སྦྲུལ་ནག་འཁྲིལ་བའི་ཆས་ཞེས་པ་ནི། འཇིགས་བྱེད་ཀྱི་རྒྱན་རླུང་གི་རྒྱལ་པོ་སྐུ་བསྲུངས་པའི་ཡང་དོན། རྣམ་གཅིག་ཏུ་ཡུམ་སྐུ་ལ་འཁྲིལ་ཏེ། ལྕུག་པ་དང་སྦྲུལ་གདུག་པ་ཞེ་སྡང་ཚར་བཅད་ནས། ཁྲོ་བོ་མི་གཡོ་མགོན་གྱི་ཞབས་ཀྱིས་མནན་པའོ།། དམར་གསལ་དབང་ཕྱུག་ཟངས་ཀྱི་མཆེ་བ་ཅན་ཞེས་པ། དམར་བ་ནི་དབང་གི་རང་བཞིན་ཡིན་ལ། རཀྟ་ནི་ཆགས་པ་ཆེན་པོ་ཡུམ་གྱིས་ཀྱང་རྟོགས་པས། ཡུམ་གྱི་ལྷུམས་ནས་མ་སྐྱེས་པ་གཅིག་ཀྱང་མེད་པས། མངོན་སུམ་དུ་གསལ་བར་དབང་ཕྱུག་ཆེན་པོའི་ཞབས་འོག་ཏུ་བཅུག་ལ། ཞལ་འབར་བ་ལས་ཞལ་གདངས་མཆེ་བ་འབྱུང་བ། ཞབས་འོག་ཏུ་མནན་སྙིང་ཁར་ཞབས་མཁྲིག་མན་ཆད་ནུབ་ནས། སྙིང་འབྱིན་ཅིང་དབྱིངས་སུ་སྟོབས་ཤིང་ཆོས་ལ་བཀོད་པའི་དོན་ཡིན་པས། ལྷོ་ནུབ་སྲིན་པོ་དང་བཅས་ནས་ཁྲོ་བོ་མི་གཡོ་མགོན་པོས་མནན་པའོ།། གཟི་མདངས་ཤུ་ཀྲེན་ཆུ་གྲི་སྤྲུལ་པའི་ཆས་ཞེས། ཕྱིའི་གཟི་མདངས་ཀྱིས་བདུད་དང་མུ་སྟེགས་སྤ་བཀོངས་ནས། ནང་གི་གཟི་མདངས་ཀྱིས་མཉེས་པ་དང། དབང་དུ་སྡུད་དེ། སྣང་ལ་རང་བཞིན་མེད་དེ། ཁྲོ་བོ་མི་བཟད་ཀྱིས་བདུད་དང་སྲིན་པོ་བསྡུས་ཏེ། གཅན་གཟན་གྱི་མགོ་ཅན་ལ་བྱ་སྟེ། དེས་བདུད་སྲིན་འདུལ་བའི་ཞབས་ལ་སོགས་ཞེས་པ་ནི། དེ་ཀུན་ལས་རྒྱལ་བས་ཡུམ་གྱི་དབྱིངས་སུ་ཆེ་བས་རྒྱལ་མོ་བྱ། དེ་བས་ན་བྱང་ཤར་དུ་རུ་ཏྲ་དང་བཅས་ནས་ཁྲོ་བོ་ཁམས་གསུམ་རྒྱལ་བས་མནན་པའོ།། ཕྱོགས་བཞི་མཚམས་བརྒྱད་ཁྲོ་བོ་རྒྱལ་འདུས་པའི་སྟབས་ཞེས་པ་ནི། ཕྱི་ནང་གསང་བ་གསུམ་དང། ཕྱོགས་བཞིའི་ཏ་ཀྲིད་བཞི་དང། མཚམས་བཞིའི་ཁྲོ་བོ་དང།། བརྒྱད་མནན་པས་མ་རིག་པའི་ལོག་རྟོག་དང་བཅས་པའི་ཐུགས་རློམ་པའི་ཐུགས་རློམ་པའི་ཕྱོགས་སྐྱོང་ལ་ཁྲོ་བོས་མནན་པ་དང། ཚབ་དམར་གྱི་འདུལ་སྟངས་ཀྱིས་ཁྲོ་བོ་ཡང་དཔའ་བོ་ཆེན་པོར་གཟིར་བར་སྣང་བས་ཏེ། ཕྱི་ནང་གསང་བའི་དོན་དང་འཇིག་རྟེན་ཡོངས་ལས་འདས་པའི་ཁྲོ་འཕང་ནི་ཕྱོགས་སྐྱོང་ངོ། ། འཇིག་རྟེན་ལས་འདས་པ་ནི་ཁྲོ་བོ་བརྒྱད། ཡུམ་གཟི་ལྡན་དུ་བསྟན་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ། དབྱིངས་ནི་མྱ་ངན་ལ་འདས་པས། པདྨའི་ཕྱག་རྒྱ། གཉིས་སུ་མེད་པས་དཔལ་རྡོ་རྗེ་སེམས་དཔའ། ཧེ་རུ་ཀའི་ཐུགས་དང་དབྱེར་མེད་པའི་དོན་དང། བྱང་ཆུབ་སེམས་ལས་འདུས་པས་བདག་ལ་འདུས་པས་རྒྱན་དུ་བཤད་དོ།། དེ་བས་ན་བྱང་ཆུབ་སེམས་སུ་དེ་ལྟར་ལ་བཟླ་འཚལལོ།། ལུས་ཀྱི་རྒྱན་ནི་ཐབས་ཧེ་རུ་ཀ། ངག་གི་རྒྱན་ནི་གསུང་དབྱངས་ཆོས་ཀྱི་འཁོར་ལོ།། སེམས་ཀྱི་རྒྱན་ནི་ཡེ་ཤེས་སེམས་དཔའི་སྙིང་རྗེ། བྱང་ཆུབ་རྒྱན་ནི་ཡེ་ཤེས་ལྔའི་འཕྲོ་འདུ། རྣམ་པར་ཐར་པ་བརྒྱད་ནི་ཐུགས་རྗེ་དང་མ་བྲལ་བའོ། ། ཞབས་བརྒྱད་ནི་ཏིང་ངེ་འཛིན་བརྒྱད་ཀྱི་ཆས་ཀྱིས་བརྒྱན། སེམས་དཔའ་བརྒྱད་ནི་རང་བཞིན་གྱི་གནས་ལ། ཆས་བརྒྱད་ནི་སེམས་མ་སྟེ་བརྒྱན་པའི་ལྷ་མོ། ཕྱོགས་མཚམས་བརྒྱད་ནི་ཁྱད་པར་གཟི་འཕངས་ཏིང་ངེ་འཛིན་བརྒྱད་དང། ཞབས་བརྒྱད་དང། ཁྲོ་བོར་བཅས་ཅེས་བྱའོ།། ཞབས་ལ་སྦས་པའི་ཁྲོ་བོ་ཆེན་པོ་བརྒྱད་ཞབས་ཀྱི་འོག་ཏུ་སྦས་ཅེས་བྱའོ།། འཇིག་རྟེན་འདས་པའི་མདོ་ལས། ཞབས་ཀྱི་ཆས་རྒྱན་གྱི་ལེའུ་བཅུ་བཞི་པའོ། །།། པདྨ་དབང་ཆེན་ཧེ་རུ་ཀ། འདོད་ཆགས་རྒྱལ་པོ་རིགས་ཀྱི་གཙོ།། སྐུ་མདོག་དམར་བ་དབང་གིས་འཕགས།། དབུ་དགུ་ཕྱག་ཀྱང་བཅོ་བརྒྱད་དེ།། ཞབས་ཀྱང་རྡོ་རྗེ་བརྒྱད་དུ་གདམ།། རྡོ་རྗེ་རོལ་པའི་དཀྱིལ་འཁོར་ནས། ། ཤིན་ཏུ་མི་བཟང་རྔམ་ཐམས་ཅད།། མ་ཆགས་ཚུལ་དུ་འདུལ་མཛད་ཅིང།། དམར་ཆེན་པོ་ནི་ཕྱག་ན་བསྣམས།། ཤིན་ཏུ་དགྱེས་པའི་ཐུགས་དམ་ཅན།། རྡོ་རྗེ་གཤོག་པས་བརྒྱན་ཅིང་བརླབས། ། གཡས་དཀར་ཞལ་གྱིས་གཟིགས་པ་ནི།། དེ་བརྒྱལ་བས་ཐམས་ཅད་དངོས་གྲུབ་སྟོབས།། གཡོན་མཐིང་ཞལ་གྱིས་གཟིམས་པ་ནི།། ཉམས་པ་ཐམས་ཅད་བསྐོང་པར་མཛད།། དབུས་མ་པདྨའི་ཕྱག་རྒྱར་ལྡན། ། ཕྱག་གཡས་གྱེན་དུ་བརྐྱང་བ་ཡིས།། ནམ་མཁའི་ཁམས་ཀུན་ཕྱག་རྒྱས་འགེངས།། རྔེའུ་ཆུང་བཅུ་དྲུག་ཐབས་ཀྱིས་བརྡུངས།། ལྷ་ཡི་གནས་རྣམས་དབང་དུ་བསྡུད།། ཕྱག་རྒྱ་གཡོན་དུ་བརྐྱང་བ་ཡི།། བན་དྷ་རཀྟས་འཁྱིལ་བ་ནི། ། རྒྱ་མཚོག་ཏིང་ནས་འཁྲུག་ཅིང་རློབ།། ཀླུ་ཡི་གནས་རྣམས་དབང་དུ་སྡུད།། ཡབ་ཡུམ་ཕྱག་རྒྱར་ཡང་དག་ལྡན།། གཡས་ཀྱི་ཕྱག་ན་བསྣམས་པ་ནི།། ཏི་རའི་དབྱུག་པ་ཆེན་པོ་བསྣམས། ། ཀེའུ་རི་དང་རོལ་བར་མཛད།། བདུད་ཀྱི་དཔུང་རྣམས་ཟིལ་གྱིས་གནོད།། གཡོན་གྱི་ཕྱག་ན་བསྣམས་པ་ནི།། རྡོ་རྗེ་དུང་ཆེན་དམར་གྱིས་བཀང།། སིང་ངམ་དང་རོལ་བའི་ས།། དམར་ཆེན་རཀྟ་ཙ་ར་ར། ། ཚོགས་ཆེན་གསུམ་ཀ་དབང་དུ་སྡུད།། གཡས་ཀྱིས་རྩེ་རི་བསྣམས་པ་ནི། ཐབས་ཀྱི་མདའ་གཞུ་འགེངས་པ་ཡིན།། རྒྱལ་བ་ཡབ་ཡུམ་ཐུགས་དམ་བསྐུལ།། གཡོན་གྱི་ཕྱག་ན་བསྣམས་པ་ནི།། ལྕགས་ཀྱི་རལ་ཀ་དམར་གྱིས་བཀང། ། བྱཱ་གྷྲི་མ་དང་མཉམ་པར་སྦྱོར།། ཐམས་ཅད་ཀུན་ལ་མཉམ་པར་སྦྱོར།། གཡས་ཀྱི་ཕྱག་ན་བསྣམས་པ་ནི། ཁ་ཊྭཱཾ་ཁ་ཡི་རྒྱལ་མཚན་བསྣམས།། པྲ་མོ་ཧ་དང་མཉམ་པར་སྦྱོར།། བགེགས་ཀྱི་དཔུང་རྣམས་འཇིམས་པར་བྱེད། ། གཡོན་གྱི་ཕྱག་ན་བསྣམ་པ་ནི།། ཞིང་ཆུང་བཏོན་ནས་ཟ་བར་བྱེད།། སྲི་ལ་མོ་དང་མཉམ་པར་སྦྱོར།། ཀླུ་ཡི་གནས་རྣམས་དབང་དུ་སྡུད།། གཡས་ཀྱི་ཕྱག་ན་བསྣམས་པ་ནི།། རྡོ་རྗེ་རྩེ་དགུ་འབར་བ་ནི། ། པེ་ཏ་ལི་དང་མཉམ་པར་སྦྱོར།། ཕྱག་ན་རྡོ་རྗེའི་མཐུ་ཡང་འཕྲོག། གཡོན་གྱི་ཕྱག་ན་བསྣམས་པ་ནི།། སྤུ་གྲི་སོ་དང་བཅས་པ་ཡིས།། ཤྭ་ན་མ་དང་མཉམ་པར་སྦྱོན།། གནོད་སྦྱིན་རྣམས་ཀྱི་ཤ་ཡང་ཟ། ། གཡས་ཀྱི་ཕྱག་ན་བསྣམས་པ་ནི།། སྟི་རའི་རྒྱུ་མ་འདྲེན་པ་ཡིས།། པུ་ཀ་སི་དང་མཉམ་པར་སྦྱོར།། དྲང་སྲོང་འཁོར་རྣམས་དབང་དུ་སྡུད།། གཡོན་གྱི་ཕྱག་ན་བསྣམས་པ་ནི།། འགྲོ་རྒྱུ་ཞག་པ་བསྣམས་པ་སྟེ། ། ཀྲི་ཏ་མ་དང་མཉམ་པར་སྦྱོར།། འཁོར་བའི་སྡུག་བསྔལ་མེ་ལ་སྲེག། གཡས་ཀྱི་ཕྱག་ན་བསྣམས་པ་ནི།། པདྨ་རཀྟ་བཅས་པའོ།། གྷས་མ་རི་དང་མཉམ་པར་སྦྱོར།། སྲིན་པོའི་འཁོར་རྣམས་དབང་དུ་སྡུད། ། གཡོན་གྱི་ཕྱག་ན་བསྣམས་པ་ནི།། ཞིང་ཆེན་ཕྲག་ལ་འཁུར་བ་ཡི།། ཀང་ཀ་མ་དང་མཉམ་པར་སྦྱོར།། དུར་ཁྲོད་བདུད་བགེགས་མང་པོ་འདུལ།། གཡས་ཀྱི་ཕྱག་ན་བསྣམས་པ་ནི།། སྟི་ར་ཙིཏྟ་འབིགས་པ་ནི། ། སྨ་ཤ་ནི་དང་མཉམ་པར་སྦྱོར།། སྲོག་སྐྱོང་འཁོར་རྣམས་དབང་དུ་སྡུད།། གཡོན་གྱི་ཕྱག་ན་བསྣམས་པ་ནི།། བན་དྷ་དམར་གྱིས་བཀང་བ་སྟེ། ཁ་ཁ་མ་དང་མཉམ་པར་སྦྱོར།། དགྲ་བགེགས་མ་ལུས་དབང་དུ་སྡུད། ། གཡས་ཀྱི་ཕྱག་ན་བསྣམས་པ་ནི།། ཏི་ར་ལོག་རྟོག་འདྲལ་བར་བྱེད།། ཙནྜ་ལི་དང་མཉམ་པར་སྦྱོར།། ཏུ་ཏྲའི་འཁོར་རྣམས་དབང་དུ་སྡུད།། གཡོན་གྱི་ཕྱག་ན་བསྣམས་པ་ནི།། རྡོ་རྗེ་ལྕགས་ཀྱུ་འབར་བ་འདིས། ། ཧུ་ལུ་ཀ་དང་མཉམ་པར་སྦྱོར།། བགེགས་ཀྱི་ཚོགས་རྣམས་དབང་དུ་སྡུད།། དུར་ཁྲོད་རྒྱན་དགུ་སྐུ་ལ་གསོལ།། རྡོ་རྗེ་གཤོག་པས་བརྒྱན་པ་ནི།། ཀླུ་ཆེན་ཟིལ་གྱིས་གནོན་པར་བྱེད།། ལྷང་ལྷང་རྟ་སྐད་ཕྱོགས་བཅུར་སྒྲོགས། ། ཞབས་བརྒྱད་སྟབས་སྟང་བརྐྱང་བསྐུམ་ཚུལ།། ལྷ་ཆེན་བརྒྱད་ཀྱི་ཁྲི་ལ་བཞུགས།། དུར་ཁྲོད་ཆེན་པོའི་གནས་བརྒྱད་དང།། ཧེ་རུ་ཀ་ཡི་གནས་བཅུ་དང། གཞོན་ནུ་རྒྱལ་ལ་རོལ་པར་མཛོད། ། དབང་ཕྱུག་ཀུན་གྱི་འཁོར་གྱིས་བསྐོར།། ཁྱེད་ཀྱི་ཐུགས་རྗེའི་བྱིན་རླབས་ལས།། གློག་སྟོང་འབྱུང་ཞིང་འབྲུག་སྟོང་ལྡིར།། དགྲ་བགེགས་འདུལ་བའི་འཕྲིན་ལས་མཛོད།། ཧེ་རུ་ཀ་ཐུགས་ཀྱི་རྒྱུད་ཀྱི་པདྨའི་ཕྱག་རྒྱའོ། ། འཇིག་རྟེན་འདས་པའི་མདོ་ལས། ཕྱག་རྒྱ་མཁའ་འགྲོ་འཕྲ་མེན་གྱི་ལེའུ་སྟེ་བཅོ་ལྔ་པའོ།།།། བཅོམ་ལྡན་འདས་དཔལ་པདྨ་ཧེ་རུ་ཀ་སྐུ་མདོག་རགས་པ་དེ་ལ། དཔལ་པདྨ་ཧེ་རུ་ཀས་སྦྱིན་སྲེག་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། དབང་གི་ཧོམ་ཆེན་པོ་གསང་བ་བས་ཀྱང་ཆེས་གསང་བ་འདི་ལ་དོན་ལྔ་སྟེ། དེ་ཡང་གང་ཞེ་ན། དབང་གི་ཕྱག་རྒྱ་ཆེན་པོའི་དཀྱིལ་འཁོར་གྱི་ལས་བྱ་བ་དང། དབང་གི་གཏོར་མའི་ལས་དང། དབང་གི་སྦྱོར་བ་དང། དབང་གི་ཧོམ་ཐབས་བྱ་བ་དང་ལྔའོ།། དབང་གི་ཕྱག་རྒྱ་ཆེན་པོའི་དཀྱིལ་འཁོར་ཆོ་ག་བཅུས་བསྟན་ཏེ། ཕྱག་རྒྱ་ཆེན་པོར་གསལ་ཞེས་པ་ནི། དཔལ་ཆེན་པོ་པདྨ་ཧེ་རུ་ཀའི་ཕྱག་བཅོ་བརྒྱད། ཞབས་བརྒྱད། གཤོག་པ་བཞི། དབུ་གོང་མ་ལྔ་ལ་རྟ་མགོ་ལྗང་ཁུ་འཚེར་པ། སྤྱན་བཞི་བཅུ་རྩ་བཞི་དང་ལྡན་པ་གཅིག་ཏུ་དུར་ཁྲོད་ཀྱི་ཆས་བརྒྱད་དགུས་བརྒྱན་པའོ།། ཕྱག་གཡས་དང་པོ་ལྕགས་སྒྲོག། གཡོན་དང་པོ་བནྡ་རཀྟས་བཀང་བ་བསྣམས་པ། གཡས་ཀེ་རི་མལ་སོགས་པ་བརྒྱད་པ་སྣམས་པ། གཡོན་སིང་ང་མ་ལ་སོགས་པ་བརྒྱད་བསྣམས་པ། དབུ་ལས་རྟ་མགྲིན་སྐུ་ལས་བདུད་རྩི་འཁྱིལ། ཞལ་བརྒྱད་ཁྲོ་བོ་བརྒྱད་འཇིགས་པ། ཁྲོ་བོས་ཕྱོགས་སྐྱོང་འཇིགས་པ། ཕྱོགས་སྐྱོང་འོག་ན་ཡང་རྡོ་རྗེ་བྲག་གི་སྟེངས་ལ། འཁོར་མ་མོ་དང། ཕོ་ཉ་དང། དབང་ཕྱུག་མ་ལ་སོགས་པ་ཡེ་ཤེས་དང་ལས་ལ་སྐྱེས་པ། ཡུམ་ཀྲོ་ཏི་ཤྭ་རི་མ་ཡབ་དང་མཐུན་པ་ལ། ཡབ་ལྟར་དབུ་རྒྱན་མངའ་བར་བསྒོམ་ཞིང་དཀྱིལ་འཁོར་ལ་བཀོད་པའོ།། བསྙེན་པ་དབུལ་བ་ནི། པདྨ་ཧེ་རུ་ཀ་བསྙེན་པའི་དུས་ན། གྲངས་སམ་མཚན་མར་རྟག་ཏུ་བཟླས་སོ། ། དེ་ཡང་ཧ་ཡ་གྲྀ་བ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ། ཨ་ར་ལི་ཧྲིང་ཧྲིང། ཞེས་མ་མོ་བརྒྱད་དམ་ཉི་ཤུ་རྩ་བརྒྱད་ལ་བཟླས་ལ་དབུལ་ལོ།། དུས་དྲུག་གམ་དུས་རྟག་ཏུ་བྱའོ།། མཚན་མ་བྱུང་བྱུང་དུ་བྱའོ།། དཀྱིལ་འཁོར་དགོད་པ་ནི། དང་པོས་གཟུགས་མ་ལེགས་པ་ན་ག་ར་མ་ཚིག་པ་དང། མི་རུང་པ་མེད་པར་ས་བླུད་བཏང། དེས་ནས་སྟེགས་བུ་གཞུག་སྟེ། དབུས་སུ་ཨེ་གྲུ་གསུམ་ཆག་གང་པ་ཁ་ཁྱེར་ཉིས་བརྩེགས། དེ་ལ་ཐོད་པ་འོག་མ་མངའ་གཞུ། དེའི་ཕྱིར་རིམ་ཟླ་གམ་དམར་པོ་ལ་པདྨ་ཧེ་རུ་ཀ་ཡབ་ཡུམ་བཞུགས་པར་བྱའོ།། དེའི་ཕྱི་རིམ་ལ་ཐོད་པས་བསྐོར། དེའི་བློ་མ་ཕོལ་རྡོ་རྗེར་བ། དེའི་ཕྱི་རིམ་པདྨ་ཁ་ཁྱེར་བཅུ་དྲུག་ལ་ལྷ་མོ་བཅུ་དྲུག། དེའི་ཕྱི་རིམ་བར་ཁྱམས་ལ་དབང་ཕྱུག་མ། ཟུར་གསུམ་ལ་ཧེ་རུ་ཀ་སྐུ་གསུང་ཐུགས་ཀྱི་ཁྲོ་བོ་བཅུ་གཟུགས་སུ་བཅས་པ་དགོད། མཐའ་མ་རྩང་དང་འོད་ཀྱིས་བསྐོར་དེ་ལ་སྒོ་བ་ཡབ་ཡུམ་བཀོད་ལ། དཀྱིལ་འཁོར་རྒྱན་དང་ཆ་ལུགས་གསལ་གདབ། བྱིན་གྱིས་བརླབ་ཅིང་གསལ་བ་ནི། བདག་པདྨ་ཧེ་རུ་ཀ་བསྒོམས་ལ། ཡོན་བདག་དཀྱིལ་འཁོར་དེའི་ལྷ་ལྟར་ཆོ་ག་རྣམ་པར་གསུམ་གྱིས་བརླབས་ལ། སྐུ་ལྔ་ཡེ་ཤེས་ལྔའི་སྔགས་དང་ཕྱག་རྒྱས་ཡོན་བདག་བྱིན་གྱིས་བརླབས། མཆོདཔ་དང་བསྟོད་པར་བཅས་པ་ནི། མཆོད་པའི་ཡོ་བྱད་དམར་གཏོར་དང། དམར་གྱི་ཨརྒ་དང། གཞན་ཡང་ཚང་བར་བྱ། བུད་ཤིང་མར་ཅན་དང། ཀྱང་མཚེར་ཅན་མཆོད་པ་གཞན་དང་མཐུན། འཕྲིནལས་བཅོལ་ཞེས་པ་ནི། བདག་དང་གཞན་གྱི་དོན་ལ་མི་མ་ཡིན་པ་འགེགས་ཐམས་ཅད་ལ་ཕོ་ཉ་དང་མངག་གཞུག་བཏང་ལ་དབང་དུ་བསྡུས་སོ།། ཞལ་ཟས་བརྟག་པ་དང་ཞེས་པ་ནི། ཞལ་ཟས་ཐམས་ཅད་ཧྲཱིཿ་དམར་ལས་འཕྲོས་ཏེ། བདུད་རྩིའི་རང་བཞིན་དུ་ཤེས་པར་བྱའོ།། སིདྡྷི་གསོལ་ཞེས་པ་ནི། དངོས་གྲུབ་གསོལ་བའི་དབྱངས་གཏང་བར་བྱའོ།། བྱིན་རླབས་ནོད་པ་ཞེས་པ་ནི། བདག་པདྨ་ཧེ་རུ་ཀའི་ཐུགས་ཀ་ནས། དཀྱིལ་འཁོར་དབུས་ཀྱི་གཙོ་བོའི་ཐུགས་ཀར་བསྐུལ་ནས། འོད་ཟེར་དམར་པོ་ཐམས་ཅད་དབང་དུ་གྱུར་པར་བསམ་མོ། དཀྱིལ་འཁོར་བསྡུ་ཞེས་པ་ནི། དཀྱིལ་འཁོར་ལ་སོགས་པ་སྔོན་གྱི་བཀའ་ལས་འབྱུང་བ་བཞིན་དུ་བསྡུ་པར་བྱའོ།། དབང་གི་རིམ་པ་ཧོམ་ལྟར་སྤྱན་དྲངས་ཞེས་པ་ནི། མེ་ལྷ་སྤྱན་དྲངས་ཧོམ་སྦྱར་རོ།། ཧོམ་གཟར་གཡོན་ནས་བསྐོར་རོ།། དབང་གི་གཏོར་མ་དོན་གསུམ་དང་བརྟག་པ་དྲུག་སྟེ། འགྱུར་མེད་ཡེ་ཤེས་རྒྱན་དང་འདྲ་བའི་གཏོར་མ་དང། ཐམས་ཅད་ཡོངས་ལ་བསྔོ་བ་སྤྱིའི་གཏོར་མ་དང། དངོས་པོ་གཅིག་ལ་བསྔོ་བ་བགེགས་གཏོར་རོ།། གཏོར་མའི་ལས་བྱ་བ་ནི་ཆོས་ཉིད་རྣམ་པར་དག་པའི་སྟེ། སྤེལ་བ་ནི་ནམ་མཁའ་མཛོད། བདུད་རྩིར་གྱུར་པ་ནི་བདུད་རྩི་ཐབ་སྦྱོར། སོ་སོར་ཐོབ་པ་ཡེ་ཤེས་སྐར་མདའ། དབང་དུ་བྱ་བ་དབང་སྒྱུར་འཁོར་ལོ། ཐམས་ཅད་མགུ་ཞིང་དགའ་བ་ལྷ་མགོན་སྤྱིའོ། ། ཡང་གཏོར་མ་ནི་མཆོད་སྦྱིན་ཆེན་པོ་སྟེ། ཕྱི་ནང་ཐག་གཉིས་སོ།། དབང་གི་ཕུར་པ་པདྨ་ཧེ་རུ་ཀར་བསྒོམ། ཕུར་པ་ནི་སྐུ། དྲིལ་བུ་ནི་གསུང། བཏབ་པ་ནི་ཐུགས། ཕུར་བའི་རྒྱུ་དང་ནི་ཟངས་གཞོན་ཞིང་མར་ཆགས། བྱ་ཐབས་མགོ་བརྒྱ་མདུད། རྩེ་མོ་རྒྱ་ཁམ། ཚད་ནི་སོར་དགུ། ཤིང་གི་མགོ་ལ་རྩེ་མོ་བྱའོ།། དགྲ་བགེགས་ནམ་ཕྱེད་ནས་ཕུར་པ་གདབ་བོ།། གྲུབ་པ་ཡོན་ཏན་ཅི་འདོད་པ་ཐོབ་པར་འགྱུར། སྦྱོར་བའི་རིགས་བརྟག་ནི། སྨད་འཚོང་མ་ལོ་གྲངས་ཉི་ཤུ་ལོན་པའི་སྡོང་གཅིག་མ་ཞེས་བྱ་བ། སྦྱོར་སྟངས་ནི་བྱང་ཤར་ནས་མགོ་ལྷོ་ནུབ་མཚམས་སུ་བསྟན་པ་ལ་སྦྱོར། དཀྱིལ་འཁོར་ནི་པདྨ་ལ་བྱ། སྔགས་ཚིག་ནི། པ་ཤམ་ཀར་ན་ཀུ་རུ་པདྨ་རག་སྭཱ་ཧཱ། ཚིགས་བཤད་ནི། ཆགས་པ་ཞེ་སྡང། ཐམས་ཅད་ཚོགས་ཀྱི་དཀྱིལ་འཁོར་མཆོག། ཅེས་པས་བྱ། ཁྲོ་བོ་རོལ་པའི་སྟངས་སྟབས་ཀྱིས་གཟིར། དུག་གསུམ་དབང་བསྒྱུར་སྦྱིན་སྲེག་དབུལ། རྔམ་པ་གློག་གི་ཞེས་མཆོད་པ་དབུལ། དཔལ་ཆེན་པདྨ་ཧེ་རུ་ཀ་ཞེས་པས་ཨརྒ་སྦྲེང། འབྱུང་པོའི་ཁྲག་ནི་ཞེས་པ་དུག་གསུམ་བཏབ། མཚལ་ཆེན་པོ་དང་ག་པུར་ཞེས་མཆོད་གཏོར། འཕྲིན་ལས་རྣམ་བཞི་བཏང། བགེགས་དང་ལོག་འདྲེན་འགུགས། རྒྱུད་སོ་སོའི་བཀའ་ལུང་ནས་འབྱུང་བའི་ཕོ་ཉས་དགུག། བཟླས་པ་བགྱི། དེ་ནས་དཔལ་པདྨ་ཧེ་རུ་ཀས་འདུལ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཆེད་དུ་བརྗོད་པ་འདི་བརྗོད་དོ། ། དབང་གི་དཀྱིལ་འཁོར་འབར་བ་ལ།། གྲུ་གསུམ་གདེངས་པའི་དཀྱིལ་འཁོར་དུ།། ཟླ་གམ་དམར་པོས་བསྐོར་བ་སྟེ།། རྟ་མགོ་རྔམ་འཚེར་ཕྱོགས་བཅུར་སྒྲོགས། ། པདྨའི་སྟོང་གསུམ་གེ་སར་ལ།། ཡེ་ཤེས་ལྷ་དང་མ་མོ་འཁོར་དང་བཅས།། མཁའ་འགྲོ་དབང་ཕྱུག་ཚོགས་ཀྱིས་བསྐོར།། མཆོད་པ་ཆེ་ལ་སོགས་པ།། ཐམས་ཅད་མ་ལུས་མཆོད་པར་བཞེས།། པདྨ་རྟ་མགྲིན་ཧ་ཡ་གྲི་བ་ཁའི། ། དེ་ནས་འདུལ་སྦྱོར་བྱ་བ་ནི།། བམ་ཆེན་དཀྱིལ་འཁོར་ཟླ་གམ་ལ།། ཧྲི་ཡི་ཕྱག་རྒྱ་དབང་ཆེན་མཆོག། འབར་བ་ཆགས་པ་དབང་དུ་སྡུད།། པདྨ་དམར་པོའི་འཕྲེང་བས་བསྐོར།། པདྨ་ཁྲག་འཐུང་མཆོད་པ་སྦྱིན། ། བདུད་རྩི་ལྔ་ཡི་མཆོད་པ་འབུལ།། ཟས་ལྔ་པོ་ལ་དགྲ་བགེགས་སྦྱིན།། ར་དང་ཁྱི་ཁྲག་དམར་ཆེན་གྱི།། དགྲ་བགེགས་གཟུགས་དང་སྙིང་པོ་བྲི།། ཕོ་ཉས་ཐམས་ཅད་ཡོངས་ནས་ནི།། དགྲ་བགེགས་བཀུག་ལ་ཕུར་པས་བརྡབ། ། པདྨ་དཔལ་ཆེན་ཚོགས་ལ་བཏབ།། ཧྲི་ཡི་ཚོགས་ཀྱི་དཀྱིལ་འཁོར་ལ།། ལག་པ་སྲིན་ལག་སྦྲེལ་གདམས་ལ།། རྒྱུ་འཕྲེང་བཅས་པས་བསྐོར་ནས་ནི།། གང་འདོད་ལས་རྣམས་འགྲུབ་པར་འགྱུར། ། པདྨ་ཆགས་པའི་གདུལ་བྱ་དང།། རྟ་མགྲིན་རྔམ་པའི་ཐུགས་མཆོག་གིས།། ཐམས་ཅད་འཕྲོས་པའི་ཚམ་རྔམ་གྱིས།། དགྲ་བགེགས་མ་ལུས་དབང་དུ་སྡུད།། དཔུང་དང་བསྒྲལ་བའི་འཕྲིན་ལས་མཛོད།། པཱ་པཾ་པདྨ་ན་ག་བ་ཤང་ཀུ་རུ་ན་ཧཱུཾ་ཕཊ། འཇིག་རྟེན་འདས་པའི་མདོ་ལས། དབང་གི་ལེའུ་སྟེ་བཅུ་དྲུག་པའོ།།།། ཁམས་གསུམ་སྲིད་གསུམ་བཟའ་བའི་ཕྱིར།། དཔལ་གྱི་ཕོ་ཉ་ལས་ལ་འགྱེད།། ཚེམས་ནི་སྲ་སྙི་མེད་པར་རྣོ། ། སྐད་ནི་ཕྱི་ནང་མེད་པར་ཟུག། ཟས་ནི་མཾ་ས་ཤ་ཆེན་ཟ།། སྐོམ་དུ་དྲི་ཆུ་ཁ་རུ་ར་མ་སྟྭེ།། དེ་ཕྱིར་བདུད་ཀྱི་མེལ་ཚེ་བ།། ཤར་གྱི་ཕྱོགས་ནས་རྒྱུག་པའི་ཁྱི།། དུང་གི་ཁྱི་མོ་དཀར་མོ་ལ།། འབྲུག་སྐད་ལྡིར་ཞིང་ལྷ་ཆེན་འདུལ། ། ལྷོ་ཡི་ཕྱོགས་ནས་རྒྱུག་པའི་ཁྱི།། གློག་སྟོང་འགྱུར་ཞིང་གཤེན་རྗེ་འདུལ།། ནུབ་ཀྱི་ཕྱོགས་ནས་རྒྱུག་པའི་ཁྱི།། ཟངས་ཀྱི་ཁྱི་མོ་དམར་མོ་ལ།། རྡོ་རྗེ་ཁྱུང་གཤོག་ཀླུ་ཕྲུལ་འདུལ།། བྱང་གི་ཕྱོགས་ནས་རྒྱུག་པའི་ཁྱི། ། མུ་མེན་ལྗང་ཁུའི་ཁྱི་མོ་ལ།། གནོད་སྦྱིན་གཏུམ་པོའི་སྒལ་ཚིགས་འཇོམས།། ཤར་ལྷོ་མཚམས་ནས་རྒྱུག་པའི་ཁྱི།། གསེར་གྱི་ཁྱི་མོ་སེར་མོ་ལ། ཁ་ནས་མེ་འབར་སྲིད་གསུམ་འཇོམས། ། དྲོང་བདུད་དགྲ་བགེགས་མེ་ལྷ་འདུལ།། ལྷོ་ནུབ་མཚམས་ནས་རྒྱུག་པའི་ཁྱི།། ར་ག་དམར་མོའི་ཁྱི་མོ་ལ།། མ་མོ་འཁོར་གྱི་སྤྲུལ་པ་འགྱེད།། སྲིན་མོ་རཀྟའི་དོན་སྙིང་འབྱིན།། ནུབ་བྱང་མཚམས་ནས་རྒྱུག་པའི་ཁྱི། ། མུ་མེན་ལྗང་ཁུའི་ཁྱི་མོ་ལ།། མགོ་བརྙན་མང་པོའི་འཁོར་གྱིས་བསྐོར།། རླུང་ལྷ་བ་དན་ལྕེ་གཅོད་མ།། བྱང་ཤར་མཚམས་ནས་རྒྱུག་པའི་ཁྱི།། ཁྲོ་ཆུའི་ལུས་ཀྱི་ཁྱི་མོ་ལ།། ཉི་ཟླ་གཟའ་སྐར་ཁ་ལོང་ལེན།། རུ་ཏྲ་སྔོ་སྐྱ་བསྟན་ནས་ལོང། ། ཀུན་ཀྱང་མི་བཟད་འཇིགས་པའི་གཟུགས།། སྟེང་འོག་ཕྱོགས་མཚམས་རྒྱུག་ཅིང་ཟ།། མཆེ་བ་ལྕགས་ཟོར་བཀུག་པ་འདྲ།། སྡེར་མོ་ལྕགས་ཀྱུ་འདྲིལ་བ་འདྲ།། སྤྱན་ནི་ཉི་ཟླ་ཤར་བ་འདྲ། ། རལ་བ་འབར་པའི་ཉི་ཟླ་བཞིན།། རྔ་མ་དྲིལ་ཞགས་བརྐྱང་བ་འདྲ།། ལྷང་ལྷང་ཁྱི་སྐད་ཕྱོགས་བཅུར་ཟུག། ལས་ཀྱི་སྐལ་དུ་ཕོ་ཉ་འགྱེད།། དགྲ་བགེགས་འདུལ་བའི་ཕོ་ཉ་མཛོད།། བཅོལ་བའི་ལས་རྣམས་གྲུབ་པར་མཛོད། ། ཁྱོད་ཀྱིས་མི་འདུལ་གང་ཡང་མེད།། ཏན་ཏྲ་འཇིག་རྟེན་འདས་པའི་མདོ་ལས། ཧེ་རུ་ཀའི་གལ་པོ་དང་ཏན་ཏཱ་འདི་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོས་མཛད་པའི་མདོ་ལས། ཕོ་ཉ་འགྱོགས་བྱེད་ཀྱི་ལེའུ་སྟེ་བཅུ་བདུན་པའོ། །།། ཏན་ཏྲ་འཇིག་རྟེན་འདས་པའི་མདོ་ལས། རྫུ་འཕྲུལ་རྐང་མགྱོགས་གྱི་བསྒྲུབ་པ་ཡང་འདི་ལྟ་སྟེ། རྔ་ལྤགས་གྲིབ་ལ་བསྐམས་ཏེ། སལ་མ་རེག་པར་བླངས་ཏེ། བྱ་རྒོད་གཞོན་ནུའི་ཚིལ་གྱིས་བསྐུས་ནས། བཅད་ཚིགས་ནུབ་པའི་ལྷམ་བུ་བྱ། སྔགས་འབུམ་ཚོ་ལྔ་བསྙེན་པ་བྱ། དེ་ན་ལྷམ་ལ་ཡང་སྟོང་ཕྲག་བཅུ་བཟླས་ཏེ་གྱོན་ན། དེས་ནི་དགོངས་ཁྲོམ་སྟོང་ཕྲག་བརྒྱར་འགྲོ། ཕྱིར་ཡང་སྟོང་ཕྲག་ཏུ་དགོངས་ཟློག་གོ། བྱ་རྒོད་ཀྱི་ཚིལ་བུ་ལ་སྔགས་སྟོང་ཕྲག་བཅུ་བཟླས་སོ།། དེས་རྐང་བའི་སྙིང་པོ་བྱུགས་ན། ལུས་མེད་བྱ་ལྟར་མཁའ་ལ་འགྲོ།། དེ་ནི་ཚངས་པའི་ཆོ་ག་སྟེ།། སྐྱེ་བོ་གང་ཞིག་འདི་བསྒྲུབས་ན། རྐང་མགྱོགས་ཀུན་གྱི་མཆོག་གོ་ཞེས།། འཕགས་པ་རྣམས་ཀྱིས་རབ་ཏུ་གསུངས།། ཨོཾ་བྷེ་མ་ཏ་ཡེ་སྭཱཧཱ། ཞིང་ཆེན་པོ་བསྲེགས་པའི་སོལ་བ་དང། མཁྲིས་ཆེན་དུ་སྦྱར་ནས་འཕྲག་པར་ཐིག་ལེ་བྱས་ན་ལུས་མི་སྣང་བར་འགྱུར་རོ། ། མིག་ལ་བསྐུས་ན་གདོན་ཐམས་ཅད་མཐོང་ངོ།། རྣ་བར་བསྐུས་ན་ལྷ་ཅི་ཟེར་བ་ཐོས་སོ།། ནུབ་མོ་ཡང་ཉིན་པར་བཞིན་དུ་གསལ་བ་ཁྲོམ་ལ་དགོངས་བརྒྱར་འགྲོ་ནུས་སོ།། སླར་ཡང་ལྡོག་ནུས་སོ། ། དཔྲལ་བ་ཕྱིས་ན་སྣང་ངོ།། སྔགས་ལ། ན་མོ་ཏྲ་ཡ་མ་ཏི། ཧི་ཏི་མི་རི་སྭཱ་ཧཱ། འདི་ནི་ལྷ་ཆེན་པོའི་ཆོ་གའོ།། རྟའི་རྗེ་ངར་གྱི་པགས་པ་འབྲུག་ཟེར་བའི་ཆར་གྱིས་སྤངས་ཏེ། དགོ་བའི་ཚིལ་བུ་བྱུགས་ནས། འཁྲིག་མ་ནུབ་པའི་ལྷམ་བུ་བྱ། དྲང་སྲོང་བདེན་པས་གསུངས་ཏེ། སྔགས་འདི་ལན་གྲངས་བདུན་འབུམ་བཟླས། འདི་ནི་རྐང་མགྱོགས་དམ་པ་སྟེ། ཁྲོམས་དགོངས་བཞི་བཅུ་ནུས་སླར་ཟློག་གོ། སྔགས་ལ། ན་མོ་བཛྲ་པན་སེ། ཏདྱ་ཐཱ། བྷཾ་ལ་བིབྷེ། ཏདྱ་ཐཱ། ཧ་ན་ག་ཧེ་ཡེ་སྭཱཧཱ། ཕག་རྒོད་ཀྱི་མཁྲིས་པ་དང་སྤུ་གཉིས་དུད་པ་མ་ཤོར་བར་བསྲེགས་ཏེ། སྔགས་ལན་བརྒྱ་རྩ་བརྒྱད་ཀྱིས་བཏབ་སྟེ། མིག་ལ་བསྐུས་ན་མི་སྣང་བར་འགྱུར་རོ། ། རྣ་བ་ལ་བསྐུས་ན་ལྷ་ཅི་ཟེར་བ་ཡང་ཐོས་སོ།། སྔགས་ནི། ན་མོ་མ་ཧར་གནན། པ་སྤུ་ཡ་ཏ་ཙ་ར་ནི་ནན། ཨི་ར་མི་ཏང་བལ་པར་ཀུ་མ་ནན། ཀྱི་ལི་ཀྱི་ལི། ཀུ་ལུ་ཀུ་ལུ་སྭཱ་ཧཱ། མིག་རྣོན་སྒྲུབ་པའི་ཐབས་ལ། ཁྱི་དང། བྱི་བ་དང། པུ་ཤུད་དང། སྤྱང་ཁུ་དང། བྱ་རོག་དང།། འུག་པ་དང། ཨན་ཛ་ཁ་ཐམས་ཅད་འབྲུག་སྟེ། ཟླ་བ་ཉ་གསུམ་ལ་འདི་རྣམས་ཆ་བསྙམས་ཏེ་བདར་ལ། ཚེས་བཅུ་གཅིག་གི་ཉི་མ་ཕྱེད་ནས་མགོ་བསྐུ་བར་བྱའོ། ། གྲོང་བར་གསུམ་ལ་བསྐུ་བར་བྱས་ན། སྟོང་གསུམ་གྱི་ཁམས་ཐམས་ཅད་ན་ཅི་ཡོད་པ་ཤེས་པར་འགྱུར་རོ།། ལུས་བྱེད་ནུས་སོ།། མན་ངག་ལས་གསལ་བར་བསྟན། འཇིགས་པས་མི་ཚུགས་པར་མཐུ་དང་ལྡན་ནོ། ། ཡང་གདོན་མི་ཟ་བར་མཐུ་དང་ལྡན་ནོ།། ལུས་ནི་མི་སྣང་ཞག་བདུན་གྱི་རྔོན་བརྟག་མཐོང་ཞིང་གྲུབ་པར་བྱས་ནས། བེའུ་སྙི་མེད་ཀྱི་མིག་དང། བྱི་ལ་ནག་ཙམ་མིག་དང། ལི་ཁྲི་རྣམས་སྦྱར་ཏེ། བན་དའི་ནང་དུ་བླུག་ལ། རྡོ་ཕ་ཝང་ལོང་བུ་དང། རྟག་ཟིལ་མ་ཡང་བརྡར་ཏེ། ལག་པ་གཡས་ཀྱིས་གནས་ནས། སྟོན་ཟླ་འབྲིང་པོའི་ཚེས་བརྒྱད་ནས། བཅུ་དྲུག་བར་དུ་བསྐུས་ཏེ། མིག་གཉིས་ཀྱི་ཕྱི་ནང་གཉིས་ཀྱི་ཡང་བསྐུ། ནང་རེ་བཞིན་སྔགས་ཉི་ཤུ་རྩ་རེ་གདབ་བོ།། སྔགས་འདི་སྐད་དོ།། ཨོཾ་མ་ཐཱ་མཱ་ཐཱ་ཙ་ཀ་ཤུ་ཧཱུཾ་ཕཊ། འཇིག་རྟེན་དུ་འདུས་པ་ཐམས་ཅད་ཀྱིས་མི་ཚུགས། གཞན་གྱིས་མི་མཐོང། རིམ་པ་བཅུ་གསུམ་གྱི་ལྷ་ཀླུ་དང། འཕགས་པ་ཐམས་ཅད་མཐོང་ཞིང་ནད་ཐམས་ཅད་དང་བྲལ་བར་འགྱུར་རོ།། བྱ་རོག་གི་ལྕེ་དང། སྙིང་དང། འུག་པའི་མིག་འབྲས་གྲིབ་མ་ལ་བསྐམས་ཏེ། སྐར་མ་རྒྱལ་གྱི་ཉིན་པར་བཏགས་ནས། བྱ་རོག་གི་ཁྲག་གིས་སྦྲུས་ནས། རེ་ལུ་ཁམ་གཅིག་ཙམ་གྱིས་འབྲས་བུ་བྱས་ལ། ལྕགས་གསུམ་ཁ་ཟངས་ཀྱིས་དཀྲིས་ཏེ། ཁར་བཅུ་གནས་ལུས་མི་སྣང་བར་འགྱུར། དཔག་ཚད་བརྒྱར་འགྲོ། མེ་ཆུ་མཚོན་གྱིས་མི་ཚུགས། བྱ་རོག་དང། འུག་པ་དང། སྦྲུལ་དང། སྲེ་མོང་གི་རུས་པ་དང་ཆ་བསྙམ་དུ་བཏགས་ལ། བཏགས་པ་མལ་ལམ་མགོ་ལ་བ་སྐུས་ན། གང་རེག་པ་དགེ་བར་འགྱུར་རོ།། འཇིག་རྟེན་འདས་པའི་མདོ་ལས། སྒྲུབ་ཐབས་ཐ་མའི་ལེའུ་སྟེ་བཅོ་བརྒྱད་པའོ། །།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྒྱུད་ཐུགས་ཀྱི་རྒྱུད། ནམ་མཁའ་མཛོད་དཔལ་འཇིག་རྟེན་འདས་པའི་མདོ་ཆེན་པོ། ཏན་ཏྲ་ཆེན་པོ་གཏིང་ཟབ་པ་ཐེག་པ་ཆེན་པོའི་མདོ་བམ་པོ་བཞི་པ་རྫོགས་སོ།། མངྒལཾ།། རྒྱ་གར་སྐད་དུ།། ཀྲོ་དྷ་དེ་བ་ཤ་ཏ་ན་མོ་བི་ཏི། བོད་སྐད་དུ། ཁྲོ་བོའི་ལྷ་ཚོགས་རྣམས་ལ་ཕྱག་འཚལ་བའི་ཆོ་ག་ཁྲོ་བོ་འབུམ་གྱི་ཚོགས་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་ཤྲཱི་ཧེ་རུ་ཀ་འཁོར་རྒྱལ་བ་རྒྱ་མཚོ་དང་བཅས་པ་དུར་ཁྲོད་འབར་བའི་ཀློང་ན་བཞུགས་པ་ལ། ལྷ་གནོད་འདུལ་གྱིས་འདི་སྐད་ཅེས་གསོལ་ཏོ། ། ཀྱེ་བཅོམ་ལྡན་འདས་ཁམས་གསུམ་འཁོར་བའི་སེམས་ཅན་རྣམས་ཡེ་ནས་སངས་རྒྱས་པའི་སྙིང་པོ་ཅན་ཡིན་པ་ལ། ལ་ལ་ནི་ཞེ་སྡང་གི་ཁམས་གསུམ་དུ་འཁོར་རོ། ལ་ལ་ནི་ཕྲག་དོག་རང་ག་མས་འཁོར། ལ་ལ་ནི་གཏི་མུག་རང་ཁ་མས་འཁོར། ལ་ལ་ནི་འདོད་ཆགས་རང་ཁ་མས་འཁོར། ལ་ལ་ནི་ང་རྒྱལ་རང་ཁ་མས་འཁོར།། ལ་ལ་ནི་སེར་སྣ་དང་འཇུར་འགེག་གི་དབང་གིས་ཁམས་གསུམ་དུ་འཁོར། ལ་ལ་ནི་ཕྱོགས་རིས་དང་སྒྲོ་སྐུར་གྱིས་འཁོར་ཏེ། ལ་ལ་ནི་ཆ་ཆ་བྲལ་གྱིས་གཡེང་སྤྱོ། ལ་ལ་བཀྲེས་སྐོམ་གྱིས་གཡེང་སྤྱོ། ལ་ལ་ནི་བཀོལ་སྤྱད་ཀྱིས་གཡེང་སྤྱོ། ལ་ལ་ནི་བརྒྱད་དང་བཅུ་གཅིག་གིས་གཡེང་སྤྱོ། ལ་ལ་ནི་འཐབ་རྩོད་ཀྱིས་གཡེང་སྤྱོ། ལ་ལ་ནི་ལེ་ལོས་གཡེང་སྤྱོ། ལ་ལའི་དགྲ་ནི་ལ་ལའི་གཉེན་དུ་མཐོང། ལ་ལའི་ཟས་ནི་ལ་ལའི་དུག་ཏུ་མཐོང།། ལ་ལའི་བདེ་བ་ལ་ལའི་སྡུག་བསྔལ་དུ་མཐོང། ཉོན་མོངས་པའི་འདུ་བྱེད་ཀྱི་གཡེང་བས་དལ་སྐབས་ནི་རྨི་ལམ་ནའང་མེད། ཆོས་ཉིད་ལ་དངོས་པོར་བལྟས་པས། ཤོང་ཆོས་ཉིད་ལ་ཡང་མ་ཤོང། ལས་དང་རྣམ་སྨིན་དུ་འདོམ་པས་འཐབ་རྩོད་ནི་གཉེན་དྲུང་དང་ཡང་སྤྲོད་པས། སྡུག་བསྔལ་བརྒྱད་དང་བཅུ་གཅིག་ལས་ཐར་པའི་དུས་མེད་པ་ལས། དེ་དག་ལས་ཐར་པའི་ཐབས་ཅིང་མངའ་བ་ལགས། ལུང་བསྟན་དུ་གསོལ། བདེ་བར་གཤེགས་པ་ལུང་བསྟན་དུ་གསོལ། ཞེས་གསོལ་པ་དང། སྟོན་པས་བཀའ་སྩལ་པ། སྡུག་བསྔལ་དེ་དག་ལས་ཐར་པར་འདོད་ན། ཁྲོ་བོའི་ལྷ་ཚོགས་རྣམས་ལ་སྒོ་གསུམ་ཟོལ་གསོག་མེད་པའི་སྒོ་ནས་ཕྱག་ཚོལ་ཅིག། འགྲོ་རྣམས་ཇི་ལྟར་འདུལ་ཞིང་གཤེགས་མཛད་པ།། ཤེས་རབ་ནམ་མཁའི་བསྐལ་པས་རྒ་རྒུད་སྟོངས། ། གཏི་མུག་ཚུལ་གྱིས་གཏི་མུག་འཇོམས་མཛད་པ།། བུད་དྷ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ།། ཡེ་ཤེས་རྡོ་རྗེ་ཉོན་མོངས་འཁོར་བ་འཇོམས། ཐབས་འཛིན་མཚོན་ཆའི་བསྐལ་པས་དངོས་པོ་འཇིག། ཞེ་སྡང་ཚུལ་གྱིས་ཞེ་སྡང་འཇོམས་མཛད་པ།། བཛྲ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ།། རིན་ཆེན་དབྱིག་ལྟར་རེ་འདོད་ཀུན་སྐོང་ཞིང།། བདག་མེད་ཞི་གནས་ཆུ་ཡི་བསྐལ་པ་འཕུ།། ང་རྒྱལ་ཚུལ་གྱིས་ང་རྒྱལ་འཇོམས་མཛད་པ། ། རཏྣ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ།། འཁོར་བའི་འདམ་བུ་པད་ལྟར་སྐུ་འཁྲུངས་ཤིང།། ལྷག་མཐོང་མེ་ཆེན་བསྐལ་འབར་ཐམས་ཅད་བསྲེག། འདོད་ཆགས་ཚུལ་གྱིས་འདོད་ཆགས་འཇོམས་མཛད་པ། ། པདྨ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ།། འཕྲིན་ལས་རྒྱ་མཚོས་འགྲོ་བའི་དོན་མཛད་ཅིང།། ཤེས་བྱ་ཐོགས་མེད་བསྐལ་པའི་རླུང་གིས་བསྐྱོད།། ཕྲག་དོག་ཚུལ་གྱིས་ཕྲག་དོག་འཇོམས་མཛད་པ།། ཀརྨ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། ། སྐུ་ཡི་ལོངས་སྤྱོད་སྣ་ཚོགས་མི་དམིགས་ཤིང།། ཤེས་རབ་མཐར་ཕྱིན་གཏི་མུག་རྣམ་པར་དག། ཕྱག་རྒྱ་གཟུགས་ཀྱི་མཆོད་པས་མཉེས་མཛད་མ།། བུད་དྷ་ཤྭ་རི་མ་ལ་ཕྱག་འཚལ་ལོ། ། ཐུགས་ཀྱི་ལོངས་སྤྱོད་སྣ་ཚོགས་མི་དམིགས་ཤིང། སྙིང་རྗེ་མཐར་ཕྱིན་ཞེ་སྡང་རྣམ་པར་དག། རྟོག་པ་རེག་བྱའི་མཆོད་པས་མཉེས་མཛད་མ།། སྲ་བརྟན་རྡོ་རྗེ་མ་ལ་ཕྱག་འཚལ་ལོ།། ཡོན་ཏན་ལོངས་སྤྱོད་སྣ་ཚོགས་མི་དམིགས་ཤིང། ། སྦྱིན་པ་མཐར་ཕྱིན་ང་རྒྱལ་རྣམ་པར་དག། ཏིང་འཛིན་རོ་ཡི་མཆོད་པས་མཉེས་མཛད་མ།། རཏྣ་ཀྲོ་དྷ་མི་ལ་ཕྱག་འཚལ་ལོ།། གསུང་གི་ལོངས་སྤྱོད་སྣ་ཚོགས་མི་དམིགས་ཤིང།། ཚུལ་ཁྲིམས་མཐར་ཕྱིན་འདོད་ཆགས་རྣམས་པར་དག་གསུང་རབ་སྒྲ་ཡི་མཆོད་པས་མཉེས་མཛད་མ། ། པདྨ་ཀྲོ་དྷི་མ་ལ་ཕྱག་འཚལ་ལོ།། འཕྲིན་ལས་ལོངས་སྤྱོད་སྣ་ཚོགས་མི་དམིགས་ཤིང།། བཟོད་པ་མཐར་ཕྱིན་ཕྲག་དོག་རྣམ་པར་དག། ཚུལ་ཁྲིམས་དྲི་ཡི་མཆོད་པས་མཉེས་མཛད་མ།། ཀརྨ་ཀྲོ་དྷི་མ་ལ་ཕྱག་འཚལ་ལོ།། མཐུ་སྟོབས་མངའ་བདག་གནས་གྱུར་པས།། སྒྲོལ་བྱེད་ཆེན་པོ་བདུད་རྣམས་འཇོམས།། ཐོད་དབྱུག་སྲིན་པོ་སྒྲོལ་ལ་བརྩོན། ། རག་ཤ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ།། ལྷ་མོར་ལ་ཏྲ་གནས་གྱུར་པས། ཁྲོ་མོ་ཡབ་ཀྱི་ཆ་ལུགས་འཆང། ཡབ་ཡུམ་ཐབས་དང་ཤེས་རབ་ལས།། རག་མོ་ཀྲོ་དྷི་མ་ལ་ཕྱག་འཚལ་ལོ།། ཐུགས་རྗེའི་མངའ་བདག་གནས་གྱུར་བས། ། ཡག་ཤ་ཧེ་རུ་ཀ་ལ་སྙིང་རྗེའི་བདག། སེར་ནག་ཆེན་པོ་འཇིགས་པའི་གཟུགས།། ཡག་ཀྵ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། འཇིགས་བྱེད་བདག་མོ་གནས་འགྱུར་པས།། ཁྲོ་མོ་མ་མོ་ཀུན་གྱི་རྗེ། ། སྤྲུལ་པ་ཡང་སྤྲུལ་ཀུན་གྱི་ཡུམ།། ཡག་མོ་ཀྲོ་དྷི་མ་ལ་ཕྱག་འཚལ་ལོ།། སྨོན་ལམ་མངའ་བདག་གནས་གྱུར་པས།། འགུ་ཡ་དཔལ་ཆེན་གསང་བའི་བདག། བསྐལ་པ་བརྒྱར་ཡང་གསང་བའི་ལྷ།། འགུ་ཡ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། ། ཡུམ་ཆེན་འགུ་ཡ་གནས་གྱུར་པས། ཁྲོ་མོ་གསང་བའི་བྱ་ར་མཁྱེན། སངས་རྒྱས་ཐམས་ཅད་གསང་བར་མཛད།། འགུ་ཡ་ཀྲོ་དྷི་མ་ལ་ཕྱག་འཚལ་ལོ།། མཁྱེན་རབ་མངའ་བདག་གནས་གྱུར་པ། ། དཔལ་ཆེན་དམ་ཚིག་མངའ་མཛད་པའི།། ལྗང་ནག་འཇིགས་པའི་རྒྱན་དང་ལྡན། ས་ནུ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ།། ཡུམ་ཆེན་དམ་ཚིག་གནས་གྱུར་པས། ཁྲོ་མོ་དམ་ཚིག་བྱ་ར་མཁན།། དམ་ཚིག་དབྱིངས་སུ་སྐུལ་བྱེད་པའི། ། ས་ནུ་ཀྲོ་དྷི་མ་ལ་ཕྱག་འཚལ་ལོ།། ཐུགས་མཆོག་རྣམ་དག་ཡེ་ཤེས་དཀར་མོའི་ཚོགས། རླུང་བྱེད་ཡེ་ཤེས་ལྔ་ཡི་དབྱུག་ཐོ་ཐོགས།། དྲན་པར་རྒྱུད་ལྔ་སྒྲོལ་མཛད་ཞི་བར་གཟིགས།། སྲིད་གསུམ་འཇོམས་མཛད་དབྱུག་ཐོགས་ཀེའུ་རི་མ་ལ་ཕྱག་འཚལ་ལོ། ། སྐུ་ཡི་ཡོན་ཏན་ཚོགས་སྡུད་རྐུན་མོའི་ཚོགས།། མཐུ་ཕྲོགས་ཞི་གནས་ལྷག་མཐོང་ཟུང་དུ་འབྲེལ།། བདེན་གཉིས་ལྟ་པས་ཁྲོ་ཆུལ་འགྲོ་ལ་གཟིགས།། དམ་ཚིག་དབྱིངས་སུ་སྐུལ་བྱེད་ཙེའུ་རི་མ་ལ་ཕྱག་འཚལ་ལོ། ། གསུང་གིས་ཟིལ་གྱིས་གནོན་པས་རྨོངས་མིའི་ཚོགས།། མཐའ་གཉིས་མི་སྤོང་དབང་མཛད་ཆུ་སྲིན་ཅན།། མི་གནས་རྒྱལ་མཚན་འཛིན་ཅིང་རྨོངས་པར་ལྟ། ། སྟོང་གསུམ་དབང་མཛད་རྒྱས་འདེབས་པྲ་མོ་ཧ་ལ་ཕྱག་འཚལ་ལོ།། ལས་རབ་བྱེད་པས་ཐལ་བྱེད་མ་ཡི་ཚོགས།། ཀུན་གྱི་དངོས་གྲུབ་རྡོ་རྗེ་རྩེ་དགུ་བསྣམས།། ས་དགུའི་རྟོགའཇོམས་སྐྱེ་ཤི་མེད་པར་གཟིགས། ། འཇིགས་བྱེད་ཐལ་བྱེད་རྔེའུ་ཐོགས་པེ་ཏ་ལི་ལ་ཕྱག་འཚལ་ལོ།། དབྱེར་མེད་ཤེས་རབ་མི་རྟོག་སྤོས་མོའི་ཚོགས།། འཁོར་བའི་རྒྱུད་སྡོམ་དབང་སྡུད་རྒྱུ་ཞགས་འདྲེན།། བྲོ་གར་འཇིགས་ཚུལ་རྒྱུན་གྱི་ཐུགས་རྗེས་གྲོལ། ། བདེ་མཆོག་དབྱིངས་སུ་འདྲེན་མཛད་པུ་ཀ་སི་ལ་ཕྱག་འཚལ་ལོ།། ཞེ་སྡང་ཚུལ་གྱིས་སྒྲོལ་མཛད་གཏུམ་མོའི་ཚོགས།། མྱོས་བྱེད་དབྱིངས་དང་ཡེ་ཤེས་གཉིས་མེད་པ།། ཐུགས་རྗེས་འཁྲུག་ཅིང་རོ་ཟའི་ཚུལ་དུ་གཟིགས། ། སྣོད་བཅུད་དཀྲུགས་ནས་གསོལ་མཛད་ཀས་མ་ཧྲི་ལ་ཕྱག་འཚལ་ལོ།། ཆགས་པའི་ཚུལ་གྱི་དོན་མཛད་རྨེ་ཤ་ནི།། མ་ནིང་རྒྱུད་འཛིན་གཟུང་འཛིན་བྲལ་བའི་རྟགས།། མཐའ་གཉིས་མི་སྤོང་རྣམ་དག་དབྱིངས་ཚུལ་བསྲུང། ། ཐུགས་རྗེས་འཇིག་རྟེན་སྒྲོལ་མཛད་སྨེ་ཤ་ནི་ལ་ཕྱག་འཚལ་ལོ། ཐམས་ཅད་འབྱུང་བྱེད་མ་ཆགས་ཀུན་གྱི་ཡུམ།། ཀུན་གྱི་ལས་མཛད་ཆོས་ཀྱི་སྙིང་པོ་འཛིན།། ཀུན་ལ་རོལ་མཛད་གཟིགས་ཚུལ་ཀུན་དང་ལྡན། ། འབར་བས་སྟོང་གསུམ་ཚིམ་མཛད་ཙན་དྷ་ལི་ལ་ཕྱག་འཚལ་ལོ།། འཇོམས་བྱེད་རྩལ་མཆོག་རྡོ་རྗེ་ཐུགས་ཀྱི་ཡུམ།། གཉེན་པའི་སྟོབས་ཀྱི་ཐམས་ཅད་ཟིལ་གྱིས་གནོན།། ཤེས་རབ་ཐབས་ཀྱིས་བདག་དང་གཞན་དོན་མཛད། ། སྡུག་བསྔལ་ཞེ་སྡང་གསོད་མཛད་སིང་ངང་ཧེ་ལ་ཕྱག་འཚལ་ལོ།། དཔལ་བརྟུལ་ཟ་བྱེད་ཡེ་ཤེས་དབྱིངས་ཀྱི་ཡུམ།། བརྩོན་འགྲུས་མྱུར་བའི་ཤུགས་འཆང་འགྲོ་དོན་མཛད། ། ཐུགས་རྗེ་ཆེན་པོའི་ཡེ་ཤེས་སོར་སོར་གཟིགས།། ང་རྒྱལ་འཆི་བདག་འཇོམས་མཛད་བྱ་ཀྲི་མ་ལ་ཕྱག་འཚལ་ལོ།། དྲི་མེད་རྣམ་དག་དམ་ཚིག་གསུང་གི་ཡུམ།། ཐམས་མཁས་ཐུགས་རྗེས་བདག་དང་གཞན་དོན་མཛད། ། དོན་གྱི་ཆོས་སྐུ་ཏིང་འཛིན་སྔགས་ལ་གཏད།། འདོད་ཆགས་དུར་ཁྲོད་འཇོམས་མཛད་སྲི་ལ་མ་ལ་ཕྱག་འཚལ་ལོ། མི་ཕྱེད་སྤྱོད་པས་ལས་མཆོག་རིགས་ཀྱི་ཡུམ།། གཡེང་བའི་འཕྲིན་ལས་འགྲོ་ལ་ཐུགས་རྗེས་སྲུང། ཆོས་ཉིད་སྐུ་ལ་ཡེ་ཤེས་སྤྱན་གྱིས་གཟིགས།། ཕྲག་དོག་ལས་རྣམས་གྲུབ་བྱེད་ཤོ་ན་མ་ལ་ཕྱག་འཚལ་ལོ།། ཡིད་ཀྱི་རྣམ་ཤེས་སོ་སོར་ཀུན་ལ་རྟོག། གསོད་པའི་གོད་འབྲང་ཚུལ་ཁྲིམས་སྲུང། ། འཁོར་བའི་རྒྱུན་ཀུན་སྤུ་གྲིས་གཅོད་མཛད་མ།། མགྱོགས་མ་སྙེགས་བྱེད་ཁྲག་འཐུང་ཀྲི་ཏ་པ་ལ་ཕྱག་འཚལ་ལོ།། རྣམ་ཤེས་མཉམ་ཉིད་ཡིད་འཕྲོག་མཚན་མ་འཇོམས།། གསད་པའི་གོད་རྣམས་སྦྱིན་པའི་ཕ་རོལ་ཕྱིན། ། མཐའ་འདས་ཆོས་སྐུས་གཟུང་འཛིན་སྤངས་ཚུལ་འཛིན།། འགྲོ་བའི་སྡུག་བསྔལ་ཚེ་འཕྲོག་ཀང་ཀ་མ་ལ་ཕྱག་འཚལ་ལོ།། ཐོགས་པ་མེད་པས་ཡོན་ཏན་བླ་ན་མེད།། བསླད་པས་མི་འགྱུར་བཀྲུས་པའི་མི་འདག་པ། ། མི་མཐུན་གཉེན་པོས་མི་ཚིགས་བཟོད་པའི་མཆོག། ཡོན་ཏན་ཡིད་བཞིན་ཁ་ཁ་མ་ལ་ཕྱག་འཚལ་ལོ།། དབྱིངས་ལས་མི་ཉམས་འགྲོ་ལ་ཐུགས་རྗེས་སྲུང།། མཐའ་ལ་མི་གནས་ཤེས་རབ་ཕ་རོལ་ཕྱིན། ། དབྱིངས་ཀྱི་ཡུམ་ལས་ཐུགས་རྗེས་འདུས་མ་བྱས།། མཐའ་གཉིས་སྤངས་པའི་ཧུ་ལུ་མ་ལ་ཕྱག་འཚལ་ལོ།། སྤྱིན་པས་རིག་པའི་ཀློང་དུ་མཚོ་ལྟར་དྲངས།། འཁོར་བའི་འཇིངས་ནས་རིག་པའི་ལྕགས་ཀྱུས་འདྲེན། ། དཔལ་འབར་འགྲོ་བའི་ཏིང་འཛིན་འགྲོ་དོན་མཛད།། ཐུགས་རྗེ་ཤར་མཛད་རྟ་གདོང་ལྕགས་ཀྱུ་མ་ལ་ཕྱག་འཚལ་ལོ།། དོན་དང་མཐུན་པས་ཀུན་ཀྱང་དགའ་བར་བྱེད།། བྱམས་པའི་ཞགས་པས་འཁོར་བའི་རྒྱུད་འཛིན་ཅིང། ། རིན་ཆེན་ཕྱག་རྒྱས་སེམས་ཅན་རེ་འདོད་སྐོང།། ཡོན་ཏན་ཚོགས་རྫོགས་ཕག་གདོང་ཞགས་པ་མ་ལ་ཕྱག་འཚལ་ལོ།། གཞན་གྱི་དོན་དུ་སྤྱད་པ་བདག་གི་དོན།། ཤེས་རབ་སྒྲོན་མེས་མུན་པའི་སྡུག་བསྔལ་སེལ། ། དོན་གཉིས་མི་འདའ་ལྷུན་གྲུབ་དགའ་བའི་མཆོག། ཀུན་མཁྱེན་མ་རིགས་སེལ་མཛད་ཉིན་ཟླའི་སྤྱན་ལ་ཕྱག་འཚལ་ལོ།། སྙམ་པར་སྨྲ་པས་ཀུན་ཀྱང་བཀའ་བཞིན་བྱེད།། བཏང་སྙོམས་ཐབས་མཁས་ཐུགས་རྗེས་འགྲོ་དོན་མཛད། ། ཕབ་ན་རྣམ་ཤེས་ཐལ་བའི་གཟུགས་ཀྱང་འོང། ཆོས་སྟོན་བག་ཆགས་བྱང་མཛད་དྲིལ་བུ་མ་ལ་ཕྱག་འཚལ་ལོ།། ཤར་གྱི་ཕྱོགས་ཀྱི་འབར་མ་ནི།། རྡོ་རྗེ་མུན་དེ་འཇིགས་པའི་གཟུགས། ། དཀར་མོ་ལག་ན་རྡོ་རྗེ་བསྣམས།། འབར་མ་ཁྱོད་ལ་ཕྱག་འཚལ་ལོ།། ཤར་ལྷོ་མཚམས་ཀྱི་འབར་མ་ནི།། མུན་དེ་ཨག་ནེ་འཇིགས་པའི་གཟུགས།། འབར་མ་མེ་ཁྱེར་གློག་འཕྲེང་འཛིན།། འབར་མ་ཁྱོད་ལ་ཕྱག་འཚལ་ལོ། ། ལྷོ་ཕྱོགས་འབར་མ་ཆེན་མོ་ནི། མུན་དེ་ཡ་མ་འཇིགས་པའི་གཟུགས།། འབར་མ་གཤིན་རྗེ་སྐར་མདའ་གཏོང།། སྲིན་མོ་འོད་ཀྱི་མདའ་འཕེན་མ་ལ་ཕྱག་འཚལ་ལོ།། ལྷོ་ནུབ་འབར་མ་ཆེན་མོ་ནི། ། མུན་དེ་རག་ཤ་འཇིགས་པའི་གཟུགས།། འབར་མ་སྲིན་མོ་རལ་གྲིའི་སྐུ།། འབར་མ་ཁྱོད་ལ་ཕྱག་འཚལ་ལོ།། ནུབ་ཕྱོགས་འབར་མ་ཆེན་མོ་ནི།། མུན་དེ་ན་ག་འཇིགས་པའི་གཟུགས།། འབར་མ་ཀླུ་མོ་ལྕེ་འབེབས་མ། ། དམར་མོ་ལག་ན་ཐོག་འབེབས་མ་ལ་ཕྱག་འཚལ་ལོ།། ནུབ་བྱང་འབར་མ་ཆེད་མོ་ནི།། མུན་དེ་བ་ཡ་འཇིགས་པའི་གཟུགས།། འབར་མ་རླུང་བདག་བ་དན་འཕྱར།། འབར་མ་ཁྱོད་ལ་ཕྱག་འཚལ་ལོ། ། བྱང་གི་ཕྱོགས་ཀྱི་འབར་མ་ནི།། མུན་དེ་པེ་ལྷ་འཇིགས་པའི་གཟུགས།། འབར་མ་གནོད་སྦྱིན་ཁྱུང་ཐོགས་མ།། ལྗང་ནག་ལག་ན་ཁྲ་ཐོགས་མ་ལ་ཕྱག་འཚལ་ལོ།། བྱང་ཤར་འབར་མ་ཆེན་མོ་ནི།། མུན་དེ་དུ་ཏྲ་འཇིགས་པའི་གཟུགས། འབར་མ་འཇིགས་བྱེད་བན་གླང་སྣ།། མཐིང་ཁ་ལག་ན་མདུང་ཐོགས་མ་ལ་ཕྱག་འཚལ་ལོ།། སྟེང་ཕྱོགས་འབར་མ་ཆེན་མོ་ནི།། མུན་དེ་སུརྱ་འཇིགས་པའི་གཟུགས། འབར་མ་ཉི་མའི་ཞགས་པ་ཅན། ། སེར་མོ་ལག་ན་ཉི་ཟླ་ཐོགས་ལ་ཕྱག་འཚལ་ལོ།། འོག་ཕྱོགས་འབར་མ་ཆེན་མོ་ནི།། མུན་དེ་ནཱ་ག་འཇིགས་པའི་གཟུགས།། འབར་མ་ས་བདག་ཕག་གདོང་མ། ནག་མོ་ལག་ན་བུམ་པ་འཛིན་ལ་ཕྱག་འཚལ་ལོ། ། རྔམ་པའི་གཟུགས་ཀྱིས་སྲིན་མོའི་གཟུགས་འཛིན་ཅིང།། ཐོད་རུས་གདུག་པའི་འབྲུ་མར་ཟས་སུ་ཟ།། སྲིད་པའི་སེམས་ཅན་སྙིང་ཁྲག་མཚོ་ལ་གསོལ།། དབང་དྲག་ལས་མཛད་མ་ནུ་རག་ཤ་སི་མ་ལ་ཕྱག་འཚལ་ལོ། ། སྡུག་བསྔལ་མྱ་ངན་འདས་རྟོགས་ཚངས་པའི་གཟུགས།། ཞལ་བཞིས་སྨྲང་འདོན་གློང་བཞི་བཀྲ་ཤིས་འབར།། ཚད་མེད་བཞི་རྟོགས་རྟགས་ཀྱི་དབུ་བཞིར་ལྡན།། གཏི་མུག་ཡིད་བཞིན་རིན་ཆེན་པྲ་མི་ན་ལ་ཕྱག་འཚལ་ལོ། ། ཐམས་ཅད་མཉམ་པ་ཉིད་དུ་རིག་མཆོད་མ།། མ་རིག་དུག་འཇོམས་མཛད་པའི་དཔལ་རྩེར་བསྣམས།། བུད་མེད་ཆགས་པས་དབང་དཀའ་བཟློག། ཆགས་པའི་སྐྱོན་བྲལ་ལྷ་ཆེན་རེའུ་ཏྲི་མ་ལ་ཕྱག་འཚལ་ལོ། ། ཐམས་ཅད་སྒྱུ་མ་བཞིན་དུ་རྟོགས་མཁྱེན་མ།། འབྲེལ་བའི་ཐུགས་རྗེས་ཐམས་ཅད་ཀུན་ལ་རྟོགས།། འཕྲིན་ལས་རྒྱ་མཚོ་སྒྲོལ་བའི་བཞད་ཆེན་མ།། འཁོར་བའི་རྒྱུན་གཅོད་དྲག་མོ་བེ་སྣ་བེ་ལ་ཕྱག་འཚལ་ལོ། ། འདུ་བྱེད་མི་རྟག་དྲིལ་བུའི་སྒྲ་ལྟར་མཁྱེན།། རྟག་པར་འཁོར་བར་ཇི་སྲིད་གཞོན་ཚུལ་བཞུགས།། ཉོན་མོངས་ཐ་བ་འཇིགས་པའི་མདུང་མཐུང་འཕེན།། གཞོན་ནུ་ཆགས་པས་དབང་མཛད་ཀེའུ་མ་རི་ལ་ཕྱག་འཚལ་ལོ། ། རྡོ་རྗེ་ལས་མཛད་ཀུན་གྱི་བླ་ན་མེད།། ལྷ་ཡི་རྒྱལ་སྲིད་ཆོས་ལ་དབང་མཛད་ཅིང།། ཆོས་དབྱིངས་རྒྱས་མཛད་མ་དམིགས་སྐུ་མདོག་དཀར།། གསོ་བྱེད་ལྕེ་འབེབས་ཨིན་ཏྲ་མ་ལ་ཕྱག་འཚལ་ལོ། ། བྱམས་པའི་ཐུགས་རྗེས་དབང་མཛད་སྐུ་མདོག་དམར།། བན་དྷ་སྣོད་ཡངས་བཅུད་ཀྱི་ཁྲག་མཚོ་གསོལ།། རྔམ་པའི་ཞལ་དུ་དུག་གསུམ་ཟད་མཛད་ཅིང།། སྡུག་བསྔལ་དབྱིངས་སུ་གསོད་མཛད་བིང་ཀ་ལམ་ལ་ཕྱག་འཚལ་ལོ། ཁྲོ་བས་འདུལ་མཁས་ཁྲོ་མོའི་མཆོག་ཏུ་མཁྱེན།། མུན་སེལ་སྒྲོན་འབར་འཇིག་རྟེན་ནད་གསོ་མཛད།། འདམ་སྐྱེས་པད་ལྟར་འཁོར་བར་སྐུ་འཁྲུངས་ཀྱང།། ཆགས་པའི་སྐྱོན་བྲལ་དབང་མཛད་ཨ་མྲི་ཏ་ལ་ཕྱག་འཚལ་ལོ། ། ཞི་བའི་ལས་ནི་གསོད་པའི་མཆོག་ཏུ་མཁྱེན།། ཟླ་ལྟར་ཡོན་ཏན་མཐར་ཕྱིན་ཆ་ཤས་སྐུ།། གདུང་བའི་ནད་སེལ་འཇིག་རྟེན་སྒྲོན་འབར་ཞིང།། བདག་མཆོང་ཐམས་ཅད་རྟོགས་བྱེད་སེའུ་མ་ལ་ཕྱག་འཚལ་ལོ། ། དབྱུག་པའི་འཚོགས་པ་འདྲ་བས་གཞན་མེད་མཁྱེན།། ཐབས་ཀྱིས་མ་རྨོངས་ལྗང་ཁུ་འཕྲིན་ལས་མདོག། ནན་དབང་དྲག་ཤུལ་སྤྱོད་པའི་དབྱུག་ཐོ་བསྣམས།། དྲེགས་བྱེད་སྤྱི་ནི་འཇོམས་པའི་དྷ་ན་ཧཾ་ལ་ཕྱག་འཚལ་ལོ། ། ལོག་པར་ལྟ་བ་འཇོམས་བྱེད་སྦྱིན་གྱི་མཆོག། སྐྱེ་བ་འཇོམས་བྱེད་སྐྱེ་དགུའི་ཁྲག་མཚོ་གསོལ།། ལས་མཛད་ཆགས་ཚུལ་གསེར་གྱི་སྐྱེད་ཆིངས་ཅན། ། ཏྲག་མོ་གློག་འགྱུ་རག་ཤ་སིལ་མ་ལ་ཕྱག་འཚལ་ལོ། རྒྱན་གྱི་ནང་ན་འཕྲེང་བ་མཆོག་ཏུ་མཛེས།། སྙིང་རྗེ་རྒྱུན་སྐད་ཐབས་ཀྱི་ཞགས་པ་བསྣམས།། ཆགས་མེད་ཞིང་དུ་ཁམས་གསུམ་འདྲེན་མཛད་ཅིང།། རྒྱུན་གྱི་ཐུགས་རྗེས་སྒྲོལ་མཛད་བག་ཤ་སི་ལ་ཕྱག་འཚལ་ལོ། ། མཚོན་ཆ་དབྱུག་པས་ཆགས་པའི་མཆོག་ཏུ་མཁྱེན།། གཏུན་བུ་གདུག་པས་གདུག་པ་འཇོམས་མཛད་པ།། ནོར་གྱི་ཚོགས་རྣམས་མ་ལུས་འཕྲོག་བྱེད་ཅིང། ། སྟོང་གསུམ་ནོར་གྱིས་རྒྱས་མཛད་ར་ཏི་མ་ལ་ཕྱག་འཚལ་ལོ།། ར་རོ་འདྲ་བས་དཔའ་བོ་གཞན་ན་མེད།། ཆོས་རྣམས་གཉིས་མེད་དོན་རྟོགས་རྟགས་སུ་མྱོས།། ཉོན་མོངས་ཐ་བ་འབིགས་པའི་གཤོལ་བསྣམས་ཤིང། ། དགེ་བའི་ལོ་ཏོག་སྐྱེད་མཛད་རུ་ཏི་རིའུ་མ་ལ་ཕྱག་འཚལ་ལོ།། བསམ་པས་གཞན་ལ་ཕན་པ་མཛད་པའི་མཆོག། མ་ལུས་གསོད་བྱེད་ལས་ལ་འཇུག་མཛད་ཅིང།། བསྙེངས་པ་མི་མངའ་འགྲོ་དོན་གཅིག་བུ་སྤྱོད། ། གསོད་བྱེད་འདུལ་མཁས་ཨེ་ཀ་ཙ་ར་མ་ལ་ཕྱག་འཚལ་ལོ།། བུད་མེད་ཆགས་པས་དབང་མཛད་འགྲོ་བའི་དོན།། ཐམས་ཅ་མ་ལུས་དགའ་མགུ་བྱེད་པའི་ལས།། འདོད་པའི་ལྷ་མོ་མདའ་འཕེན་ཡིད་འཕྲོག་ཅིང། ། ཐུགས་རྗེས་འཛིན་པའི་མ་ནུ་ར་ག་ཧ་མ་ལ་ཕྱག་འཚལ་ལོ། ཁྲག་ལས་ཟས་གཞན་མེད་པར་རྟོགས་མཁྱེན་ཅིང།། གདོན་རྣམས་བསྒྱུར་བའི་ལས་མཛད་རྦོད་གཏོང་ཅན།། མི་ཟད་གཏེར་ལྡན་ནོར་གྱི་བུམ་པ་འཛིན། ། སྡུག་བསྔལ་རེ་སྐོང་ཁྲག་འཐུང་སི་ཏི་ཀ་ལ་ཕྱག་འཚལ་ལོ།། རེག་བྱའི་སེམས་ནི་རླུང་གི་ཁམས་ཏེ་མཆོག། སྲིད་གསུམ་དབྱུགས་ཀྱི་སྲོག་འཛིན་ཚེ་འཕེལ་མ།། བདེ་གཤེགས་རབ་བསྒྱུར་འཇིག་རྟེན་སྒྲོལ་མཛད་ཅིང། ཁམས་གསུམ་གནས་ནས་སྐྱོད་མཛད་པ་ཡ་བེ་ལ་ཕྱག་འཚལ་ལོ།། སྙིགས་མ་ལྔ་བརྒྱ་དུས་ཀྱི་ཐ་མ་ལ།། སྲིད་གསུམ་འཁོར་བའི་གདུག་པ་འདུལ་དཀའ་སྟེ།། གསོད་པ་ཉི་ཚེའི་ལས་ཀྱིས་འདུལ་བར་མཛད། ། སྡུག་བསྔལ་དབྱིངས་སུ་སྒྲོལ་མཛད་མ་ར་ན་ལ་ཕྱག་འཚལ་ལོ།། གཟི་བརྗིད་ཅན་ནི་མེ་ཡི་ཁམས་ཏེ་མཆོག། འབར་བ་མཆོག་གིས་གདུག་པ་མ་ལུས་སྲེག། ཟ་བྱེད་བསྐལ་པས་དུས་མཐའི་ཚུལ་སྟོན་ཅིང། ། ལྷག་མཐོང་ཡེ་ཤེས་འབར་འཕྲོ་ཨག་ནེ་མ་ལ་ཕྱག་འཚལ་ལོ།། འཆི་བ་དག་པས་སྐྱེ་ཤིང་རྩད་གཅོད་ཅིང།། ཉོན་མོངས་ཐ་བ་བཟློག་མཛད་ཕག་གི་མགོ། འོག་ནི་ཕྱོགས་ན་སྲིད་གསུམ་སྟོབས་ཀྱིས་སྦར།། སྐྱེ་ཤི་རྩད་གཅོད་ཟ་བྱེད་པ་རི་ཧྲ་ལ་ཕྱག་འཚལ་ལོ། ། འཆི་བདག་ཐམས་ཅད་གནས་ནས་མ་འཕྲོས་མཁྱེན།། ཐམས་ཅད་གསོད་བྱེད་དམ་ཉམས་འཆི་བདག་མཛད།། དམ་ཚིག་བསྲུང་བའི་འཆི་བདག་བཟློག་མཛད་ཅིང། ། ལུང་གི་དུར་ཁྲོད་དབང་གི་ཙ་མུན་ཏི་ལ་ཕྱག་འཚལ་ལོ།། འཇིགས་ལས་ལྷག་པའི་བགེགས་ནི་གཞན་མེད་མཁྱེན།། སྟོང་ཕྲག་བརྒྱད་ཅུའི་བགེགས་ལ་དབང་མཛད་ཅིང།། སྣང་ཆེན་གླང་སྣས་བདུད་རྩི་གིའུ་ཧང་འཐོར། ། སྡུག་བསྔལ་ནད་སོས་མཛད་པའི་བུ་ཏ་ན་ལ་ཕྱག་འཚལ་ལོ།། ཆུ་ལས་ལྷག་པའི་རོ་ནི་གཞན་མེད་མཁྱེན།། ནོར་གྱི་ཚོགས་རྣམས་མ་ལུས་སྲེག་བྱེད་ཅིང།། གདུག་པ་འདུལ་ཕྱིར་དུག་གཏོང་སྦྲུལ་ཞགས་བསྣམས། ། ཞི་གནས་དབང་གི་ཏིང་འཛིན་བ་རུ་ན་ལ་ཕྱག་འཚལ་ལོ།། འགྲོ་བའི་དོན་མཛད་མི་འགྱུར་སྐུ་མདོག་གནག། སྲིད་གསུམ་འཇོམས་མཛད་རྡོ་རྗེ་གདེང་པོ་བསྣམས།། ཐུགས་རྗེ་ཤུགས་ཀྱིས་འདྲེན་མཛད་ལྕགས་ཀྱུ་བསྣམས། ། འཁོར་བར་ཐུགས་རྗེ་ཤར་བའི་མ་ཧཱ་ཀ་ལ་མ་ལ་ཕྱག་འཚལ་ལོ།། ཆགས་པའི་ཐུགས་རྗེས་དོན་མཛད་ར་མགོ་མ།། བྱམས་པའི་ཞགས་པས་འཁོར་བའི་རྒྱུད་འཛིན་ཅིང། ། གང་ལ་ཅི་འདུལ་དེ་ལ་དེར་སྟོན་པ།། ཡོན་ཏན་ཚོགས་རྫོགས་བཛྲ་ཙ་ཀ་མ་ལ་ཕྱག་འཚལ་ལོ།། སྟོན་པའི་བཀའ་དང་རང་གི་དམ་ཚིག་གཉིས།། མི་འདའ་མ་གྲུབ་བར་དུ་བརྟན་པར་བཞུགས།། དན་གྲོགས་མཛད་པས་སེམས་ཅན་འདུལ་མཛད་པ། ། མ་རིག་ནུབ་མཛད་བཛྲ་ཀུ་མ་ན་ལ་ཕྱག་འཚལ་ལོ།། སྐུ་གསུང་ཡོན་ཏན་འཕྲིན་ལས་མཐར་ཕྱིན་སྐུ། སྟོང་བའི་སྒྲས་བསྐུལ་འགྲོ་བའི་རྒྱུད་ལ་འབེབས།། སོ་སོའི་སྐད་དུ་ཆོས་ཀྱི་སྒྲ་སྒྲོགས་ཤིང། བག་ཆགས་བྱང་མཛད་ལམ་པོ་ད་ར་མ་ལ་ཕྱག་འཚལ་ལོ།། རྡོ་རྗེ་སེམས་དཔའ་གནས་གྱུར་བའི།། ནམ་མཁའི་དགའ་བྱེད་རྡོ་རྗེ་བསྣམས།། མཁའ་འགྲོ་དགའ་བྱེད་རིགས་དབང་ཕྱུག། མ་ཧཱ་བཛྲ་དྷ་རི་མ་ལ་ཕྱག་འཚལ་ལོ། ། རྡོ་རྗེ་རྒྱལ་པོ་གནས་གྱུར་པ།། འདྲེན་བྱེད་ལྕགས་ཀྱུ་དཀར་སྐྱ་མ།། མཁའ་འགྲོ་འཇིགས་བྱེད་མཐུ་བོ་ཆེ།། ཀྲི་ཏ་བཛྲ་ཙ་ཀ་ཏ་ལ་ཕྱག་འཚལ་ལོ།། རྡོ་རྗེ་ཆགས་པ་གནས་གྱུར་པས། ། གསོད་བྱེད་ཐབས་ཀྱི་མདའ་འགེངས་མ།། མཁའ་འགྲོ་སྒྲོལ་བྱེད་མཐུ་དབང་རྫོགས། བཛྲ་མ་ཧཱ་མ་བ་ཏི་ལ་ཕྱག་འཚལ་ལོ། རྡོ་རྗེ་ལེགས་པ་གནས་གྱུར་པས།། སྤྲོ་བ་དཀར་སྐྱ་དྲི་ཡི་མཆོག། མཁའ་འགྲོ་སྒྲོལ་བྱེད་མཐུ་དབང་རྫོགས། ། བཛྲ་ཀུ་མ་ར་ལ་ཕྱག་འཚལ་ལོ།། རྡོ་རྗེ་རིན་ཆེན་གནས་གྱུར་པས། འབར་བྱེད་མཐིང་ནག་རལ་པ་ཅན།། མཁའ་འགྲོ་སྒྲོལ་བྱེད་མཐུ་དབང་རྫོགས།། མ་ཧཱ་བཛྲ་མ་ཧི་ཤ་ལ་ཕྱག་འཚལ་ལོ། ། རྡོ་རྗེ་ཉི་མ་གནས་གྱུར་པས།། མཁའ་འགྲོ་གཟི་བརྗོད་འོད་ཐོགས་མ། རྣམ་རྟོག་མུན་སེལ་མཐུ་རབ་རྫོགས། བཛྲ་ཏྲི་ཤ་མ་ལ་ཕྱག་འཚལ་ལོ།། རྡོ་རྗེ་རྒྱལ་མཚན་གནས་གྱུར་པས། ཁྲོ་གཉེར་མཐིང་ནག་ཞིང་ལྟར་འཕྱང། ། མཁའ་འགྲོ་བདུད་ལས་རྒྱལ་བ་ཡི།། བཛྲ་ཨག་ནེ་མ་ལ་ཕྱག་འཚལ་ལོ།། རྡོ་རྗེ་བཞད་པ་གནས་གྱུར་པས།། འཇོམས་བྱེད་ཞིང་གི་ཁ་གདངས་མ།། དུར་ཁྲོད་བགེགས་འཇོམས་ཟ་བྱེད་མ།། བཛྲ་ཀྲོ་དྷ་མ་ལ་ཕྱག་འཚལ་ལོ། ། རྡོ་རྗེ་ཆོས་མཆོག་གནས་གྱུར་པས།། ཆགས་ཆེན་དམར་ནག་པདྨ་བསྣམས།། ཉེས་པའི་སྐྱོན་བྲལ་ལེགས་པའི་ལམ་ཡང་རྫོགས།། མ་ཧཱ་ཨ་མི་དྷོད་ལ་ཕྱག་འཚལ་ལོ།། རྡོ་རྗེ་རྣོན་པོ་གནས་གྱུར་པས། ། ཆགས་བྲལ་དམར་ནག་གྲི་ཐོགས་མ།། མཁའ་འགྲོ་སྒྲོལ་བྱེད་མཐུ་དབང་རྫོགས།། མ་ཧཱ་སེའུ་མྱ་མ་ལ་ཕྱག་འཚལ་ལོ།། རྡོ་རྗེ་འཁོར་ལ་གནས་གྱུར་པས།། མཁའ་འགྲོ་དམར་སེར་འཁོར་ལོ་འཕེན། ། མཁའ་འགྲོ་གཅོད་བྱེད་མཐུ་དབང་རྫོགས།། མ་ཧཱ་བཛྲ་ཏ་ཏི་མ་ལ་ཕྱག་འཚལ་ལོ།། རྡོ་རྗེ་སྨྲེ་བ་གནས་གྱུར་པས།། རྒྱས་འདེབས་དམར་ནག་ལྕེ་འབྱིན་མ།། ཐོགས་མེད་ལྕགས་ཀྱུའི་དབང་སྒྱུར་མ། ། མ་ཧཱ་ར་ནི་མ་ལ་ཕྱག་འཚལ་ལོ།། རྡོ་རྗེ་ལས་རབ་གནས་གྱུར་པ།། སྣ་ཚོགས་ལུང་འཆང་རྒྱ་གྲམ་བསྣམས།། མཁའ་འགྲོ་འཕྲིན་ལས་རྫོགས་བྱེད་མ། མ་ཧཱ་ཕྲི་ཏི་ཀ་ལ་ཕྱག་འཚལ་ལོ།། རྡོ་རྗེ་གོ་ཆ་གནས་གྱུར་པས། ། བསྲུང་བ་ལྗང་ནག་གོ་ཆ་ཐོགས།། འཇིགས་པ་ཀུན་བསྲུང་མཁའ་འགྲོ་མ།། བཛྲ་བི་ཀ་ར་ལ་ཕྱག་འཚལ་ལོ།། རྡོ་རྗེ་མཆེ་བ་གནས་གྱུར་པས། གནོད་སྦྱིན་མོ་ལྗང་མཆེ་བ་འཛིན། དམ་ཉམས་གསོད་པའི་མཁའ་འགྲོ་མ། ། བཛྲ་སེ་ཡི་མ་ལ་ཕྱག་འཚལ་ལོ།། རྡོ་རྗེ་ཁུ་ཚུར་གནས་གྱུར་པས།། ཡང་དག་འཕྲོག་བྱེད་ལྗང་ཁུ་མུ་ཏིག་འཕྱར།། མཁའ་འགྲོ་རྡུལ་དུ་རློག་བྱེད་པའི།། བཛྲ་བི་ལ་ཀི་ལ་ཕྱག་འཚལ་ལོ།། དཔལ་བར་འགྲོ་བ་གནས་གྱུར་པས། ། བྱ་རོག་གདོང་ལ་མིག་འབྱིན་མ།། ལག་ན་གྲི་དང་འཁར་གཞོང་ཐོགས།། རྣམ་ཤེས་འཇོམས་པའི་མཁའ་འགྲོ་མ།། བཛྲ་བི་ར་བི་ལ་ཕྱག་འཚལ་ལོ།། ཀུན་བཟང་སེམས་དཔའ་གནས་གྱུར་པས། ། འཇིགས་བྱེད་དཀར་པོ་མཆེ་བ་གཙིགས།། ཐམས་ཅད་འཇོམས་པའི་མཁའ་འགྲོ་མ།། བཛྲ་ཤ་ནི་ཤ་ལ་ཕྱག་འཚལ་ལོ།། ཟླ་འོད་གཞོན་ནུ་གནས་གྱུར་པས།། བཞད་མགོ་དཀར་སྐྱ་སྙིངའབྱིན་མ།། ཐམས་ཅད་སྒྲོ་བའི་མཁའ་འགྲོ་མ། ། ཤ་ནི་ག་ཏི་མ་ལ་ཕྱག་འཚལ་ལོ།། བཟང་སྐྱོང་སེམས་ལ་གནས་གྱུར་པས། འུག་གདོང་དཀར་སྐྱ་རྐང་རུས་ལྡན།། ལས་སུ་ལྷག་སྡུད་ཞི་བ་མོ།། བ་ཡ་བ་ཏི་མ་ལ་ཕྱག་འཚལ་ལོ།། ཏྲ་འོད་སེམས་དཔའ་གནས་གྱུར་པས། ཁྱི་མགོ་མཐུར་ལྡན་རྐང་རུས་འཆང།། དུར་ཁྲོད་འཇོམས་པའི་མཐུར་ལྡན་པས།། བཛྲ་ཨ་ན་ཡ་ལ་ཕྱག་འཚལ་ལོ།། རྡོ་རྗེ་སྙིང་པོ་གནས་གྱུར་པས།། མཐིང་ནག་མ་ས་ཕག་གི་མགོ། རུས་འཕྲེང་བམ་གྱི་དྲི་ཆེན་ཐོགས།། བཛྲ་པ་ཏ་ཀ་ལ་ཕྱག་འཚལ་ལོ།། ནམ་མཁའ་མཛོད་སེམས་གནས་གྱུར་པས།། སྔོ་ནག་གློག་འདྲེན་རྔ་མོའི་གཟུགས།། གསུས་པོ་ཆེ་ལ་བུམ་པ་འཛིན།། ཡི་དྭགས་གནར་འཇོམས་མཁའ་འགྲོ་མ། ། ཛ་ཡ་ཛ་དུ་ཀ་ལ་ཕྱག་འཚལ་ལོ།། འོད་དཔག་མེད་པ་གནས་གྱུར་པས།། ཐོད་དབྱུག་དགྲ་སྟ་བོང་བུའི་མགོ། དབང་མེད་འཇོམས་པའི་མཁའ་འགྲོ་མ།། ཀ་བི་ཀ་ཏི་མ་ལ་ཕྱག་འཚལ་ལོ། ། མྱ་ངན་ཀུན་འཇོམས་གནས་གྱུར་པས།། དམར་ནག་སྤུ་གྲི་ར་ཡི་མགོ། དགྲ་བགེགས་འཇོམས་པའི་མཁའ་འགྲོ་མ།། བཛྲ་ཏ་ར་ཤི་མ་ལ་ཕྱག་འཚལ་ལོ།། རྒྱལ་བའི་ཤེས་རབ་གནས་གྱུར་པས། ། དམར་ནག་རུས་འཆའི་བྱ་ལའི་མགོ། མ་ལུས་སྒྲོལ་བྱེད་མཁའ་འགྲོ་མ།། ཀི་ལི་ཕྲི་ལ་ཤ་ལ་ཕྱག་འཚལ་ལོ།། བློ་གྲོས་མི་ཟད་གནས་གྱུར་པས།། དམར་ལྗང་སྤྲེ་མགོ་ཀེང་རུས་དཀར་པོ་འཛིན།། ཞེ་སྡང་འཇོམས་པའི་འཇོམས་འགྲོ་མ། ། རུས་ཏིང་མ་ས་མ་ལ་ཕྱག་འཚལ་ལོ། སྤོབས་པ་བརྩེགས་པ་གནས་འགྱུར་པས།། དམར་སེར་རུས་འཕྲེང་ལྕེ་སྦྱང་མགོ། དངོས་པོ་ཀུན་འཇོམས་མཁའ་འགྲོ་མ།། ཀ་རན་ཛི་མ་ལ་ཕྱག་འཚལ་ལོ། ། བྱམས་པ་སེམས་དཔའ་གནས་གྱུར་པས།། མཁའ་འགྲོ་སྲིན་མོ་བུམ་སྣ་མ། རྡོ་རྗེ་ལྕགས་ཀྱུ་ཀ་ཏར་བསྣམས།། ས་བམ་ཨ་ཏི་ཀ་ལ་ཕྱག་འཚལ་ལོ།། ངན་སོངཀུན་འདྲེན་གནས་གྱུར་པས།། མཁའ་འགྲོ་དྷ་ཤ་འགྲི་བ་སྟེ། ལྕགས་ཀྱུ་སྤུ་གྲི་ཟ་བྱེད་མ།། ཨ་བ་ཨ་ཀི་མ་ལ་ཕྱག་འཚལ་ལོ།། དོན་གྲུབ་སེམས་དཔའ་གནས་གྱུར་པ།། མཁའ་འགྲོ་ཆེན་མོ་འབོད་འགྲོ་མ།། དྲིལ་བུ་དགྲ་སྟ་དྲིལ་ཞིང་སྤོར།། བཛྲ་ས་བན་ད་དི་མ་ལ་ཕྱག་འཚལ་ལོ། ། སྤོས་ཀྱི་གླང་པ་གནས་གྱུར་པས།། མཁའ་འགྲོ་གཤིན་རྗེ་རྣམ་པར་འཇོམས།། ཞགས་པ་གྲི་ཐོགས་འཛིན་ཅིང་སྤོར།། མ་ཧཱ་ཏ་ཏི་མ་ལ་ཕྱག་འཚལ་ལོ།། རྒྱ་མཚོ་ཆེན་པོའི་དཀྱིལ་འཁོར་ནས། དཔལ་ལྡན་ཤུགས་སྒྲོལ་གཙོ་མོ་སྟེ།། རི་རབ་བསྙིལ་བའི་རྔམ་སྟབས་ཅན།། རྡོ་རྗེ་ཧཱུཾ་གྲགས་མ་ལ་ཕྱག་འཚལ་ལོ།། ནམ་མཁའ་སྟོང་གི་དཀྱིལ་འཁོར་ནས།། ཐམས་ཅད་ཀུན་ཏུ་ཁྱབ་མཛད་ཅིང།། མ་ལུས་ཡོངས་ལ་དབང་སྒྱུར་པའི། ། ཀུན་ཏུ་བཟང་ལ་ཕྱག་འཚལ་ལོ།། གཞའ་ཚོན་འབར་བའི་དཀྱིལ་འཁོར་ནས།། མཛེས་པའི་ཚུལ་ནས་འོད་འཕྲོ་ཞིང།། མ་རིག་མུན་པ་སེལ་མཛད་པ།། རྡོ་རྗེ་ཀུན་གསལ་མ་ལ་ཕྱག་འཚལ་ལོ། ། དམ་ཚིག་ཆེན་པོའི་དཀྱིལ་འཁོར་ནས།། ཕོ་ཉ་མོ་སྟེ་དྲུག་ཅུའི་གཙོ།། ཤ་ཆེན་ཁྲག་ལ་ལོངས་སྤྱོད་པའི།། རྡོ་རྗེ་ཡེ་ཤེས་མཆོག་ལ་ཕྱག་འཚལ་ལོ། ཁྲག་གི་རྒྱ་མཚོའི་དཀྱིལ་འཁོར་ནས།། རྡོ་རྗེ་དྲ་བའི་འཕྲེང་ཐོགས་ཤིང། ། འཕྲིན་ལས་འབྱུང་པོ་ཀུན་འདུལ་མ།། རྡོ་རྗེ་འོད་གྲགས་མ་ལ་ཕྱག་འཚལ་ལོ།། མེ་དཔུང་འབར་བའི་དཀྱིལ་འཁོར་ནས།། ཞགས་པ་སྟོང་གི་གདེང་ལྡན་ཞིང།། བྱང་ཕྱོགས་རང་གི་འཁོར་འདུལ་མ། ། རྡོ་རྗེ་འོད་འཕྲོ་མ་ལ་ཕྱག་འཚལ་ལོ།། དབང་ཕྱུག་ཆེན་པོའི་དཀྱིལ་འཁོར་ནས།། འགྲོ་བ་ཀུན་གྱི་ཚེ་སྲོག་བདག། དམ་ཚིག་ཉམས་ན་སྒྲོལ་བྱེད་མ།། བཀའ་ལས་འགལ་བའི་སྙིང་འཕྲོག་མ་ལ་ཕྱག་འཚལ་ལོ། ། གླིང་བཞི་མགྱོགས་མ་ལྷ་ཡི་སྲིད།། སྐུ་ལ་བྱ་རྒོད་ཐུལ་བ་གསོལ།། ཐུགས་དམ་རྣལ་འབྱོར་གྲོགས་ལ་བརྩོན།། ལྷ་ཡི་སྲིང་ལ་ཕྱག་འཚལ་ལོ།། མཁའ་ལ་ཁྱུང་ལྡིང་གཤིན་རྗེའི་སྲིང།། སྐུ་ལ་སྟག་གི་ཐུལ་པ་གསོལ། ། ཐུགས་དམ་རྣལ་འབྱོར་གྲོགས་ལ་བརྩོན།། གཤིན་རྗེའི་སྲིང་ལ་ཕྱག་འཚལ་ལོ།། དམར་མོ་གཡག་ཐོང་ཀླུ་དབང་སྲིང།། སྐུ་ལ་ཆུ་སྲིན་ལྤགས་པ་གསོལ།། དམ་ཚིག་ཅན་ལ་བརྩེ་དགོངས་ཞིང། ། ཀླུ་དབང་སྲིང་ལ་ཕྱག་འཚལ་ལོ།། ནག་མོ་སྡེར་ཆགས་གནོད་སྦྱིན་སྲིང།། སྐུ་ལ་རྨ་བྱའི་ཐུལ་བ་གསོལ།། དམ་ཚིག་ཅན་ལ་བརྩེ་དགོངས་པའི།། གནོད་སྦྱིན་སྲིང་ལ་ཕྱག་འཚལ་ལོ།། དཔའ་བོ་ཆེན་པོ་ལས་རྣམས་ཀུན་བྱེད་པས། ། མཐིང་ནག་རལ་གྲི་བན་དྷ་བསྣམས། གང་ལ་དམིགས་པ་སྒྲོལ་བར་བྱེད། རྡོ་རྗེ་གིང་ཆེན་ཁྱོད་ལ་ཕྱག་འཚལ་ལོ། ཁྲོ་མོ་ཆེན་མོ་ཁམས་གསུམ་དབང་སྡུད་མ།། སྟོ་ནག་ཐོད་ཁྲག་འཇམ་དཔལ་ཐོགས། ། སྒྲོལ་བའི་ལས་ལ་འབའ་ཞིག་དགེས།། རྡོ་རྗེ་གིང་མོ་ཁྱོད་ལ་ཕྱག་འཚལ་ལོ།། རྡོ་རྗེ་གིང་ཆེན་འཇོམས་པ་ནི།། སྨུག་ནག་རྡོ་རྗེ་ཐོ་བ་ཐོགས།། བགེགས་ཀྱི་དཔུང་ཡང་ཡུད་ཀྱིས་འཇོམས།། རྡོ་རྗེ་གིང་ཆེན་ཁྱོད་ལ་ཕྱག་འཚལ་ལོ། ། རྡོ་རྗེ་གིང་ཆེན་གཤིན་རྗེ་ནི།། མཐིང་ནག་བེ་ཅོན་དགྲ་སྟ་བསྣམས།། མ་ལུས་སྒྲོལ་བའི་གིང་ཆེན་པོ།། རྡོ་རྗེ་གིང་ཆེན་ཁྱཽད་ལ་ཕྱག་འཚལ་ལོ།། རྡོ་རྗེ་གིང་ལྕམ་མཐུ་མོ་ཆེ།། ལྗང་ནག་ལྕགས་ཀྱི་ཐོ་བ་ཐོགས། རྦོད་གཏོང་བཅོལ་བ་ལེན་པར་བྱེད།། རྡོ་རྗེ་གིང་མོ་ཁྱོད་ལ་ཕྱག་འཚལ་ལོ།། རྡོ་རྗེ་གིང་ལྕམ་རྩལ་མོ་ཆེ།། མཐིང་ནག་རྡོ་རྗེ་དགྲ་སྟ་བསྣམས།། འཕྲིན་ལས་རྣ་སྙན་ཕྲ་མ་ཟེར།། རྡོ་རྗེ་གིང་མོ་ཁྱོད་ལ་ཕྱག་འཚལ་ལོ། ། རྡོ་རྗེ་གིང་ལྕམ་སྟོབས་མོ་ཆེ།། སེར་ནག་ལག་ན་ཐོད་པ་ཐོགས།། འཕྲིན་ལས་ཚོགས་ཀྱི་ཕྱག་འཚལ་བྱེད།། རྡོ་རྗེ་གིང་མོ་ཁྱོད་ལ་ཕྱག་འཚལ་ལོ།། རྡོ་རྗེ་ཀ་ཏར་གིང་ཀ་ར།། དམར་གནག་ཀ་ཏར་བན་དྷ་ཐོགས། ། མྱུར་དུ་སྒྲོལ་བའི་འཕྲིན་ལས་མཛད།། རྡོ་རྗེ་གིང་ཆེན་ཁྱོད་ལ་ཕྱག་འཚལ་ལོ།། རྡོ་རྗེ་གིང་ཆེན་སྤྱང་ཀི་ནི།། དམར་ནག་སྦྱང་མགོ་སྤུ་གྲི་ཐོགས།། གསོད་པའི་ལས་ལ་རབ་ཏུ་དགེས། ། རྡོ་རྗེ་གིང་ཆེན་ཁྱོད་ལ་ཕྱག་འཚལ་ལོ།། རྡོ་རྗེ་གིང་ཆེན་རོལ་པ་ནི།། དམར་ནག་བན་དྷ་འཕལ་ཚབ་བསྣམས།། དགྲ་བགེགས་མ་ལུས་ཉལ་ཐག་གཅོད།། རྡོ་རྗེ་གིང་ཆེན་ཁྱོད་ལ་ཕྱག་འཚལ་ལོ།། རྡོ་རྗེ་གིང་ལྕམ་དབང་སྡུད་ནི། ། ལྗང་ནག་རྡོ་རྗེ་ལྕགས་ཀྱུས་འདྲེན།། གང་ལ་དམིགས་པ་ཡུད་ཀྱྀས་སྒྲོལ།། རྡོ་རྗེ་གིང་ལྕམ་ཁྱོད་ལ་ཕྱག་འཚལ་ལོ།། རྡོ་རྗེ་གིང་ལྕམ་དབང་སྒྱུར་མ། ཁམས་གསུམ་ཞིང་གི་གཡབ་མོས་འདེབས། ། མཐུ་དང་རྫུ་འཕྲུལ་བསམ་མི་ཁྱབ།། རྡོ་རྗེ་གིང་ལྕམ་མ་ལ་ཕྱག་འཚལ་ལོ།། རྡོ་རྗེ་གིང་ལྕམ་འཕྲུལ་མོ་ཆེ།། གཟུགས་མེད་རླུང་ལྟར་སྒྱུར་པར་བྱེད།། གང་ལ་དམིགས་པར་ཡུད་ཀྱིས་ཁྱབ།། རྡོ་རྗེ་གིང་ལྕམ་ཁྱོད་ལ་ཕྱག་འཚལ་ལོ། ། རྡོ་རྗེ་གིང་ལྕམ་རོ་ལངས་ནི།། སེར་ནག་ཞིང་གི་དབྱུག་པ་ཕྱར།། གང་ལ་དམིགས་པ་ཡུད་ཀྱིས་འཇོམས།། རྡོ་རྗེ་གིང་ཆེན་ཁྱོད་ལ་ཕྱག་འཚལ་ལོ།། རྡོ་རྗེ་གིང་ལྕམ་གློག་འགྱུ་མ།། ཅིར་ཡང་འགྱུར་བའི་མཐུ་མོ་ཆེ། ། རྫུ་འཕྲུལ་གར་གྱི་གློག་སྟོང་བསྒྱུར།། རྡོ་རྗེ་གིང་ལྕམ་མ་ལ་ཕྱག་འཚལ་ལོ།། རྡོ་རྗེ་གིང་ལྕམ་སྒྲོལ་བྱེད་མ།། སེར་ནག་བན་དྷ་གྲི་ཐོགས་མ།། འཕྲིན་ལས་སྲིད་གསུམ་སྒྲོལ་བྱེད་མ། ། རྡོ་རྗེ་གིང་ལྕམ་མ་ལ་ཕྱག་འཚལ་ལོ།། རྡོ་རྗེ་གིང་མོ་ལས་ཀུན་ནི།། ནག་མོ་ཆེན་མོ་གཤོལ་གྲི་བསྣམས། འཁོར་བ་རྩད་གཅོད་འདུག་པ་འདུལ།། རྡོ་རྗེ་གིང་མོ་ཁྱོད་ལ་ཕྱག་འཚལ་ལོ།། རྡོ་རྗེ་གིང་ཆེན་གནོད་སྦྱིན་ནི། ། ལྗང་ནག་ཕྱག་གཉིས་སྡིགས་མཛུབ་འཕྱར།། དམ་ཚིག་ཉམས་པ་སྒྲོལ་བྱེད་པའི།། རྡོ་རྗེ་གིང་ཆེན་ཁྱོད་ལ་ཕྱག་འཚལ་ལོ།། རྡོ་རྗེ་གིང་ཆེན་འཆི་བདག་ནི། ལྗང་སེར་རྡོ་རྗེ་གསོར་ཞིང་བརྡེག། དྲག་ཤུལ་སྒྲོལ་པའི་མཐུ་སྟོབས་ཅན། ། རྡོ་རྗེ་གིང་ཆེན་ཁྱོད་ལ་ཕྱག་འཚལ་ལོ།། རྡོ་རྗེ་གིང་ཆེན་དུས་འཚམས་ནི།། ལྗང་ནག་ཤག་ཏི་བན་དྷ་ཐོགས།། སྟོབས་ཀྱིས་ཤ་ཁྲག་ཟ་བ་བྱེད།། རྡོ་རྗེ་གིང་ཆེན་ཁྱོད་ལ་ཕྱག་འཚལ་ལོ། ། ཤར་ཕྱོགས་དགྲ་བགེགས་བསྒྲལ་བའི་ཕྱིར།། སྐུ་ཡི་འོད་ཟེར་དཀར་པོ་ལས།། དུང་གི་མི་མོ་དྲུག་ཅུར་སྤྲུལ།། རྡོ་རྗེ་རིགས་ཀྱི་ཕོ་ཉ་དྲུག་ཅུ་ལ།། མི་ཕྱེད་དད་པས་བསྟོད་དེ་ཕྱག་འཚལ་ལོ།། ལྷོ་ཕྱོགས་དགྲ་བགེགས་བསྒྲལ་བའི་ཕྱིར། ། སྐུ་ཡི་འོད་ཟེར་སྔོན་པོ་ལས།། གཡུ་ཡི་མི་མོ་དྲུག་ཅུར་སྤྲུལ།། རིན་ཆེན་རིགས་ཀྱི་ཕོ་ཉ་དྲུག་ཅུ་ལ།། མི་ཕྱེད་དད་པས་བསྟོད་དེ་ཕྱག་འཚལ་ལོ།། ནུབ་ཕྱོགས་དགྲ་བགེགས་བསྒྲལ་བའི་ཕྱིར། ། སྐུ་ཡི་འོད་ཟེར་དམར་པོ་ལས།། ཟངས་ཀྱི་མི་མོ་དྲུག་ཅུར་སྤྲུལ།། པདྨ་གསུང་གི་ཕོ་ཉ་དྲུག་ཅུ་ལ།། མི་ཕྱེད་དད་པས་བསྟོད་དེ་ཕྱག་འཚལ་ལོ། བྱང་ཕྱོགས་དགྲ་བགེགས་བསྒྲལ་བའི་ཕྱིར།། སྐུ་ཡི་འོད་ཟེར་ལྗང་ཁུ་ལས། ། ལྕགས་ཀྱི་མི་མོ་དྲུག་ཅུར་སྤྲུལ།། ལས་ཀྱི་རིགས་ཀྱི་ཕོ་ཉ་དྲུག་ཅུ་ལ།། མི་ཕྱེད་དད་པས་བསྟོད་དེ་ཕྱག་འཚལ་ལོ།། འོག་ཕྱོགས་དགྲ་བགེགས་བསྒྲལ་བའི་ཕྱིར།། སྐུ་ཡི་འོད་ཟེར་སེར་པོ་ལས། ། གསེར་གྱི་མི་མོ་དྲུག་ཅུར་སྤྲུལ། ཁྲོ་བོ་ཕོ་ཉ་དྲུག་ཅུ་ལ།། མི་ཕྱེད་དད་པས་བསྟོད་དེ་ཕྱག་འཚལ་ལོ།། སྟེང་ཕྱོགས་དགྲ་བགེགས་བསྒྲས་བའི་ཕྱིར།། སྐུ་ཡི་འོད་ཟེར་མཐིང་ནག་ལས།། མ་མོ་ལས་བྱེད་དྲུག་ཅུར་སྤྲུལ། ། མ་མོ་ཕོ་ཉ་དྲུག་ཅུ་ལ།། མི་ཕྱེད་དད་པས་བསྟོད་དེ་ཕྱག་འཚལ་ལོ།། ཡང་དྲན་བརྒྱ་བཅུ་རྩ་གཉིས་ནི།། ཟ་བྱེད་མཆེ་བ་ཅན་གྱི་ཚོགས་ལ་ཕྱག་འཚལ་ལོ།། འཛིན་བྱེད་སྡེར་མོ་ཅན་གྱི་ཚོགས་ལ་ཕྱག་འཚལ་ལོ། ། སྙེག་བྱེད་གཤོག་པ་ཅན་གྱི་ཚོགས་ལ་ཕྱག་འཚལ་ལོ།། གསོད་བྱེད་མཚོན་ཆ་ཅན་གྱི་ཚོགས་ལ་ཕྱག་འཚལ་ལོ།། རྟོགས་པས་མཁའ་ལ་འགྲོ་བའི་གནས་མཆོག་དམ་པ་ནས། རིགས་འཛིན་རྒྱལ་བ་བརྒྱ་མཚོ་འཁོར་དང་བཅས་པ་ལ། ། མི་ཕྱེད་དད་པས་ཕྱག་འཚལ་ལོ།། ངེས་པའི་དོན་སྟོན་རྡོ་རྗེ་སློབ་དཔོན་དང། རྒྱལ་འཐེབ་སྤྱན་དང་ཀར་མ་གིང་ཆེན་དང།། བརྩེ་གདུང་ཤུགས་འཆང་མཆེད་དང་ལྕམ་དྲལ་ལ།། མི་ཕྱེད་དད་པས་བསྟོད་དེ་ཕྱག་འཚལ་ལོ། ། འཇིག་རྟེན་སྟོན་པའི་དུས་གསུམ་ཕ་མ་ལ།། མི་ཕྱེད་དད་པས་བསྟོད་དེ་ཕྱག་འཚལ་ལོ།། ཕུང་པོ་དཔལ་ཆེན་དགུ་རུ་མ་རྟོགས་པས།། ཇི་ལྟར་བསྒོམས་པ་སྔུག་བསྔལ་ཉིད་དུ་འགྱུར། ། བཅོམ་ལྡན་དཔལ་ཆེན་དགུ་ལ་མཐོལ་ཞིང་བཤགས།། འབྱུང་བ་ཡུམ་ཆེན་དགུ་རུ་མ་རྟོགས་པས།། ཇི་ལྟ་བསྒོམས་པ་སྡུག་བསྔལ་ཉིད་དུ་འགྱུར།། ཀ་ཏར་ཡུམ་ཆེན་ཚོགས་ལ་མཐོལ་ཞིང་བཤགས། ། རྣམ་ཤེས་ཁྲོ་མོའི་ཚོགས་སུ་མ་རྟོགས་པས།། ཇི་ལྟར་བསྒོམས་པའི་སྡུག་བསྔལ་ཉིད་དུ་འགྱུར།། ཀེའུ་རི་ཁྲོ་མོའི་ཚོགས་ལ་མཐོལ་ཞིང་བཤགས།། ཡུལ་ནི་འཕྲ་ཆེན་ཚོགས་སུ་མ་རྟོགས་པས།། ཇི་ལྟར་བསྒོམས་པ་སྡུག་བསྔལ་ཉིད་དུ་འགྱུར། ། སིང་ང་འཕྲ་མེན་ཚོགས་ལ་མཐོལ་ཞིང་བཤགས།། ཡན་ལག་སྒོ་མོའི་ཚོགས་སུ་མ་རྟོགས་པས།། ཇི་ལྟར་བསྒཽམས་པ་བསྡུག་བསྔལ་ཉིད་དུ་འགྱུར།། རྟ་གདོང་སྒོ་མོའི་ཚོགས་ལ་མཐོལ་ཞིང་བཤགས། ། རྟག་ཆད་འབར་མའི་ཚོགས་སུ་མ་རྟོགས་པས།། ཇི་ལྟར་བསྒོམས་པ་སྡུག་བསྔལ་ཉིད་དུ་འགྱུར།། འབར་མ་སྤོར་མའི་ཚོགས་ལ་མཐོལ་ཞིང་བཤགས།། སྒལ་ཚིགས་དབང་ཕྱུག་ཚོགས་སུ་མ་རྟོགས་པས། ། ཇི་ལྟར་བསྒོམས་པ་སྡུག་བསྔལ་ཉིད་དུ་འགྱུར།། མི་སྲིང་དབང་ཕྱུག་ཚོགས་ལ་མཐོལ་ཞིང་བཤགས།། སོ་ནི་མཁའ་འགྲོའི་ཚོགས་སུ་མ་རྟོགས་པས།། ཇི་ལྟར་བསྒོམས་པ་སྡུག་བསྔལ་ཉིད་དུ་འགྱུར། ། དགའ་བྱེད་མཁའ་འགྲོ་ཚོགས་ལ་མཐོལ་ཞིང་བཤགས།། ནང་ཁྲོལ་མ་མོའི་ཚོགས་སུ་མ་ཤེས་པས།། ཇི་ལྟར་བསྒོམས་པ་སྡུག་བསྔལ་ཉིད་དུ་འགྱུར།། བརྩེ་གདུང་མ་བདུན་ཚོགས་ལ་མཐོལ་ཞིང་བཤགས། ནམ་འཚོང་སྲིང་མོ་བཞི་རུ་མ་རྟོགས་པས།། ཇི་ལྟར་བསྒོམས་པ་སྡུག་བསྔལ་ཉིད་དུ་འགྱུར།། བརྩེ་གདུང་སྲིང་མོའི་ཚོགས་ལ་མཐོལ་ཞིང་བཤགས།། ཤ་ནི་ཕོ་ཉའི་ཚོགས་སུ་མ་རྟོགས་པས།། ཇི་ལྟར་བསྒོམས་པ་སྡུག་བསྔལ་ཉིད་དུ་འགྱུར། ། སུམ་བརྒྱ་དྲུག་ཅུའི་ཚོགས་ལ་མཐོལ་ཞིང་བཤགས།། སྲོག་ནི་གིང་ཆེན་ཚོགས་སུ་མ་རྟོགས་པས།། ཇི་ལྟར་བསྒོམས་པ་སྡུག་བསྔལ་ཉིད་དུ་འགྱུར།། སྐྱེས་བུ་གིང་ཆེན་ཚོགས་ལ་མཐོལ་ཞིང་བཤགས། ཁྲག་ནི་མ་སྲིང་ཚོགས་སུ་མ་རྟོགས་པས།། ཇི་ལྟར་བསྒོམས་པ་སྡུག་བསྔལ་ཉིད་དུ་འགྱུར།། མ་སྲིང་རྒྱ་མཚོའི་ཚོགས་ལ་མཐོལ་ཞིང་བཤགས།། སྐུ་བསྐྱེད་ཕྱག་རྒྱ་ཡིན་པར་མ་རྟོགས་པས། ། ཇི་ལྟར་བསྒོམས་པ་སྡུག་བསྔལ་ཉིད་དུ་འགྱུར།། སྤྱོད་པ་ཀུན་ཏུ་བཟང་ལ་མཐོལ་ཞིང་བཤགས།། བཟླས་བརྗོད་སྔགས་ཚིག་ཡིན་པར་མ་རྟོགས་པས།། ཇི་ལྟར་བསྒོམས་པ་སྡུག་བསྔལ་ཉིད་དུ་འགྱུར། ། འཕྲིན་ལས་ཀུན་ཏུ་བཟང་ལ་མཐོལ་ཞིང་བཤགས།། དོན་རྟོག་དགོངས་པ་ཡིན་པར་མ་རྟོགས་པས།། ཇི་ལྟར་བསྒོམས་པ་སྡུག་བསྔལ་ཉིད་དུ་འགྱུར།། ལྟ་བ་ཀུན་ཏུ་བཟང་ལ་མཐོལ་ཞིང་བཤགས།། མ་ཧཱ་ཡོ་གའི་སྒོ་ནས་བཤགས་པར་གསོལ་བ་ནི། ། ཆོས་དབྱིངས་དུས་གསུམ་སྦྲོས་པ་མེད་པ་ལ།། འཛིན་རྟོག་མེད་པའི་རང་རིག་ཡེ་ཤེས་ཀྱིས།། དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པ་ལ།། ཡུལ་དང་དབང་པོ་གཉིས་སུ་མེད་པར་བཤགས། ། ཡུམ་གྱི་བྷ་ག་དགེས་པའི་ཕོ་བྲང་དུ།། ཡབ་ཀྱི་རྡོ་རྗེ་གཉིས་མེད་བྱང་ཆུབ་སེམས།། ཐབས་དང་ཤེས་རབ་འདུ་འབྲལ་མེད་པ་ལ། ཕྱི་ནང་སྣོད་བཅུད་གཉིས་སུ་མེད་པར་བཤགས། ། ཏིང་འཛིན་རྣམ་གསུམ་སེམས་ལ་གདར་བཅད་ནས།། ཕུང་པོ་རྣམ་ཤེས་ཁམས་དང་སྐྱེ་མཆེད་ལ།། ལྷ་དང་ལྷ་མོའི་དཀྱིལ་འཁོར་གསལ་བསྒོམས་པས།། འགྲོ་དྲུག་སེམས་ཅན་རྒྱལ་བའི་དཀྱིལ་འཁོར་དུ། གཉིས་སུ་མེད་པར་ལྷུན་གྱིས་གྲུབ་པར་མཛོད།། ཨ་ནི་ཡོ་གའི་སྒོ་ནས་བཤགས་པར་གསོལ་བ་ནི།། རྩ་སོག་ཙིཏྟ་ལུས་ངག་ཡིད་གསུམ་རྣམས།། གྷུ་ཧྱ་གསང་ཆེན་སྐུ་གསུང་ཐུགས་ཀྱི་མཛོད།། རྡོ་རྗེ་ཀློང་དགུ་དཔལ་ཆེན་ཧེ་རུ་དགུ། ། ཁམས་གསུམ་ས་དགུ་གཉིས་སུ་མེད་པར་བཤགས།། ཇི་ལྟར་སྣང་བའི་ལྷ་ཡི་དཀྱིལ་འཁོར་དུ།། སྙིང་པོ་བརྗོད་པས་ཐམས་ཅད་རྫོགས་པའི་ཚུལ།། དབྱེར་མེད་ཉིད་མཉམ་ངོ་བོ་ཉིད་ཀྱི་སྐུ། ། ཐབས་ལ་མཁས་པ་གཉིས་སུ་མེད་པར་བཤགས།། ཕྱི་ནང་གཉིས་མེད་སྣོད་བཅུད་ཆོས་ཀྱི་སྐུ།། ང་དང་བདག་མེད་ངོ་བོ་ཉིད་མཉམ་པས།། མཐོ་རིས་ངན་སོང་རྒྱུ་འབྲས་རྣམ་གཉིས་པོ།། གཉིས་མེད་བདེ་ཆེན་ཀློང་དུ་མཐར་ཕྱིན་ཤོག་ཨ་ཏི་ཡོ་གའི་སྒོ་ནས་བཤགས་པར་གསོལ་བ་ནི། ། ཇི་ལྟར་སྣང་བ་ཀུན་བཟང་བདེ་ཆེན་གནས།། ཡོད་མེད་རྟག་ཆད་མཚན་མའི་ཚིགས་ལས་འདས།། འདི་ལྟར་མ་གྱུར་བདག་རྟོགས་གང་ཡིན་པ། ། དེ་ཉིད་མ་སྤངས་རྟོགས་པའི་ཀློང་དུ་བཤགས།། དུས་གསུམ་འཕོ་འགྱུར་ཐ་ཚིག་བརྟགས་པ་མེད།། བཙལ་མེད་བསྒྲུབ་མེད་ནམ་མཁའི་ངང་དུ་གནས།། ཡོངས་ལ་ཁྱབ་པས་ཀུན་ལ་འདོད་དགུར་སྒྱུར། ། ཕྱིན་ཅི་ལོག་ཉིད་བྱང་ཆུབ་ལམ་དུ་བཤགས།། རྟོགས་པའི་མན་ངག་དོན་དང་མ་ལྡན་ན།། ཚིག་གི་མཚོན་པས་བྱང་ཆུབ་མི་ཐོབ་པས།། རང་སེམས་གདོད་ནས་སངས་རྒྱས་ཡིན་ཤེས་པས།། རང་བྱུང་ཡེ་ཤེས་ཀློང་དེ་གྲུབ་པར་ཤོག། ཧོ། མི་གནས་དཔལ་ཆེན་བུད་དྷ་ཧེ་རུ་ལ།། ཇི་ལྟར་བསྙེན་ཅིང་བསྒྲུབས་པ་ལྟར།། སྐུ་ཡི་དངོས་གྲུབ་སྩལ་དུ་གསོལ།། མི་གནས་དཔལ་ཆེན་བཛྲ་ཧེ་རུ་ལ།། ཇི་ལྟར་བསྙེན་ཅིང་བསྒྲུབས་པ་ལྟར། ། ཐུགས་ཀྱི་དངོས་གྲུབ་སྩལ་དུ་གསོལ།། མི་གནས་དཔལ་ཆེན་རད་ན་ཧེ་རུ་ལ།། ཇི་ལྟར་བསྙེན་ཅིང་བསྒྲུབས་པ་ལྟར།། ཡོན་ཏན་དངོས་གྲུབ་སྩལ་དུ་གསོལ།། བཅོམ་ལྡན་དཔལ་ཆེན་པདྨ་ཧེ་རུ་ལ།། ཇི་ལྟར་བསྙེན་ཅིང་བསྒྲུབས་པ་ལྟར། ། ཆགས་མེད་གསུང་གི་དངོས་གྲུབ་སྩལ་དུ་གསོལ།། བཅོམ་ལྡན་དཔལ་ཆེན་ཀར་མ་ཧེ་རུ་ལ།། ཇི་ལྟར་བསྙེན་ཅིང་བསྒྲུབས་པ་ལྟར།། འཕྲིན་ལས་དངོས་གྲུབ་སྩལ་དུ་གསོལ།། བཅོམ་ལྡན་དཔལ་ཆེན་རག་ཤ་ཧེ་རུ་ལ། ཇི་ལྟར་བསྙེན་ཅིང་བསྒྲུབ་པ་ལྟར།། དགྲ་བགེགས་སྒྲོལ་བའི་དངོས་གྲུབ་སྩལ་དུ་གསོལ།། བཅོམ་ལྡན་དཔལ་ཆེན་ཡགྴ་ཧེ་རུ་ལ།། ཇི་ལྟར་བསྙེན་ཅིང་བསྒྲུབས་པ་ལྟར། ། དམ་ཉམས་སྒྲོལ་བའི་དངོས་གྲུབ་སྩལ་དུ་གསོལ།། བཅོམ་ལྡན་དཔལ་ཆེན་ས་ནུ་ཧེ་རུ་ལ།། ཇི་ལྟར་བསྙེན་ཅིང་བསྒྲུབས་པ་ལྟར།། ས་རྣམས་ཐོབ་པའི་དངོས་གྲུབ་སྩལ་དུ་གསོལ།། བཅོམ་ལྡན་དཔལ་ཆེན་གུ་ཧྱ་ཧེ་རུ་ལ། ། ཇི་ལྟར་བསྙེན་ཅིང་བསྒྲུབས་པ་ལྟར།། ཡི་དམ་ལྷ་ཡི་དངོས་གྲུབ་སྩལ་དུ་གསོལ།། ཀ་ཏར་ཆེན་མོ་རྡོ་རྗེ་ཡུམ་རྣམས་ལ།། ཇི་ལྟར་བསྙེན་ཅིང་བསྒྲུབ་པ་ལྟར།། མ་ལྟར་བྱམས་པའི་དངོས་གྲུབ་སྩལ་དུ་གསོལ། ། སྔོན་མོ་དབྱུག་ཐོགས་ཀེའུ་རི་ཛ། ཉེ་བར་བསྒྲུབས་པའི་དངོས་གྲུབ་སྩལ་དུ་གསོལ།། ཙེའུ་རི་སེར་མོ་མདའ་འཕེན་ཛ།། ཉེ་བར་བསྒྲུབས་པའི་དངོས་གྲུབ་གསོལ།། པྲ་མོ་དམར་མོ་ཆུ་སྲིན་ཛ།། ཉེ་བར་བསྒྲུབས་པའི་དངོས་གྲུབ་གསོལ། ། པེ་ཏ་ནག་མོ་ཐོད་བསྒྱིངས་ཛ།། ཉེ་བར་བསྒྲུབས་པའི་དངོས་གྲུབ་གསོལ།། པུ་ཀ་དམར་སེར་བྱིས་རྒྱུ་ཟ།། ཉེ་བར་བསྒྲུབས་པའི་དངོས་གྲུབ་གསོལ།། ཀས་མ་ལྗང་མོ་ཐོད་ཕྲག་ཛ། ། ཉེ་བར་བསྒྲུབས་པའི་དངོས་གྲུབ་གསོལ།། སྨེ་ཤ་ནག་མོ་བྱི་སྙིང་ཟ།། ཉེ་བར་བསྒྲུབས་པའི་དངོས་གྲུབ་སོ།། ཙན་དྷ་སེར་སྐྱ་མཆོག་ལུས་ཛ།། ཉེ་བར་བསྒྲུབས་པའི་དངོས་གྲུབ་གསོལ།། འཕྲ་མེན་ཆེན་མོ་བརྒྱད་ལ་དངོས་གྲུབ་ཞུ་བ་ནི། ། སེང་གེ་བརྗིད་ནོན་ཆེ་བའི་དངོས་གྲུབ་དང།། སྟག་གི་དཔའ་བརྟུལ་ཆེ་བའི་དངོས་གྲུབ་དང།། ཝ་ཡི་སྒྱུ་རྩལ་ཆེ་བའི་དངོས་གྲུབ་གསོལ།། བྱ་རྒོད་རྟོག་མཛེམས་ཆེ་བའི་དངོས་གྲུབ་དང། ། ཀང་ཀ་དུར་ཁྲོད་འཇོམས་པའི་དངོས་གྲུབ་དང། ཁ་ཁ་ཡིད་བཞིན་བསྒྲུབ་པའི་དངོས་གྲུབ་དང། ཧུ་ལུ་སྤྱན་དང་ལྡན་པའི་དངོས་གྲུབ་རྣམས།། དུས་འདི་ཉིད་དུ་དངོས་གྲུབ་བདག་ལ་སྩལ་དུ་གསོལ།། རྟ་གདོང་སྒོ་མ་རྣམས་ལ་དངོས་གྲུབ་ཞུ་བ་ནི། ། རྟ་གདོང་དབྱིངས་ནས་འདྲེན་བྱེད་དངོས་གྲུབ་དང། ཕག་གདོང་ཉོན་མོངས་སྡོམས་པའི་དངོས་གྲུབ་དང། དྲེད་གདོང་སྤྱན་དང་ལྡན་པའི་དངོས་གྲུབ་དང། སྤྱང་གདོང་ཤེས་པ་སྒྲོལ་བའི་དངོས་གྲུབ་རྣམས། ། ད་ལྟ་ཉིད་དུ་བདག་ལ་སྩལ་དུ་གསོལ།། འབར་མ་སྤོར་མ་རྣམས་ལ་དངོས་གྲུབ་ཞུ་བ་ནི། ཕྱི་རུ་དགྲ་བགེགས་མ་ལུས་བསྒྲལ་བ་དང།། ནང་དུ་རྣལ་འབྱོར་རྣམས་ཀྱི་ལས་ལ་བརྩོན་པ་ཡིས། ། དངོས་གྲུབ་དམ་པ་དུས་འདིར་སྩལ་དུ་གསོལ།། དབང་ཕྱུག་ཚོགས་ལ་དངོས་གྲུབ་ཞུ་བ་ནི།། སྟོང་ཕྲག་བརྒྱད་ཅུའི་བགེགས་རྣམས་མ་ལུས་བསྒྲལ་བ་དང།། ནང་དུ་རྣལ་འབྱོར་ལས་ལ་བརྩོན་པའི་དངོས་གྲུབ་རྣམས། ། དུས་འདི་ཉིད་དུ་དངོས་གྲུབ་སྩལ་དུ་གསོལ།། མཁའ་འགྲོ་རྣམས་ལ་དངོས་གྲུབ་ཞུ་བ་ནི།། མཚན་དང་དཔེ་བྱད་རྟགས་སུ་ལྡན་པ་དང།། རྟོགས་པས་མཁའ་ལ་འགྲོ་བའི་དངོས་གྲུབ་རྣམས།། དུས་འདི་ཉིད་དུ་དངོས་གྲུབ་སྩལ་དུ་གསོལ། མ་བདུན་སྲིང་བཞི་རྣམས་ལ་དངོས་གྲུབ་ཞུ་བ་ནི།། འཇིག་རྟེན་འདི་རུ་མ་ལྟར་བྱམས་ཤིང་སྲིང་ལྟར་གདུང་བ་དང།། ཕྱི་མར་འབྲས་བུ་བླ་མེད་གོ་འཕང་ཐོབ་པ་ཡི། ། དངོས་གྲུབ་དམ་པ་དུས་འདིར་སྩལ་དུ་གསོལ།། སུམ་བརྒྱ་དྲུག་ཅུ་རྣམས་ལ་དངོས་གྲུབ་ཞུ་བ་ནི།། བསྒྲལ་བའི་དམིགས་རྣམས་དངོས་སུ་བསྒྲལ་བ་དང།། བསྒྲལ་ནས་འབྲས་བུ་བླ་མེད་གོ་འཕང་ཐོབ་པ་ཡི། ། དངོས་གྲུབ་དམ་པ་དུས་འདི་ཉིད་དུ་སྩལ་དུ་གསོལ།། སྐྱེས་བུ་གིང་ཆེན་རྣམས་ལ་དངོས་གྲུབ་ཞུ་བ་ནི།། འཇིག་རྟེན་འདི་རུ་འགྲོགས་ཤིང་གདུང་བ་དང།། ཕྱི་མར་འབྲས་བུ་བླ་མེད་གོ་འཕང་ཐོབ་པ་ཡི། ། དངོས་གྲུབ་དམ་པ་དུས་འདི་ཉིད་དུ་སྩལ་དུ་གསོལ།། དངོས་གྲུབ་སྩལ་དང་སྩོལ་བར་མི་དམིགས་ཀྱང།། བཅོམ་ལྡན་འདས་ཀྱི་སྐུ་གསུང་ཐུགས་ཉིད་དང།། འགྲོ་བ་བདག་གི་ལུས་ངག་ཡིད་གསུམ་གཉིས། ། ཡེ་ནས་མཉམ་ཉིད་དོན་གཅིག་ཡིན་མོད་ཀྱང།། མ་རྟོགས་དབང་གིས་ཡེ་ནས་འཁོར་བར་འཁྱམས།། འཁོར་བ་ཉིད་ཀྱང་ཡེ་ནས་མྱ་ངན་འདས།། སྐྱེ་ཤི་ཉིད་ཀྱང་ཡེ་ནས་བྱང་ཆུབ་སེམས།། སྐྱེ་ཤི་མེད་པའི་དངོས་གྲུབ་དམ་པ་དེ། ། དུས་འདི་ཉིད་དུ་བདག་ལ་སྩལ་དུ་གསོལ།། ཆེ་བས་བསྒྱིངས་པའི་བར་སྣངལྷ་བྲན་དང།། དྲེགས་པས་མྱོས་པའི་མ་མོ་མཁའ་འགྲོ་དང།། མཐུན་འཇུག་ཐབས་ཀྱིས་འདུལ་བ་ལགས་པས་ན། ཁྲོ་རྒྱལ་མཐུ་ཡིས་བྱིན་གྱིས་བརླབས་འཚལ་ན།། བྱམས་པའི་ཞལ་བཟང་བདག་ལ་བསྟན་པ་དང།། མཐུ་རྩལ་དབང་གིས་དངོས་གྲུབ་སྩལ་དུ་གསོལ།། བར་དུ་གཅོད་པའི་བདུད་བགེགས་འདྲེ་སྲིན་དང།། སྲོག་དབུགས་སྒྱུ་མའི་ཚེ་ལ་བར་གཅོད་ན། ། རྡོ་རྗེ་ཚེ་ཡི་དངོས་གྲུབ་སྩལ་དུ་གསོལ།། ངེས་པའི་དོན་སྟོན་རྡོ་རྗེ་སློབ་དཔོན་དང།། རྒྱལ་འཐེབ་སྤྱན་དང་སྐར་མ་གིང་ཆེན་དང།། བརྩེ་གདུང་ཤུགས་འཆང་མཆེད་དང་ལྕམ་བྲལ་དང། ། འཇིག་རྟེན་ཅི་འདྲ་སྟོན་པའི་དུས་གསུམ་ཕ་མ་ལ།། དྲིན་ལ་ལེན་གྱིས་ལྡན་ངོ་མ་འཚལ་ན།། མངོན་ཤེས་ལྔ་དང་ལྡན་གྱུར་ནས།། རིག་པ་གནས་མཆོག་བཅོ་བརྒྱད་ལ།། མཁས་པའི་དངོས་གྲུབ་སྩལ་དུ་གསོལ། ། མ་ཧཱ་ཡོ་གའི་སྒོ་ནས་སྨོན་ལམ་གདབ་པ་ནི།། ཧོ་ཕྱི་སྣོད་ཀྱི་འཇིག་རྟེན་འབྱུང་པ་ཆེན་པོ་ལྔ་ཡུམ་ཆེན་ལྔའི་མཁའ་ཀློང་རྣམ་བར་དག་པའི་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས། ནང་བཅུད་ཀྱི་འཇིག་རྟེན་ལམ་རྒྱུད་ལྔའི་སེམས་རྒྱལ་བ་རིགས་ལྔའི་རང་བཞིན་གྱིས། ཡབ་ཡུམ་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་ཁྱད་པར་ལས། སེམས་དཔའ་དང། སེམས་མ་དང། ཁྲོ་བོ་དང། ཁྲོ་མོ་དང། སྤྲུལ་པ་དང། ཡང་སྤྲུལ་ལ་སོགས་པ་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་བཀོད་པ་མི་ཟད་པ་རྒྱན་གྱི་འཁོར་ལོ་མཛོད་བསྒྱིངས་པ་ལྟ་བུས། ཐབས་ལ་ཐབས་རོལ། ཡེ་ཤེས་ལ་ཡེ་ཤེས་རོལ། ཆོས་ཉིད་ལ་ཆོས་ཉིད་རོལ་པའི་ཚུལ་གྱིས། འཁོར་བ་སངས་རྒྱས་པར་མཛད་པའི་དུས་གསུམ་གྱི་བདེ་བར་གཤེགས་པའི་བྱིན་རླབས་ལས། ཐུགས་ཞི་བའི་ངང་ལས་མ་གཡོས་པར་སྐུ་འབར་བའི་ཆ་ལུགས་ཀྱིས་ང་རྒྱལ་དྲེགས་པས་ཁེངས་པའི་བར་དུ་གཅོད་པའི་བདུད་དང་སྲིན་པོ་ཚར་བཅད་ནས། ། བླ་ན་མེད་པར་སྒྲོལ་བར་མཛད་པ་རྣམས་ལ་འདྲེས་པ་ཆེན་པོ་དོན་གྱིས་ཕྱག་འཚལ་ནས། ཡེ་ཤེས་ཐུགས་རྗེའི་ངང་གིས་མཁྱེན་པར་མཛད་ནས་དགོངས་སུ་གསོལ་ལོ། འབྱོར་བ་ཐམས་ཅད་ནི་ལོངས་སྤྱོད། ཕུལ་བ་ཐམས་ཅད་ནི་མཆོད་བར་བཞེས་ནས། བདག་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་རྡོ་རྗེ་འཆང་གི་གྲལ་ཐོབ་ཤོག། ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་ས་ལ་གནས་སྟོབས་པར་གྱུར་ཅིག། ཆོས་ཉིད་ལ་རྟོག་པ་མེད་ཅིང། མེ་ལྕེ་ལ་སྦྲང་བུ་མི་འཆགས་པ་ལག་ན་འང། ཀུན་རྫོབ་སྒྱུ་མ་ཙམ་གྱི་དབང་གིས་དམ་ཚིག་ཉམས་ཤིང་ཆག་པ་རྣམས་དང། ཕྱོགས་བཅུ་འཇིག་རྟེན་གྱི་ཁམས་ན་རྡོ་རྗེ་སློབ་དཔོན་དང་མཆེད་དང། ལྕམ་བྲལ་མཐའ་དག་བཞུགས་པ་རྣམས་དགོངས་སྤྱོད་རྣལ་འབྱོར་གྱི་དོན་ལ་ཐུགས་དམ་རྩེ་གཅིག་ཏུ་མཛད་པ་རྣམས་ཀྱི་ཐུགས་དམ་སྐོངས།། བདག་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱི་དབྱར་དམ་ཉམས་པ་སོ་སོ་གསལ་ནས། ཐམས་ཅད་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུ་གནས་སྟོབས་བར་སྨོན་ཏོ།། ཨ་ནུ་ཡོ་གའི་སྒོ་ནས་སྨོན་ལམ་གདབ་པ།། ཧོ་ཁམས་གསུམ་ཆོས་ཉིད་ཀྱི་དུར་ཁྲོད། དུག་གསུམ་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར། ཙིཏྟ་མཁའ་མཉམ་གྱི་རྒྱལ་པོ། ཀུན་གཞི་མ་བཅོས་པའི་ཐིག་ལེ། ཡིད་ཡེ་ཤེས་སེམས་དཔར་བཞུགས་པ། ཐུགས་ཡེ་ཤེས་ཀློང་དག་ན་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པར་ལྷུན་གྱིས་གྲུབ་སྟེ། ཆོས་སྐུར་ལྷུན་གྱིས་གྲུབ་པར་གྱུར་ཅིག། ཡོད་མེད་རྟག་ཆད་ཀྱི་ཆོས་ཐམས་ཅད་མ་སྐྱེས་པའི་ཆོས་ཉིད་དུ་མཆོད་པར་ཕུལ། གཟུང་འཛིན་དང་རྟོག་པའི་བག་ཆགས་མ་གཡོས་པའི་ཡེ་ཤེས་སུ་གནས་སྟོབས། ཉོན་མོངས་པ་དང་རྟོགས་པའི་སྒྲིབ་པ་ཐུགས་མཉམ་པའི་ཀློང་དུ་ཐུགས་དམ་བསྐུལ་བས། རྒྱལ་བ་རྒྱ་མཚོ་ཚོགས་ཐམས་ཅད་གཉིས་སུ་མེད་པའི་མཆོད་པས་མཉེས་པར་གྱུར་ཅིག། ཕྱི་ནང་སྣོད་བཅུད་ཀྱི་བསྡུས་པའི་ཆོས་ཐམས་ཅད་ཆེ་མཆོག་ཧེ་རུ་ཀར་སྐུ་ཡི་དཀྱིལ་འཁོར་རྫོགས། གྷུ་ཡ་ཧེ་རུ་ཀར་གསུང་གི་དཀྱིལ་འཁོར་གྲུབ། ས་ནུ་ཧེ་རུ་ཀར་ཐུགས་ཀྱི་དཀྱིལ་འཁོར་ཕྱིན་པས། བདག་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་དུ་ཕྱིར་མི་ལྡོག་པའི་ས་ཐོབ་པར་མ་ཧཱ་སུ་ཀ་བདེ་བ་ཆེན་པོར་སངས་རྒྱས་ཏེ་ལྷུན་གྱིས་གྲུབ་པར་སྨོན་ཏོ།། ཨ་ཏི་ཡོ་གའི་སྒོ་ནས་སྨོན་ལམ་གདབ་པ་ནི། ཧོ་བླ་ན་མེད་པའི་སངས་རྒྱས་ནས། འཇིག་ཚོགས་ཀྱི་དམྱལ་བ་ཡན་ཆད་ཀྱི་ཀུན་གཞི་བྱང་ཆུབ་སེམས་ཇི་ལྟར་ཡིན་ན། ཡིན་ཡང་གཟུགས་དང། ཁ་དོག་དང། དངོས་པོ་དང། མཚན་མ་ཕྱོགས་དང། རིས་སུ་མི་གནས་པ་ཀུན་ཏུ་བཟང་པོ་བདེ་བ་ཆེན་པོ་ཡིན་ལ། གྲུབ་ཀྱང་ཀུན་ཏུ་བཟང་པོ་བདེ་བ་ཆེན་པོའི་རང་བཞིན་དུ་སངས་རྒྱས་པར་གྱུར་ཅིག། སངས་རྒྱས་ཐམས་ཅད་ཀྱང་རྒྱུ་བྱང་ཆུབ་ཀྱི་སེམས་ལས་བྱུང་ལ། སེམས་ཅན་ཐམས་ཅད་ཀྱང་སངས་རྒྱས་པའི་རྒྱུ་ཡིན་ལ། ཡིན་པའི་དོན་ལ་རྒྱུ་འབྲས་གཉིས་སུ་མེད་པའི་བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོ་སངས་རྒྱས་པར་གྱུར་ཅིག། སེམས་ཅན་གྱི་རྣམ་པར་རྟོག་པ་ཉི་མ་སྤངས་པར་རྟོག་པའི་མཚན་མ་ཅི་བྱུང་བ་ཉིད་མ་གཡོས་པའི་ཆོས་ཉིད་དུ་ཤེས་ཏེ་བསྒོམས་པས། ཆོས་ཀྱི་དབྱིངས་གཞན་དུ་བཙལ་མི་དགོས་ཏེ། རང་ལ་རང་ཆས་སུ་ཡེ་ནས་ཡོད་པ་དང། སེམས་ཀྱི་སྡུག་བསྔལ་ཉིད་མ་སྤངས་པར་སྡུག་བསྔལ་ཅི་སྐྱེས་པ་མ་བསླད་པའི་ཡེ་ཤེས་ཆེན་པོ་ཡིན་ཏེ། བསྒོམས་པས་རང་བྱུང་གི་ཡེ་ཤེས་གཞན་དུ་བཙལ་མི་དགོས་ཏེ། རང་ལ་རང་ཆས་སུ་ཡེ་ནས་ཡོད་པ་ཡིན་ན། ཡིན་ཀྱང་གཉིས་སུ་མེད་པ་ཡིན་ལ། གྲུབ་ཀྱང་གཉིས་སུ་མེད་པའི་མཚན་ཉིད་བྱང་ཆུབ་སེམས་སུ་མཐར་ཕྱིན་པར་གྱུར་ཅིག། སེམས་ཅན་ཉོན་མོངས་པ་ཉིད་མ་སྤངས་པར་བྱུང་ཚོར་དང་འདུ་བྱེད་ཅི་སྐྱེས་ཀྱང་དེ་ཉིད་ཐིག་ལེ་ཆེན་པོར་ལས་མི་འགྱུར་ཏེ། མི་འགྱུར་པའི་གཡུང་དྲུང་ཡེ་ནས་ལྷུན་གྱིས་གྲུབ་པའི་དེའི་དོན་ལ་རྟོགས་ཏེ་བསྒོམས་པས། སངས་རྒྱས་ཐམས་ཅད་ཀྱི་མ་བསླད་པའི་སེམས་ཉིད་གཞན་དུ་བཙལ་མི་དགོས་ཏེ། རང་ལ་རང་ཆས་སུ་ཡེ་ནས་ཡོད་པ་དེ། ཡོད་ཀྱང་བདག་དང་སེམས་ཅན་ཐམས་ཅད་ལ་ཡོད་ལ། གྲུབ་ཀྱང་དེ་ཉིད་རྟོགས་པའི་ཀློང་དུ་མཐར་ཕྱིན་ཏེ་སངས་རྒྱས་པར་གྱུར་ཅིག། ཡིན་ཀྱང་སངས་རྒྱས་དང་སེམས་ཅན་ཐམས་ཅད་ཡོད་རང་བྱུང་གི་ཡེ་ཤེས་སུ་བཙལ་བ་མེད་པར་སངས་རྒྱས་ཡིན་ལ། དོན་ཀྱང་དེ་བཞིན་དུ་སངས་རྒྱས་པར་གྱུར་ཅིག་ཆོས་ཐམས་ཅད་ཡིན་ཀྱང་རྒྱུ་དང་འབྲས་བུ་གཉིས་སུ་མེད་པ་མཉམ་པ་ཉིད་ཡིན་ལ། དོན་ཀྱང་རྒྱུ་དང་འབྲས་བུ་མཉམ་པ་ཉིད་གཉིས་སུ་མེད་པའི་རང་བཞིན་དུ་སངས་རྒྱས་པར་གྱུར་ཅིག། ཆོས་ཐམས་ཅད་ཡིན་ཀྱང་བཟང་ངན་དང་བདེ་སྡུག་ཐམས་ཅད་སེམས་ཉིད་ཀུན་ཏུ་བཟང་པོ་བཟང་ངན་མེད་པ་ཡིན་ལ། དོན་ཀྱང་སེམས་ཉིད་ཀུན་ཏུ་བཟང་པོ་བཟང་ངན་སྤོངས་ལེན་མེད་པར་སངས་རྒྱས་པར་གྱུར་ཅིག། ཆོས་ཐམས་ཅད་བཟང་ངན་དང་སྤོངས་ལེན་མེད་ལ། ཕྱི་དང་ནང་དུ་ཕྱོགས་རིས་མེད་པས་ཡོད་མེད་རྟག་ཆད་ལས་འདས་ཏེ། སྐྱེ་ཤི་དང་འཕོ་འགྱུར་མེད་པ་ཡིན་པས། བདག་དང་སེམས་ཅན་ཐམས་ཅད་ཀྱང་དོན་དེ་བཞིན་དུ་སངས་རྒྱས་པར་གྱུར་ཅིག། ཆོས་ཐམས་ཅད་གནས་ཀུན་ཏུ་བཟང་པོ་ཡིན་པས་ཕྱིའི་ཡུལ་ལ་ཆགས་སྡང་མ་སྐྱེས། ཆོས་ཐམས་ཅད་སྟོན་པ་ཀུན་ཏུ་བཟང་པོ་ཡིན་པས་ནང་གི་སེམས་ལ་སྐྱེ་ཤི་མེད། ཆོས་ཐམས་ཅད་དུས་ཀུན་ཏུ་བཟང་པོ་ཡིན་པས་དུས་ལ་སྔ་ཕྱི་དང་འཕོ་འགྱུར་མེད། ཆོས་ཐམས་ཅད་སྟོན་པ་ཀུན་ཏུ་བཟང་པོ་ཡིན་པས་རྒྱུ་འབྲས་དང། ཕྱོགས་རིས་དང། ཉེ་རིང་མེད་པར་ལ་རྦད་ཀྱིས་བཅད་དེ་བསྟན་པས་དོན་དེ་བཞིན་དུ་གོ་ཞིང་རྟོགས་པར་གྱུར་ཅིག། གོང་བཞིན་རྟོགས་པས་བདག་དང་མཐའ་ཡས་སེམས་ཅན་ཐམས་ཅད་སངས་མི་རྒྱས་པའི་དབང་མེད་དེ་མངོན་པར་རྫོགས་པར་སངས་རྒྱས་པར་གྱུར་ཅིག། བདག་གིས་སྟོན་པ་ཀུན་ཏུ་བཟང་པོའི་བཀའ་བཞིན་དུ། རྒྱུ་གདོད་མ་ནས་དག་པས་ཆགས་པ་ནི་འབྲས་བུ་སྐུ་གསུང་ཐུགས་ལ་ཡང་མ་ཆགས། འབྲས་བུ་བཙལ་བ་མེད་པར་སངས་རྒྱས་པས་བྲལ་བ་ནི་སྔགས་དང་ཕྱག་རྒྱ་དང་ཡང་མ་བྲལ། ཐམས་ཅད་ཀུན་ཏུ་བཟང་པོ་ཡིན་པས་སྤངས་ནི་རྟོག་པ་གང་ཡང་མ་སྤངས། ཡེ་ནས་ཁྱབ་གདལ་ཆེན་པོའི་ངང་དུ་སངས་རྒྱས་པས་རིག་ནི་འབྱུང་བ་ལྔ་ལ་ཡང་མི་ལུས། མཁྱེན་པའི་ཡེ་ཤེས་ལ་སྣང་བའི་ཉི་མ་ཤར་བས་རྟེན་ནི་ཡེ་ཤེས་ལྔ་ལ་ཡང་མི་འཆའ། རང་བྱུང་གི་ཡེ་ཤེས་མ་བཅོས་པར་ཀུན་གཞི་གནས་པས་དངོས་གྲུབ་ནི་སངས་རྒྱས་ལའང་དེ་ལས་མེད་པས། འདི་ལྟར་རྟོགས་ཤིང་ཚིག་ཏུ་བརྗོད་པས། འཕོ་འགྱུར་མེད་པའི་གནས་ཤེས་པས་སྐྱེ་ཤི་མེད་པའི་ཚེར་གྱུར། དོན་འདི་བསྟན་པས་ཀྱང་བདག་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་སངས་མི་རྒྱ་བའི་དབང་མེད་དེ་སངས་རྒྱས་པར་གྱུར་ཅིག། འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་རང་གི་སེམས་ཡིན་པའི་ཕྱོགས་དང་རིགས་མེད་པར་རང་བྱུང་གི་ཡེ་ཤེས་སུ་བརྡལ། ཕྱི་དང་ནང་མེད་པར་ཆོས་ཉིད་ཀྱི་ཀློང་དུ་ཤར། སྟེང་དང་འོག་མེད་པར་ཐིག་ལེ་ཆེན་པོའི་ཀློང་དུ་བརྡལ་པས། དམྱལ་བ་སངས་རྒྱས་སུ་དོངས་སྤྲུགས། སྡུག་བསྔལ་ཆོས་ཉིད་དུ་ལ་ཟླས།། རྣམ་རྟོགས་ཡེ་ཤེས་སུ་ལམ་གཏོད།། རྒྱུད་དྲུག་བདེ་ཆེན་དུ་རྒྱས་བཏབ། མཐོན་དམན་ཀློང་ཆེན་དུ་ཁོད་བསྙམས། རྟག་ཆད་ཚིག་ལས་འདས་པར་སུན་ཕྱུང། སེམས་ཡེ་ནས་སངས་རྒྱས་པར་བདེ་བརྡལ་བས།། དོན་འདི་ཚིག་ཏུ་བརྗོད་པ་དང། རྟོགས་པ་དང། ཀློང་དུ་གྱུར་བ་ལྟ་ཅི་སྨོས་ཀྱྀ། བཀའ་འདི་ཟུར་ཙམ་བསྟན་པས། བདག་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་སངས་མི་རྒྱས་པའི་དབང་མེད་དེ་སངས་རྒྱས་པར་གྱུར་ཅིག། དེ་ལྟ་བུའི་བཀའི་མན་ངག་ཉིང་ཁུ་འདིས། ལུང་དང་མན་ངག་གི་སློབ་དཔོན་གྱི་སྔ་རབས་འདས་པ་དང། ད་ལྟར་བཞུགས་པ་དང། ཕྱིས་འབྱོན་པ་དང། མན་ངག་གི་དོན་སྤྱོད་པའི་མཆེད་ཐམས་ཅད་ཟབ་མོའི་དོན་མཐར་ཕྱིན། གསང་བའི་མན་ངག་གཞན་ལ་མ་འཕེལ།། ངེས་པའི་འབྲས་བུ་མི་སླུ་བ་ཐོབ།། བཀའ་ཐིགས་པ་གཏེར་དུ་བླངས་ནས། ཀུན་ཏུ་བཟང་པོ་དབྱེར་མེད་པའི་ས་ལ་བྱ་བཙལ་མེད་པར་སངས་རྒྱས་པར་སྨོན་ཏོ། ཁྲོ་བོའི་ལྷ་ཚོགས་རྣམས་ལ་ཕྱག་འཚལ་བ་དང། བཤགས་པའི་ཆོ་ག་ཁྲོ་བོའི་སྤང་སྐོང་རྫོགས་སོ།། རྒྱ་གར་གྱི་མཁན་པོ་ཧཱུཾ་ཀ་ར་དང། བོད་ཀྱི་ལོ་ཙཱ་བ་གནུབས་ནམ་མཁའ་སྙིང་པོས་བསྒྱུར་བའོ།། །། རྒྱ་གར་སྐད་དུ། སརྦ་ཏ་ཐཱ་ག་ཏ་སྭ། བྷ་བྷི་ས་ས་ཏན་ཏྲ། བོད་སྐད་དུ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དགོངས་པ་འདུས་པའི་རྒྱུད། བཅོམ་འདས་དཔལ་ཀུན་ཏུ་བཟང་པོ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ།། དེ་ནས་བཅོམ་ལྡན་འདས་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད། རིགས་ལྔ་དེ་བཞིན་གཤེགས་པའི་ངོ་བོ། སྐུ་གསུང་ཐུགས་རྡོ་རྗེའི་བདག་ཉིད། ཡེ་ཤེས་ཆེན་པོའི་རོལ་བ། གཉིས་སུ་མེད་པའི་ཐིག་ལེ། ཡོངས་སུ་བཀོད་པའི་སྙིང་པོ་ཐམས་ཅད་དུ་ཁྱབ་བརྡལ་བ་ནི་འདི་ལྟ་སྟེ། ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་པ་མེད་པའི་སངས་རྒྱས། ཅིས་ཀྱང་བཙལ་དུ་མེད་པ། མི་འགྱུར་བ་འགྱུར་བ་མེད་པ། མ་བཅོས་པ་བཅོས་སུ་མེད་པ། མི་སྣང་བ་སྣང་བ་མེད་པ། མ་གྲུབ་པ་སྒྲུབ་ཏུ་མེད་པ། གཉིས་སུ་མེད་ཅིང་ཐ་མི་དད་པ། ཐམས་ཅད་དུ་སོ་སོ་མ་ཡིན་པའི་སངས་རྒྱས་དེ་ཉིད། ཉིད་ལ་ཉིད་གསུང་དུ་མེད་པའི་དགོངས་པར་འདུས་པ་གསུང་པ་ནི། ཆོས་ཐམས་ཅད་བརྗོད་དུ་མེད་ཅིང་བརྗོད་པ་ལས་འདས་པས། འདས་པའི་སངས་རྒྱས་ཐམས་ཅད་ནི་ཆོས་ཉིད་མ་སྐྱེས་པའི་རང་བཞིན་དུ་འདུས་སོ། ། ཆོས་ཐམས་ཅད་བསམ་དུ་མེད་ཅིང་བསམ་པ་ལས་འདས་པས། ད་ལྟར་གྱིས་སངས་རྒྱས་ཐམས་ཅད་ནི་བྱང་ཆུབ་ཀྱི་སེམས་དེ་བདེ་བ་ཆེན་པོར་འདུས་སོ།། ཆོས་ཐམས་ཅད་འགྱུར་བ་མེད་ཅིང་འཕོ་འགྱུར་ལས་འདས་པས། མ་བྱོན་པའི་སངས་རྒྱས་ཐམས་ཅད་ནི་རང་བྱུང་གི་ཡེ་ཤེས་བཙལ་དུ་མེད་པར་འདུས་སོ།། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་སྤྲོས་པ་མེད་པའི་ཐིག་ལེ་ཆེན་པོར་འདུས་སོ། ། དེ་ལ་ཆེད་དུ་བརྗོད་པ། ཨེ་མ་ཧོ། སྣང་སྲིད་ཆོས་རྣམས་ཐམས་ཅད་ཡེ་ནས་སྟོང།། འཁོར་བའི་ཆོས་ལ་ཡེ་ནས་སྟོང།། འཁོར་བའི་ཆོས་ལ་དངོས་པོ་མེད།། སེམས་ཅན་འདི་ཞེས་བརྟག་པ་མེད།། དེ་བཞིན་མི་གནས་མྱ་ངན་འདས། ། རྣམ་པར་ཐར་པའི་ཆོས་ཉིད་དང།། བྱང་ཆུབ་སེམས་ཀྱི་རང་བཞིན་ནི། སུས་ཀྱང་མ་བྱས་སུས་བྱེད་ཡོད།། ནམ་མཁའ་བཞིན་དུ་ཡེ་གནས་ལ།། དེ་ལ་མཁས་པས་བཅོས་སུ་མེད། ། དེ་ལྟར་དུས་གསུམ་འགྱུར་མེད་པས།། དེ་ནི་ཆོས་སྐུ་རྟག་པ་ཞེས།། ཀུན་གྱི་བདག་ཉིད་ཡིན་པར་བཤད།། དེ་ཡང་ཡེ་ནས་རང་བྱུང་དུ།། ཡེ་ཤེས་ཆེན་པོ་ཉིད་ཡིན་པས།། མེད་ཅིང་སྟོང་བར་མ་གྱུར་པས།། ཇི་ལྟར་བསམས་པ་བཞིན་དུ་འབྱུང། ། དཔེར་ན་ཡིད་བཞིན་རིན་ཆེན་རྟོགས།། འདི་འདྲ་རྟག་པར་མི་སྣང་ཡང།། འདོད་པའི་དགོས་པ་འབྱུང་བ་བཞིན།། སེམས་ཀྱི་ཆོས་ཉིད་དེ་དང་མཚུངས།། ནོར་པར་བརྟགས་པས་མཚན་མའི་རྫས། ། བག་ཆགས་སྐྱེས་པ་ཅི་བསམས་ཀྱང།། དེ་ལ་རྟག་ཅིང་ངེས་མེད་པས།། འདུས་བྱས་ཆོས་ཞེས་དེ་ལ་བྱ།། དེ་བས་ཐམས་ཅད་འདུས་པའི་ཆོས།། བདེ་གཤེགས་ཀུན་བཟང་བཀའ་འདི་ནི།། ཚིག་གཅིག་ཐོས་པས་སངས་རྒྱས་ཏེ། ། འཁོར་བ་བཙལ་ཡང་མི་རྙེད་དོ།། སངས་རྒྱས་མ་ལུས་འདུས་པ་ཡི། ཀུན་ཏུ་བཟང་པོའི་བཀའ་འདི་ནི། ནམ་མཁའ་བཞིན་ཏེ་འགྱུར་བ་མེད།། ཡེ་ཤེས་ཉི་མ་དང་འདྲ་བས། ། གསལ་བ་དེ་ལ་འཆར་ནུབ་མེད།། ཡེ་ནས་ཡིན་པས་འཛིན་རྟོགས་མེད།། ལྷུན་གྱིས་གྲུབ་པས་འཕོ་འགྱུར་མེད།། དེ་བཞིན་ངེས་པས་མ་ཡེངས་བསྒོམ།། ཇི་ལྟར་སྣང་བའི་ཆོས་རྣམས་ཀུན། འདི་འདྲར་ཚིག་གིས་མཚོན་དུ་མེད། ། མན་ངག་ཀློང་ཆེན་ཡེ་བརྡལ་བས།། བདེ་བ་ཆེན་པོར་ཡེ་སངས་རྒྱས།། ཅིས་ཀྱང་མི་འགྱུར་བྱང་ཆུབ་སེམས།། མ་བཅོས་ཡེ་ནས་ལྷུན་གྱིས་གྲུབ།། དེ་ལ་རྩོལ་མེད་མ་བཅོས་བཞག། ཅེས་ཆེད་དུ་གསུངས་པས། སངས་རྒྱས་ཐམས་ཅད་ཀྱི་དོན་འདུས་པར་གྱུར་ཏོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དགོངས་པ་འདུས་པའི་རྒྱུད་ལས། སྐབས་དང་པོའོ།།།། དེ་ནས་སངས་རྒྱས་ཐམས་ཅད་ཀྱི་རང་བཞིན་ཆེད་དུ་བརྗོད་པ། ཨེ་མ་ཧོ། སྣང་དང་མི་སྣང་འཁོར་བའི་ཆོས།། ཡོད་མེད་རྟག་ཆད་འཁོར་བའི་རྒྱུ། སངས་རྒྱས་སེམས་ཅན་འཁྲུལ་པའི་ཚིག། བདེ་དང་སྡུག་བསྔལ་ནོར་བའི་ལམ།། སྒྱུ་མ་སྨིག་སྒྱུ་འདྲ་བཞིན་དུ། ། ཅིར་ཡང་མ་གྲུབ་ཅིར་ཡང་སྣང།། དེ་བཞིན་ཆོས་རྣམས་ཐམས་ཅད་ཀུན།། ཐམས་ཅད་དེ་བཞིན་ཆོས་འདྲ་བས།། འདི་ལྟར་སྣང་བ་ཐམས་ཅད་ཀུན།། སངས་རྒྱས་ཉིད་ཀྱི་རང་བཞིན་ལས།། སངས་རྒྱས་གཞན་ནས་བཙལ་དུ་མེད། ། ལོག་པར་བརྩོན་པ་ནོར་བའི་ལམ།། ངེས་པར་བསྟན་ཡང་མ་གོ་ལ།། རང་བཞིན་བ་ལ་འཇིག་རྟེན་པ།། ཐར་པའི་དུས་མེད་སྡུག་བསྔལ་མེད།། དེ་ནི་གྲོལ་བར་ངས་མ་བཤད།། དེ་བས་སངས་རྒྱས་རང་བཞིན་ནི། ། སེམས་དང་ཆོས་དང་ནམ་མཁའ་གསུམ།། ཡེ་ནས་མ་བཅོས་དོན་ཤེས་པ།། དེ་ནི་སངས་རྒྱས་རང་བཞིན་ཡིན།། འདི་ལྟར་སྣང་བ་ཐམས་ཅད་ཀུན།། ཡེ་ནས་སེམས་ཀྱི་རང་བཞིན་ལ།། ཚིག་དང་ཡི་གེས་སྒྲོ་མི་གདགས། ། མ་བཙལ་མ་བཅོས་བདེ་བར་གནས།། ཡེ་ནས་སངས་རྒྱས་རང་བཞིན་ནི།། ནམ་མཁའ་འདྲ་སྟེ་འཕོ་འགྱུར་མེད།། མ་ཡེངས་ངེས་པ་འདི་ཐོས་ན། སངས་རྒྱས་རང་བཞིན་རྩོལ་མི་དགོས། ། སེམས་དང་ཆོས་དང་ནམ་མཁའ་ལ།། ཚིག་དང་ཡི་གེ་འདི་འདྲ་ཞེས།། ཀུན་ཏུ་བཟང་པོ་ངས་མ་རྙེད། སངས་རྒྱས་རང་བཞིན་དེ་ཉིད་ཡིན།། མེད་དེ་ཆད་པ་མ་ཡིན་ཏེ། དགོངས་པ་ཏིང་འཛིན་ནང་ན་གསལ། ། གསལ་བ་མ་འདྲེས་དོན་གསལ་བ།། ཇི་ལྟར་འདོད་པ་རང་དབང་སྒྱུར།། ཆོས་ཉིད་ནམ་མཁའ་ཡངས་པ་ལ།། རང་གི་ཡེ་ཤེས་འདེ་བརྡལ་བས།། ཁྱུང་ཆེན་ནམ་མཁར་ལྡིང་བ་བཞིན།། གང་དུ་བསམས་པར་མ་བགྲོད་ཕྱིན། ། ཀུན་ཏུ་བཟང་པོ་བཀའ་འབྱུང་བས། ལོག་ལྟ་ངེས་པ་མིང་ཡང་མེད།། འདོད་བསྒྱུར་རིན་ཆེན་ཆར་འབེབས་བཞིན།། ཡིད་ལ་བསམས་པ་བཞིན་དུ་འབྱུང།། མུན་རུམ་སྣང་བའི་འོད་ཤར་བཞིན། སྐྱོན་རྣམས་ཡོན་ཏན་བཞིན་དུ་སྣང།། ཕྲ་མའི་ཏིང་ནི་འབྱོངས་བ་ལྟར།། གང་ལྟར་དམིགས་པ་དེ་བཞིན་སྣང།། ཐམས་ཅད་ཀུན་ཏུ་བཟང་པོར་གནས།། གཞན་དུ་སྨོན་ན་ཡེ་ནས་རྫོགས།། མཁའ་ལྟར་མཉམ་པ་ཉིད་དུ་ཞོག། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དགོངས་པ་འདུས་པའི་རྒྱུད་ལས། སྐབས་གཉིས་པའོ།།།། དེ་ནས་སངས་རྒྱས་ཐམས་ཅད་ཀྱི་མཚན་གྱི་ཁྱབ་པར་ནི། སེམས་ཀྱི་མཚན་ཉིད་སངས་རྒྱས་ནི། མ་གཡོས་པ་ཡི་ནམ་མཁར་འདུས།། མཐའ་དབུས་མེད་པའི་ཆོས་ཉིད་ནི།། མ་བཅོས་པ་ཡི་དབྱིངས་སུ་འདུས།། ཕྱི་ནང་མེད་པ་ཆོས་ཀྱི་སྐུ།། འཕོ་འགྱུར་མེད་པའི་ཀློང་དུ་རྫོགས།། བཟང་ངན་མེད་པའི་བྱང་ཆུབ་སེམས། ། བདེ་བ་ཆེན་པོར་མངོན་སངས་རྒྱས།། རྡུལ་གཅིག་རྡུལ་སྙེད་སངས་རྒྱས་ཀྱང།། རིགས་ལྔ་ཡེ་ཤེས་ལྔ་ཡི་ངང། ཡེ་ཤེས་སེམས་དཔའ་ཉིད་ཀྱི་ངང།། དེ་ལས་མ་འདུས་གཅིག་ཀྱང་མེད།། ཐམས་ཅད་གཅིག་སྟེ་ཡོངས་ཀྱིས་མེད། ཁམས་གསུམ་སྟོང་གསུམ་ལ་སོགས་པ།། ཇི་སྲིད་རྫས་སུ་སྣང་བ་དང། མུ་མཐའ་མེད་པ་ཐམས་ཅད་ཀུན། འདུས་པས་ལུས་ངག་ཡིད་གསུམ་ཉིད།། དེ་ཡང་རང་གི་བྱང་ཆུབ་སེམས། ། ཆོས་ཉིད་ཀུན་ཏུ་བཟང་པོ་ལ།། རང་བྱུང་ཡེ་ཤེས་ཀློང་བརྡལ་བས།། སངས་རྒྱས་དོན་རྣམས་འདུས་ཞེས་བྱ།། ཚིག་ཏུ་སྨྲ་བའི་ཚིག་མཐའ་མེད།། ཚིག་དང་ཡི་གེ་གང་འདོད་པ། སངས་རྒྱས་མཚན་ཡང་དེ་ཉིད་དུ། ། བགྲང་གིས་མི་ལང་བརྗོད་ལས་འདས།། ཚིག་དང་ཡི་གེ་ལས་འདས་ཤིང།། ཡོད་མེད་རྟག་ཆད་སྤྲོས་བྲལ་ན། སངས་རྒྱས་མཚན་ཡང་བརྗོད་མེད་པས།། བརྗོད་མེད་སྤྲོས་བྲལ་ཚིག་ལས་འདས།། སངས་རྒྱས་སེམས་ཅན་འདི་འདྲ་ཞེས། ། བཙལ་ཡང་རྒྱལ་བས་མི་རྙེད་ན།། སངས་རྒྱས་མིང་དུ་འདོགས་པ་ནོར།། མ་གསུངས་པ་ནི་རྒྱ་ཆེར་བཤད།། ནམ་མཁའ་བཞིན་དུ་སེམས་གདགས་པས།། ཡོད་མེད་རྟག་ཆད་གཉིས་ཀྱི་ཚིག། མ་སྨྲས་པ་དེ་ཅི་ལ་གནོད།། རྣལ་འབྱོར་ཚིག་ཏུ་བརྗོད་པས་ཉེས།། གཏན་ཚིག་ངེས་པ་མ་ཐོས་ཤིང།། ཆོས་ཉིད་ཀློང་དུ་མ་ཕེབས་པའི།། ཚིག་མེད་ཚིག་ནི་རྣམ་གྲངས་པར།། མཁས་པར་རེ་བ་ལུང་དང་འགལ། ངེས་པའི་དོན་ཉིད་མ་ཤེས་པར། ཁ་བཤད་རང་བསྟོད་ཆེ་བ་འབྱིན།། ང་རྒྱལ་སྨ་ཁངས་གང་ཟག་དེ།། གོལ་བའི་ལམ་དུ་ཧ་ར་ཧ་ན།། ཡེ་ནས་རང་བཞིན་མེད་པའི་ཆོས།། ལྷུན་གྱིས་གྲུབ་པར་སངས་རྒྱས་པར། ། རང་གི་སེམས་ཉིད་ཇི་བཞིན་དུ།། གཞན་དུ་སྨྲ་བྱེད་ནོར་བའི་ལམ།། ཡེ་ནས་སངས་རྒྱས་མ་ཡིན་ན།། བྲ་མོ་ནས་སུ་མི་སྐྱེ་བཞིན།། བཙལ་ཀྱང་ཚི་ཆད་ཉོན་མོངས་པས། སངས་རྒྱས་ཞེས་བྱ་ག་ལ་འགྲོགས། ། ཐམས་ཅད་ཡེ་ནས་བདེ་བ་ཆེན།། ཀུན་ཏུ་བཟང་པོར་ཡེ་རྟོགས་ན།། གསེར་རྡོ་འདྲ་སྟེ་འགྱུར་བ་མེད།། དེ་བཞིན་རང་སེམས་གདོད་ནས་དག། འཇིག་རྟེན་འཁོར་བའི་ཆོས་འདི་ནི།། སྤངས་པས་སྤོངས་པར་མི་འགྱུར་ཏེ། ། འཁོར་བའི་རང་བཞིན་ཤེས་པ་ན།། མྱ་ངན་འདས་པ་དེ་ཉིད་ཡིན།། འདོད་པའི་ཡོན་ཏན་ཐམས་ཅད་ཀྱང།། གཞན་ནས་ཐོབ་བྱེད་ནོར་བ་ཡི།། མི་འཆིང་གྲོལ་བས་འགྲུབ་པར་འགྱུར། ། ཡེ་ནས་སངས་རྒྱས་མ་ཡིན་ན།། དེ་ལ་ཐོག་མ་ཐ་མ་མེད།། ཆོས་ཉིད་རང་བཞིན་སེམས་ཉིད་ལ།། ཕྱི་དང་ནངདུ་གྲུབ་པ་མེད།། མཉམ་ཉིད་ཆེ་ཆུང་མེད་པ་ལ།། ཕྱོགས་དང་རིས་སུ་ཕྱེ་བ་མེད།། སེམས་ཉིད་གཉིས་སུ་མེད་པ་ལ། ། བདེ་དང་སྡུག་བསྔལ་བཙལ་དུ་མེད། ནོར་བུ་རིན་ཆེན་དཔེ་བཞིན་དུ།། བྱང་ཆུབ་སེམས་ཀྱང་ཀུན་གྱི་དངོས།། ཇི་ལྟར་འདོད་པ་བཞིན་འབྱུང་བས། སངས་རྒྱས་བྱང་ཆུབ་སེམས་ལ་བསྔགས། ། བདེ་ཆེན་བྱང་ཆུབ་སེམས་འདི་ནི།། ཡེ་ནས་ཡིན་པར་སུས་མཐོང་ལ། ཇི་ལྟར་བསམ་པ་བཞིན་དུ་འགྱུར།། དོན་འདིར་མ་འདས་གང་ཡང་མེད།། ཅེས་གསུངས་སོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དགོངས་པ་འདུས་པའི་རྒྱུད་ལས། སྐབས་གསུམ་པའོ།།།། དེ་ནས་སངས་རྒྱས་ཐམས་ཅད་ཀྱི་མཛད་པ་ཆེད་དུ་བརྗོད་པ། སེམས་ཅན་ཤེས་པ་མི་གཅིག་ན།། སངས་རྒྱས་མཛད་པ་སོ་སོར་སྣང།། སེམས་ཅན་ཤེས་པ་དབྱེར་མེད་ན། སངས་རྒྱས་མཛད་པ་དེ་དང་འདྲ།། སེམས་ཅན་སྲེད་ལེན་འཁོར་བ་ལ།། སངས་རྒྱས་མཛད་པ་བཅུ་གཉིས་མཛད།། ལེ་ལོ་རྟག་དུ་སུན་འབྱིན་ཕྱིར།། མཛད་ཀྱང་མྱ་ངན་འདས་པར་སྟོན། ། ཡུལ་དང་གཟུགས་ནི་གར་ཆགས་པ།། སངས་རྒྱས་མཛད་པ་དེ་དོན་དུ།། སྐུ་དང་ཕྱག་རྒྱ་ལ་སོགས་པ།། བྱིན་རླབས་ཆོ་ཕྲུལ་དེ་བཞིན་སྣང།། ཡང་དག་སངས་རྒྱས་མཛད་པ་ནི། ཅི་མཛད་རང་བཞིན་མེད་པར་མཛད། ། ཅི་གསུང་རང་བཞིན་མེད་པར་གསུང།། ཅི་སྟོན་པ་ནི་ཀུན་ཏུ་བཟང།། སངས་རྒྱས་མཛད་པ་ཁྱད་པར་ཆེ། དངོས་རྣམས་ཡེ་ནས་དངོས་མེད་པས།། འཁོར་བ་ཐམས་ཅད་མྱ་ངན་འདས།། ཐར་པའི་གནས་ཞེས་དེ་ལ་བྱ། ། ཐམས་ཅད་རང་བཞིན་མེད་རྟོགས་ན།། སྡུག་བསྔལ་ཐམས་ཅད་བྱང་ཆུབ་ལམ།། སྐྱོན་རྣམས་ཡོན་ཏན་ཤེས་པ་ན།། ཉོན་མོངས་དུག་ལྔ་ཡེ་ཤེས་སྐྱེ།། ཕྱིན་ཅི་ལོག་ཏུ་ཅི་བལྟས་ཀྱང།། ཐམས་ཅད་གྲོལ་བ་རང་ལས་བྱུང། ། རྣམ་པར་རྟོག་པ་ཅི་སྐྱེས་ཀྱང།། དེ་ཉིད་ཐབས་ཀྱི་བསྐུལ་མ་ཡིན།། མཐོ་རིས་ངན་སོང་ཅི་སྣང་ཡང། ལོག་རྟོག་ཡིན་པས་བརྫུན་དུ་སྣང།། དེ་ཡང་ཐབས་ཀྱི་ཏིང་འཛིན་གྱིས།། ཡེ་ནས་ལྷུན་གྱིས་གྲུབ་པར་གནས། ། ཐམས་ཅད་ཐིག་ལེ་ཆེན་པོ་ལ།། སངས་རྒྱས་མཛད་པ་མ་ཤེས་ན། འོག་མིན་གནས་ཀྱང་དམྱལ་བའི་གནས།། དེ་བཞིན་སྐྱོན་དང་ལོག་པར་སྣང།། དེ་བཞིན་སེམས་ཀྱི་མཛད་སྤྱོད་ནི། ། གསེར་བཙོ་ཚུར་དང་ཕྲད་པ་བཞིན།། བྱང་ཆུབ་སེམས་ཀྱི་རང་བཞིན་ལ།། དེ་ལ་སངས་རྒྱས་སེམས་ཅན་མེད།། མཛད་པ་ཐམས་ཅད་སངས་རྒྱས་ལ།། དོན་ལ་འགྱུར་མེད་ཅེ་ན།། མ་མཛད་པ་ཡང་ངེས་པ་མེད། ། མཛད་པའི་དོན་ཡང་དེ་ལ་འདུས།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དགོངས་པ་འདུས་པའི་རྒྱུད་ལས། སྐབས་བཞི་པའོ།།།། དེ་ནས་སངས་རྒྱས་ཐམས་ཅད་ཀྱི་ཡེ་ནས་གྲུབ་པའི་དོན་བརྗོད་པ། གདོད་ནས་རིན་ཆེན་གསེར་དང་འདྲ།། ཡེ་ནས་དེ་ལྟར་གནས་པ་ལ།། དེ་ལ་བཞུ་དང་མ་བཞུ་མེད།། སེམས་ཉིད་ཡེ་ནས་སངས་རྒྱས་ཏེ།། ཀུན་ཏུ་བཟང་པོར་གྲུབ་ཟིན་པས།། དེ་ལ་སུས་ཀྱང་བཅོས་སུ་མེད། ། མཁའ་ལྟར་མཉམ་པ་ཉིད་དུ་ཞོག། ཆོས་ཉིད་རང་བཞིན་མེད་པ་ལ།། ཚིག་དང་ཡི་གེར་བསྟན་པས་གོལ།། སངས་རྒྱས་སེམས་སུ་དག་པ་ལ།། གཞན་ནས་ཐོབ་བྱེད་ནོར་བའི་ལམ།། ཇི་ལྟར་སྣང་བ་སེམས་ཡིན་པས། ། སེམས་ནི་རྣམ་པ་ཐམས་ཅད་ཀུན།། ཀུན་ཏུ་བཟང་པོར་གྲུབ་ཟིན་ན།། གཞན་དུ་བཙལ་དུ་ཅི་ཡང་མེད།། དཔེར་ན་གླེན་པའི་རང་བཞིན་ཅན།། གླང་པོ་རྙེད་ཀྱང་རྗེས་ཚོལ་ལྟར།། ངེས་པར་བསྟན་ཀྱང་ཡིད་མ་ཆེས། ། དོན་དང་ལྡན་པའི་སྐྱེས་བུ་ཡི།། ཡེ་ནས་གྲུབ་པས་བཙལ་མི་དགོས།། གལ་ཏེ་བཙལ་ཡང་སྐྱོན་མེད་དེ།། མི་འགྱུར་དབྱིངས་ལས་གདོད་ནས་མེད།། དངོས་མེད་ནམ་མཁའ་རང་བཞིན་ལས།། རྫས་དང་དངོས་པོ་དགོས་པ་མེད། ། དེ་བཞིན་སེམས་ཀྱི་རྣམ་པ་ལ།། གང་ཡང་མི་དགོས་ལྷུན་གྱིས་གྲུབ།། པདྨ་ཅན་གྱི་ཞིང་ཁམས་ན།། བདེ་དང་སྡུག་བསྔལ་གཉིས་མེད་ཅིང།། སྐྱེ་ཤི་འཕོ་འགྱུར་མེད་པ་ལྟར།། སེམས་ཀྱི་རྣམ་པའང་དེ་བཞིན་ནོ། མི་གཡོ་བ་ཡི་ཞིང་ཁམས་ན།། སངས་རྒྱས་སེམས་ཅན་གཉིས་མེད་ཅིང།། ལྷ་དང་བདུད་ཀྱང་རིས་མེད་ཅིང།། བྱང་ཆུབ་སེམས་ཀྱང་དེ་བཞིན་ནོ།། ས་ཡི་སྙིང་པོ་གསེར་གླིང་ན།། ཐམས་ཅད་གསེར་དུ་སྣང་བ་བཞིན། ། ཡེ་ནས་སེམས་སུ་གྲུབ་ཟིན་ན།། ཇི་ལྟར་བྱས་ཀྱང་ཀུན་ཏུ་བཟང།། མི་འགྱུར་བ་ཡི་གཡུང་དྲུང་དུ།། ཡོད་མེད་རྟག་ཆད་ཆོས་རྣམས་ཀུན།། རང་བཞིན་མེད་པར་གྲུབ་ཟིན་ན།། དེ་ལྟར་རྟོགས་པས་སྐྱོན་ཅི་ཡོད། ། བྱང་ཆུབ་སེམས་ཀྱི་བདེ་ཀློང་དུ།། འཁོར་བ་མྱང་འདས་གཉིས་མེད་ཅིང།། ཆེ་ཆུང་ཕྱོགས་རིས་གཉིས་མེད་ན།། ང་དང་བདག་ཏུ་སུ་ལས་བྱུང།། འདི་ནི་གསང་ཆེན་ངེས་པ་སྟེ།། ཐམས་ཅད་ལམ་དུ་གྱུར་པ་ཡིན། ། གཞན་ནས་བཙལ་ཡང་མི་རྙེད་པས།། ཡེ་ནས་གྲུབ་པས་ཐམས་ཅད་འདུས།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དགོངས་པ་འདུས་པའི་རྒྱུད་ལས། སྐབས་ལྔ་པའོ།།།། དེ་ནས་སངས་རྒྱས་ཐམས་ཅད་ཀྱི་བཙལ་མི་དགོས་པའི་འབྲས་བུ་བརྗོད་པ། ཐམས་ཅད་ནམ་མཁའ་འདྲ་བ་ལ།། བག་ཆགས་ཚན་མས་བཙལ་མི་དགོས།། དཔེར་ན་རྩི་ལོ་སྐོར་མ་ནི། འབྱུང་བ་ལྔ་ཡིས་མ་བསྐྱེད་པར། ། སྨན་གྱི་འབྲས་བུ་རང་བཞིན་སྐྱེ།། དེ་ནི་རྫུས་ཏེ་སྐྱེ་བ་ཡིན།། ཀུན་ཏུ་བཟང་པོའི་དགོངས་པ་འདི།། ཐེག་པ་གཞན་ནས་མ་བཙལ་བར།། ཡེ་ནས་སངས་རྒྱས་རང་བཞིན་གནས།། དེ་ནི་བསྐལ་པ་བཟང་ཞེས་བྱ། ། ནམ་མཁའ་ལྟ་བུར་ཁྱབ་བརྡལ་བ།། ཕྱོགས་དང་རིས་སུ་བཙལ་མི་དགོས།། ཆོས་ཉིད་དབྱིངས་སུ་ཀློང་བརྡལ་བས།། རྒྱུ་དང་འབྲས་བུར་བཙལ་དུ་མེད།། བྱང་ཆུབ་སེམས་སུ་དོན་རྟོགས་པས། ། སངས་རྒྱས་སེམས་ཅན་ཡེ་ནས་མེད།། བདེ་བ་ཆེན་པོར་དོན་རྟོགས་པས།། འཁོར་བ་ངན་སོང་མྱ་ངན་འདས།། ཆོས་ཉིད་བྱང་ཆུབ་སེམས་འདི་ནི།། བཙལ་བས་རྙེད་པ་མ་ཡིན་ཏེ།། བསྒྲུབས་པས་ས་ཐོབ་མ་ཡིན་པས། ། མཁའ་ལྟར་ཡེ་ནས་རྣམ་པར་དག། ཕྱི་ནང་སྣོད་བཅུད་ཐམས་ཅད་ཀུན།། དབྱིངས་དང་ཡེ་ཤེས་དབྱེར་མེད་པས། གཉིས་མེད་ཐབས་དང་ཤེས་རབ་འབྲེལ།། བདེ་བ་རང་ལ་རྫོགས་ལོངས་སྤྱོད།། འཁོར་བ་མྱ་ངན་འདས་པའི་ཆོས། ། གཉིས་སུ་སྣང་བ་ཐམས་ཅད་ཀུན།། ནམ་མཁའ་བགོ་བཤའ་བྱེད་པ་བཞིན།། རིས་སུ་ཕྱེའང་སྣང་བ་མེད། རང་བཞིན་བདེ་བ་ཆེན་པོ་ནི། རྒྱུ་རྐྱེན་གང་ལ་འང་མ་བསྟེན་པར།། ཐུགས་ཀྱི་སྙིང་པོ་མན་ངག་སྟེ། ། ཐོག་མ་ཉིད་ནས་གྲུབ་པར་བཤད།། དེ་ལ་མ་རྟོགས་ཕལ་བ་རྣམས།། ས་ཐོབ་བྱ་སྒྲོ་རླུང་བསྐྱོད་བཞིན། ངེས་པའི་དོན་ལ་མ་བཞག་པར།། རྒྱུ་འབྲས་ཆོས་ལ་ངེས་པ་མེད།། གང་ཡང་འདི་ཞེས་ས་མ་ཟིན། ། དེ་འདྲའི་གང་ཟག་རླུང་འདྲ་ལ།། དེ་འདུས་པ་ཡི་དོན་མི་སྟོན།། བསྟན་ཀྱང་མི་གོ་སྒྲོ་སྐུར་འདེབས།། ལ་ལས་བཟང་པོ་ཡིད་ཆེས་ཀྱང།། འཇིག་རྟེན་ཁེ་དང་གྲགས་ཚུལ་གྱིས།། ཚིག་ཏུ་སྨོད་ཅིང་ཐབས་ཀྱི་ཚོལ། ། དེ་ལ་འདི་ནི་བསྟན་པ་མིན།། དཔེར་ན་འཛམ་གླིང་གསེར་གྱི་རྒྱུ་ལ་བཙལ་མི་དགོས།། དེ་བཞིན་ཀུན་བཟང་སེམས་ཀྱི་ཆོས།། རྒྱུ་ཉིད་ཡེ་ནས་འབྲས་བུ་ཡིན།། ནམ་མཁའ་བཞིན་དུ་གནས་པ་ལ།། བཙལ་ཀྱང་མ་བཙལ་གདོད་ནས་མེད། འཁོར་ལོས་བསྒྱུར་བའི་རྒྱལ་པོ་ཡིས།། དགེ་བཅུ་གླིང་བཞིར་ཤར་བའི་ཡུན།། སེ་གོལ་ཡུན་ལ་སྣང་བ་བཞིན།། ཡེ་ནས་བདེ་ཆཻན་བྱང་ཆུབ་སེམས།། བཙལ་མི་དགོས་པའི་འབྲས་བུ་ནི། ། ཡུན་དུ་སྐད་ཅིག་ལྷུན་གྱིས་གྲུབ།། ཇི་ལྟར་སྣང་བ་ཐམས་ཅད་ཀུན།། བཙལ་བ་མེད་པར་ཡེ་ནས་བདེ།། སྒྲུབ་མི་དགོས་པར་ཀུན་ཏུ་བཟང།། ཡེ་ནས་མ་བཅོས་ཡེ་ནས་དག། གསེར་ཞུན་བཞིན་དུ་ཡེ་བརྡལ་ལ། ། དེ་ལ་མཁས་པས་བཅོས་སུ་མེད།། ཡེ་ནས་མི་འགྱུར་འགྱུར་བ་མེད། དེ་ལ་ཚིག་ཏུ་བརྗོད་ན་འགལ།། སྨྲ་བ་མང་པོ་བདུད་ཀྱི་ལས།། བབ་ཆོས་མང་མོ་འཆལ་བའི་ཚིག། བརྗོད་པ་མེད་པའི་ངང་ཉིད་ལ།། ནམ་མཁའི་ངང་ལ་མ་གཡོས་ཞོག། ཅེས་གསུངས་སོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དགོངས་པ་འདུས་པའི་རྒྱུད་ལས།། སྐབས་དྲུག་པའོ།།།། དེ་ནས་སངས་རྒྱས་ཐམས་ཅད་ཀྱི་སྐུའི་རྣམ་པ་འདུས་པ་བརྗོད་པ། ཡོད་དེ་དངོས་པོ་སྣང་ན་ཡང།། སྣང་སྲིད་ཡེ་ནས་སངས་རྒྱས་རྒྱན།། མེད་དེ་དངོས་པོ་མེད་ན་ཡང། ཕྱི་ནང་སྣོད་བཅུ་སྟོང་པའི་གཞི།། མཐའ་དབུས་ཕྱོགས་རིས་མེད་པའི་གཞི།། མུ་དང་མཐའ་ལས་འདས་པ་ཡང། ། སེམས་དང་ཆོས་སུ་དབྱེར་མེད་པས།། ཡེ་ནས་ཆོས་སྐུ་འགྱུར་བ་མེད།། ཇི་སྲིད་རྫས་སུ་ཡོད་ཀྱི་བར།། སངས་རྒྱས་སྐུ་ཡང་དེ་བཞིན་ཡོད། ཇི་སྲྀད་དངོས་པོར་མ་གྲུབ་ན།། སངས་རྒྱས་སྐུ་ཡང་དངོས་པོར་མེད། ། དེ་བཞིན་ཡུལ་དང་དབང་པོ་དང།། ཕྱི་ནང་སྣོད་བཅུད་ཐམས་ཅད་ཀུན།། དབྱིངས་དང་ཡེ་ཤེས་གཉིས་མེད་པས།། སངས་རྒྱས་སྐུ་རྣམས་ཆོས་སྐུར་འདུས།། དེ་ཡང་ཏིང་ངེ་འཛིན་ཆོ་འཕྲུལ་ལས། ། ལྷ་དང་ལྷ་མོའི་དཀྱིལ་འཁོར་དུ།། འཁོར་བ་མྱང་འདས་ལོངས་སྤྱོད་པས།། དེ་ཡང་སེམས་ཀྱི་ལོངས་སྤྱོད་དེ།། སེམས་ཀྱི་ཏིང་འཛིན་ལོངས་སྤྱོད་ཀྱིས།། ཇི་ལྟར་འདོད་པ་དོན་རྟོགས་པས། ། ལོངས་སྤྱོད་རྫོགས་སྐུར་ཐམས་ཅད་འདུས།། དེ་ཡང་ཆོས་ཉིད་བྱང་ཆུབ་སེམས།། བྱང་ཆུབ་སེམས་ལ་རིས་མེད་པས།། ལོང་བས་ནམ་མཁའ་འཛིན་པ་འདྲ།། གཟུགས་འཛིན་རྟག་ཆད་འཛིན་པ་ལ།། འཛིན་ཆགས་བཙལ་མེད་སྤྲུལ་པའི་སྐུ། ། སྤྲུལ་སྐུར་འདི་འདྲ་མི་དམིགས་ཀྱང།། ཇི་ལྟར་འདུལ་བ་དེ་བཞིན་སྣང།། བྱང་ཆུབ་སེམས་ཀྱང་དེ་བཞིན་པས།། སངས་རྒྱས་སྐུ་རྣམས་སྤྲུལ་སྐུར་འདུས།། སངས་རྒྱས་སྐུ་དང་རང་གི་སེམས། ། རིས་སུ་བཙལ་ཡང་མི་རྙེད་པས།། ཡེ་ནས་བཅོས་མེད་སྙིང་པོའི་སྐུ།། བྱ་བཙལ་མེད་པར་འདུས་པའོ།། ཞེས་གསུངས་སོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དགོངས་པ་འདུས་པའི་རྒྱུད་ལས། ། སྐབས་བདུན་པའོ།།།། དེ་ནས་སངས་རྒྱས་ཐམས་ཅད་ཀྱི་གསུང་གི་རྣམ་པར་འདུས་པ་བརྗོད་པ་ཆོས་རྣམས་ཚིག་ཏུ་ཡོད་པའི་བར།། དེ་བཞིན་སངས་རྒྱས་གསུང་ཡང་ཡོད།། གལ་ཏེ་ཚིག་ཏུ་སྨྲ་མེད་ན། ། སངས་རྒྱས་གསུང་ཡང་བརྗོད་དུ་མེད།། ཇི་ལྟར་སྣང་བའི་ཆོས་རྣམས་ཀུན།། ཚིག་ཏུ་བརྗོད་ལས་འདས་པ་རྣམས།། སྒྲ་དང་དབྱངས་ཀྱི་ཡི་གེར་འདུས།། དེ་ཡང་འབྲས་བུ་ལྔར་འདུས་པ་སྟེ།། སྙིང་པོ་ངེས་པ་གཅིག་ཏུ་འདུས། ། དེ་ཡང་བརྗོད་དུ་མེད་པའི་དབྱིངས།། ཆོས་དང་སེམས་དང་ནམ་མཁའ་གསུམ།། འདི་འདྲའི་ཚིག་ཏུ་བརྗོད་དུ་མེད།། བརྗོད་དུ་མེད་པའི་ཆོས་ཉིད་གསུང།། སངས་རྒྱས་གསུང་དུ་འདུས་པ་ཡིན། ། འདི་ལྟར་སྣང་བའི་ཆོས་རྣམས་ཀུན།། འདི་འདྲ་ཚིག་དང་ཡི་གེ་མེད།། མི་གསུང་བ་ནི་རྒྱ་ཆེར་བཤད།། ཡེ་ནས་མ་བཅོས་ཆོས་ཉིད་ཡིན།། ཐམས་ཅད་སྟོང་པའི་རང་བཞིན་ལ།། ཚིག་དང་ཡི་གེར་གང་གིས་བརྗོད། ། སུས་ཀྱང་མ་བརྗོད་རྗོད་པ་མེད།། བརྗོད་མེད་ནམ་མཁའི་ངང་དུ་གནས།། ཡེ་ནས་ནམ་མཁའི་རང་བཞིན་ལ།། འདི་འདྲ་སུས་ཀྱང་བརྗོད་དུ་མེད།། དེ་བཞིན་ཆོས་ཉིད་འགྱུར་མེད་པ།། ཚིག་དང་ཡི་གེར་བཏགས་པ་མེད། སངས་རྒྱས་གསུང་རྣམས་ཀུན་འདུས་པས།། ཆོས་ཉིད་སྐྱེ་བ་མེད་པའི་ཀློང།། ཀློང་ལ་འདི་འདྲ་བརྗོད་དུ་མེད།། དེ་ཡང་ཡེ་ནས་བྱང་ཆུབ་སེམས།། ཞེས་གསུངས་སོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དགོངས་པ་འདུས་པའི་རྒྱུད་ལས། སྐབས་བརྒྱད་པའོ།།།། དེ་ནས་སངས་རྒྱས་ཐམས་ཅད་ཀྱི་རྣམ་པ་འདུས་པ་བརྗོད་པ། ཐམས་ཅད་ནམ་མཁའ་བཞིན་དུ་ཤེས།། དེ་ཉིད་མི་འགྱུར་ཆོས་ཀྱི་དབྱིངས། ། དེ་ལྟར་རྟོགས་པ་ཡེ་ཤེས་ཡིན།། འདི་ནི་སངས་རྒྱས་ཀུན་གྱི་དགྲ་དང་གནོད་པའི་བགེགས།། བྱམས་པའི་གཉེན་དང་ཕན་པའི་གྲོགས།། སྒྱུ་མ་ལྟ་བུར་མཉམ་ཤེས་པ།། སངས་རྒྱས་ཐུགས་རྗེ་དབྱེར་མེད་ཤེས། ། རྒྱུ་འབྲས་ཐེག་པ་ཀུན་ལས་བྱུང།། འདི་ནི་རྒྱུ་འབྲས་དབྱེར་མེད་པས།། སངས་རྒྱས་སེམས་ཅན་སྨོས་ཅི་དགོས།། ཐམས་ཅད་རང་གི་བྱང་ཆུབ་སེམས།། ཐམས་ཅད་ནམ་མཁར་ཤེས་པ་ལ།། ཕྱོགས་ཆར་གཙོ་བ་མེད་བ་བཞིན། ། སེམས་ཅན་རང་གི་སེམས་ཡིན་ན།། དེ་ལ་གྲུབ་དང་མ་གྲུབ་མེད།། ལ་ལ་ཀུན་ཏུ་བཟང་པོའི་བཀའ།། ངེས་པ་དི་ལ་མི་གནས་པ།། རང་ཤེས་མོས་བརྩོན་ཕྱོགས་འཆར་ལ།། དམིགས་པ་བཅས་ཏེ་ངར་འཛིན་པ། ། དེ་ལ་ངེས་པའི་དོན་མེད་པས།། དེ་བས་བཀའ་འདི་མ་བསྟན་ན།། དོན་གྱི་འབྲས་བུ་ལོག་པར་འགྱུར།། དེ་བས་ཀུན་བཟང་ང་ཡི་བཀའ།། གཞན་གྱིས་སྤྲོས་པར་མི་ཚུགས་པས།། ང་ཉིད་ང་ལ་གསུངས་པ་བཞིན། ། དེ་ཡང་རྣལ་འབྱོར་ལས་ཅན་གཏེར།། དེས་ཀྱང་ཡོངས་ལ་འདོད་པ་བསྒྱུར།། དེ་བཞིན་དུ་ཡང་རང་གི་སེམས།། སྐྱོན་ཉིད་ཡོན་ཏན་ཡིན་པར་ཤེས།། དེ་ཡང་མི་ཟད་སེམས་ཀྱི་གཏེར།། སྣང་བ་ཐམས་ཅད་བྱང་ཆུབ་སེམས། མི་སྣང་བ་ཡང་སེམས་ཡིན་པས།། སྣང་དང་མི་སྣང་གཉིས་མེད་པ། འདི་ཡང་ཆོས་ཉིད་བྱང་ཆུབ་ཐུགས།། བདེ་དང་སྡུག་བསྔལ་འཁོར་འདས་དང།། ཡོད་མེད་རྟག་ཆད་ལ་སོགས་པ། ། དེ་ཡང་གཉིས་མེད་བྱང་ཆུབ་ཐུགས།། བརྒྱད་ཁྲི་བཞི་སྟོང་ཆོས་རྣམས་དང།། དངོས་པོ་ཅན་ལ་བསྟན་པ་ཡིན།། ཆོས་ཉིད་བརྗོད་པ་མེད་པ་ལས།། ཚིག་དང་ཡི་གེར་བསྟན་པ་མེད།། སེམས་དང་ཆོས་དང་ནམ་མཁའ་ལ། ། འདི་འདྲར་རྒྱལ་བས་མ་རྙེད་ཆོས་ཉིད་ཐུགས།། རང་བཞིན་དེ་ལྟར་གནས་པ་ཡིན།། སུས་ཀྱང་བཅོས་སུ་མེད་པའི་དོན།། གོ་ཞིང་རྟོགས་པར་བྱ་བའི་ཕྱིར།། དོན་ནི་དཔེ་ལ་བླངས་ནས་བསྟན།། རྣལ་འབྱོར་ཀུན་བཟང་ང་ཡི་དོན། བློ་ལྡན་ངེས་པར་རྟོགས་པ་ལ།། སྣོད་ངན་རྣམས་ཀྱི་མི་རྟོགས་པ།། དམིགས་མེད་ཁ་དོག་མི་མཐོང་བ།། ཤེས་རབ་ཆུང་བས་དོན་མ་རྟོགས།། སངས་རྒྱས་ཀུན་གྱི་ཐུགས་ཀྱི་མཆོག། བྱང་ཆུབ་སེམས་ཀྱི་རང་བཞི་འདི།། བརྗོད་པས་བསྐལ་བར་ཐོབ་མི་འགྱུར།། བསྒོམས་པས་ཡུན་དུ་རྙེད་མི་འགྱུར།། རང་བཞིན་ཡེ་ནས་དག་པ་ལ།། དེ་ནི་མ་བཅོས་རང་དག་པའི།། མ་བཙལ་གནས་པའི་བསྒོམ་པ་ཡིན། ། དེ་ལས་སངས་རྒྱས་བཙལ་དུ་མེད།། སེམས་ཉིད་དངོས་པོ་ཀུན་ཏུ་སྣང།། སེམས་ཉིད་ཅིར་ཡང་མེད་པར་བཞིན།། དེ་ལྟར་ཡེ་ནས་ཡིན་ཤེས་པས།། སངས་རྒྱས་ཞེས་ཀྱང་དེ་ལ་བྱ། འདི་ལྟར་མེད་པའི་སེམས་དང་ཆོས། ། བཙལ་ཀྱང་བསྐལ་པ་བརྒྱར་མི་རྙེད།། མ་བཅོས་ངང་ལ་བདེ་བར་བཞག། དེ་ལ་ཅིས་ཀྱང་བཅོས་སུ་མེད།། ཅེས་གསུངས་སོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དགོངས་པ་འདུས་པའི་རྒྱུད་ལས། སྐབས་དགུ་པའོ།།།། དེ་ནས་སངས་རྒྱས་ཐམས་ཅད་ཀྱི་ལྟ་བ་འདུས་པའི་དོན་བརྗོད་པ། ལྟ་བ་ཆོས་ཉིད་ནམ་མཁའ་འདྲ།། མི་འཕོ་མི་འགྱུར་ཕྱོགས་རིས་མེད།། བཟང་ངན་ཕྱོགས་རིས་ཡང་དོག་མེད། ། ཐམས་ཅད་ཆོས་ནི་དེ་ལྟ་བུའོ།། ནམ་མཁའ་འདི་ལ་ཀུན་གནས་བཞིན།། སེམས་ལ་དོག་པ་ཅི་ཡང་མེད།། སངས་རྒྱས་ཐུགས་ཀྱང་དེ་ཡིན་པས།། ལྟ་བའི་རྒྱལ་པོ་ཞེས་བྱའོ། ། གང་ཞིག་རྒུན་ཆང་མྱོང་འདྲའི་སེམས།། ནམ་མཁའ་ལྟ་བུར་མི་ཤེས་པར།། སྲོག་གཅོད་སྡིག་ལ་སོགས་པ་ལ།། ལྟ་བར་གསལ་ནས་མི་འཛེམ་པ།། བྱིན་པ་ལྟ་བུར་ནམ་མཁའ་ལ།། དགར་རེ་ཁུང་བུ་རྩིག་པ་བཞིན། ། རྣལ་འབྱོར་དེ་ནི་དོན་མེད་པས།། གོལ་བའི་ལམ་དུ་བརླག་པར་འགྱུར།། ལྟ་བ་ལ་སོགས་ངེས་པ་ཡི།། རྒྱ་ཆེར་ཐོས་པས་རྟོགས་མེད་པས།། གང་ཞིག་བསྒོམ་བསྒྲུབ་ཚུལ་བྱེད་པས།། འབྲས་བུ་མེད་དེ་རླག་པར་འགྱུར། ། དེ་ན་ངེས་པར་བསྒྲུབ་འདོད་པས།། བཀའ་ཡི་དམ་པ་འདི་ཐོས་ཤིང།། གང་ལ་རྣམ་པར་རྟོག་མེད་ན།། འདི་ནི་ནམ་མཁའ་འདྲ་བར་བཤད།། ཕྱི་ནང་ཆོས་ནི་ཐམས་ཅད་ལ།། རྒྱུ་དང་འབྲས་བུ་མི་འབྱེད་པར། ། མཉམ་པའི་རྗེ་བཙུན་ཀུན་ཏུ་བཟང།། བདག་ཉིད་ཡེ་ནས་དེ་བཞིན་པས།། ལྟ་བ་ཀུན་གྱི་མདོ་འདུས་པ།། བྱང་ཆུབ་སེམས་ནི་ནམ་མཁའ་འདྲ། ཁྱབ་བརྡལ་ཆེན་པོར་གང་ཤེས་པ།། ལྟ་བ་འདི་ལས་གཞན་ལ་མེད། ། ཅེས་གསུངས་སོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དགོངས་པ་འདུས་པའི་རྒྱུད་ལས། སྐབས་བཅུ་པའོ།།།། དེ་ནས་སངས་རྒྱས་ཐམས་ཅད་ཀྱི་དམ་ཚིག་དང་སྤྱོད་པ་འདུས་པར་བརྗོད་པ། ལྟ་བ་ནམ་མཁའ་བཞིན་དུ་ཁྱབ།། སེམས་དང་ཆོས་དང་ནམ་མཁའ་རུ།། ཐམས་ཅད་ཀུན་ལ་ཁྱབ་ཅིང་བརྡལ།། དེས་ན་སེམས་ཀྱི་ཆོས་རྣམས་ཀུན། ཀུན་བཟང་ངང་ལས་མི་འདའ་བར།། བདེ་བ་ཆེ་ལས་ཉམས་མེད་ན། ། ས་གཞི་བཞིན་དུ་འདོད་པ་འབྱུང།། དེ་བཞིན་སེམས་ཀྱི་ཆོས་ཀུན་ལ།། སངས་རྒྱས་ཉིད་ལ་ཉིད་གོལ་བས།། གཉིས་མེད་དུས་དང་རྒྱུན་མེད་ན།། སྤྱོད་པ་ཆུ་བོའི་ཀླུང་ཆེན་འདྲ།། སྣང་བ་དེ་བཞིན་མི་སྣང་དང། ། ཡོད་མེད་རྟག་ཆད་བདེ་སྡུག་དང།། བཟང་ངན་གཙང་རྨེ་བདེ་སྡུག་རྣམས།། ཡེ་ནས་ཀུན་བཟང་ལོངས་སྤྱོད་དང།། གང་ལ་གཙང་སྨེ་མི་དམིགས་ཞིང།། ཅི་ལའང་རྟོག་པ་མེད་པ་དེས།། མ་སངས་བདེ་བར་ལོངས་སྤྱོད་ན། སངས་རྒྱས་མཛད་སྤྱོད་མ་ནོར་བས།། ཅི་སྤྱོད་སྐྱོན་མེད་པས།། བདེ་བའི་ཡེ་ཤེས་རང་བྱུང་པ།། གང་ལྟར་བྱས་པ་མེ་ཏོག་སྐྱེ། མ་སྤངས་སྤྱད་པས་སངས་རྒྱས་ཡིན།། དཔེར་ན་འཁོར་ལོས་སྒྱུར་རྒྱལ་ལྟར། ། སྐྱོན་ལ་སྤྱོད་ཀྱང་ཡོན་ཏན་སྣང།། སེམས་ཀྱི་ལོངས་སྤྱོད་གར་སྐྱེས་ཀྱང།། སངས་རྒྱས་མ་ཡིན་གཅིག་ཀྱང་མེད།། ལ་ལ་བློན་པོའི་རང་བཞིན་ཅན།། ཉོན་མོངས་ལ་སོགས་འཆལ་བའི་ཚིག། སེམས་ཀྱི་སྤྱོད་པ་མི་ཤེས་པས།། སྡུག་བསྔལ་བརྒྱད་དང་གཏན་དུ་འགྲོ། དེ་ལྟར་གོལ་བའི་གང་ཟག་ལ།། ངེས་པའི་སྤྱོད་པ་འདི་ཐོས་ནས།། མུན་པ་འོད་སྣང་ཇི་བཞིན་དུ།། སྐྱོན་ཉིད་ཡོན་ཏན་ཉིད་དུ་སྣང། ། བྱང་ཆུབ་སེམས་རྟོག་སྤྱོད་པ་ནི།། ཞི་ཞིང་དུལ་བས་ཆོས་ཉིད་དང།། གཞན་དང་མཐུན་པས་མཉམ་པ་ཉིད།། གང་ལ་མི་རྟོག་བྱང་ཆུབ་སེམས།། བདག་དང་གཞན་དུ་དབྱེར་མེད་པས།། བདག་གིར་མི་འཛིན་ངར་མི་འཛིན། ། སྐྱོན་དང་ཡོན་ཏན་གཉིས་མེད་པས།། སྐྱོན་དང་ཡོན་ཏན་མི་སྤོང་ལྡན།། ཆོས་རྣམས་ནམ་མཁའ་བཞིན་ཤེས་པས།། རང་བཞིན་མེད་པར་ཡོངས་ལ་བརྡལ།། བྱང་ཆུབ་སེམས་སུ་ཀུན་རྟོག་པས།། སྐྱེ་འཆི་མེད་པར་ལྷུན་གྱིས་གྲུབ། ། ཆོས་ཀུན་ཡེ་ནས་འགྱུར་མེད་པས།། དུས་གསུམ་ཐམས་ཅད་དད་དོན་འདས།། བདུད་རྩི་ཆེན་པོའི་རང་བཞིན་ལ།། སྤྱད་པའི་ཐབས་ལ་རག་པ་མེད།། འཁོར་བའི་ཆོས་ལ་ཅི་སྤྱད་ཀྱང། ། མི་འཆིང་གྲོལ་བས་ཚོགས་གཉིས་རྫོགས།། ཀུན་ཏུ་བཟང་པོ་ཉིད་ཀྱི་རྒྱན། འདོད་སྤྱོད་ཡོན་ཏན་ལྔ་ལ་རྫོགས།། མ་ཡེངས་ཏིང་འཛིན་རྒྱན་ཡིན་པས།། སྤྱད་པས་དངོས་གྲུབ་དམ་པར་འགྱུར།། བདུད་རྩི་ཞེས་ཀྱང་དེ་ལ་བྱ། ། ཉོན་མོངས་སྡུག་བསྔལ་འཁོར་བའི་ཆོས།། རྨི་ལམ་འདྲ་སྟེ་ནམ་མཁའ་ཡི།། མཐའ་ལྟར་ཁྱབ་པར་གནས་པ་ལ།། ལས་དང་རྣམ་སྨིན་གོས་མི་འགྱུར།། ཕྱི་ནང་སྣོད་བཅུད་ཐམས་ཅད་ཀུན།། ཡེ་ནས་ཀུན་ཏུ་བཟང་པོ་ལ། ། དུས་གསུམ་འགྱུར་བ་མེད་ཤེས་ན། སངས་རྒྱས་ཞེས་ཀྱང་དེ་ལ་བྱ།། ཀུན་ཏུ་བཟང་པོའི་སྤྱོད་པ་འདིར།། བྱང་ཆུབ་སེམས་རྟོགས་སྤྱོད་པ་དང། དུས་གསུམ་སངས་རྒྱས་སྤྱོད་པ་ཀུན།། དོན་འདིར་མ་འདུས་གང་ཡང་མེད། ། ཅེས་གསུངས་སོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དགོངས་པ་འདུས་པའི་རྒྱུད་ལས། སྐབས་བཅུ་གཅིག་པའོ།།།། དེ་ནས་སངས་རྒྱས་ཐམས་ཅད་ཀྱི་འཕྲིན་ལས་བརྗོད་པ། སངས་རྒྱས་སེམས་ཅན་གཉིས་མེད་ལ།། ལོག་བར་གོལ་བ་ཚར་བཅད་ཕྱིར། སངས་རྒྱས་འཕྲིན་ལས་ཅི་མཛད་ཀྱང།། འཕྲིན་ལས་རྫོགས་ཞེས་བྱ་བ་ཡིན། སངས་རྒྱས་འཕྲིན་ལས་རྫོགས་པ་ནི། སྐྱོན་ཉིད་ཡོན་ཏན་ཡིན་ཤེས་ན། འཁོར་བ་ཉིད་ནི་མྱ་ངན་འདས།། ཐམས་ཅད་མ་སྤངས་ལྷུན་གྱིས་གྲུབ།། ཆོས་ཉིད་སེམས་ཉིད་ནམ་མཁའ་ཉིད།། དབྱེར་མེད་ངོ་བོ་ཉིད་མཉམ་པས།། འདུས་བྱས་ཆོས་ཀྱང་དེ་འདྲ་ཕྱིར། ། སུས་ཀྱང་བྱས་ཤིང་བཅོས་པ་མེད།། རྒྱུ་རྐྱེན་ལས་ཀྱི་ལྟོས་མ་ཡིན།། ཐམས་ཅད་མ་བཅོས་ཡེ་ནས་དག། ནམ་མཁའ་བཞིན་དུ་གསལ་བ་ལས།། རང་རིག་ཡེ་ཤེས་ནམ་མཁའ་འབྱུང།། མ་ཆགས་མི་གཡོ་ཆོས་ཉིད་ལས། ། མི་འགྱུར་མི་དམིགས་རིག་པ་ལས།། གསལ་ལ་མ་འདྲེས་འོད་བཞིན་དུ།། ཤར་ནས་ནུབ་པའི་དུས་མེད་པ།། དངོས་པོ་ཐམས་ཅད་ཆོས་ཉིད་རྐྱེན།། ལས་དང་ཉོན་མོངས་སྡུག་བསྔལ་ཆེ། ། རྒྱུ་འབྲས་ཡེ་ནས་མྱ་ངན་འདས།། འདི་ནི་འཕྲིན་ལས་རྫོགས་པ་སྟེ།། ཆོས་རྣམས་ཐམས་ཅད་ཐོག་མ་ནས།། རང་བཞིན་ཡེ་ནས་རྣམ་དག་པས།། འགྱུར་བ་མེད་པའི་ཕྱིར་ན་ཀློང།། མཁའ་ལྟར་མཉམ་པ་ཉིད་དུ་གནས། ། སངས་རྒྱས་འཕྲིན་ལས་བཅོལ་བ་ནི།། དཔེར་ན་རྒྱ་མཚོ་ཆུ་རླབས་བཞིན།། རྒྱ་མཚོ་ཉིད་ལས་མ་རྟོགས་པ།། ཆུ་རླབས་གཞན་ནས་འབྱུང་བ་མེད། འཕྲིན་ལས་རྒྱ་མཚོ་རླབས་དང་འདྲ།། དེ་བཞིན་སངས་རྒྱས་འཕྲིན་ལས་ཀྱང། ། བྱང་ཆུབ་སེམས་ལས་གཞན་པ་ཡི།། འཕྲིན་ལས་ལོགས་སུ་བསྟན་པ་མེད།། སེམས་དང་སེམས་བྱུང་འཕྲིན་ལས་ཡིན།། བྱང་ཆུབ་སེམས་ཀྱི་རང་བཞིན་ནི།། འདི་འདྲ་ཅི་ཡང་མ་ཡིན་པས། ། འཕྲིན་ལས་བཙལ་དང་མ་བཙལ་ནི།། མ་སྤྲོས་ཡེ་ནས་འཕྲིན་ལས་ཡིན།། དཔེར་ན་ཕྱི་མ་ལེབ་བུ་ནི།། རྫིང་བུ་མཐོང་ཡང་མཐའ་མ་སྐོར།། དེ་བཞིན་གང་ཟག་མི་ཤེས་པ།། བདེན་པ་བསྟན་ཡང་ལོག་པར་རྩོལ། ། ཟིན་ཅིང་གྲུབ་པའི་དུས་མེད་པས།། ངེས་པ་ཚི་ཆད་བརྩོན་འགྲུས་ཆེ།། དེ་བས་རྣལ་འབྱོར་དོན་འདུས་པ།། ངེས་པའི་དོན་ཕྱིར་རྒྱུད་འདི་བྱོས།། དཔེར་ན་གསེར་ཁུང་ཕྱེ་བ་ལ།། གསེར་ཟོང་ཟད་པ་མེད་བཞིན་དུ། ། རྒྱུད་འདི་གང་གིས་མཚན་ཐོས་ན། བྱང་ཆུབ་དོན་ལ་ཟད་པ་མེད།། དཔེར་ན་རིན་ཆེན་གླིང་ཕྱིན་ན།། འདོད་པའི་ནོར་ལ་ཟད་པ་མེད།། ཐམས་ཅད་བྱང་ཆུབ་ཆེན་པོ་བརྡལ།། ཕྱོགས་རིས་བཙལ་ཡང་མི་རྙེད་པས། ། བསྲུང་མེད་དམ་ཚིག་ཡང་དག་པ།། ཡིན་པས་ཀུན་ཏུ་བཟང་པོ་ཡིས།། དམ་ཚིག་འདི་ལས་མ་གཏོགས་པ།། གཞན་སངས་རྒྱས་པ་མེད་པའི་ཕྱིར།། དམ་ཚིག་ཅེས་བྱ་རང་གི་སེམས།། སངས་རྒྱས་ཉིད་དུ་གནས་པ་ལ། ། འཁོར་བའི་སྡུག་བསྔལ་མིང་ཡང་མེད།། དེ་ལ་ལོག་རྟོགས་ཕྱོགས་མེད་དེ།། ཆོས་རྣམས་ཐམས་ཅད་ནམ་མཁའ་བཞིན།། ཡེ་ནས་བཅོས་པ་མེད་པ་ལ།། འཐབ་རྩོད་ཉམས་པའི་མིང་ཡང་མེད།། འདའ་བ་མེད་པས་ཉམས་པ་མེད།། ཐམས་ཅད་ཀུན་བཟང་ང་ཡི་ཞིང། སངས་རྒྱས་སེམས་ཅན་རིས་མེད་ན།། རྩོད་པའི་ཆོས་ཅན་སུ་ཡི་ཆོས།། མེད་ལས་ཡོད་པར་འཛིན་པ་འམ།། ནམ་མཁའ་དངོས་པོར་བཟུང་བ་བཞིན། ། གང་ཡང་ཐར་མེད་སྡུག་བསྔལ་ཆེ།། དཔེར་ན་ལོང་བའི་མདུན་ཕྱོགས་སུ།། ཅི་ཡང་མེད་པ་ཡོད་པར་མཐོང།། དེ་བཞིན་ལོག་པའི་གང་ཟག་རྣམས།། རང་བཞིན་མེད་པ་ཕྱོགས་རིས་འཛིན།། སྦུར་བུ་སྲིན་བྲལ་བགྲོད་པ་བཞིན། ། བཙལ་ཞིང་ཐར་མེད་འཆིང་བའི་རྒྱུ།། གཞན་གྱིས་མ་ཉེས་རང་གིས་ལེན།། སྡུག་བསྔལ་ཐར་མེད་ཉོན་རེ་མོངས།། དེ་བས་དམ་ཚིག་ཆེན་པོ་འདི།། ས་ལ་སྐྱེ་འཁྲུང་ཀུན་སྐྱེ་ལྟར།། སེམས་ཀྱི་དམ་ཚིག་འདི་ཡོད་ན། ། དམྱལ་བའི་གནས་ཀྱང་ཆོས་ཉིད་ཀློང།། སྡུག་བསྔལ་རྒྱུ་ཡང་བྱང་ཆུབ་སེམས།། འཛིན་རྟོག་ཉིད་ལས་ཡེ་ཤེས་སྐྱེས།། དཔེར་ན་བོང་གླིང་དཀར་པོ་ནི། དུག་ནང་ཞུགས་ཀྱང་དུག་ཀྱང་རྩི། ། བཞི་བརྒྱ་རྩ་བཞི་ནད་འབྱུང་ཞིང།། ཀུན་གྱི་སེམས་ཉིད་དམ་ཚིག་འདི། འཁོར་བའི་ཆོས་ལ་ལོངས་སྤྱོད་ཀྱང།། འཁོར་བ་ཡེ་ནས་སངས་རྒྱས་པས།། ཉོན་མོངས་ལམ་དུ་ཡེ་ཤེས་གསལ།། བདེ་བ་ཆེ་ལས་གཞན་མེད་དོ། ། འདི་ལྟར་ཀློང་དུ་གྱུར་པ་ལས།། མི་བསྲུང་མ་ཡིན་བསྲུང་མི་དགོས།། འདས་དང་མ་འདས་གཉིས་ཀ་མེད།། ཅེས་གསུངས་སོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དགོངས་པ་འདུས་པའི་རྒྱུད་ལས། སྐབས་བཅུ་གཉིས་པའོ།།།། དེ་ནས་སངས་རྒྱས་ཐམས་ཅད་ཀྱི་མཛད་པ་གཉིས་སུ་མེད་པའི་རོལ་པ་བརྗོད་པ། དཔེར་ན་ཤིང་མཁན་མཁས་པ་དང།། སྒྱུ་མ་མཁན་གྱི་སློབ་མ་ཡི།། ཆོ་འཕྲུལ་རྣམ་པ་ཅིར་ཡང་སྟོན། ། བཏགས་ན་ཅིར་ཡང་སྟོན་པ་མེད།། དེ་བཞིན་སངས་རྒྱས་འཕྲིན་ལས་ལ།། ཇི་ལྟར་འདུལ་བའི་འགྲོ་དོན་དུ།། མཛད་པ་བཅུ་གཉིས་བསྟན་པ་དང།། ལོངས་སྤྱོད་རྫོགས་དང་སྤྲུལ་པའི་སྐུ།། སྐུ་ཡི་ཆ་བྱད་བསམ་པ་དང། ། གསུང་གི་ཆོས་ལ་འབུམ་ཕྲག་དང།། ཐུགས་ཀྱི་ཐམས་ཅད་མཁྱེན་པ་ཡི།། སངས་རྒྱས་འཕྲིན་ལས་བརྗོད་འདས་པ།། སྒྱུ་མའི་རྣམ་པ་དེ་བཞིན་དུ།། རྡུལ་ཆ་ཙམ་ཡང་མཛད་པ་མེད།། དེ་བཞིན་གཟུགས་བརྙན་ཐམས་ཅད་དང། ། འཕྲིན་ལས་ཐ་དད་མང་པོ་ཀུན། བྱང་ཆུབ་སེམས་ཀྱི་རང་བཞིན་དུ།། ཆོས་རྣམས་ཐམས་ཅད་སྣང་བ་ལས།། གཞན་དུ་སྟོན་པར་འགྱུར་རེ་སྐན།། དེ་ལྟར་སེམས་ལ་ངེས་པར་ཞོག། འཁོར་བ་ཅི་འདྲ་ཅིར་སྣང་ཡང།། དངོས་པོ་རྡུལ་ཡང་གྲུབ་པ་མེད།། སངས་རྒྱས་འཕྲིན་ལས་མང་མཛད་ཀྱང།། རྡུལ་ཆ་ཙམ་ཡང་མཛད་པ་མེད།། དེ་བཞིན་སངས་རྒྱས་སེམས་ཅན་ཡང།། ཡེ་གཉིས་རང་གི་སེམས་ཡིན་གྱི། ། སེམས་ལ་ཕྱོགས་དང་རིས་མེད་པས།། དེ་ལ་སངས་རྒྱས་འཕྲིན་ལས་ཚད།། སྤྱོད་པའི་ཆོས་རྣམས་ཐམས་ཅད་ཀུན།། ཆོས་ཉིད་སྟོང་པར་ཡེ་ཤེས་ན།། སངས་རྒྱས་འཕྲིན་ལས་མ་ནོར་བས། ། བཀའ་འདི་ངེས་པར་ངས་གསུངས་སོ།། མེད་པའི་ཆོས་རྣམས་ཐམས་ཅད་ཀུན།། རང་བྱུང་ཡེ་ཤེས་ཆེན་པོ་ལ།། ཡེ་ནས་ཕྱོགས་དང་རིས་མེད་པས།། སངས་རྒྱས་འཕྲིན་ལས་འདི་ཉིད་ཡིན།། སེམས་ཀྱི་འཕྲིན་ལས་ཡེ་རྫོགས་ལ། ། སངས་རྒྱས་ཀྱིས་ཀྱང་གསུང་དུ་མེད།། ཅི་ཀྱང་མ་གསུངས་ཆོས་དེ་ལ།། སངས་རྒྱས་ཐམས་ཅད་དེ་ལས་འདུས།། ཞེས་གསུངས་སོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དགོངས་པ་འདུས་པའི་རྒྱུད་ལས། སྐབས་བཅུ་གསུམ་པའོ།།།། དེ་ནས་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་ལོག་པར་ལྟ་བ་ཚར་གཅོད་པ། ཡེ་ཤེས་ཁྲོ་བོ་འདུས་པའི་འཕྲིན་ལས་བརྗོད་པ།། རྒྱལ་བའི་ཡེ་ཤེས་ཐིག་ལེ་ཉིད། ། ཡོན་ཏན་ཡེ་ཤེས་ལྷར་ཤར་ཏེ།། སངས་རྒྱས་འཕྲྀན་ལས་བྱེད་པོའོ།། སྐྱེ་མེད་སེམས་ཉིད་དོན་དམ་ལྟ།། དེ་ཡི་ངང་ལ་སྐུ་རྫོགས་པ།། སངས་རྒྱས་སྐུ་ལྔའི་བདག་ཉིད་ཅན།། ཡེ་ཤེས་སྐུ་ཉིད་རྡོ་རྗེ་ཆེ། ། སྐུ་གསུང་ཐུགས་ཀྱི་བདག་ཉིད་ཆེ།། སྐུ་མཆོག་གཤིན་རྗེ་གཤེད་ནག་གོ། གསུང་ནི་གསོད་བྱེད་རྔམ་པའོ།། དེ་བཞིན་རྡོ་རྗེ་འཇིགས་བྱེད་ཐུགས།། སྐུ་རྣམས་འདུས་པའི་ངོ་བོ་འོ།། སྐུ་ལ་དབང་མཛད་པདྨའི་སྐུ། ། ཆགས་མེད་པདྨ་ར་གའི་མདོག། རྒྱལ་བའི་གསུང་མཆོག་འབར་བའི་སྐུ།། མི་འགྱུར་རྡོ་རྗེ་ཁྲོ་བོའི་སྐུ།། ལག་ན་རྡོ་རྗེ་མཐིང་ནག་འབར།། བདེ་གཤེགས་ཐུགས་ཀྱི་ངོ་བོ་ཉིད།། ཡོན་ཏན་ལྷུན་གྲུབ་རིན་པོ་ཆེ། ། ཡེ་ཤེས་མཁའ་ལྡིང་འབར་བ་ཁྱུང།། རྡོ་རྗེ་གཤོགས་པ་གདེངས་པའོ།། ཐོགས་མེད་ལས་མཆོག་ཧེ་རུ་ཀ། བཛྲ་ཀུ་མ་ར་ཡི་སྐུ།། བདེ་གཤེགས་འཕྲིན་ལས་ངོ་བོ་ཉིད།། མ་བཅོས་མི་འགྱུར་ཆགས་པ་མེད། ། ཀུན་འབྱུང་བྱ་བ་བྱེད་པ་ཡི།། རིགས་ཀྱི་བདག་པོ་ཀུན་འདུས་པ།། སྐུ་ལྔ་ལྷུན་གྱི་གྲུབ་པའོ།། སྤྲུལ་པ་གྱད་གནོན་ཀུན་འདུས་པ། ཁྱུང་གཉིས་ཁ་ནས་ལྕེ་འབབ་ཅིང།། སེང་གེ་ཁ་ནས་རྡོ་རྗེ་འཕྲོས། སྟག་གི་ཁ་ནས་རལ་གྲི་འབར། ། སྦྲུལ་གདུག་ཁ་ནས་མེ་འབར་ཞིང།། འུག་པའི་ཁ་ནས་ལྕགས་ཀྱུ་འཕྲོ།། ལྕེ་སྦྱང་ཁ་ནས་ཕུར་བུ་སྟེ།། དྲེད་མའི་ཁ་ནས་བདུང་ཞགས་འཕེན།། དེ་ཡི་གསང་སྔགས་བརྗོད་པ་ནི།། ཡི་གེ་རྒྱལ་བའི་གསུང་ཡིན་ཏེ། ། ངག་དུ་བརྗོད་པ་སྐུར་རུ་གྱུར།། ཡི་གེ་རྒྱལ་པའི་ཐུགས་ཡིན་ཏེ།། འཁོར་ལོས་ལ་ཉེ་བའོ།། ཨེ་ཨ་ཀྲོ་ཏེ་ཀ་ཡ་མན་ཏ་ཀ། ཀྲི་སྣ་ཀ་ལ་རུ་པ། ཧྲི་ཏེ་ཡ་མ་ཡེ། ཧྲི་བཛ་ཀྲོ་དྷ་ཧ་ཡ་གྲི་བ། པདྨ་ཏ་ཀྲི་ད་ར་ཀ་ཙནྜ། བཛྲ་པ་ནི་ཙནྡ་མ་ཧཱ་རོ་ཥ་ན། ཀ་ལི་ཀྲི་ཏ། བཛྲ་ཀི་ལི་ཀི་ལ་ཡ། བདེ་གཤེགས་ཁྲོ་བོ་ཐམས་ཅད་ཀྱི།། ཡང་སྙིང་འདུས་པ་དེ་ཉིད་དོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི།། དགོངས་པ་འདུས་པའི་རྒྱུད་ལས། སྐབས་བཅུ་བཞི་པའོ།།།། དེ་ནས་ཆོས་ཐམས་ཅད་ཡེ་ནས་ལྷུན་གྱིས་གྲུབ་པར་མཛད་དེ་བརྗོད་པ། ཨེ་ཡཾ་རཾ་བཾ་ལཾ། འབྱུང་ལྔ་ཡེ་ཤེས་ལྷུན་གྲུབ་པའི།། ཡེ་ཤེས་སྐུ་སྟེ་ཉོན་མོངས་འཇོམས།། འབྱུང་བ་ལས་ཀྱི་དཀྱིལ་འཁོར་ཏེ། ། ཡེ་ཤེས་ལྔ་ཡི་རང་བཞིན་ཅན།། ཐམས་ཅད་སྐྱེད་པས་ཡུམ་ཉིད་ཀློང།། རྟེན་དུ་གྱུར་པ་སྐུ་དང་གནས།། སྣ་ཚོགས་ཀུན་འབྱུང་ཉོན་མོངས་འཇོམས།། རྣམ་རྟོག་གཅོད་པས་འཁོར་ལོ་སྟེ།། གུར་རམ་ར་བ་སྤྱིལ་བའི་ཚུལ། ། ཅིས་ཀྱང་མི་ཆོད་མི་ཤིགས་པའོ།། ཨ་ཨི་ཨུ་ཨེ་ཨོཾ་རི་ལི་ཨཾ། ཀ་ཁ་ག་གྷ་ང། ཡ་ར་ལ་ཝ།། སྒྲ་དང་དབྱངས་ཀྱི་ཡི་གེ་སྟེ།། ཐབས་དང་ཤེས་རབ་རང་བཞིན་གྱིས།། ཡིད་བཞིན་རིན་ཆེན་འཕྲེང་བ་ལྟར། ། མ་ལུས་འདོད་པའི་དོན་བསྒྲུབ་པ།། བདེ་བར་གཤེགས་པའི་ངོ་བོ་ཉིད།། དུ་རུ་ཡེ། སེང་ང་ཡེ།། འབྲས་བུ་དགུ་ནམ་མཁའི་ཐོག་འདྲ་བས།། ལུས་ངག་ཡིད་ཀྱི་དབང་པོ་འཇོམས།། ཏིག་སྣ་ཛ་ལ་ཨུ་ནེ་ཨུ་ནེ་ཧཱུཾ་ཛ་ཛ། སྤུ་གྲི་འདོད་པའི་སོ་ཡིན་ཏེ།། མཚོན་ཆ་མེད་དཔུང་ལྟ་བུ་ཡི།། སྟོབས་ཀྱི་དྲག་སྔགས་དྲིལ་བའོ།། ཨ་མུ་ཀ་མྱར་རྦད། ཏྲིག་ནན་མྱོར་རྦད།། ཨུ་ནན་ཤག་རྦད། སྤུར་ནན་རིལ་རྦད། གནས་བཞི་གཅོད་པའི་སྤུ་གྲི་སྟེ།། རྒྱལ་བ་ཀུན་གྱི་བྱིན་རླབས་རྣམས།། བསྡུས་ནས་འགལ་བ་ཚར་གཅོད་པའོ།། གཅོད་པའི་སྤུ་གྲིར་བཞག་པའོ།། ཨེ་ཧཱུར་ཐུམས་ཛ།། བྲེང་ཤག་རཾ་ཡཾ་རྦད་ཨེ།། ཀུན་གྱི་སྤུ་གྲི་མཐའ་སྡུད་དེ། ། ཐོགས་མེ་མེད་པར་གཅོད་པའོ།། ཨ་ཡ་མ་དུ་རུ་ཙ་ཤ་ན། འཇིག་རྟེན་དྲེགས་པ་ཐམས་ཅད་ཀྱི།། སྲོག་གི་ངོ་བོ་སྒྲོལ་བའི་འབྲུ།། སྡེ་བརྒྱད་སྲོག་གི་རྣམ་ཤེས་སོ།། ཅེས་གསུངས་སོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དགོངས་པ་འདུས་པའི་རྒྱུད་ལས། སྐབས་བཅོ་ལྔ་པའོ།།།། དེ་ནས་སངས་རྒྱས་ཐམས་ཅད་ཀྱི་འཕྲིན་ལས་ཡེ་ཤེས་ཆེན་པོའི་རོལ་པ་བརྗོད་པ། སྟོབས་བཅུ་ཕ་རོལ་གནོན་པ་པོ།། འཁོར་ལོ་རྒྱལ་པོ་རེ་མིག་བཅུ། ། བརྒྱ་ཕྲག་བཅུ་གཅིག་ཁ་མིག་ཅན།། བདེ་གཤེགས་ཁྲོ་བོ་འདུས་པ་ཡི།། དྲག་པོ་སྔགས་ཀྱི་གྲོང་ཁྱེར་ཡིན།། གསང་སྔགས་རྒྱལ་པོ་བརྒྱ་དང་བཅུ། སྲོག་དང་སྙིང་པོ་ལྡན་པར་བྱ།། ཐེབས་དང་སྤུ་གྲི་ལྡན་པས་ན། ། གང་ཡང་རུང་སྟེ་ཆན་ལ་འབེབས། བཀའ་ཡི་འཁོར་ལོ་སྔགས་འཁྲུལ་ན།། སྤུ་གྲིས་རང་ལ་གཅོད་པར་བྱེད།། མཐའ་ནས་དབུས་སུ་སྡུད་པའི་ཚུལ།། གསང་སྔགས་འཕྲེང་བའི་དཀྱུས་འདི་ཉིད། ། མཐར་འགྱེད་བཟློག་པ་ལྷ་གནོད་དོ།། གཏུབ་ཅིང་དྲལ་བ་དཀྲུག་པ་སྟེ།། མ་ནོར་བཟླས་པས་གང་ཡང་འགྲུབ།། བཀའ་གསང་འཁོར་ལོའི་ལས་ཡིན་པས།། བསྲུང་དང་བཟློག་དང་གཤིགས་པ་དང། ། གསད་དང་སྟོབས་མནན་རང་གཤེད་དབབ།། དབྱེ་དང་དྲལ་བ་ལ་སོགས་བྱེད།། གསང་སྔགས་བཀའ་ཡི་འཁོར་ལོ་འདི།། བདེ་གཤེགས་རྒྱལ་བས་མི་ཐེག་ན།། བདུད་དང་མུ་སྟེགས་ལ་སོགས་པའི། ། འཇིག་རྟེན་གཞན་དག་སྨོས་ཅི་དགོས།། དེས་ན་འཇིག་རྟེན་དྲེགས་པ་ཅན།། ཐམས་ཅད་འཁོར་ལོའི་དབང་དུ་བསྐོར།། ཅེས་གསུངས་སོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དགོངས་པ་འདུས་པའི་རྒྱུ་ལས། སྐབས་བཅུ་དྲུག་པའོ།།།། དེ་ནས་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་རྫོགས་པར་བརྗོད་པ། ཐམས་ཅད་ཡེ་ནས་སངས་རྒྱས་པས། རྒྱུ་རྐྱེན་རྩོལ་པས་མ་ཡིན་ཏེ།། ནམ་མཁའ་བཞིན་དུ་གནས་པ་ལ། ། དེ་ལས་མི་འགྱུར་སངས་རྒྱས་ཡིན།། ཡེ་ནས་ཡིན་པའི་དོན་འདི་ན།། བསྟན་པས་ཡེ་ནས་ཡིན་པར་ཤེས།། དེ་དག་རྟོགས་པས་དྲོད་འབྱུང་བ།། དོན་དང་རྟགས་ཀྱི་འབྲས་བུ་འབྲང།། གང་ཟག་འཁྲུལ་པ་མཐའ་དག་ནི། ། ཡིན་ངེས་དོན་ལ་མི་ཕྱོགས་པར།། གཡེང་བ་འདུ་འཛིའི་ཆོས་ལ་མོས།། བྱིས་པ་བླ་ན་མེད་ལས་འདྲལ།། བྱས་ཀྱང་ཟིན་པའི་དུས་མེད་པས།། དེ་བས་རྣལ་འབྱོར་རྫོགས་པ་ཆེ།། ཀུན་བཟང་རྒྱལ་བའི་བཀའ་འདི་ནི། ། མོས་པའི་དད་པའི་འདི་ཚོལ་ན།། ཡིད་ལ་བསམས་པ་ཐམས་ཅད་ཀུན།། ཀུན་ཏུ་བཟང་པོ་ཉིད་དུ་འགྱུར།། ཐོག་མ་ཉིད་ནས་ངེས་པའི་དོན།། ཡེ་ཤེས་ཉི་མ་རང་ལ་འཆར།། རང་རིག་ཡེ་ཤེས་ནང་ནས་འབྱུང། ། ཇི་ལྟར་བྱས་ཀྱང་བདེ་བ་ཆེ།། མ་བཙལ་མ་བསྒྲུབས་མ་བསྒོམས་ཀྱང།། ངེས་པའི་དོན་ཉིད་མ་གྲུབ་མེད།། ཡེ་ནས་མཁའ་ལྟར་མཉམ་པར་གནས།། བརྩོན་ཞིང་བསྒྲུབས་ཀྱང་སྐྱོན་མེད་དེ། ། ངེས་པར་འདི་ལྟར་ཡིད་ཆེས་ན། མ་བཙལ་ན་ཡང་འགྲུབ་པར་འགྱུར།། བདག་ཉིད་སངས་རྒྱས་ཡིན་ཤེས་ན།། རྒྱུད་ལུང་འདི་ལ་སུ་གནས་པ།། འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད།། ཆོས་ཉིད་དོན་བསྟན་སེམས་མི་འགྱུར། ། ཡིན་པར་ཡིད་ཆེས་སྐྱོ་དུབ་མེད།། ངེས་པར་ཤེས་པས་བཙལ་མི་དགོས།། ནན་ཏན་བཏར་བས་གདོད་ནས་དག། བྱང་ཆུབ་སེམས་ལ་ལྷན་ནེ་བ།། བསྒོམ་དུ་མེད་དེ་འགྱུར་བ་མེད།། བཙལ་དུ་མེད་དེ་སྤང་དུ་མེད། ། དེ་ལ་བགྲོད་དུ་ཀ་ནས་མེད། སངས་རྒྱས་བསྟན་པའི་བཀའ་རྣམས་ཀུན།། དོན་དུ་མ་གྱུར་གཅིག་ཀྱང་མེད།། དེ་བས་མ་ནོར་ངེས་པའི་བཀའ།། སངས་རྒྱས་འདུས་པའི་རྒྱུད་འདི་ནི།། འདི་ནི་གཞན་ལ་བསྟན་པ་བས། ། སྣོད་མེད་རྣམས་ལ་བཤད་པ་ན།། ལྟུང་བའི་ཉེས་པ་བརྗོད་མི་ལང།། དེ་བས་བདེ་གཤེགས་དགོངས་པའི་དོན།། སེམས་ཀྱི་གཏིང་དུ་རང་རྒྱས་གདབ།། ཅེས་བཅོམ་ལྡན་འདས་ཆོས་ཐམས་ཅད་ཀྱི་རང་བཞིན་བརྗོད་པ་མེད་པ་ཉིད་དུ་བརྗོད་དེ། ། སྐྱེ་འགག་གཉིས་སུ་མེད་པར་གྱུར་ཏཽ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དགོངས་པ་འདུས་པའི་རྒྱུད་ལས། སྐབས་བཅུ་བདུན་པའོ། །།། བདེ་གཤེགས་རྒྱལ་བའི་དགོངས་དོན་ཁྲོ་བོ་འདུས་པའི་ཡང་སྙིང་རྫོགས་སོ།།།། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ།། དེ་ནས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ། ཐམས་ཅད་འདུས་པ་ཀུན་ཏུ་བཟང་པོའི་སངས་རྒྱས་སུ་མ་གྱུར་པ་མེད་པ་ཡི། ཐམས་ཅད་དུ་ཁྱབ་བརྡལ་བའི་འཁོར་ཚོགས་ཐམས་ཅད་ལ་འདི་ལྟ་སྟེ། ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་པ་མེད་པའི་སངས་རྒྱས་དང། ཆོས་ཐམས་ཅད་གཉིས་སུ་མེད་ཅིང་ཐ་མི་དད་པས། ཐམས་ཅད་དུ་སོ་སོ་མ་ཡིན་པ་ཐ་མི་དད་པའི་སངས་རྒྱས་ལ་སོགས་པ་ཐམས་ཅད་ཀུན་ཏུ་བཟང་པོའི་སངས་རྒྱས་སུ་གྱུར་པས། ཉིད་ལ་ཉིད་གསུང་དུ་མེད་པའི་བཀའ་འདུས་པར་གསུངས་པ་ནི་འདི་ལྟ་སྟེ། ཆོས་ཐམས་ཅད་བརྗོད་དུ་མེད་ཅིང་བརྗོད་པ་ལས་འདས་པ། འདས་པའི་སངས་རྒྱས་ཐམས་ཅད་ནི་ཆོས་ཉིད་མ་སྐྱེས་པའི་རང་བཞིན་དུ་འདུས་སོ། ། ཆོས་ཐམས་ཅད་བསམ་དུ་མེད་ཅིང་བསམ་པ་ལས་འདས་པས། ད་ལྟར་གྱི་སངས་རྒྱས་ཐམས་ཅད་ནི་བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོར་འདུས་སོ།། ཆོས་ཐམས་ཅད་ནི་ཇི་ལྟ་བུར་འགྱུར་བ་མེད་ཅིང་འཕོ་འགྱུར་ལས་འདས་པས། མ་བྱོན་པའི་སངས་རྒྱས་ཐམས་ཅད་ནི་ཡིད་རང་བྱུང་གི་ཡེ་ཤེས་བཙལ་བ་མེད་པར་འདུས་སོ།། དེས་ན་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱང་སྤྲོས་པ་མེད་པའི་ཐིག་ལེ་མི་འགྱུར་བའི་གཡུང་དྲུང་དུ་འདུས་སོ། ། དེ་ནས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ཧེ་རུ་ཀས་ཉིད་ལ། ཆེད་དུ་བརྗོད་པ། དེ་ལ་སངས་རྒྱས་ཞེས་བྱ་བའི་རང་བཞིན་ནི། ཇི་ལྟར་མཚན་མའི་དངོས་པོ་ཐམས་ཅད་ལ། ། ཡེ་ནས་འདི་འདྲ་ཞེས་བྱ་བ་གྲུབ་ཅིང་རྟག་པ་མེད་པ་ལས་ཆོས་ཐམས་ཅད་ཆོས་ཉིད་དུ་སངས་རྒྱས་པས། དེ་སྟོང་ཞིང་ཆད་པའི་མཐའ་མ་ཡིན་ལ། གོ་ཞིང་རྟོགས་པའི་ཤེས་རབ་ནང་ནས་རྟོགས་པས། ཐམས་ཅད་ཆོས་ཉིད་བདེ་བ་ཆེན་པོའི་ཀློང་དུ་སངས་རྒྱས་པའི་རང་བཞིན་ཡིན་པས། སྐྱེ་འགྲོ་མིང་དང་གཟུགས་ཀྱི་བསྡུས་པ་ཐམས་ཅད་ཡེ་ནས་ཕྱོགས་དང། རིས་དང། གཟུགས་དང། ཁ་དོག་ཏུ་གྲུབ་ཅིང་བརྟག་པ་གང་ཡང་མེད་པས། ཐམས་ཅད་ཡེ་ཤེས་ཆེན་པོའི་རང་བཞིན་དུ་སངས་རྒྱས་ཤིང། ཚིག་དང་ཡི་གེ་ལས་འདས་པའི་རིགས་པ་རང་དབང་དུ་གྱུར་པས། ཆོས་ཐམས་ཅད་ཆོས་ཀྱི་སྐུ་འཕོ་འགྱུར་མེད་པའི་རང་བཞིན་ཡིན་པ་དང། དེ་ལྟར་ཕྱི་ནང་སྣོད་བཅུད་དུ་གྲགས་ཤིང། བསྟན་པ་ཐམས་ཅད་ཡེ་ནས་གཉིས་སུ་མེད་པའི་བྱང་ཆུབ་སེམས་ཡིན་ལ། སེམས་དང་སེམས་ཀྱི་རྣམ་པ་ཡང་ཡེ་ནས་ཀུན་ཏུ་བཟང་པོའི་རང་བཞིན་དུ་སངས་རྒྱས་པ་དེ་ལ། ཡེ་སུས་ཀྱང་མ་བྱས། ཡེ་སུས་ཀྱང་མ་བཅོས། དོན་གྱི་ངེས་པ་ཕྱིན་ཅི་ལོག་ཏུ་ཅིས་ཀྱང་མི་འགྱུར་བའི་ནམ་མཁའི་རྣམ་པ་བཞིན་དུ་ཡེ་ནས་གནས་པ་དེ། སངས་རྒྱས་ཞེས་བྱའི་རང་བཞིན་ཡིན་པར་གསུངས་སོ། ། དེ་ལས་སངས་རྒྱས་ཀྱི་མཚན་ཉིད་ནི།། དཔེར་ན་ནམ་མཁའ་ལ་བླུན་པོས་བགོ་བཤའ་བྱེད་པ་དང་འདྲ་སྟེ། གནས་སྐབས་ལ་ལར་སེམས་ཀྱི་མཚན་ཉིད་སོ་སོར་འཛིན་ན། སངས་རྒྱས་ཀྱི་མཚན་ཡང་སོ་སོར་སྣང་ངོ། ། གནས་སྐབས་ལ་ལར་སེམས་ཀྱི་མཚན་ཉིད་ཐ་དད་མེད་ན། སངས་རྒྱས་ཀྱི་མཚན་ལ་ཡང་ཐ་དད་མེད་པར་བསྟན་ནོ།། དེའི་ཕྱིར་ན་སངས་རྒྱས་ཀྱི་མཚན་ཉིད་ཇི་ལྟ་བུར་འདུལ་བའི་དོན་ལས་མཚན་དུ་བཏགས་སོ། ། སངས་རྒྱས་ཀྱི་སྐུ་ཡི་ཆ་ལུགས་དང། ཡབ་དང་ཡུམ་དང། བཙུན་མོ་དང། སྲས་དང། ཞིང་ཁམས་དང། ཕོ་བྲང་དང། འཁོར་དང། གནས་དང། རིས་སུ་བསྟན་པ་ནི། སངས་རྒྱས་ལ་སྐུ་ཡི་ཆ་ལུགས་དང་ཡུལ་ལ་སོགས་པ་རིས་སུ་ཕྱེ་བ་མེད་ཀྱང། སེམས་ཅན་ལ་སྡེ་ཚན་དང། ཡུལ་དང། གནས་སུ་འཛིན་པ་དང། དེ་འདུལ་བའི་ཐབས་སུ་བསྟེན་པ་ལ་སེམས་ཀྱི་རྣམ་པ་ཕྱེ་བ་མེད་ན། སངས་རྒྱས་ལ་ཡང་རིས་སུ་ཕྱེ་བ་མེད་དོ། ། སངས་རྒྱས་ཀྱི་སྐུ་ཚེའི་ཚད་མི་མངའ་བར་བསྟན་པ་ཡང། སངས་རྒྱས་དང་སེམས་ཅན་ལ་ཚེ་ཡི་ཚད་དམ།། སྐྱེ་འཆི་དང།། འཕོ་འགྱུར་མེད་དོ།། ལོག་པར་འཛིན་པའི་སེམས་འཕོ་འགྱུར་དང། ལེ་ལོ་དང། ཡེང་བར་འཛིན་པ་ལ་བསྟན་པའི་ཕྱིར་རོ།། སངས་རྒྱས་ཀྱི་སྐུ་གསུང་ཐུགས་ཕྱག་རྒྱ་ཆེན་པོ་དཀྱིལ་འཁོར་དང། གྲངས་དང་རྣམ་པ་འབྱུང་བ་མང་པོ་སེམས་ཀྱི་རང་བཞིན་ལས་བྱུང་བ་དང། འབྱུང་བ་ལས་གྱུར་པའི་ཕུང་པོ་དང། ཁམས་དང། སྐྱེ་མཆེད་དང། རྡུལ་སྙེད་འཛིན་པའི་བག་ཆགས་མཚན་མ་དང་བཅས་པ་དེ། མི་གནས་པའི་མྱ་ངན་ལས་འདས་པར་ཡོད་ཅེས་པ་ལ། སངས་རྒྱས་ཀྱི་སྐུ་གསུང་ཐུགས་ཕྱག་རྒྱ་ཆེན་པོའི་དཀྱིལ་འཁོར་དུ་སྣང་བ་ལས་གཞན་མ་ཡིན་ནོ།། དེའི་ཕྱིར་ན་སེམས་ལ་མུ་མེད་པའི་ཕྱིར། སངས་རྒྱས་ཀྱི་མཚན་མ་ཡང་མུ་མེད་པར་བསྟན། ཡུལ་གྱི་རྣམ་པ་རྡུལ་དང་རྡུལ་ཕྲན་འཛིན་པ་ལ། སངས་རྒྱས་ཀྱང་རྡུལ་གཅིག་གི་སྟེང་ན་རྡུལ་སྙེད་ལ་སོགས་པར་བསྟན་ནོ།། ཚིག་དང་ཡི་གེ་འཛིན་ཅིང་བྲིར་ཡོད་ན། སངས་རྒྱས་ཀྱི་མཚན་ཡང་ཚིག་དང་ཡི་གེར་བྲིར་ཡོད་པར་བསྟན། ཚིག་དང་ཡི་གེར་བྲིར་མེད་ན། སངས་རྒྱས་ཀྱི་གསུང་ཡང་ཚིག་དང་ཡི་གེར་གདགས་སུ་མེད་པར་བསྟན་ནོ།། དེ་ལྟ་བུ་རྡུལ་སྙེད་ཅིག་གི་སྟེང་དུ་རྡུལ་སྙེད་ཀྱི་སངས་རྒྱས་ཐམས་ཅད་ཀྱང་སྤྲུལ་པའི་སྐུ་འབུམ་དང། ཁྲི་དང། སྟོང་དུ་འདུས། དེ་ཡང་དུས་གསུམ་གྱི་སངས་རྒྱས་རིམ་པར་འདུས། དེ་ཡང་རིགས་ལྔར་འདུས། དེའང་སྐུ་གསུང་ཐུགས་ཀྱི་སངས་རྒྱས་སུ་འདུས། ནམ་མཁའི་གང་ནས་གར་ཁྱབ་པ་ཐམས་ཅད་དུ་ལུས་སེམས་གཉིས་སུ་འདུས་སོ། ། དེ་སྟོང་གསུམ་དུ་འདུས་དེ་ཁམས་གསུམ་དུ་འདུས། དེ་ཡང་དུས་གསུམ་དུ་འདུས་སོ།། དེ་ཡང་ལུས་ངག་ཡིད་གསུམ་དུ་འདུས་སོ།། དེ་ཡང་རྩ་བ་བྱང་ཆུབ་སེམས་སུ་འདུས་སྟེ། བྱང་ཆུབ་ཀྱི་སེམས་སུ་མུ་མཐའ་དང་བྲལ་བའོ། ། དེ་ལ་སངས་རྒྱས་ཀྱི་མཛད་པའི་དོན་ནི། རང་གི་སེམས་ཀྱི་མཚན་ཉིད་ལ་རྒྱུ་དང་འབྲས་བུ་འཛིན་པའི་ཕྱིར། གནས་སྐབས་ལ་ལར་སངས་རྒྱས་ཀྱི་མཛད་པ་སེམས་ཅན་ཐམས་ཅད་དང་འཐུན་པར་སྤྱོད་པ་ཡང་ཡོད། གནས་སྐབས་ལ་ལར་སངས་རྒྱས་ཀྱི་མཛད་པ་སྔགས་དང། ཕྱག་རྒྱ་དང་ཏིང་འཛིན་དུ་མཛད་པ་ཡང་ཡོད། དེ་དག་ན་སེམས་ཀྱི་མཚན་ཉིད་སོ་སོར་འཛིན་པའི་དོན་ཡིན་ལ། ཡང་དག་པར་ཀུན་ཏུ་བཟང་པོར་བྱང་ཆུབ་སེམས་ཀྱི་མཛད་པ་ནི། སངས་རྒྱས་ཐམས་ཅད་སྐུ་ཅི་མཛད་པ་ནི། ཆོས་ཀྱི་སྐུ་དུས་གསུམ་དུ་འཕོ་འགྱུར་མེད་པར་མཛད། གསུང་ཅི་མཛད་པ་མ་བཅོས་པ་ཉིད་དུ་མཛད། ཐུགས་ཅི་མཛད་པ་མ་བསླད་པའི་ཡེ་ཤེས་སུ་མཛད། དེ་ཡང་ཐམས་ཅད་བྱང་ཆུབ་སེམས་ཀྱི་རང་བཞིན་དུ་སངས་རྒྱས་པར་མཛད་པ་སངས་རྒྱས་ཀྱི་མཛད་པས། སངས་རྒྱས་ཀྱི་མཛད་པ་དེ་ཡིན་ཏེ། སེམས་ཅན་ཡེ་ནས་སངས་རྒྱས་པར་མཛད། འཁོར་བ་ཡེ་ནས་མྱ་ངན་ལས་འདས་པར་མཛད། སྡུག་བསྔལ་བྱང་ཆུབ་ཀྱི་སེམས་བླ་ན་མེད་པར་མཛད། ཉོན་མོངས་པ་ཐམས་ཅད་ཡང་དག་པའི་ལམ་དུ་མཛད་པ་དེ་ཡང་འཕྲལ་དུ་རྒྱུ་དང་རྐྱེན་གྱིས་བཅོས་པ་མ་ཡིན་ཏེ། ཉི་མའི་སྙིང་པོ་ལ་མུན་པ་ངང་གིས་མི་གནས་པ་དང་འདྲ་བར། ཀུན་ཏུ་བཟང་པོ་ཡེ་ནས་སངས་རྒྱས་པའི་རང་བཞིན་ལ། འཁོར་བ་བཙལ་བས་ཀྱང་མི་རྙེད་དོ། ། རྩི་མ་ཀི་ཏའི་སྨན་གྱིས་ཐམས་ཅད་བདུད་རྩིའི་རང་བཞིན་ཅན་ལ་དུག་བཙལ་ཡང་མི་རྙེད་དོ།། སངས་རྒྱས་ཀྱི་མཛད་པ་ཐམས་ཅད་སེམས་ཀྱི་རང་བཞིན་དུ་མཁྱེན་པའི་ཀློང་ལ། སེམས་ཀྱི་བྱིན་རླབས་ལས་མ་གཏོགས་པ། ངན་སོང་སྡུག་བསྔལ་བཙལ་ཡང་མི་རྙེད་པས། སངས་རྒྱས་ཀྱི་མཛད་པ་ལྷུན་གྱིས་གྲུབ་པའོ།། དེ་ལ་ཡེ་ནས་གྲུབ་ཟིན་པ་ནི། ལྷུན་གྱིས་གྲུབ་པའི་ཆོས་བཤད་དུ་མེད་པ་ལ། ཡེ་ནས་གྲུབ་ཟིན་པས་བཙལ་དུ་མེད་དེ། དེ་ལ་ཡང་སེམས་ཀྱི་ཆོས་ཐམས་ཅད་ཕྱི་ཡང་མ་ཡིན། ནང་ཡང་མ་ཡིན། ཕྱི་ནང་གཉིས་ཀ་ཡང་མ་ཡིན། རྒྱུ་ཡང་མ་ཡིན། ཡོད་མེད་གཉིས་ཀ་མ་ཡིན་པ་དེ་དག་ལ་སོགས་པ་ཐམས་ཅད་ནི། ཡིན་པ་ཐམས་ཅད་ཡིན་ནོ། ། ཆོས་ཐམས་ཅད་ཀྱང་ཡིན་ནོ།། ཆོས་ཐམས་ཅད་དངོས་པོ་དང་མཚན་མའི་རྫས་སུ་དངོས་པོ་གང་ཡང་མ་གྲུབ་ཅིང། དམིགས་པའི་ཡུལ་ལས་འདས་པས་གང་ཡང་མ་ཡིན་པ་དང། གང་ཡང་མ་ཡིན་པ་དེ་ཡང་སྟོང་པ་ཉིད་གཏིང་ཆད་པ་ཅི་ཡང་མེད་པ་མ་ཡིན་ཏེ། ཡོན་ཏན་གྱི་བཙལ་གྱི་དགོངས་པའི་དོན་རང་བཞིན་དུ་འབྱུང་ལ། ཏིང་ངེ་འཛིན་གྱི་བྱིན་རླབས་ཀྱིས་ཇི་ལྟར་དམིགས་པ་བཞིན་དུ་སྣང་བ་དེ་ནི། གང་ཡང་མ་ཡིན་པ་ཡང་མ་ཡིན་ལ། གཉིས་ཀ་ཡིན་པ་ཡང་མ་ཡིན་ནོ།། དེས་ནི་རིས་སུ་འཛིན་པ་དོགས་པའི་ཕྱིར་གཉིས་མ་ཡིན་ཞེས་བྱ་སྟེ། དེ་ལ་གཉིས་ཀ་མ་ཡིན་ཞེས་བྱ་བ་ནི། ཆོས་ཉིད་ལ་རིས་དང། བྱང་ཆུབ་ལ་ཕྱོགས་སུ་འཛིན་པར་དོགས་པའི་ཕྱིར་གཉིས་ཞེས་བྱ་སྟེ། རྒྱུ་དང་འབྲས་བུ་མེད་དེ། གདོད་མ་ནས་བདེ་བ་ཆེན་པོའི་རང་བཞིན་ལས་འགྱུར་བ་མེད་དོ།། གཉིས་ཀ་ཡང་མ་ཡིན་ཞེས་བྱ་སྟེ། རྟག་པ་དང། དངོས་པོ་དང། ཡོད་པར་འཛིན་པའི་ཆོས་ཐམས་ཅད་ནི་གྲུབ་ཅིང་རྟག་པ་མེད་དེ། འཕོ་ཞིང་འགྱུར་བའོ།། ཆོས་ཐམས་ཅད་ཡེ་ནས་རང་བཞིན་མེད་པར་བྱང་ཆུབ་ཀྱང་སེམས་བདེ་བ་ཆེན་པོར་གྲུབ་ལ། དུས་གསུམ་དུ་འགྱུར་བ་མེད་པར་ཤེས་པ་ནི། ཆོས་སྐུ་འགྱུར་བ་མེད་པ་དེ་ནི་གཉིས་ཀ་ཡང་མ་ཡིན་པ་ཞེས་བྱའོ།། གཉིས་ཀ་མ་ཡིན་པ་སངས་རྒྱས་པའི་དོན་བསྡུས་པས། ཡེ་ཤེས་གྲུབ་ཟིན་པ་ཞེས་བྱའོ།། དེ་ལ་བཙལ་མི་དགོས་པའི་འབྲས་བུ་ནི། དཔེར་ན་འཇིག་རྟེན་ན་ཀླུའི་རྒྱལ་པོའི་ནོར་བུ་ལ་འདོད་པའི་འབྲས་བུ་བཙལ་མི་དགོས་པར་འགྱུར་བའང་ཡོད། དེ་ནི་བསོད་ནམས་བསགས་པ་ལས་འབྱུང་པ་ཡིན་པས། དེ་རྟག་ཅིང་འགྱུར་བ་མེད་ལ། འདི་ནི་དེ་ལྟ་བའི་དགོངས་པ་ཅན་མ་ཡིན་ཏེ། འདི་བཙལ་མི་དགོས་པ་ནི། དཔེར་ན་གངས་རིའི་ཀློང་ན་ནག་པོ་བཙལ་ཡང་མི་རྙེད་ལ། དཀར་པོ་བཙལ་ཡང་མི་དགོས་པ་བཞིན་དུ། རང་བཞིན་མེད་པའི་ཆོས་ཉིད་ལ་ཆོས་རྣམས་ཇི་ལྟ་བུ་ཡང་བཙལ་དུ་མེད་ལ། ཀུན་ཏུ་བཟང་པོའི་སེམས་ཀྱི་རང་བཞིན་ལ། གཞན་དང་གཞན་དུ་འབྲས་བུ་བཙལ་མི་དགོས་ཏེ། བཙལ་ཡང་ཚི་ཆད་པའི་ནད་དུ་འགྱུར། སེམས་ཉིད་ཡེ་ནས་སངས་རྒྱས་པ་མེད་ན། བཙལ་ཡང་གྲུབ་པར་མི་འགྱུར་ཏེ་མཆིང་བུ་ཇི་ལྟར་བྱི་དོར་བྱས་གྱུར་ཀྱང་ནོར་བུ་རིན་པོ་ཆེར་མི་འགྱུར་ལ། སོལ་བ་ལ་བྱི་དོར་བྱས་ཀྱང་དཀར་པོར་མི་འགྱུར་བ་བཞིན། ཡེ་ནས་སེམས་ཉིད་སངས་རྒྱས་པ་ནི། དཔེར་ན་གསེར་དང་འདྲ་སྟེ་བཙལ་མི་དགོས། བཙལ་ཡང་འགལ་བ་མེད་དེ། སེམས་དང། ཆོས་དང། ནམ་མཁའ་ཇི་ལྟ་བུའི་རང་བཞིན་དུ་མ་གྲུབ་ཅིང། འདི་འདྲ་ཞེས་པ་ཕྱོགས་སུ་བཙལ་ཡང་མི་རྙེད་པ། སེམས་ཀྱི་ཆོས་ཉིད་བཙལ་མི་དགོས་པར་བྱང་ཆུབ་ཀྱི་སེམས་ཀྱི་འབྲས་བུ་རང་བྱུང་གི་ཡེ་ཤེས་ཤར་བ་ཡིན་ནོ།། ཆོས་ཐམས་ཅད་རང་བཞིན་གཉིས་སུ་མེད་པར་གནས་པའི་དོན་ཤེས་པས། བཙལ་མི་དགོས་པའི་འབྲས་བུ་ཡིན། དེ་ཡང་རང་གི་བྱང་ཆུབ་ཀྱི་སེམས་སུ་ང་དང། བདག་དང། ཕྱོགས་དང་རིས་མེས་པར་ཡོངས་ལ་ཁྱབ། བཟང་ངན་དང་སྤོང་ལེན་མེད་པར་ལྷུན་གྱིས་གྲུབ། དེའི་དོན་ལ་མི་འཕོ། མི་འགྱུར། མི་དམིགས་པར་བདེ་བརྡལ་བས། བཙལ་མི་དགོས་པའི་འབྲས་བུ་ཡིན། ཀུན་ཏུ་བཟང་པོའི་བཀའ་བདེན་ངེས་པ་འདི་རྟོག་པ་ཐེ་ཚོམ་མེད་པར་ཡིད་ཆེས་པ་ཆོས་ཉིད་ཀྱི་ཀློང་ཡིན། དེ་ཡི་དོན་ལ་མ་ཡེངས་པ་བསྒོམ་པའི་དོན་ཡིན། དེ་ལ་བཙལ་མི་དགོས་པར་འབྲས་བུ་རང་ལ་འཆར་རོ།། སེམས་ཉིད་ཆོས་ཉིད་ཡེ་ནས་སངས་རྒྱས་པས། བདེ་བ་ཆེན་པོའི་འབྲས་བུ་བཙལ་མི་དགོས་པར། བྱང་ཆུབ་སེམས་ཀྱི་འབྲས་བུ་རང་ལ་འཆར་རོ། ། དཔེར་ན་དུས་དང་ནམ་ཟླ་ལ་རིང་ཐུང་མེད་པས། མི་བདེ་ཞིང་སྡུག་བསྔལ་བ་ལ་རིང་བར་སྣང་ལ། བདེ་ཞིང་སྐྱིད་པ་ལ་ཐུང་བར་སྣང་ངོ།། དེ་བཞིན་དུ་ཐམས་ཅད་ཆོས་ཉིད་དུ་ཤེས་ན་འགྱུར་བ་མེད་དོ། ། ཕྱི་ཅི་ལོག་ཏུ་ཤེས་ན་སྡུག་བསྔལ་ལ་གྲངས་དང་ཚད་མེད་དོ།། སྡུག་བསྔལ་འབའ་ཞིག་ལ་བལྟས་པས་སྨིན་པ་ནི། ཉིན་མཚན་གྱི་ཡུན་ལ་ཡང་བསྐལ་པ་ཙམ་དུ་ཉམས་སུ་མྱོང་ངོ།། སངས་རྒྱས་ཀྱིས་བསྐལ་པ་དང་མཚན་ལ་ཡང་དབྱེར་མེད་པར་མཁྱེན་ཏཽ། ། དེ་ཡང་རང་གི་བྱང་ཆུབ་ཀྱི་སེམས་ཡིན། བསྐལ་པ་དང་ཡུད་ཙམ་པས། དུས་གསུམ་ཐོག་མ་དང་ཐ་མ་ཡང་མེད་པས། ཡེ་ནས་ཀུན་ཏུ་བཟང་པོའི་བདེ་བ་ཆེན་པོའི་དོན་ལ་འགྱུར་བ་མེད་པའོ། ། དེ་བཞིན་དུ་དངོས་པོ་སྟོང་པ་ལ་རང་བཞིན་སྣང་བའི་ཆོས་ཐམས་ཅད་བྱང་ཆུབ་ཀྱི་སེམས་ཡིན་པར་ཤེས། བཙལ་མི་དགོས་པའི་འབྲས་བུ་ཡིན་ནོ།། དེ་ལ་སངས་རྒྱས་ཀྱི་སྐུ་ཡི་རྣམ་པ་འདུས་པ་ནི། སངས་རྒྱས་ཀྱི་སྐུ་ཞེས་བྱ་བ་གཞན་མ་ཡིན་ཏེ། མཐའ་དང། དབུས་དང། ཕྱོགས་དང། རིས་སུ་ཕྱེ་བའི་ཆོས་ཐམས་ཅད། གཟུགས་དང་རྫས་སུ་འཛིན་ན་སྐུ་ཡོད་དེ། ཇི་ལྟར་སྣང་བའི་ཆོས་ཐམས་ཅད་གཟུགས་དང་རྫས་སུ་གྲུབ་པ་མེད་ན། སངས་རྒྱས་ཀྱི་སྐུ་ཡང་གཟུགས་དང་རྫས་སུ་གྲུབ་པ་མེད་དོ།། དེ་ཅིའི་ཕྱིར་ཞེ་ན། དཔེར་ན་ལུས་ཡོད་ན་གྲིབ་མ་སྣང་བ་བཞིན། རྫས་སུ་ཡོད་པར་འཛིན་ན་དེ་འདུལ་བའི་དོན་དུ་སངས་རྒྱས་ཀྱི་སྐུ་ཡང་སྣང་སྟེ། ཇི་ལྟར་སྣང་བ་ཐམས་ཅད་ལ་མཐའ་ཐུག་པ་མེད་ཅིང་འབྱམ་ཀླས་ཏེ། འགྱུར་བ་མེད་པས་སངས་རྒྱས་ཀྱི་སྐུའོ།། དེ་ལྟ་བུ་ལ་ཡང་ཡུལ་གྱི་རྣམ་པ་ཀུན་ལ་སོགས་པ་གང་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་རྡུལ་གྱི་བྱེ་བྲག་གི་གྲངས་ལས་འདས་པ་ཡོད་པར་འཛིན་པའི་དོན་དུ། སངས་རྒྱས་ཀྱི་ཞིང་ཁམས་བགྲང་བ་ལས་འདས་པ་བསྟན་པ། སྐུ་ལ་ཚེ་ཚད་ཀྱང་མེད་པར་རང་བྱུང་བའི་སངས་རྒྱས་རྫོགས་པ་ལས་འདས་པའི་ཞིང་བརྗོད་དུ་མེད་པ་ནི། སངས་རྒྱས་ཀྱི་ལོངས་སྤྱོད་རྫོགས་པའི་སྐུའོ།། དེ་ལྟ་བུའི་ཞིང་ཁམས་འགྲོ་བ་ཐ་དད་པར། ལས་དང་སྡུག་བསྔལ་མི་འདྲ་བ་མང་པོ་ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་ཡན་མན་ཕན་ཚུན་གནས་པ་ལ་ནི་ཇི་ལྟར་འདུས་པ་ལྟར་སྣང་ཞིང་དོན་མཛད་པ་ལྟར་སྣང་བ་ནི། སངས་རྒྱས་ཀྱི་སྤྲུལ་པའི་སྐུའོ།། ནམ་མཁའ་ལ་མཐའ་ཐུག་མེད་པ་འབྱུང་བ་བཞི་དང། སྐྱེ་འགྲོ་ཐམས་ཅད་ཀྱི་གཞིའི། དེ་བཞིན་དུ་ཐམས་ཅད་དུ་ཁྱབ་བརྡལ་བ་ཆོས་ཀྱི་སྐུ་སྟེ། སྐུ་གཉིས་འབྱུང་བའི་རྩ་བའོ།། རྒྱུ་འབྲས་ཀྱི་ཆོས་འཁོར་བ་དང་མྱ་ངན་ལས་འདས་པར་འཛིན་པ་བྱང་ཆུབ་སེམས་དཔའ་དང་ལྷའི་དཀྱིལ་འཁཽར་དུ་ལོངས་སྤྱོད་རྫོགས་པའི་སྐུའོ། ། དེ་སྣོད་དུ་གྱུར་པ་ནི་ཡུལ་སེམས་དངོས་པོར་འཛིན་པ་འགྲོ་བ་རིགས་དྲུག་གོ། དེ་ཇི་ལྟར་འདུལ་བའི་དོན་མཛད་པ་སྤྲུལ་པའི་སྐུའོ།། དེ་ལས་མཚན་མ་ཐ་དད་པ་ནི། སངས་རྒྱས་ཀྱི་སྐུ་བསམ་གྱིས་མི་ཁྱབ་པ་ཡང། སངས་རྒྱས་སྐུ་གསུམ་དུ་འདུས་སོ།། སྐུ་གསུམ་ཡང་ཆོས་ཀྱི་སྐུར་འདུས་སོ།། ཆོས་ཀྱི་སྐུ་ཡང་ཡེ་ནས་སྐྱེ་ཤི་དང་འཕོ་འགྱུར་མེད་པའི་བྱང་ཆུབ་ཀྱི་སེམས་སུ་འདུས་སོ། ། བྱང་ཆུབ་ཀྱི་སེམས་ཀྱང་ཡིད་རང་བྱུང་གི་ཡེ་ཤེས་བཙལ་དུ་མེད་པར་འདུས་སོ།། དེའི་དོན་ཡང་རྒྱུད་འདིར་འདུས་སོ།། དེ་ཡང་བྱ་བཙལ་མེད་པའི་སྐུར་བལྟའོ།། དེ་ལ་སངས་རྒྱས་ཀྱི་གསུང་གི་རྣམ་པ་འདུས་པ་ནི། སངས་རྒྱས་ཀྱི་གསུང་ཇི་ལྟར་སྣང་བའི་ཆོས་ཐམས་ཅད་ཚིག་དང་ཡི་གེར་མ་འདུས་པ་མེད་པས། སངས་རྒྱས་ཀྱི་གསུང་གཅིག་ལ་གསུང་ཡན་ལག་བསམ་གྱིས་མི་ཁྱབ་པ་ཡང་ཚིག་དང་ཡི་གེར་འདུས་ལ། ཡི་གེ་ཡང་ཡིག་འབྲུ་བཞི་བཅུ་རྩ་གཉིས་སུ་འདུས་པ་དང། དེ་ཡང་དབྱངས་ཡིག་བཅུ་དྲུག་ཏུ་འདུས། དེ་ཡང་ཡི་གེ་དཔའ་བོ་འབྲུ་ལྔར་འདུས་དེ་ཡང་ཡི་གེ་འབྲུ་གསུམ་དུ་འདུས། དེ་ཡང་ཡི་གེ་ཧཱུཾ་དུ་འདུས། ཧཱུཾ་ཡང་རང་གི་བྱང་ཆུབ་ཀྱི་སེམས་སུ་འདུས་སོ། ། སངས་རྒྱས་ཀྱི་གསུང་ཡང་ཡི་གེ་མེད་པར་འདུས་སོ།། དེའི་དོན་ཡང་བརྗོད་དུ་མེད་པའི་གསུང་དུ་འདུས་སོ།། དེའི་དོན་ཡང་གསུང་མི་མངའ་བར་ལ་བཟློའོ།། དེ་ཡང་སངས་རྒྱས་ཐམས་ཅད་ཀྱི་ཐུགས་འདུས་པ་ནི། སངས་རྒྱས་ཀྱི་ཐུགས་ནི་སེམས་ཅན་གྱི་ཡིད་ཡིན་པས། སེམས་ཅན་གྱི་ཡིད་ནི་ཡེ་ནས་རིག་པའི་རྒྱལ་པོ་ཡིན་པས། དག་པའི་ཞིང་ལ་སངས་རྒྱས་དང་སེམས་ཅན་དུ་འདོད་པ་ནོར་ཏེ། དཔེར་ན་སྨན་ཐམས་ཅད་འདུས་པའི་རོ་དང། སྨན་ཙན་དན་རྡ་རིའི་རོ་དང་མཐུན་པ་ལ་ཁྱད་མེད་དོ།། དེ་བཞིན་དུ་སངས་རྒྱས་ཀྱི་ཐུགས་སེམས་ཅན་གྱི་སེམས་ཀྱི་ཆོས་ཉིད་ལ་ཁྱད་མེད་དོ། ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་ཡེ་ནས་གཉིས་སུ་མེད་པ། རང་གི་བྱང་ཆུབ་ཀྱི་སེམས་སུ་ལྷུན་གྱིས་གྲུབ་ཟིན་པའོ།། དེ་བཞིན་དུ་སངས་རྒྱས་ཐམས་ཅད་ཀྱང་སྐུ་གསུང་ཐུགས་སུ་འདུས། དེ་ཡང་ལུས་ངག་ཡིད་གསུམ་ཉིད་ཡེ་ནས་བཙལ་མི་དགོས་པར་ལྷུན་གྱིས་གྲུབ་པ་ཡིན། དེ་ཡང་ཐམས་ཅད་དུ་རང་གི་བྱང་ཆུབ་ཀྱི་སེམས་ལས་གཞན་མ་ཡིན། གཞན་དངོས་པོ་དང་རྟོག་པ་ཅི་སྣང་ཡང། དེ་ཉིད་རྟོགས་པའི་ཡེ་ཤེས་སུ་རོལ་པ་ནི། དཔེར་ན་ཀླུ་ཡི་རྒྱལ་པོ་དུག་ཅན་ས་ཡི་འོག་རྒྱ་མཚོ་ནས་དུ་མ་ཡོད་པའི་དུས་ན། དུག་གི་ཁ་རླངས་ཡོད་པའི་ས་སྟེངས་སུ་དུག་སྣ་ཚོགས་སྐྱེའོ།། དེ་རྣམས་རྨ་བྱས་མཐོང་ནས་ཟས་དང། སྨན་དང། རྩིར་ཤེས་ནས་ཟོས་པས། ཁ་དོག་གསལ་ནས་མེད་དོ།། དྲི་མས་ཀྱང་དུག་སེལ་ལོ།། དེ་བཞིན་དུ་གཟུང་འཛིན་རྟོག་ཏུ་སྤྱོད་པའི་སྡུག་བསྔལ་དང། དངོས་པོ་ཆོས་ཐམས་ཅད་རང་གི་བྱང་ཆུབ་ཀྱི་སེམས་སུ་རྟོགས་པས། དེ་ཉིད་བདེ་བ་ཆེན་པོའི་བྱང་ཆུབ་ལས་གཞན་མ་ཡིན་པར་རྟོགས་པས། སླར་བྱང་ཆུབ་ཀྱི་བསྐུལ་མ་ཡེ་ཤེས་ཆེན་པོའི་མཛད་སྤྱོད་དུ་རོལ་པས། དངོས་པོའི་ཆོས་སུ་བཙལ་ཡང་མི་རྙེད། སྡུག་བསྔལ་མིང་ཡང་མེད་པར་ཤེས་པས། སངས་རྒྱས་ཀྱི་ཐུགས་ལ་དག་པ་ཡིན། ཐུགས་ཡང་དག་པ་ནི་ཐམས་ཅད་དུ་ཇི་ལྟར་འདོད་པར་སངས་རྒྱས་པར་སྤྱོད་པ་ནི། དཔེར་ན་རྒྱ་མཚོའི་ནང་ན་ཀླུ་ཡི་རྒྱལ་པོའི་ནོར་བུ་རིན་པོ་ཆེ་དང།། ནོར་བུ་མང་པོ་བྱིན་རླབས་སོ། ། སོ་ན་ཡོད་པ་དེའི་ཐད་ཀའི་སྟེང་ན། གསེར་གྱི་བྱེ་མ་དང། རིན་པོ་ཆེའི་རྡོ་རྗེ་དང། རྒྱན་རིན་པོ་ཆེ་སིལ་སྐྱེའོ།། དེ་བཞིན་དུ་རང་གི་རིག་པ་བྱང་ཆུབ་ཀྱི་སེམས་ཡེ་ནས་གྲུབ་ཟིན་པའི་དོན་འདོན། ལས་མ་ཡེངས་ན། དེ་ལྟར་མ་རྟོགས་པའི་ཡན་མན་དང་ཁོར་ཡུག་ཏུ་ཡང་བྱང་ཆུབ་སེམས་རྟོག་པའི་དོན་འཆར་རོ།། དེ་ཅིའི་ཕྱིར་ཞེ་ན། ཉི་མ་དང་མུན་པ་བཞིན་ནོ།། དེ་ལྟ་བས་ན་རང་གི་བྱང་ཆུབ་ཀྱི་སེམས་ལ་མཐའ་དང། དབུས་དང། ཕྱོགས་དང། རིས་མེད་ཅིང། ཅིར་ཡང་མི་རྟོག་ཅིས་ཀྱང་མི་འགྱུར་བ་ནི། དཔེར་ན་ནམ་མཁའ་དང་འདྲའོ།། བྱང་ཆུབ་ཀྱི་སེམས་ཡེ་ནས་སངས་རྒྱས་པ་ལ་བཙལ་དགོས་པ་ན་དཔེར་ན་གསེར་དང་འདྲའོ། ། བྱང་ཆུབ་ཀྱི་སེམས་དོན་མ་ནོར་བར་འདི་ལྟར་ཤེས་ན་ཅི་འདོད་པར་དབང་བསྒྱུར་བ་ནི། དཔེར་ན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དང་འདྲའོ།། དེ་ཅིའི་ཕྱིར་ཞེ་ན། སངས་རྒྱས་ཐམས་ཅད་ཀྱི་ཐུགས་འདུས་པ་ནི། བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོ།། སྐྱེ་འཆི་འཕོ་འགྱུར་མེད་པའི་ཀློང་དུ་ཡེ་ནས་ཡིད་ཆེས་པ། ཐམས་ཅད་མཁྱེན་པའི་ཐུགས་དོན་དེ་ལ་ཡིད་ཆེས་པས། རྣམ་པར་མི་རྟོག་པའི་ཐུགས་དེ་ལ་སྐྱེ་ཤི་དང་འཕོ་འགྱུར་མེད་པར་ཤེས་པས། ཐུགས་བྱང་ཆུབ་ཀྱི་སེམས་ཞེས་བྱའོ།། དེ་ལ་སངས་རྒྱས་ཐམས་ཅད་ཀྱི་ལྟ་བ་འདིར་འདུས་པ་ནི། སངས་རྒྱས་ཐམས་ཅད་ཀྱིས་ཇི་ལྟར་ཡིན་པའི་དོན་ཐོག་ཏུ་ཕབ་སྟེ། ངེས་པར་ཡིན་པར་ཐག་བཅད་པ་ལ་ལྟ་བ་ཞེས་བྱའོ། ། སེམས་ཀྱི་རང་བཞིན་ཅིར་ཡང་མི་སྣང་ཞིང།། ཅིར་ཡང་མི་འགྱུར་བར་བཅས་པ་ལ་ལྟ་བ་ཞེས་བྱའོ།། སེམས་ཀྱི་རང་བཞིན་ལ་བཟང་ངན་དང། ཆེ་ཆུང་དང། རྒྱུ་འབྲས་དང། གཙང་སྨེ་མེད་ཅིང། མཐའ་དབུས་དང་ཕྱོགས་རིས་མེད་པར་བཅད་པ་ལྟ་བ་ཞེས་བྱའོ།། སེམས་ཀྱི་རང་བཞིན་ལ་ཡེ་ཐོག་མ་དང་ཐ་མ་མེད་ཅིང། ཀུན་ནས་ཟླུམ་པའི་ཐིག་ལེ་ཆེན་པོའི་ཀློང་དུ་བཅད་པ་ལྟ་བ་ཞེས་བྱའོ། ། དཔེར་ན་ནམ་མཁའ་མཚན་མར་འཛིན་པ་བཞིན། སེམས་གཟུང་འཛིན་དུ་རྟོགས་པ་ཅིས་ཀྱང་མི་འགྱུར་བའོ།། ནམ་མཁའ་ཅིས་ཀྱང་མི་ཟིན་པ་བཞིན། སེམས་ལ་སྐྱོན་གྱི་སྡུག་བསྔལ་ཅིས་ཀྱང་མི་ཟིན་པ་དང། མི་འགྱུར་བ་དང། མི་འཕོ་བ་དང། རང་བཞིན་དང། ཕྱོགས་རིས་མེད་པར་བཅད་པ་ལ་ལྟ་བའོ།། སེམས་དང། ཆོས་དང། ནམ་མཁའ་ཆོས་ཐམས་ཅད་གཉིས་སུ་མེད་པར་ལྟ་བའི་དོན་དུ་འདུས་སོ། ། སེམས་དང་ནམ་མཁའ་དང་ཡང་གཉིས་སུ་མེད་པའི་བདེ་བ་ཆེན་པོ་ལྟ་བའོ།། དེ་ནི་ནམ་མཁའ་ལྟར་ཡངས་པས་མི་འགྱུར་བའོ།། དེ་ནས་སངས་རྒྱས་ཐམས་ཅད་ཀྱི་དམ་ཚིག་དང་སྤྱོད་པ་འདུས་པ་ནི། དམ་པ་སངས་རྒྱས་ཡིན་པ་ལ། དེ་ཡི་ཞལ་ནས་གསུངས་པའི་ཚིག་ཡིན་པས་སངས་རྒྱས་ཀྱི་ཞལ་ནས་གསུངས་པའི་ཚིག་ལས་འདུ་བྱེད་དང་ཉོན་མོངས་པ་རྩ་བརྒྱད་དུ་འགྱུར་བའི་ཕྱིར། དམ་ཚིག་འབུམ་སྟེ་ལས་སྟོང་རྩ་བརྒྱད་དུ་འདུས་སོ། ། དེ་ཉོན་མོངས་པའི་ནང་མཐུན་པ་བརྒྱད་ཁྲི་བཞི་སྟོང་ཡོད་པའི་ཕྱིར། དམ་ཚིག་གི་རྩ་བ་བརྒྱད་ཁྲི་བཞི་སྟོང་དུ་འདུས་སོ།། དེ་བསྡུས་པས་ལྟ་བ་ལ་མུ་མེད་པའི་ཕྱིར་དམ་ཚིག་ལ་མུ་མེད་དོ།། འདུ་བྱེད་དང་ཉོན་མོངས་པ་མེད་པའི་ཕྱིར་ཤེས་ན། དམ་ཚིག་ཀྱང་བསྲུང་དུ་མེད། རང་གི་སེམས་ཉིད་དུ་མ་རྟོགས་ན་གོལ་བའི་ཉེན་ཆེ་བས། འོག་ཏུ་དམ་ཚིག་འདུས་སོ།། ཞེས་གསུས་སོ།། མ་རྟོགས་པ་གོལ་པའི་གཡེང་བ་འབུམ་ཡོད་པས། དམ་ཚིག་ལ་མུ་མེད་པ་ས་ཡ་འབུམ་སྡེར་འདུས་སོ།། འདུ་བྱེད་དང་ཉོན་མོངས་པའི་རྩ་སྟོང་རྩ་བདུད་དུ་འགྱུར་བའི་ཕྱིར། དམ་ཚིག་འབུམ་སྡེ་ལམ་སྟོང་རྩ་བརྒྱད་དུ་འདུས་སོ།། དེ་ཉོན་མོངས་པའི་ནང་མཐུན་པ་བརྒྱད་ཁྲི་བཞི་སྟོང་ཡོད་པའི་ཕྱིར་ན། དམ་ཚིག་རྩ་བ་བརྒྱད་ཁྲི་བཞི་སྟོང་དུ་འདུས་སོ།། དེ་བསྡུས་པའི་ལྟ་ལོག་གསུམ་བརྒྱ་དྲུག་ཅུ་ཡོད་པའི་ཕྱིར། དམ་ཚིག་སུམ་བརྒྱ་དྲུག་ཅུར་འདུས་སོ།། དེ་རྩ་བ་བརྒྱ་རྩ་བརྒྱད་དུ་འདུས་སོ། ། དེ་ཡང་དུག་གསུམ། དུག་ལྔ་དང། རྟོག་པ་ལྔ་དང། ཕུང་པོ་ལྔ་དང། རྩོལ་བ་ལྔར་འདུས་པས་ཉི་ཤུ་རྩ་ལྔར་འདུས་སོ།། དེ་ཡང་བཅོ་ལྔ་ལས་སྐྱེད་དུ་མེད་པའི་ཕྱིར། དམ་ཚིག་བཅོ་ལྔར་འདུས་སོ།། དེ་ཐམས་ཅད་ཀྱི་རྩ་བ་ལུས་ངག་ཡིད་གསུམ་དུ་འདུས་པས་རྩ་བའི་དམ་ཚིག་གསུམ་དུ་འདུས་སོ།། དེ་ཡང་ཡིད་དུ་འདུས་པས་གསང་བའི་དམ་ཚིག་འདའ་བ་མེད་པར་གསུངས་སོ། ། དེ་ལ་འདའ་བ་མེད་པ་ཡིན་ནོ།། ཐམས་ཅད་དུ་རང་གི་སེམས་ལས་གཞན་དུ་ཕྱོགས་རིས་དང་འདུས་སོ།། དེ་ལས་འདའ་བ་མེད་པ་ཞེས་བྱ་བ་ནི། ཐམས་ཅད་ཆོས་ཉིད་ལས་ཆོས་ཅན་དུ་འདའ་བ་མེད་པ་ཡིན་ནོ། ། ཐམས་ཅད་དུ་རང་གི་སེམས་ལས་གཞན་དུ་ཕྱོགས་རིས་དང་འདའ་བ་མེད་པ་ཡིན། ཡེ་ནས་ཀུན་ཏུ་བཟང་པོ་བདེ་བ་ཆེན་པོ་ལས། སངས་རྒྱས་དང་སེམས་ཅན་དུ་འདའ་དབང་མེད་པ་ཡིན་ནོ།། དེ་ཡི་དམ་ཚིག་ལས་འདས་ན་སངས་རྒྱས་མ་ཡིན་ནོ། ། དུས་ཐམས་ཅད་དུ་ཆོས་ཉིད་བྱང་ཆུབ་སེམས་ལས་མ་འདས་ན། དངོས་པོའི་ཆོས་ནང་གི་ངན་འཛོམས་ཤིང་རྡུལ་དུ་རློག་པས། དེ་ལས་འདས་ན་གྲུབ་པ་ཐོབ་པའི་ལྷ་ཡང་བརླག་པར་འགྱུར། ཞེས་གསུངས་སོ།། དེ་བསྡུས་པས་བསྲུང་དུ་མེད་པའི་དམ་ཚིག་ཅེས་བྱ་སྟེ། དེ་ལ་བསྲུང་དུ་མེད་པ་ཞེས་བྱ་བ་ནི། ཀུན་ཏུ་བཟང་པོ་བྱང་ཆུབ་སེམས་ལས་མ་རྟོགས་པ། འཁོར་བ་དང་མྱ་ངན་ལས་འདས་པ་ལྟ་ཅི་སྨོས་ཀྱི། འཛིན་རྟོག་ནི་རྡུལ་ཙམ་ཡང་མེད་པར་འགྱུར་བས། ཐམས་ཅད་མཉམ་པ་ཆེན་པོའི་ཀློང་ངོ།། དེ་ལ་འཕྲིན་ལས་བྱ་བཙལ་མེད་པར་འདུས་པ་ནི། བྱ་བཙལ་མེད་ཅེས་བྱ་བ་ནི། ཡེ་ནས་གྲུབ་པ་ལ་བྱ་ཞིང་བཙལ་མི་དགོས་པ་སྟེ། དཔེ་གསེར་དང་འདྲ་སྟེ། རིག་པ་བྱང་ཆུབ་ཀྱི་སེམས་ཀྱི་ཆོས་ཉིད། ཡེ་ནས་ཀུན་ཏུ་བཟང་པོ་བདེ་བ་ཆེན་པོ་མེན་ན། དེ་བཙལ་བས་མི་འགྲུབ་སྟེ། དེས་ན་བདེ་བ་ཆེན་པོ་ཀུན་ཏུ་བཟང་པོ་ཡིན་ནོ། ། བཙལ་ཡང་སངས་རྒྱས་ལ། མ་བཙལ་ཡང་སངས་རྒྱས་པས་དཔེར་ན་འཛམ་བུ་ཆུ་བོའི་གསེར་དང་འདྲ་པས། འཕྲིན་ལས་བྱ་བཙལ་མེད་པ་ཞེས་བྱ་སྟེ། ལྟོ་འགྲངས་ན་ཁ་ཟས་ཀྱི་གཏམ་ཡི་གར་མི་འོང་བ་བཞིན་དང་འདྲ་བར་རྩོལ་སྐྱོན་དུ་གྱུར་པས་འཕྲིན་ལས་བྱ་བཙལ་མེད་པ་ཡིན་ནོ། ། དེ་ལྟར་འཕྲིན་ལས་བྱ་བཙལ་མེད་པས་སྤོང་ལེན་མེད་པར་འཛིན་པ་ནི་ཐམས་ཅད་ཀུན་ཏུ་བཟང་པོ་ལ། བཟང་ངན་དང་ཆེ་ཆུང་ཡོད་མེད་རྟག་ཆད་དམ་ཕྱི་ནང་གི་རྣམ་པ་བཙལ་བས་མི་རྙེད་པ་ངང་གིས་ཤེས། འཕྲིན་ལས་བྱ་བཙལ་མེད་པ་སྤོང་ལེན་མེད་པའོ།། འཁོར་བ་ཉིད་མྱ་ངན་ལས་འདས་པ་ཡིན་པར་རིག་པ་ནང་ནས་ཤར། ཉོན་མོངས་པ་རང་སྡུག་བསྔལ་ཐར་པ་ཆེན་པོའི་ལམ་དུ་ཏིང་ངེ་འཛིན་གྱིས་ལོངས་སྤྱོད་མཛད། ཕྱིན་ཅི་ལོག་ཏུ་བདེ་བ་ཆེན་པོ་མི་འགྱུར་བའི་གཏེར་བཙུགས་པས། དངོས་པོ་ཐམས་ཅད་བསྐལ་པའི་མེ་བཞིན་བསྲེགས་པས། སྒྲིབ་པ་ཐམས་ཅད་ཐལ་ཚོར་རླུང་གི་གཏོར། ལས་དང་ཉོན་མོངས་པ་ཐམས་ཅད་བར་སྣང་གི་ན་བུན་བཞིན་སངས་རྒྱས་པས། སེམས་ཀྱི་རང་བཞིན་ཅི་ཡང་མ་ཡིན་པའི་དབྱིངས་ལ་བརྡལ། ཡེ་ཤེས་ཀྱི་རང་བཞིན་རིག་པ་སྤྱི་ཁྱབ་ཏུ་ཤར། གཉིས་སུ་མེད་པའི་དོན་མཐའ་དབུས་ཕྱོགས་རིས་མེད་པར་ཀློང་དུ་གྱུར་པས། དུས་གསུམ་གྱི་སངས་རྒྱས་ཆོས་ཀྱི་སྐུ་འགྱུར་བ་མེད་པའི་རྣལ་དུ། སྐུ་གསུམ་ལྷུན་གྱིས་གྲུབ་པས་མི་ནུབ་པའི་རྒྱལ་མཚན། མི་འགྱུར་བའི་གཏེར་བཅུག་པས། སངས་རྒྱས་དང་སེམས་ཅན་མཉམ་པ་ཆེན་པོའི་ཀློང་དུ་འདའ་བ་མེད་པར་དམ་བཅས། ཇི་ལྟར་སྣང་བ་ཀུན་ཏུ་བཟང་པོའི་མཛད་སྤྱོད་དང་འཕྲིན་ལས་སུ་དུས་དང་རྐྱེན་མེད་པར་མངའ་ཐང་སྐྱེས། སྡུག་བསྔལ་དང་རྣམ་པར་རྟོག་པ་ཐམས་ཅད་ཡེ་ནས་མཐར་ཕྱིན་པས། སངས་རྒྱས་ཐམས་ཅད་ཀྱི་སེམས་ཀྱི་འཕྲིན་ལས། མ་ནོར་བ་འགྱུར་བ་མེད་པས་དགྱེས། ཡབ་ཀུན་ཏུ་བཟང་པོ་ཐམས་ཅད་བྱང་ཆུབ་ཀྱི་སེམས་ཀྱི་སྲས་སུ་གྱུར་པས། ཐུགས་མྱ་ངན་ཆོས་ཉིད་དུ་སངས། དངོས་པོ་མ་སྐྱེས་པའི་ཆོས་ཉིད་དུ་སེམས་མི་གཡོ་བའི་ཏིང་ངེ་འཛིན་ནི་གསལ་བའི་རིག་པ་རང་བྱུང་གི་ཡེ་ཤེས་བཙལ་མི་དགོས་པའི་འབྲས་བུ་སངས་རྒྱས་པས། ངན་སོང་དང་འཁོར་བ་ཆོས་བཙལ་ཡང་མི་རྙེད་པས། སངས་རྒྱས་ཀྱི་འཕྲིན་ལས་མ་ནོར་བ་མ་ཡིན་ནོ།། དེ་ལ་གཉིས་སུ་མེད་པའི་སྤྱོད་པ་སྟེ། ཆོས་ཉིད་སྤྱོད་པ་གང་ཡིན་པ་རང་གི་སེམས་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། དཔེར་ན་སྔོན་པོ་གང་ཡིན་པ་བཻཌཱུརྻ་ལ། བཻཌཱུརྻ་གང་ཡིན་པ་ཁ་དོག་སྔོན་པོར་སྣང་བ་དང་འདྲ་བར། ཆོས་ཉིད་གང་ཡིན་པ་རང་བཞིན་མེད་པའི་བྱང་ཆུབ་སེམས་ཡིན་པས། རང་བཞིན་མེད་པ་གང་ཡིན་པ་བྱང་ཆུབ་ཀྱི་སེམས་ཀྱི་ཆོས་ཉིད་ཡིན་པ་ཡང་འཕྲལ་དུ་བྱས་ཤིང་བཙལ་བ་མ་ཡིན། དེས་ན་དེ་ལྟར་གཉིས་སུ་མེད་ཅིང་བཅོས་མ་མ་ཡིན། སེམས་ཉིད་སྤྱོད་པ་ཡིན་པ་དང་ཇི་ལྟར་སྣང་བའི་ཆོས་ཐམས་ཅད་མཐའ་ལ་མི་གནས་པ། དབུས་ལ་མི་དམིགས་ཏེ། དུས་གསུམ་དུ་འདུས་མ་བྱས་པར་སངས་རྒྱས་པ་དེ་ལ། གཉིས་སུ་མེད་པ་བདེ་བ་ཆེན་པོར་ལོངས་སྤྱོད་པ་ཡིན་པས། རྒྱུ་འབྲས་དང་ཕྱི་ནང་གི་ཆོས་ལ་ཇི་ལྟར་ཡོད་ཀྱང་རྟག་ཅིང་དངོས་སུ་འཛིན་པ་མེད་ལ། མེད་ཅིང་ཆད་པར་སྟོང་ཞིང་གྲོལ་བ་མེད་པས། སེམས་ཀྱི་ཆོས་ཉིད་ཅི་ལ་ཡང་འཆིང་གྲོལ་མེད་པར་ལོངས་སྤྱོད་པ། ཐམས་ཅད་སེམས་ཉིད་ཆོས་ཉིད་ཀྱི་སྤྱོད་པ་ཡིན་པ་དེ་ནི། དཔེར་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཡོངས་སུ་ཆོས་སྐྱོང་བ་དང། འདམ་རྫབ་དང། ངན་སྐྱུགས་དང། ཁྱི་ལུད་ཀྱི་ནང་ན་འདུག་པ་དང། རིན་པོ་ཆེའི་ཁང་པ་ན་འདུག་པ་ལ། བསོད་ནམས་དང། ལོངས་སྤྱོད་དང། འདུལ་བའི་ཞིང་ལ་ཁྱད་མེད་དེ། སླར་འདི་འདམ་རྫབ་དང་ངན་སྐྱུགས་ཀྱི་ནང་ན་འདུག་པ། རིན་པོ་ཆེའི་ཁང་པ་ན་འདུགས་པས་ཀྱང་ལོངས་སྤྱོད་རྒྱས་ཤིང་ཆེ་བར་སྣང་སྟེ། རྒྱལ་པོའི་རྒྱུ་དང་གསོག་མ་ཡིན། རྒྱལ་པོ་གང་ལ་ཡང་མ་ཆགས་པའི་སྦྱིན་པ་ཡིན་པ་དང་འདྲ་བར། རང་གི་བྱང་ཆུབ་སེམས་ནི་ངན་སོང་གི་འཁོར་བའི་ཆོས་དང། རྣམ་པར་བྱང་བ་མྱ་ངན་ལས་འདས་པའི་ལ་ཇི་ལྟར་སྤྱད་ཀྱང། དེ་ལ་ཆེ་ཆུང་དང་ཕྱོགས་རིས་སུ་ཕྱེ་བ་མེད་དེ། སླར་འཁོར་བ་ཉིད་མྱ་ངན་ལས་འདས་པའི་རྩ་བ། སངས་རྒྱས་ཐམས་ཅད་ཀྱི་རྗེ་བཙན། ཀུན་ཏུ་བཟང་པོ་བཙལ་བ་མེད་པ། རང་བྱུང་གི་བཅོམ་ལྡན་འདས་སུ་ཡེ་ནས་འུབ་ཀྱི་ཆུབ་པར་ལོངས་སྤྱོད་པ་དེ། དེ་འཕྲལ་དུ་ཡིད་ཀྱིས་སྨོན་ཏེ། སེམས་ཀྱི་མོས་པ་དང་བཅོས་པ་མ་ཡིན། དེ་ནི་ཡེ་ནས་རང་གིས་སེམས་ཡེ་ནས་རང་བཞིན་མེད་པའི་ཆོས་ཉིད་དུ་ལོངས་སྤྱོད་པ་ལ། ཡེ་ཤེས་ཆེན་པོའི་ཆོས་སུ་ཡེ་ཤེས་ཆེན་པོའི་སྤྱན་གྱིས་མི་གཟིགས་ཤིང། ཕྱོགས་རིས་དང་བཟང་ངན་དུ་ཀུན་ཏུ་བཟང་པོས་ཀྱང་མི་རྙེད། སྐྱེ་འཆི་དང་འཕོ་འགྱུར་དུ་ཕྱོགས་བཅུའི་སངས་རྒྱས་ཀྱིས་ཀྱང་མི་མཁྱེན་སེམས་ཀྱི་སྤྱོད་པ་ལྟ་བ་ནམ་མཁའ་འདྲ་བ་ལ། སེམས་ཀྱི་དམ་ཚིག་འདའ་བ་མེད་པ་ཡིན། བརྟན་པས་གཞི་འདྲ་བས། སེམས་ཀྱི་སྤྱོད་པ་གཉིས་སུ་མེད་པར་ལོངས་སྤྱོད་པ་ཆུ་ཀླུང་ཆེན་པོ་བཞིན་དུ། དུས་དང་ཉིན་མཚན་དུ་འགྱུར་ལྡོག་མེད་པར་སྤྱོད་པ། སངས་རྒྱས་ཀྱི་མཛད་སྤྱོད་མ་ནོར་བའོ།། ཆོས་ཉིད་བྱང་ཆུབ་སེམས་ལ་བཟང་ངན་མེད་པས། གཙང་སྨེ་བྱང་ཆུབ་སེམས་ལ་མེད་པ། བཟང་ངན་མེད་པར་སྤྱོད་པ་དང། ཆོས་ཉིད་བྱང་ཆུབ་སེམས་ལ་ཕྱོགས་རིས་མེད་པས། སྤོང་ལེན་མེད་པར་སྒྲོལ་བ་ལ་སོགས་པ་ཡང། བྱང་ཆུབ་སེམས་ཀྱི་སྤྱོད་པ་སྤྱད་པའི་ངོ་བོ་མེད་པ་ཡིན་ནོ།། དེ་ལ་སྤྱད་པའི་ངོ་བོ་མེད་པ་ནི། ཐམས་ཅད་སེམས་ཀྱི་ངོ་བོ་ལ་འདི་འདྲ་ཞེས་བྱ་བར་གྲུབ་པ་མེད་པས་ཇི་ལྟར་སྤྱོད་ཀྱང་སྤྱོད་པའི་ངོ་བོ་མེད་པ་ཡིན་ནོ།། དེ་ནི་དཔེར་ན་ནམ་མཁའ་ལ་འདུས་བྱས་ཀྱི་ཆོས་ཇི་ལྟར་སྤྱོད་ཀྱང་སྤྱོད་པའི་ངོ་བོ་མེད་དེ། དེའི་སྐྱོན་གྱིས་གོས་པ་མེད་དོ།། དེ་བཞིན་དུ་བྱང་ཆུབ་སེམས་ཀྱི་སྤྱོད་པ་ནི། རྒྱ་མཚོ་དངས་པའི་ནང་ན་ཉི་ཟླ་གཟའ་སྐར་གྱི་གཟུགས་བརྙན་ཇི་ལྟར་སྤྱོད་ཀྱང་དེ་ལ་དངོས་པོ་དང་མཚན་མ་མེད་དེ། ཆོས་ཉིད་རྒྱ་མཚོ་དང་འདྲ་བའི་དོན་ཟབ་མོ་ཐུགས་སུ་ཆུད་པ་ཡང་དེ་བཞིན་ནོ། ། དེ་ལ་མ་ནོར་བ་ཞེས་པ་ནི། ཡེ་ནས་ཡིན་ངེས་པའི་དོན་འདི་མ་བཅོས་པར་ཤེས་པས་ན་མ་ནོར་བའོ།། ཐམས་ཅད་ལ་བྱང་ཆུབ་ཀྱི་སེམས་ཀྱི་སྤྱོད་པ་ཡིན་པར་མ་ཤེས་ན། རྒྱུ་འབྲས་ཀྱི་རྩོལ་བས་སངས་རྒྱས་ཀྱི་རྩོལ་བར་རྩོལ་སྤྱད་ཀྱང་སླར་འཁོར་བའི་རྒྱུ་ཚི་ཆད་པའི་སྡུག་བསྔལ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། དེས་སེམས་ཀྱི་དོན་ཡེ་ནས་ཡིན་པར་མི་ཤེས་པས། རྨོངས་པ་ནམ་མཁའ་སྙེག་པ་དང་འདྲ་བ་ཡིན་ནོ།། ཆོས་ཉིད་བྱང་ཆུབ་སེམས་ཀྱི་རང་བཞིན་ནས་རིན་པོ་ཆེ་མན་ཤེལ་བཞིན་དུ་རྣམ་པར་དག་པ་དེ་བཞིན་དུ། གདོས་པ་ཅན་མ་ཡིན་པ། ནམ་མཁའི་དབྱིངས་ལྟར་སྤྲོས་པ་ཐམས་ཅད་དང་བྲལ་བ། དེ་ཡང་ཡེ་ནས་དེ་ལྟར་ཡངས་ཤིང་རྒྱ་ཆད་པ་ཡང་མ་ཡིན་པར།། ཏིང་ངེ་འཛིན་གྱི་འོད་ཟེར་ཉི་མའི་དཀྱིལ་འཁོར་ལྟར་གསལ་ལ་མི་བསྒྲིབ་པར་རང་བྱུང་བའོ། ། དེ་ཡང་འཇིག་རྟེན་མཚན་མའི་ཆོས་ཅན་ལྟ་བུ་མ་ཡིན་ཏེ། བལྟ་རུ་ནི་ཡོད། གཟུང་དུ་མེད། སྣང་ནི་སྣང། དངོས་པོར་ནི་མ་གྲུབ་སྟེ། གཞའ་ཚོན་ཆུ་ཟླ་ལྟ་བུའི་དཔེ་མཚོན། ཡིད་ཏིང་ངེ་འཛིན་ཇི་ལྟར་འདོད་པ་བཞིན་འབྱུང་བ་ནོར་བུ་དང་འདྲ་བར། དོན་བསྟན་པས་ཡེ་ནས་རང་བཞིན་མེད་པ་ཀུན་གཞིའི་སེམས་ཀྱི་རྒྱུད་ཐམས་ཅད་ལ་གཉིས་སུ་མེད་པའི་སེམས་ཀྱི་ལོངས་སྤྱོད། འདོད་པ་ཐམས་ཅད་མ་བཙལ་བར་ལྷུན་གྱིས་གྲུབ་པ། སེམས་ཀྱི་འབྲས་བུ་ལས་རང་འཆར་བ་ཡིན་པས། དེའི་ཕྱིར་སེམས་ཀྱི་ཆོས་ཉིད་བྱང་ཆུབ་སེམས་རྟོགས་ན། རྟོགས་པའི་ཏིང་ངེ་འཛིན་དང། ཡེ་ཤེས་རོལ་པའི་འཕྲིན་ལས་སྣ་ཚོགས་སུ་ཟད་པ་མེད་པར་འཆར་པའོ། ། དེ་ལྟར་དེ་བཞིན་གཤེགས་པ་ཐམས་ཅད་དགོངས་པ་འདུས་པའི་རྒྱུད་འདིས་ཐོས་པ་དང་ཆོས་ཐམས་ཅད་ཇི་ལྟ་བའི་རྣམ་པར་ཡང་དག་གིས་མ་ཤེས་སྙམ་དུ་སེམས་ན། རྒྱུད་འདི་ཐོས་པའི་དྲིན་ཡིན་པར་རིག་པར་བྱའོ། ། དེ་ནས་ཡང་འདི་སྙམ་དུ། སངས་རྒྱས་ཐམས་ཅད་ཐུགས་ཡེ་ཤེས་གཉིས་སུ་མེད་པའི་ངང་དུ་གཅིག་པ་ལ། ཕྱོགས་དང་རིས་མེད་པ་དྲོད་ཡིན་པ་རིགས་པར་བྱའོ།། དེ་ནས་དོན་དེ་ལ་དངོས་པོ་ཅིར་སྣང་ཡང་རང་བཞིན་མེད་པར་ཡིད་ཆེས། དུས་དང་རྒྱུན་ཇི་ལྟར་འགྱུར་ཡང་ཐོག་མ་ནས་མཐའ་མ་གཡོས་པའི་ཀློང་དུ་ཆོས་ཉིད་ལ་འཐིལ་དུ་ཕེབས་པའི་དྲོད་ཡིན་པར་རིག་པར་བྱའོ།། དེ་ལྟར་རྣལ་དུ་ཕེབས་པ་དང། ཐམས་ཅད་ཀྱི་རྣམ་པ་འདི་ལ་ཡོད་ཅེས་པས་སེམས་མེད་ཅེ་འམ། རྟོག་ཅེ་འམ། མི་རྟོག་ཅེས་པའི་རྣམ་པ་ཅི་ཡང་མེད་པར་ཐམས་ཅད་དུ་མི་གཡོ་བའི་ངང་ལས། མི་འགྱུར་བའི་རིག་པས་ཟིན་པས། འཇིག་རྟེན་མིང་ཡང་མེད་པའི་བདེ་བ་ཆེན་པོར་གྱུར་པས། ཡོད་མེད་རྟག་ཆད་ཀྱི་ཆོས་ལས་འདས་ཏེ། ལྷམ་མེ། ལྷན་ནེ། ལྷང་ངེ་འགྱུར་བ་སྙམ་བྱེད་པ་ནི། སེམས་ལས་སུ་རུང་པའི་དྲོད་ཡིན་པར་རིག་པར་བྱའོ།། དེ་ལྟ་བུའི་དོན་ལས་མ་ཡེངས་པ་དེ་ལས། བདག་གི་རྣམ་པར་རྟོག་པ་འཕྲུལ་གྱི་མེ་ལོང་ལ་གསལ་བ་ལྟར། རྟག་པ་མིང་ཡང་མེད། གཞན་གྱི་རྣམ་པར་རྟོག་པ་མཚོན་གྱིས་མི་འཇོམ་པ་ལྟར་ཅིས་ཀྱང་མི་འགྱུར། མི་གཡོ་བའི་ཀློང་དུ་གྱུར་པ་ནི། སེམས་ལས་སུ་རུང་བའི་དོན་ལ་དྲོད་རྟགས་ཀྱི་བློ་ཕེབས་པ་ཡིན་ནོ།། དེ་ལྟར་དྲོད་རྟགས་ཀྱི་ཕེབས་པའི་ཀུན་ཏུ་བཟང་པོས་སངས་རྒྱས་ལ་ནི། སངས་རྒྱས་དང་སེམས་ཅན་དབྱེར་མེད་པར་ལྟ་ཅི་སྨོས་ཀྱིས། ཚིག་དང་ཡི་གེ་མེད་པའི་སངས་རྒྱས་ཞེས་བྱ་སྟེ། དངོས་པོ་དང། གཟུང་འཛིན་དང། རྣམ་པར་རྟོག་པས་ཐམས་ཅད་སེམས་ཀྱི་ཆོས་ཉིད་དུ་ཡེ་ནས་སངས་རྒྱས་པས། དེ་ཉིད་བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོ་མི་འགྱུར་བའི་གཡུང་དྲུང་དུ་དུས་དང་གནས་སྐབས་མེད་པར་སངས་རྒྱས་པས། སངས་རྒྱས་ཞེས་བྱ་བ་དོན་ལས་བཏགས་སོ།། ཞེས་སྟོན་པ་བཅོམ་ལྡན་འདས་ཀྱིས་གསུངས་སོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དགོངས་པ་འདུས་པའི་རྒྱུད་རྫོགས་སོ། །།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དགོངས་པ་སྦྱི་དྲིལ་གྱི་རྒྱུད་ཅེས་བྱ་བ། བྷ་ར་ཧའི་བྲག་ཕུག་ཏུ་བལ་ཡུལ་གྱི་རྒྱལ་པོ་ནོར་འཛིན་ཞབས་དང། རྡོ་རྗེ་ཡང་དབང་གཏེར་གྱིས་བསྒྱུར་ཅིང་ཞུས་ནས་གཏན་ལ་ཕབ་པའོ། ས་མ་ཡ་ཁ་ཐཾ།།།། རྒྱ་གར་སྐད་དུ། ཏ་ཐཱ་ག་ཏཱ་སརྦ་མ་ཧྲི་ད་ཏི་ཏནྟ་ནཱ་མ། བོད་སྐད་དུ། དེ་བཞིན་གཤེགས་པ་ཐམས་ཅད་འདུས་པའི་རྒྱུད་ཅེས་བྱ་བ། བཅོམ་ལྡན་འདས་ཁྲོ་བོའི་རྒྱལ་པོ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་ཆོས་ཐམས་ཅད་ལྷུན་གྱིས་གྲུབ་པའི་རང་བཞིན། ཡོངས་སུ་བཀོད་པའི་སྙིང་པོ། མཁའ་དབྱིངས་རྣམ་པར་དག་པའི་ཀློང་རྒྱ་ཡཽངས་སུ་མ་ཆད་པ། རང་བཞིན་ལྷུན་གྱིས་གྲུབ་པའི་གཞལ་ཡས་ཁང་ན། རྡོ་རྗེ་སྙིང་པོ་དྲགས་པ་འཇོམས་པ་ཉིད། དུས་གསུམ་གཅིག་པའི་སངས་རྒྱས་དང། རིགས་ལྔའི་ཁྲོ་བོ་རྣམས་དང། དྲེགས་པ་ཅན་ལྷ་མ་སྲིན་སྡེ་བརྒྱད་ཀྱིས་བསྐོར་ཏེ་ཐབས་ཅིག་ཏུ་བཞུགས་སོ།། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོས་སངས་རྒྱས་ཐམས་ཅད་ཀྱི་རང་བཞིན། ཆོས་ཉིད་མཉམ་པ་ཉིད་ཅི་ཡི་ངོ་བོར་ཡང་མ་གྲུབ་པ་ཀུན་ལ་ཁྱབ་པར་གནས་པ་དེ་ལ། འཁོར་རྣམས་སེམས་འཕྲོས་པར་གཟིགས་ནས། མ་སྐྱེས་ཡེ་ནས་གཉིས་སུ་མེད།། རྒྱུ་དང་རྐྱེན་མེད་རང་བྱུང་བ། ། དེ་ལས་ཀུན་འབྱུང་ཐམས་ཅད་ཡིན།། སྟོང་པ་ཉིད་ལས་གཡོས་པ་མེད།། ཅེས་གསུངས་པས། དེ་ནས་རྡོ་རྗེ་སྙིང་པོས།། བཅོམ་ལྡན་འདས་ལ་གསོལ་པ། སངས་རྒྱས་ཀུན་གྱི་རང་བཞིན་དངོས།། ལྷུན་གྱིས་གྲུབ་པའི་ཡེ་ཤེས་ཁྱོད། ། འཁོར་གྱི་དྲེགས་པ་དབང་སྡུས་ཤིག། ཅེས་གསོལ་བ། དེ་ནས་བཅོམ་ལྡན་འདས་ཐམས་ཅད་འདུས་པ་ཞེས་བྱ་བའི་དགོངས་པ་ལ་བཞུགས་ནས། འབྱུང་བ་ལྔ་ནི་ཡེ་ནས་ལྷུན་གྱིས་གྲུབ་པའི་གཞལ་ཡས་ཁང། ། མཐའ་དབུས་མེད་པར་རིམ་པའི་ཚུལ་དུ་གནས།། འབྱུང་བ་ནམ་མཁའི་ཆོས་ཉིད་སྤྲོས་བྲལ་གུར།། འབྱུང་བ་མེ་ཉིད་ཡེ་ཤེས་རང་གསལ་གུར།། འབྱུང་བ་ཆུ་ཉིད་རྣམ་རྟོག་དག་བྱེད་ཆུ།། འབྱུང་བ་ས་ཉིད་ཀུན་གཞི་ཡེ་ནས་དག། སེམས་ཉིད་རྨད་དུ་བྱུང་བ་སྟོབས་དང་ལྡན།། རབ་ཏུ་ཁྲོས་པའི་ཚུལ་འཆང་བས།། འཇིག་རྟེན་ཁམས་རྣམས་ཁྲོ་བོས་གང་བར་མཛོད།། འཇིག་རྟེན་ཁམས་རྣམས་རབ་ཏུ་གཡོས། ། ལྡེག་གོ་རབ་ཏུ་ལྡེག། འུར་འུར། རབ་ཏུ་འུར། ཆེམ་ཆེམ། རབ་ཏུ་ཆེམ་མོ།། འཇིག་རྟེན་ཐམས་ཅད་འཇིགས་ལ་ཁད་དོ།། འཁོར་རྣམས་ཐམས་ཅད་འགྱེལ་ཏེ་དབང་པོ་ཉམས་སོ།། དེ་ནས་བཅོམ་ལྡན་འདས་ཀྱི་བདེ་གཤེགས་སྤྱི་དྲིལ་བས། སྟོབས་ཀྱི་སྟོབས་ཁྱད་པར་དུ་གྱུར་པས་སྲོག་གི་དངས་མ་རྣམས་གསལ་བར་མཛད་དེ། དེ་མ་ཐག་ཏུ་འཁོར་རྣམས་དྲན་པ་རྙེད་ནས། རང་གིས་སྲོག་གི་སྙིང་པོ་མདོངས་གསོལ་དུ་ཕུལ་ལོ། ། བདེ་བར་གཤེགས་པ་ཐམས་ཅད་ཐུགས་གཅིག་ཏུ་བསྡུས་ནས་ནུས་པའི་མཐུ་དང་ལྡན་ཞིང།། ཐམས་ཅད་གཟི་བརྗིད་དང་ལྡན་པར་གྱུར་ཏོ།། བདེ་བར་གཤེགས་པ་ཐམས་ཅད་ཀྱི་དགོངས་པ་འདུས་པའི་རྒྱུད་ལས། གླེང་གཞིའི་ལེའུ་སྟེ་དང་པོའོ།།།། གསང་བདག་རྡོ་རྗེ་སྙིང་པོས།། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། ཀྱེ་མ་བདེ་གཤེགས་འདུས་པའི་སྐུ་འཁོར་གྱི་དྲེགས་པ་དབང་བསྡུས་ནས། ། བདེ་གཤེགས་འདུས་པའི་དབང་དང་ནི།། དམ་ཚིག་སྔར་རྣམས་བཤད་དུ་གསོལ།། ཞེས་གསོལ་པས།། རྡོ་རྗེ་འཆང་གིས་ངེས་གསུངས་པ།། དྲག་པོ་སྔགས་རྒོད་སྦྱོར་བ་ལ།། བསྙེན་བསྒྲུབ་བྱེད་རྩོལ་མཐར་མ་ལྷུང། ། རེ་དོགས་བྲེད་པའི་གཡང་ས་མེད།། བཟླས་པ་ཙམ་གྱིས་རྩལ་ཤུགས་འབྱིན།། དྲན་པ་ཙམ་གྱི་ཁ་འཆིང་མཆོག། སྣང་སྲིད་དབང་གི་དཀྱིལ་འཁོར་དུ།། མ་བསྐུར་བསྐུར་མེད་ཡེ་ནས་བརྩོན། ། སྐྱེས་བུ་རིག་པའི་རྩལ་ལྡན་པ།། དབང་མཆོག་ཆེན་པོ་ཡེ་ནས་གནས།། དམ་ཚིག་ཆོས་རྣམས་ཀུན་གྱི་གཞི།། ངོ་བོ་ཆོས་སྐུ་བྱང་ཆུབ་སེམས།། ཆོས་རྣམས་སྟོང་པའི་ངང་ལ་རྫོགས།། སྟོང་ཉིད་སྙིང་རྗེའི་ངོ་བོ་ཅན། ། དམ་ཚིག་ཆེན་པོ་དེ་ཉིད་བསྲུང། འཕྲིན་ལས་རིམ་པ་མ་འགགས་པས།། དུས་གསུམ་རྒྱལ་བའི་བྱིན་རླབས་སྟོབས།། མ་ལུས་འདུས་པ་རྡོ་རྗེའི་བཀའ།། གཞི་དང་ལམ་དང་འབྲས་བུའི་རྒྱུད། ལྟ་སྤྱོད་དཀྱིལ་འཁོར་དམ་ཚིག་དབང། ། ལས་རིམ་བསྒྲུབ་དང་གསང་སྔགས་དང།། ངོ་བོ་འབྲེལ་བཅས་རྒྱུ་དང་རྐྱེན།། རང་བཞིན་གནས་དང་མངོན་བྱེད་པ།། གསང་སྔགས་རྒྱུད་ཀྱི་ངེས་པ་བཤད།། བདེ་བར་གཤེགས་པའི་དགོངས་རྒྱུད་ལས། ། དམ་ཚིག་དབང་གི་ལེའུ་སྟེ་གཉིས་པའོ།།།། དེ་ནས་བཅོམ་ལྡན་འདས་གསང་བའི་བདག་པོས་འདི་སྐད་ཅེས་གསོལ་ཏོ།། རྒྱལ་བ་ཀུན་གྱི་རང་བཞིན་འདུས།། ཐུགས་རྗེ་ལམ་ལ་བསྒྲུབ་པ་ལ། ། བསྒྲུབ་པའི་ཏིང་འཛིན་བཤད་དུ་གསོལ།། རྡོ་རྗེ་འཆང་གིས་ངེས་གསུངས་པ།། བདེ་གཤེགས་འདུས་པའི་སྐུ་བསྐྱེད་ལ།། སྟོང་པའི་ངང་ལས་རོལ་པའི་སྐུ།། ཞལ་གསུམ་ཕྱག་དྲུག་ཞགས་བཞིར་བགྲད། ། གཡས་དཀར་གཡོན་དམར་དབུས་མཐིང་ཞལ།། མཐིང་ནག་སྐུ་ལ་མེ་འོད་འབར།། གླང་ཆེན་སྟག་དང་སྤྲུལ་གྱིས་བརྒྱན།། ཞལ་བགྲད་མཆེ་གཙིགས་ཨག་ཚོམ་འཕྱིར།། རིགས་ལྔའི་ཁྲོ་བོས་དབུ་ལ་བརྒྱན། ། འཁོར་ལོ་རལ་གྲི་རྡོ་རྗེ་གཡས།། བེ་ཅོན་གཏུན་ཤིང་སྡིགས་མཛུབ་གཡོན།། སྤྱི་གཙུག་མཁའ་ལྡིང་རྒྱལ་པོ་ལ།། རྡོ་རྗེ་སྡེར་གཤོག་བརྒྱང་བའོ།། མགྲིན་པར་རྟ་མཆོག་ར་གའི་མདོག། ཐོད་དབྱུག་རྟ་མགོ་འཕྲིན་ལས་ཞལ། ། ཐུགས་ཁར་བཛྲ་ཧེ་རུ་ཀ། ལྟེ་བ་ཕྱག་ན་རྡོ་རྗེ་ལ།། གསང་བར་རྡོ་རྗེ་གཞོན་ནུའོ།། རོ་ལངས་ཁྲོ་མོས་གཡོན་ནས་འཁྲིལ།། ཕྲག་གོང་ཁྱུང་དང་འུག་པ་གཉིས།། དཔུང་ཁར་སྟག་དང་སེང་གེ་ལ། ། དྲེད་མོ་མཐིང་སྐྱ་མཆན་ཁུང་དུ།། ལྟ་ཟུར་སྦྲུལ་ནག་མེ་འབར་གཉིས།། མདུན་དུ་ཡ་མ་རཱ་ཛ་སྟེ།། སྐུ་སྟོད་ཁྲོ་བོ་ཆེན་པོ་ལ།། སྐུ་སྨད་ཕུར་པའི་ཆ་བྱད་དེ།། མགུར་གྱི་བུམ་པ་མན་ཆད་ནས།། ཞབས་ཀྱི་གོང་བུ་ཡན་ཆད་དུ། ། མེ་རླུང་ཁྲོ་ཆུང་འཁོར་ལོ་བསྣམས།། དེ་ཡི་ལུས་ལ་གཏམས་པར་བསྒོམ།། ཐམས་ཅད་འདུས་པའི་ཏིང་འཛིན་དེས།། ལམ་ས་དེ་ལ་གནས་པ་ན།། སྒྲིབ་སྦྱོང་བདེ་བ་ལྟ་བུར་འགྱུར།། དེ་ནས་བསྒྲུབ་པའི་སྔགས་གསུངས་པ། ། རིག་སྔགས་ལས་སུ་འཁྱེར་བ་ལ།། རི་མིག་བཅུ་གཅིག་རིམ་པ་བཅུ།། འཁྲུལ་འཁོར་ཁྲོ་རྒྱལ་འདུས་པ་ཉིད།། སངས་རྒྱས་ཀྱིས་ཀྱང་མི་ཐོག་གོ། བདེ་གཤེགས་ཕྱིར་དྲིལ་གསང་སྔགས་ལ། ། རྣལ་དང་བཟློག་དང་དཀྲུགས་དང་དལ།། གསང་སྔགས་རྒྱལ་པོ་གསང་བ་གསུངས། ཨེ་ཡཾ་རཾ་བཾ་ལཾ། ཨ་ཨི་ཨུ་ཨེ་ཨོ།། རི་ལི་ཨཾ། ཀ་ཁ་ག་གྷ་ང། ཡ་ཝ་ར་ལ། ཨ་ཀྲོ་ཏེ་ཀ་ཡ་མནྟ་ཀ། ཀྲི་སྣ་ཀ་ལ་རུ་པ། ཧྲི་སྟི་ཡ་མ་ཡེ། དུ་རུ་ཡེ།། བྱ་ཙ་ཡེ། སིང་ཧ་ཡེ།། ཧྲི་བཛྲ་ཀྲོ་དྷ། ཧ་ཡ་གྷྲི་བ། པདྨ་ཏ་ཀྲི། ར་ག་ཙཎྜ། བཛྲ་པཱ་ཎི། ཙཎྜ་མ་ཧཱ་རོ་ཥ་ན། ཀ་ལི་ཀྲི་ཏ། ཡ་མ་ར་ཛ་ཧྲི་ཀྲི་ར་ཡ། བཛྲ་ཀི་ལི་ཀི་ལི་ཡ། ཧཱུཾ་པ་ར་བི་ཏན་ཏིག་སྣ་ཛ་ལ་ཨུ་ནེ་ཨུ་ནེ་ཧཱུཾ་ཛ་ཛ། རྒྱུན་དུ་བགྲངས་པས་ལས་རྣམས་འགྲུབ།། དུས་གསུམ་རྒྱལ་བའི་སྙིང་པོ་སྟེ།། མི་འགྱུར་རྩ་བ་བརྒྱ་དང་བཅུ།། བཟླས་པ་ཙམ་གྱིས་དངོས་གྲུབ་འབྱུང།། དེ་ནས་གསང་བདག་ཆེན་པོས་ཞུས། ། འཕྲེང་བ་སྔགས་ཀྱི་ངོ་བོ་དང། བཟློག་དང་དཀྲུག་དང་དྲལ་བ་རྣམས།། དགོས་ཆེད་དཔའ་བོས་བཤད་དུ་གསོལ།། དེ་ནས་བཅོམ་ལྡན་འདས་ཀྱི་གསང་སྔགས་ཀྱི་ངོ་བོ་བཤད་པ། གསང་སྔགས་དོན་གྱི་ངོ་བོ་ནི། ། སྐྱོབ་པའི་དོན་གྱི་གསང་སྔགས་བཤད།། རང་བཞིན་སྟོང་པ་སྤྲོས་དང་བྲལ།། སྐྱེ་བ་མེད་པའི་ཡེ་ཤེས་མིན།། རྣམ་པ་ཡི་གེའི་གཟུགས་བརྙན་ཏེ།། ངོ་བོ་ལྷ་ཡི་སྐུ་རུ་འདུས།། ལྷ་དང་ཡིག་འབྲུ་གཉིས་མེད་དེ། ། དུས་གསུམ་རྒྱལ་བའི་བྱིན་རླབས་རྣམས།། སྔགས་དང་འཁོར་ལོས་གསལ་བར་འགྱུར།། དེ་ནི་རྣལ་མའི་བསྙེན་པ་ཡིན།། བཟློག་དང་དཀྲུག་དང་བྲལ་བ་རྣམས།། ཀུན་གྱི་ཐུན་མོང་མ་ཡིན་ཏེ།། ལྔ་བརྒྱ་ཐ་མའི་ལས་སུ་གསུངས། ། དེ་ནས་སྔགས་ཀྱི་གྲོང་ཁྱེར་དཀྲུག་པ་འདི་གསུངས་སོ།། ཨེ་ར་ར་ཀྲ་ཡེ། ཧྲི་ཏ་དྷ་ཡ་ལིང། སྣ་ཡཾ་ལི་ལ་སྣ། དུ་བཛྲ་ཁྲིད་མཱ་མ་ཀི་ཛ་རཾ་ཨཾ་ཨཾ། ཀ་རུ་ཀྲོ་ར་ཧ་ར་ལ་ལ། བཾ་ཀ་ཀྲོ་ལ་ཡེ། ཏ་ཀ་རོ་ཙ་ཡ། ཨུ་ལཾ་ཁ་ཏེ་རུ། བྱ་ཧ་ཙ་ན་ཤི་ཧྲ་ཧཱུཾ་ན། ཨ་ག་ཀ་པ་ཙ་ཡ། དྷ་ན་ཀྲི་པ་ཨུ་ཨི་གྷ་ཡ། ཧྲི་ཡེ་གྲི་བཛྲ་ཀ་ར་ར་ནེ་ཨུ། ང་མང་ཏི་སིང་བལ་ཡི་ཡ་བི་ཧཱུཾ། ཨེ་ཡ་ཏ་ཡ་ང་སད་ནི་ཀྲི་བཛྲ་སྟན་ཛ། ཨོཾ་ཝ་ཀ་མ་ཡེ། མ་ཙན་ཏ་ཀི་ཏིག་ཛ། ཨ་མུ་ཀ་མ་ར་ཡ་རྦད། དྲག་སྔགས་དྲན་པས་འཁོར་རྣམས་ཁྲག་སྐྱུག་ཅིང།། དགྲ་བགེགས་སྲོག་རྩ་མངོན་དུ་ཁྱེར་ནས་འོང།། ལྔ་བརྒྱ་ཐ་མའི་དུས་སུ་ནི།། ལས་འགྱངས་ལོག་ན་བྱ་བ་ལས། ། ལྷ་སྲིན་སྲོག་འཕྲོག་ཆོ་ངེས་འདོན།། མངས་ན་འཁོར་གྱི་དྲེགས་པ་བརྒྱད།། ཡ་བག་ཤ་ཡི་ལས་ཡིན་ནོ།། གྲལ་བ་ཁ་འཆིང་དཀྲུག་པའི་དྲག་སྔགས་ནི།། ཨེ་ཡཾ་རཾ་བཾ་ཡཾ། ཨ་ཨི་ཨུ་ཨེ་ཨོ་ཝ་ཡ། ང་གྷ་ག་ཁ་ཀ་ཨཾ། ལི་ར་ར་ལ། ཨ་ཀྲོ་ཏེ་ཀ་ཡ་མནྟ་ཀ། མ་ཡ་ཏི་ཧྲི་པ་རུ་ལ་ཀ་སྣ་ཀྲི། ཡེ་དུ་རུ་ཡེ་བྱ་ཙ་ཡེ་སེང་ག་ཡེ་མ་པད་པ་གྲི་ཡ་ཧ་དྷ་ཀྲོ་བཛྲ་ཧི། ཏ་ཀྲིད་ར་ག་ཙཎ་ཌ་བཛྲ་པཱ་ཎི། ཙན་ཏྲ་ཀྲི་ལི་ཀ། ན་ཤ་རོ་ཧ་མ་དྷ། ཡ་མ་ར་ཛ་ཧྲི་ཀྲི་ར་ཡ་བཛྲ་ཀི་ཏིག་ཏན་པི་ར་པ་ཧཱུཾ་ཡ་ལ་ཀི་ལ་སྣ། ཛྲ་ལ་ཨུ་ནེ་ཧཱུཾ་ཧཱུཾ་ཛ་ཛ། དཀྲུག་པ་རྩིབས་ཀྱིས་འཕྲེང་བ་ཉིད། ཁ་འཆིང་མཆོག་ཏུ་དཔའ་བོས་གསུངས། ཁྲི་ལས་མང་ན་ལྷོ་ཕྱོགས་ཀྱི།། གཤིན་རྗེ་ཉིད་ཀྱང་ཁྲག་ཏུ་སྐྱུག། གྲལ་བ་སྔགས་ཀྱི་ཨར་གཏད་ཡིན།། སྔགས་པས་བདག་དང་བསྲེག་དང་བཅིང།། དཀྲུག་པ་འདི་ཡིས་ངེས་པར་འགྲུབ།། སྔགས་པ་ནག་པོ་དགྲར་ལོངས་སོ།། རྟགས་འགྱངས་ལས་འགོར་བྱ་བ་ལས། ཁ་འཆིང་མཆོག་ཏུ་དཔའ་བོས་གསུངས།། བཟློག་པ་ཡེ་ཤེས་སྤོངས་པ་སྟེ།། ཐུན་མོང་མ་ཡིན་འགྱུངས་ན་བྱ།། སླད་ཀྱི་དྲག་སྔགས་བསྟན་པའི་ལེའུ་སྟེ་གསུམ་པའོ།།།། དེ་ནས་འཁོར་གྱི་དྲེགས་པ་རྣམས་ཀྱིས་སྲོག་རང་དབང་མེད་པར་ཕུལ་བ། ཨཻ་ཀ་ཧེ་ཀི་གྷ་མ་ཧེ་ཀ། ཙ་ཏུར་ཐར་ཀང། བྷིས་ས་མ་ཛ་ར་ཀུས་མ་ཛ་ནི་ཛིས་སད་ཀ་རུ་ཧཱུཾ་ཕཊ། ཡ་མ་ཧེ་ས་སརྦ་དུ་ཡ་ཙིཏྟ་སརྦ་དུ་སྟ། བྱད་བསྟེབས་སྤུམ་ཁས་སྲོག་རྩ་ཏུར་ཐུམས། དུན་ཧེ་བྷྱོ་དུན་མ་མ་བྷྱོ་བྷྱོ་ཨུ་ནེ་ཨུ་ནེ་ཨུ་ནེ་ཆེ་གེ་མོའི་རིགས་བཟློག་མ་ར་ཡ་ཕཊ། ཨེ་ཧ་ས་མ་ཡ་ཛ་ར་མ་ཛ་ཛ་ཏི་ཀ་ཨེ་སུ་ནན། དག་ཛ་ཛ། ཏི་ཛཱ་ཏཱ་ཡ་ཀ་ཤ་རྦད་ཚལ་བུ་དན་དྷེ་མ་མ་སྙིང་སྟོ་མ་ཧུ་ར་ཛ་ཛ། ཤོ་མ་མ་ར་ཡ་རྦད་པ། ཙིས་སུ་ཏི་བྱ་ནི་ཡ་ནི་ཡ་མ་སྙིང་ཁྲག་དར་ནི་བྷྱོ། མྱགས་མྱགས་རྦད། སརྦ་དུཥྟན་ལ་ཏྲི་ཕྱུང། ཕུད་ཕྱུང་ཕྱུང། སརྦ་དུས་བན་ནན་ཐུན་གཟེར་རྦད། ཙིཏྟ་ཡ་རྦད། མི་ཤིག་ཐིག་ཤིང། ཀུན་དུན་ཏ་དུན་བྷྱོ། དུན་དུན་དྷྲི་ཤ་བྷི་མ་བྷད་ཏིག་ན་ཕྱེ། ཨུར་མོ་ནང་འབྲས་བྱུང་བ་ན།། བྱས་པ་བཤིགས་དང་ཞེན་པ་བཟློག། གནས་པ་སྤོ་དང་ཟུག་པ་དབྱུང།། བཅིངས་པ་དགྲོལ་དང་བཤལ་ཁ་བསྒྱུར།། དྲག་སྔགས་འདི་ཡིས་འགྲུབ་པར་ངེས། ། ངོས་ཟིན་དྲེགས་པ་རེ་དང་སྦྲག། ངོས་མ་ཟིན་ན་སྡེ་བརྒྱད་ལ།། སྤུ་གྲི་བཏབ་པས་འགྲུབ་པར་ངེས།། སྲུང་བྱེད་དྲག་སྔགས་ཀྱི་ལེའུ་བཞི་པའོ།།།། དེ་ནས་ཡང་དག་ངེས་གསུངས་པ། ། དྲེགས་པ་རང་གཤེད་ངན་སྔགས་བསྟན།། སྲོག་དང་སྙིང་པོ་བསྟན་པ་ནི།། ཡ་ཡ་མ་མ་མ་མ་རུ་ལུ་དྷ་ཏ་དུན་ཏིང་ཀི་ལ་ཡ་དུ་ཏིར་ཏི་ཀ་དྷ་རུ་ཏྲ་ཨ་དྷེ་བ་རང་རག་ཤ་ཀྵ་ཡང་ཤ་རང་རག་མོ། ཀྵ་ཡག་མོ་ཙ་ར་ཙ་ཤུ་ལ། མེ་དུན་ཏིང་རུ་རུ་ཏྲི་ནི། ཏྲི་ཧཾ་ཤཾ་ཏྲི། བཛྲ་ས་དུ་རུ་ཏྲི། ཕུས་ནག་བསྟུན་གནོད་བྱེད་སྡེ་བརྒྱད་དོ།། ཨ་ཡ་མ་དུ་རུ་ཙ་ཤ་ན། སྤུ་གྲི་རང་གཤེད་དབབ་པ་ནི།། ཡག་ཤི་སྙིང་ཁ་རག་དུན་དུན་རྦད། དུ་རུ་རུ་ཏྲ་མ་ཏྲང་སྲོག་ཏིག། མ་ཏཾ་རུ་ཏྲི་སྲོག་མཱ་ར་ཡ་རྦད། ནག་པོ་ཙིཏྟ་སྙིང་ཁ་རག་བྱིན་སྣ་དུན་དུན་རྦད། ཧྲིང་ཤ་བྷིས་མ་སྲོག་དུན་དུན་ཏྲིག་ནན། མ་རུ་ར་ཛ་དུན་དུན་རྦད། ར་ཙ་ཧ་སྟེ་དུན་དུན་རྦད། ཏྲི་ཙ་རག་དུན་དུན་རྦད། ཧེ་ལེ་རུ་ལེ་བཾ་རིལ་དུན་དུན་རྦད། སྲོག་ཏྲིག་ནན། བཛྲ་ས་ས་དུ་རུ་ཏྲ་དུན་དུན་རྦད། བཛྲ་ས་དུ་ཨ་ནི་དུན་དུན་རྦད། རག་ཤ་ཡག་ཤ་སྙིང་ཁ་རག་དུན་དུན་རྦད། ཨ་ཀྲོ་ར་ཛ་ཙིཏྟ་སྲོག་མ་ར་ཡ་རྦད། ཏྲིག་ནན། ར་ཧུ་ལ་མ་ར་ཡ་ཙ་ན་ཐུན་རིལ། ཙ་པ་མ་ནི་ར་ཧུ་ལུ་བི་ཤ་མི་ཀི་མ་ར་ཙ་ཤ་སྲོག་དུན། དུན་ཏྲིག་ནན། ཏྲག་མ་མ་རག་ཤ་ཁ་རག་རུ་ཏྲི་དུན་དུན་རྦད། མ་མ་ལྟག་ཁུང་མ་མ་བདུད་སྲོག་ཏིག་ནན། རྦད་ཐུམ་རིལ་རྦད་དུག་ཕྲག་མི་རོ་མ་ཏི། སྲོག་དྷིག་ནན། རུ་ལུ་རུ་ལུ་ཐུམ་རིལ་ནན། ཨ་དུན་ས་ནན་ཛ་རཾ་སད་ཀ་ར་ཡ། བཾ་མ་ར་ཡ་རྦད། ཐུན་གཟིར་ཐུན་བྷྱཽ། རག་མོ་རུ་ལུ་ཏྲི་མུག་ཆེ་གེ་མོ་མ་ར་ཡ་རྦད། ཁུང་ཏྲི་དུན་དུན་ཁྱེ་མ་ན་ཏྲིག་ནན། ཤོ་ཁྲཾ་ན་མཱ་ར་ཡ་རྦད་ས་ན་ག་ཏྲིག་ནན། ཕུ་ཧུར་ཐུམས་ཛ། ས་ན་ག་པུ་མ་ཕུ་ཡ་རྦད། དྲེགས་པ་རང་གཤེད་རང་གིས་འབེབས་པའི་ལེའུ་སྟེ་ལྔ་པའོ།།།། དེ་ནས་ཡང་དག་ངེས་བཤད་པ། ། ཕྲལ་ལ་གནོད་པའི་བགེགས་ཆེན་ལ།། བྱས་པ་བཤིག་པ་ལ་སོགས་པ།། བརྒྱ་ཡིས་དོན་རྣམས་འགྲུབ་པར་ངེས།། སྟོང་ཕྲག་གཅིག་གིས་མ་ཐུལ་ན།། འབྲོས་པའི་རི་དང་རྣོ་བའི་ངར།། བསྡེབས་པའི་གྲོག་དང་བསགས་པའི་མཆོག། ཕྱི་ནང་དྲག་སྔགས་ཏིང་འཛིན་སྟོབས།། གསང་བའི་སྲོག་ཉིད་བསྟན་པ་ཡང།། སྙིང་པོ་བྱང་ཆུབ་སེམས་སུ་ཤེས།། བདེ་གཤེགས་འདུས་པ་རང་ཉིད་ཡིན།། བདེ་ཆེན་གནས་ནས་ཕོ་ཉར་འགྱེད། ། གཉིས་མེད་ངང་ལས་མི་གཡོ་བར།། སྐད་ཅིག་སྲིད་གསུམ་དབང་དུ་སྡུད།། ཅེས་པའི་འཁོར་ལོ་རིམ་པ་ནི།། རྣམ་དག་གནས་པའི་འཁོར་ལོ་ཡིན།། བདེ་གཤེགས་ཡེ་ནས་བརྗོད་དང་བྲལ།། སྐུ་ལྔ་སེམས་ཀྱི་ངོ་བོར་འདུས། ། སྟོང་པ་ཀུན་འབྱུང་འཁོར་ལོ་ཡིན།། གནས་པའི་འཁོར་ལོ་སེམས་ལ་འདུས།། སྲིད་པའི་འཁོར་ལོ་ལུས་ལ་འདུས།། སྤྲུལ་པའི་འཁོར་ལོ་འགྲོ་དྲུག་འདུས།། གང་ལ་གང་འདུལ་རིམ་པར་སྟོན། ། གཅོད་པའི་འཁོར་ལོ་མཚོན་ཆ་སྟེ།། ཡིག་འབྲུ་གནད་ནས་བསྐུལ་བས་གཅོད།། སྟོབས་དང་འཁོར་ལོ་བསྟན་པའི་ལེའུ་སྟེ་དྲུག་པའོ།།།། དེ་ནས་གསང་བདག་ཆེན་པོ་དེས།། དཔའ་བོ་ཆེ་ལ་འདི་སྐད་ཞུས། ། ཀྱེ་ཀྱེ་དཔའ་བོ་ཆེན་པོ་ལགས།། བདེ་གཤེགས་དགོངས་པའི་ལས་མཐའ་ལ།། གསད་དང་གསོ་བ་བཤད་དུ་གསོལ།། ཞེས་ཞུས་པས།། རྡོ་རྗེ་འཆང་གིས་ཡང་གསུངས་པ།། གསད་གསོ་རྣམ་པ་མང་གིས་ཀྱང། ། ལས་ཆེན་བཞི་རུ་དྲུལ་པ་ཡིན།། ཀླུ་ནི་ཆུ་ལ་བསྟེན་ཏེ་གསད།། ལྷ་སྲིན་དྲེགས་པ་སྲིན་རྡོ་ལ།། བསྟན་པ་ཨེ་ལ་བསྟེན་ནས་བསྲུངས། ཨུར་མོ་ནང་འདྲས་ཙ་ར་ལ།། བསྟན་ལ་རང་གཤེད་དག་ཏུ་དབབ། རྡོ་རྗེ་ཨུར་མོ་བགྲས་པ་ལ།། རོལ་པོ་མཚན་དང་ལྡན་པ་ལ།། ཕོ་བརྒྱུད་གཡས་ལ་མོ་བརྒྱུད་གཡོན།། ར་ཡི་བར་ཏུ་བྷ་འདྲའི་གཟུགས།། ཞིང་ལྤགས་དྲིལ་ལ་མགོ་ལ་བྲབ།། ཨེ་ར་ཀ་དེ་བ་ཤ་མོ་ཧ་ན་མ་ཨ་རི་ཤ་བྷྱོ། དེ་ནས་གཡས་དང་གཡོན་ལ་བྲལ།། དེས་ན་དྷ་འདྲ་བརླག་པར་ངེས།། ཀླུ་ཡི་གནས་ས་ཆུ་ཡིན་ཏེ།། ཆུ་ལ་བསྟན་ཏེ་རང་གཤེད་དབབ།། ནད་པ་སྐོམ་གྱིས་གདུངས་པ་ལ།། ཀླུ་ནི་ཕྱི་རུ་ཆུ་ལ་ཐོན།། དཀར་གསུམ་བཀང་བའི་ཆུ་གཙང་ལ། ། ནད་པའི་ཁ་བཏད་རྒྱབ་ནས་བྲབ།། གདག་པ་ཕྱི་རུ་ཐོན་པ་དང།། སྨག་ཤད་སེ་བའི་མདའ་གཞུ་ཡིས།། བསྒྲུན་ནས་བསྲེགས་ཏེ་གནས་པར་རོ།། རྣལ་འབྱོར་ཅན་གྱི་བྱས་པ་ན། ། གདུག་པའི་ཀླུ་ནད་ཞི་བར་བྱེད།། ལྷ་སྲིན་དྲེགས་པ་གདུལ་བ་ནི།། སྲིན་རྡོ་དཀར་ནག་སྲན་ཚད་ལ།། དུག་དང་ཁྲག་ནི་བླུག་ཅིང་བསྲེག། དྲེགས་པ་དེ་ལ་མཁས་གྱུར་ན།། དྲེགས་པ་མོད་ལ་བརླག་པར་འགྱུར། ། དེ་ནས་བསྟན་པ་དམ་པ་ལ།། གནོད་པའི་དགྲ་བོ་བསྒྲལ་བ་ནི།། མཁའ་འགྲོ་གཟན་ལ་བབས་པ་བཞིན།། དྲེགས་པ་དགྲ་ལ་དབབ་པ་ནི།། འབྲུབ་ཁུང་གྲུ་གསུམ་ཕུང་པའི་ས།། རོ་སོལ་དག་གིས་ནག་པོར་བྱུག། སྙིང་ཁར་མིང་བྲི་དཔྲལ་བར་རུས།། བྲིས་ལ་གྲུ་གསུམ་ནང་དུ་བཅུག། ང་རྒྱལ་བསྐྱེད་ལ་དྲེགས་པ་བཀོལ།། ཡ་མ་ཏྲིག་ནན་ནརི་ཧུར་ཐུམས་ཛ། དགྲ་བོ་ཆེ་གེ་མོ་མ་ར་ཡ་རྦད། མ་མ་རུ་ལ་ཏྲིག་ནན། དུ་ན་ཏིང་ཀི་ལ་ཡ་ཏྲིག་ནན། ར་ཙ་ཏྲིག་ནན་ཞེས་ནི་དྲེགས་པ་ཀུན་ལ་སྦྱར།། རྣོ་མྱུར་འདོད་ན་ཕོ་རྦད་ཅིང།། ཚན་ཆེན་འདོད་ན་ཀུན་མོ་སྦྱོར།། དྲེགས་པ་ཕོ་མོ་ཐམས་ཅད་ཀྱིས།། ཤ་ལ་སྲིན་བུ་གཏུབ་པ་བཞིན།། བརྣག་པའི་ལུས་སྲོག་འབྲེལ་བར་བསམ། ། ཐོད་པ་མཚན་ངན་ནང་བཅུག་ལ།། དྲེགས་པ་གནས་སར་གནས་པར་བྱ།། དེས་ནི་དགྲ་བོ་བརླག་པར་འགྱུར།། ཞེས་གསུངས་སོ།། ལས་བཞི་བསྟན་པའི་ལེའུ་སྟེ་བདུན་པའོ། །།། དེ་ནས་ཡང་དག་བཤད་བྱ་བ།། རང་ལུས་རྡོ་རྗེ་སྤྱི་དྲིལ་བསྒོམ།། བརྒྱ་དང་བཅུ་པོ་དྲང་བ་ནི།། རང་ལུས་རྡོ་རྗེ་ལྟ་བུར་གནས།། འབྱུང་བ་ཁྲུགས་པ་དངས་སྙིགས་འབྱེད།། ལྷ་སྲིན་བྲན་གཡོག་ལྟ་བུར་འགྱུར། ། རྦོད་གཏོང་གནོད་པའི་རྟགས་བསྟན་པ།། རི་ཉིལ་མཁར་རྡིབ་བཤགས་པ་བྱ།། མོན་པ་ཞིབ་ཅན་མང་པོ་རྨི།། གཤིན་རྗེ་ཡིན་པས་རང་གཤེད་དབབ།། གཡག་དང་མུན་པ་སོས་པ་འདུད།། རྟ་པ་ཁྱི་དམར་ཀླུ་བཙན་ཏེ། ། ཞང་བློན་བན་དྷེ་དགེ་བསྙེན་ཡིན།། བཙུན་པ་བུ་ཆུང་རྒྱལ་པོ་ཡིན།། བུད་མེད་མང་པོ་མ་བདུད་ཡིན།། བན་དྷེ་མཚོན་ཐོགས་རྦོད་གཏོང་ཡིན།། ཉ་ལྕག་ས་བདག་ས་སྲིན་ཡིན། ཁྱི་དང་རྒ་མོ་དམ་སྲི་ཡིན། ། འོད་དང་མེ་སྟག་དཀོར་བདག་ཡིན།། རྟགས་རྣམས་མི་གསལ་རྩུབ་འགྱུར་ན།། སྡེ་བརྒྱད་དྲིལ་ལ་ཐེམས་གསུམ་གཞུག། དེས་ནི་དྲེགས་པ་ཞི་བར་འགྱུར།། ཞེས་གསུངས་སོ།། དྲེགས་པའི་རྟགས་བསྟན་པའི་ལེའུ་སྟེ་བརྒྱད་པའོ། །།། དེ་ནས་དྲེགས་པ་དེ་རྣམས་ལ།། ཚར་བཅད་མནན་པ་དཔའ་བོས་གསུངས།། ཤོག་བུ་དག་ལ་བདུད་ཀྱི་གཟུགས།། བྲིས་ལ་གཡས་སུ་གདགས་པར་བྱའོ། ། རྒྱ་གྲམ་ལམ་དུ་སྤུས་གང་མནན།། བཙན་ལ་ཤ་རུ་ཁྲམ་བཏོད་ལ།། མཚོན་གྱིས་དཀྲིས་ལ་གོང་གསུམ་མནན།། ཕུར་པ་མཁན་ལ་མཛོ་རྡོལ་ཐོད།། རྒྱལ་པོ་ལྕམ་དྲལ་གྲི་དཀར་ཐོད།། རྒྱལ་པོ་ཕུག་བདག་ལ་བར་གསལ། ། དཀོར་བདག་དམ་སྲི་ཐེམ་པའི་འོག། རང་རང་གནས་པའི་ས་རུ་མནན།། དེས་ནི་དྲེགས་པའི་ཁ་འཆིང་མནན།། ཞེས་གསུངས་སོ།། དྲེགས་པ་ཁ་བཅིང་བའི་ལེའུ་སྟེ་དགུ་པའོ།།།། དེ་ནས་དཔའ་བོ་ཆེན་པོ་དེས། ། རྣལ་འབྱོར་བསྲུང་བའི་འཁོར་ལོ་བཤད།། དུས་ཁྲོད་རས་སམ་རྒྱ་ཤོག་ལ།། བསྲུང་བའི་འཁོར་ལོ་རྩིབས་བརྒྱད་ལ།། མིང་གཞུག་དྲག་སྔགས་འདི་ཡང་གསུངས།། ཨོཾ་ཨེ་ཀ་ཡ་མ། ཧེ་ཀ་ཡ་མ། དྲི་མ་ཡ་མ། སརྦ་ཙིཏྟ། གཟེར་ཐུམས། བིག་ནན། ཏྲིག་ནན། རྦད་ཡ། ཆེ་གེ་མོ་ལ་རཀྵ་རཀྵ་རཀྵ་ཧཱུཾ། སྟོང་དུ་བཟླས་ན་ཐམས་ཅད་འཆིང།། དྲག་པོ་སྔགས་ཀྱི་རྟགས་རྣམས་ནི།། ཆུ་འབྲུབ་དར་ཆེན་འཕྱར་བ་དང། ། སེམས་ཅན་གསོད་དེ་མཁའ་ལ་ལྡིང།། ཉི་ཟླ་ཤར་རམ་ལུས་སེམས་དཔའ།། གཅན་གཟན་བྲན་དུ་འཁོལ་བ་དང།། ལྷ་སྲིན་བྲན་དུ་འཁོལ་བ་འོང།། དྲག་སྔགས་ཀྱི་རྟགས་བསྟན་པའི་ལེའུ་སྟེ་བཅུ་པའོ། །།། དེ་ནས་བཅོམ་ལྡན་འདས་ཀྱིས་དྲག་པོ་སྤུ་གྲི་འདི་གསུངས་སོ།། ཡུལ་ཁམས་བསྲུང་ན་གླང་རུ་རུ་ཉུངས་ཀར་ཐལ་ཆེན་བསྔགས་ཤིང་གཏོར་ན་སེར་བ་གནམ་མཐར་སྐྱེལ། ཨ་མུ་ཁ་མྱོགས་རྦད། ཏྲིག་ནན་ཤག་རྦད། ཨུ་ནན་ཤག་རྦད། སྦུར་ནན་ཐུམ་རིལ་རྦད། ཨོཾ་ཧུར་ཐུམས་ཛ་བྲེང་ཤག་རཾ་རཾ་རྦད་ཨེ། ཨེ་བཟླས་བཟློག་པས་ཡུལ་ཁམས་ཐུབ་པར་ངེས། ཞེས་གསུངས་སོ།། ཡུལ་ཁམས་བསྲུང་པའི་ལེའུ་སྟེ་བཅུ་གཅིག་པའོ། །།། དེ་ནས་གསང་བའི་བདག་པོས།། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བདེ་གཤེགས་དྲིལ་བའི་ལྷ་ཚོགས་ལ།། བསྟོད་བསྐུལ་མཆོད་བསྟོད་གནང་བར་མཛོད།། ཅེས་གསོལ་པས། ། བཅོམ་ལྡན་འདས་ཀྱིས་བདེ་གཤེགས་འདུས་པའི་ལྷ་ཚོགས་ལ་བསྟོད་ཅིང་ཐུགས་དམ་བསྐུལ་བ་འདི་གསུངས་སོ།། ཧཱུཾ་མི་རྟོག་དབྱིངས་ནས་ཐུགས་དམ་སྐུར་བཞེངས་པ།། འབྱུང་བ་གུར་ཆེན་ཕུབ་པའི་གཞལ་ཡས་ནས། ཁྲོ་རྒྱལ་འདུས་པ་དཔལ་ཆེན་རྔམ་པའི་ལྷ།། སྐུ་མདོག་མཐིང་ནག་འཇིགས་པའི་སྐུ།། གཡས་དཀར་གཡོན་དམར་དབུས་མཐིང་དྲག་པོའི་ཞལ།། འཁོར་ལོ་རལ་གྲི་རྡོ་རྗེ་གཡས།། ལྷ་སྲིན་སྡེ་བརྒྱད་ཟིལ་གྱི་གནོན། ། བེ་ཅོན་གཏུན་ཤིང་སྡིགས་མཛུབ་གཡོན།། སྲིན་མོ་མ་མོ་བྲན་དུ་འཁོལ།། སྡང་མིག་ལྟ་ཞིང་ང་རོ་དྲག་པོ་སྒྲོགས།། ཀླུ་རིགས་བྲན་དུ་འཁོལ་ཞིང་ཐམས་ཅད་དབང་དུ་སྡུད། ། མཆོད་གཏོར་བཞེས་ལ་ཐུགས་རྗེས་བདག་ལ་སྐྱོབས།། རྟ་མགྲིན་རྒྱལ་པོ་ར་གའི་མདོག། རྟ་མགོ་ལྗང་ཁུས་འཕྲིན་ལས་མཐར་ཕྱིན་མཛད།། མཆོད་གཏོར་བཞེས་ལ་སྡེ་བརྒྱད་དམ་དུ་སྡུས།། ཆེ་མཆོག་རྒྱལ་པོ་ཐམས་ཅད་འཇོམས་པའི་ལྷ། ། གདུག་པའི་སྟོབས་ཀྱིས་གདུག་པའི་ང་རོ་འཇོམས།། མཆོད་གཏོར་བཞེས་ལ་དྲེགས་པ་ང་རོ་ཆོས།། བྱ་ཁྱུང་རྒྱལ་པོ་འཇིགས་པའི་ང་རོ་ཅན།། ལྕགས་སྡེར་རྡོ་རྗེ་གདུག་པའི་ཀླུ་གཉན་འདུལ། ། མཆོད་གཏོར་བཞེས་ལ་གདུག་པའི་ཀླུ་གཉན་ཐུལ།། འཕྲིན་ལས་རྫོགས་པས་སྲས་མཆོག་ཀུ་མ་ར།། མཐིང་ནག་གྲུ་གསུམ་འབར་བའི་ཀློང་དཀྱིལ་ནས།། ཞལ་གསུམ་ཕྱག་དྲུག་ཕུར་པ་འདྲིལ་ཞིང་འདེབས། ། མཆོད་གཏོར་བཞེས་ལ་འཕྲིན་ལས་རྫོགས་པར་མཛད།། བཀའ་སྡོད་ཡ་མ་ར་ཛ་ནི།། སྐུ་སྟོད་ཁྲོ་བོ་རྒྱལ་པོ་ལ།། སྐུ་སྨད་ཕུར་པ་གྲུ་གསུམ་དཔལ་དང་ལྡན།། གང་ལ་དམིགས་པ་རླག་པར་བྱེད།། མཆོད་གཏོར་བཞེས་ལ་སྔགས་ཀྱི་དུག་མདའ་བཟློག། ཅེས་གསུངས་སོ།། མཆོད་བསྟོད་ཀྱི་ལེའུ་སྟེ་བཅུ་གཉིས་པའོ།།།། དེ་ནས་འཁོར་མང་པོ་དགའ་མགུ་ཡི་རངས་ཏེ། བཅོམ་ལྡན་འདས་ལ་མངོན་གསུམ་དུ་བསྟོད་པ། ཨེ་མ་སངས་རྒྱས་ཐམས་ཅད་འདུས་པའི་སྐུ།། བདེ་ཆེན་ངང་ལས་ཐབས་ཀྱི་བྱེ་བྲག་འཆར།། གཉིས་མེད་འབྲས་བུས་ཁམས་གསུམ་རྒྱས་བཏབ་ནས།། མི་འགྱུར་ལྷུན་གྲུབ་རྫོགས་པའི་སྐུ་ལ་འདུད།། སྐྱེ་མེད་དབྱིངས་ལས་ཐུགས་རྗེས་དོན་མཛད་པ། ། ཨེ་མ་མི་རྟོག་དབྱིངས་ལ་ཁྲོ་རྒྱལ་དྲེགས་པ་འཇོམས་པའི་སྐུ།། དབང་སྡུད་གཏུམ་རྔམ་ཆེན་པོའི་སྐུ་ལ་འདུད།། སྐྱེ་མེད་དབྱིངས་ལས་ཐུགས་རྗེས་དོན་མཛད་པ།། དུག་གསུམ་ནད་སེལ་སྨན་པའི་རྒྱལ་པོ་སྟེ། ། བདུད་རྩི་རྒྱལ་པོ་ཁྱཽད་ལ་འདུད། ཅེས་སྟོད་དོ།། བསྟོད་ཅིང་རྗེས་སུ་ཡི་རང་བའི་ལེའུ་སྟེ་བཅུ་གསུམ་པའོ།།།། བདེ་བར་གཤེགས་པའི་དགོངས་རྒྱུད་འབྲས་བུ་ཡོངས་སུ་རྫོགས་པ་ཞེས་བྱ་བ། ། གསང་བར་གདམས་པ་རྫོགས་སོ།། སཱ་མཱ་ཡཱ་ཁ་ཐཾ།།།། རྣལ་འབྱོར་ནང་པའི་ཚོགས་རྒྱུད་ཞེས་བྱ་བ་བཞུགས་སོ། དེ་ནས་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་གསོལ་བ།། དེ་ལྟ་བུའི་ཚོགས་རྒྱུད་ཆེན་པོ་འདི་འཇིག་རྟེན་གྱི་ཁམས་གང་དང་གང་དུ་སྣང་བར་འགྱུར།། སེམས་ཅན་རྣམས་ལ་ཇི་ལྟར་ཕན་པར་འགྱུར། ། བདེ་བར་གཤེགས་པ་ལུང་བསྟན་དུ་གསོལ།། རྡོ་རྗེ་སེམས་དཔས་བཀའ་སྩལ་པ། རྣལ་འབྱོར་གྱི་ཚོགས་རྒྱུད་ཆེན་པོ་འདི་ནི་འདོད་ཁམས་དང། གཟུགས་ཁམས་དང། གཟུགས་མེད་པའི་རིགས་ཐམས་ཅད་དུ་ཁྱབ་པར་འགྱུར་རོ།། དང་པོ་འོག་མིན་གྱི་གནས་སུ་ཏིང་ངེ་འཛིན་གྱི་པཱུ་ཙའི་མཆོད་པ་ལས་རྒྱུ་བླང་སྟེ།། རྣལ་འབྱོར་གྱི་ཚོགས་ཀྱི་མཆོད་པ་ཕུལ་བས། ཐམས་ཅད་ཆོས་ཀྱི་སྐུར་སངས་རྒྱས་བར་འགྱུར་རོ།། དེ་ནས་གཟུགས་ཁམས་ཀྱི་ལྷ་ཚོགས་སུ་ཚོགས་སྦྱོར་གྱི་ཚོགས་འདིས་ཁྱབ་པས། དཔལ་ཚངས་པ་དང་བརྒྱ་བྱིན་གྱིས་རྒྱུ་བྱས་ཏེ། ལྷའི་ལོངས་སྤྱོད་རྣམ་པ་སྣ་ཚོགས་པ་ལས་གཞི་བླངས་ཏེ།། རྒྱལ་བའི་དཀྱིལ་འཁོར་རབ་འབྱམ་འཁོར་དང་བཅས་པ་ལ།། རྣལ་འབྱོར་གྱི་ཚོགས་མཆོད་ཆེན་པོ་ཕུལ་བས། ལྷའི་རིགས་འབུམ་ཕྲག་བསམ་གྱིས་མི་ཁྱབ་པ། ཕུང་པོ་མི་གནས་པར་མྱ་ངན་ལས་འདས་པ་མངོན་པར་རྫོགས་པར་སངས་རྒྱས་པར་བྱེད་དོ།། དེ་ནས་དྲང་སྲོང་རྣམས་ཀྱི་རིགས་སུ་རྣལ་འབྱོར་གྱི་ཚོགས་རྒྱུད་འདིས་ཁྱབ་པས། དྲང་སྲོང་རྣམས་ཀྱིས་རྣལ་འབྱོར་པའི་ལོངས་སྤྱོད་རྣམས་པ་སྣ་ཚོགས་པས། རྒྱལ་བའི་དཀྱིལ་འཁོར་ལ་མཆོད་པ་ཕུལ་བས། དྲང་སྲོང་ལ་སོགས་པ་རིམ་གྱིས་ཕུང་པོ་ལྷག་མ་མེད་པའི་མི་གནས་པར་མྱ་ངན་ལས་འདས་པར་མངོན་པར་རྫོགས་པར་སངས་རྒྱས་པར་བྱེད་དོ།། དེ་ནས་ཀླུའི་རིགས་སུ་རྣལ་འབྱོར་གྱི་ཚོགས་རྒྱུད་ཆེན་པོ་འདིས་ཁྱབ་པས། ཀླུའི་རྒྱལ་པོ་འཇོག་པོ་དང། ཀླུའི་རྒྱལ་པོ་རྒྱ་མཚོ་ལ་སོགས་པ། ཀླུའི་ལོངས་སྤྱོད་རྣམ་པ་སྣ་ཚོགས་པའི་ལོངས་སྤྱོད་ཀྱིས། རྒྱལ་བསྲས་དང་བཅས་པ་མ་ལུས་པ་ལ་རྣལ་འབྱོར་ཚོགས་ཀྱི་མཆོད་པ་ཕུལ་བས། ཀླུའི་རིགས་འབུམ་ཕྲག་བསམ་གྱིས་མི་ཁྱབ་པ་ལུས་མ་བོར་བར། མི་གནས་པའི་མྱ་ངན་ལས་མ་འདས་པར་མངོན་པར་རྫོགས་པར་སངས་རྒྱས་པར་འགྱུར་རོ། ། དེ་ནས་མིའི་རིགས་སུ་རྣལ་འབྱོར་གྱི་ཚོགས་རྒྱུད་ཆེན་པོ་འདིས་ཁྱབ་ན་ཡང། མི་གནས་པའི་སྣོད་དུ་གྱུར་པ་ཡང་རིག་པ་ཆ་ཕྲ་མོ་ཡོད་པ་དང། སྤྲུལ་པའི་སྐུ་ལ་གནས་པ་དང། སྔོན་གྱི་སྨོན་ལམ་གྱི་དད་པ་དང། རྒྱལ་པོ་དང། བྲམ་ཟེ་དང། མགོ་རུ་དང། ཤ་རུ་དང།། བསྟན་པ་འཇམ་དང། ཁྱིམ་བདག་གི་རིས་སུ། ལས་ཀྱི་འཕྲོ་ཅན་ལ་སོགས་པ་རྣམས་ཀྱིས་དང་དུ་བླངས་ཏེ། རྒྱལ་སྲིད་དང། ལོངས་སྤྱོད་དང། གྲོགས་མཆོག་ཏུ་བཅས་ཏེ་རབ་ཏུ་བདེ་བའི་གནས་སུ། གསང་བའི་དཀྱིལ་འཁོར་ཆེན་པོ་བཞེངས་སུ་གསོལ་ཏེ། བདེ་བར་གཤེགས་པའི་དཀྱིལ་འཁོར་རྒྱལ་བ་རྒྱ་མཚོ་དང་བཅས་པ་སྦྱན་དྲངས་ཏེ། རྣལ་འབྱོར་གྱི་ཚོགས་མཆོད་ཆེན་པོ་ཕུལ་ཏེ། འཕགས་པའི་ཞལ་མངོན་སུམ་དུ་མཐོང་སྟེ། ཚོམ་བུ་གྲངས་བརྒྱ་དང་སྟོང་ལ་སོགས་པ་དང། ཕོ་མོ་རིགས་བསམ་གྱིས་མི་ཁྱབ་པ་ལུས་མ་བོར་བར་ཚེ་འདི་ཉིད་ལ། མི་གནས་བའི་མྱ་ངན་ལས་འདས་པའི་གནས་སུ་མངོན་པར་རྫོགས་པར་སངས་རྒྱས་པར་འགྱུར་རོ། ། རྒྱུ་དེ་ལ་བརྟེན་ནས། དམྱལ་བ་དང། ཡི་དྭགས་དང། བྱོལ་སོང་དང། གཤིན་རྗེའི་སྒོ་བཀག་སྟེ། རིམ་གྱིས་བླ་ན་མེད་པའི་ས་ལ་ཕྱིན་པར་འགྱུར་རོ། ། རྒྱུ་དེ་ལམ་ལ་འགོད་པར་བྱེད་དོ།། གང་ཞིག་མཚམས་མེད་པ་ལྔའི་ལས་བྱས་ཏེ་དམྱལ་བར་ལྷུང་ངེས་པ་ཡང། རྣལ་འབྱོར་གྱི་ཚོགས་མཆོད་ཆེན་པོ་འདི་གཞུང་བཞིན་དུ་ཕུལ་ན། མནར་མེད་པའི་གནས་སུ་མི་ལྟུང་སྟེ། བདེ་བའི་གནས་སུ་སྐྱེ་བར་འགྱུར་རོ།། གང་ཞིག་རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་པ་ཡང་གཞན་གྱིས་མི་བསྐོངས་ཏེ། རྣལ་འབྱོར་གྱི་ཚོགས་མཆོད་ཆེན་པོ་འདིས་སྐོངས་པར་འགྱུར་རོ། ། གང་ཞིག་གཞན་ལ་ཕན་འདོགས་པར་འདོད་ན་ཡང། ལས་གཞན་གྱིས་མི་འགྲུབ་སྟེ།། རྣལ་འབྱོར་གྱི་ཚོགས་མཆོད་ཆེན་པོ་ཕུལ་ནས་གང་ཕན་གདགས་པ་དེ་འགྲུབ་པར་འགྱུར་རོ།། གང་ཞིག་བར་དུ་གཅོད་པ་སྒྲོལ་བར་འདོད་ན་ཡང། རྣལ་འབྱོར་གྱི་ཚོགས་མཆོད་ཆེན་པོ་འདི་ཕུལ་ན་ཡིད་ལ་བསམ་པ་བཞིན་སྒྲོལ་བར་འགྱུར་རོ།། གང་ཞིག་འཇིག་རྟེན་འདིའི་བདེ་བ་དང། མཐུ་དབང་ཕུན་སུམ་ཚོགས་པར་འདོད་ན་ཡང། རྣལ་འབྱོར་ཆེན་པོའི་ཚོགས་ཀྱི་མཆོད་པ་འདི་གཞུང་བཞིན་དུ་ཕུལ་ན་གང་འདོད་པ་དེ་ཐོབ་པར་འགྱུར་རོ།། དེ་ལྟ་བུའི་རྣལ་འབྱོར་གྱི་ཚོགས་རྒྱུད་ཆེན་པོ་འདི་ཡང་སྣོད་མ་ཡིན་པ་དང། ཞེ་སྡང་ཅན་དང། དམ་ཚིག་ལ་མི་གནས་པ་དང། ངན་སེམས་ཅན་དང། འདོད་རྒྱལ་བ་རྣམས་ནི་མ་གཏོགས་སོ།། དེ་ནས་སེམས་དཔའ་རྣམས་ཀྱིས་གསོལ་བ། རིམ་གྱིས་ཐམས་ཅད་བླ་ན་མེད་པར་འགྲུབ་པ་ལགས་ན། མི་ལ་སོགས་པ་ཐམས་ཅད་ཀྱིས་མཐར་རྫོགས་པར་སྤྱོད་པར་འགྱུར་བ་ལགས་སམ། རྡོ་རྗེ་སེམས་དཔས་བཀའ་སྩལ་པ། རྣལ་འབྱོར་གྱི་ཚོགས་རྒྱུད་ཆེན་པོ་འདིས། རིམ་གྱིས་ཚོམ་བུ་མང་པོ་སངས་རྒྱས་པར་བྱེད་ན་ཡང། ཀུན་གྱི་ཐུན་མོང་དུ་མ་གསུངས་ཏེ། དཔེར་ན་ཏིལ་མར་གྱིས་རྫས་གང་ལ་ཕོག་ཀྱང་སྲ་ཞིང་མཁྲེགས་པར་འགྱུར་ན། ཨ་རྫ་གའི་དོག་པོ་ལ་ཕོག་ན་ཚལ་པ་བརྒྱར་འགས་པར་འགྱུར་བ་བཞིན་དུ། དམ་ལ་མི་གནས་ཤིང་གསང་སྔགས་ཚིག་ཙམ་ལ་ཁུངས་ཕྱུང་ནས། ཁེ་དང། གྲགས་པ་དང། ཕྲག་དོག་དང། ཉོན་མོངས་པ་རང་རྒྱུད་དུ་སྤྱོད་པ་རྣམས་ཀྱིས་སྤྱད་ཀྱང། སླར་ཉམས་པའི་རྒྱུར་འགྱུར་རོ།། རྣལ་འབྱོར་གྱི་ཚོགས་རྒྱུད་ཆེན་པོ་འདི་མིའི་འཇིག་རྟེན་ཐམས་ཅད་དུ་ཁྱབ་ན་ཡང། ཕལ་ཆེར་ལྟ་བ་དང་མི་ལྡན་པར་འབྱོར་པ་སྣ་ཚོགས་ཀྱིས་མཆོད་ཅིང་འབུལ་བར་བྱེད་ན་ཡང། དོན་མེད་པ་ནི་མ་ཡིན། འབྱོར་པའི་ཚོགས་རྒྱས་པར་འགྱུར་བ་དང། བསོད་ནམས་ཀྱི་ཚོགས་བསྐྱེད་པ་ལས། འདི་ཉིད་དུ་མངོན་པར་སངས་རྒྱས་པ་ཡང་འབྱུང་ངོ།། ཕལ་ཆེར་ཁུངས་ཕྱུང་ཙམ་དང་འབྱོར་པ་མ་ཚོགས་པར་འབུལ་བ་དག་ཡོད་ན། དམིགས་པའི་ཕན་སྟོབས་ཙམ་དུ་འགྱུར་བ་ཡང་ཡོད་དོ། ། གང་ཞིག་དགོངས་པ་ལྷུན་གྱིས་གྲུབ་ཅིང་ལྟ་བ་དང་མན་ངག་ཏུ་ལྡན་པས། དུས་གསུམ་དུ་འཕགས་པའི་ཚོགས་ལ། རྣལ་འབྱོར་གྱི་ཚོགས་མཆོད་ཕུལ་བ་ལྟ་ཅི་སྨོས་ཀྱིས། སློབ་དཔོན་དེ་ཉིད་ཀྱི་ཀརྨར་ཡང་དྲོ་ཞལ་གཅིག་ཙམ་དྲངས་པ་ཡང་རྣལ་འབྱོར་གྱི་ཚོགས་མཆོད་ཕུལ་བ་དང་འདྲ་བར་སྐལ་པ་མཉམ་པར་འགྱུར་རོ།། དེ་ཅིའི་ཕྱིར་ཞེ་ན། འདི་ནི་སངས་རྒྱས་ཉིད་ཀྱི་རང་བཞིན་ནོ། ། དེ་ལྟ་བུའི་རྣལ་འབྱོར་གྱི་ཚོགས་རྒྱུད་ཆེན་པོ་འདི་ལྷའི་འཇིག་རྟེན་དང། མིའི་འཇིག་རྟེན་དུ་མཐའ་ཡས་པར་སྤྱོད་པར་འགྱུར་ལ། མིའི་འཇིག་རྟེན་ན་ཡང་བསྐལ་པ་བཟང་པོ་དང་དུས་དང་པོ་ལ་ནི། རྒྱ་གར་ཡུལ་ལ་སོགས་པ་དང། ཡུལ་གྱི་དབུས་དང། ཁྲིམས་དང་གཙུག་ལག་ལ་གནས་པའི་རྒྱལ་པོ་དང། བྲམ་ཟེ་དང། ཁྱིམ་བདག་གི་རིགས་ལ་སོགས་པ་རྣམས་ཀྱིས་རྒྱུད་སྦྱར་ནས། གུ་རུ་མཧཱ་ལ་སོགས་པ་རྣམས་ཀྱིས་བྱིན་བརླབས་ནས་བཤད་ཅིང་བསྒོ་ལ་བསྲུང་ཞིང་མཉམས་པར་བྱས་ནས། འགའ་དང་འགའ་ཙམ་ལས་ཕལ་ཆེར་མི་སྤྲོ་སྟེ། གསང་སྔགས་གསང་བའི་སྒོ་ནས་མཐར་ཕྱིན་ཅིང་མངོན་དུ་གྲུབ་པར་འགྱུར་རོ།། བསྐལ་པ་དང་དུས་བར་མ་ལ་རྒྱལ་ཁམས་རིས་ཕལ་ཆེན་གྲགས་ཏེ། རིགས་པའི་ས་ཐོབ་པ་དང། རྒྱུད་ཀྱི་དོན་ལ་མཁས་པ་དང། མན་ངག་དང་སྣོད་དབང་ཚུལ་བཞིན་དུ་ཐོབ་པར་བྱས་ནས། མཚན་དང་ལྡན་པའི་མི་མོ་དང་ང། གཞུང་དང་མཐུན་པའི་སྦྱོར་བ་དང། དད་པ་དང་ལྡན་པའི་ས་རི་ཧ་དང། ཁྲིམས་དང་ལྡན་པའི་རྒྱལ་པོ་དང། བློན་པོ་ལ་སོགས་པ་གྲངས་ཀྱི་ཚོམས་བསྡུས་ཏེ་བཤད་ཅིང་བསྟན་པ་དང། རྟོག་པ་དཀྲོལ་ཞིང་འཁུ་འཕྲིག་དང་ཐེ་ཚོམ་མ་ཟོས་པར་བྱས་ཏེ། ཡིད་ཆེས་ཤིང་དད་པ་ལ་སྐྱོ་དུབ་མེད་པར་བྱས་ཏེ། ཕལ་ཆེར་དམ་ལ་བཏགས་ཏེ། གནས་དབེན་པ་དང། འགོལ་བར་སྐྱེ་བོ་དང། མི་ནག་ཡོངས་ཀྱིས་མ་འགྲིམས་པས། གསང་བའི་དཀྱིལ་འཁོར་ཆེན་པོ་བཞེངས་སུ་གསོལ་ནས། དུས་གསུམ་འཕགས་པའི་ཚོགས་ལ་རྣལ་འབྱོར་ཚོགས་ཀྱི་ས་ལ་མཆོད་པ་ཆེན་པོ་གཞུང་བཞིན་དུ་ཕུལ་ན། འདི་དང་ཕྱི་མ་གཉིས་ཀའི་དོན་དུས་གཅིག་ཏུ་འགྲུབ་སྟེ། གཟུགས་མི་ཡུལ་ནས་མ་འཕགས་པར་སངས་རྒྱས་ཀྱི་ས་ལ་གནས་པ་དང། ཡོངས་ཀྱིས་གསང་སྔགས་མཉན་ཞིང། སྤྱོད་པ་བླངས་པོ་མ་འཕྲོག་ཏེ། ཡ་ཀ་དང་སྒྲོ་སྐུར་མེད་ཅིང་གསང་བའི་བཀའ་ཐབས་ཀྱིས་སྤྱོད་པར་འགྱུར་རོ། ། བསྐལ་པ་ཐ་མ་དང་དུས་ཐ་མ་ལ་ནི་གང་ཟག་གི་ཐ་དད་དང། རྒྱལ་པོའི་བཀའ་ཁྲིམས་ཉམས་པས་མི་སྨད་རིམ་ནས་དབང་ཆེ་བ་དང། བློན་པོ་མ་བྱང་བས་སོ་ཁ་ནང་དུ་ལྟས་པ་དང། རྣལ་འབྱོར་པ་མ་གྲོལ་བས་བསྲུང་མཚམས་ལས་འདས་ཤིང། གསང་སྔགས་འཆོལ་བའི་དབང་གིས། ཐང་ཁོབ་པ་དང་གདའ་མདོ་དང། ཀླ་ཀློ་དང། རྩི་ར་སའི་གྲོང་ཐམས་ཅད་དུ་བརྡལ་བས། གསང་སྔགས་བཀའ་འཆོལ། ཆོས་ནི་ཀུན་སྤྱོད། ཆོས་བཞིན་དུ་གང་ཡང་མི་བྱེད། ཆོས་ནི་ཀུན་ལ་ཡོད་པར་བྱས། རྟོགས་ནི་སློབ་དཔོན་རང་གིས་ཀྱང་མ་རྟོགས། དམ་ཚིག་ཀུན་ནོད། བསྲུང་བ་གཅིག་ཀྱང་མི་བསྲུང། སློབ་དཔོན་ནི་ཀུན་བྱེད། དབང་གང་ལ་ཡང་མེད། ལད་མོ་ཀུན་ཟློས། ཉམས་སུ་གང་གིས་ཀྱང་མ་ལོངས། དབང་ཀུན་ལ་བསྐུར། ཆགས་པ་ནི་གང་ལ་ཡང་མ་ཆགས། འཆད་པ་ཀུན་འཆད། ཐོག་ཏུ་གང་གིས་ཀྱང་མ་ཕེབས། རྩོལ་ནི་ཀུན་རྩོལ། མཐར་གང་གིས་ཀྱང་མ་ཕྱིན་པས། ཕལ་ཆེར་བགྱིད་ལུག་སྟེ་སྔགས་ལས་བཟློག་པ་དང། ཕལ་ཆེན་མ་རྟོགས་པས་ཐེ་ཚོམ་ཟ་བ་དང། ཕལ་ཆེར་ཡ་ཀ་དང་སྒྲོ་སྐུར་འདེབས་པ་མང་བ་དང། རྣལ་འབྱོར་པའི་ཚོགས་མཆོད་ཀྱི་འབྱོར་པ་རྣམས་མི་འབུལ་བར། མིའི་འབྱོར་པ་དང་འདུ་བ་མེད་པས། དེའི་དབང་གིས་རྣལ་འབྱོར་པ་རྣམས་ཀྱང་མངའ་ཐང་དང་ལོངས་སྤྱོད་བྲི་ནས། མཚམས་ཚད་ཙམ་འབུལ་བར་བྱེད་པས་བསོད་ནམས་མི་ཐོབ་པ་དང། ཕལ་ཆེར་འབྱོར་པ་སྣ་ཚོགས་བསོགས་ནས་འབུལ་བར་བྱེད་ན་ཡང། གསང་བ་མེད་པ་དང་གྲགས་པ་འདོད་པའི་ཕྱིར། བདག་དུས་འདི་ཙམ་ན་ལོངས་སྤྱོད་འདི་ཙམ་བཤམས་ཏེ། ཚོགས་མཆོད་འབུལ་བར་བྱེད་དོ་ཞེས་བསྒྲགས་པའི་དབང་གིས་བཏག་པ་ཅན་དང། བརྣབ་སེམས་ཅན་དང། འདོད་སེམས་ཅན་དང། ཉོན་མོངས་པའི་དབང་དུ་གྱུར་པའི་སྐྱོན་དང། མཁས་པ་རྣམས་མི་འཆད་པར། མི་མཁས་པ་རྣམས་ཆེ་འདོད་པའི་ཕྱིར་མཆད་པས། མཁས་པ་རྣམས་ཀྱིས་བཀའ་རྒྱུད་གསང་བའི་མན་ངག་རྣམས་བརྣགས་ཏེ་སྦས་པས། བཀའ་ངེས་པ་ནུབ་པའི་སྐྱོན་གྱིས་ཕལ་ཆེར་ཉུངས་པར་དོགས་ནས་རང་བཟོ་དང། ཀེའུ་ཤང། བསྲེ་བཅོས་དང། མི་ཚིག་བསྲེས་པས། དེ་ལ་ཆེ་བར་མཚན་རྟགས་ཀྱང། རྒྱུད་ལ་ཁུངས་མེད་པའི་གང་ཟག་སྦྱིན་དུ་རེ་བའི་རང་ཐད་དུ་བརྒྱུད་པས་ངལ་བའི་ཚི་ཆད་པ་དང། ལས་བརྩམ་པ་གྲོན་ཚིགས་སུ་འགྱུར་ཞིང། གྲུབ་པའི་དུས་རིང་བ་དང། ཕལ་ཆེར་ར་ཆོད་དང། གཟུ་ལུམས་དང། རཀྴའི་ལས་སྨྱོས་ཐབས་སུ་བྱས་ཏེ་སྣང་སྣང་ནི་སྒྲོལ། འཕྲད་འཕྲད་ནི་སྦྱོར། རྙེད་རྙེད་ནི་ཟ། སྤྱོད་པ་འཆོལ་བའི་དབང་གིས་རྣལ་འབྱོར་གྱི་ཚོགས་མཆོད་དུ་བྱེད་ན་ཡང། དཔེར་ན་ཟངས་མ་གསེར་ཏུ་བཅོས་པ་དང་འདྲ་སྟེ། གསེར་གྱི་དངོས་པོ་མིན་པ་དང་འདྲའོ།། ཕལ་ཆེར་བདག་ཉིད་ཀྱི་འཇུག་སྒོ་དང། ཐོས་ཕྱོགས་དང། མོས་བཙན་ལ་འདི་ནི་བཟང་ལ་དོན་དམ་པ་ཡིན་ལ། གཞན་ནི་ངན་པ་ཡིན་ནོ་ཞེས། ཆོས་ཉིད་ཕྱོགས་རིས་མེད་པ་ལ། ཕྱོགས་དང་རིས་སུ་བཅད་པའི་སྐྱོན་དང། འཁོར་དང། བདེ་བ་དང་བཅས་པར་ཕྱེ་སྟེ། ཕྲག་དོག་ཆེ་ཆུང་གི་དབང་གིས་མཉམ་པའི་དོན་ལ་འགལ་བར་གནས་པ་དང། ཕལ་ཆེར་ཐེག་པའི་རིས་སོ་སོར་བཟུང་སྟེ། རྩོད་པའི་ཆོས་བཤོམ་པའི་དུས་ན་ནི། ཀུན་གྱིས་འབྲས་བུ་བླན་མེད་པ་མི་ཐོབ་པར་ངན་སོང་གསུམ་པོ་ཤ་སྟག་ཏུ་ལྷུང་བ་དང། སྔོན་གྱི་སྟོན་པའི་བཀའ་ནུབ་པས། མིང་ཚིག་འཕེལ་བས་བསྒྲུབ་ཐག་རིང་བ་དང། དམ་ཚིག་ལ་ཟེར་ཤོར་བས་བསམ་པ་མི་འགྲུབ་ཅིང་བར་ཆད་ཀྱི་རྐྱེན་འབྱུང་བ་དང། དབང་བརྒྱུད་རིམ་གྱིས་མི་བསྐུར་བས་མཐུ་བྱིན་ཆུང་བ་དང། བསྒོམ་བསྒྲུབ་ཀྱི་དོན་མཐིལ་དུ་མ་འཕེབས་པས་དྲོད་ཚད་ལ་མ་བབ་པ་དང། ཤེས་པའི་རྒྱུད་ནམ་གྲོལ་བས་རྟོགས་པ་མ་ཤར་བ་དང། མཆོད་རྫས་མ་འཚོགས་ཤིང་ཕུད་ཉམས་པས་དངོས་གྲུབ་མི་ཐོབ་པ་དང། ལས་དང་མན་ངག་རྡེང་དུ་མ་ཆུད་པས་བར་ཆོད་འབྱུང་བའི་དུས་ན་ཡང། རྣལ་འབྱོར་པ་འགའ་དང་འགའ་ཞིག་གི་རྣལ་འབྱོར་གྱི་ཚོགས་རྒྱུད་ཆེན་པོ་འདི་ལྟར་སྤྱོད་ཅིང། དང་དུ་ལེན་ནུས་པ་རྣམས་ནི་ཚེ་འདི་ཉིད་ལ་རྡོ་རྗེ་སེམས་དཔའ་དང་སྐལ་བ་མཉམ་པར་འགྱུར་རོ།། རིན་པོ་ཆེའི་ཚོགས་རྒྱུད་ཆེན་པོ་ལས། བཅའ་ལུགས་དང་སྐྱོན་ཡོན་གྱི་ལེའུ་སྟེ་དགུ་པའོ། །།། དེ་ནས་སེམས་དཔའ་རྣམས་ཀྱིས་གསོལ་པ།། དེ་ལྟ་བུའི་ཚོགས་རྒྱུད་འདི་ལ་དམ་ཚིག་གང་ལགས། དབང་གང་ལགས། ལྟ་བ་གང་ལགས། བསྒྲུབ་པ་གང་ལགས། སྤྱོད་པ་གང་ལགས། ལུང་བསྟན་དུ་གསོལ། བདེ་བར་གཤེགས་པ་ལུང་བསྟན་དུ་གསོལ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་དག་ཞུས་པ་ལེགས་སོ་ལེགས་སོ།། དེ་ལ་ཚོགས་ཀྱི་དམ་ཚིག་ནི། སློབ་དཔོན་ནི་བདག་གི་སྲོག་དང་འདྲའོ།། དེ་ཅིའི་ཕྱིར་ཞེ་ན། སྲོག་བཅད་ན་འཆི་ལ། སྲོག་མ་བཅད་ན་མི་འཆི་བརྟན་ཞིང།། འཇིག་རྟེན་གྱི་བདེ་བ་རིམ་གྱིས་ཐོབ་པ་དང་འདྲ་བར། སློབ་དཔོན་དང་འཐབས་པ་དང་སྨོད་པ་ལྟ་ཅི་སྨོས་ཀྱིས། སྤང་པ་འམ་བྲལ་ན་ཡང་དགེ་བའི་བར་ཆད་ཅིང་མན་ངག་མི་ཐོབ་པས། དཔེར་ན་སྲོག་དང་འདྲ་བར་ལྟ་བ་དང། རྒྱལ་ཐེབ་དང་ཀརྨ་ལ་སོགས་ཀྱང། དཔེ་མིག་དང་དབང་པོ་ལྟར་ལྟ་སྟེ། དཔེར་ན་མིག་དང་དབང་པོ་ཉམས་པ་དང་མེད་པ་ལྟ་ཅི་སྨོས་ཀྱི། བག་ཙམ་ག་ཟེར་བ་ཡང་མི་བཟོད་པ་དང་འདྲ་བར་རྒྱལ་ཐེབ་ཀརྨ་གིང་ལ་འཐབ་རྩོད་ཅི་སྨོས་ཀྱིས། བག་ཙམ་མ་དད་པ་སྐྱེས་ན་ཡང་སྒྲིབ་པའི་རྒྱུར་འགྱུར་བ་དང། མཆེད་དང་ལྕམ་དྲལ་ཡན་ལག་དང་ཕུང་པོ་དང་འདྲ་སྟེ། གང་སྣང་བས་ཀུན་གཡོ་ཞིང་སྡུག་བསྔལ་ཉམས་སུ་མྱོང་བ་དང་འདྲ་བ་དང། སྐུའི་གནོད་པ་ཚབས་པོ་ཆེ་ལྟ་ཅི་སྨོས་ཀྱི། འགལ་འཁྲུལ་ཙམ་བྱུང་ན་ཡང། ཡོངས་མི་བདེ་ཞིང་ཉམས་པའི་ཆད་པར་འགྱུར་བས། སྐུའི་དམ་ཚིག་བསྲུང་ཞིང་རྩེ་གདུང་བྱས་ལ་དད་པ་ཆེར་བསྐྱེད་ལ་ཡངས་པར་བྱའོ།། སྔགས་དང་ཕྱག་རྒྱ་དགོངས་པ་གསུམ་ནི། དཔེར་ན་གཏམ་དང། ཟས་དང། གོས་ལྟར་ཏེ། ཕྱི་ནང་གཏམས་གྱིས་མ་འཇལ་ན་གང་ཡང་མི་འགྲུབ་ལ། འཚོ་བ་ཟས་ཀྱིས་མ་གསོས་ན་ཕུང་པོ་མི་ཐེག་དྲོ་བ་གོས་མ་གོན་ན་ཉོན་མོངས་པ་དང་འདྲ་བར། སྙིང་པོ་དང་སྔགས་མ་བགྲངས་ན་གྲུབ་པའི་རྟགས་མི་ཡོང། དགོངས་པའི་ཏིང་ངེ་འཛིན་མ་སྲང་ན་ཤེས་པའི་རྒྱུད་མི་གྲོལ། ཕྱག་རྒྱ་དམ་དུ་མ་བཅས་ན་ཉོན་མོངས་པ་དང་ཕུང་པོ་གནས་མི་འགྱུར་བས། དམ་དུ་བཅས་ཏེ་དང་དུ་བླང་ངོ། ། ཐུགས་ཀྱི་དམ་ཚིག་ནི་གཏེར་སྦ་བ་དང་འདྲ་སྟེ། དཔེར་ན་རིན་པོ་ཆེ་གཏེར་སྒྲོམ་དུ་སྦས་ན་འཇིགས་པ་དང་བག་ཚ་བ་མེད་ཅིང། སྒྲོམ་ཁ་ཕྱེ་ན་དགའ་བ་བསྐྱེད་ཅིང། འདོད་པ་ཕུན་སུམ་ཚོགས་པར་བྱེད་པ་དང་འདྲ་བར། གསང་བའི་མན་ངག་ཐམས་ཅད་སྣོད་མ་ཡིན་པ་ལ་སྦས་ཏེ་བདག་གི་བློ་ལ་བཏགས་ན་རྟོགས་པ་མངོན་དུ་གྱུར་ནས། འབྲས་བུ་མཐར་ཕྱིན་པར་འགྱུར་བས་གཏེར་དང་འདྲ་བར་སྦ་བར་དམ་ཚིག་བཅའ་འོ། ། གཏན་མི་འབྱུང་བ་ནི་མ་ཡིན་ཏེ། གཏེར་ལ་བདག་དང་བུ་སྤྱོད་པ་དང་འདྲ་བར། གསང་བའི་མན་ངག་བདག་དང་བུ་དང་འདྲ་བ་ལ་མ་གཏོགས་པ། བཤད་པའི་གྲངས་བཞི་ལས་མང་ན་འགལ་བར་གསུངས་སོ། ། དུས་ཐ་མ་ལ་བབ་པའི་ཚེ། རྩ་བ་འདི་རྣམས་ནོས་ནས་གང་ཡང་མི་བསྲུང་སྟེ། སྐུའི་དམ་ཚིག་ཉམས་ཏེ་འཐབ་རྩོད་ཤོར་བ་དང། གསུང་ཡང་ཉམས་ཏེ་སྔགས་དང། ཕྱག་རྒྱ་དང། ཏིང་ངེ་འཛིན་སྤངས་ཏེ། མདོ་སྡེ་བསམ་གཏན་གྱི་ཕུལ་ཀྱང་བཞེས་སུ་དོན་སྤྱོད་པ་དང། ཐུགས་ཀྱང་ཉམས་ཏེ་བརྒྱ་དང་ཉི་ཤུ་ལ་བཤད་པ་ནི་འབྲས་བུ་མནར་མེད་པ་ལྟ་ཅི་སྨོས་ཀྱིས། དཔེར་ན་སེང་གེའི་ཁོག་པ་ནང་གི་ནང་འཇིག་པ་བཞིན། ། ཆོས་ཉན་དུ་གང་ཟག་སྔགས་པ་རང་གིས་མ་སྟེར་ཏེ། རང་གིས་རང་སྨས་སོ།། རྩ་བའི་དམ་ཚིག་མ་ཉམས་ན་ཡན་ལག་ལྗོན་ཤིང་དང་འདྲ་སྟེ། སྐྱེ་བས་ཉི་ཤུ་རྩ་བརྒྱད་དང། བརྒྱ་རྩ་བརྒྱད་དང། སུམ་བརྒྱ་དྲུག་ཅུ་དང། ས་མ་ཡ་སྟོང་འབུམ་སྡེ་ལ་སོགས་པའི་གང་སྤྱོད་པའི་ཡན་ལག་ལོ་འདབ་དང་འདྲ་བས་འབྲས་བུ་སྐྱེ་བར་འགྱུར་རོ།། དམ་ཚིག་འདི་དག་ཉམས་པར་གྱུར་ན་ཚོགས་ཀྱི་མཆོད་པ་དང། ལོངས་སྤྱོད་རྫས་སུ་ཕུལ་ཀྱང་བཞེས་སུ་མི་གནང་ཞིང་མཉེས་པར་མི་འགྱུར་རོ། ། དེ་ཅིའི་ཕྱིར་ཞེ་ན། དེ་ལས་བསོད་ནམས་མེད་ཅིང་འབྲས་བུ་མི་ཐོབ་པའི་ཕྱིར་རོ།། ཚོགས་རྒྱུད་ཆེན་པོ་ལས། དམ་ཚིག་ཉམས་པའི་ལེའུ་སྟེ་བཅུ་པའོ། །།། དེ་ལ་ཚོགས་རྒྱུད་ཆེན་པོ་འདི་ལ་དབང་རྣམ་པ་ལྔ་སྟེ།། ཆོས་དང་རྒྱུད་འཆད་ཅིང་ཉན་པའི་དབང་དང། ཡི་དམ་གྱི་ལྷ་བསྒོམ་ཞིང་བསྒྲུབ་པའི་དབང་དང། དཀྱིལ་འཁོར་གཉན་པོ་ཞལ་ལྟ་བའི་དབང་དང། ཚོགས་ཀྱི་ཞལ་ཟས་འཚལ་ཞིང་ལོངས་སྤྱོད་པའི་དབང་དང། ལས་ཀྱི་རྡོ་རྗེ་ལས་གང་བྱེད་པར་མིང་གི་དབང་བསྐུར་བ་དང་ལྔའོ།། དེ་ལ་དྷརྨ་ཏནྟྲ་ཉན་ཅིང་འཆད་པའི་དབང་ནི་འདི་སྐད་དོ།། གསང་བ་གསང་ཆེན་གསང་མཆོག་རྣམས། ། སྟོན་པས་ངེས་པར་གསུངས་པའི་དོན།། ཉན་ཅིང་ཡིད་ལ་འཛིན་པ་དང།། མ་འདྲེས་སྟོན་པའི་དབང་ཐོབ་ཤོག། དེ་ནས་ཡི་དམ་གྱི་ལྷ་བསྒོམ་ཞིང་བསྒྲུབ་པའི་དབང་བསྐུར་བ་འདི་སྐད་དོ། ། བསྐལ་པ་གྲངས་མེད་སྔོན་རོལ་ནས།། བསྒོམས་ཤིང་བསྒྲུབས་པའི་ཡི་དམ་ལྷ།། མེ་ཏོག་དབང་གིས་ཕོག་པ་འདི།། བསྒོམ་ཤིང་བསྒྲུབ་པའི་དབང་ཐོབ་ཤོག། དེ་ནས་དཀྱིལ་འཁོར་གཉན་པོ་ཞལ་ལྟ་བའི་དབང་ལ་འདི་སྐད་དོ། ། གསང་བའི་དཀྱིལ་འཁོར་ཆེན་པོ་འདིར།། དུར་ཁྲོད་འབར་བའི་རྫས་བཀྲམ་ནས།། སྐུ་གསུང་ཐུགས་སུ་གསལ་སྒོམ་པ།། ལྟ་ཞིང་བསྒྲུབ་པའི་དབང་ཐོབ་ཤོག། དེ་ནས་ཚོགས་ཀྱི་ཞལ་ཟས་ལ་འཚལ་ཞིང་ལོངས་སྤྱོད་པའི་དབང་འདི་སྐད་དོ། ། རྒྱལ་བ་མཆོད་པས་དམ་སྐོང་ཞིང།། མཆོད་པ་ཕུལ་བས་བགེགས་ཞི་ནས།། ཕམ་ཕབས་ལོངས་སྤྱོད་བདུད་རྩིའི་བཅུད།། རྣལ་འབྱོར་ཚོགས་ལ་ལོངས་སྤྱོད་ཤོག། དེ་ནས་ལས་ཀྱི་རྡོ་རྗེ་ལས་གང་བྱེད་པའི་མིང་གི་དབང་བསྐུར་བ་འདི་སྐད་དོ།། ཞི་རྒྱས་དབང་དང་མངོན་སྤྱོད་དང།། འཕྲིན་ལས་དྲག་དལ་གང་བྱེད་པའི།། ལས་རྣམས་ཆེ་གེ་བྱེད་པ་པོར།། རྡོ་རྗེ་མིང་གི་དབང་ཐོབ་ཤོག། ཚོགས་རྒྱུད་ཆེན་པོ་ལས།། དབང་གི་ལེའུ་སྟེ་བཅུ་གཅིག་པའོ།།།། དེ་ནས་ཚོགས་ཀྱི་ལྟ་བ་ལ་དོན་རྣམས་པ་ལྔས་བསྟན་ཏེ། ཚོགས་པ་ཐམས་ཅད་དཀྱིལ་འཁོར་དུ་ལྟ་བ་དང། འབྱོར་བ་ཐམས་ཅད་ལོངས་སྤྱོད་དུ་ལྟ་བ་དང། མཆོད་པ་ཐམས་ཅད་ཡེ་ཤེས་སུ་ལྟ་བ་དང།། དམིགས་པ་ཐམས་ཅད་ལྷ་རྒྱུད་དུ་ལྟ་བ་དང། རྟོགས་པ་ཐམས་ཅད་གཞལ་ཡས་ཁང་དུ་ལྟ་བའོ།། དེ་ལ་ཚོགས་པ་ཐམས་ཅད་དཀྱིལ་འཁོར་དུ་ལྟ་བ་ནི། རྡོ་རྗེ་སློབ་དཔོན་དང། མཆེད་དང་ལྕམ་དྲལ་ཚོགས་པ་ཡང། རྡོ་རྗེ་སློབ་དཔོན་ནི་དཀྱིལ་ཡིན་ལ། མཆེད་དང་ལྕམ་དྲལ་ནི་འཁོར་ཡིན་པར་ལྟའོ།། དེ་ཅིའི་ཕྱིར་ཞེ་ན། ཐམས་ཅད་དགོངས་སྤྱོད་རྒྱ་མཚོའི་ཀློང་གི་དཀྱིལ་འཁོར་དུ་རང་བཞིན་ལྷུན་གྱིས་གྲུབ་པའོ། ། དམ་རྫས་ཚོགས་པ་ཐམས་ཅད་དཀྱིལ་འཁོར་ཏེ། བྱང་ཆུབ་སེམས་ནི་དཀྱིལ་ཡིན་ལ། དམ་རྫས་གཞན་ནི་འཁོར་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། བདེ་བ་ཆེན་པོའི་དོན་ལ་སྐྱེ་འཆི་མེད་པའི་དཀྱིལ་འཁོར་དུ་ལྷུན་གྱིས་གྲུབ་པའོ།། དམ་རྫས་དང་ལག་ཆ་ཚོགས་པ་ཐམས་ཅད་ཀྱང་དཀྱིལ་འཁོར་ཏེ། བནྡྷ་དཀྱིལ་ཡིན་ལ། དུར་ཁྲོད་ཀྱི་ཆས་ནི་འཁོར་རོ། ། དེ་ཅིའི་ཕྱིར་ཞེ་ན། ཐབས་ལ་མཁས་པའི་རོལ་པ་ཆེན་པོས། རྣམ་པར་རྟོག་པ་ཐམས་ཅད་ཆོས་ཉིད་དུ་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་གྱི་རང་བཞིན་ཡིན་ནོ།། དེ་ལ་འབྱོར་བ་ཐམས་ཅད་ལོངས་སྤྱོད་དུ་ལྟ་བ་དང། ཕྱི་སྣོད་ཀྱི་འཇིག་རྟེན་དང་ནང་བཅུད་ཀྱི་འཇིག་རྟེན་འདི་དག་ཐམས་ཅད་ཀྱང། སངས་རྒྱས་ཐམས་ཅད་ཀྱིས་ཆོས་ཀྱི་ལོངས་སྤྱོད་དུ་བྱིནགྱིས་བརླབས་པའི་དུས་སུ། བྱོལ་སོང་ཐམས་ཅད་ཀྱིས་ལུས་ཚོགས་སུ་ཕུལ་བ་དང། གཤིན་རྗེ་ཐམས་ཅད་ཀྱིས་ཤ་ཆེན་ཚོགས་སུ་ཕུལ་བ་དང། སྲིན་པོ་ཐམས་ཅད་ཀྱིས་ཐོད་རུས་དང་འབྲུ་མར་ཚོགས་སུ་ཕུལ་བ་དང། གནོད་སྦྱིན་རྣམས་ཀྱིས་ཛ་གད་རྣམ་པ་སྣ་ཚོགས་ཚོགས་སུ་འབུལ་བ་དང། མ་མོ་དང་མཁའ་འགྲོ་ཁྲག་དང་སྣུམ་ཆེན་ཚོགས་སུ་ཕུལ་བ་དང། ཀླུ་རྣམས་ཀྱིས་སྙིང་པོ་སྣ་ཚོགས་འབུལ་བ་དང། བྱོལ་སོང་རྣམས་ཀྱིས་འོ་མ་སྣ་ཚོགས་འབུལ་བ་དང། ནམ་མཁའ་ལྡིང་རྣམས་ཀྱིས་ཤིང་ཏོག་སྣ་ཚོགས་སུ་འབུལ་བ་དང། སྨན་གྱི་ལྷས་སྨན་སྣ་ཚོགས་འབུལ་བ་དང། རྩིའི་ལྷ་མོས་རྩིའི་སྨན་སྣ་ཚོགས་ཚོགས་འབུལ་བ་དང། མཁའ་ལྡིང་གིས་སྤོས་སྣ་ཚོགས་སུ་འབུལ་བ་དང། ས་བདག་རྣམས་ཀྱིས་འབྲུ་སྣ་ཚོགས་ཚོགས་སུ་འབུལ་བ་དང། མི་རྣམས་ཀྱིས་མིས་སྦྱར་བའི་ཞལ་ཟས་སྣ་ཚོགས་ཚོགས་སུ་འབུལ་བ་དང། ལྷ་རྣམས་ཀྱིས་རིན་པོ་ཆེ་ཆེན་པོ་རྣམ་པ་སྣ་ཚོགས་པ་དང། ལྷའི་མེ་ཏོག་མན་དཱ་ར་བ་ལ་སོགས་པ་རྣམ་པ་སྣ་ཚོགས་པ་དང། ལྷའི་འདོད་པའི་གཟུགས་དང། སྒྲ་དང། དྲི་དང། རོ་རེག་ལོངས་སྤྱོད་རྣམ་པ་སྣ་ཚོགས་པ་ཚོགས་སུ་འབུལ་བ་ལ་སོགས་པ། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱིས། རྣལ་འབྱོར་ཚོགས་ཀྱི་ལོངས་སྤྱོད་ཆེན་པོར་བྱིན་གྱིས་བརླབས་ཏེ་གསོལ། གཞན་ཡང་འགྲངས་ཤིང་ཚིམ་པར་མཛད། ཕྱིར་མི་ལྡོག་པའི་ས་ལ་བཀོད་པས། འབྱོར་པ་ཐམས་ཅད་ལོངས་སྤྱོད་དུ་ལྟའོ།། དེ་ལ་མཆོད་པ་ཐམས་ཅད་ཡེ་ཤེས་སུ་ལྟ་བ་ནི། ཕྱི་ནང་གསང་བའི་མཆོད་པ་ཐམས་ཅད་ཐུགས་ཡང་དག་པའི་ཡེ་ཤེས་ཆེན་པོའི་ངང་ལས་བྱུང་སྟེ། ཕར་མཆོད་པས་ཐུགས་དམ་བསྐུལ། དངོས་གྲུབ་ནོད། སླར་འདུས་པས་སྒྲིབ་པ་སྦྱངས། དངོས་གྲུབ་ཐོབ་སྟེ། ལྷ་ལ་ལྷ་ཐིམ། ཡེ་ཤེས་ལ་ཡེ་ཤེས་རོལ། ཆོས་ཉིད་ལ་ཆོས་ཉིད་ཐིམ། ཕར་མཆོད་པས་བདག་ཉིད་ཀྱི་སེམས་དང་དེ་བཞིན་གཤེགས་པའི་ཐུགས་ཡེ་ཤེས་སུ་མཉམ་ཞིང་དབྱེར་མེད་པར་མཆོད་པ་ཕུལ། སླར་འདུས་པས་དེ་བཞིན་གཤེགས་པའི་ཐུགས་ཡེ་ཤེས་དང། བདག་གིས་སེམས་མཉམ་ཞིང་དབྱེར་མེད་དེ། ཡེ་ཤེས་མཆོད་པ་འོད་ཟེར་གྱི་རྒྱན་དུ་བདུད་རྩིའི་རང་བཞིན་བྱང་ཆུབ་སེམས་ཀྱི་དངོས་པོ། རྒྱལ་བའི་ཆོས་ལ་དང་པོ་ལོངས་སྤྱོད་པར་མཛད་པས།། མཆོད་པ་ཐམས་ཅད་ཡེ་ཤེས་སུ་ལྟའོ།། དམིགས་པ་ཐམས་ཅད་ལྷ་རྒྱུད་དུ་ལྟ་བ་ནི། མདུན་གྱི་ནམ་མཁའ་ལས་ཡེ་ཤེས་སེམས་དཔའ་རྒྱལ་བ་རྒྱ་མཚོ་སྲས་དང་བཅས་པར་དམིགས་པ་ཡང་བདག་གི་ཕུང་པོ་དང། ཁམས་དང། སྐྱེ་མཆེད་དང། རྣམ་པར་ཤེས་པ་ཉིད་ལྷའི་རྒྱུད་དུ་སྣང་བ་ལས་མ་གཏོགས་པ། གཞན་གུད་ན་མེད་པའི་རྟོག་པའི་ལྟ་བས་རྟོགས་པར་བྱས་ལ། ཇི་ལྟར་གནམ་རི་དང་ས་བྲག་ཐམས་ཅད་འབྱུང་བ་ལྔ་ལ་བསྡུས་ལ། སྐྱེ་འགྲོ་ཐམས་ཅད་ཀྱང་འབྱུང་བ་ལྔ་དང་ཕུང་པོ་ལྔ་བསྡུས་པས་འབྱུང་བ་དང། ཕུང་པོ་ཐམས་ཅད་ཀྱང་ལྷ་དང་ལྷ་མོའི་དཀྱིལ་འཁོར་གྱི་རང་བཞིན་ཡིན་ལ། རྟོགས་པའི་ལྟ་བས་རྟོགས་པར་བྱས་ལ། མདུན་དང་ཤར་ཕྱོགས་རྡོ་རྗེ་རིགས་ཀྱི་ལྷ་དང། ལྷ་མོ་དང། ཞིང་ཁམས་དང། ཕོ་བྲང་གི་རང་བཞིན། གཡས་དང་ལྷོ་ཐམས་ཅད་རིན་ཆེན་རིགས་ཀྱི་ལྷ་དང། ལྷ་མོ་དང། ཞིང་ཁམས་དང། ཕོ་བྲང་གི་རང་བཞིན། རྒྱབ་དང་ནུབ་ཐམས་ཅད་པདྨ་རིགས་ཀྱི་ལྷ་དང། ལྷ་མོ་དང། ཞིང་ཁམས་དང། ཕོ་བྲང་གི་རང་བཞིན། གཡོན་དང་བྱང་ཐམས་ཅད་ལས་ཀྱི་རིགས་ཀྱི་ལྷ་དང། ལྷ་མོ་དང་ཞིང་ཁམས་དང། ཕོ་བྲང་གི་རང་བཞིན། སྟེང་དང་ནམ་མཁའ་ཐམས་ཅད་དེ་བཞིན་གཤེགས་པའི་རིགས་ཀྱི་ལྷ་དང། ལྷ་མོ་དང། སེམས་དཔའ་དང། སེམས་མ་དང། ཁྲོ་བོ་དང། ཁྲོ་མོ་དང། ཞིང་ཁམས་དང། ཕོ་བྲང་དང། དཀྱིལ་འཁོར་དང། ལྷ་རྒྱུད་ཀྱི་རང་བཞིན་དུ་རྟོགས་པར་བྱས་ལ། ཡིད་ཀྱིས་དམིགས་པས། དམིགས་པ་རྣམས་ལྷ་རྒྱུད་དུ་ལྟའོ། རྟོགས་པ་ཐམས་ཅད་གཞལ་ཡས་ཁང་དུ་ལྟ་བ་ནི། ཕྱི་ནང་སྣོད་བཅུད་ཀྱིས་བསྡུས་པའི་ཆོས་ཐམས་ཅད་འབྱུང་བ་ལྔས་བསྡུས་ལ། འབྱུང་བ་ལྔ་པོ་ཉིད་ཡུམ་ཆེན་མོ་ལྔའི་མཁའ་ཀློང་རྣམ་པར་དག་པ་ཆོས་ཉིད་དབྱིངས་ཀྱི་རང་བཞིན་པས། དཔག་ཅིང་གཞལ་བ་ལས་འདས་པའི་གཞལ་ཡས་ཁང་གི་རང་བཞིན་ཡིན་པ་ལས། དེ་ལྟར་མ་རྟོགས་ན་གཞན་ནས་གཞལ་ཡས་ཁང་གཉན་པ་རིས་སུ་ཆད་པ་མེད་པས། རྟོགས་པ་ཐམས་ཅད་གཞལ་ཡས་ཁང་དུ་ལྟའོ། ། ཚོགས་རྒྱུད་ཆེན་པོ་ལས། ལྟ་བའི་ལེའུ་སྟེ་བཅུ་གཉིས་པའོ།།།། དེ་ནས་ཚོགས་ཀྱི་བསྒྲུབ་པ་ལ་ཡང་དོན་རྣམ་པ་ལྔ་སྟེ། སྐུའི་བསྒྲུབ་པ་དང། གསུང་གི་བསྒྲུབ་པ་དང། ཐུགས་ཀྱི་བསྒྲུབ་པ་དང། ཡོན་ཏན་གྱི་བསྒྲུབ་པ་དང། འཕྲིན་ལས་ཀྱི་བསྒྲུབ་པ་གང་བྱེད་ཀྱང་རུང་སྟེ། རྣལ་འབྱོར་གྱི་ཚོགས་ཀྱི་བསྒྲུབ་པ་དགོས་ཏེ། རྣལ་འབྱོར་གྱི་ཚོགས་འདི་ནི་ལན་ཚྭ་དང་ཆ་འདྲ་སྟེ། གང་ལ་ཡང་མི་ཚང་དུ་མི་རུང་སྟེ། སྐུའི་བསྒྲུབ་པའི་དཀྱིལ་འཁོར་གྱི་ལྷ་རྣམས་ལ་ཚོགས་ཀྱི་མཆོད་པ་གཞུང་བཞིན་ཕུལ་ནས། སྐུའི་བསྒྲུབ་པ་ཡང་འགྲུབ་ཅིང་མཐར་ཕྱིན་པར་འགྱུར་ཞིང། གསུང་དང། ཐུགས་དང། ཡོན་ཏན་དང། འཕྲིན་ལས་ཀྱང་དེ་བཞིན་དུ་གང་བསྒྲུབ་པ་ཚོགས་ཀྱིས་བསྒྲུབ་པའོ། ། དེའི་དོན་ནི་གཞུང་དུ་མ་དག་ལས་རྒྱ་ཆེར་བྱུང་ངོ།། ཚོགས་རྒྱུད་ཆེན་པོ་ལས། བསྒྲུབ་པའི་ལེའུ་སྟེ་བཅུ་གསུམ་པའོ།།།། དེ་ནས་ཚོགས་ཀྱི་སྤྱོད་པ་ནི་དོན་རྣམ་པ་གསུམ་སྟེ། ཚོགས་ཀྱི་སྤྱོད་པ་ཐབས་དང་ཤེས་རབ་ཏུ་སྤྱོད་པ་དང། ཚོགས་ཀྱི་སྤྱོད་པ་སྤོང་ལེན་མེད་པར་སྤྱོད་པ་དང། ཚོགས་ཀྱི་སྤྱོད་པ་འཆིང་གྲོལ་མེད་པར་སྤྱོད་པའོ། དེ་ལ་ཚོགས་ཀྱི་སྤྱོད་པ་ཐབས་དང་ཤེས་རབ་ཏུ་སྤྱོད་པ་ནི། ཡོ་ག་ཕྱི་མ་མན་ཆད་ཀྱི་སྒོར་ཞུགས་པ་རྣམས་ཀྱིས། ཚོགས་ཀྱི་མཆོད་པ་ལྟ་ཅི་སྨོས་ཀྱིས། འདོད་པའི་ཡོན་ཏན་གང་ལ་ཡང་སྐྱོན་དུ་ལྟ་བའི་ནང་ནས་ཀྱང། ཐབས་དང་ཤེས་རབ་འཆིང་པའི་བཤལ་ཐག་ཏུ་བརྟགས་པ་སྟེ། རྡོ་རྗེའི་ཐེག་པ་ཐབས་ལ་མཁས་པའི་གནས་སྐབས་ན། ཐམས་ཅད་ཐབས་དང་ཤེས་རབ་དབྱིངས་དང་ཡེ་ཤེས་ཀྱི་རང་བཞིན་ཡིན་པས། འདོད་པའི་ཡོན་ཏན་ལ་སོགས་པ་ཐམས་ཅད་མ་སྤངས་པར་འཇོལ་ཉོག་ཏུ་སྤྱོད་པར་མ་ཟད་དེ། ཆོས་ཉིད་ཀྱི་རྒྱན་དུ་ཤར་བས་དགའ་བདེར་ལོངས་སྤྱོད་ལ། དེ་ཉིད་ཀྱི་གཉིས་སུ་མེད་པ་ཆོས་ཀྱི་སྐུ་ཐོབ་པར་འགྱུར་བའོ།། དེ་ལ་ཚོགས་ཀྱི་སྤྱོད་པ་སྤོང་ལེན་མེད་པར་སྤྱོད་པ་ནི། ཡོ་ག་ཕྱི་པ་མན་ཆད་ཀྱིས་འདི་གཙང་བའི་རིགས་ཏེ་འཕགས་པ་མཆོད་པའི་རྒྱུ་ཡིན་ལ། འདི་ནི་མི་གཙང་བ་དང་སྨེ་བ་ཡིན་པས། འཕགས་པ་མཆོད་པའི་རྒྱུ་མ་ཡིན་ནོ།། ཞེས་སྤོང་ལེན་དུ་སྤྱོད་པ་མ་ཡིན། ཆོས་བདག་མེད་པའི་རང་བཞིན་རྣམ་པར་རྟོག་པ་མིང་ཡང་མེད་པ་ལས། གཙང་བ་ཡང་ལྷའི་ཞལ་ཟས་ཡིན་ལ། མི་གཙང་བ་ཡང་ལྷའི་ཞལ་ཟས་གཉིས་སུ་མེད་པའི་དོན་དེ་ཉིད་འཕགས་པའི་དགོངས་སྤྱོད་དང། རྣམ་པར་མི་རྟོག་པའི་སྐུ་འགྲུབ་པས། གང་ལ་ཡང་འདི་འཁོར་བ་དང་མི་གཙང་བའི་རྒྱུ་ཡིན་པས་སྤོང་ལ། འདི་ཐར་པ་དང། བདེ་བ་དང། གཙང་བའི་རྒྱུ་ཡིན་ཞེས་དང་དུ་མི་ལེན་ཏེ། སྤོང་ལེན་མེད་པས་སངས་རྒྱས་ཀྱི་ས་ལ་གནས་པ་ཡིན་ནོ།། ཚོགས་ཀྱི་མཆོད་པ་འཆིང་འགྲོལ་མེད་པར་ལོངས་སྤྱོད་པ་ནི། འདོད་པའི་ཡོན་ཏན་རྣམ་པ་སྣ་ཚོགས་ལ་ཆགས་པ་ལ་ཡང་ཆགས་པ་མེད་པར་སྤྱད། མཐར་ཕྱིན་པར་སྤྱད་པས། འཁོར་བ་དང་ཉོན་མོངས་པས་འཆིང་བ་མེད་ལ། དེ་ཉིད་རྟོག་པའི་རྒྱན་དུ་རིག་ནས་ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་པ་ཡིན་པས། དེ་ལྟར་སྤྱོད་ན་གྲོལ་བ་ཡང་མེད་ལ། འཆིང་བ་ཡང་མེད་པའོ། ། ཚོགས་རྒྱུད་ཆེན་པོ་ལས།། སྤྱོད་པའི་ལེའུ་སྟེ་བཅུ་བཞི་པའོ།།།། རྡོ་རྗེ་སེམས་དཔས་དེ་སྐད་ཅེས་བཀའ་སྩལ་པས། རིགས་ལྔ་ཡབ་ཡུམ་དང། སེམས་དཔའ་དང། སེམས་མ་དང། ཁྲོ་བོ་དང། ཁྲོ་མོ་དང། སྤྲུལ་པ་དང། ཡང་སྤྲུལ་དང། ཅི་བགྱི་དང་བཀའ་ཉན་དང། དམ་ལ་བཏགས་པའི་འཁོར་ཐམས་ཅད་ཀྱིས་དགྱེས་པ་ཆེན་པོའི་ཚོགས་ལ་ལོངས་སྤྱོད་སྐུ་ཉམས་སུ་བསྟར་ནས། ཐམས་ཅད་གཉིས་སུ་མེད་པའི་ཆོས་ཀྱི་སྐུར་ལྷུན་གྱིས་གྲུབ་ནས་བཞུགས་སོ། ། རྣལ་འབྱོར་གྱི་ཚོགས་རྒྱུད་ཆེན་པོ་ལས། ཡོངས་སུ་རྫོགས་པའི་ལེའུ་སྟེ་བཅོ་ལྔ་པའོ།།།། རྫོགས་སོ།།།། ཚོགས་རྒྱུད་ཆེན་པོ་རྩ་རྒྱུད་དང་ཕྱི་མ་འདི་བོད་དུ་འགྱུར་རོ།། གསང་བ་བསྐྱེད་རྫོགས་གསུམ་གྱི་ཕུག་ཐུགས། སྣུབས་སངས་རྒྱས་ཡེ་ཤེས་རིན་པོ་ཆེས་སྐད་གསར་བཅད་ཀྱིས་ཀྱང་བཅོས་ཏེ། སྟོང་ཚབ་འཕགས་པ་རིན་པོ་ཆེ་ལ་བཤད།།།། དེ་ནས་གསང་བ་ཐབས་དང་ཤེས་རབ་བྱང་ཆུབ་སེམས་ཀྱི་མཆོད་པ་ལ་ཡང་དོན་རྣམ་པ་ལྔ་སྟེ། གཟུངས་མ་བྱིན་གྱིས་བརླབ་པ་དང། གཉིས་སུ་མེད་པར་སྦྱར་བ་དང། གསང་བའི་མཁའ་ལ་སེམས་ཅན་ཐམས་ཅད་གནས་སྤར་ཏེ་དབང་བསྐུར་བ་དང། དཀྱིལ་འཁོར་གྱི་ལྷ་ལ་བྱང་ཆུབ་སེམས་ཀྱི་མཆོད་པ་འབུལ་བ་དང། བྱང་ཆུབ་སེམས་རྡོ་རྗེ་ལྕེའི་དངོས་གྲུབ་བླངས་བ་དང་ལྔའོ། ། དེ་ལ་དང་པོ་གཟུངས་མ་བྱིན་གྱིས་བརླབ་པ་ནི། གཟུངས་མ་ཉིད་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་རང་བཞིན་དུ། དུས་གསུམ་བདེ་བར་གཤེགས་པའི་བཞུགས་གནས་གཞལ་མེད་ཁང་དུ་བྱིན་གྱིས་བརླབ་ལ། གསང་བའི་མཁའ་ལ་དཀྱིལ་འཁོར་གྱི་ལྷ་ཚང་བར་བསྒོམ་པ་དང། གནས་ལྔར་ཡི་གེ་འབྲུ་ལྔ་ལས་རིགས་ལྔར་གྱུར་པ་དང། གསང་བའི་ཡུམ་བཞིས་བསྐོར་བར་བསྒོམས་པ་བྱིན་གྱིས་བརླབ་བོ། ། དེ་ནས་གཉིས་སུ་མེད་པར་སྦྱར་བ་ནི། དང་པོ་སྤྱན་གྱི་བརྡ་ཞིག་མཛད་དེ་འདིས་བསྐུལ་ལོ། མཚན་མཆོག་བརྒྱན་པའི་ཡུམ་མཆོག་ཤེས་རབ་སྤྱན།། ཤེས་རབ་དོན་གྱིས་རྒྱལ་བའི་ཐུགས་དམ་བསྐུལ། ། མི་དམིགས་སྙིང་རྗེ་ཐམས་ཅད་ཡོངས་ལ་སྙོམས།། ཐབས་དང་ཤེས་རབ་ཚུལ་ཁྲིམས་ཀྱིས།། ས་མ་ཡ་སྟྭཾ།། ཞེས་བསྐུལ་བ་དང།། ཡུམ་གྱིས་ཡབ་ལ་འདི་སྐད་ཅེས་བསྐུལ་ལོ།། ཐབས་ལ་མཁས་པས་འགྲོ་བ་འདྲེན་པའི་གཙོ། ། འཁོར་བ་སྤངས་ནས་གནས་སུ་དག་པ་ལ།། འཕགས་པ་རྣམས་ལ་དགེས་པའི་ཐུགས་དམ་བསྐུལ།། བདེ་བ་ཆེན་པོའི་མཆོད་པ་རྒྱན་དུ་བཞེས། ས་མ་ཡ་ཧཱུཾ།། ཞེས་བསྐུལ་བས། ཡབ་ཀྱི་ཕྱག་རྒྱ་ཆེན་པོ་བཞིས་མཉམ་པར་སྦྱར། ཧཱུཾ་ལས་གསང་བའི་རྡོ་རྗེའི་རྩེ་ལྔ་པར་བསྒོམ།། རྡོ་རྗེའི་རྭ་ལྔ་ལ་རིགས་ལྔའི་སྙིང་པོ་དགོད། ཡུམ་གྱི་མཁའ་ལས་པདྨ་འདབ་བརྒྱད་ལ་ཡུམ་གྱི་སྙིང་པོ་དགོད། པྲ་བེ་ཤ་ཕཊ་ཀྱིས་སྒོ་ཕྱེ། སུ་ར་ཏ་སྟྭཾ་གྱིས་བསྐུལ་བས། དེ་བཞིན་གཤེགས་པ་ཐམས་ཅད་དགེས་པ་གཅིག་ཏུ་བདར་ཏེ། མཉེས་པ་ཆེན་པོ་ཐུགས་དམ་སྐོངས། དོན་དབྱིངས་དང་ཡེ་ཤེས། རྟགས་ཐབས་དང་ཤེས་རབ་གཉིས་སུ་མེད་པར་ལྷུན་གྱིས་གྲུབ་པའོ། ། དེ་ནས་གསང་བའི་མཁའ་ལ་སེམས་ཅན་ཐམས་ཅད་གནས་སྤར་ཏེ་དབང་བསྐུར་བ་ནི། ནམ་མཁའ་གང་དང་གང་དུ་ཁྱབ་པར། ཆོས་ཀྱི་དབྱིངས་ཀྱིས་ཁྱབ་ལ། ཆོས་ཀྱི་དབྱིངས་ཀྱིས་གང་ནས་གང་དུ་ཁྱབ་པར། ཡུམ་གྱི་མཁའ་ཀློང་རྣམ་པར་དག་པས་ཁྱབ་པས། སྣོད་ཀྱི་འཇིགས་རྟེན་ཐམས་ཅད་ཡུམ་གྱི་མཁའ་དབྱིངས་རྣམ་པར་དག་པའི་གཞལ་ཡས་ཁང་དུ་གྱུར་པའི་ནང་ནས་མཐའ་ཡས་སེམས་ཅན་ཐམས་ཅད་ཀྱི་སེམས་མར་མེ་རླུང་གིས་མ་བསྐྱོད་པར་གནས་པ་ལྟ་བུ་ལས། ཀུན་གཞི་ཨའི་རང་བཞིན་དང། ཡིད་ཧཱུཾ་གི་རང་བཞིན་དུ་འདུས་ཏེ། ཡབ་ཡུམ་འོད་བསྣོམ་མར་བསྟིམས་པས། ཨཱཿདང། ཧཱུཾ་དང། བྱང་ཆུབ་སེམས་གསུམ་དུ་འདྲེས་པ་ལས། ཐམས་ཅད་རྡོ་རྗེ་སེམས་དཔའ་དང། ཀུན་ཏུ་བཟང་པོའི་སྲས་དུ་གྱུར་ཏེ། སེམས་ཅན་ཐམས་ཅད་རྒྱལ་བའི་སྲས་དུ་བཞེས། དཀྱིལ་འཁོར་གྱི་ལྷ་རྣམས་ཀྱིས་ཀྱང་རྡོ་རྗེའི་མིང་གིས་དབང་བསྐུར་ཏེ། སངས་རྒྱས་ཀྱི་གདུང་འཛིན་ཅིང་བྱང་ཆུས་སེམས་ཀྱིས་དབང་བྱིན་ཏེ་བཞག་པའོ།། དེ་ནས་དཀྱིལ་འཁོར་གྱི་ལྷ་ལ་བྱང་ཆུབ་སེམས་ཀྱི་མཆོད་པ་དབུལ་བ་ནི། མེ་ལོང་རང་ཡུལ་ཅན་གྱི་ནང་དུ་བཞག་ལ། སྲིན་མཐེབ་ཀྱི་ཕྱག་རྒྱ་བྱ། གཙོ་བོ་དང་འཁོར་ཡན་ཆད་ལ་མཆོད་པ་ཕུལ་བས། དགེས་པ་ཆེན་པོ་བདུད་རྩིས་མཉེས་ནས་དངོས་གྲུབ་སྩོལ་ཞིང་བྱིན་གྱིས་རློབ་པར་མཛད་པའོ།། དེ་ནས་བྱང་ཆུབ་སེམས་ལས་རྡོ་རྗེ་ཚེའི་དངོས་གྲུབ་བླང་བ་ནི། དཀྱིལ་འཁོར་གྱི་ལྷ་ཐམས་ཅད་ཡབ་ཡུམ་གཉིས་སུ་མེད་པར་སྦྱོར་བ་མཛད་པའི་བྱང་ཆུབ་ཀྱི་སེམས་ཀུན་དཀར་ཙ་ར་ར་ཟགས་པས་བདག་གི་བྱང་ཆུབ་ཀྱི་སེམས་དང་འདྲེས་ཏེ། ལྕེ་ལ་བླངས་པས་ཙིཏྟ་ལ་ཐིམ་པས། ཡེ་ཤེས་སེམས་དཔའ་སྐུ་མཚོན་གང་བར་གྱུར་ཏེ། སྐྱེ་ཤི་མེད་པའི་གཡུང་དྲུང་དུ་གྱུར་ཏོ།། ཚོགས་ཀྱི་མཆོད་པའི་ཆོ་ག་རྫོགས་སོ།།།། ཚོགས་ཀྱི་མཆོད་པའི་རྒྱུད་ཆེན་པོ་ལས། ཚོགས་ཀྱི་མཆོད་པའི་ལེའུ་སྟེ་དང་པོའོ།།།། དེ་ནས་ཚོགས་ཀྱི་མཆོད་པའི་གྲངས་ནི། རབ་ཀྱིས་ཉིན་ལན་གསུམ་མཚན་ལན་གསུམ་དུ་དབུལ་བར་བྱའོ།། འབྲིང་གིས་དུས་བཞིར་དབུལ་བར་བྱའོ། ། ཐ་མས་ཀྱང་ཉིན་ལན་རེ་མཚན་ལན་རེ་དབུལ་བར་བྱའོ།། དེ་ཅིའི་ཕྱིར་ཞེ་ན། སྤྱད་ཐང་རེ་ཞིང་གྲོལ་ཐང་རེ་དང། སྨིན་པའི་མཆོག་རེ་རེ་འགྲུབ་པར་གསུངས་སོ།། དེ་ལ་ཚོགས་ཀྱི་མཆོད་པའི་འབྲས་བུ་ནི། རྒྱུད་མཚན་ཉིད་ཀྱི་ཐེག་པ་ལྟར་དཀའ་བ་ད་ལྟར་སྤྱད་ནས་འབྲས་བུ་ཕྱིས་འོང་དུ་རེ་བ་མ་ཡིན་ཏེ། ཚོགས་ཀྱི་འབྲས་བུ་ནི་ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་ས་ལ་ས་བཅུ་རིམ་བགྲོད་མི་དགོས་ཏེ། ད་ལྟ་ཉིད་ནས་རིགས་ལྔའི་སངས་རྒྱས་དང་མཉམ་པར་སངས་རྒྱས་པར་འགྱུར་རོ། ། དེའི་ཕྱིར་སངས་རྒྱས་རྣམས་ཀྱིས་ཀྱང་འདི་སྐད་ཅེས་གསོལ་ཏོ།། ཚོགས་ཀྱི་མཆོད་པའི་འབྲས་བུ་ནི།། ཕུང་པོ་འདི་ནས་མྱ་ངན་འདས། ། རིགས་འཛིན་ས་ལ་བདེ་བར་གནས།། ཕྱོགས་བཅུའི་སངས་རྒྱས་ཀུན་མཉེས་ཏེ།། བྱིན་གྱིས་བརླབས་ནས་དབང་བསྐུར་ནས།། དངོས་གྲུབ་དམ་པ་སྩོལ་བར་མཛད།། ཆོས་ཀྱི་སྐུ་དང་གཉིས་སུ་མེད།། ཅེས་སངས་རྒྱས་རྣམས་གསུང་ངོ། ། དེ་ལ་ཚོགས་ཀྱི་མཆོད་པ་འདིས།། ཡུན་ཇི་ཙམ་གྱིས་འགྲུབ་ཅེ་ན།། རབ་ཀྱིས་ཟླ་བ་གཅིག་ན་འགྲུབ།། འབྲིང་གིས་ལོ་གཅིག་དག་ན་འགྲུབ།། ཐ་མས་ལོ་གསུམ་ཚུན་ཆད་དུ།། ཚོགས་ཀྱི་མཆོད་པ་ཕུལ་བྱས་ན། ། རྡོ་རྗེ་སེམས་དཔའ་ཉིད་དུ་འགྱུར།། སངས་རྒྱས་བྱང་ཆུབ་ཐག་མི་རིང།། ཞེས་གསུངས་སོ།། ཚོགས་ཕུལ་བའི་ཡོན་ཏན་ནི། འཇིག་རྟེན་ཁམས་འདིར་ཡང་རྒྱལ་བ་སྲས་དང་བཅས་པའི་ཞལ་མཐོང་བར་འགྱུར་བ་དང། མ་མོ་དང་མཁའ་འགྲོ་ཐམས་ཅད་སྤྲིན་སྤུང་བཞིན་དུ་གཏིབས་ཏེ། ཅི་བསྒོ་བའི་བཀའ་ཉན་ཅིང་དངོས་གྲུབ་ཀྱིས་སྟོངས་དང་གྲོགས་བྱེད་ཅིང་མཐུ་དབང་ཕུན་སུམ་ཚོགས་པར་བྱིན་ཏེ། ཐམས་ཅད་དུ་བདེ་སྐྱིད་ཕུན་སུམ་ཚོགས་པ་དང་ལྡན་པ་དང། ལོངས་སྤྱོད་ཐམས་ཅད་འཕེལ་བ་དང། འཁོར་ཐམས་ཅད་འདུ་ཞིང་ནད་དང་དུཿཁ་མི་འབྱུང་འཇིག་རྟེན་གྱི་ལྷ་མ་སྲིན་ཐམས་ཅད་ཀྱིས་ཀྱང་བཀའ་ཉན་ཅིང་བྱིན་ཆེ་བར་མཐོང་བ་དང། དེ་ལ་གར་གྱི་སྤྱི་གཙུག་ལྟར་ལེན་པ་དང། སེམས་ཅན་ཐམས་ཅད་ཀྱིས་ཀྱང་མིག་གི་འབྲས་བུ་ལྟར་མཐོང་སྟེ། ཡིད་དུ་འོང་ཞིང་དགའ་བར་འགྱུར་བ་དང། འཇིག་རྟེན་ཕྱི་མར་རིགས་འཛིན་ཐམས་ཅད་ཀྱིས་མདུན་བསུ་སྟེ་ལྕང་ལོ་ཅན་གྱི་གནས་སུ་ཕྱིན་པར་སྐྱེལ་བར་འགྱུར་རོ།། ཚོགས་མ་ཕུལ་བའི་སྐྱོན་ནི་བསྒྲུབས་ཀྱང་དོན་མེད་ཅིང། བདེ་བར་གཤེགས་པ་རྣམས་ཀྱང་ཞལ་འཛུམ་པ་མི་མཛད་ཅིང། ། བསོད་ནམས་ཀྱི་སྐལ་བའི་ཤས་ཆུང་སྟེ། དམྱལ་བ་དང། ཡི་དྭགས་དང། བྱོལ་སོང་གི་གནས་སུ་སྐྱེ་བར་འགྱུར་རོ།། རྣལ་འབྱོར་གྱི་ཚོགས་རྒྱུད་ཆེན་པོ་རྫོགས་སོ།།།། དེ་ནས་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་གསོལ་པ། དེ་ལྟ་བུའི་ཚོགས་རྒྱུད་ཆེན་པོ་འདི། འཇིག་རྟེན་གྱི་ཁམས་གང་ནས་གང་དུ་སྣང་བར་འགྱུར། སེམས་ཅན་རྣམས་ལ་ཇི་ལྟར་ཕན་གདགས་པར་འགྱུར། བདེ་བར་གཤེགས་པས་ལུང་བསྟན་དུ་གསོལ། རྡོ་རྗེ་སེམས་དཔས་བཀའ་སྩལ་པ། རྣལ་འབྱོར་གྱི་ཚོགས་རྒྱུད་ཆེན་པོ་འདི་ནི། འདོད་ཁམས་དང། གཟུགས་ཁམས་དང། གཟུགས་མེད་པའི་རིགས་ཐམས་ཅད་དུ་ཁྱབ་པར་གྱུར་ཏོ། ། དང་པོ་འོག་མིན་གྱི་གནས་སུ་ཏིང་ངེ་འཛིན་གྱི་མཆོད་པ་ལས་རྒྱུ་བླངས་ཏེ། རྣལ་འབྱོར་གྱི་ཚོགས་ཀྱི་མཆོད་པ་ཕུལ་བས། ཐམས་ཅད་ཆོས་ཀྱི་སྐུར་སངས་རྒྱས་པར་འགྱུར་རོ།། དེ་ནས་གཟུགས་ཁམས་ཀྱི་ལྷ་ཚོགས་སུ་རྣལ་འབྱོར་གྱི་ཚོགས་རྒྱུད་ཆེན་པོ་འདིས་ཁྱབ་བས། ། དཔལ་ཚངས་པ་དང་བརྒྱ་བྱིན་གྱིས་རྒྱུ་བྱས་ཏེ། ལྷའི་ལོངས་སྤྱོད་རྣམ་པ་སྣ་ཚོགས་པ་ལ་གཞི་བླངས་ཏེ། རྒྱལ་བའི་དཀྱིལ་འཁོར་རབ་འབྱམ་འཁོར་དང་བཅས་པ་ལ། རྣལ་འབྱོར་གྱི་ཚོགས་མཆོད་ཆེན་པོ་ཕུལ་བས། ལྷའི་རིས་འབུམ་ཕྲག་བསམ་གྱིས་མི་ཁྱབ་པ། ཕུང་པོ་མི་གནས་པའི་མྱ་ངན་འདས་པས། མངོན་པར་རྫོགས་པར་སངས་རྒྱ་བར་བྱེད། དེ་ནས་དྲང་སྲོང་རྣམས་ཀྱི་རིས་ལ་རྣལ་འབྱོར་གྱི་ཚོགས་རྒྱུད་ཆེན་པོ་འདིས་ཁྱབ་པས། དྲང་སྲོང་རྣམས་ཀྱིས་འབྱོར་བའི་ལོངས་སྤྱོད་རྣམ་པ་སྣ་ཚོགས་པས། རྒྱལ་བའི་དཀྱིལ་འཁོར་ཚོགས་ཀྱི་མཆོད་པ་ཕུལ་བས། དྲང་སྲོང་ལ་སོགས་པ་རིམ་ཀྱིས་ཕུང་པོ་མི་གནས་པའི་མྱ་ངན་ལས་འདས་པ་མངོན་པར་རྫོགས་པར་སངས་རྒྱས་པར་བྱེད་དོ།། དེ་ནས་ཀླུའི་རིས་སུ་རྣལ་འབྱོར་གྱི་ཚོགས་རྒྱུད་ཆེན་པོ་འདིས་ཁྱབ་པས། ཀླུའི་རྒྱལ་པོ་འཇོག་པོ་དང། ཀླུའི་རྒྱལ་པོ་རྒྱ་མཚོ་ལ་སོགས་པས། ཀླུའི་ལོངས་སྤྱོད་རྣམ་པ་སྣ་ཚོགས་པའི་ལོངས་སྤྱོད་ཀྱིས། རྒྱལ་བ་སྲས་དང་བཅས་པ་མ་ལུས་པ་ལ་ཚོགས་ཀྱི་མཆོད་པ་ཕུལ་བས། ཀླུའི་རིགས་འབུམ་ཕྲག་བསམ་གྱིས་མི་ཁྱབ་བ་ལུས་མ་བོར་བར། མི་གནས་པའི་མྱ་ངན་ལས་འདས་པས་མངོན་པར་རྫོགས་པར་སངས་རྒྱས་པར་གྱུར་པར་གྱུར་ཏོ།། དེ་ནས་མིའི་གནས་སུ་རྣལ་འབྱོར་གྱི་ཚོགས་རྒྱུད་ཆེན་པོ་འདིས་ཁྱབ་ན་ཡོད། མིའི་གནས་ན་སྣོད་དུ་གྱུར་པ་དང། རིག་པ་ཆ་ཕྲ་མོ་ཡོད་པ་དང། སྤྲུལ་པའི་སྐུ་ལ་གནས་པ་དང། སྔོན་གྱི་སྨོན་ལམ་གྱི་དད་པའི་རྒྱལ་པོ་དང། བྲམ་ཟེ་དང། གོ་རུ་དང། ཤ་དྲང་དང། བསྟན་འཇམ་དང། ཁྱིམ་བདག་གི་རིས་དང། ལས་ཀྱི་འཕྲོ་ཅན་ལ་སོགས་པ་རྣམས་ཀྱིས་དང་དུ་བླངས་ཏེ། རྒྱལ་སྲིད་དང། ལོངས་སྤྱོད་དང། གྲོགས་མཆོག་ཏུ་བཅས་ཏེ་རབ་ཏུ་དབེན་པའི་གནས་སུ། གསང་བའི་དཀྱིལ་འཁོར་ཆེན་པོ་བཞེངས་གསོལ་ཏེ། བདེ་བར་གཤེགས་པའི་དཀྱིལ་འཁོར་རྒྱལ་བ་རྒྱ་མཚོ་དང་བཅས་པ་སྤྱན་དྲངས་ཏེ། རྣལ་འབྱོར་ཚོགས་ཀྱི་མཆོད་པ་ཆེན་པོ་ཕུལ་ཏེ། འཕགས་པའི་ཞལ་མངོན་སུམ་དུ་མཐོང་བར་བྱས་སོ། ། ཚོམ་བུ་གྲངས་བརྒྱ་དང། སྟོང་ལ་སོགས་པས། ཕོ་མོའི་རིས་བསམ་གྱིས་མི་ཁྱབ་པ། ལུས་མ་བོར་བར་ཚེ་འདི་ཉིད་ལ་མི་གནས་པའི་མྱ་ངན་ལས་འདས་པའི་གནས་སུ་མངོན་པར་རྫོགས་པར་སངས་རྒྱས་པར་གྱུར་ཏོ། ། རྒྱུ་དེ་ལ་བརྟེན་ནས་དམྱལ་བ་དང། བྱོལ་སོང་དང། ཡི་དྭགས་དང། གཤིན་རྗེའི་འཇིག་རྟེན་ལ་སོགས་པ་སྒོ་བཀག་སྟེ། རིམ་གྱིས་བླ་ན་མེད་པའི་ལམ་ལ་བཀོད་པར་བྱེད་དོ། ། གང་ཞིག་མཚམས་མེད་པ་ལྔའི་ལས་བྱས་ཏེ། དམྱལ་བར་ལྟུང་ངེས་པ་ཡང་རྣལ་འབྱོར་གྱི་ཚོགས་མཆོད་ཆེན་པོ་འདི་གཞུང་བཞིན་དུ་ཕུལ་ནས། མནར་མེད་པའི་གནས་སུ་མི་ལྷུང་སྟེ། བདེ་བར་འགྲོ་བའི་གནས་སུ་སྐྱེ་བར་འགྱུར་རོ། ། གང་ཞིག་རྩ་བ་དང་ཡན་ལག་དམ་ཚིག་ཉམས་པ་ཡང་གཞན་གྱིས་མི་སྐོངས་ཏེ། རྣལ་འབྱོར་གྱི་ཚོགས་མཆོད་ཆེན་པོ་འདིས་སྐོངས་པར་འགྱུར་རོ།། གང་ཞིག་གཞན་ལ་ཕན་གདགས་པར་འདོད་ན་ཡང་ལས་གཞན་གྱིས་མི་འགྲུབ་སྟེ། རྣལ་འབྱོར་གྱི་ཚོགས་མཆོད་ཆེན་པོ་འདི་ཕུལ་ན། གང་ཕན་གདགས་པ་དེ་འགྲུབ་པར་འགྱུར་རོ།། གང་ཞིག་བར་དུ་གཅོད་པ་སྒྲོལ་བར་འདོད་ན་ཡང། རྣལ་འབྱོར་གྱི་ཚོགས་ཀྱི་མཆོད་པ་འདི་ཕུལ་ན། ། ཡིད་ལ་བསམ་བཞིན་དུ་སྒྲོལ་བར་འགྱུར་རོ།། གང་ཞིག་འཇིག་རྟེན་འདི་ན་བདེ་བ་དང་མཐུ་དབང་ཕུན་སུམ་ཚོགས་པར་འདོད་ན་ཡང། རྣལ་འབྱོར་གྱི་ཚོགས་ཀྱི་མཆོད་པ་འདི་གཞུང་བཞིན་དུ་ཕུལ་ན་གང་འདོད་པ་དེ་ཐོབ་པར་འགྱུར་རོ། ། དེ་ལྟ་བུའི་རྣལ་འབྱོར་གྱི་ཚོགས་རྒྱུད་ཆེན་པོ་འདི་ཡང། སྣོད་མ་ཡིན་པ་དང། ཁྱེའུ་རྔམ་ཅན་དང། དམ་ལ་མི་གནས་པ་དང། བརྣབ་སེམས་དང། འདོད་པས་བརྒྱལ་བ་རྣམས་ནི་མ་གཏོགས་སོ།། དེ་ནས་སེམས་དཔའ་རྣམས་ཀྱིས་གསོལ་བ། རིམ་གྱྀས་བླ་ན་མེད་པའི་བསྒྲུབ་པ་ལགས་ན། མི་ལ་སོགས་པ་ཐམས་ཅད་ཀྱིས་མཐར་རྫོགས་པར་འགྱུར་ལགས་སམ། རྡོ་རྗེ་སེམས་དཔས་བཀའ་སྩལ་པ། རྣལ་འབྱོར་གྱི་ཚོགས་རྒྱུད་ཆེན་པོ་འདི། རིས་ཚོམ་བུ་དང་གྲངས་མང་བར་སངས་རྒྱས་པར་བྱེད་ན་ཡང། ཀུན་གྱི་ཐུན་མོང་དུ་མ་གསུངས་ཏེ། དཔེར་ན་ཏིལ་མར་གྱི་རྫས་ལ་ཕོག་ཀྱང་སྲ་ཞིང་མཁྲེགས་པར་འགྱུར་ན། ཨ་ཙ་ཀའི་དོག་པ་མགོ་ལ་ཕོག་ན་ཚལ་བ་བརྒྱ་རུ་འགས་པར་འགྱུར་བ་བཞིན་དུ། དམ་ལ་མི་གནས་ཤིང་གསང་སྔགས་ཚིག་ཙམ་ཁུངས་ཕྱུང་ནས། ཁེངས་དང། གྲགས་པ་དང། ཕྲག་དོག་ཉོན་མོངས་པར་རང་རྒྱུད་དུ་སྤྱོད་པ་རྣམས་ཀྱིས་སྤྱད་ཀྱང་སླར་ཉམས་པའི་གཞིར་འགྱུར་རོ།། རྣལ་འབྱོར་གྱི་ཚོགས་རྒྱུད་ཆེན་པོ་འདི་མིའི་འཇིག་རྟེན་ཁྱབ་པར་འགྱུར་ན་ཡང། ཕལ་ཆེར་ལྟ་བ་དང་མི་ལྡན་པར་འབྱོར་བ་སྣ་ཚོགས་ཀྱིས་མཆོད་ཅིང་འབུལ་བར་བྱེད་ན་ཡང་དོན་མེད་པ་མ་ཡིན་ཏེ། འབྱོར་པའི་ཚོགས་རྒྱས་པར་འགྱུར་བ་དང། བསོད་ནམས་ཀྱི་ཚོགས་སྐྱེད་པ་ཙམ་ལས། འདི་ཉིད་དུ་སངས་མི་རྒྱ་བ་ཡང་འབྱུང་ངོ། ། ཕལ་ཆེར་ཁུངས་ཕྱུང་ཚམ་དང། འབྱོར་བ་མ་ཚོགས་པར་འབུལ་བ་དག་ཀྱང་ཡོད་ན། དམིགས་པའི་ཕན་སྟོབས་ཙམ་དུ་འགྱུར་བ་ཡང་ཡོད་དོ།། གང་ཞིག་དགོངས་པ་ལྷུན་གྱིས་གྲུབ་ཅིང་ལྟ་བ་དང་མན་ངག་ཏུ་ལྡན་པ་ལ། དུས་གསུམ་དུ་འཕགས་པའི་ཚོགས་ལ། རྣལ་འབྱོར་གྱི་ཚོགས་འབུལ་བ་ལྟ་ཅི་སྨོས་ཀྱིས། སློབ་དཔོན་དེ་ལ་ཀ་མ་ར་བཞེས་དྲོ་ཞལ་གཅིག་ཙམ་དྲངས་པ་ཡང། རྣལ་འབྱོར་གྱི་ཚོགས་མཆོད་ཆེན་པོ་ཕུལ་བ་དང་འདྲ་བར་སྐལ་བ་མཉམ་པར་འགྱུར་རོ། ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་སངས་རྒྱས་ཀྱི་རང་བཞིན་ཏོ།། དེ་ལྟ་བུའི་རྣལ་འབྱོར་གྱི་ཚོགས་རྒྱུད་ཆེན་པོ་འདི། ལྷའི་འཇིག་རྟེན་དང་མིའི་འཇིག་རྟེན་དུ་མཐའ་སྤྱོད་པར་འགྱུར་རོ། ། མིའི་འཇིག་རྟེན་ན་ཡང། བསྐལ་པ་བཟང་པོ་དང་དུས་དང་པོ་ལ་ནི། རྒྱ་གར་གྱི་ཡུལ་ལ་སོགས་པ་ལ་ཡུལ་གྱི་དབུས་དང། ཁྲིམས་དང་ཚུལ་ལ་གནས་པའི་རྒྱལ་པོ་དང། བྲམ་ཟེ་དང། ཁྱིམ་བདག་གི་རིགས་ལ་སོགས་པ་རྣམས་ཀྱིས་རྒྱུར་སྤྱད་ནས། གུ་རུ་མ་ཧཱ་ལ་སོགས་པ་རྣམས་ཀྱིས་བྱིན་གྱིས་བརླབས་བཤད་ཅིང་བཀྲོལ། བསྲུང་ཞིང་མ་ཉམས་པར་བྱས་ནས། འགའ་དང་འགའ་ཙམ་ལས་ཕལ་ཆེར་མི་སྤྲོ་སྟེ། གསང་སྔགས་གསང་བའི་སྒོ་ནས་མཐར་ཕྱིན་ཅིང་མངོན་དུ་འགྲུབ་པར་འགྱུར། བསྐལ་པ་བར་པ་དང། དུས་བར་པ་ལ་རྒྱལ་ཁམས་རིས་ཕལ་ཆེར་གྲགས་ཏེ། རིག་པའི་ས་ཐོབ་པ་དང། རྒྱུད་ཀྱི་དོན་ལ་མཁས་པ་དང། མན་ངག་དང། གནང་དབང་ཚུལ་བཞིན་ཐོབ་པར་བྱས་ནས། མཚན་དང་ལྡན་པའི་མི་མོ་དང། གཞུང་དང་ལྡན་པའི་རྣལ་འབྱོར་པ་དང། དད་པ་དང་ལྡན་པའི་ཕ་རི་ཧ་དང། ཁྲིམས་དང་ལྡན་པའི་རྒྱལ་པོ་དང། བློན་པོ་ལ་སོགས་པ་གྲངས་ཀྱི་ཚོམ་བུར་བསྡུས་ཏེ་བཤད་ཅིང་བསྟན་པ་དང། རྟོག་བཀྲོལ་ཞིང་ཁུ་འཁྲིག་དང་ཐེ་ཚོམ་མ་ཟོས་པར་བྱས་ཏེ། གནས་དབེན་པ་དང་འགོལ་བར། སྐྱེ་བོ་དང་མི་ནག་ཡོངས་ཀྱིས་མ་འཁྲིགས་པར། གསང་བའི་དཀྱིལ་འཁོར་ཆེན་པོ་བཞེངས་གསོལ་ནས། དུས་གསུམ་འཕགས་པའི་ཚོགས་ལ། རྣལ་འབྱོར་གྱི་མཆོད་པ་ཆེན་པོ་གཞུང་བཞིན་དུ་ཕུལ་བས། འདི་དང་ཕྱི་མ་གཉིས་ཀའི་དོན་དུས་གཅིག་ཏུ་བསྒྲུབས་ཏེ། གཟུགས་མི་ཡུལ་ནས་མ་འཕགས་པར་སངས་རྒྱས་ཀྱི་ས་ལ་གནས་པ་དང། ཡོངས་ཀྱིས་གསང་ཞིང་གསང་སྔགས་གཉན་ཞིང་སྤྱོད་པ་རླབས་པོ་ཆེ་མ་འཕྲིག་སྟེ། ཡ་ཀ་དང་སྒྲོ་སྐུར་འདེབས་ཤིང་གསང་བའི་བཀའ་ཐབས་ཀྱིས་སྨོད་པར་འགྱུར། བསྐལ་པ་ཐ་མ་དང་དུས་ཐ་མ་ནི། གང་ཟག་གི་ཐ་དད་དང། རྒྱལ་པོའི་བཀའ་ཁྲིམས་ཉམས་པས། མི་སྨད་རིམ་ནས་དབང་ཆེ་བ་དང། བློན་པོས་བྱས་པས། སོ་ག་ནང་དུ་ལྟས་པ་དང། རྣལ་འབྱོར་པ་མ་ཁྲོལ་བས་བསྲུང་མཚམས་ལས་འདས་ཤིང། གསང་བ་འཆོལ་བའི་དབང་གིས། མཐའ་འཁོབ་དང། སྣོད་མེད་པ་དང། ཀླ་ཀློ་དང། ཙི་ར་བའི་གྲོང་ཐམས་ཅད་དུ་གདལ་བས། གསང་སྔགས་འཆོལ་ཏེ་ཆོས་ནི་ཀུན་སྤྱོད། ཆོས་བཞིན་དུ་ནི་གང་ཡང་མི་བྱེད། ཆོས་ནི་ཀུན་ལ་ཡོད་པར་བྱས། རྟོགས་ནི་སློབ་དཔོན་རང་གིས་ཀྱང་མ་རྟོགས། དམ་ཚིག་ནི་ཀུན་ནོད། སྲུན་པ་ནི་གཅིག་ཀྱང་མི་སྲུན། སློབ་དཔོན་ནི་ཀུན་བྱེད། དབང་ནི་གང་ལ་ཡང་མེད། ལད་མོ་ནི་ཀུན་ཟློས། ཉམས་སུ་ནི་གང་གིས་ཀྱང་མ་ལོན། དབང་ནི་ཀུན་ལ་བསྐུར། ཆགས་པ་ནི་གང་ལ་ཡང་མ་ཆག་འཆད་པ་ནི་ཀུན་ལ་འཆད། ཐོག་ཏུ་ནི་གང་གིས་ཀྱང་མ་ཕེབས། རྩོམ་པ་ནི་ཀུན་རྩོམ། མཐར་གང་གིས་ཀྱང་མ་ཕྱིན་པས། ཕལ་ཆེར་སྒྱིད་ལུག་སྟེ། སྔགས་ལས་ལོག་པ་དང། ཕལ་ཆེར་མ་རྟོགས་པས་ཐེ་ཙོམ་ཟ་བ་དང། ཕལ་ཆེར་ཡ་ཀ་དང་སྐྲོ་སྐུར་འདེབས་པ་དང། རྣལ་འབྱོར་གྱི་ཚོགས་མཆོད་འབྱོར་པ་རྣམས་མི་འབུལ་བར། མི་འབྱོར་པ་འབུལ་བར་བྱེད་པས། དེའི་དབང་གི་འབྱོར་བ་རྣམས་ཀྱང་མངའ་ཐང་དང་ལོངས་སྤྱོད་བྲི་ནས། འཚམས་ཆད་ཙམ་འབུལ་བར་བྱེད་ཅིང། བསོད་ནམས་མི་ཐོབ་པ་དང། ཕལ་ཆེར་འབྱོར་པ་སྣ་ཚོགས་གསོགས་ཏེ་འབུལ་བར་བྱེད་ན་ཡང། གསང་མེད་པ་དང། གྲགས་པ་འདོད་པའི་ཕྱིར། བདག་དུས་འདི་ཙམ་ནས་ལོངས་སྤྱོད་འདི་ཙམ་བཤམས་ཏེ། ཚོགས་མཆོད་འབུལ་བར་བྱེད་དོ།། ཞེས་བསྒྲགས་པའི་དབང་གྱིས། གཏན་པ་ཅན་དང།། བརྣབ་སེམས་དང།། གནོད་སེམས་དང། ཉོན་མོངས་པའི་དབང་དུ་གྱུར་པའི་སྐྱོན་དང། མཁས་པ་རྣམས་མི་འཆད་པར། མི་མཁས་པ་རྣམས་ཆེ་འདོད་པའི་ཕྱིར་འཆད་པས། མཁས་པ་རྣམས་ཀྱིས་བཀའ་རྒྱུད་གསང་བའི་མན་ངག་རྣམས་བརྣགས་ཏེ་སྦས་ཟེར་བས། བཀའ་ངེས་པ་ནུབ་པའི་སྐྱོན་གྱིས། ཕལ་ཆེར་ཉུངས་ཀྱིས་དོགས་ནས། རང་བཟོའི་དང། ཀེའུ་ཤང་དང། བསྲེ་བཅོལ་དང། མིང་ཚིག་ཏུ་བསྡེབས་པས། དེ་ལ་ཆེ་བར་མཚན་བརྟགས་ཀྱང་རྒྱུད་ལ་ཁུངས་མེད་པའི་གང་ཟག་སྤྲིན་དུ་རེ་བའི་རང་ཐད་དུ་གྱུར་པས། ངལ་བའི་ཚད་པ་དང། ལས་བརྩམས་པའི་གྲོན་ཚོགས་སུ་གྱུར་ཅིང་གྲུབ་པའི་དུས་རིང་བ་དང། ཕལ་ཆེར་ར་ཅོད་དང། གཟུ་ལུམས་དང། རག་ཤའི་བསྙོན་ཐབས་སུ་བྱས་ཏེ། སྣང་སྣང་ལ་ནི་སྒྲོལ། ཕྲད་ཕྲད་ལ་ནི་སྦྱོར། རྙེད་རྙེད་ནི་ཟ། སྤྱོད་པ་འཆོལ་བའི་དབང་གིས་རྣལ་འབྱོར་གྱི་ཚོགས་མཆོད་དུ་བྱེད་ན་ཡང། དཔེར་ན་ཟངས་མ་གསེར་དུ་འཆོས་པ་དང་འདྲ་སྟེ། གསེར་གྱི་དགོས་པ་མེད་པ་དང་འདྲའོ། ། ཕལ་ཆེར་བདག་ཉིད་ཀྱི་འཇུག་སྒོ་དང། ཐོས་ཕྱོགས་དང། འདོད་བཙན་ལ། འདི་ནི་བཟང་ལ་དོན་ནམ་ཡིན་ལ། གཞན་གྱི་ངན་པ་མ་ཡིན་ནོ། ཆོས་ཉིད་ལ་ཕྱོགས་རིས་མེད་པ་ལ། ཕྱོགས་དང་རིས་སུ་བཅད་པའི་སྐྱོན་དང། འཁོར་དང་སྡེ་རུ་ཆ་ཕྱེ་སྟེ། ཕྲག་དོག་དང་ཆེ་ཆུང་གི་དབང་གིས། མཉམ་པའི་དོན་དམ་ལ་འགལ་བར་གནས་པ་དང། ཕལ་ཆེར་ཐེག་པའི་རིས་སོ་སོར་བཟུང་སྟེ། རྩོད་པའི་ཆོས་ཤོམ་པའི་དུས་ན་ནི། ཀུན་གྱིས་འབྲས་བུ་བླ་ན་མེད་པ་མི་ཐོབ་པར། ངན་སོང་གསུམ་པོ་ཤ་སྟག་ཏུ་ལྟུང་བ་དང། སྔོན་གྱི་སྟོན་པའི་བཀའ་ནུབ་པས། མི་ཚིག་འཕེལ་བས་བསྒྲུབ་ཐག་རིང་བ་དང། དམ་ཚིག་ལ་སེལ་ཤོར་བས་བསམ་པ་མི་འགྲུབ་ཅིང། བར་ཆད་རྐྱེན་འབྱུང་བ་དང། དབང་སྒྱུར་རིམ་གྱིས་མ་བསྒྱུར་བས། མཐུ་བྱིན་ཆུང་བ་དང། བསྒོམ་བསྒྲུབ་ཀྱི་དོན་མཐིལ་དུ་མ་ཕེབས་པས། དྲོད་ལ་མ་ཕེབས་པ་དང། ཤེས་པའི་རྒྱུད་མ་ཁྲོལ་བས། རྟོགས་པ་མ་ཤར་བ་དང། མཆོད་རྫས་མ་འཚོགས་ཤིང་ཕུད་ཉམས་པས། དངོས་གྲུབ་མི་ཐོབ་པ་དང། ལས་དང་མན་ངག་གདེང་དུ་མ་ཆུད་པས། བར་ཆོད་འབྱུང་བའི་དུས་ན་ཡང། རྣལ་འབྱོར་པ་འགའ་ཞིག། རྣལ་འབྱོར་གྱི་ཚོགས་རྒྱུད་ཆེན་པོ་འདི་ལྟར་སྤྱོད་ཅིང། དང་དུ་ལེན་ནུས་པ་རྣམས་ནི་ཚེ་འདི་ཉིད་ལ་རྡོ་རྗེ་སེམས་དཔའ་དང་སྐལ་བ་མཉམ་པར་འགྱུར་རོ།།།། སེམས་དཔའ་རྣམས་ཀྱིས་གསོལ་པ། དེ་ལྟ་བུའི་རྣལ་འབྱོར་གྱི་ཚོགས་རྒྱུད་འདི་ལ། དམ་ཚིག་གང་ལགས། དབང་གང་ལགས། ལྟ་བ་གང་ལགས། བསྒྲུབ་པ་གང་ལགས། སྤྱོད་པ་གང་ལགས། ལུང་བསྟན་དུ་གསོལ། བདེ་བར་གཤེགས་པས་ལུང་བསྟན་དུ་གསོལ། བཅོམ་ལྡན་འདས་ཀྱི་བཀའ་སྩལ་པ། དེ་དག་ཞུས་པ་ལེགས་སོ་ལེགས་སོ།། དེ་ལ་ཚོགས་ཀྱི་དམ་ཚིག་ནི།། སློབ་དཔོན་བདག་གི་སྲོག་དང་འདྲའོ།། དེ་ཅིའི་ཕྱིར་ཞེ་ན། སྲོག་བཅད་ན་འཆི་ལ། སྲོག་མ་བཅད་ན་བརྟན་ཞིང། བདེ་བ་རིས་ཀྱི་ཐོབ་པ་དང་འདྲ་བར། སློབ་དཔོན་དང་འཐབ་པ་དང་སྨོས་པ་ལྟ་ཅི་སྨོས། ཡེངས་སམ་བྲལ་ན་ཡང། དགེ་བར་བར་བཅད་ཅིང་མན་ངག་མི་ཐོབ་པས། དཔེར་ན་སྲོག་དང་འཇལ་བར་ལྟ་བ་དང། རྒྱལ་ཐེབ་ཀརྨ་ལ་སོགས་པ་ལ། མིག་དང་དབངཔོ་ལྟར་བལྟས་ཏེ། དཔེར་ན་མིག་དབང་པོ་ཉམས་པ་དང་མེད་པ་ལྟ་ཅི་སྨོས་ཀྱིས། བག་ཙམ་གཟེར་བ་ཡང་མི་བཟོད་པ་དང་འདྲ་བར། རྒྱལ་འཐེབ་ཀརྨ་གིང་ལ་འཐབ་རྩོད་དང་སྨོད་པ་ལྟ་ཅི་སྨོས་ཀྱིས། བག་ཙམ་མ་མཉེས་ན་ཡང་སྒྲིབ་པའི་རྒྱུར་འགྱུར་བ་དང། མཆེད་དང་ལྕམ་དྲལ་ཡན་ལག་དང་ཕུང་པོ་འདྲ། གང་སྣང་ཀུན་གཡོ་ཞིང་སྡུག་བསྔལ་མཉམ་པར་མྱོང་བ་དང་འདྲ་བར། གནོད་པ་ཚབས་པོ་ཆེ་ལྟ་ཅི་སྨོས་ཀྱིས། འགལ་འཁྲུལ་ཙམ་བྱུང་ན་ཡང་ཡོང་མི་བདེ་ཞིང། ཉམས་པས་ཆད་པའི་རྒྱུརའགྱུར་བས། སྐུའི་དམ་ཚིག་སྲུང་ཞིང་བརྩེ་གདུང་བྱས་ལ། དད་པ་ཆེ་བར་སྐྱེད་ལ་ཡངས་པར་བྱའོ། སྔགས་དང། ཕྱག་རྒྱ་དང། དགོངས་པ་གསུམ་ནི། དཔེར་ན་གཏམ་དང། ཟས་དང། གོས་འདྲ་སྟེ། ཕྱི་ནང་གཏམ་གྱིས་མ་འབྱལ་ན། གང་ཡང་མི་འགྲུབ་སྟེ། འཚོ་བ་ཟས་ཀྱིས་མ་གསོས་ན། ཕུང་པོ་མི་ཐེག། དྲོ་བའི་གོས་མ་གྱོན་ན་ཉོན་མོངས་པ་དང་འདྲ་བར། སྙིང་པོ་དང་སྔགས་མ་བཟླས་ན། གྲུབ་པའི་རྟགས་མི་འོངས། དགོངས་པའི་ཏིང་ངེ་འཛིན་མ་གསལ་ན། ཤེས་པའི་རྒྱུད་མི་ཁྲོལ། ཕྱག་རྒྱ་དམ་དུ་མ་བཅས་ན། ཉོན་མོངས་པ་དང་ཕུང་པོ་གནས་མི་འགྱུར་བས། དམ་དུ་བཅས་ཏེ་དང་དུ་བླང་ངོ། ཐུགས་ཀྱི་དམ་ཚིག་ནི་གཏེར་སྦ་བ་དང་འདྲའོ།། དཔེར་ན་རིན་པོ་ཆེ་གཏེར་སྒྲོམ་དུ་སྦས་ན་འཇིགས་པ་དང་བག་ཚ་བ་མེད་ཅིང། སྒྲོམ་བུ་ཁ་ཕྱེ་ན་འདོད་པ་ཕུན་སུམ་ཚོགས་པར་བྱེད་པ་དང་འདྲ་བར། གསང་བའི་མན་ངག་ཐམས་ཅད་སྣོད་མ་ཡིན་པ་ལས་སྤངས་ཏེ། བདག་གི་བློ་ལ་བཏགས་ན། རྟོགས་པ་མངོན་དུ་གྱུར་ནས། འབྲས་བུ་མཐར་ཕྱིན་པར་འགྱུར་བས། གཏེར་དང་འདྲ་བར་དམ་དུ་བཅའ་འོ། གཏན་མི་འབྱུང་བ་ནི་མ་ཡིན་ཏེ། གཏན་བདག་དང་བུ་སྤྱོད་པ་དང་འདྲ་བར། གསང་བའི་མན་ངག་བདག་དང་བུ་དང་འདྲ་བ་ལས་མ་གཏོགས་པ། བཤད་པ་གྲངས་བཞི་ལས་མངས་ན་འགལ་བར་གསུངས་སོ།། དུས་ཐ་མ་ལ་བབ་པའི་ཚེ། རྩ་བ་འདི་རྣམས་མནོས་ནས་གང་ཡང་མི་སྲུན་ཏེ། སྐུ་ཡང་ཉམས་ཏེ་འཐབ་རྩོད་ཤོམ་པ་དང། གསུང་ཡང་ཉམས་ཏེ། སྔགས་དང་ཕྱག་རྒྱའི་ཏིང་ངེ་འཛིན་སྤངས་ཏེ། མདོ་སྡེ་བསམ་གཏན་གྱི་དོན་ལ་སྤྱོད་པ་དང། ཐུགས་ཀྱངཉམས་ཏེ། བརྒྱ་དང་ཉི་ཤུ་ལ་འཆད་པ་ནི། འབྲས་བུ་མནར་མེད་པ་ལྟ་ཅི་སྨོས་ཀྱི། དཔེར་ན་སེང་གེ་ཁོག་པ་ནང་གིས་ནང་བཤིག་པ་དང་འདྲ་བར། ཆོས་ཉན་དུ་གང་ཟག་སྔགས་པ་རང་གིས་མི་སྟེར་ཏེ། རང་གི་རང་དམས་སོ།། རྩ་བའི་དམ་ཚིག་མ་ཉམས་ན། ཡན་ལག་ལྗོན་པ་དང་འདྲ་བར་སྐྱེས་པ་ལས། ཉི་ཤུ་རྩ་བརྒྱད་དང། སུམ་བརྒྱ་དྲུག་ཅུ་དང། ས་མ་ཡ་འབུམ་སྡེ་ལ་སོགས་པའི། གང་སྤྱད་པའི་ཡལ་ག་ལོ་འདབ་དང་འདྲ་བའི་འབྲས་བུ་སྐྱེ་བར་འགྱུར་རོ།། དམ་ཚིག་འདི་དག་ཉམས་པར་གྱུར་ན། ཚོགས་ཀྱི་མཆོད་པ་དང། ལོངས་སྤྱོད་རྫས་སུ་ཕུལ་ཀྱང་བཞེས་སུ་མི་གནང་ཞིང་མཉེས་པར་མི་འགྱུར་རོ།། དེ་ཅིའི་ཕྱིར་ཞེ་ན། དེ་ལ་བསོད་ནམས་མེད་ཅིང་འབྲས་བུ་མི་ཐོབ་པའི་ཕྱིར་རོ།། ཚོགས་རྒྱུད་ཆེན་པོ་ལས། དམ་ཚིག་གི་ལེའུ་སྟེ་དང་པོའོ།།།། དེ་ལ་ཚོགས་རྒྱུད་ཆེན་པོའི་དབང་ལ་དོན་རྣམ་པ་ལྔ་སྟེ། དྷར་མ་ཏན་ཏྲ་ཉན་ཅིང་འཆད་པའི་དབང་དང་གཅིག། ཡི་དམ་ལྷ་བསྒོམ་ཞིང་བསྒྲུབ་པའི་དབང་དང་གཉིས། དཀྱིལ་འཁོར་གཉན་པོ་ཞལ་བལྟ་བའི་དབང་དང་གསུམ། ཚོགས་ཀྱི་ཞལ་ཟས་ལ་འཚལ་ཞིང་ལོངས་སྤྱོད་པའི་དབང་དངབཞི། ལས་ཀྱི་རྡོ་རྗེ་ལས་གང་བྱེད་པའི་མིང་གིས་དབང་བསྐུར་བ་དང་ལྔའོ། ། དེ་ལ་དྷར་མ་ཏན་ཏྲ་ཉན་ཅིང་འཆད་པའི་དབང་བསྐུར་བ་འདི་སྐད་དོ།། གསང་བ་གསང་ཆེན་གསང་མཆོག་རྣམས།། སྟོན་པས་ངེས་པར་གསུངས་པའི་དོན།། ཉན་ཅིང་ཡིད་ལ་འཛིན་པ་དང།། མ་འདྲེས་སྟོན་པའི་དབང་ཐོབ་ཤོག། དེ་ནས་ཡི་དམ་གྱི་ལྷ་བསྒོམ་ཞིང་བསྒྲུབ་པའི་དབང་བསྐུར་བ་འདི་སྐད་དོ།། བསྐལ་པ་གྲངས་མེད་སྔོན་རོལ་ནས། བསྒོམ་ཞིང་བསྒྲུབ་པའི་ཡི་དམ་ལྷ།། མེ་ཏོག་དབང་གིས་ཕོག་པ་འདི། ། སྒོམ་ཞིང་བསྒྲུབ་པའི་དབང་ཐོབ་ཤོག། དེ་ནས་དཀྱིལ་འཁོར་གཉན་པོ་ཞལ་ལྟ་བ་འདི་སྐད་དོ།། གསང་བའི་དཀྱིལ་འཁོར་ཆེན་པོ་འདིར།། ངུར་ཁྲོད་འབར་བའི་རྫས་བསྒྲལ་ནས།། སྐུ་གསུང་ཐུགས་སུ་གསལ་བསྒོམས་པའི། ། ལྷ་ཞི་བསྒྲུབ་པའི་དབང་ཐོབ་ཤོག། དེ་ནས་ཚོགས་ཀྱི་ཞལ་ཟས་ལ་འཚལ་ཞིང་ལོངས་སྤྱད་པའི་དབང་འདི་སྐད་དོ།། རྒྱལ་བས་མཆོད་པས་བགེགས་ཞི་ཞིང།། མཆོད་པ་ཕུལ་བས་བགེགས་ཞི་ནས། ། ཕ་ཕམ་ལོངས་སྤྱོད་བདུད་རྩིའི་བཅུད།། རྣལ་འབྱོར་ཚོགས་ལ་ལོངས་སྤྱོད་ཤོག། དེ་ནས་ལས་ཀྱི་རྡོ་རྗེ་ལས་གང་བྱེད་པའི་དབང་བསྐུར་བ་འདི་སྐད་དོ།། ཞི་རྒྱས་དབང་དྲག་མངོན་སྤྱོད་དང།། འཕྲིན་ལས་དྲག་དལ་གང་བྱེད་པ། ། ལས་རྣམས་ཆེ་གེ་བྱེད་པར་ཤོག། རྡོ་རྗེ་དབང་གི་མིང་ཐོབ་ཤོག། ཚོགས་རྒྱུད་ཆེན་པོ་ལས། དབང་གི་ལེའུ་སྟེ་གཉིས་པའོ།།།། དེ་ནས་ཚོགས་ཀྱི་ལྟ་བ་ལ་དོན་རྣམ་པ་ལྔ་སྟེ། ཚོགས་པ་ཐམས་ཅད་དཀྱིལ་འཁོར་དུ་ལྟ་བ་དང། འབྱོར་པ་ཐམས་ཅད་ལོངས་སྤྱོད་དུ་ལྟ་བ་དང། མཆོད་པ་ཐམས་ཅད་ཡེ་ཤེས་སུ་ལྟ་བ་དང། དམིགས་པ་ཐམས་ཅད་ལྷ་རྒྱུད་དུ་ལྟ་བ་དང། རྟོགས་པ་ཐམས་ཅད་གཞལ་ཡས་ཁང་དུ་ལྟ་བའོ། ། དེ་ལ་ཚོགས་པ་ཐམས་ཅད་དཀྱིལ་འཁོར་དུ་ལྟ་བ་ལ། རྡོ་རྗེ་སློབ་དཔོན་དང་མཆེད་ལྕམ་དྲལ་ཚོགས་པ་དང། རྡོ་རྗེ་སློབ་དཔོན་དཀྱིལ་ཡིན་ལ། མཆེད་ལྕམ་དྲལ་འཁོར་ཡིན་པར་ལྟ་བའོ། ། དེ་ཅིའི་ཕྱིར་ཞེ་ན། ཐམས་ཅད་དགོངས་སྤྱོད་གཅིག་ཏུ་རྒྱ་མཚོ་གླིང་གི་དཀྱིལ་འཁོར་དུ་རང་བཞིན་ལྷུན་གྱིས་གྲུབ་པའོ།། དམ་རྫས་ཚོགས་པ་ཐམས་ཅད་ཀྱང་དཀྱིལ་འཁོར་ཏེ། བྱང་ཆུབ་སེམས་ནི་དཀྱིལ་ཡིན་ལ། དམ་རྫས་གཞན་ནི་འཁོར་ཡིན། དེ་ཅིའི་ཕྱིར་ཞེ་ན། བདེ་བ་ཆེན་པོའི་དོན་ལ། སྐྱེ་ཤི་མེད་པ་དཀྱིལ་འཁོར་དུ་ལྷུན་གྱིས་གྲུབ་པའོ།། རྫས་དང་ལག་ཆ་ཚོགས་པ་ཐམས་ཅད་ཀྱང་དཀྱིལ་འཁོར་ཏེ། བན་དྷ་བདེ་བར་གཤེགས་པའི་དོན་ལ། སྐྱེ་ཤི་མེད་པ་དཀྱིལ་འཁོར་ཡིན་པས། དུར་ཁྲོད་ཀྱི་ཆས་བརྒྱད་གཞན་ནི་འཁོར་རོ།། དེ་ཅིའི་ཕྱིར་ཞེ་ན། ཐབས་ལ་མཁས་པའི་རོལ་པ་ཆེན་པོས་རྣམ་པར་རྟོག་པ་ཐམས་ཅད་ཆོས་ཉིད་དུ་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་གྱི་རང་བཞིན་ནོ། ། དེ་ལ་འབྱོར་བ་ཐམས་ཅད་ལོངས་སྤྱོད་དུ་ལྟ་བ་ནི། ཕྱི་སྣོད་ཀྱི་འཇིག་རྟེན་དང། ནང་བཅུད་ཀྱི་འཇིག་རྟེན་འདི་དག་ཐམས་ཅད་སངས་རྒྱས་ཐམས་ཅད་ཀྱི་ཚོགས་ཀྱི་ལོངས་སྤྱོད་དུ་བྱིན་གྱིས་བརླབས་པའི་དུས་སུ། བྱོལ་སོང་ཐམས་ཅད་ཀྱིས་ལུས་ཚོགས་སུ་ཕུལ་བ་དང། གཤིན་རྗེ་ཐམས་ཅད་ཀྱིས་ཤ་ཆེན་ཚོགས་སུ་ཕུལ་བ་དང། མ་མོ་དང་མཁའ་འགྲོ་ཡིས་ཁྲག་དང་སྣུམ་ཆེན་ཚོགས་སུ་ཕུལ་བ་དང། སྲིན་པོ་ཐམས་ཅད་ཀྱིས་ཐོད་རུས་དང་འབྲུ་མར་ཚོགས་སུ་ཕུལ་བ་དང། གནོད་སྦྱིན་རྣམས་ཀྱིས་འཛའ་གད་རྣམ་པ་ཚོགས་པ་ཚོགས་སུ་ཕུལ་བ་དང། མ་མོ་ཀླུ་རྣམས་ཀྱིས་སྙིང་པོ་རྣམ་པ་སྣ་ཚོགས་པ་ཚོགས་སུ་ཕུལ་བ་དང། བྱོལ་སོང་རྣམས་ཀྱིས་འོ་མ་རྣམ་པ་སྣ་ཚོགས་སུ་ཕུལ་བ་དང། ནམ་མཁའ་ལྡིང་རྣམས་ཀྱིས་ཤིང་ཐོག་སྣ་ཚོགས་སུ་ཕུལ་བ་དང། སྨན་གྱི་ལྷས་སྨན་སྣ་ཚོགས་སུ་འབུལ་བ་དང། རྩིའི་ལྷ་མོས་རྩི་སྨན་སྣ་ཚོགས་སུ་འབུལ་བ་དང། ནམ་མཁའ་ལྡིང་གིས་སྤོས་སྣ་ཚོགས་འབུལ་བ་དང། ས་བདག་རྣམས་ཀྱིས་འབྲུ་སྣ་ཚོགས་པ་ཚོགས་སུ་འབུལ་བ་དང།། མི་རྣམས་ཀྱིས་མིའི་ཞལ་ཟས་སུ་སྣ་ཚོགས་པ་ཚོགས་སུ་འབུལ་བ་དང། ལྷ་རྣམས་ཀྱིས་རིན་པོ་ཆེ་སྣ་ཚོགས་པ་དང། ལྷའི་མེ་ཏོག་མན་ད་ར་བ་ལ་སོགས་པ་རྣམ་པ་སྣ་ཚོགས་པ་དང། ལྷའི་འོད་དོད་པ་ལོངས་སྤྱོད་རྣམ་པ་སྣ་ཚོགས་པ། ཚོགས་སུ་འབུལ་བ་ལ་སོགས་པ་ཐམས་ཅད། དུས་གསུམ་གྱིས་སངས་རྒྱས་ཐམས་ཅད་ཀྱིས་རྣལ་འབྱོར་གྱི་ཚོགས་ཀྱི་ལོངས་སྤྱོད་ཆེན་པོར་བྱིན་གྱིས་བརླབས་ཏེ་གསོལ། གཞན་ཡང་འགྲངས་ཤིང་ཚིམ་པར་མཛད་དེ། ཕྱིར་མི་ལྡོག་པའི་ས་ལ་མངོན་སུམ་དུ་བཀོད་པས། འབྱོར་པ་ཐམས་ཅད་ཚོགས་ཀྱི་ལོངས་སྤྱོད་དུ་ལྟའོ།། དེ་ལ་མཆོད་པ་ཐམས་ཅད་ཡེ་ཤེས་སུ་ལྟ་བ་ནི། ཕྱི་ནང་གསང་བའི་མཆོད་པ་ཐམས་ཅད་ཐུགས་ཡང་དག་པའི་ཡེ་ཤེས་ཆེན་པོའི་ངང་ལས་བྱུང་སྟེ། བར་ཆོད་པས་ཐུགས་དམ་བསྐུལ། དངོས་གྲུབ་ནོད། སླར་འདུས་པས་སྒྲིབ་པ་སྦྱངས། དངོས་གྲུབ་ཐོབ་སྟེ། ལྷ་ལ་ལྷ་ཐིམས། ཡེ་ཤེས་ལ་ཡེ་ཤེས་རོལ། ཆོས་ཉིད་མ་ཆོས་ཉིད་ཐིམ་སྟེ། བར་མ་ཆོད་པས་བདག་གི་སེམས་དང་དེ་བཞིན་གཤེགས་པའི་ཐུགས་ཡེ་ཤེས་མཉམ་ཞིང་དབྱེར་མེད་པར་མཆོད་པ་ཕུལ། སླར་འདུས་པས་དེ་བཞིན་གཤེགས་པའི་ཐུགས་ཡེ་ཤེས་དང། བདག་གི་སེམས་མཉམ་ཞིང་དབྱེར་མེད་དེ། ཡེ་ཤེས་ཀྱི་མཆོད་པའི་འོད་ཟེར་གྱི་རྒྱུན། བདུད་རྩིའི་རོ་བཞིན་བྱང་ཆུབ་སེམས་ཀྱི་ངོ་བོ་ལ། རྒྱལ་བའི་ཆོ་འབྲང་ཟེར་དང་ཡེ་ཤེས་ལ་སྤྱོད་པ་མཛད་པས། མཆོད་པ་ཐམས་ཅད་ཡེ་ཤེས་སུ་ལྟ་བའོ། ། དམིགས་པ་ཐམས་ཅད་ལྷ་རྒྱུད་དུ་ལྟ་བ་ནི། མདུན་གྱི་ནམ་མཁའ་ལ་རྒྱལ་བའི་ཡེ་ཤེས་སེམས་དཔའི་འཁོར་རྒྱལ་བ་སྲས་དང་བཅས་པ་ལ་དམིགས་ལ། ཡང་ཕུང་པོ་དང། ཁམས་དང། སྐྱེ་མཆེད་དང། རྣམ་པར་ཤེས་པ་ཉིད་ལྷ་རྒྱུད་དུ་སྣང་བ་ལས་མ་གཏོགས་པ། གཞན་གུད་ན་མེད་པར་རྟོགས་པའི་ལྟ་བས་རྟོགས་པར་བྱས་ལ། ཇི་ལྟར་གནམ་རི་ས་བྲག་ཐམས་ཅད་འབྱུང་བ་ལྟར་བསྡུས་ལ། སྐྱེ་འགྲོ་ཐམས་ཅད་འབྱུང་བ་ལྔ་དང་ཕུང་པོ་ལྔར་བསྡུས་ལ། འབྱུང་བ་ལྔ་དང་ཕུང་པོ་ཐམས་ཅད་ལྷ་དང་ལྷ་མོའི་དཀྱིལ་འཁོར་གྱི་རང་བཞིན་ཡང་ཡིན་ལ། རྟོགས་པའི་ལྟ་བས་རྟོགས་པར་བྱས་ལ། ཏིང་ངེ་འཛིན་གྱིས་ཡང་བསྒོམས་ཏེ། མདུན་དང་ཤར་རྡོ་རྗེ་རིགས་ཀྱི་ལྷ་དང། ལྷ་མོ་དང། ཞིང་ཁམས་དང། ཕོ་བྲང་གི་རང་བཞིན། གཡས་དང་ལྷོ་ཐམས་ཅད་རིན་ཆེན་རིགས་ཀྱི་ལྷ་དང། ལྷ་མོའི་ཞིང་ཁམས་དང། ཕོ་བྲང་གི་རང་བཞིན། རྒྱབ་དང་ནུབ་ཐམས་ཅད་པདྨ་རིགས་ཀྱི་ལྷ་དང། ལྷ་མོའི་ཞིང་ཁམས་དང། ཕོ་བྲང་གི་རང་བཞིན། གཡོན་དང་བྱང་ཐམས་ཅད་ལས་ཀྱི་རིགས་ཀྱི་ལྷ་དང། ལྷ་མོའི་ཞིང་ཁམས་དང། ཕོ་བྲང་གི་རང་བཞིན། སྟེང་དང་ནམ་མཁའ་སྐུ་ཐམས་ཅད་དེ་བཞིན་གཤེགས་པའི་རིགས་ཀྱི་ལྷ་དང། ལྷ་མོའི་ཞིང་ཁམས་དང། ཕོ་བྲང་གི་རང་བཞིན། སེམས་དཔའ་དང། སེམས་མ་དང། ཁྲོ་བོ་དང། ཁྲོ་མོ་དང། ཞིང་ཁམས་དང། ཕོ་བྲང་དང། དཀྱིལ་འཁོར་ལྷ་རྒྱུད་ཀྱི་རང་བཞིན་དུ་རྟོགས་པར་བྱས་ལ་ཡིད་ཀྱིས་དམིགས་ལ། དམིགས་པ་ཐམས་ཅད་ལྷ་རྒྱུད་དུ་ལྟ་བའོ།། རྟོགས་པ་ཐམས་ཅད་གཞལ་ཡས་ཁང་དུ་ལྟ་བ་ནི། ཕྱི་ནང་སྣོད་བཅུད་ཀྱིས་བསྡུས་པ་ཐམས་ཅད་འབྱུང་བ་ལྔས་བསྡུས་ལ། འབྱུང་བ་ལྔ་པོ་ཉིད་ཡུལ་ཆེན་མོ་ལྔའི་མཁའ་ཀློང་རྣམ་པར་དག་པས། ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཡིན་པས། དཔག་ཅིང་གཞལ་བ་ལས་འདས་པའི་གཞལ་ཡས་ཁང་ཡིན་པ་ལས། དེ་ལྟར་དུ་མ་རྟོགས་ན་གཞན་ནས་གཞལ་ཡས་ཁང་གཉན་རིས་སུ་བཅད་པ་མེད་པས། རྟོགས་པ་ཐམས་ཅད་གཞལ་ཡས་ཁང་དུ་ལྟ་བའོ།། ཚོགས་རྒྱུད་ཆེན་པོ་ལས་ལྟ་བའི་ལེའུ་སྟེ་གསུམ་པའོ། །།། དེ་ནས་ཚོགས་ཀྱི་བསྒྲུབ་པ་ལྔ་ཡང་དོན་རྣམ་པ་ལྔ་སྟེ། སྐུའི་སྒྲུབ་པ་དང། གསུང་གི་བསྒྲུབ་པ་དང། ཐུགས་ཀྱི་བསྒྲུབ་པ་དང། ཡོན་ཏན་གྱི་སྒྲུབ་པ་དང། འཕྲིན་ལས་ཀྱི་སྒྲུབ་པ་གང་བྱེད་ཀྱང། རྣལ་འབྱོར་གྱི་ཚོགས་ཀྱིས་སྒྲུབ་དགོས་ཏེ། རྣལ་འབྱོར་གྱི་ཚོགས་འདི་ནི་ལན་ཚྭ་དང་འདྲ་སྟེ། གང་ལ་ཡང་མི་ཚང་དུ་མི་རུང་སྟེ། སྐུའི་སྒྲུབ་པའི་དཀྱིལ་འཁོར་གྱི་ལྷ་རྣམས་ལ་ཚོགས་ཀྱི་མཆོད་པ་གཞུང་བཞིན་དུ་ཕུལ་ན། སྐུའི་སྒྲུབ་པ་ཡང་འགྲུབ་ཅིང་མཐར་ཕྱིན་པར་འགྱུར་བ་བཞིན་དུ། གསུང་དང་ཐུགས་ཡོན་ཏན་འཕྲིན་ལས་ཀྱང། དེ་བཞིན་དུ་གང་སྒྲུབ་པ་ཚོགས་ཀྱིས་གྲུབ་པའོ།། དེའི་དོན་ནི་གཞུང་དུ་མ་དག་ལས་རྒྱ་ཆེར་འབྱུང་ངོ། ། ཚོགས་རྒྱུད་ཆེན་པོ་ལས། སྒྲུབ་པའི་ལེའུ་སྟེ་བཞི་པའོ།།།། དེ་ནས་ཚོགས་ཀྱི་ལོངས་སྤྱོད་པ་ལ་ཡང་དོན་རྣམ་པ་གསུམ་སྟེ། ཚོགས་ཀྱི་སྤྱོད་པ་ཐབས་དང་ཤེས་རབ་ཏུ་སྤྱོད་པ་དང། ཚོགས་ཀྱི་སྤྱོད་པ་སྤོང་ལེན་མེད་པར་སྤྱོད་པ་དང། ཚོགས་ཀྱི་སྤྱོད་པ་འཆིང་གྲོལ་མེད་པར་སྤྱོད་པའོ།།།། དེ་ལ་ཚོགས་ཀྱི་སྤྱོད་པ་ཐབས་དང་ཤེས་རབ་ཏུ་སྤྱོད་པནི།། ཡོ་ག་ཕྱི་པ་མན་ཆོད་ཀྱི་སྒོར་ཞུགས་པ། ཚོགས་མཆོད་ལྷ་ཅི་སྨོས་ཀྱི། འདོད་པའི་ཡོན་ཏན་གང་ལ་ཡང་སྐྱོན་ལྟ་བའི་ནང་ནས་ཀྱང། ཐབས་དང་ཤེས་རབ་ལ་འཆིང་བས་བཤལ་ཐག་གཏད་པ་སྟེ། རྡོ་རྗེ་ཐེག་པའི་ཐབས་ལ་མཁས་པའི་གནས་སྐབས་ན། ཐམས་ཅད་ཐབས་དང་ཤེས་རབ་དབྱིངས་དང་ཡེ་ཤེས་ཀྱི་རང་བཞིན་པས། འདོད་པའི་ཡོན་ཏན་ལ་སོགས་པ་ཐམས་ཅད་ལ། མ་སྤངས་པར་འཇོལ་ཉོག་ཏུ་སྤྱོད་པ་མ་ཟད། དེ་ཉིད་ཆོས་ཉིད་དག་པའི་རྒྱན་དུ་རིག་ནས། དགའ་བདེ་ལོངས་སྤྱོད་པ་ཉིད་ཀྱི། གཉིས་སུ་མེད་པ་ཆོས་ཀྱི་ཆོས་ཀྱི་སྐུ་ཐོབ་པར་འགྱུར་བའོ།། དེ་ལ་ཚོགས་ཀྱི་སྤྱོད་པས་སྤོང་ལེན་མེད་པར་སྤྱོད་པ་ནི།། ཡོ་ག་ཕྱི་པ་མན་ཆད་ཀྱིས་འདི་གཙང་མ་རིགས་ཡིན་ཏེ་འཕགས་པ་མཆོད་རྒྱུ་ཡིན་ལ། ། འདི་མི་གཙང་བ་དང་སྨེ་བ་ཡིན་པས་འཕགས་པ་མཆོད་རྒྱུ་མ་ཡིན་ཞེས།། སྤོང་ལེན་དུ་སྤྱོད་པ་མ་ཡིན།། ཆོས་ལ་བདག་མེད་བའི་བཞིན་ལ།། རྣམ་བར་རྟོགས་པའི་མིང་ཡང་མེད་པས། ། གཙང་མ་ཡང་ལྷ་ཡི་ཞལ་ཟས་ཡིན་ལ།། མི་གཙང་བ་ཡང་ལྷ་ཡི་ཞལ་ཟས།། གཉིས་སུ་མེད་པ་ཉིད་འཕགས་པའི་དགོངས་སྤྱོད་དང།། འཕགས་པའི་སྐུར་སྒྲུབ་པས།། གང་ལ་ཡང་འདི་འཁོར་བ་དང་ངན་སོང་གི་རྒྱུ་ཡིན་པས་སྤོང་ངོ། ། འདི་ཐར་པ་དང་བདེ་བ་དང་གཙང་བའི་རྒྱུ་ཡིན་ཞེས་དང་དུ་མི་ལེན་ཏེ།། སྤོང་ལེན་མེད་པ་སངས་རྒྱས་ཀྱི་ས་ལ་གནས་པ་ཡིན་ན།། ཚོགས་ཀྱི་སྤྱོད་པ་འཆིང་གྲོལ་མེད་པར་སྤྱོད་པ་ན། ། འདོད་པའི་ཡོན་ཏན་རྣ་པ་སྣ་ཚོགས་པ་ལས།། ཆགས་ཙམ་ན་ཆགས་པ་མེད་པའི་མཐར་ཕྱིན་པས།། འཁོར་བ་དང་ཉོན་མོངས་པས་འཆིང་བ་མེད་པ།། དེ་ཉིད་རྟོགས་པའི་རྒྱན་དུ་རིག་ཅིང། ། ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་པ་ཡིན་པས།། དེ་ལྟར་སྤྱོད་པ་གྲོལ་བ་ཡང་མེད།། འཆིང་བ་ཡང་མེད་དོ།། ཚོགས་རྒྱུ་ཆེན་པོ་ལས།། སྤྱོད་པའི་ལེའུ་སྟེ་ལྔ་པའོ།།།། རྡོ་རྗེ་སེམས་དཔས་དེ་སྐད་བཀའ་སྩལ་པས། ། རིགས་ལྔ་ཡབ་ཡུམ་དང།། འཁོར་སེམས་དཔའ་དང།། སེམས་མ་དང།། ཁྲོ་བོ་དང།། ཁྲོ་མོ་དང།། སྤྲུལ་པ་དང།། ཡང་སྤྲུལ་པ་དང།། ཅི་བགྱིས་པ་དང།། བཀའ་ཉན་དང།། དམ་ལ་བཏགས་པའི་འཁོར་ཐམས་ཅད་ཀྱིས། ། དགྱེས་པ་ཆེན་པོ་ཚོགས་ཀྱི་ལོངས་སྤྱོད་དུ་བསྟར་ནས།། ཐམས་ཅད་གཉིས་སུ་མེད་པ་ཆོས་ཀྱི་སྐུར་ལྷུན་གྱིས་གྲུབ་པར་བཞུགས་སོ།། རྣལ་འབྱོར་གྱི་ཚོགས་རྒྱུད་ཆེན་པོ་རྫོགས་སོ། །།། འདིའི་རྒྱུད་ཕྱི་མ་འདི་འགྱུར་རོ།། གསང་བ་དསུམ་གྱི་ཕུབ་ཏུ།། སྣུབ་སངས་རྒྱས་ཡེ་ཤེས་རིན་པོ་ཆེས།། སྐད་བསྒྱུར་གྱིས་ཡང་བཅོས་ཏེ།། སྟོང་ཚབ་བྱང་ཆུབ་རིན་པོ་ཆེ་ལ་བཙས་སུ་བཞག་པའོ།། མྱ་ང་ཧ་ཏ་པ་རི་ལས། ། འཕགས་པ་རྒྱ་མཚོ་ཡིས་བྲིས།། བཀོར་དུ་མི་འཚལ་བའི་རྒྱུད་གསུམ་བཞུག་སོ།། རྒྱ་གར་སྐད་དུ།། བཛྲ་ཨ་མྲི་ཏ་ཏན་ཏྲ།། བོད་སྐད་དུ། རྡོ་རྗེ་བདུད་རྩིའི་རྒྱུད། ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང།། གསུང་དང། ཐུགས་ཀྱི་སྙིང་པོ་རྡོ་རྗེ་བདུད་རྩི་གསང་བའི་པདྨ་ལ་བཞུགས་སོ། ། མཱ་མ་ཀི་སོགས་ཐབས་གཅིག་ཏུ།། གྲོང་དུ་བཅོམ་ལྡན་རྡོ་རྗེ་རོལ།། དེ་ལ་ལྷ་མོ་དེས་ཞུས་པ།། གསང་བ་ལ་ནི་རྣམ་གནས་པའི།། རྡོ་རྗེ་བདུད་རྩི་རྒྱུད་ཀྱི་ཆོག། སྔོན་དུ་ལྷ་ཁྱོད་ཀྱིས་གསུང་བ། ། བདུད་རྩི་མཆོག་ནི་སྒྲུབ་པའི་ཐབས།། དཔའ་བོ་ཆེན་པོས་བཤང་དུ་གསོལ།། རྡོ་རྗེ་བདུད་རྩི་བདེ་ཆེན་པོ།། བཅོམ་ལྡན་རྡོ་རྗེས་འདི་སྐད་གསུངས།། བསམ་གྱིས་མི་ཁྱབ་ཟབ་པས་ཕྱིར་མི་ཕུང། ། དོན་ཡོད་དབང་པོ་བྲལ་བ་དང།། མཆོག་ཏུ་ཞི་བ་རྣམ་དག་པ།། རྡོ་རྗེ་བདུད་རྩི་བརྫོད་པ་ཡིན།། དེ་ལས་བཅོམ་ལྡནརྡོ་རྗེ་ཡིས།། མཱ་མ་ཀིལ་ཆགས་ལྡན་པས།། རྡོ་རྗེ་བདུད་རྩིའི་ཏིང་འཛིན་གྱིས།། གསང་བ་མངོན་དུ་མཛད་པའོ། ། རྒྱུང་རྣམས་ཀུན་ཏུ་གསང་བ་ཡི།། ཡེ་ཤེས་རྡོ་རྗེ་བདུད་རྩི་མཆོག། དེ་ནི་བདག་གིས་བཤད་པར་བྱ།། དམ་དུ་འཁྱུང་དང་འོ་བྱེད་དང།། དཀའ་བའི་རོལ་པ་མཉམ་སྦྱོར་དང།། གླུ་གར་རོལ་མོའི་སྒྲ་རྣམས་ཀྱིས། ། རྡོ་རྗེ་བདུད་རྩི་རྒྱུད་ཀྱི་མཆོག། དེ་ལྟར་མྱུར་བར་འགྲུབ་པར་འགྱུར།། བདུད་རྩི་ཁུ་བ་ཞེས་གསུངས་ཏེ།། དེ་ལས་འགྲོ་བ་གསུམ་སྐྱེས་པ།། དེ་ཉིད་ཀྱི་ནི་བགྲུབ་པ་བཤད།། ཁྱོད་ཀྱི་དགའ་ཕྱིར་བཞིན་བཟང་མ། ། མདོར་བསྡུས་ནས་ནི་བཤད་པར་བྱ།། དེ་ནི་ང་ཡིས་བརྫོད་ཀྱིས་ཉོན།། སེམས་ཅན་ཀུན་ལ་ཕན་དོན་དུ།། སྦྱོར་བའི་རྡོ་རྗེ་བདུད་རྩི་མཆོག། རྣལ་འབྱོར་གང་གིས་ཤེས་འགྱུར་ན།། འཁོར་བའི་བཅིངས་ལས་མྱུར་བར་གྲོལ། ། བསྟན་དུ་མེད་ཅིང་ཡེ་ཤེས་ཆེ།། དངོས་གྲུབ་འཇིག་རྟེན་གསུམ་པའོ།། སྐུ་གསུང་ཐུགས་ཀྱི་གྲུབ་དོན་དུ།། འགྲུབ་པ་པོ་ནི་བདེ་བ་སྤྱོད།། རྡོ་རྗེ་པད་མ་མཉམ་སྦྱོར་བས།། རྡོ་རྗེ་བདུད་རྩི་དབྱུང་བར་བྱ། ། བྷ་གའི་པད་མར་འོ་བྱ་ཞིང།། བདག་མོས་རྡོ་རྗེ་འོ་བྱ་བ།། རྡོ་རྗེ་བདུད་རྩི་བདེ་བ་ཆེ།། བཅོམ་ལྡན་རྡོ་རྗེ་དེ་གསུངས་སོ།། བྷ་གའི་པད་མར་འོ་བྱས་པས།། དེ་ཚེ་དགའ་བའི་ལྷ་མོ་དེས།། རྡོ་རྗེ་བདུད་རྩི་ལས་བྱུང་བའི། ། ཉམས་དགའ་གསང་བའི་དཀྱིལ་འཁོར་ཞུས།། ཆོ་གའི་རིམ་པ་གང་གིས་ནི།། མཆོད་པའི་དཀྱིལ་འཁོར་བརྩམས་པར་བྱ།། དེ་ལ་མཆོད་པ་ཇི་ལྟ་བུ།། དེ་བཞིན་དཀྱིལ་འཁོར་ཇི་ལྟར་ལགས། ། དགའ་བ་ཆེན་པོ་རྙེད་དཀའ་བ།། རབ་ཏུ་དགྱེས་ནས་བཀའ་སྩལ་འཚལ།། དེ་ནས་བཅོམ་ལྡན་རྡོ་རྗེ་ཅན།། རྡོ་རྗེ་བདུད་རྩི་བདེ་བ་ཆེ།། འོ་མཛད་པས་ནི་མཉེས་འགྱུར་ཏེ།། སྐུ་གསུང་ཐུགས་ཀྱི་སྒྲུབ་དོན་དང། ། འཁོར་བའི་རྒྱུ་མཆོག་བསྒྲལ་བའི་ཕྱིར།། དགའ་བ་ཆེན་པོ་སྦྱོར་བ་ཡིས།། མཱ་མ་ཀིས་ནི་འདིར་དྲིས་པ།། བཞད་ནས་འདི་སྐད་བཀའ་སྩལ་ཏོ།། ཟུར་གསུམ་དཀྱིལ་འཁོར་བྲིས་ནས་སུ།། གསང་བའི་འདབ་མ་མཱ་མ་ཀི། སྙིང་པོ་གསང་བའི་སྤྱོད་ཡུལ་གྱི།། པད་མ་འདབ་མ་བརྒྱད་པ་བྱ།། དེ་དབུས་ཁྱོད་དང་ང་ཡོད་དེ།། གཙོ་བོ་ཞལ་གསུམ་ཕྱག་དྲུག་པ།། དང་པོའི་ཞལ་ནི་ནག་པོ་སྟེ།། གཡས་པ་དཀར་པོ་རུ་ནི་བརྗོད། ། གཡོན་དུ་དམར་པོར་རབ་ཏུ་གསུངས།། ལྷ་ཡི་རྒྱན་གྱིས་བརྒྱན་པ་དང།། ལྷ་ཡི་ན་བཟའི་མེ་ཏོག་འཕྲེང།། ལྷ་ཡི་དྲི་ཡིས་བྱུག་པ་དང།། ལྷ་ཡི་དངོས་གྲུབ་ཞི་བྱེད་པ།། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན།། ཕྱི་རོལ་དུ་ནི་ནག་པོ་སྟེ། ། གཡས་པ་སྒོ་བཞི་པར་ནི་རབ་ཏུ་བརྟག། ཤར་དུ་ཁྲོ་གཉེར་མ་བཞག་སྟེ།། ལྷོར་ནི་འཇིགས་འཇིགས་བྱེད་མ།། ནུབ་ཏུ་རྟ་ཡི་གཟུགས་ཅན་མ།། བྱང་དུ་ཚོགས་ཀྱི་འདྲེན་མ་མོ།། མཁས་པས་པད་མ་འདབ་བརྒྱད་ལ། ། རིག་མ་བརྒྱད་ནི་མཉམ་པོར་བྲི།། ཞི་བ་དང་ནི་ཞི་ཞལ་མ།། ཟླ་བ་མོ་དང་རི་བོང་ཅན།། རི་བོང་ཅན་གྱི་དཀྱིལ་འཁོར་མ།། རི་བོང་ཅན་འདྲི་ཤེས་རབ་མ།། ཡིད་ལ་འདོད་པར་བྱེད་པ་དང། ། དགེ་བ་རིག་མ་བརྒྱད་མཉམ་བྲི།། ཐམས་ཅད་ཞལ་གསུམ་ཕྱག་དྲུག་མ།། སྣ་ཚོགས་གཟུགས་མ་ཡིད་དགའ་མ།། ཕྱོགས་རྣམས་དང་ནི་མཚམས་རྣམས་སུ།། རྟག་པ་རུ་ནི་བྲི་བར་བྱ།། མཆོད་པ་གླིང་བུ་རྔ་དེ་བཞིན། ། དེ་བཞིན་སྤོས་དང་མེ་ཏོག་སོགས།། དབྱངས་དང་གར་དང་མཆོད་པ་ཡིས།། དཀའ་བའི་རོལ་པ་སྤྱོད་པ་ཡིས།། རྡོ་རྗེ་བདུད་རྩི་བདེ་བ་ཆེ།། གསང་བའི་འཁོར་ལོ་བསྒྲུབ་པར་བྱ།། མ་དང་ཆུང་མ་བུ་མོ་དང། ། སྲིང་མོ་སྙིང་མོ་དེ་བཞིན་དེ།། རྡོ་རྗེ་བདུད་རྩི་དེ་དག་ལས།། བླངས་ནས་གསང་བའི་དཀྱིལ་འཁོར་མཆོད།། མ་ལུས་བདུད་རྩི་བླངས་པས་ནི།། རྡོ་རྗེ་བདུད་རྩི་དང་མཉམ་འགྱུར།། སྲིང་མོ་ན་མེད་ན་སོ་གཞོན། ། བུ་མོ་ཡིས་ནི་འདི་ཀུན་སྦྱོང།། གཉེན་མཚམས་ཀྱིས་ནི་དོན་ཡོད་གྲུབ།། དཀྱིལ་འཁོར་གསང་བར་འདོད་པར་བྱ།། ལྕེ་ནི་དྲིལ་བར་བྱས་ནས་སུ།། ཁ་ཡི་པད་མར་བླང་བར་བྱ།། རྡོ་རྗེ་བདུད་རྩི་བདེ་བ་ཆེ། ། དེ་ནས་མྱུར་བར་འགྲུབ་པར་འགྱུར།། བུང་བ་རྩེ་བའི་ཚུལ་གྱིས་ནི།། བུད་མེད་ཐམས་ཅད་འདོད་པ་སྤྱད།། འཁྱོག་དང་བརླ་ཤ་བསྐྱང་བ་དང།། ལང་ཚོ་ཤིན་ཏུ་རྒྱས་པ་ཡི།། བྱེད་པའི་བཅིངས་པའི་སྦྱོར་བ་ཡིས། ། གནས་གསུམ་དག་གིས་བསྒྲུབ་པར་བྱ།། ཤ་ཆེན་དང་ནི་ཁྲག་ཆེན་དང།། དེ་བཞིན་བཤང་གཅི་ཁུ་བ་དང།། དེ་དག་རྡོ་རྗེ་བདུད་རྩི་ལྔ།། ཉིན་དང་མཚན་དུ་བསྒྲུབ་པར་བྱ།། རྡོ་རྗེ་བདུད་རྩི་བདེ་བ་ཆེ།། གལ་ཏེ་དངོས་གྲུབ་བདག་འདོད་ན། ། དེ་ཡིས་དོན་རྣམས་ཐམས་ཅད་ནི།། བསྒྲུབ་པ་པོས་ནི་མཆོག་ཏུ་བསྒྲུབ།། དབང་དང་དགུག་དང་ཞེ་སྡང་དང།། གསོད་དང་བསྐྲད་པ་ལ་སོགས་པ།། རྡོ་རྗེ་བདུད་རྩི་བདེ་ཆེན་པོས། ། བྱ་བ་ཐམས་ཅད་ཀུན་ཏུ་བྱ།། རྡོ་རྗེ་བདུད་རྩི་བདེ་ཆེན་པོ།། བཅོམ་ལྡན་རྡོ་རྗེ་བདུད་རྩིས་དེ་སྐད་གསུངས།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང། གསུང་དང། ཐུགས་རྡོ་རྗེ་ཅན། རྡོ་རྗེ་བདུད་རྩིའི་རྒྱུད་ཆེན་པོ་ལས། གསང་བའི་དཀྱིལ་འཁོར་བྱེད་པའི་ཚུལ་བསྟན་པའི་ལེའུ་སྟེ་དང་པོའོ།།།། དེ་ནས་ལྷ་མོ་མཱ་མ་ཀིས།། པད་མ་སྔོན་པོ་དེ་དགྱེད་ནས།། དམ་པོར་འཁྱུད་པ་བྱས་ནས་སུ།། དབང་པོ་ཀུན་ལ་འོ་མཛད་ཅིང། ། མ་མཆུ་སོ་ཡིས་བཟུང་ནས་ནི།། སི་ཞེས་བྱ་བའི་སྔགས་བརྫོད་དོ།། དེ་ནས་རྡོ་རྗེ་བཞད་མཛད་ནས།། རྡོ་རྗེ་བཅིངས་པས་སྒྲ་བཟུང་བས།། པད་མར་རྡོ་རྗེ་བཅུག་ནས་སུ།། ཆགས་པའི་ཆགས་པས་འདོད་ཆགས་མཛད། ། སི་ཞེས་བྱ་བའི་སྒྲ་སྙན་དང།། ཁུ་བྱུག་དང་ནི་བུང་བའི་སྒྲས།། ལྷ་མོ་དག་པར་འདོད་སྤྱོད་ཅིང།། རྡོ་རྗེ་བདུད་རྩི་བདེ་ཆེན་པོས།། ནུ་མ་གཉིས་ནི་མཉེད་པར་མཛད།། སེན་མོའི་རི་མོས་འདེབས་མཛད་ཅིང། ། དེ་ཡང་གོས་ནི་ཕུད་མཛད་དེ།། སྟེང་དང་འོག་ཏུ་གཟིགས་པར་མཛད།། པད་མ་སྡོམ་པོར་སྲོ་མཛད་ཅིང།། དཀྱིལ་བའི་ཚིག་ཀྱང་བརྫོད་པར་མཛད།། སྦོམ་པོའི་པད་མ་མཱ་མ་ཀི། ལྷ་མོ་ཆེན་མོ་ལེགས་སོ་ལེགས། ། ཤིན་ཏུ་འདོད་ལ་ཆགས་པ་ཡིས།། ཡིད་འོང་ཁྱོད་ཀྱིས་ང་མཉེས་པས།། གང་ཞིག་འདོད་པ་རབ་ཏུ་མྱོས།། མཆོག་ཀྱང་ཁྱོད་ལ་ཅི་ཞིག་སྦྱིན།། དེ་ནས་ལྷ་མོ་མཱ་མ་ཀིས།། ཚིག་འདི་དག་ནི་ཆེད་དུ་གསོལ། ། བཅོམ་ལྡན་བདག་གི་དེ་ཉིད་ནི།། བྱང་ཆུབ་སེམས་ཀྱི་རྣམ་སྤྲུལ་བ།། འཕྲ་བས་ཤིན་ཏུ་འཕྲ་བ་ཡི།། ཟག་མེད་ཡེ་ཤེས་ཇི་ལྟར་རོལ།། དེ་ལུས་དབང་གིས་སྤྱོད་པར་འགྱུར།། དེ་ལ་ཐེ་ཚོམ་པ་དང། ། བདག་ནི་ངོ་མཚར་མཆོག་ཏུ་འགྱུར།། རྡོ་རྗེ་བདུད་རྩི་བདེ་ཆེན་པོ།། བཅོམ་ལྡན་རྡོ་རྗེ་འདི་གསུངས་ཏེ།། ཉོན་ཅིག་དེ་ཉིད་མཱ་མ་ཀི། ཡེ་ཤེས་སྦྱོར་བས་སང་བྱེད་པ།། ཤིན་ཏུ་འཕྲ་བས་གསང་ཆེན་པོ།། ཡེ་ཤེས་ཤེས་བྱའི་ངོ་བོ་ཉིད། ། དེ་ནི་བདག་གིས་བཤད་པར་བྱ།། སངས་རྒྱས་བྱང་ཆུབ་རབ་སྒྲུབ་པ།། རྟག་ཏུ་ཟག་མེད་ཟག་མེད་པ།། ཐོག་མ་མེད་ཅིང་ཐོག་མ་སངས།། ཡོད་པ་ཉིད་དང་མེད་པ་ཉིད།། དབང་པོ་དང་བཅས་དབང་པོ་མེད། ། འབྱུང་བ་ཀུན་ཏུ་མ་མཐོང་བ།། སྦྱོར་བའི་ལམ་གྱིས་མཐོང་བ་ཡི།། སྦྱོར་བ་རྣམ་པ་གཉིས་གསུངས་ཏེ།། ཕྱི་དང་ནང་དུ་གནས་པའོ།། ཕྱི་ནི་གཟུགས་ཀྱི་ཕུང་པོ་སོགས།། འབྱུང་བའི་རྣམ་པ་ཀུན་རྫོབ་སྟེ། ། ནང་གི་ལྷ་ཡི་སྦྱོར་བ་ནི།། རྩ་བའི་འཁོར་ལོ་རྣམ་པར་གནས།། སྣ་ཚོགས་གཡོ་དང་མི་གཡོ་བ།། ཁམས་གསུམ་ལ་ནི་མ་གཡོས་པར།། དེ་གཅིག་པུས་ནི་ཁྱད་པར་ཏེ།། རྣམ་བར་ཤེས་པ་ཐམས་ཅད་ནི། ། གང་ཕྱིར་སེམས་ཅན་བདག་ཉིད་བདག། རྣམ་པར་ཤེས་པའི་ཕུང་པོར་གནས།། སྐྱེས་པའི་ཐ་མ་སེམས་རྨོངས་པ།། འགས་ཀྱང་རབ་ཏུ་མི་རྟོགས་སོ།། སེམས་དང་སེམས་བྱུང་སེམས་ཀྱི་གཟུགས།། ཡེ་ཤེས་རྣམ་པར་ཤེས་པ་པོས། ། བྱ་བ་རྣམ་ལ་བྱེད་པ་ཉིད།། ཆོས་རྣམས་ཀྱིས་ནི་ཆོས་ཅན་བསྒོམ།། གང་ཕྱིར་ཆོས་རྣམས་མང་པོ་ཡིས།། ཆུ་རྒྱུན་བཞིན་དུ་རྒྱ་མཚོ་ལ།། ཐར་པ་གཅིག་ཏུ་ཁོ་ནས་འགྱུར།། མང་པོ་ཉིད་ནི་མི་སྐྱེ་སྟེ། ། ཇི་ལྟར་དེ་ཉིད་མི་གནས་པ།། བླ་མའི་ཞལ་ལས་ཐོས་པར་འགྱུར།། བྷ་གའི་ནང་དུ་ནམ་མཁའ་གང།། ནམ་མཁའ་ལྔ་ཡིས་བརྒྱན་པ་སྟེ།། སྙིང་པོ་ཟེ་བ་རྣམ་ལྡན་ཞིང།། འདབ་མ་བརྒྱད་ཀྱིས་རྣམ་པར་བརྒྱན། ། དེ་དབུས་རྡོ་རྗེ་ཅན་བཞུགས་ཏེ།། བྱང་སེམས་བདུད་རྩི་དང་ཡང་ལྡན།། ཆ་དང་ཆ་མེད་རྣམ་གྲོལ་བ།། ཐིག་ལེ་མ་མོ་རྣམ་པར་སངས།། དེར་གནས་རྟག་ཏུ་ཟག་པ་ནི།། བདུད་རྩི་བྱང་ཆུབ་སེམས་ཀྱིས་གཟུགས། ། ཁམས་གསུམ་ཀུན་གྱི་གནས་ཡིན་ཏེ།། སྟེང་དང་འོག་ཏུའང་རྣམ་པར་ཁྱབ།། དེས་ནི་མཐོང་དང་ཐོས་པ་དང།། བསྣམ་པ་ངང་ནི་བརྒྱངས་པ་དང།། རེག་དང་བདེ་བའི་ལོངས་སྤྱོན་ནི།། ཟས་དང་མེ་ཏོག་འཕྲེང་བ་དང། ། རྒྱན་དང་གོས་ཀྱིས་རབ་བརྒྱན་ཏེ།། ངག་གི་སྣ་ཚོགས་གྲགས་པ་ཡང།། བླ་མ་དང་ནི་གཟུང་བ་རྣམས།། རོལ་དང་ཀུན་ཏུ་འགྲོ་བ་དང།། འདུག་དང་དེ་བཞིན་ཉལ་བ་དང།། སད་པ་དང་ནི་ལོག་པ་དང། ། ཐམས་ཅད་རྨི་ལམ་མཐོང་པ་དག།། གཞར་དང་དེ་བཞིན་ཆོ་ངེ་དང།། ཤིན་ཏུ་ཡིད་འཕྲོག་གར་དང་ནི།། རྔ་རྣམས་ཀྱང་ནི་བརྡུངས་པ་སྟེ།། སྣ་ཚོགས་སྐང་ནི་བརྗོད་པ་དང།། སྨྱོན་པ་དང་ནི་སྨྱོས་པ་ཡི། གཟུགས་དང་གཏི་མུག་འདོད་ཆགས་དེ་ཉིད་ནི།། གཟུགས་མེད་མང་པོའི་གཟུགས་ཅན་ཏེ།། ཕོ་དང་མོ་དང་མ་ནིང་རྣམས།། དུ་མའི་གཟུགས་ཅན་ཀུན་གྱི་བདག། སྣ་ཚོགས་གཟུགས་ནི་ནོར་བུ་བཞིན།། ཁྱབ་དང་ཁྱབ་བྱེད་དངོས་པོ་ཡིས། ། དེ་ཉིད་དམ་པ་རྣམ་པར་གནས།། བདག་མོ་དེ་ཡི་དེ་ཉིད་ནི།། བཟླས་མེད་འཛིན་པའང་ཡོད་མ་ཡིན།། བགྲང་འཕྲེང་བ་ནི་གང་ཡང་མེད།། བགྲང་འཕྲེང་བ་ཡང་མི་བྱའོ།། བྷ་གའི་པད་མར་མཆོད་པར་བྱ། ། མཁས་པས་བདུད་རྩི་བཟའ་བར་བྱ།། རྡོ་རྗེ་བདུད་རྩི་བདེ་བ་ཆེ།། དེ་ཡིས་དེ་ཉིད་གྲུབ་པར་འགྱུར།། གང་དེ་བདུད་རྩི་འབབ་པའི་རྩ།། བྷ་གའི་དབྱིངས་སུ་རྣམ་པར་གནས།། རྩ་གཞན་སུམ་ཅུ་རྩ་གཉིས་ལ། ། དེ་ཡི་དབུས་སུ་གཙོ་བོ་དེ།། དེ་དག་ལས་གཞན་ཤིན་ཏུ་མཆོག། རྩ་དགུ་དག་ནི་རྣམ་པར་གནས།། སྒོ་དགུ་ལ་གནས་རིག་མ་དག། སྒྲུབ་པ་པོས་ནི་མཆོད་པར་བྱ།། དེ་དག་གསང་ཆེན་མཆོག་རབ་ནི། ། ཞལ་བཟངས་མ་སྐྱེ་སྦྱོར་བར་བཤད།། སྣ་ཚོགས་རྣམ་སྣང་མཛད་སོགས་པ།། དེ་བཞིན་གཤེགས་པས་མི་ཤེས་ཏེ།། ཤིན་ཏུ་དགའ་བའི་ཡིད་བདེ་བས།། སྦྱོར་བ་དམ་པར་བསྟན་པའི་ས།། གསང་བའི་པད་མ་མཐོང་པས་ན། ། ཤིན་ཏུ་སྦོམ་པོ་མཱ་མ་ཀི། དེ་ཕྱིར་རྡོ་རྗེ་བདུད་རྩི་ཡི།། བདེ་ཆེན་དེ་ཉིད་བདག་གིས་བཤད།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང། གསུང་དང། ཐུགས་ཀྱི་རྡོ་རྗེ་ཅན།། རྡོ་རྗེ་བདུད་རྩི་བདེ་བ་ཆེན་པོའོ་རྡོ་རྗེ་བདུད་རྩིའི་རྒྱུད་ཆེན་པོ་ལས། ། དེ་ཁོ་ན་ཉིད་སྦྱོར་བའི་ཡེ་ཤེས་བསྟན་པ་ཞེས་བྱ་བའི་ལེའུ་སྟེ་གཉིས་པའོ།།།། དེ་ནས་མགུ་བའི་ལྷ་མོ་དེས།། ཧ་ར་ནུ་ཕུར་གྱིས་བརྒྱན་ཏེ།། འདི་དག་དབྱངས་ཀྱིས་བསྐུལ་ནས་ནི། ། སེམས་དཔའ་ཆེན་པོ་དགྱེས་པར་བྱེད།། སྤུང་མཛད་རྡོ་རྗེ་བདེ་ཆེན་པས།། བདག་གིས་དམ་པའི་དོན་འཚལ་ལགས།། བྷ་གའི་པད་མར་བདེ་བ་ཆེན་པོ་སྟེ།། རྡོ་རྗེའི་དོན་དེ་བདེ་བ་ཆེན་པོ་ལགས། ། ཁུ་བྱུག་དང་ནི་སྐད་ཕྲད་དང།། རོལ་མོ་སྐད་དྲུག་གྲངས་དང་ནི།། སྣ་ཚོགས་ཐུན་མོང་རྣམ་དག་ནི།། སྙན་པའི་སྒྲ་ཡིས་བླང་བར་བྱ།། འདིས་ནི་གླུ་ནི་ལེན་པ་དང།། དགའ་བའི་བདེ་བ་བྱེད་རྣམས་ཀྱིས། ། རྡོ་རྗེ་ཅན་བདུད་རྩི་བདེ་བ་ཆེ།། སངས་རྒྱས་བྱང་ཆུབ་བསྒྲུབ་པར་བྱ།། གསང་བའི་དཀྱིལ་འཁོར་བཀའ་སྩལ་པས།། དེ་ཉིད་ཀྱིས་ནི་ཐེ་ཚོམ་བཅད།། རྡོ་རྗེ་ཅན་ཁྱོད་བཀའ་དྲིན་བདག། ཡེ་ཤེས་ཀྱིས་ནི་བྱ་བ་བྱས། ། ཤིན་ཏུ་ཆགས་པས་བཅོམ་ལྡན་འདས། རྡོ་རྗེ་བདུད་རྩི་བྱུང་བ་འདི།། རྡོ་རྗེ་ཐེག་པ་འབྱུང་བ་ཡི།། སྦྱོར་བ་བདག་གིས་བསྟན་ལགས་ཀྱང།། སྔགས་དང་ཕྱག་རྒྱ་བྱེད་པ་ལ།། ང་རུང་བདག་ལ་ཐེ་ཚོམ་མཆིས། ། ཇི་ལྟར་ཕྱག་རྒྱ་ཡང་དག་འབྱུང།། དེ་དག་སྔགས་ནི་ཇི་ལྟར་ལགས།། སྔགས་རྣམས་གང་ལས་སྐྱེས་པ་ལགས།། ཁྱད་པར་དུ་ནི་ལྷ་རྣམས་ཀྱང།། ལྷ་དེ་བདག་གི་ཐེ་ཚོམ་འཚལ།། མདོར་ན་དེ་ནི་བདག་ལ་གསུངས། ། རྡོ་རྗེ་བདུད་རྩི་བདེ་ཆེན་པོ།། བཅོམ་ལྡན་རྡོ་རྗེ་ཅན་འདི་གསུངས།། ཕྱག་རྒྱ་སྔགས་དག་འབྱུང་བ་ནི།། བཤད་དོ་ཉོན་ཅིག་མཱ་མ་ཀི། ཕྱག་རྒྱ་རྣམ་པ་གསུམ་གསུངས་ཏེ།། སྐུ་དང་གསུང་དང་ཐུགས་ལས་འབྱུང། ། སྐུས་ནི་ལག་པའི་ཕྱག་རྒྱར་འགྱུར།། གསུང་གི་ཕྱག་རྒྱ་སྔགས་མཚན་ཉིད།། ཐུགས་ནི་མཚན་མའི་ཕྱག་རྒྱ་སྟེ།། བསམ་གཏན་རི་མོ་གཉིས་མེད་གནས།། རྡོ་རྗེ་བདུདརྩི་རྒྱུད་ཆེན་ལ།། ལག་པའི་ཕྱག་རྒྱ་རྣམས་སྤངས་ལ། ། སྦྱོར་བའི་ཕྱག་རྒྱ་རྟག་ཤེས་བྱ།། མཚན་མའི་ཕྱག་རྒྱ་མི་བྲིའོ།། ལྷ་ཡི་ལྷ་མོ་བུད་མེད་དོ།། དབང་པོ་ཐམས་ཅད་བདེ་བ་རུ།། བྷ་གའི་པད་མར་མཆོད་པ་བྱ།། རྡོ་རྗེ་པད་མོར་མཉམ་སྦྱོར་ཞིང། ། ལས་རྣམས་ཐམས་ཅད་འགྲུབ་པར་བྱ།། ཇི་ལྟར་དཔག་བསམ་ཤིང་ཆེན་གྱི།། ཡལ་ག་ཕྱག་རྒྱ་སྟོང་ལྡན་པའི།། རྩ་བ་དེ་ལས་བཟུང་ནས་ནི།། སྐྱེས་པའི་སྐྱེན་དུ་གྱུར་པ་བཞིན།། དེ་ལྟར་བདུད་རྩི་འབབ་པའི་རྩ། ། སྔགས་དང་ཕྱག་རྒྱ་ཡུམ་ཡིན་ཏེ།། སྔགས་རྣམས་ཀྱིས་ནི་སྐྱོང་བྱེད་དོ།། བྷ་གའི་དབུས་སུ་གནས་པ་འོ།། དེ་ནས་བཅོམ་ལྡན་རྡོ་རྗེ་ཅན།། རྡོ་རྗེ་བདུད་རྩི་བདེ་ཆེན་པོས།། རྡོ་རྗེ་གཙུག་ནས་མཱ་མ་ཀི། ཉིན་གཅིག་སྔགས་རྣམས་མཚན་ཉིད་ན། ། དང་པོ་རྣམ་པར་སྣང་མཛང་སྦྱོར།། བཛྲ་ཨ་མྲྀ་ཏ་མཧཱ་སུ་ཁ། ས་བོན་བཞི་དང་མཉམ་ལྡན་ལ།། སྦ་ཡི་ཡི་གེ་ཡང་སྦྱར་རོ།། རྡོ་རྗེ་བདུད་རྩི་སྙིང་པོ་ནི།། འདོད་བ་ཐམས་ཅད་རབ་བསྒྲུབ་པ། ། སྡིག་པ་དག་ནི་ཐམས་ཅད་འདག། ངན་འགྲོ་རྣམས་ལ་སྙིང་རྗེ་སྐྱེ།། ཡང་ནི་རྣམ་པར་སྣང་མཛད་སྤྱན།། གཉིས་པ་དང་ནི་བཞི་པ་ལ།། བཞི་པའི་ས་ནི་མཉམ་ལྡན་པ།། མཱ་མ་ཀི་ཡི་སྙིང་པོ་མཆོག། བརྒྱད་དག་ཁོ་ནའི་དབུས་སུ་གང།། བརྒྱད་ལ་བརྒྱད་ཀྱིས་རྣམ་པར་བརྒྱན།། འདབ་བརྒྱད་ལ་ནི་སྦྱོར་བྱས་ཏེ།། ལྷ་མོ་རྣམས་ཀྱི་སྔགས་བསྡུ་འོ།། སྒོ་སྔགས་དག་གི་སྔགས་རྣམས་ནི།། ཉོན་ཅིག་སྐལ་བཟང་མཱ་མ་ཀི། སྡེ་ཚན་མཐའ་ཡི་སྔགས་བཏུས་ཏེ།། ས་བོན་བརྒྱད་ཀྱིས་སྔགས་རིགས་པས།། སྟོང་པའི་ལྷ་ཡིས་ནོན་བྱས་ཏེ།། རྣམ་པར་སྣང་མཛད་དང་ལྡན་མ།། སྭཱ་ཧཱ་ཡི་གེ་མཉམ་པོར་ལྡན།། དངོས་གྲུབ་ཐམས་ཅད་རབ་འབྱོན་མ། ། བཞི་ནི་སྒོ་བསྲུངས་བཞི་ཡིན་ཏེ།། བཞི་ནི་མེ་ཏོག་སྤོས་མེ་སོགས།། མ་ནིང་ཡི་གེ་གྲཝ་བཞི་ལ།། སྭཱཧཱ་རྣམ་པར་སྣང་མཛད་ཀྱིས།། གསང་བའི་དཀྱིལ་འཁོར་མཱ་མ་ཀི། རོལ་མོའི་སྒྲ་ནི་ཀུན་གྱིས་མཆོད། ། རྡོ་རྗེ་བདུད་རྩི་བདེ་ཆེན་པོ།། བཅོམ་ལྡན་རྡོ་རྗེ་དེ་གསུངས་སོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང།། གསུང་དང། ཐུགས་རྡོ་རྗེ་ཅན། རྡོ་རྗེ་བདུད་རྩི་བདེ་བ་ཆེན་པོའི་རྡོ་རྗེ་བདུད་རྩིའི་རྒྱུད་ཆེན་པོ་ལས། སྔགས་འབྱུང་བ་བསྟན་པ་ཞེས་བྱ་བའི་ལེའུ་སྟེ་གསུམ་པའོ།།།། དེ་ནས་སྦྱིན་སྲེག་ལས་དག་གིས།། ཆོ་གའི་རིམ་པ་བཤད་པར་བྱ།། རྣམ་འབྱོར་རྒྱུད་ཀྱི་ཆོ་ག་ལས།། སྐུ་གསུང་ཐུགས་ནི་འགྲུབ་པ་ཡིས། ། ཞི་བ་དང་ནི་རྒྱ་པའི་ལས།། དེ་བཞིན་དབང་དང་མངོན་སྤྱོད་དང།། ཞེ་སྡང་སྐད་དང་དེ་བཞིན་དུ།། སྔགས་དང་ཕྱག་རྒྱའི་བསྒྲུབ་པ་རྣམས།། དེ་ཀུན་བདག་གིས་བཤད་པར་བྱ།། རྡོ་རྗེ་བདུད་རྩི་བདུད་རྩི་འབྱུང། ། རྡོ་རྗེ་སེམས་དཔའི་གྱིང་བྱེད་བ།། རྐུན་རྟེན་བཅས་པས་གཉིས་གནས་པ།། ཐམས་ཅད་བརྒྱད་པ་ཀྱིས་བརྒྱན་པའི།། སློབ་དཔོན་དཀྱིལ་འཁོར་འཇུག་པར་བྱ།། ཁམས་གསུམ་རྣམ་པར་རྒྱལ་འགྱུར་ན།། རྐང་པ་གཡས་པ་བརྐྱང་བར་བྱ། ། གཡོན་བརྐྱང་བ་ཡང་སྐྱིན་པར་བྱ།། རྐང་མཉམ་སྣ་ཚོགས་ཐམས་ཅད་ཀྱིས།། ས་ནི་ཡང་དག་སྦྱར་བར་བྱ།། ས་ལ་རེག་འཇམ་སྐྱེས་ཕྱིར་དང།། དེ་ནས་བདུད་དང་ལུས་སྲུལ་པོ། ། བགེགས་རྣམས་ཀྱང་ནི་བསྐྲད་པར་བྱ།། གཞན་ཡང་ལུས་སྲུལ་པོ་ལ་སོགས།། གོང་དུ་བླ་མ་ལ་ཕྱག་འཚལ་ལོ།། ཕྱི་ནང་དང་པོར་དགུག་པར་བྱ།། ཨོཾ་ཨེ་ཧྱ་ཧི་མ་ཧཱ་དེ་བ་སྤྲི་ཏོ་བེ་ལོ་ཀ་མ་རེ་སརྦ་ར་ཏ་ན་སུ་སང་བུ། ། དེ་བཱ་ལ་ཀ་ར་པུ་ཤི་ཏེ།། ཧ་ར་ནུ་སུ་ར་ནིར་གྷོ་ཤོ་བཛྲ་སྭ་ར་པྲ་ཤུ་ཛ་ཏེ།། གྲི་ཧི་ཏྲ་རུ་མ་མ་རྒ་ཧོམ་ཀརྨ་དུ་དྷ་ཡེ་ར་ཧྲི་ཧི་ཧི་ཧ་སྭཱ་ཧཱ།། བཤང་གཅི་ཁྲག་དག་ཁུ་བ་ཡིས།། དཀྱིལ་འཁོར་ས་ལ་གཏོར་བར་བྱ། ། བདུད་སྤོས་ཉེ་བར་བྱ་བའི་ཕྱིར།། ཤ་ཆེན་གྱིས་ནི་དབུལ་བར་བྱ།། དེ་ནས་རིགས་མ་འཇུག་པར་བྱ།། གདོལ་པ་མོ་དང་གཡུང་བ་མོ།། གར་མཁན་མོ་དང་བྲམ་ཟེ་མོ།། རྒྱལ་རིགས་མ་དང་རྗེའུ་རིགས་མ། ། དམངས་མོ་རྒྱལ་རིགས་དུས་མ་ནི།། དྲི་དང་སྤོས་ཀྱིས་མཆོད་བྱས་ཏེ།། ལྷ་ཡི་རྒྱན་གྱིས་བརྒྱན་པར་བྱ།། ཡན་ལག་ལྔ་ལ་ཡི་གེ་ཧྲི།། བྷ་གའི་དབུས་སུ་ཡི་གེ་ནུ།། སྤྱན་མ་སྒྲོལ་མ་གོས་དཀར་སོགས། ། ཡིད་དུ་འོང་བ་བསྒོམ་པར་བྱ།། བྷ་གའི་དབུས་སུ་སློབ་དཔོན་གྱིས།། མེ་ཏོག་དོར་ལ་བསྐུར་བར་བྱའོ།། དེ་ནས་སྔགས་པས་ཧོམ་ཁུང་ནི།། ཚང་མར་ཀུན་ཏུ་བྲི་བྱ་སྟེ།། ཞི་ལ་ཟླུམ་པོར་བྲི་བ་སྟེ།། ཁྲུ་གང་ཙམ་དུ་ཐིག་གདབ་བོ། ། ཁྲུ་ཕྱེད་ས་ལ་བརྐོས་ནས་སུ།། དཀར་རྩི་མཚོན་གྱིས་བྱུགས་པར་བྱ།། ཀུན་ཏུ་འཁོར་ལོ་ཚུལ་ལྟར་ཡང།། ངོས་སུ་མཉམ་པོར་བྲི་བའོ།། རྒྱས་པ་ལ་ནི་ཁྲུ་གང་བརྐོ་བར་བྱ།། ཐམས་ཅད་ཀྱི་ནི་ཁྲུ་བཞི་སྟེ། ། མུགས་མཚལ་དང་བཙག་གིས་བྲི་བའོ།། མངོན་སྤྱོད་ལ་ནི་ཟུར་གསུམ་སྟེ།། སོར་ནི་ཉི་ཤུ་ཡངས་པའི་ཚད།། ཉི་ཤུ་ཕྱེད་ནི་བརྐོ་བྱས་ནས།། དབུསསུ་རྡོ་རྗེ་རྒྱ་གྲམ་ཡང།། འཕྲེང་བའི་འཕྲེང་གིས་དཀྲིས་པ་བྲི། ། དེ་བཞིན་དབང་དང་དགུག་པ་ལ།། ཟླ་གམ་ཡང་དག་བྲི་བ་འོ།། ཧོམ་ཁུང་ཡང་དག་བསྟན་ནས་སུ།། ཕྱོགས་ཀྱི་ཆ་ཡང་བསྟན་པར་བྱ།། བྱང་དུ་མངོན་པར་ཁ་བལྟས་ཏེ།། སྔགས་པས་ཞི་བའི་ལས་བརྩམ་བྱ། ། རྒྱས་པ་ལ་ནི་རྟག་ཏུ་ཤར།། མངོན་སྤྱོད་ལ་ནི་ལྷོ་རུ་སྟེ།། ནུབ་ཏུ་དབང་ནི་ཉིད་དུ་བརྗོད།། དགུག་དང་བསྐྲད་དང་དེ་བཞིན་ནོ།། མངོན་སྤྱོད་རྟག་པར་ནག་པོ་སྟེ།། མཚོན་སྣ་ལྔ་ཡིས་དབང་སོགས་བྱ།། འབྲས་དང་ཏིལ་དང་འོ་མ་དང། ། མར་དང་སྦྲང་རྩི་ལྡན་ཅིག་པར།། བདུད་རྩི་ལྔ་དང་ལྡན་པ་ཡི།། ཞི་བ་རྒྱས་པར་སྦྱིན་སྲེག་བྱ།། མཉམ་པའི་ཤིང་དང་དུ་བ་དང།། འོ་མའི་ཤིང་དང་དྲི་ཞིམ་དྲི།། བཟའ་བ་རྣམ་པ་སྣ་ཚོགས་དབུལ། ། གཏོར་མ་འབྱུང་པོ་ཐམས་ཅད་ལ།། གཏོར་མ་གང་ཞིག་བསྒྲུབ་པ་པོས།། ཧེ་རུ་ཀ་ཡི་ཕྱག་རྒྱས་སྦྱིན།། གང་ཞིག་ཅུང་ཟད་ཡིད་འདོད་པ།། རྟག་ཏུ་རྣལ་འབྱོར་པ་ཡིས་འགྲུབ།། སྟོན་གྱིས་དུས་ན་ཞི་བ་སྟེ། ། རྒྱས་པ་དེ་བཞིན་དགུན་གྱི་དུས།། དཔྱིད་ཀ་མངོན་སྤྱོད་ལས་རྣམས་ནི།། སྒྲུབ་པ་པོར་ནི་ཐམས་ཅད་སྦྱིན།། རྒྱས་པ་དེ་བཞིན་སྲོད་ལ་སྟེ།། ཉི་མ་ཕྱེད་ལའམ་ནམ་ཕྱེད་ན།། རྟག་པར་མངོན་སྤྱོད་བྱ་བ་འོ།། ཧོམ་ཁུང་དབུས་སུ་ཡི་དམ་ལྷ། ། ཡི་གེ་ཧཱུཾ་གིས་བསྐྱེད་ནས་སུ།། ཞལ་ནི་གདངས་པ་བསམ་བྱ་སྟེ།། སྦྱིན་སྲེག་དེ་ལ་དབུལ་བར་བྱ།། སྦྱིན་སྲེག་འབུམ་ཕྲག་ཕུལ་གྱུར་ན།། མངོན་དུ་མངོན་སུམ་ཁོ་ནར་འགྱུར།། དང་པོ་མེ་ནི་དགུག་བྱ་བ། ། ལྷ་རྣམས་ཀྱིས་ནི་མཆོད་པ་ཉིད།། འོད་ཟེར་འཕྲེང་འཁྲུགས་དྲག་པོའི་ལྷ།། སངས་རྒྱས་བྱང་ཆུབ་རབ་བསྒྲུབ་པ། ཨཽཾ་མེ་ཧྱེ་ཧི།། ཏྲ་ཡ་མ་བ་ཤྱ་བྷ་སུ་ཏ་ཀྵ་སི་དྷ་ཧྲེ་ལོ་ཀྱ་ཤུ་ཛ་ཏ་བྲ་བི། ཥ་ན་མ་ཀྲི་ཏང་གྲི་ཧི་སྭ་མ་ཏྲ་ཡི་དང་མརྒ་པ་ཉཱ་ཏྲ། ། བྱ་ས་བཛྲ་ནི།། ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། དང་པོ་ལ་ནི་མཆོད་ཡོན་དབུལ།། ཕྱིས་ནི་ལྷ་བཤོས་མེ་ཏོག་དབུལ།། ལྷ་ཡི་མེ་ཏོག་ཤིན་ཏུ་དམར།། དྲི་ཞིམ་ཤིན་ཏུ་མཛེས་པ་ཡི།། མེ་ཏོག་དེ་རིང་བཞེས་ནས་སུ། ། འདི་ལ་བྱིན་གྱིས་བརླབས་པར་མཛད།། ཧཱུཾ་མེ་ཏོག་གི་སྔགས་སོ།། མར་མེ་འོད་ཟེར་འབར་བ་ནི།། ངན་འགྲོའི་འཇིགས་པ་འཇོམས་བྱེད་པ།། ལྷ་ཡི་མིག་འབྱེད་བཀྲ་ཤིས་པ། ། མར་མེ་ཁྱོད་ཀྱིས་བཞེས་སུ་གསོལ།། ཧཱུཾ་མར་མེའི་སྔགས་སོ།། ཙན་དན་ག་པུར་བཅས་པ་ཡི།། དྲི་ཞིམ་སྤོས་མེ་ཏོག་བདུན་པ་ནི།། མཐུ་དང་བཅས་པས་བྱེད་པའི་སྤོས།། ཁྱེད་ཀྱིས་བཞེས་ནས་བྱིན་རླབས་མཛད། ། ཧཱུཾ་སྤོས་ཀྱི་སྔགས་སོ།། སྣ་ཚཽགས་ལྷ་ཡི་དྲི་ཞིམ་པ།། སྣ་ཚོགས་ག་པུར་རྣམ་པར་བརྒྱན།། སྣ་ཚོགས་ཡི་ག་ཧཱུཾ་ལས་བྱུང།། དྲི་ནི་བཞེས་ནས་བྱིན་གྱིས་བརླབས་པར་མཛད།། ཧཱུཾ་ཧཱུཾ་ཡི་སྔགས་སོ།། དང་པོར་མཆོད་པའི་ཚོགས་ནི། ། ཐེ་ཚོམ་མེད་པར་མེ་ལ་བྱ།། ཕྱིས་ནི་རང་གི་ཡི་དམ་ལྷ།། སྔགས་ཀྱི་བཟླས་བརྗོད་རིག་པར་བྱ།། དབྱངས་དང་གར་དང་ཟས་རྣམས་ཀྱིས།། རྣམ་པ་དུ་མས་རོལ་བྱས་ཏེ།། རིམ་པར་སྒྲུབ་པ་པོ་ཉིད་དང། ། ཚོགས་ལ་མཆོད་པས་མཉེས་པར་བྱ།། གལ་ཏེ་དངོས་གྲུབ་བདག་འདོད་ན།། སྐུ་གསུང་ཐུགས་ཀྱི་བསྒྲུབ་པའོ།། འདིས་ནི་མར་དང་བདུག་སྤོས་དང།། རས་ནི་གནས་སུ་དབུལ་བར་བྱ།། རྩེ་ལྔ་བ་ཡི་མེ་མཆོག་སྟེ། ། བདག་འདོད་ན། རྩེ་གསུམ་པ་ནི་འབྲེང་དུ་བརྗོད།། འབར་བའི་རྩེ་མོ་དུ་བ་དཀར།། གཡས་སུ་འཁོར་བ་དོན་གྲུབ་བཅས།། མེ་ལྷ་བླ་མ་རྡོ་རྗེ་འཛིན།། མཆོད་ནས་གཤེགས་སུ་གསོལ་བར་བྱ། ། ཨོཾ།། མེ་ཡི་ལྷ་ནི་གྲུབ་པར་མཛད།། སེམས་ཅན་ཐམས་ཅད་བདེ་བ་འདྲེན།། སྐུ་གསུང་ཐུགས་ཀྱི་སྒྲུབ་དོན་དུ།། ལྷ་རྣམས་ལས་ནི་རྗེས་སུ་བསྐྱོབ།། ཡེ་ཤེས་ཞི་བ་གཤེགས་ནས་སུ།། ས་གཞི་ཞི་བར་རབ་མཛོད་ཅིག། རྒྱུ་དང་མི་རྒྱུ་བཅས་པ་ཡི།། བསྒྲུབ་པ་པོ་དང་ཐམས་ཅད་དང།། བདག་གི་བསོད་ནམས་འབྲས་འགྱུར་དང།། སྔགས་ཀྱི་དངོས་གྲུབ་རབ་གསོལ་ཅིག། ཨ་ཨཱ་ཨི་ཨཱི་ཨུ་ཨཱུ+ྀ་རྀ་རཱ་ལྀ་ལཱྀ་ཨེ་ཨཱ+ཻ་ཨོ་ཨོ་ཨ་ཧཱུཾ་ན་སྭཱ་ཧཱ། ཧཱུཾ། རྡོ་རྗེ་བདུད་རྩི་བདེ་བ་ཆེ།། བཅོམ་ལྡན་རྡོ་རྗེ་དེ་གསུངས་སོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང། གསུང་དང། ཐུགས་རྡོ་རྗེ་ཅན། རྡོ་རྗེ་བདུད་རྩི་བདེ་བ་ཆེན་པོའི་རྡོ་རྗེ་བདུད་རྩིའི་རྒྱུན་ཆེན་པོ་ལས། སྦྱིན་སྲེག་ཆོ་ག་བསྟན་པ་ཞེས་བྱ་བའི་ལེའུ་སྟེ་བཞི་པའོ།།།། བདུད་རྩི་སྨན་གྱི་རྒྱུད་ཆེན་པོ་རྫོགས་སོ།།།། རྒྱ་གར་སྐད་དུ། ། བྲུཾ་ཨ་ནུ་མ་ཧཱ་པྲ་བན་ཏ།། བོད་སྐད་དུ།། གནས་ལུང་ཆེན་པོ་བསྟན་པ།། སངས་རྒྱས་བཅོམ་ལྡན་འདས་ཞི་ཁྲོ་འབར་བའི་ཚོགས་ལ་ཕྱག་འཚལ་ལོ།། དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། ། འདི་སྐད་བསྟན་པའི་དུས་གཅིག་ན། བཅོམ་ལྡན་འདས་ཡིད་ཀུན་ཏུ་བཟང་པོས། ཐམས་ཅད་དུ་འོག་མིན་པའི་སྟེང་ཕྱོགས་ན། སེམས་ཅན་ཐམས་ཅད་འཁོར་བ་དང། ངན་སོང་ལས་སྒྲོལ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། སྐུ་དང། གསུང་དང། ཐུགས་ཅད་དུ་འོག་ཟེར་གྱི་དྲ་བ་ཕྱོགས་བཅུར་བཀྱེ་སྟེ། སེམས་ཅན་ཐམས་ཅདཀྱི་ལུས་ངག་ཡིད་གསུམ་ལ་ཁྱབ་པས་དེ་དག་ཐམས་ཅད་ཀྱི་མ་རིག་པ་དང། མ་རྟོགས་པ་དང། མ་ལྡན་པའི་རྟོགས་པ་ཐམས་ཅད་མུན་སྲོས་པའི་ནམ་མཁའ་ལ་ཡེ་ཤེས་ཀྱི་ཉི་མ་ཤར་བ་བཞིན། ཐོག་མ་མེད་པའི་དུས་ནས། རྟོག་པའི་བག་ཆགས་བརྟས་པའི་སེམས་ཅན། ང་བདག་དང་བདག་ཏུ་ཕྱོགས་རིས་སུ་རྟོགས་པའི་དབང་གིས་ཁམས་གསུམ་དུ་འཁོར་ཞིང། ཉོན་མོངས་པའི་རྒྱུར་གྱུར་པ་རྣམས་ལ། ཐབས་མཁས་པའི་ཐུགས་རྗེ་ཆེན་པོས། སེམས་ཅན་ཐམས་ཅད་འཁོར་བའི་ཆོས་དངོས་པོ་ཅན་ལས། མྱ་ངན་ལས་འདས་པའི་ཆོས་ཅན་ལས། མྱ་ངན་ལས་འདས་པའི་ཆོས་དངོས་པོ་མེད་པ་སྣང་ལ་རང་བཞིན་མེད་པའི་སྐུ་དང། གསལ་ལ་མི་རྟོག་པའི་ཡེ་ཤེས་ཡེ་ནས་གཉིས་སུ་མེད་པའི་དབྱིངས་སུ་བསྒྲལ་བའི་ཐུགས་ཡེ་ཤེས་ཀྱི་རང་གནས་ཡིན་པརབྱིན་གྱིས་བརླབས་སོ། ། དེ་ཡང་འཕྲལ་དུ་བརླབས་པ་མ་ཡིན་ཏེ། དཔེར་ན་མེ་ལོང་གཡས་གོས་པ་ཕྱིས་པ་བཞིས། ཆོས་ཐམས་ཅད་ཡེ་དང་པོ་ནས། བྱང་ཆུབ་སེམས་བདེ་བ་ཆེན་པོའི་སྙིང་པོ། ཡེ་ནས་མ་བཅོས་པའི་རང་བཞིན་ཡང་དག་པར་ཐམས་ཅད་དུ། སངས་རྒྱས་པར་རྒྱས་བར་རྟག་པའི་ངེས་དོན་དང། གསང་སྔགས་ཆེ་བའི་རྐྱེན་གྱིས་བྱིན་གྱིས་བརླབས་ཁྱད་པར་དུ་ཀུན་ཏུ་བཟང་པོར་གྲུབ་པར་མཛད་དོ། དེ་ཅིའི་ཕྱིར་ཞེ་ན། སྣང་སྲིད་ཐམས་ཅད་ཆོས་ཉིད་ཀྱི་གནས་ཡིན་ལ། རང་རིག་པའི་ཡེ་ཤེས་ནི་ཆོས་ཉིད་ཀྱི་སྟོན་པ་ཡིན་པ་ལ། སྐྱེ་འགྲོ་ཐམས་ཅད་ནི་ཆོས་ཉིད་བདེ་བ་ཆེན་པོར་བསྒྲལ་བ་ནི། འཁོར་བ་ཆོས་ཉིད་ཡིན་ལ། རྣམ་རྟོག་ཐམས་ཅད་ཡེ་ཤེས་ལ། སྡུག་བསྔལ་ཐམས་ཅད་བྱང་ཆུབ་ཡིན་པའི་ཕྱིར་རོ། དེ་ལྟར་བུའི་ཐེག་པ་འདི། དཔེར་ན་ཤོང་ཡངས་ཆེ་ཆུང་གིས་ནམ་མཁའ་ཡངས་པ་ཀུན་ལ་ཤོངས་པ་དང་འད་བར། ཐེག་པ་ཐམས་ཅད་ལས་གོང་དུ་འཕགས་པ་འམ། ཐེག་པ་ཐམས་ཅད་ལས་ཁྱད་པར་དུ་འཕགས་པས། ཀུན་གྱི་གཞི་ཡིན་པའི་ཕྱིར། འདིའི་ནང་དུ་མ་འདུས་པ་གང་ཡང་མེད་པས། ཐེག་པ་ཐམས་ཅད་འདིའི་འཁོར་དུ་འདུས་པས། ཐེག་པ་གང་དང་ཡང་མི་འགལ་བར་བྱ་བའི་ཕྱིར། དང་པོ་རྣལ་འབྱོར་གྱི་གནས་གཞུང་དང་མཐུན་ཞིང་ཚུལ་དང་ལྡན་པ་བཙལ་བ་དང། དེ་ཡང་སེམས་མ་སྐྱེས་པའི་དབྱིངས་ཡེ་ནས་རྣམ་པར་དག་པ་ཤེས་ན། གནས་བཙལ་ཀྱང་མི་དགོས། རྙེད་ཅིང་ཡོད་ན་ཡང་མི་འགལ་བ་དང། དེ་ལྟ་བུའི་གནས་སུ་ལས་དང་བྱ་བ་གཞུང་ནས་བྱུང་བ་ཀུན་བྱའོ།། དེ་ཡང་ཀུན་གཞིའི་ཀུན་ཏུ་བཟང་པོ་བཟང་ངན་སྤོང་ལེན་མེད་པར་རྟོགས་ན། ལས་དང་བྱ་བ་བྱས་ཀྱང་མི་འགལ།། མ་བྱས་ཀྱང་ནི་དགོས་སོ།། དེ་ལྟར་ལས་དང་བྱ་བ་གཞུང་ནས་འབྱུང་བ་བཞིན་བྱས་པའི་སར་གནས་གསང་བའི་དཀྱིལ་འཁོར་ཞི་ཁྲོ་འབར་བའི་གཟུགས་བརྙན་བྲི་བ་ཡང་གོ་རིམ་མ་ནོར་བར་བྲི་ཞིང། བཞེངས་སུ་གསོལ་ལོ།། དེ་ཡང་ཕྱོགས་ཐམས་ཅད་ནི་དཀྱིལ་འཁོར། འབྱོར་པ་ཐམས་ཅད་ནི་ལྷ་རྒྱུད། སྣང་བ་ཐམས་ཅད་ནི་རང་གནས། རྟོག་པ་ཐམས་ཅད་ཡེ་ནས་སངས་རྒྱས་པ་ཡིན་པར་ཡིད་ཆེས་ཤིང་མཐར་ཕྱིན་ན་དཀྱིལ་འཁོར་བྱ་བ་ཡང་མི་དགོས་ལ། བྱས་ཀྱང་མི་འགལ་ལོ།། དེ་ལྟར་གཞུང་ལས་བྱུང་བའི་དཀྱིལ་འཁོར་བྲིས་པ་དེར་མཚམས་བཅད་པར་བྱས་ཏེ། ཏིང་ངེ་འཛིན་གྱིས་ཕྱོགས་བཅུ་ཁྲོ་བོའི་དཀྱིལ་འཁོར་མང་པོ་ཡིད་ལ་བཀྲམ་ནས། ཕྱི་ནང་སྣོད་བཅུད་ཐམས་ཅད་ཀྱི་འཇིག་རྟེན་གྱི་ཁམས་རིལ་དུག་གསུམ་གྱི་དབང་གིས་སྣང་བའི་སྐྱེ་འགྲོ་དང། རྡོ་ཤིང་ས་བྲག་ལ་སོགས་པའི་ཟུང་དུ་ཐམས་ཅད་ཀྱང། ཡེ་ནས་སངས་རྒྱས་པའི་ཁྲོ་བོ་ཆེན་པོའི་རང་བཞིན་ཅན་ཡིན་ལ། འདི་དག་བལྟ་བས་ཀྱང་ཐུགས་སུ་ཆུད་པར་བལྟ་ལ། རིལ་ཁྲོ་བོའི་རང་བཞིན་དུ་བསྒོམས་ལ། རྣམ་པར་ཤེས་པའི་ཚོགས་བརྒྱད་ཀྱང། ཁྲོ་བོ་ཆེན་པོའི་སྐུ་རགས་པར་བསྒོམས་ཤིང་གསལ་བས། མཉམ་པ་ཉིད་ཀྱི་གནས་ལ་ང་དང་བདག་ཏུ་བལྟ་བའི་རྟོག་པ་འཇོམ་པ་དང། སེམས་སྐྱེ་ཤི་མེད་པ་ལས། རྣམ་པར་རྟོག་པས་སྐྱེས་ཤིང་སྣང་བའི་བག་ཆགས་ཐམས་ཅད་སྤྱོད་ངོ།། འདི་ལས་ཁྲོ་ཆེན་ཞལ་གསུམ་ཕྱག་དྲུག་པར་གྱུར་པས། སྨད་ལྕགས་ཕུར་ཟུར་གསུམ་གྱིས་ཉི་མ་དང་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ། ཕྱོགས་མཚམས་སྟེང་འོག་གི་ཕྱོགས་དང་དྲེགས་པ་ཅན་ཕོ་མོ་བསྣོལ་མར་མནན་ཏེ། བཏབ་པས་འཇིག་རྟེན་ན་གནོད་པའི་བར་ཆད་དང། མི་མཐུན་པའི་བགེགས་ཀྱི་ཕྱོགས་ཟིལ་གྱིས་མནན་པར་བྱའོ། ། དེ་ཡང་ཕྱི་ཐམས་ཅད་ནི་ཡེ་ནས་སེམས་ཉིད་ཀུན་ཏུ་བཟང་མོའི་མཁའ་འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང། ཡེ་ཕྱི་མོ་ནས་སངས་རྒྱས་པའི་བཞུགས་གནས་ཡིན་པར་རྟོགས་པ་མཐར་ཕྱིན་ལ། ནང་ཐམས་ཅད་ཀུན་ཏུ་བཟང་པོའི་བདེ་བ་ཆེན་པོ། ། བཟང་ངན་སྤོང་ལེན་གྱི་དཔུང་གཉེན་མེད་ཅིང། ཡོད་མེད་རྟག་ཆད་ཀྱི་མཐའ་ལས་འདས། རྒྱུ་རྐྱེན་ལས་མ་ལྟོས་པ་ཡེ་ནས་སངས་རྒྱས་པ། གཉེན་པོ་དང་ཐབས་ཀྱིས་མ་བཅུན་པར་ཡོན་ཏན་གྱི་འབྲས་བུ་ལྷུན་གྱིས་གྲུབ་པར། དངོས་པོར་མི་སྣང་བར་རྟོགས་པར་གསལ་ཞིང་རིག་པ་རང་ཤར་བ། ཆད་པ་མ་ཡིན་པར་མཚན་མ་མེད་ཅིང། གཉེན་པོ་གང་གིས་ཀྱང་མི་ཟིན་པར། ནོར་བུ་རིན་པོ་ཆེ་ལྟར་འདོད་པ་བསྒྱུར་དུ་བཏུབ་པས། དོན་གྱི་ངེས་ཚིག་ལས་རྟགས་ཀྱི་འབྲས་བུ་རང་ལ་རང་ཤར་བས། དཔེར་ན་འཛམ་བུ་གསེར་གླིང་དུ་ཕྱིན་པ་ལྟར་གྱུར་ན། མཚམས་བཅད་ཀྱང་ཨ་ཏི་ལ་མི་དགོས། མ་བཅད་ཀྱང་མི་འགལ་ལོ།། དེ་ཅིའི་ཕྱིན་ཞེ་ན། དོན་རྟོགས་པས་མི་དགོས།། ཁོག་ཤོང་ཡངས་ཆེ་བས་གང་ཡང་རྟོགས་པ་མེད་དོ།། དེ་ཡང་མཚམས་བཅད་པ་འདི་ལྟར་བཅད་དོ།། ཧཱུཾ།། རང་བཞིན་དག་པའི་ངོ་བོ་ལ། ། སེམས་ཅན་སངས་རྒྱས་གཉིས་མེད་ཀྱང།། མ་རྟོགས་པ་དང་ལོག་པར་རྟོགས།། ཕྱོགས་རྟོགས་ཡང་དག་ཉིད་མ་རྟོགས།། སྒྲིབ་པས་ས་འཕངས་དམའ་བ་དང།། སེམས་ཀྱིས་རྟོག་པས་འཆིང་བ་དང། ། གཞི་སྟོང་ཅི་ལའང་བར་ཆད་བྱེད།། སེམས་ཀྱི་དེ་ཉིད་མ་རྟོགས་པས།། ཇི་ལྟར་བཤད་ཀྱང་མི་གོ་བས།། འདི་རུ་འདུག་པའི་སྐལ་མེད་པས།། ས་ཕྱོགས་གཞན་དུ་འགྲོ་བར་གྱིས།། ལུང་ཆེན་འདི་ལས་ཁྱེད་མ་འདའ། ། གསང་བ་འདི་ལས་ཁྱེད་འདས་ན།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས།། ཞལ་ནས་གསུངས་པའི་ཆོས་ཀུན་ལ།། བཀའ་བཅག་པས་ཀྱང་འདི་ཉམས་ཐུ།། མ་འདའ་རང་རང་གནས་སུ་དེངས།། ས་མ་ཡ་ཀ་པ་ཙ་ར་རག་ཤ་ཧཱུཾ་ཕཊ། ། བྱང་ཆུབ་སེམས་ཀྱི་ཀློང་བདལ་བས།། ཀུན་ཏུ་བཟང་པོའི་རང་བཞིན་ལ།། སངས་རྒྱས་མེད་ཅིང་སེམས་ཅན་མེད།། ལྷ་ཡང་མེད་ཅིང་འདྲེ་ཡང་མེད།། འཁོར་བ་མེད་ཅིང་མྱང་འདས་མེད། ། ངན་སོང་མེད་ཅིང་མཐོ་རིས་མེད།། རྫོགས་ཁྱབ་རང་བྱུང་ཡེ་ཤེས་ལ།། དུས་གསུམ་སངས་རྒྱས་དགྲར་ལངས་ཀྱང།། འདི་ལ་གཟུང་ཅིང་བསད་དུ་མེད།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ། ། ཞེས་བྱ་སྟེ།། དེ་ལྟ་བུའི་མཚམས་ཀྱིས་གནས་ཀྱིས།། དཀྱིལ་འཁོར་འདིར་གནས་སྟོད་པར་བྱ་སྟེ།། ཡི་གེ་རྣམ་པ་གསུམ་གྱིས་སྒྲིབ་པ་སྦྱང་ནས།། ལུང་གི་འཕྲོ་འདུ་རྣམ་པ་གསུམ་གྱིས།། ཐུགས་རྗེ་སྤྲུལ་པའི་གནས་སུ་སྒྲིབ་པ་སྦྱངས་ནས། ། རྟོག་མེད་ཆོས་ཀྱི་དབྱིངས་ལ་བཞུགས་གནས་བཅས་ནས།། རྟོག་འཇོམས་ཁྲོ་རྒྱལ་མཏམས་ཀྱི་དབང་འདི་ཡང་བསྐུར་རོ།། ཇི་ལྟར་སྣང་བ་ཐམས་ཅད་ཀྱི།། ལྷ་དང་ལྷ་མོའི་དཀྱིལ་འཁོར་ཡིན། ། ཁྲོ་རྒྱལ་མཚམས་ཀྱི་དཀྱིལ་འཁོར་དུ།། ཆེ་གེ་རྟོག་འཇོམས་དབང་བསྐུར་རོ།། འདི་ཞེས་བྱ་བ་རྒྱལ་བའི་སྲས།། འཁོར་བ་ངན་སོང་ལྟ་བས་བསལ།། རྣམ་པར་རྟོག་པ་དགོངས་པས་བཅོམ། ། རང་རིག་ཡེ་ཤེས་ལུང་གིས་བསྟན།། རྣམ་པར་མི་རྟོག་ཆོས་ཉིད་གནས།། སྔར་འདས་སངས་རྒྱས་བཞུགས་པ་བཞིན།། རྣལ་འབྱོར་རྡོ་རྗེ་ཆེ་གེ་ཉིད།། རྒྱལ་བ་ཀུན་གྱིས་བསྔགས་པ་མཛད།། སྔོན་གྱི་དེ་བཞིན་དབང་གནས་མཆོག། ཅེས་གནས་རིམ་ཅིག་བསྟོད།། དབང་རིམ་ཅིག་བསྐུར་ནས།། འདིས་ཀྱང་འཁོར་པ་ས་འདས་ནས་སངས་མི་རྒྱས་པའི་དབང་མེད་དོ།། ཞེས་ཀུན་ཏུ་བཟང་པོས་གསུངས་སོ།། དེ་ཡན་ཆད་ཁྲོ་རྒྱལ་མཚམས་ཀྱི་དཀྱིལ་འཁོར་ཅིག་རྫོགས་སོ། །།། དེ་བཞིན་དུ་ཡེ་ནས་གནས་སངས་རྒྱས་པའི་གནས་སུ།། དེ་ལྟར་རྟོགས་པའི་སངས་རྒྱས་ཀྱིས་དགོངས་པས།། མཚམས་བཅད་པའི་ཕྱིན་ཅི་ལོག་གིས་བསླད་པའི་གཟུང་འཛིན་གྱི་རྟོག་པ་རྣམས་ནི། འཁོར་བའི་བགེགས་ཆེན་པོ་ཡིན་ལ།། འདི་དག་ཀྱང་བདག་གི་རྟོགས་པའི་ཡེ་ཤེས་ཀྱིས་སྦྱོང་ཞིང། དེ་དག་ཐམས་ཅད་རང་གི་སེམས་སྙིང་པོ་བྱང་ཆུབ་ཀྱི་རང་བཞིན་ཡིན་པར་རྟོགས་ནས། རྡུལ་ཕྲ་རབ་ཙམ་ཡང་དངོས་གྲུབ་ཀྱི་བར་ཆད་བྱེད་པ་དང། མི་མཐུན་པའི་བགེགས་མིང་ཡང་མེད་པར་བྱས་ནས།། འདི་ནི་ཐེག་པ་གང་ཡང་མི་འབྲལ་བར་བྱ་བའི་ཕྱིར། དཀྱིལ་འཁོར་བརྒྱད་པ་ཚུལ་བཞིན་དུ་བྱས་ཏེ། སེམས་ཅན་ལཁོར་བའི་རྒྱ་མཚོ་སྒྱུ་མར་སྣང་བ་ཐམས་ཅད། གདོད་མཐའ་ནས་དཀྱིལ་འཁོར་ཚུལ་བཞིན་གནས་པ་ལས། ཕྱིན་ཅི་ལོག་གིས་བསླད་པ་རྣམས་འབར་བའི་འཁོར་ལོ་རྩི་བས་བརྒྱད་ཀྱི་འོད་ཟིར་གྱིས་སྦྱོང་ཞིང། རྣམ་པར་ཤེས་པ་ཚོགས་བརྒྱད་ཀྱང། ཁྲོ་བོ་བརྒྱད་དུ་བྱིན་གྱིས་བརླབས་ནས། ཚེ་འཕོས་པ་དང་སེམས་ཅན་ཐམས་ཅད་ཁྲོ་བོའི་སྐུ་གསུང་ཐུགས། ཕྱག་རྒྱ་ཆེན་པོའི་དཀྱིལ་འཁོར་དུ་བསྡུས་ཏེ། ཐུགས་རྗེ་ཆེ་བའི་སེམས་ཅན་སྒྲོལ་བའི་འཕྲིན་ལས་མངོན་སུམ་དུ་མཛད་དོ།། དེ་ཡང་དཀྱིལ་འཁོར་ཞེས་བྱ་བ་ཡང། བཀའ་ཡང་དག་པའི་དཀྱིལ་འཁོར་ནི། ཁམས་གསུམ་འཁོར་བའི་ཆོས་ཇི་སྲིད་རྫས་སུ་སྣང་བ་ཐམས་ཅད་བརྟགས་དབེན། དམིགས་ན་དོན་བྱེད་མ་ནུས་པ་གང་ཡང་མེད་པ་ནི། གཟུགས་བརྙན་གྱི་དཀྱིལ་འཁོར་ཡིན་ལ། དེ་ཐམས་ཅད་ཀུན་གཞི་བྱང་ཆུབ་ཀྱི་སེམས་སུ་འདུས་པས། ཀུན་གཞི་བྱང་ཆུབ་ཀྱི་སེམས་ལ། ཆོས་ཐམས་ཅད་ནས་ཐམས་ཅད་སངས་རྒྱས་པས། སྒོམ་དུ་ཡང་མེད་ཅིང།། ཡེངས་སུ་ཡང་མེད་པ་ཉིད་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ཡིན་ལ།། དེ་ཡང་ཀུན་ཏུ་བཟང་པོ་ཡེ་ཕྱི་མོ་ནས་སངས་རྒྱས་པ་ལ། བཙལ་བ་མེད་པར་སངས་རྒྱས་པ་དང། སེམས་ཅན་གཉིས་སུ་མེད་པར་ལྷུན་གྱིས་གྲུབ་པ་ནི། རང་བཞིན་གྱི་དཀྱིལ་འཁོར་ཞེས་བྱ་བ་ལ། དེ་གསུམ་ཡང་ཚིག་གི་རྣམ་གྲངས་ཙམ་ལས་རིས་སུ་མ་གསུངས་ཤིང། བྱང་ཆུབ་སེམས་བདེ་བ་ཆེན་པོར་མཉམ་ཞིང་དབྱེར་མེད་རྟོགས་ན། གཟུགས་བརྙན་གྱི་དཀྱིལ་འཁོར་བྲི་ཡང་མི་དགོས་ལ། ཐམས་ཅད་ཤོང་ཡངས་ཆེ་བ་ལས་བྲིས་ཀྱང་མི་འགལ་ལོ།། དེ་ལ་ཡང་འདི་སྐད་གསུངས་སོ། ། རྒྱལ་བའི་དཀྱིལ་འཁོར་རབ་འབྱམས་མ་ལུས་ཀུན།། དབྱིངས་ལས་མ་གཡོས་སྐུ་དང་ཕྱག་རྒྱར་གསལ།། གསལ་ཙམ་ཉིད་ན་ཡོད་མེད་ཚིག་ལས་འདས།། སྣང་སྲིད་ཐམས་ཅད་རྒྱལ་བའི་དཀྱིལ་འཁོར་ལས། ། ཡིད་ཀྱིས་ས་བཅད་སེམས་ཀྱི་ལྷ་བཀོད་ནམ།། སེམས་ཅན་ཐམས་ཅད་སངས་རྒྱས་ས་ལ་བཀོད།། འདུ་འཛིན་མང་པོ་བུས་བའི་ལས་འདྲ་བས།། རང་སེམས་གདོད་ནས་དག་པས་ནམ་མཁའ་བཞིན། ། མཐའ་དབུས་ཕྱོགས་རིས་མེད་པར་ཡོངས་ལ་ཁྱབ།། གཟུང་འཛིན་རྟོག་པས་མཐའ་གཉིས་བྲལ་བ་ལ།། སྐྱེ་འགག་མེད་པའི་ཐིག་ལེ་ཆེན་པོར་འདུག།། འོད་བཞིན་མཐའ་དབུས་མེད་པར་རྒྱལ་བས་གསུངས། ། བདག་མེད་སྐྱེ་ཤི་མེད་པའི་ཀློང་བདལ་གྱིས།། འདུ་འབྲལ་མེད་པའི་གསང་བའི་དཀྱིལ་འཁོར་དུ། ཕྱོགས་རིས་མེད་པའི་ཐིགས་རྗེ་ཆེན་པོ་ཡིས། འཁོར་བ་སྤྱིས་ཕུང་དམྱལ་བ་དོང་སྤྲུག་གོ། ཨོཾ་གུ་ཧྱ་ས་ར་ཨོཾ།། ཛྙཱ་ན་ས་ར་ཨོ།། བོ་དྷི་ཙིཏྟ་ཨ། ཞེས་བྱ་བ་འདི་རྟོགས་ཤིང་བརྗོད་པས། སྐྱེ་འགྲོ་མཐའ་དག་པ་རྣམས་ཀྱང། སངས་རྒྱས་ཀྱི་ས་ལ་གནས་པར་གྱུར་ན། གང་ལ་བྱ་བ་དེ་ལྟ་ཅི་སྨོས། དེ་ནི་ཐམས་ཅད་བྱིན་གྱིས་རློབ་པ་ཞེས་བྱ་སྟེ། བཀའི་འཁོར་ལོའི་དཀྱིལ་འཁོར་གཉིས་པ་རྫོགས་སོ།།།། དེ་ལྟར་གཟུགས་བརྙན་གྱི་དཀྱིལ་འཁོར་བྲིས་པ་དེར། གང་ལ་དོན་བྱ་བ་དང། བདག་དང་སེམས་ཅན་ཐམས་ཅད་ཀུན་ཏུ་བཟང་པོའི་གནས་སུ་ཕྱིན་ཅིང་སྣོད་དུ་རུང་བར་བྱིན་གྱིས་བརླབས་ནས། གཟུང་འཛིན་རྟག་ཆད་ཀྱི་དངོས་པོ་ཁྲོ་བོ་ཡབ་ཡུམ་གྱི་ཐབས་དང་ཤེས་རབ་ཀྱི་ཏིང་ངེ་འཛིན་གྱིས་བསྒྲལ་དགོས་ཏེ། ཨོཾ་བཛྲ་ཙཀྲ་ཡ་སྟྭཾ། ཞེས་བརྗོད་པས། གསེར་གྱི་འཁོར་ལོ་རྩིབས་བརྒྱད་ཀྱི་དབུས་སུ། དཔལ་ཆེན་པོ་ཡབ་ཡུམ་གཉིས། ཤར་གྱི་རྩིབས་ལ་པྲ་ཛྙཱན་ཏ་ཀྲིད། ཤར་ལྷོའི་རྩིབས་ལ་ནཱི་ལ་དན་ཌ། ལྷོའི་རྩིབས་ལ་ཡ་མཱན་ཏ་ཀྲིད། ལྷོ་ནུབ་མཚམས་ལ་ཨཱརྱ་ཨ་ཙ་ལ། ནུབ་ཀྱི་རྩིབས་ལ་ཧ་ཡ་གྲི་བ། ནུབ་བྱང་མཚམས་སུ་ཊ་ཀི་རཱ་ཛ། བྱང་གི་རྩི་བས་ལ་ཨ་མྲྀ་ཏ་ཀུནྚ་ལི། བྱང་ཤར་མཚམས་སུ་མ་ཧཱ་བ་ལ། འོག་གི་ཕྱོགས་སུ་འཁོར་ལོ་སྒྱུར་བ་དེ། ཀ་མ་ལ། སྟེང་གི་ཕྱོགས་སུ་ཧཱུཾ་ཀ་ར། འདི་རྣམས་ཁྲོ་མོ་ཀི་རི་མ་བརྒྱད་དང་གཉིས་སུ་མེད་པར་བཞུགས་སོ།། ཡབ་ཡུམ་དེ་དག་གཉིས་སུ་མེད་པར་འཁྲིལ་བ་ལས། སྟེང་གི་ཧཱུཾ་ཀ་རས་ཐབས་འཕྲོས། འོག་གི་མ་ལས་ནི་ཤེས་རབ་སྟོན། དེ་ལ་འཁོར་གྱི་མཁའ་འགྲོ་དང། སྤྲུལ་པ་དང། མངག་གཞུག་རིམ་གྱིས། གང་དོན་བྱ་བ་དེ་དང། མཐའ་ཡས་པའི་སེམས་ཅན་ཐམས་ཅད་གཅིག་ཏུ་བསྡུས་ནས། དངོས་པོ་ལ་རྟག་པར་ལྟ་བའི་གཟུགས་དཔུང་གི་གདོས་བསྒྲལ། རྣམ་པར་ཤེས་པའི་ཡི་གེ་ནརི་ལས། ཧཱུཾ་དུ་གྱུར་ནས་ཡབ་ཡུམ་གྱི་ཐུགས་ཁར་ཐིམ་ནས། མཁའ་ལ་རྟེན་ཏེ་མ་འོངས་པའི་དོན་དུ། རིགས་ངེས་པའི་སྲས་སུ་ཆ་ལ་རེག་པར་འཕྲིན་ལས་མཛད་པའོ། ། དེ་ལྟར་ཏིང་ངེ་འཛིན་ལས་གསལ་བར་བྱ་བ་ནི། ས་བཅུ་མཐར་ཕྱིན་པའི་གནས་ཞེས་བྱའོ།། དེ་ཡང་ཁམས་གསུམ་ཐམས་ཅད་ནི་སྟོང་པ་ཆོས་ཉིད་ཀྱི་ཞིང་ཡིན་ལ།། སྲིད་གསུམ་ཐམས་ཅད་ནི་ཐབས་མཁས་པའི་ཡེ་ཤེས་ཡིན་ལ་སྔུག་བསྔལ་དང་ཉོན་མོངས་པ་ཐམས་ཅད་གཉིས་སུ་མེད་པའི་ལོངས་སྤྱོད་དུ་གྱུར་པས། དཔེར་ན་ཉི་མའི་དཀྱིལ་འཁོར་ལ། མུན་པ་བཙལ་གྱིས་མི་རྙེད་པ་བཞིན། སངས་རྒྱས་ཀྱི་དགོངས་སྤྱོད་བདལ་བས། འཁོར་བའི་རྒྱུ་བཙལ་གྱིས་མི་རྙེད་པར་གྱུར་ནས།། སྒྲལ་བྱ་ཡང་མི་དགོས་ལ། སྒྲལ་བ་བྱས་ཀྱང་དགོས་པ་མེད་དོ་དེའི་ཕྱིར་ན་འདི་སྐད་ཅེས་གསུངས་སོ།། ཀུན་ཏུ་བཟང་པོའི་ངང་ཉིད་ལས། ། སངས་རྒྱས་སེམས་ཅན་གཉིས་མེད་པས།། སྲིད་གསུམ་ཟོས་ཀྱང་ང་མ་འགྲངས།། ཁམས་གསུམ་འཐུགས་ཀྱང་ང་མ་ངོམས།། སྟོང་གསུམ་ཐམས་ཅད་སྒྲལ་བའི་ཞིང།། མ་སྐྱེས་ཕྱིར་ན་བཏུབ་བའི་རྫས། ། རང་བཞིན་མོད་པས་བསྒྲལ་བའི་རྒྱུ།། སེམས་ཉིད་ཡངས་པའི་མཁའ་ཀློང་དུ།། སྟོང་གསུམ་མ་ལུས་སྟོན་པས་ནི།། འབུམ་གྱི་ཆར་ཡང་མི་ཕོད་དོ།། ནམ་མཁའ་གར་ཁྱབ་ཆོས་ཀྱིས་ཁྱབ།། ཆོས་ཀྱིས་གར་ཁྱབ་སེམས་ཀྱིས་ཁྱབ། ། ཕྱི་ནང་གཉིས་ཀ་སེམས་སུ་བསྒྲལ།། སེམས་ནི་ཡེ་ནས་མྱ་ངན་འདས།། སྐྱེ་ཤི་གཉིས་ཀྱི་རྒྱུད་ལས་རྒལ།། ཡོད་མེད་གཉིས་ཀྱི་མཐའ་ལས་འདས།། ཅིར་ཡང་སྣང་ལ་གཟུང་དུ་མེད། ། མེད་པ་མ་ཡིན་སྙིང་པོ་འབྱུང།། འདི་ཞེས་བྱ་བ་བཅོམ་ལྡན་འདས།། གཅིག་པུར་རབ་ཏུ་ཆེ་བའི་ལྷ།། བློ་ལྡན་གང་ཞིག་སྐལ་ཆེ་བ།། འདི་ནི་བསྒྲལ་བའི་ལུང་ཞེས་གྲགས།། ཧི་ཏི་བཤམ།། ཡོངས་ལ་དབང་སྒྱུར་དབང་གི་མཆོག། གང་ལ་མ་ཆགས་འདོད་དགུར་སྒྱུར།། གཉིས་སུ་མེད་པའི་ཕོ་བྲང་དུ།། སྤོང་ལེན་མེདཔའི་དབང་བསྐུར་རོ།། ཞེས་གནས་པར་ཅིག་བསྟོད། དབང་ལན་ཅིག་བསྐུར་བས། སེམས་ཅན་གྱི་མིང་ཡང་མེད་པར་གྱུར་ཏོ། ། གང་གི་དོན་བྱ་བ་ལྟ་ཅི་སྨོས་སོ།། འདི་ནི་དཀྱིལ་འཁོར་དྲུག་ལས། རྒྱུད་དྲུག་བསྒྲལ་བའི་དཀྱིལ་འཁོར་དང།། དཀྱིལ་འཀོར་གསུམ་པ་རྫོགས་སོ།། དེ་ལྟར་གཟུགས་བརྙན་གྱི་དཀྱིལ་འཁོར་ཆེན་པོ་བྲིས་པ་དེ་ལས་ཞལ་བསྒྱུར་ཏེ་ཞི་བའི་ལྷ་བུངྡྷ་བཞི་བཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་གཞུང་དང་འཐུན་པར་འཁོར་ལོ་བྲིས་པ་འམ། ཡང་ན་པད་མ་བྲིས་ཀྱང་རུང། སྒོ་དང་སྒོ་ཁྱུད་ལ་སོགས་པ་རྫོགས་པར་བྲིས་པ་དེར། རྒྱན་རྣམས་བཀྲམ།། དབུས་སུ་བུམ་པ་ཡུམ་ཀུན་ཏུ་བཟང་མོར་བྱིན་གྱིས་བརླབས། རྒྱན་ཐམས་ཅད་ཀྱིས་བརྒྱན་པ་དེར་ནི་ཡངས་ཤིང་རྒྱ་ཆེ་བ། འཇིག་རྟེན་གྱི་ལྟོས་ཐམས་ཅད་རྒྱས་ཤིང་ཁྱབ་པས། ཡུམ་གྱི་མཁའ་དབྱིངས་རྣམ་པར་དག་པར། ཐམས་ཅད་སངས་རྒྱས་པར་བསྒོམ་མོ།། དེ་ཡང་དཔེར་ན་སྲོག་གི་སྦུབས་ཐམས་ཅད་རྩས་གང་བ་འམ། ཏིལ་གྱི་གང་བུ་འབྲས་བུ་དང་མར་གྱིས་གང་བ་བཞིན། ཐམས་ཅད་དུ་ཁྱབ་སྟེ་ཁབ་རྩེ་གང་ཡང་གཟུགས་པའི་ས་མེད་པར་ཕྱི་ནང་སྣོད་བཅུད་ཐམས་ཅད་ཡེ་ཤེས་བུམ་པ་བདུད་རྩི་ཆུ། བྱང་ཆུབ་སེམས་ཀྱི་སངས་རྒྱས་པར་སྣུམས་པར་མཛད་པ་བསྒོམ་པ་ནི། ཀུན་ཏུ་བཟང་མོ་རྒྱན་དུ་བཞག་པ་དེ། སེམས་ཅན་ཐམས་ཅད་དང་གང་དོན་མཛད་པ་དེ་ལ། ཐམས་ཅད་ཀྱིས་ལེགས་པར་སྦྱིན་པར་མཛད་པའོ།། དེ་ཡང་ཆོས་ཉིད་མ་སྐྱེས་པ་སྐྱེ་བ་མེད་པ། ཀུན་ཏུ་བཟང་པོའི་མཁའ་ཀླཽང་རྣམ་པར་དག་བའི་དབྱིངས་སུ། ཕྱི་ནང་སྣོད་བཅུད་ཀྱིས་བསྡུས་པའི་ཆོས་ཐམས་ཅད། བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོར་སངས་རྒྱས་པ་དེར།། སྐྱེ་ཤི་མེད་པའི་གཡུང་དྲུང་དུ་རྟོགས་ན།། བུམ་པ་བཤམ་ཡང་མི་འཚལ། ། འདི་ལྟར་ཀློང་དུ་གྱུར་ནས་བཤམས་ཀྱང་མི་འགལ་ལོ།། དེའི་ཕྱིར་ན་འདི་སྐད་ཅེས་གསུངས་ཏེ། བུམ་པ་ཟླུམ་བོའི་ཕོ་བྲང་དུ།། སྣོད་བཅུད་མ་ལུས་དབང་དུ་བསྡུས།། ཐིག་ལེ་ཆེན་པོ་རྒྱས་བཏབ་པས། ། སེམས་ཅན་ཐམས་ཅད་སངས་རྒྱས་ཡིན།། ཞེས་བཀའ་སྩལ་ཏོ།། དེ་ལ་གཟུགས་བརྙན་གྱི་དཀྱིལ་འཁོར་གྱི་ལྷ་བུངྡྷ་བཞི་བཅུ་རྩ་གཉིས་གཉིས་སུ་མེད་པའི་སྦྱོར་བ་མཛད་པའི་བྱང་ཆུབ་ཀྱི་སེམས། བདུད་རྩི་བུམ་བར་གྱུར་ནས་བདུད་རྩི་བྱང་ཆུབ་ཀྱི་སེམས་དེས། ཐམས་ཅད་ལྷའི་དཀྱིལ་འཁོར་ལགས་པས། ལྷ་ལ་ལྷ་ཐིམ། ཆོས་ཉིད་ལ་ཆོས་ཉིད་རོལ་པས་མཆོད་པ་དང། གང་དོན་བ་དེ་ཡང་གཉིས་སུ་མེད་པར་སྦྱོར་ཞིང། བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་དུ་མ་འོངས་པའི་སངས་རྒྱས་སུ་འབྱུང་བས། རང་རིག་བཞིན་དུ་སྒོམ་མོ།། དེ་ཡང་དབང་པོ་ཡུལ་དུས་ལ་སྦྱོར་བ་ནི། ཆོས་ཉིད་དང་འདུ་འབྲལ་མེད་པར་ཡེ་ཤེས་དབྱིངས་ལས་སྦྱོར་བ་ནི། ཆོས་སྐུ་འགྱུར་བ་མེད་པར་རྟོགས་ན་སྦྱོར་བ་ཡང་མི་དགོས་སོ།། སྦྱོར་བ་དངོས་སུ་བྱས་ཀྱང་མི་འགལ་ལོ།། དེར་རྒྱན་བཀྲམ་ནས། ཏིང་ངེ་འཛིན་གྱི་དཀྱིལ་འཁོར་བསྒོམ་པ་ནི། ཡི་གེ་བྲུཾ་གསེར་བཙོ་མའི་མདོག་འདྲ་བ་ལ། རིན་པོ་ཆེ་སྣ་ཚོགས་ཀྱི་གཞལ་ཡས་ཁང་རྒྱ་ཁྱོན་དཔག་ཏུ་མེད་པ་ཅིག། གཙུག་ཏོར་འཁོར་ལོ་སྒྱུར་བར་སྐྱེད་དོ།། དེའི་ནང་ཙཀྲ་ལས་འཁོར་ལོ།། བཾ་ལས་པད་མ་འདབ་མ་སྟོང་དང་ལྡན་པར་གནས་སོ། ། དབུས་སུ་བཛྲ་དྷྲིག་ཡབ་ཡུམ། ཤར་དུ་ཛི་ནི་ཛིག་ཡབ་ཡུམ། ལྷོར་རཏྣ་དྷྲིག་ཡབ་ཡུམ། ནུབ་ཏུ་ཨ་རོ་ལིག་ཡབ་ཡུམ། བྱང་དུ་པྲ་ཛྙཱ་དྷྲིག། སྒྱུ་འཕྲུལ་དང་མཐུན། དེ་དག་ཀྱང་ཐབས་དང་ཤེས་རབ་གཉིས་སུ་མེད་པར་རྫོགས་ཤིང། གཞན་ཡང་སེམས་དཔའ་དང། སེམས་མ་དང། ཁྲོ་བོ་དང། ཁྲོ་མོ་སྒོ་སྲུངས་སུ་བསྟན་པའི་དཀྱིལ་འཁོར། དེའི་འོག་ཕྱོགས་སུ་ཡང་ཁྲོ་བོའི་དཀྱིལ་འཁོར་དྲུག་ཅུ་རྩ་དྲུག་ཀྱང་ཐབས་དང་ཤེས་རབ་གཉིས་སུ་མེད། དྲུག་ཀྱང་ཞི་བའི་ལྷ་རྣམས་དབུ་རྒྱན་དུ་བསྣམས་ནས། དེ་རྣམས་ཀྱང་ཐབས་དང་ཤེས་རབ་ཏུ་སྦྱོར་བའི་ཏིང་ངེ་འཛིན་ལ་ཞུགས་སོ།། དེ་ལྟ་བུའི་ཞིང་ཁྲོ་བོའི་ལྷའི་དཀྱིལ་འཁོར་གྱི་ལྷ་རྣམས་ཀྱིས། སེམས་ཅན་མ་རིག་པའི་དབང་གིས་འཁོར་བར་གྱུར་པ་རྣམས་ཆོས་ཉིད་ཀྱི་གནས་སུ་སངས་རྒྱས་ཀྱི་ས་ལ་འཇོག་པ་མཛད་དོ།། དེ་ལྟ་བུའི་སངས་རྒྱས་དེ་ཡང་གཞན་གུད་ན་ཡོད་པ་མ་ཡིན་ཏེ། རང་གི་སྙིང་པོ་བྱང་ཆུབ་ཀྱི་རང་བཞིན་ཡིན་པ་ལ། ཕྱིན་ཅི་ལོག་གིས་བསླད་པ་རྣམས། སངས་རྒྱས་སུ་གྲུབ་པར་སེམསཅན་གཞན་གཅིག་ན་ཡོད་པར་རེ་བ་གཞག་ནས། འཛིན་ཆགས་སུ་རྟོགས་པས་གོལ་བ་ཡིན། སངས་རྒྱས་ཀྱི་རྒྱུ་ནི་སློབ་དཔོན་དང་ལུང་གིས་བཀྲོལ་ནས། རང་བྱུང་དག་པར་འགྱུར་བའི་ཡེ་ཤེས་ལྷུ་མི་གཉིས་པར་གོ་བའི་དུས་ན། ཡེ་ཤེས་རང་གནས་ཀྱི་ལྷུན་གྱིས་གྲུབ་རྫོགས་པའོ།། དེ་ཡང་ལྟ་བས་ཆོས་ཐམས་ཅད་སྣང་ན་ནི། སྐུ་གསུང་ཐུགས་ཕྱག་རྒྱ་ཆེན་པོའི་དཀྱིལ་འཁོར་དུ་སྣང་ལ། མི་སྣང་ན་ཡོད་མེད་རྟག་ཆད་འཁོར་བ་ངན་སོང་དུ་མི་སྣང་བར་རྟོགས། དཀྱིལ་འཁོར་གྱི་ཐམས་ཅད་རང་གིས་རྫོགས་པར་བསྒོམས་པས་སངས་རྒྱས་ལ། མ་བསྒོམས་ཀྱང་སངས་རྒྱས་སོ།། དེ་ཡང་འདི་སྐད་ཅེས་གསུངས་ཏེ། མུ་ཏིག་དཀར་པོ་དྲི་མེད་དང།། ཙན་དན་སྨུག་པོ་རྨ་མེད་གཉིས།། བྱང་ཆུབ་སེམས་ཀྱི་ཐིག་ལེ་གསུམ།། རྟོགས་པའི་ཀློང་དུ་སུ་འདྲིས་པ། ། མི་ཞེས་བྱ་བ་སངས་རྒྱས་ཡིན།། སངས་རྒྱས་གཞན་དུ་མ་ཚོལ་ཅིག། བཙམ་ཀྱང་རྒྱལ་བས་མི་རྙེད་དོ།། རྟོགས་མེད་མཉམ་ཉིད་ཆོས་ཀྱི་སྐུ།། གཟུང་དུ་མེད་པ་འཇའ་ཚོན་འདྲ།། གསང་བའི་དཀྱིལ་འཁོར་ཞེས་བྱ་བ། ། རྫོགས་པ་ཆེན་པོའི་མན་ངག་གིས།། བྱང་ཆུབ་སེམས་ལས་མ་ཡེངས་ན།། ཐམས་ཅད་དཀྱིལ་འཁོར་འདི་ལ་རྫོགས།། དཔེར་ན་མུན་ལས་སྣང་འབྱུང་བཞིན།། དཀྱིལ་འཁོར་ངེས་དོན་འདི་བསྒོམས་པས། ། རྒྱུ་དྲུག་སེམས་ཅན་ཐམས་ཅད་ཀུན།། སངས་མ་རྒྱས་པ་ཅིག་ཀྱང་མེད།། ཅེས་བཀའ་སྩལ་ཏོ།། འདི་ལྟར་རྟོག་པ་དང་ལྡན་ཞིང་ཚིག་ཏུ་བརྗོད་ན། རྒྱུད་དྲུག་གི་སྒོ་ཡང་གཏན་ཆོད་པར་གྱུར་ན། གང་དོན་བྱ་བ་ལྟ་ཅི་སྨོས། ཏིང་ངེ་འཛིན་གྱི་དཀྱིལ་འཁོར་གསལ་བ་དེ་ལ། གང་ཟག་ཤེས་རབ་ཆུང་བ་རྣམས་ཐེ་ཙོམ་མི་ཟ་བར་བྱ་བའི་ཕྱིར་སྤྱན་དྲང་ཞིང་ཕྱ་བཙལ་བ་ལ་སོགས་པའི་གཞུང་གཞན་དང་མཐུན་པར་བྱའོ། ། དེ་ནས་ལྷ་རྣམས་བྱིན་དབབ་པ་དང། གཟི་བྱིན་བསྐྱེད་པ་དང། གསལ་གདབ་པ་དང། དབང་བསྐུར་བ་ལ་སོགས་པ་ཡང་བྱའོ།། དེ་ཡང་ཕྱི་འབྱུང་བ་ལྔ་ལ་སོགས་པའི་ཇི་ལྟར་སྣང་བའི་ཆོས་འདི་དག་ཐམས་ཅད། ཡོང་གི་དེ་བཞིན་གཤེགས་པ་ལྔའི་རང་བཞིན་པས། ཐུགས་རྗེ་ཆེན་པོས་སེམས་ཅན་གྱི་དོན་ལ་མི་ཕྱེད་པར་རིལ་རྫོགས་པ་ཆེན་པོའི་རང་བཞིན་དུ་མི་འགྱུར་བར་དོན་མཛད་དེ། དེ་ཡང་དུས་ཐམས་ཅད་དུ་རང་གི་བྱང་ཆུབ་ཀྱི་སེམས་དེ་ལྟར་ཡིན་པས། འདི་ལྟར་སུས་བློ་ལ་གསལ་བར་རྟོགས་པའི་དུས་ན། བདག་དོན་གཞན་དོན་ཐམས་ཅད་ཕུན་སུམ་ཚོགས་པའོ།། དེ་ལྟར་ཆོ་གའི་རིམ་པ་ཚང་བར་གྱུར་ནས། མ་ནོར་བར་ལྷ་རྣམས་བསྙེན་ཅིང་བསྒྲུབ་པར་བྱ་སྟེ། གཞུང་གཞན་དང་མཐུན་པར་བྱའོ།། དེ་ཡང་སེམས་ཅན་ཐམས་ཅད་ཀྱི་སེམས། ཡེ་དང་པོ་ནས་སངས་རྒྱས་པ་མེད་ན། བསྙེན་ཅིང་བསྒྲུབས་ཀྱང་མི་འགྲུབ་ན།། ཡེ་ཐོག་མ་ནས་སངས་རྒྱས་པ་མ་ནོར་བ་ཡིན་པས། སེམས་ཅན་ཐམས་ཅད་ཡེ་ཐོག་མ་ནས་འཁོར་བ་ལས་གྲོལ་བཐར་པ་ཡིན་པར་རྟོགས་ཏེ། གདོད་མ་ནས་བསྙེན་ཅིང་བསྒྲུབ་པའོ།། ཡང་ཐིག་ལེ་ཆེན་པོ་བྱང་ཆུབ་ཀྱི་སེམས་ལས་མ་གཡོས་མ་བྲལ་ན། འཁོར་བ་མིང་ཡང་མེད་ནས་བསྙེན་པའི་མཆོག་གོ། དེ་ཡང་མཉམ་པ་ཉིད་ཀྱི་རང་བཞིན་ལས་མ་གྱུར་པ་མེད་པ་ནི་བསྒྲུབ་པའི་ཕུལ་ལོ།། དེ་ལྟ་བུའི་ལྟ་བའི་ཀློང་དུ་བདག་དང་དོན་བྱ་བ་དེ་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཡེ་ནས་ཀུན་ཏུ་བཟང་པོ་བཟང་ངན་སྤོང་ལེན་མེད་པར་སངས་རྒྱས་པར་རྟོགས་པས། བསྙེན་ཅིང་བསྒྲུབ་པའི་གནས་ཡང་དག་པ་ཡིན་ནོ།། དེ་ཡང་འདི་སྐད་ཅེས་གསུངས་ཏེ། འཁོར་བའི་ཆོས་ཉིད་ཡིན་ཤེས་ཤིང།། སེམས་ཅན་ཡེ་ནས་སངས་རྒྱས་པས།། ཏིང་འཛིན་དཀྱིལ་འཁོར་རང་བཞིན་མ་བསྒོམས་གསལ།། སངས་རྒྱས་མ་བསྒོམས་གཅིག་ཀྱང་མེད།། ནམ་མཁའ་བཞིན་དུ་སྐུས་ཁྱབ་པས། ། སྤྱན་དྲངས་སླར་གཤེགས་གང་ཡང་མེད།། བདག་ཉིད་བདག་ལ་མཆོད་ལ་མཆོད་ཤེས་པས།། རྒྱལ་བ་མཆོག་ནི་གཞན་ན་མེད།། ཙིཏྟ་ཐུགས་ཀྱི་དཀྱིལ་འཁོར་དུ།། རང་བྱུང་ཡེ་ཤེས་ཀློང་བདལ་བས། ། ཇི་ལྟར་སྣང་བ་ཀུན་ཏུ་བཟང།། བསྙེན་ཅིང་མ་བསྒྲུབས་གང་ཡང་མེད།། སངས་རྒྱས་སེམས་ཅན་གཉིས་མེད་པས།། རྒྱལ་བ་རྒྱ་མཚོའི་ཐུགས་ངན་སངས།། ངན་སོང་འཁོར་བའི་མིག་ཡང་མེད།། ལྷ་ཡི་ལྷ་དེ་ཡེ་ཤེས་སེམས། ། ཨོཾ་ཤྲི་ས་མན་ཏ་བྷ་དྲ།། བུདྷ་སྥ་ན་ཨོ། ཞེས་བསྩལ་པས།། གང་དོན་བྱ་བ་དང་སེམས་ཅན་ཐམས་ཅད་ཆོས་ཀྱི་དབྱིངས་སུ་སངས་རྒྱས་པར་གྱུར་ཅིག། སྦྱོར་བའི་དཀྱིལ་འཁོར་དང། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་བཞི་པ་རྫོགས་སོ། །།། དེ་ལ་ཐུགས་རྗེའི་དཀྱིལ་འཁོར་ནི།། ཕྱིའི་སྤང་སྐོར་དང། དཀོན་མཆོག་གསུམ་ལ་མཆོད་པ་དང། ཚངས་པ་དང་དབང་པོ་ལ་སོགས་པ་ཕྱོགས་སྐྱོང་བ་དང། རྒྱལ་ཆེན་རིགས་བཞི་དང། འཇིག་རྟེན་ན་ཅི་ཡོད་པ་མ་ལུས་པར་རྒྱལ་བའི་དཀྱིལ་འཁོར་དུ། སོ་སོའི་གཞལ་ཡས་ཁང་དང།། གནས་ཆེན་པོ་ལྟར་དག་ཅིང་བདེ་བར་ཕྱིའི་དཀྱིལ་འཁོར་བཤམས་པའི་དབུས་སུ། བདག་གི་ཐུགས་ཀ་ནས་རྡོ་རྗེ་བཏོན་ཏེ།། གཏོར་སྦྱིན་ཆེན་པོ་བཏང་བས།། ཕྱིའི་སྦྱིན་པ་རྣམ་གསུམ་གྱིས། འགྲོ་བ་རིགས་དྲུག་དང། སྐྱེ་བ་རྣམ་བཞིས་བསྡུས་པ་ལས། ཀུན་ཏུ་བཟང་མོའི་རྒྱན་ལ་བཀོད་ནས། མི་གཉིས་ལྷུན་གྱིས་བསྡུས་ནས། བྱང་ཆུབ་མཆོག་གི་སྦྱིན་པས་ཚིམ་པར་བྱ་བ་དང། ཚེ་རབས་ཀྱི་ལན་ཆགས་ཀྱི་གདོན་བགེགས་རྣམས།། ཆོད་པ་དང་དམ་གསལ་ནས་བཀའ་མི་འདའ་བར་བྱ་བ་ནི། ལུང་འདི་ཁོང་ཡངས་པས་ཐམས་ཅད་དུ་ཤོང་ཤིང་ཡངས་པ་དང། ཐུགས་རྗེ་སྦྱིན་པའི་དཀྱིལ་འཁོར་ལྔ་པ་རྫོགས་སོ།།།། དེ་ལྟར་དཀྱིལ་འཁོར་རྣམས་བསྙེན་ཅིང་བསྒྲུབས་ནས། གང་ལ་དོན་བྱ་བ་དེ་དང་སེམས་ཅན་ཐམས་ཅད་ཀྱི་དོན་བྱ་བའི་ཕྱིར། རྒྱུད་ཆེན་པོའི་གཞུང་ལྟར། ཉོན་མོངས་པའི་རྒྱུད་འགྲོ་བ་རིགས་དྲུག་གི་སེམས་ཅན་གྱི་སྲོག་གི་ས་བོན་ཨ་ནརྀ་སུ་ཏྲི་པྲེ་དུ་ལྔ་ལས། ཡི་གེ་དཔའ་བོ་འབྲུ་ལྔའི་ཐུགས་རྗེའི་ཡེ་ཤེས་ཀྱི་འཕྲོ་འདུ་ཡིས། རིགས་ལྔ་སོ་སོའི་ལམ་རྒྱུད་ལྔའི་སྒོ་བཀག་ནས། རྒྱལ་བ་རིགས་ལྔའི་གནས་སུ་འདུས་ནས། ཧཱུཾ་མཛད་གནས་ཀྱི་འཕྲིན་ལས་རྫོགས་པར་མཛད་དོ།། དེ་ཡང་ཐབས་དང་ཤེས་རབ་ཀྱི་ཚུལ་དུ་རོལ་པ་ལས་འདི་སྐད་བསྐུལ་ལོ། ། ངན་སོང་གསུམ་གྱི་ཕུང་པོ་ལ།། ཡི་གེ་འབྲུ་ལྔའི་གནས་བཀོད་ནས།། རྒྱུད་ལྔ་འཁོར་བའི་རྒྱུན་ལམ་བཅད།། རྒྱལ་བའི་སྲས་སུ་ཐམས་ཅད་བསྐྱེད།། ས་ཡི་འོག་ཏུ་མདའ་འཕངས་པས། ། གནམ་གྱི་ལྷ་བྲན་ཐམད་ཅད་འཆི།། ཕ་རོལ་ཕྱིན་བཅུ་ཤེས་རབ་དབྱིངས་མའི་གཞུ།། ཅང་ཤེས་འཕྲུལ་གྱི་ཏིང་འཛིན་མདའ་དང་གཞུ།། དམ་ཚིག་ལྡན་པའི་མཆོག་མ་རིན་ཆེན་གཏེར།། གསུང་གི་ཀ་ལ་པིང་ཀའི་རྒྱུད་འབྲེངས་ཤིང། ། མཐའ་གཉིས་བྲལ་བའི་ཡེ་ཤེས་སྙུག་མ་ལ།། ཡིད་བཞིན་ནང་དུ་སྒྲོན་མའི་མཁའ་འགྲོས་གཞག། ཚུལ་བཞིན་ཐུགས་ལས་འབྱུང་བའི་སྤར་གསུམ་མ།། ང་དང་བདག་དང་ལྟ་བའི་ངན་སོང་བཅོམ། ། རྒྱུད་དྲུག་ཉོན་མོངས་འཁོར་བའི་གནས་བསྒྲལ་ཏེ།། བྱང་ཆུབ་སྙིང་དྲིལ་ཡིག་འབྲུར་བྱིན་བརླབས་ནས།། སྐུ་ལ་སིམ་ཞིང་རྒྱལ་བའི་སྲས་སུ་བསྐྱེད།། ཡེ་ཤེས་མཆོག་གི་ས་ལ་གནས་ཐོབ་ནས།། གསང་བའི་ཐུགས་རྗེའི་གནས་ལ་གཟུང་བར་བྱའོ། ། ཞེས་བརྗོད་ནས་ཏིང་ངེ་འཛིན་གྱིས་གསལ་གདབ་པ་དང། ཕྱག་རྒྱས་དབང་བསྐུར་བ་དང། སྔགས་ཀྱིས་བྱིན་གྱིས་བརླབས་པར་བྱའོ།། དེ་ཡང་ལུང་ལྟར་ན་ཡིག་འབྲུས་དོན་བྱ་མི་དགོས་ན་ཐུགས་ཡང་དག་པའི་ཡེ་ཤེས། ཡེ་ཤེས་ཆེན་པོ་ལྔ་འམ་དྲུག་དང་ལྡན་པས། ཐུགས་རྗེའི་བདུད་རྩིའི་ཆར་གྱིས་འགྲོ་བ་རིགས་དྲུག་གི་རེ་བ་ཡིད་བཞིན་དུ་སྐོངས། དེ་ལ་ཡང་སེམས་བོ་དྷི་ཙིཏྟའི་ལྷ་ཡེ་ཤེས་མཆོག་སེམས་དཔའི་གནས་སུ། ཐུགས་ཡེ་ཤེས་ཀྱི་ཐིག་ལ་ཟླུམ་པོར་གསལ་བ་དང། ཙིཏྟ་རིན་པོ་ཆེ་དམར་པོར་གུར་ཕུབ་པ་འདྲ་བའི་གཞལ་ཡས་ཁང་གི་ནང་དུ་ཉི་ཟླའི་དཀྱིལ་འཁོར་དུ་གསལ་བར་གྱུར་པའི་དབུས་སུ། བདག་གི་སེམས་དང། གང་དོན་བྱ་བ་དང། མཐའ་ཡས་བའི་སེམས་ཅན་ཐམས་ཅད་ཀྱི་དྲན་བྱེད་ཀྱི་སེམས། ཡེ་ཤེས་སེམས་དཔའི་འོད་མཚོན་གང་བ་ཅིག་ཏུ་ལྷན་ནེར་གསལ་བར་བསྒོམས་པའི་དུས་ན། ཆོས་ཐམས་ཅད་སྨྲ་བསམ་གྱི་ཡུལ་ལས་འདས་ནས། དོན་གྱི་སྙིང་པོ་ཡེ་ཤེས་མཆོག་གི་དཀྱིལ་འཁོར་ཡེ་ཤེས་སེམས་དཔའི་སྐུར་གསལ་ཏེ། འོད་མཚོན་གང་བ་ལ་སོགས་པ་རྒྱན་གྱི་ལུང་ཆེན་པོ་ལས་གསལ་བར་སྨོས་པ་བཞིན་དུ་བསྒོམ་མོ། ། དེ་ཡང་བཀའ་ཡང་དག་པའི་གཞུང་གིས་དིན་གསལ་བར་མ་འདྲེས་པ། སྣང་བ་དངོས་པོ་མེད་པ་ལ། གསལ་ལ་རང་བཞིན་མེད་པར་བསྒོམས་པས། འཁོར་བའི་ཆོས་ཡོད་མེད་རྟག་ཆད་དུ་སྣང་བ་འདི་ཐམས་ཅད་ཡེ་ནས་མྱ་ངན་ལས་འདས་པར་འདྲེས་པ་མཆོག་གི་ཡོན་ཏན་དུ་འགྱུར་རོ། ། དེ་ཡང་ཐབས་ཆེན་པོའི་ནང་ནས་ཤར་བའི་ཡེ་ཤེས་ཀྱིས། ཐམས་ཅད་དུ་བདག་ཏུ་སངས་རྒྱས་པར་རྟོགས་པའི་དུས་ན། གཞན་དུ་དབྱེ་ཞིང་གསལ་བར་བྱ་བའི་དོན་གཞན་ན་མེད་དོ།། ཙིཏྟ་སེམས་ལ་ཐམས་ཅད་གནས་པ་ཡིན་པར་བསྒོམ་མོ།། དེ་ཡང་འདི་སྐད་ཅེས་གསུངས་སོ།། ལྷ་ཞེས་གཞན་དུ་བསྟན་པ་ཡང། ཚིག་གི་ཐ་སྙད་ཙམ་དུ་ཟད། སེམས་ཀྱི་ལུང་ལ་གཉིས་མེད་པས། རྟོག་པའི་དོན་ལ་གཅིག་ཏུ་བསྟན། ཙིཏྟའི་དཀྱིལ་དུ་གནས་བྱས་པས། སྟོང་གསུམ་ཐམས་ཅད་རིན་ཆེན་གཞལ་ཡས་ཁང། ཡིད་ཀྱི་དཀྱིལ་འཁོར་དུ་ལྷ་བཀོད་པས། སྐྱེ་འགྲོ་མ་ལུས་རྒྱལ་བའི་སྲས། བྱང་ཆུབ་སེམས་སུ་དབྱེར་མེད་པས།། ཇི་ལྟར་སྣང་བ་ཀུན་ཏུ་བཟང།། ཀུན་གཞི་ཡེ་ནས་སེམས་སུ་མཉམ།། ཕྱི་ནང་སྣོད་ཆོས་ཀྱི་སྐུ། ། འདི་ལས་གཞན་པའི་སངས་རྒྱས་ནི།། གཞན་དུ་བུ་ཅིག་མ་ཚོལ་ཅིག། ཅེས་བཀའ་བསྩལ་ཏོ།། དེ་ཡང་ཐུགས་རྗེ་ཆེན་པོའི་རྒྱུད་ཉིད་ཕྱིའི་ཡུལ་གནས་པར་བྱ་སྟེ། ཙིཏྟ་ལྔའི་རྩ་བ་ཐམས་ཅད་འདུ་འབྲལ་མེད་པའི་རྣམ་པར་ཤེས་པའི་ཚོགས་བསམ་ཡས་པར་བསྡུས་པའི་བྷ་ག་འདུས་པའི་སྤྱི་བོར་གཙུག་ཏུ་གཞལ་ཡས་ཁང་མཚོན་གང་བ་ཅིག་བསྒོམ། ནང་དུ་བདེ་བར་གཤེགས་པའི་རིགས་སོ་སོའི་ཡབ་ཡུམ། གཙོ་གཟུངས་དང་ལྡན་པར་བསྒོམས། ཡུམ་གྱི་མཁའ་ལ་གང་དོན་བྱ་བ་དང། མཐའ་ཡས་པའི་སེམས་ཅན་ཐམས་ཅད་ལྔར་འདུས་ཏེ། གཉིས་སུ་མེད་པའི་བྱང་ཆུབ་ཀྱི་སེམས་དགྱེས་པའི་རོ་བསྟར་བར་བྱའོ།། དེ་ཡང་དོན་ཆོས་ཉིད་དུ་གསལ་བར་བྱིན་གྱིས་བརླབས་ཡུན་རིང་པོར་བྱའོ། ། དེ་ནས་ཡང་སྟོན་པའི་ཆོས་ཉིད་དུ་གནས་བསྡུས་པའོ།། དེ་ནས་ལས་སུ་རུང་ནས་གསལ་ཞིང་འདྲིས་པར་གྱུར་པ་དང།། གཉིས་སུ་མེད་པར་བྱིན་གྱིས་བརླབས་པས། སྤྲུལ་པ་ཕྲ་མེན་མ། སྒྲོལ་བར་བྱེད་པའི་ཚོགས་མང་པོ། ཡབ་ཡུམ་གྱི་འོད་ཟེར་དང་འཕྲོས་འདུས་ནས། སྟོང་གསུམ་གྱི་སྟོང་ཆེན་པོའིའཇིག་རྟེན་གྱི་ཁམས་གནས་པ་ཐམས་ཅད། ངན་སོང་གསུམ་ན་གནས་པ་ཐམས་ཅད་མ་ལུས་པར་བསྒྲལ་བས། ཡེ་ཤེས་ཆེན་པོའི་ཐིག་ལེ་ལ་སྦྱོར་ཞིང་སྡུད་དོ།། དེ་ཡང་འདི་སྐད་ཅེས་གསུངས་སོ།། ཙིཏྟ་ལ་ནི་ལྷན་ནེ་བོས། བདེར་གཤེགས་རིགས་རྣམས་སོ་སོར་གསལ། ཐབས་དང་ཤེས་རབ་གཉིས་མེད་པའོ། ། བྱང་ཆུབ་སེམས་ཀྱི་འོད་ཟེར་འཕྲོ། གཉིས་མེད་རོལ་པའི་བྱིན་རླབས་པས། གྲུ་གསུམ་ལས་ནི་བསྒྲལ་བར་བྱ། ངན་སོང་གསུམ་པོ་ཀུན་བསྲུངས་ནས། ཐིག་ལེ་དབྱིངས་ལས་དགོད་པར་བྱ། ཞེས་བཀའ་སྩལ་ཏོ།། དེ་ལས་འོད་ཟེར་གྱི་འཕྲོས་འདུས་དབང་དུ་བསྡུས་པ་དེ་ལས། བདག་ཉིད་ཁྲོ་བོ་ཧཱུཾ་མཛད་དམ་བླ་ན་མེད་པའི་ཧེ་རུ་ཀར་བསྒོམས་པའི་ཐུགས་ཀ་ནས། ཐབས་ཀྱི་རྒྱལ་པོ་ཐུགས་ཡང་དག་པའི་ཡེ་ཤེས་ཀྱིས། ངན་སོང་གསུམ་འཇིག་པར་བྱེད་པའི་ཡིག་འབྲུ་རྣམས་བསྐྱེད། ཡིག་འབྲུ་ཐུགས་ཡེ་ཤེས་ཀྱི་རྩེ་མོས་དོན་དུ་བྱ་བ་དང། སེམས་ཅན་ཐམས་ཅད་ཀྱི་སེམས་ཀུན་བསྡུས་ནས། ཉི་མ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བཞག་ནས། གསེར་ཞུན་མ་བཞིན་དུ་འདྲིལ་ཞིང་འཚེར་བ། དག་ཅིང་གསལ་བ་གཅིག་ཡིད་ལ་བསམ་ལ། བྱང་ཆུབ་སེམས་ཀྱི་སེམས་མངོན་དུ་དྲན་པར་བྱའོ།། གཞལ་ཡས་ཁང་གི་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་ཀྱི་ཐུགས་ཀ་ནས་ཀྱང་དང་པོ་གསུང་ཡིག་འབྲུ་འཕྲོས། གཉིས་པ་ལས་ཐུགས་ཕྱག་མཚན་འཕྲོས། གསུམ་པ་ལས་སྐུ་ཕྱག་རྒྱ་འཕྲོས་པ་ལས། གང་དོན་བྱ་བ་དང། སེམས་ཅན་རིལ་གྱིས་ཕུང་པོ་དང། ཁམས་དང། རྣམ་པར་ཤེས་པ་ཐམས་ཅད་ལ་ཁྱབ་པས། བསྐལ་པ་གདོད་མཐའ་མེད་པའི་ཉོན་མོངས་པ་དང། ཤེས་བྱའི་སྒྲིབ་པ་དང། ཡོད་མེད་རྟག་ཆད་དང། གཟུང་འཛིན་དང། ཕྱོགས་སུ་ལྟ་བའི་རྣམ་པར་རྟོག་པ་ཐམས་ཅད། དཔེར་ན་བྱ་སྒྲོ་མེ་ཡིས་བཅོམ་པ་བཞིན་དུ་ཐུལ་གྱིས་སྲེགས་ནས། རྣམ་པར་ཤེས་པའི་ཆོས་མགར་བའི་ཞི་ག་ཀོང་བུ་ན་གསེར་ཆུ་དངུལ་ཆུ་བཞུས་པ་བཞིན། ཀར་ལྷང་ངེ་ལྷང་ངེ་གནས་པ་ལ། ཨ་ལས་ཟླ་བའི་དཀྱིལ་འཁོར་དུ་གྱུར་པའི་སྟེང་དུ་བཞག། འོག་ཡཾ་ལས་རླུང་གི་དཀྱིལ་འཁོར་གྱིས་བཏེག་ནས་ཡབ་ཡུམ་སྦྱོར་བའི་ཐུགས་ཀར་ཕཊ་ཀྱིས་འཕངས། སྐུའི་དབྱིབ་ཏུ་ཨུ0f84ཐིམ་ནས་གསང་བ་གཉིས་གནས་ཀྱི་མཁའ་ལ་བྱང་ཆུབ་ཀྱི་སེམས་བབས་པ་ལས། བོ་དྷི་ཙིཏྟ་བཛྲ་ས་ཏཱ་ཞེས་བརྗོད་པས། རིགས་ངེས་པས་རྒྱལ་བའི་སྲས་སུ་གྱུར་ཏོ།། དེ་ཡང་ལུང་ཆེན་པོའི་གཞུང་གིས། མེ་ལོང་གི་དཀྱིལ་འཁོར་དང། སེམས་ཀྱི་དཀྱིལ་འཁོར་དང། ཐུགས་ཀྱི་དཀྱིལ་འཁོར་གསུམ་དུ་རྒྱུད་ལྔའི་གནས་བཅས། ཇི་ལྟར་སྣང་བ་ཐམས་ཅད་ཐུགས་ཡེ་ཤེས་ཀྱི་སྙིང་པོ་ཉིད་དུ་བསྡུས་ནས། ཡེ་ནས་སངས་རྒྱས་པའི་ངོ་བོ་ཡིན་པས། རིགས་ཀྱི་ཁྱད་པར་ནི་ཡབ་ཡུམ་སྦྱོར་བ་མཛད་པའི་མཚམས་སུ་ཞེས་གསུངས་སོ། ། དེ་ལ་ཡུམ་གྱི་མཁའ་གསང་པད་མ་ནི།། ཡེ་ནས་དུས་གསུམ་གྱི་རྒྱལ་བ་ཐམས་ཅད་ཀྱི་འབྱུང་གནས་ཡིན་ལ། ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ཀྱི་གནས་བསྐྱེད་པའི་རང་བཞིན་ཡང་ཡིན་པས། ཡེ་ནས་ཆོས་ཉིད་གསང་བའི་རང་བཞིན་ལ། ཡེ་ནས་གསལ་བའི་སྐྱོན་གྱིས་མ་གོས་ཏེ། པད་མ་འདམ་ནས་སྐྱེས་ན་ཡང་སྐྱོན་དང་བྲལ་བ་བཞིན་དུ། ཆོས་ཉིད་ལ་སྐྱོན་མི་མངའ་སྟེ། རིགས་ལྔའི་རྒྱལ་པོ་དང་རྒྱལ་མོ་གསལ་བའི་དཀྱིལ་འཁོར་དུ། ངན་སོང་འཁོར་བ་འདྲེན་ཅིང་སྐུ་གསུང་ཐུགས་ཀྱིས་བྱིན་གྱིས་བརླབས་པའོ།། དེལ་ཚིག་བཤད་ཀྱིས་འདི་སྐད་དོ། ། ཨོཾ།། སྔོན་གྱི་ཐུགས་དམ་ཆེན་མོ་ནི།། སེམས་ཅན་འབྱམ་ཀླས་མ་ལུས་ཀུན།། རྒྱལ་བའི་ཞིང་དུ་འབྱོར་པ་ན།། ཕྱག་རྒྱ་ཆེན་པོར་བདག་སྦྱོར་ཅིག། གསེར་ཞུན་བཞིན་དུ་གསལ་བ་ལས།། སྔགས་དང་ཕྱག་རྒྱས་བྱིན་རླབས་པས། ། གསུང་གི་བྱིན་རླབས་འོད་ཀྱི་འབྲུ།། ཡབ་ཡུམ་གནས་སུ་བཏེགས་ནས་ཀྱང།། སྦྱོར་བའི་ལྷུམས་སུ་ཕཊ་ཀྱིས་འཕང།། ཐུགས་ཀར་ཐིམ་ནས་སྐུ་ཡི་དབྱིངས།། རྡོ་རྗེའི་ལམ་ནས་ཡུམ་གྱི་མཁའ། ། གཉིས་མེད་དབྱིངས་སུ་གནས་སྤར་ནས།། ལྷ་རྣམས་སོ་སོའི་སྙིང་པོ་སྨྲས།། འདི་ལས་བྱིན་གྱིས་བརླབ་ཏུ་གསོལ།། ཞེས་བསྐུར་བས་བདེ་བར་གཤེགས་པ་ཐམས་ཅད་གཉིས་སུ་མེད་པའི་ཐུགས་རྗེ་ཆེན་པོས། སྟོང་གསུམ་གྱི་སྟོང་ཆེན་པོ་འཇིག་རྟེན་གྱི་ཁམས་མ་ལུས་པ་ཐམས་ཅད་རིལ་རྣམས་ཀུན། དཔེར་ན་ཏིལ་གྱི་གང་བུ་འབྲས་བུས་གང་ལ། འབྲས་བུ་མར་གྱིས་ཁྱབ་པ་བཞིན་དུ། ནམ་མཁའ་གར་ཁྱབ་པ་ཆོས་ཀྱི་དབྱིངས་ཀྱིས་ཁྱབ་ལ། ། ཆོས་ཉིད་ཀྱིས་གར་ཁྱབ་པ་བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོར་སངས་རྒྱས་པས་ཁྱབ་ཅིང། ཐིག་ལེ་ཆེན་པོར་བསྣམས་པས། དེའི་དོན་ལ་གཞན་དུ་མི་སྟོངས་པའི་རང་བྱུང་གི་ཡེ་ཤེས། ཀུན་ཏུ་སངས་རྒྱས་པ་ལས་ཡེངས་པ་མེད་པའི་རྩེ་གཅིག་པའི་བྱང་ཆུབ་ཀྱི་སེམས་དེ་ཁོ་ན་ཉིད་ཀྱི་དབང་བསྐུར་ནས། ཡབ་ཡུམ་རིལ་ཀྱང་གཉིས་སུ་མེད་པར་གྱུར་ནས། རྒྱལ་བའི་སྲས་སུ་བྱ་བ་དང། དེ་ལ་ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱིས་ཀྱང་བྱིན་གྱིས་བརླབས་ཤིང། བསྔགས་པ་མཛད་ནས། དེ་ལ་དབང་བསྐུར་བར་བྱ་བའི་ཕྱིར། རིགས་ལྔ་ཡབ་ཡུམ་དང། དུས་གསུམ་གྱི་བདེ་བར་གཤེགས་པ་ཐམས་ཅད་དང། འཁོར་སེམས་དཔའ་དང་སེམས་མ། ཁྲོ་བོ་དང་ཁྲོ་མོ། རིལ་གཉིས་སུ་མེད་པའི་བྱང་ཆུབ་ཀྱི་སེམས་གཅིག་ཏུ་གྱུར་ནས། རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ། སངས་རྒྱས་ཀུན་གྱི་ཐུགས་རྡོ་རྗེ་འཕྲོ་འདུ་གསལ་བ་ལས། གང་དོན་བྱ་བ་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱི་སེམས་ཡེ་ཤེས་ཆེན་པོའི་རང་བཞིན་དུ། སྐུ་གསུང་ཐུགས་རྡོ་རྗེ་བྱིན་གྱིས་བརླབ་པར་བྱ་བ་ནི། དུས་གསུམ་གྱི་བདེ་བར་གཤེགས་པ་ཐམས་ཅད་གཅིག་ཏུ་གྱུར་པའི་སྤྱི་གཙུག་ནས། ཨོཾ་དཀར་པོ་འཕྲོས་པས་དོན་བྱ་བའི་གནས་ཀྱི་སེམས་ཡབ་ཡུམ་གྱི་མཁའ་ལ་གསེར་ཞུན་མ་བཞིན་དུ་འཁོད་པ་ལ། ཞལ་ནས་ཨ་དམར་པོ་འཕྲོས་པས། ཡང་དེ་བཞིན་དུ་ཐོན། ཐུགས་ཀ་ནས་ཧཱུཾ་མཐིང་ཀ་འཕྲོས་པས། ཡང་དེ་བཞིན་དུ་འཕྲོས་པས། དེ་བཞིན་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་ཆོས་ཀྱི་སྐུར་གྱུར་ཏེ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཱག་ཙིཏྟ་བཛྲ་སཱ་བྷཱ་པ་ཨཱད་མ་ཀོུ྅ཧཾ། ། ཞེས་བརྗོད་པས་སྐུ་གསུང་ཐུགས་རྡོ་རྗེར་གྱུར་ཏེ། རྒྱལ་བ་ཐམས་ཅད་ཀྱི་ཐུགས་ཀྱི་སྲས་རབ་དམ་པར་གྱུར་ནས། བདག་དོན་མཐའ་ཕྱིན་ནས། གཞན་དོན་ལྷུན་གྱིས་གྲུབ་པར་བྱ་བའི་ཕྱིར། མ་འོངས་པའི་སེམས་ཅན་གྱི་དོན་ཡིད་དུ་འོང་བར་མཛད་པར་མངའ་གསོལ་ནས། རྣལ་འབྱོར་གྱི་སྡཽང་གྲོགས་སུ་ཞལ་གྱིས་འཆེས་པར་བསྒོམ་མོ།། དེ་ཡང་འདི་སྐད་ཅེས་བརྗོད་དོ།། དོན་རྣམས་བྱ་འོས་གང་ཡིན་པ། གཉིས་མེད་དབྱིངས་ནས་བྷ་གར་ཐིམ། ཡུམ་གྱི་མཁའ་ལ་གནས་པ་ལ། བོ་དྷི་ཙི་ཏྟས་དབང་བསྐུར་ནས། ཡི་གེ་འབྲུ་གསུམ་བྱིན་བརླབས་པས། རིགས་ངེས་རྒྱལ་པའི་སྲས་ཞེས་བྱའོ།། ཕྱིན་ཆད་འགྲོ་བའི་དོན་བྱ་བའི་ཕྱིར། ངས་བསྐུལ་བའི་ས་ལ་གཞག་པར་བྱའོ།། ཞེས་གསུངས་སོ།། དེ་ནས་རྫོགས་པ་ཆེན་པོའི་རྣལ་འབྱོར་གྱིས། འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་ཐམས་ཅད་ཡེ་གདོད་མ་ནས་སངས་རྒྱས་པ་ལ། རྒྱུ་རྐྱེན་ལ་རག་མ་ལུས་ལ། དེ་ཉིད་བཙལ་བ་མེད་པར་ལྷུན་གྱིས་གྲུབ་པས། འབྲས་བུ་ལ་རྟེན་མི་འཚལ་ཏེ། འཁོར་བ་ཆོས་ཉིད་དུ་དག། སྡུག་བསྔལ་བྱང་ཆུབ་ཏུ་གྱུར། ཉོན་མོངས་ལམ་དུ་ཤར་བས། འདི་ལྟར་གྱུར་པའི་སྐྱེས་བུའི་ལམ་རྒྱུད་ལྔ་ཐུགས་རྡོ་རྗེ་ཆེན་པོས་གཟུང་ཡང་མི་དགོས། དེ་ལྟར་རྟོགས་ན་ཐུགས་རྗེས་གཟུང་ཡང་མི་འགལ། ཅིའི་ཕྱིར་ཞེ་ན། ཐེག་པ་ཆེན་པོ་བྱ་བཙལ་དང་བྲལ་ཞིང་ཀུན་ཤོང་ལ། གང་དང་ཡང་མི་འགལ་བར་བྱ་བའི་ཕྱིར། བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོ་ཀུན་ཏུ་བཟང་པོ་ཡེ་ནས་སངས་རྒྱས་ལ། དཔེ་གསེར་དང་འདྲ་སྟེ། འགྱུར་བ་མེད་པ་ཡིན་ལ། གནས་ནས་གནས་སུ་བསྟོད་ཀྱང་མི་འགལ། མ་བསྟོད་ཀྱང་མི་འགལ། མ་བསྟོད་ཀྱང་དོན་གྱིས་ཚང་བས། སེམས་ཅན་ཐམས་ཅད་ཀྱང་ཀུན་གཞི་བྱང་ཆུབ་ཀྱི་སེམས་དཔེ་ནམ་མཁའ། དོན་ཆོས་ཉིད། རྟགས་བདེ་བ་ཆེན་པོ་སྐྱེ་ཤི་འཁོར་བའི་རྒྱུན་ཐམས་ཅད། ཆོས་ཉིད་དབྱིངས་སུ་འཕོ་འགྱུར་མེད་པས། སངས་རྒྱས་དང་སེམས་ཅན་ཐམས་ཅད་ཐིག་ལེ་ཆེན་པོའི་རང་བཞིན་དུ་འུབ་ཆུབ་པས། གཉིས་སུ་མེད་པའི་ངང་དུ་གྱུར། རྟག་ཆང་རྟོག་པའི་མཐའ་ལས་འདས། དཔེ་གསེར་གླིང་དུ་ཕྱིན་པ་ལྟར། ཀུན་ཏུ་བཟངཔོ་ལ་འཁོར་བ་བཙལ་གྱིས་མི་རྙེད་པས། དབྱེ་བ་མེད་པའི་ས་ལ་མཉམ་པ་ཉིད་ཀྱི་གླིང་དུ་གནས་པས། རྒྱུ་འབྲས་ཀྱི་ཆོས་དང། ལས་དང། སྡུག་བསྔལ་དང། སྐུ་དང་ཡེ་ཤེས་ཀྱི་ཆོས་ཐམས་ཅད་ལ་སེམས་ཀྱི་དབང་བསྒྱུར་བས། རིག་པའི་རྒྱལ་པོ་རང་དབང་རྫོགས་པས། འདི་ལྟར་གནས་པའི་རྣལ་འབྱོར་པས་དབང་བསྐུར་ཡང་མི་འགལ། མ་བསྐུར་ཀྱང་དབང་ཐམས་ཅད་རྫོགས་པས། དཔེར་ན་དབྱུང་ལ་ཁས་བླངས་མི་དགོས། བླང་ནས་ཀྱང་མི་འགལ་བ་དང་འདྲའོ།། དེའི་ཕྱིར་འདི་སྐད་ཅེས་གསུངས་སོ།། ཡོད་ཅིང་རྫས་སུ་སྣང་ན་ཡང།། སྣང་ཞིང་སྲིད་པའི་ཡེ་ཤེས་རྒྱན། ། མེད་ཅིང་ཆད་པར་སྣང་ན་ཡང།། ཁམས་གསུམ་ཐམས་ཅད་སྟོང་པའི་དབྱིངས།། ཡོད་མེད་གཉིས་ལས་འདས་ན་ཡང།། དོན་གྱི་མཆོག་ནི་དབུ་མ་ཡིན།། ཚིག་དང་ཡི་གེ་ཐམས་ཅད་ཀྱང།། སྔགས་ཀྱི་རང་བཞིན་ཆོས་ཀྱི་དབྱིངས། ། དྲན་རྟོགས་ཐམས་ཅད་ཡེ་ཤེས་ལ།། སེམས་ཀྱི་དཀྱིལ་འཁོར་ནང་ནས་གསལ།། སེམས་ཅན་ཐམས་ཅད་སངས་རྒྱས་པས།། རྒྱལ་བའི་སྲས་པོ་ཡེ་ནས་བསྔགས།། གཏི་མུག་ཉིད་ཀྱང་ཆོས་ཀྱི་སྐུ། ། མ་རིག་ཉིད་ཀྱང་ཡང་དག་ལམ།། ཡང་དག་མ་སྤངས་ཐར་པའི་ལམ།། གང་ཡང་མ་སྤངས་ཐར་པའི་གནས།། བདེ་བ་གཞན་དུ་རག་མི་ལུས།། བྱང་ཆུབ་སེམས་ཀྱི་འོད་གསལ་གྱིས།། འཁོར་བའི་མུན་ནག་གནས་ནས་གསལ། ། རྫོགས་པ་ཆེན་པོའི་དོན་སྟོན་པ།། ངན་སོང་སྡུག་བསྔལ་མིང་ཡང་མེད།། ཐེག་པ་ཆེན་པོའི་ཀློང་བདལ་བས།། སེམས་ཅན་ཐམས་ཅད་སངས་རྒྱས་ཡིན།། རྟོག་པ་འདོད་དགུར་དབང་སྒྱུར་བས། ། རྒྱལ་དང་སྤྱི་བླུགས་རང་དབང་ཐོབ།། ཀུན་ཏུ་བཟང་པོའི་རང་བཞིན་ལས།། དུས་གསུམ་འཕོ་འགྱུར་མེད་པའི་ཕྱིར།། ཡིན་པའི་དོན་ལ་ཡེངས་མེད་པས།། དབྱེར་མེད་ས་ལས་ཕྱིར་མི་ལྡོག། མ་བཅོས་མ་གཡོས་བདེ་བར་གནས།། དུས་གསུམ་སངས་རྒྱས་འཕྲིན་ལས་ཕྲིད།། ལུང་འདི་ཚིག་ཙམ་ཐོས་པས་ཀྱང།། དེ་དབང་སེམས་ཀྱི་གནས་རྙེད་འགྱུར།། ཞེས་གསུངས་པ་དང། ཚིག་འདི་ཡོས་པ་དང་གྲགས་པ་ཙམ་གྱིས། ཀུན་ཏུ་བཟང་པོའི་བདེ་བ་ཆེན་པོས་ཡེ་ནས་སངས་རྒྱས་པའི་གནས། ལྷུན་གྱིས་གྲུབ་པ་ཉིད་ཐོབ་པར་གྱུར་ཏོ།། གང་དོན་བྱ་ལྟ་ཅི་སྨོས་སོ།། དེས་ནི་དབང་གི་དཀྱིལ་འཁོར་ཆེན་པོ་དྲུག་ལས། གནས་ཆེན་པོའི་རྩ་རྒྱུད་རྫོགས་སོ།། @#། ། ད་ནི་ཕྱི་མའི་འཇུག་ལ་ལྷག་མ་མ་ལུས་པའི་ལས་ཅི་བྱ་བ་ཆེན་པོ་དྲུག་ལས་ཅི་བྱ་བ་དོན་གསལ་བར་སྨོས་པ་སྟེ། དེ་ཡང་འདི་སྐད་ཅེས་གསུངས་ཏེ།། རྒྱུད་དྲུག་སེམས་ཅན་གནས་སྦྱངས་ནས།། རིགས་ངེས་རྒྱལ་བའི་སྲས་བསྐྱེད་པ། ། དུས་གསུམ་ཕུང་པོ་སྦྱངས་ནས་ཀྱང།། ལྷག་མ་བཤགས་བྱང་བསྐང་བཅོས་བྱ།། ཀུན་གྱི་ཐུན་མོང་མ་ཡིན་པས།། སྣོད་ཀྱི་ཁྱད་པར་ཤེས་བར་བྱ།། ཞེས་བྱུང་བས་རྒྱུད་ཕྱི་མ་འདི་ལ་དོན་རྣམ་པ་བཞི་སྟེ། ལས་ཀྱི་ལྷག་མ་བསྡུ་བ་དང། སྣོད་ཀྱི་ཁྱད་པར་ཤེས་པར་བྱ་བ་དང། གཉིས་སུ་མེད་བཤགས་པ་དང། སྨོན་ལམ་བཏབ་པའོ།།།། དེ་ལ་ལས་ཀྱི་ལྷག་མ་བསྡུ་བ་ལ་དོན་བདུན་ཏེ། མ་འོངས་པའི་རྒྱལ་བ་ཐམས་ཅད་བླ་ན་མེད་པའི་སངས་རྒྱས་སུ་གྲུབ་པར་སྨོན་ལམ་གདབ་པ་དང། སྣང་བ་དང་ནི་སྣང་བའི་འཇིག་རྟེན་གྱི་ཁམས་ཐམས་ཅད་རྡོ་རྗེ་འཆང་གི་གྲལ་ཐོབ་ཅིང་བཞུགས་པར་བྱ་བ་དང།། རྣལ་འབྱོར་དངོས་ཀྱི་རྒྱུད་ལས་ཚོར་བ་དང་མ་མཚོ་བའི་ཉམས་ཆགས་ཐམས་ཅད་བཤགས་པར་བྱ་བ་དང། ཉོན་མོངས་པའི་སེམས་ཅན་ཁམས་གསུམ་འཁོར་བ་ན་གནས་པ་རྣམས། སྙིང་པོ་བྱང་ཆུབ་ལ་དགོད་པའི་ཐུགས་རྗེས་གཟུང་ཞིང་ལས་བཅོལ་བ་དང། ། ཐའ་ཡས་པའི་སེམས་ཅན་ཐམས་ཅད་ཇི་ལྟར་འདོད་པའི་རེ་བ་སྐོངས་པ་དང། ཁྱད་པར་གྱི་ལས་ངེས་པ་སོར་བྱེད་པ་དང། དཀྱིལ་འཁོར་བསྡུ་བའོ། དེ་ལ་དཀྱིལ་འཁོར་བསྡུ་བ་ནི། སྙིང་པོ་ནི་གནས་པའི་ངང་དུ་དཀྱིལ་འཁོར་བསྡུ་ཞིང། སྙིང་པོ་གསལ་བའོ།། དྲན་པ་ཙམ་གྱིས་རིག་པ་གསལ་བར་བྱ་སྟེ། ལས་ཐམས་ཅད་ཀྱི་གཞུང་བསྡུས་ནས། དོན་མཐར་ཕྱིན་པ་སློབ་དཔོན་གྱིས་བསྟན་པར་བྱའོ། ། དེ་ཡང་མན་ངག་གིས་བྱང་སེམས་བདེ་བ་ཆེན་པོས། ཡེ་ནས་སངས་རྒྱས་པས་ཕྱོགས་རིས་དང་སྟེང་འོག་མེད་པར་ཁྱབ་ཅིང་བདལ་བས། དུས་ལ་སྔ་ཕྱི་མེད་ལ། གནས་ལ་མཐོ་དམན་མེད་ལ་སེམས་ལ་སྐྱེ་ཤི་མེད་པས། མན་ངག་རྫོགས་པ་ཆེན་པོ་ཡེ་ནས་བྱ་བ་བཙལ་དང་བྲལ་བར་རྟོགས་ན། ལྷག་མ་དང་འཇུག་བསྡུ་བ་ཡང་མི་དགོས་སོ།། བྱས་ཀྱང་མི་འགལ་ལོ།། དེའི་ཕྱིར་ན་འདི་སྐད་ཅེས་བཀའ་སྩལ་ཏོ། ། རྫོགས་པ་ཆེན་པོའི་ཀློད་གདལ་བ།། མཐོ་རིས་མེད་ཅིང་སེམས་ཅིང་ངན་སོང་མེད།། སངས་རྒྱས་མེད་ཅིང་སེམས་ཅན་མེད།། མེད་པ་མ་ཡིན་སྙིང་པོའི་དོན།། ཞེས་གསུངས་སོ།། དེ་ལ་སྣོད་ཀྱི་ཁྱད་པར་ཤེས་པར་བྱ་བ་ནི། རྫོགས་པ་ཆེན་པོའི་ལྟ་བ་ཡ་ཐ་ཡིན་པས་གང་ཡང་མི་ཤོང་བ་མེད་ཅེས་ཏེ། ཀུན་གྱི་ཐུན་མོང་དུ་མ་གསུངས་སོ།། དཔེར་ན་ནམ་མཁའ་ལ་ཡངས་དོགས་མེད་ཅིང་ཀུན་ལ་ཁྱབ་པ་ཡིན་ཀྱང། མིག་ནད་ཅན་དུག་གིས་ཟིན་པས་ལྟས་པས།། ནད་དང་དུག་གི་ཁ་དོག་ཏུ་སྣང་བ་བཞིན།། རྫོགས་པ་ཆེན་པོའི་ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་པ་ཡིན་ཀྱང། ཉན་ཐོས་དང་ཐེག་པ་འོག་མ་པ་སྲག་ཅིང་སྔངས་ཏེ། དེ་ཉིན་མ་རྟོགས་པའི་དབང་གིས། འཕྱ་ཞིང་སྐུར་པ་བཏབ་པས་དམྱལ་ཁམས་ལ་སོགས་པའི་འབྲས་བུ་ལོག་པར་སྨིན་པའི་སྐྱོན་དང། སྐྱེ་བོ་དང་བུས་པ་ལ་སོགས་པ། ཡང་དག་པའི་ངེས་དོན་མི་ཤེས་པའི་དབང་གིས། ལས་ཀྱི་སྒྲིབ་པས་ཐོས་པའི་དབང་མེད་པ་དང། སྐྱེས་པ་དང། བུད་མེད་དང། བུས་པ་དང། གསང་བ་ཐེག་པ་གསུམ་པོ་མ་རོས་པ་དང། དམ་མེད་ཅིང་དམ་ཉམས་ལྷ་སྨོས་ཀྱིས། དབང་མ་བསྐུར་བ་དང། བསྐུར་བ་དང། མ་ཧཱའ་ཡོ་ག་མན་ཆད་ལས་མ་ཐོས་པས་ཀྱང། གནས་འདིར་བྱ་བར་མི་འབྱུང་སྟེ། དེའི་ཕྱིར་ནི་འདི་སྐད་ཅེས་བཀའ་སྩལ་ཏོ།། ཀུན་ཏུ་བཟང་པོའི་ཐུགས་ལས་ནི།། ནོར་བུ་རིན་ཆེན་འདི་འབྱུང་བས། ། སྐལ་ལྡན་རྣམས་ལས་མ་གཏོགས་པ།། ཉན་ཐོས་བྱིས་པའི་སྤྱོད་ཡུལ་མིན།། ཉན་ཐོས་རང་རྒྱལ་དགྲ་བཅོམ་དང།། དགེ་སློང་མིང་ཡང་མ་གཏོགས་སོ།། ཕྱོགས་རྟོགས་ཡང་དག་མ་རྟོགས་པ། ། འདི་དག་ལུང་དུ་མ་བསྟན་ནོ།། མུ་སྟེགས་མུར་ཐུག་ལ་སོགས་པས།། མ་རྟོགས་པ་དང་ལོག་པར་རྟོགས།། སྐྱེ་བོ་ལ་སོགས་རྨོངས་པ་ལ།། བསྟན་ཀྱང་མི་གོ་རྟོགས་པར་འགྱུར།། དྲེགས་ཤིང་སྡིག་པའི་ལས་བྱེད་ན། ། རྒྱལ་པོ་ཡིན་ཀྱང་སྡོད་མ་ཡིན།། དཔེར་ན་སེང་གེའི་འོ་མ་བཞིན།། སྣོད་ངན་ཞོས་འཆག་བཅུད་འབོ་བས།། བུས་པའི་སྐྱེ་བོས་མི་ཤེས་པས།། ཡིད་ལ་གཅགས་ཀྱང་བྱ་འོས་མེད།། ཡིད་ལ་གནས་སྟོད་དབང་བསྐྱུར་ཀྱང། ། ཐར་པ་མི་ཐོབ་སྒྲིབ་པར་འགྱུར།། སྐྱེས་པ་དྲེགས་ཤིང་ཁེངས་པ་དང།། བུད་མེད་འདོད་པས་ཞེན་པ་དང།། བུས་པ་འདའ་ལས་ཤེད་མ་བྱེད།། དོན་འདི་བསྟན་ཀྱང་གོ་མི་འགྱུར།། ཡིད་དང་རྣ་བའི་དབང་པོ་ཡིས། ། རྒྱུད་ལུང་མན་ངག་མ་ཐོས་པས།། དོན་མེད་རྣལ་འབྱོར་ཕལ་པ་ཡིས།། མན་ངག་སྣོད་དུ་མ་གྱུར་པས།། ནམས་ཀྱང་གནས་མཆོག་ཐོབ་མི་འགྱུར།། རྩ་བ་ཉམས་པའི་ཆལ་པ་དག། གསོ་ལ་བརྩོན་པར་མི་བྱེད་པར། ། གནས་འདིར་ཐོབ་པར་མི་འགྱུར་གྱི།། རྡོ་རྗེ་དམྱལ་བར་སྐྱེ་བར་ངེས།། ཕྱི་ནང་གསང་བའི་དབང་རྣམས་དང།། གང་ཟག་གྲངས་དབང་མ་མཐོང་ཞིང།། ཁ་དབང་ཙམ་ཡང་མ་ཐོབ་ན། ། དེ་ཡང་ལུང་དུ་མ་བསྟན་ནོ།། རྒྱུད་ཀྱི་འཕྲིན་ལས་ཙམ་ལ་ལྟོས།། གོང་མའི་ཆོས་ལ་སྒྲོས་འདོགས་ཤིང། གླུ་དང་སྡེབས་སྦྱོར་ཁེ་ཤགས་མཁན། དེ་ནི་གནས་འདི་ཐོབ་མི་འགྱུར། ཞེས་གསུངས་སོ།། དེའི་ཕྱིར་ཐེག་པ་ཆེན་པོའིགནས་འདི་ཐུན་མོང་མ་ཡིན་པའོ། ། མན་ངག་ཆེན་པོ་འདིའི་གནས་ཀྱི་སྣོད་ཡོད་པར་བསྟན་པ་ནི། སྐྱེ་བོ་ན་ཡང་རང་བཞིན་གྱི་དོན་དང་མཐུན་པ་དང། བུད་མེད་ན་ཡང་དད་པ་དང་ཚུལ་དུ་ཤིས་ཏེ། གཟུགས་ཀྱི་དོན་དང་ལྡན་ཞིང་བློ་དང་རིག་པ་ཆེ་བ་དང། བུས་པ་ན་ཡང་ལུང་དང་མན་ངག་གི་རིགས་སུ་གྱུར་ནས། དོན་ཆོས་ཐོས་ཤིང་འགགས་པའི་དོན་ཤེས་ན་ཡང་ལེགས། མ་ཤེས་ན་ཡང་འདི་དག་ཕལ་འགའ་ཤེས་ན་བར་ཆད་དུ་འགྱུར་བ་དང། དབང་དང་དམ་ལ་གནས་ཤིང་ཚུལ་བཞིན་སྤྱོད་པ་དང། གསང་སྔགས་རྣལ་འབྱོར་རྣམ་གསུམ་གྱི་དོན་སྤྱོད་པ་རྣམས་ལ། རྫོགས་པ་ཆེན་པོའི་རང་བཞིན་འདིས་མ་བསྟོད་ན། གཞན་དགེ་བ་ཅི་བྱས་ཀྱང་ཡང་དག་པའི་དོན་དུ་མི་འགྱུར་བ་དང། ལུང་དང་མན་ངག་ལ་མཁས་པའི་སྐྱེས་བུ་ལྟ་ཅི་སྨོས་ཀྱིས། ཚུལ་དང་མི་ལྡན་པའི་རྒྱལ་པོ་དང། བསྐྱེད་རྫོགས་རྣམ་གསུམ་གྱི་དོན་ལ་དད་པས་ཕྱོགས་པ་ཙམ་ལ་ཡང། རྒྱལ་པོ་གནས་འདིར་བསྟོད་ན། ངེས་པའི་ལམ་ཐོབ་ལགས། དེ་དག་ཐམས་ཅད་ལ་བཀའ་ཡང་དག་པ་འདིས་བཞུགས་བཤམས་ནས། དཔེར་ན་ལྷ་དང་ཀླུའི་དབང་པོ་ལ་ནོར་བུ་རིན་པོ་ཆེའི་དབང་བསྐུར་ནས། འདོད་པ་ཕུན་སུམ་ཚོགས་པ་བཞིན། ལུང་འདིས་གསེར་ལ་ནག་ཚུར་གཏོང་བར་གྱུར་པས་འདི་སྐད་ཅེས་བཙལ་ནས།། མཐའ་དབུས་མེད་པའི་ཆོས་ཉིད་ལ།། སྐྱེ་ཤི་མེད་པའི་སེམས་བདལ་བས། ། གདོད་ནས་དག་པའི་ནམ་མཁའ་བཞིན།། ཕྱོགས་རིས་མེད་ནས་དང་ཆེ་ན།། སྐྱེ་བ་ཡིན་ཡང་དོན་དང་མཐུན།། རང་སེམས་དག་པས་མཚན་དང་ལྡན།། དད་པས་ཆགས་མེད་ཆགས་དང་བྲལ།། ཡང་དག་དོན་ཉིད་རྟོགས་གོམ་ན། ། གསང་བའི་བུད་མེད་གཞུང་ལས་འབྱུང།། རིགས་ཀྱིས་བཙུན་རྒྱུད་མཁས་པའི་ས།། དབང་པོ་མ་གསལ་ན་ཡང་ཐོས།། འདི་ལ་དད་མོས་ཕྱོགས་དགའ་ན།། ཡུལ་མིན་བུས་པ་འང་རུང་བར་བཤད། ། དབང་དང་དམ་ཚིག་མ་ཉམས་ཤིང།། ཚུལ་དང་ལྡན་པའི་རྣལ་འབྱོར་དང།། མཁས་པའི་ཡོན་ཏན་བརྫོད་ལས་འདས།། མིང་གིས་གནས་འདིར་བྱ་བར་གསུངས།། རྒྱལ་པོ་ཆོས་ལ་མོས་པ་དང། ། གསང་བའི་དོན་ལ་དད་ཅིང་འདུན།། སྔགས་ཀྱི་རྒྱལ་པོ་མཉན་ངེས་དང།། དེ་ཡང་གནས་འདིར་བྱ་བར་གསུངས།། དེ་ལས་གཞན་པ་གང་ཡིན་པ།། ཉམས་དང་ཆད་ལས་འབྱུང་བ་དང།། ཤན་པ་མཚམས་མེད་ལ་སོགས་དང། ། མགོན་བཙུན་འདི་ལས་གནས་གཞན་མེད།། ཅིའི་ཕྱིར་ཞེ་ན་ཁྲུས་ཀྱི་དཔེ།། ནན་ཏར་ཕུང་ནའང་སྐྱབས་འདི་ཚོལ།། གཞན་ལས་གྲོལ་བའི་ལུང་ཡོད་པས།། འདི་ཡང་མཁས་པའི་ལུང་དུ་གསུངས། ། ཐབས་ལས་བཙལ་གྱིས་མི་རྙེད་པས།། རྟགས་ལ་ཐུགས་རྗེའི་གནས་འདིར་མཁས།། ཞེས་གསུངས་པས་གཞུང་དང་མཐུན་པ་དང།། ཐབས་གཞན་གདུག་པ་སྲིད་ཙམ་ལས་གར་སོང་སོང་དུ་མ་གསུངས་སོ། །།། དེ་ལ་གཉིས་སུ་མེད་པའི་བཤགས་པ་དང། སྨོན་ལམ་གདབ་པ་ནི་གཉིས་སུ་མེད་ཅིང། ཡེ་ནས་སངས་རྒྱས་པ་ལ་བཤགས་མི་དགོས་ན་ཡང། དཔེར་ན་ནམ་མཁའི་ཁྲིགས་སམ། ཁུ་རླངས་སམ། རྒྱ་མཚོའི་རླབས་སམ། མེ་ལོང་གི་གཡའ་དང་འདྲ་བར། བློའི་སྒྲིབ་པ་སྟུག་པོས་ནོན་པ་རྣམས། རང་བཞིན་གྱིས་དག་ཅིང་བྱང་བར་བྱ་བའི་ཕྱིར། འདི་སྐད་ཅེས་གསུངས་སོ།། ཆོས་དབྱིངས་དུས་གསུམ་སྤྲོས་པ་མེད་པ་ལས། ། འཛིན་རྟོག་མེད་པའི་རང་རིག་ཡེ་ཤེས་ཀྱིས།། དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པ་ལ།། ཡུལ་དང་དབང་པོ་གཉིས་སུ་མེད་པར་བཤགས།། ཡུམ་གྱི་བྷ་ག་དགྱེས་པའི་ཕོ་བྲང་དུ།། ཡབ་ཀྱི་གཉིས་མེད་རྡོ་རྗེ་བྱང་ཆུབ་སེམས། ཐབས་དང་ཤེས་རབ་འདུ་འབྲལ་མེད་པ་ལ།། ཕྱི་ནང་སྣོད་བཅུད་གཉིས་སུ་མེད་པར་བཤགས།། ཏིང་འཛིན་རྣམ་པ་བཞི་ཡིས་བདར་བཅད་ནས།། ཕུང་པོ་རྣམ་ཤེས་ཁམས་དང་སྐྱེ་མཆེད་ལ། ། ལྷ་དང་ལྷ་མོའི་དཀྱིལ་འཁོར་གསལ་བསྒོམས་པས།། འགྲོ་དྲུག་སེམས་ཅན་རྒྱལ་བའི་དཀྱིལ་འཁོར་དང།། གཉིས་སུ་མེད་པར་ལྷུན་གྱིས་གྲུབ་པར་མཛོད།། རྩ་སྲོག་ཙིཏྟ་ལུས་ངག་ཡིད་གསུམ་རྣམས།། གུ་ཧྱ་གསང་ཆེན་སྐུ་གསུང་ཐུགས་ཀྱི་མཛོད། རྡོ་རྗེ་ཀློང་དགུར་དཔལ་ཆེན་ཧེ་རུ་དགུར། ཁམས་གསུམ་ས་དགུར་གཉིས་སུ་མེད་པར་བཤགས།། ཇི་ལྟར་སྣང་བ་ལྷ་ཡི་དཀྱིལ་འཁོར་དུ།། སྙིང་པོ་བརྫོད་པས་ཐམས་ཅད་རྫོགས་པའི་ཚུལ། ། དབྱེར་མེད་ཉིད་མཉམ་ངོ་བོ་ཉིད་ཀྱི་སྐུ།། ཐབས་ལ་མཁས་པས་གཉིས་སུ་མེད་པར་བཤགས།། ཕྱི་ནང་སྣོད་བཅུད་ངོ་བོ་ཉིད་ཀྱི་སྐུ།། ང་དང་བདག་མེད་ངོ་བོ་ཉིད་མཉམ་པས།། མཐོ་རིས་ངན་སོང་རྒྱུ་འབྲས་རྣམ་གཉིས་པོ། ། གཉིས་མེད་བདེ་ཆེན་ངང་དུ་མཐར་ཕྱིན་ཤོག། ཇི་ལྟར་སྣང་བ་ཀུན་བཟང་ཆེན་པོ་ལ།། ཡོད་མེད་རྟག་ཆད་མཚན་མའི་ཚིག་ལས་འདས།། འདི་ལྟར་མ་གྱུར་བདག་རྟོགས་གང་ཡིན་པ། ། དེ་ཉིད་མ་སྤངས་རྟོག་པའི་ཀློང་དུ་བཤགས།། དུས་གསུམ་འཕོ་འགྱུར་ཐ་ཚིག་རྟག་པ་མེད།། བཙལ་མེད་བསྒྲུབ་མེད་ནམ་མཁའི་ངང་དུ་གནས།། ཡོངས་ལ་ཁྱབ་ཀྱང་ཀུན་ལ་འདོད་དགུར་བསྒྱུར། ། ཕྱིན་ཅི་ལོག་རྣམས་བྱང་ཆུབ་ལམ་དུ་བཤགས།། རྟོག་པའི་མན་ངག་དོན་དང་མ་ཕྲད་ན།། ཚིག་གིས་མཚོན་པས་འབྲས་བུ་མི་ཐོབ་པས།། རང་སེམས་གདོད་ནས་སངས་རྒྱས་ཡིན་ཤེས་ན།། རང་བྱུང་ཡེ་ཤེས་ཀློང་དེ་འགྲུབ་པར་ཤོག། ཅེས་གསུངས་པས། བདག་དང། སེམས་ཅན་ཐམས་ཅད་དང། གང་དོན་བྱ་བ་སྡུག་བསྔལ་གྱི་རྣམ་པར་རྟོག་པ་དང། མ་རིག་པའི་སྡིག་སྒྲིབ་ཐམས་ཅད་བཤགས་ནས་མ་དག་པ་གང་ཡང་མེད། མ་བཤགས་ན་ཡོད་ནས་དག་ནས། དེ་ཅིའི་ཕྱིར་ཞེ་ན། ཚིག་ཏུ་བརྫོད་པ་དང་རང་བཞིན་གྱིས་དག། དེ་ལ་རྟོགས་ཏེ་གླིང་དུ་གྱུར་ན་བཤགས་མི་དགོས་པའི་ཐ་ཚིགས་སོ།། དེ་ལ་སྨོན་ལམ་གདབ་པ་ནི། དཔེར་ན་རྒྱུ་གསེར་ཡིན་ན། སྤྱོད་ཀྱང་གསེར་དུ་སྤྱོད་པ་དང་འདྲ་བར། བདག་དང་སེམས་ཅན་ཐམས་ཅད་ཡིན་ཡང་གདོད་མ་ནས་ཀུན་ཏུ་བཟང་པོ་བདེ་བ་ཆེན་པོར་སངས་རྒྱས་པ་ཡིན་ལ། སྨོན་ལམ་ཡང་དེའི་ངང་དུ་གདབ་པའི་ཕྱིར། རྫོགས་པ་ཆེན་པོའི་སྨོན་ལམ་འདི་སྐད་བརྗོད་དོ།། ཧོ་ཕྱི་སྣོད་ཀྱི་འཇིག་རྟེན་འབྱུང་བ་ཆེན་པོ་ལྔ་ཡུམ་ཆེན་མོ་ལྔའི་མཁའ་ཀློང་རྣམ་པར་དག་པ། ཆོས་དབྱིངས་ཀྱི་ཕོ་བྲང་ན། ནང་བཅུད་འཇིག་རྟེན་ལམ་ལྔའི་སེམས་ཅན་རྒྱལ་བ་རིགས་ལྔའི་རང་བཞིན་གྱིས་ཡབ་ཡུམ་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་ཁྱབ་པ་ལས། སེམས་དཔའ་སེམས་མ་དང། ཁྲོ་བོ་དང། ཁྲོ་མོ་དང། སྤྲུལ་པ་ཡང་སྤྲུལ་ལ་སོགས་སྐུ་དང། གསུང་དང། ཐུགས་དང། ཡོན་ཏན་དང། འཕྲིན་ལས་བཀོད་པ་མི་ཟད་པ་རྒྱན་གྱི་འཁོར་ལོ་མཛོད། འགྱིངས་པ་ལྟ་བུས་ཐབས་ལ་ཐབས་རོལ། ཡེ་ཤེས་ལ་ཡེ་ཤེས་རོལ། ཆོས་ཉོད་ལ་ཆོས་ཉིད་རོལ་བའི་ཚུལ་གྱིས། འཁོར་བ་སངས་རྒྱས་པའི་དུས་གསུམ་གྱི་བདེ་བར་གཤེགས་པའི་བྱིན་གྱིས་བརླབས་དང། ཐུགས་ཞི་བའི་ངང་ལས་མ་གཡོས་བར་སྐུ་འབར་བའི་ཆ་ལུགས་ཀྱིས། ང་རྒྱལ་དྲེགས་པས་ཁེགས་པའི་བར་དུ་གཅོད་པའི་བདུད་དང་སྲིན་པོ་ཚར་བཅད་ནས། བླ་ན་མེད་པའི་སྒྲོལ་བར་མཛད་པ་རྣམས་ལ། འདྲེས་པའི་ཆོས་ཉིད་ཀྱིས་ཕྱག་བཙལ་ནས། ཐུགས་ཡེ་ཤེས་ངང་གིས་མཁྱེད་པར་མཛད་པས་དགོངས་སུ་གསོལ། ཚོགས་པ་ཐམས་ཅད་དཀྱིལ་འཁོར། འབྱོར་པ་ཐམས་ཅད་ལོངས་སྤྱོད། ཕུལ་བ་ཐམས་ཅད་མཆོག་པར་བཞེས། དོན་བྱ་བའི་གནས་དང་མཐའ་ཡས་སེམས་ཅན་ཐམས་ཅད་རྡོ་རྗེ་འཆང་བའི་གྲལ་ཐོབ་ནས། ཡི་གེ་འཁོར་ལོ་རྫོགས་ཆེན་གྱིས་ལ་གནས་སྟོབས་པར་གྱུར་ཅིག་ཆོས་ཉིད་ལ་མ་རྟོགས་པ་མེད་ཅིང་མེ་ལྕེ་ལ་སྦྲང་བུ་མི་ཆགས་པ་ལགས་ན། ཀུན་རྫོབ་སྒྱུ་མ་ཙམ་གྱི་དབང་གིས། བདག་ཅག་དམ་ཚིག་ཉམས་པ་ཅི་མཆིས་པ་རྣམས་དང། ཕྱོགས་བཅུ་དུས་གསུམ་གྱི་འཇིག་རྟེན་གྱི་ཁམས་ན། རྡོ་རྗེ་སློབ་དཔོན་དང། མཆེད་ལྕམ་དྲལ་མཐའ་དག་བཞུགས་པ་རྣམས། དགོངས་སྤྱོད་ཀྱི་རྣལ་འབྱོར་གྱི་དོན་ལ་ཐུགས་དམ་རྩེ་གཅིག་ཏུ་མཛད་པ་རྣམས་ཀྱི་ཐུགས་དམ་སྐོངས། གང་དོན་བྱ་བ་དང།། མཐའ་ཡས་བའི་སེམས་ཅན་ཐམས་ཅད་ཀྱི་གཡར་དམ་ཉམས་པ་སོར་བསལ་ནས། ཐམས་ཅད་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུ་གནས་སྟོབས་ནས། སངས་རྒྱས་པར་སྨན་ཏོ།། ཧོ་ཁམས་གསུམ་ཆོས་ཉིད་ཀྱི་དུར་ཁྲོད། དུས་གསུམ་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར། ཙིཏྟ་མཁའ་མཉམ་གྱི་དཀྱིལ་འཁོར། ཀུན་གཞི་མ་བཅོས་པའི་ཐིག་ལེ། ཡིད་ཡེ་ཤེས་སེམས་དཔའ་བཞུགས་ནས། ཐགས་ཡེ་ཤེས་ཀྱི་ཀློང་ཐོག་ན། དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པར་ལྷུན་གྱིས་གྲུབ་པ་སྟེ། ཆོས་ཀྱི་སྐུ་རུ་གྱུར་ཏེ། ཡོད་མེད་ཐམས་ཅད་མ་སྐྱེས་པའི་ཆོས་ཉིད་ཀྱི་མཆད་པར་འབུལ། གཟུང་འཛིན་དང་རྟོག་པའི་བག་ཆགས་གཡོས་པར་ཡེ་ཤེས་སུ་གནས་སྟོད། ཉོན་མོངས་པ་དང་རྟོག་པའི་སྒྲིབ་པ་ཐུགས་མཉམ་པའི་ཀློང་དུ་ཐུགས་དམ་བསྐུལ་བས། རྒྱལ་བ་རྒྱ་མཚོའི་ཚོགས་ཐམས་ཅད་གཉིས་སུ་མེད་པའི་མཆོད་པས་མཉེས་པར་གྱུར་ཅིག། ཕྱི་ནང་སྣོད་བཅུད་བསྡུས་པའི་ཆོས་ཐམས་ཅད། ཆེ་མཆོག་ཧེ་རུ་ཀ་སྐུའི་དཀྱིལ་འཁོར་དུ་རྫོགས། གུ་བུངྡྷ་ཧྱ་ཧེ་རུ་ཧ་གསུང་གི་དཀྱིལ་འཁོར་དུ་གྲུབ། ས་ནུ་ཧེ་རུ་ཀ་ཐུགས་ཀྱི་དཀྱིལ་འཁོར་དུ་མཐར་ཕྱིན་པས། བདག་དང། སེམས་ཅན་ཐམས་ཅད་དང། གང་དོན་བྱ་བ་དེ་རྣམས་རྡོ་རྗེ་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་དུ་མཐར་ཕྱིན་ནས་ཕྱིར་མི་ལྡོག་པའི་ས་ཐོབ་ནས། མ་ཧཱ་སུ་ཁ་བདེ་བ་ཆེན་པོར་སངས་རྒྱས་ཏེ། ལྷུན་གྱིས་གྲུབ་པར་སངས་རྒྱས་པར་སྨོན་ཏོ།། ཧོ་བླ་ན་མེད་པའི་སངས་རྒྱས་མན་ཆད་ནས། འཇིགས་ཚོགས་ཀྱི་དམྱལ་བ་ཡན་ཆད་ཀུན་གཞི་བྱང་ཆུབ་ཀྱི་སེམས་ཇི་ལྟར་ཡིན་ཀྱང་གཟུགས་དང། ཁ་དོག་དང། དངོས་པོ་དང། མཚན་མ་ཕྱོགས་དང་རིས་སུ་མི་གནས་པ་ཀུན་ཏུ་བཟང་མོ་བདེ་བ་ཆེན་པོ་ཡིན་ལ། གྲུབ་ཀྱང་ཀུན་ཏུ་བཟང་པོར་བདེ་བ་ཆེན་པོའི་རང་བཞིན་དུ་སངས་རྒྱས་པར་གྱུར་ཅིག། སངས་རྒྱས་ཐམས་ཅད་ཀྱང་སེམས་ཅན་ལ་འབྱུང་ལ། སེམས་ཅན་ཐམས་ཅད་ཀྱང་སངས་རྒྱ་པའི་རྒྱུ་ཡིན་པས། ཡིན་པའི་དོན་ལ་རྒྱུ་འབྲས་གཉིས་སུ་མེད་པའི་བྱང་ཆུབ་སེམས་བདེ་བ་ཆེན་པོར་སངས་རྒྱས་པར་གྱུར་ཅིག་སེམས་ཅན་གྱི་རྣམ་པར་རྟོག་པ་ཉིད་མ་སྤངས་པར་རྣམ་པར་རྟོག་པའི་མཚན་མ་ཅི་འབྱུང་བ་ཉིད་མ་གཡོས་པའི་ཆོས་ཉིད་དུ་ཤེས་ཏེ་བསྒོམས་པས། ཆོས་ཉིད་གཞན་དུ་བཙལ་མི་དགོས། རང་ལ་རང་ཆས་སུ་ཡོད་པ་དང། སེམས་ཅན་ཉིད་ཀྱི་སྡུག་བསྔལ་ཉིད་མ་སྤངས་པར་སྡུག་བསྔལ་སྐྱེས་ཀྱང་མ་བསླད་པའི་ཡེ་ཤེས་ཡིན་ཏེ། བསྒོམས་པས་རང་བྱུང་གི་ཡེ་ཤེས་གཞན་དུ་བཙལ་མི་དགོས་ཏེ། རང་ལ་རང་ཆས་སུ་ཡེ་ནས་ཡོད་པ་ཉིད་ཀྱང། ། ཡིན་ཀྱང་གཉིས་སུ་མེད་པ་ཡིན་ལ། གྲུབ་ཀྱང་གཉིས་སུ་མེད་པའི་ཆོས་ཉིད། བྱང་ཆུབ་ཀྱི་སེམས་སུ་མཐར་ཕྱིན་པར་གྱུར་ཅིག། སེམས་ཅན་གྱི་ཉོན་མོངས་པ་མ་སྤངས་པར་བྱུང་ཚོར་དང་འདུ་བྱེད་ཅི་སྐྱེས་ཀྱང། འདི་ཉིད་ཐིག་ལེ་ཆེན་པོ་ལས་མ་གྱུར་ཏེ་མི་འགྱུར་པའི་གཡུང་དྲུང་དུ་ལྷུན་གྱིས་གྲུབ་པས། དེའི་དོན་ལ་རྟོགས་ཏེ་བསྒོམས་པས། སངས་རྒྱས་ཐམས་ཅད་ཀྱིས་མ་བསླང་པའི་སེམས་ཉིད་གཞན་དུ་བཙལ་མི་དགོས་ཏེ། རང་ལ་རང་ཆས་སུ་ཡོད་པ་དེ་ལ། ཡིན་ཀྱང་བདག་དང། དོན་བྱ་བ་དང། སེམས་ཅན་ཐམས་ཅད་ལ་ཡོད་ལ། གྲུབ་ཀྱང་དེ་ཉིད་རྟོགསཔའི་ཀློང་དུ་སངས་རྒྱས་པར་གྱུར་ཅིག། ཡིན་ཀྱང་སངས་རྒྱས་དང་སེམས་ཅན་ཐམས་ཅད་ཡིད་རང་བྱུང་གི་ཡེ་ཤེས་སུ་བཙལ་བ་མེད་པར་སངས་རྒྱས་པ་ཡིན་ལ། དོན་ཀྱང་དེ་བཞིན་དུ་སངས་རྒྱས་པར་གྱུར་ཅིག་ཆོས་ཐམས་ཅད་ཡིན་ཀྱང་རྒྱུ་དང་འབྲས་བུ་གཉིས་སུ་མེད་པ་མཉམ་པ་ཉིད་ཡིན་ལ། དོན་ཀྱང་རྒྱུ་དང་འབྲས་བུ་མཉམ་པ་ཉིད་གཉིས་སུ་མེད་པའི་རང་བཞིན་དུ་སངས་རྒྱས་པར་གྱུར་ཅིག། ཆོས་ཐམས་ཅད་ཀྱང་བཟང་ངན་བདེ་སྡུག་ཐམས་ཅད་སེམས་ཉིད་ཀུན་ཏུ་བཟང་པོ་བཟང་ངན་མེད་པ་ཡིན་ལ། དོན་ཀྱང་སེམས་ཉིད་ཀུན་ཏུ་བཟང་པོ་བཟང་ངན་སྤོང་ལེན་མེད་པར་སངས་རྒྱས་པར་གྱུར་ཅིག། ཡིན་ཡང་སེམས་ཀྱི་ཆོས་ཉིད་བཟང་ངན་སྤོང་ལེན་མེདད་པར། ཕྱི་དང་ནང་དུ་ཕྱོགས་མེད་ལ། ཡོད་མེད་རྟག་ཆད་ལས་འདས་ལ། སྐྱེ་བ་དང་འཆི་བར་འཕོ་འགྱུར་མེད་པ་ཡིན་ལ། བདག་དང། སེམས་ཅན་ཐམས་ཅད་དང། གང་དོན་བྱ་བ་དེ་བཞིན་དུ་སངས་རྒྱས་པར་གྱུར་ཅིག། ཆོས་ཐམས་ཅད་གནས་པ་ཀུན་ཏུ་བཟང་པོ་ཡིན་པས། ཕྱིའི་ཡུལ་ལ་ཆགས་སྡང་མ་སྐྱེས། ཆོས་ཐམས་ཅད་སྟོན་པ་ཀུན་ཏུ་བཟང་པོ་ཡིན་པས། ནང་གི་སེམས་སྐྱེ་འཆི་མེད། ཆོས་ཐམས་ཅད་ཀུན་ཏུ་བཟང་པོ་ཡིན་པས། དུས་ལ་སྔ་ཕྱི་དང་འཕོ་འགྱུར་མེད། ཆོས་ཐམས་ཅད་སྟོན་པ་ཀུན་ཏུ་བཟང་པོ་ཡིན་པས། རྒྱུ་འབྲས་ལ་ཕྱོགས་རིས་དང་ཉེ་རིང་མེད་པ་ཡིན་པར་ལྟ་བས་ལ་རྦད་ཀྱིས་བཅད་དེ། དོན་དེ་བཞིན་དུ་གོ་ཞིང་རྟོགས་པར་གྱུར་ཅིག། གོང་བཞིན་རྟོགས་པས་བདག་དང། སེམས་ཅན་ཐམས་ཅད་དང། གང་དོན་བྱ་བའི་སངས་མི་རྒྱས་བའི་དབང་མེད་དེ། མངོན་པར་རྫོགས་པར་སངས་རྒྱས་པར་གྱུར་ཅིག། བདག་གི་སྟོན་པ་ཀུན་ཏུ་བཟང་པོའི་བཀའ་བཞིན་དུ་རྒྱུ་གདོད་མ་ནས་དག་པས། ཆགས་ནི་སྐུ་གསུང་ཐུགས་ལ་ཡང་མ་ཆགས། འབྲས་བུ་འཚལ་བས་རྙེད་པར་སངས་རྒྱས་པས། བྲལ་བ་ནི་སྔགས་དང་ཕྱག་རྒྱ་དང་མ་བྲལ། ཐམས་ཅད་ཀུན་ཏུ་བཟང་པོ་ཡིན་པས། སྤངས་ནི་རྟོགས་པ་གང་ཡང་མ་སྤངས། ཡེ་ཁྱབ་བདལ་ཆེན་པོའི་ཀློང་དུ་སངས་རྒྱས་པས། རག་ནི་འབྱུང་བ་ལྔ་ལ་ཡང་མ་ལུས། མཁྱེན་པའི་ཡེ་ཤེས་ལ་སྣང་བའི་ཉི་མ་ཤར་བས། རྟེན་ནི་ཡེ་ཤེས་ལྔ་ལ་ཡང་མི་འཆའ། རང་བྱུང་ཡེ་ཤེས་ལ་མ་བཅོས་པར་རང་གསལ་བས། དངོས་གྲུབ་ནི་སངས་རྒྱས་ལ་ཡང་དེ་ལས་མེད་དེ། འདི་ལྟར་རྟོགས་ཤིང་ཚིག་ཏུ་བརྗོད་པས། འཕོ་འགྱུར་མེད་པས་གནས་ཤེས་པས། སྐྱེ་ཤི་མེད་པའི་ཚེ་རུ་འགྱུར། དོན་འདི་བསྟན་པས་ཀྱང། བདག་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་དང། གང་དོན་བྱ་བའི་སངས་མི་རྒྱས་པའི་དབང་མེད་དེ། སངས་རྒྱས་པར་གྱུར་ཅིག། འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་རང་གི་བྱང་ཆུབ་ཀྱི་སེམས་ཡིན་པས། ཕྱོགས་དང་རིས་མེད་པར་རང་བྱུང་གི་ཡེ་ཤེས་སུ་བདལ། ཕྱི་དང་ནང་མེད་པར་ཆོས་ཉིད་ཀྱི་ཀློང་དུ་ཤར། སྟེང་དང་འོག་མེད་པར་ཐིག་ལེ་ཆེན་པོའི་དབྱིངས་སུ་བདལ་བས། དམྱལ་བ་སངས་རྒྱས་སུ་དོང་སྤྲུགས། སྡུག་བསྔལ་ཆོས་ཉིད་དུ་ལ་བཟླ། རྣམ་རྟོགས་ཡེ་ཤེས་སུ་ལམ་སྟོན། རྒྱུད་དྲུག་བདེ་ཆེན་དུ་རྒྱས་བཏབ། མཐོ་སྨན་ཀློང་ཆེན་དུ་ཁོད་མཉམ། རྟག་ཆད་ཚིག་ལ་འདས་པར་སུན་དབྱུང། སེམས་ཡེ་ནས་བདལ་བར་སངས་རྒྱས་པས། དོན་ཚིག་ཏུ་བརྫོད་པ་དང། རྟོགས་པ་ཀློང་དུ་གྱུར་པ་ལྟ་ཅི་སྨོས། བཀའ་འདི་ཟུར་ཙམ་བྱུང་བས་ཀྱང། བདག་དང། གང་དོན་བྱ་བ་དང། དོན་ཚིག་ཏུ་བརྗོད་པ་དང། མཐའ་ཡས་པའི་སེམས་ཅན་ཐམས་ཅད་སངས་མི་རྒྱས་པའི་དབང་མེད་དེ། རྒྱས་པར་གྱུར་ཅིག། བཀའ་འདི་ལྟ་བུའི་ཁུངས་འདིས། ལུང་དང་མན་ངག་གི་སློབ་དཔོན། སྔ་རབས་དང། ད་ལྟར་དང། ཕྱིས་བྱེད་པ་དང། མན་ངག་འདིའི་དོན་ལ་སྤྱོད་པའི་རང་བཞིན་གྱིས། སེམས་སྐྱེ་མཆེད་མཐའ་དག་ཟབ་མོའི་དོན་མཐའ་ཕྱིན། གསང་བའི་མན་ངག་སྤེལ་ངེས་པའི་འབྲས་བུ་མི་སླུ་བའི་ས་ཐོབ། བཀའི་ཐེག་པ་གཉེར་དུ་བླངས་ནས། ཀུན་ཏུ་བཟང་པོ་དབྱེ་བ་མེད་པའི་ས་ལ་བྱ་བཙལ་མེད་པར་སངས་རྒྱས་པར་སྨོན་ནོ།། ཞེས་སྨོན་ལམ་འདི་བརྗོད་པ་ཙམ་གྱིས། གཞན་མ་ལྕོགས་ཀྱང་གང་དོན་བྱ་བ་དང། བདག་དང་གཞན་གནས་ཀྱི་དོན་མཐའ་ཕྱིན་ཏེ། འབྲས་བུ་ཐམས་ཅད་འདིས་ཐོབ་སྟེ། འཁོར་བའི་ཆོས་བཙལ་གྱིས་མི་རྙེད་པ་ཡིན་ནོ། ། ཀུན་ཏུ་བཟང་པོ་ཉིད་ལ་ཡང་དགོངས་པ་ལས་གཞན་མི་མངའ་འོ།། སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཕྱུང་བ་འདི་ལས་མེད་དོ།། བསྐྱེད་རྫོགས་གསུམ་གྱི་དོན་འདི་གཏིང་ཕྱུང་བས་ཐུགས་ཀྱི་བརྣག་པ་ཆེན་པོ་འདིས། ནམ་ནམ་ཞ་ཞ་བསྐལ་པ་གྲངས་མེད་པར་བྱུང་ཞིང་བསྟན་པར་མི་བྱའོ།། གལ་ཏེ་སྣོད་དང་ལྡན་པ་མེད་ན་ཡང་ཞུགས་ལ་འབུལ་ལོ།། ཞེས་བཀའ་སྩལ་པ་འདིས། གསང་བའི་ཚད་བསྟན་པར་ལུང་གི་སྟོན་པ་ཐོ་བཅོམ་ལྡན་འདས་ཀྱིས་གསུངས་སོ། ། ཁྲོ་བོ་ཧཱུཾ་མཛད་ཆེན་པོའི་ཏནྟྲའི་གཏིང་ཐོགས་སུ། བདེ་བ་ཆེན་པོར་བཀྲོལ་བའི་གནས་ལུང་བསྐྱེད་རྫོགས་རྣམ་གསུམ་གྱི་གནས་ཉི་ཚེ་ཙམ་ཞིག། མཧཱ་གུ་རུ་ཆེན་པོ་རྡོ་རྗེ་གྲོ་ལོད་དང། ། ལོ་ཙ་བ་རྡོ་རྗེ་ཞང་དྲུག་གིས་བསྒྱུར་ཅིང་གཏན་ལ་ཕབ་པའོ།། རྫོགས་སོ།། རྒྱ་གར་སྐད་དུ།། ས་མ་ཡ་ས་མ་ཏི་ཀྲ་མ་གུ་ཧྱ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ།། བོད་སྐད་དུ།། དམ་ཚིག་རྫོགས་པའི་རིམ་པ་གསང་བ་ཞེས་བྱ་བ། ། ཐེག་པ་ཆེན་པོའི་མདོ།། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང། ། གསུང་དང།། ཐུགས་ཀྱི་གསང་བ།། དུར་ཁྲོད་ཆེན་པོའི་གནས་ན། འཁོར་བྱང་ཆུབ་སེམས་དཔའི་འཁོར་ལ་སོགས་པ། འདོདཆགས་དང་བྲལ་བ་དང། འདོད་ཆགས་དང་བཅས་པ་ཐམས་ཅད་ཀྱིས་བསྐོར་ནས་བཞུགས་ཏེ། དེའི་ཚེ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ། འཇིགས་པ་དང། གནོད་པ་དང། འཚེ་བ་དང། སྡུག་བསྔལ་ཐམས་ཅད་སེལ་བར་མཛད་པ། གསང་བ་ཆེན་པོའི་དམ་ཚིག་ནི་དབྱེ་བ་མེད་པར་མངོན་པར་རྫོགས་པར་སངས་རྒྱས་སོ།། དེ་ནས་བཅོམ་ལྡན་འདས་ལ། བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ།། ཀྱེ་བཅོམ་ལྡན་འདས་སྡུག་བསྔལ་ཐམས་ཅད་ལས་ཐར་པ་དང། འཇིགས་པ་ཐམས་ཅད་ལས་སྐྱོབ་པ་གང་ལགས། དེ་སྐད་ཅེས་གསིལ་པ་དང། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སེམས་དཔའ་ཆེན་པོ་འཇིགས་པ་ཐམས་ཅད་ལས་སྐྱོབ་པ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་ཆེན་པོའོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་ཅེས་བགྱེ་བ་དེ་གང་ལགས། བཅོམ་ལྟན་འདས་ཀྱིས་བཀའ་སྩལ་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་ནི་འདའ་བར་བྱ་བ་མ་ཡིན་པའོ། ། བཅོམ་ལྡན་འདས་འདའ་བར་བྱ་བ་མ་ཡིན་པ་དེ་གང་ལགས། བཀའ་སྩལ་པ། སེམས་དཔའ་ཆེན་པོ་གང་ལ་ཡོན་ཏན་མཆོག་འབྱུང་བ་དང། བསྲུང་བའི་ས་བོན་འཕེལ་བ་དང། གསོལ་བ་འདི་ནི་བསྲུང་བར་བྱའོ།། འདི་ནི་འདའ་བར་བྱ་བར་མ་ཡིན་པའོ།། གསོལ་པ། བསྲུང་བར་བྱ་བ་ནི་དུ་ཞིག་ལགས། བཀའ་སྩལ་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་བསྲུང་བར་བྱ་བ་དང། འདའ་བར་མི་བྱ་བ་ནི་གསུམ་སྟེ། འདི་ལྟར་གཞིའི་སྡོམ་པ་དང། སྤྱིའི་སྡོམ་པ་དང། ཁྱད་པར་གྱི་སྡོམ་པའོ།། བཅོམ་ལྡན་འདས་གཞིའི་སྡོམ་པ་བྱ་བ་དེ་གང་ལགས། བཀའ་སྩལ་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཞིའིསྡོམ་པ་ཞེས་བྱ་བ་ནི།། མས་ཅད་དུ་ཐུན་མོང་དུ་གྱུར་པ་དང། ཐམས་ཅད་ཀྱི་རྟེན་དུ་གྱུར་པ། ཐམས་ཅད་ཀྱི་རྒྱུར་འགྱུར་བ་སྟེ། དེ་ལེགས་བར་ཉོན་ལ་ཡིད་ལ་ཟུང་ཞིག། གཞི་ཡི་སྡོམ་པ་རྣམ་གཉིས་ཏེ།། སོ་སོར་ཐར་དང་བྱང་ཆུབ་སེམས།། དེ་ལ་སོ་སོར་ཐར་པ་ནི། དུས་དགེ་བ་དང་དགེ་བསྙེན་དང།། དགེ་ཚུལ་དང་ནི་དགེ་སློང་གི། གནང་བ་མེད་པ་དེ་ཉིད་དོ། ། བྱང་ཆུབ་སེམས་དཔའི་སྡོམ་པ་ནི།། སྦྱིན་གཏོང་སེར་སྣ་རྩད་ནས་གཅོད།། འཆལ་པ་རབ་སྤོང་ཚུལ་ཁྲིམས་ལྡན།། འཁྲུག་པ་མེད་ཅིང་བཟོད་པ་སྟེ།། ལེ་ལོའི་སྐྱོན་བྲལ་བརྩོན་འགྲུས་ལྡན། ། གཡེང་མེད་བསམ་གཏན་དག་དང་ལྡན།། གཏི་མུག་རབ་སྤངས་ཤེས་རབ་ལྡན།། སེམས་ཅན་ཀུན་གྱི་དོན་ལ་བརྩོན།། སྐད་འགའ་རང་གི་དོན་དང་བྲལ།། ཡོན་ཏན་ཐོབ་པ་གཞན་ལ་གཏོང།། ལུས་དང་ངག་ཡིད་དག་པས་ཁྱབ། ། ཁེངས་མེད་སྙིང་རྗེའི་སེམས་དང་ལྡན།། ཞི་བ་དང་ནི་དེས་པ་དང།། གསོངས་པོར་སྨྲ་ཞིང་འཇམ་པོར་སྨྲ།། རྒན་པ་རྣམས་ལ་གུས་པར་བྱེད།། ཞུམ་པ་ཡི་ནི་སེམས་དང་བྲལ།། སྨྲ་པའི་དགེ་བའི་དོན་དུ་གཏོང། ། སྡིག་པ་ཀུན་ནི་ཡོངས་སུ་སྤོང།། དེ་ལ་སོགས་པའི་ཡོན་ཏན་ཚོགས།། དཔག་མེད་མཐའ་ཡས་ཐམས་ཅད་ཀུན།། གནང་བ་མེད་པར་བླང་བར་བྱ།། འདི་ནི་གཞི་ཡི་དམ་ཚིག་གོ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། ། གསང་བ་སྤྱི་ཡི་དམ་ཚིག་ནི།། དང་པོ་རྡོ་རྗེ་སློབ་དཔོན་དག། མཉེས་པར་བྱས་ལ་ཐམས་ཅད་བླངས།། བསླབ་པ་དག་ལ་རབ་ཏུ་འབད།། དགོས་པ་ཀུན་གྱི་འབྱུང་གནས་སྤྱིར།། འཇིག་རྟེན་རིན་ཆེན་བདུན་གྱིས་བཀང། ། འཕངས་མེད་འགྱོད་པ་མེད་པར་དབུལ།། གང་གི་སྲོག་ལུས་འབུལ་བྱེད་ན།། འཇིག་རྟེན་རྫས་སོགས་ཅི་ཞིག་སྨོས།། ངག་གི་ཚིག་འཁྱལ་ལ་སོགས་མིན།། ལོངས་སྤྱོད་དག་ཀྱང་ལང་བ་མིན། ། དགེ་བ་དེ་ཡི་མདུན་དུ་སྤྱད།། དེ་ཡི་མིང་ནས་བརྗོད་མི་བྱ།། རང་གནས་མཚན་བརྗོད་དེ་བཞིན་ཏེ།། ཀུན་གྱིས་བཀུར་ན་རྗེས་སུ་འབྲང།། དེ་ལས་བཟློག་ལ་རང་གིས་འབད།། ཆིབས་དང་ཆགས་གདན་ལ་སོགས་པ། ། དེ་ལ་མགོ་མིན་འོག་ཏུ་མིན།། དེ་ཡི་བཞོན་པ་ཀུན་ལའང་མིན།། རང་ཆེ་གཞན་ལ་སྨོད་མི་བཟླས།། དེ་བཞིན་བསད་པ་རལ་གྲིས་མིན།། མདུན་དུ་འདུག་དང་སྟེང་དུ་མིན།། གློ་དང་སྔོན་འགྲོ་ལ་སོགས་མིན། ། གང་དང་གང་གི་སྦྱོར་བ་ཀུན།། བླ་མ་དང་ནི་འགལ་བས་མིན།། མདོར་ན་མི་དགེའི་ཆོས་རྣམས་སྤང།། དགེ་བའི་ཆོས་རྣམས་དང་དུ་བླང།། བླ་མས་ཐོས་པར་ཆོས་མིན་བརྗོད།། དེ་ལ་སོགས་པ་མཉེས་པར་བྱ། ། འདི་ནི་བླ་མའི་དམ་ཚིག་གོ། དེ་ལ་རིག་མའི་དམ་ཚིག་ནི།། ནན་གྱིས་ལེན་དང་ཐབས་མེད་དང།། རྟོགས་མེད་དབང་དང་ཕྱིར་བྱུང་དང།། འདོད་ཆགས་སྟོབས་ཆེན་མ་གནང་དང།། ཡུལ་དུས་ཁམས་དང་མི་མཐུན་སྤང། ། དེ་ལ་གཞན་དུ་མཁའ་འགྲོས་གསོད།། ཐམས་ཅད་དུས་ཀྱི་དམ་ཚིག་ནི།། ལུས་ནི་སྐུ་ཡི་དམ་ཚིག་བསྒོམས།། ངག་ནི་གསུང་གི་རྡོ་རྗེ་སྟེ།། རྣམ་ཤེས་ཐུགས་ཀྱི་རྡོ་རྗེར་བསྒོམ།། འདི་དག་བཞི་དང་རབ་ལྡན་ན། ། བསོད་ནམས་དེ་ལས་གཞན་ལ་མིན།། སྔགས་པས་དུས་རྣམས་ཐམས་ཅད་དུ།། ཐ་མལ་སྤྱོད་བྱས་མི་འགྲུབ་འགྱུར།། རྡོ་རྗེའི་དམ་ཚིག་བཤད་བྱ་སྟེ།། མིང་འཆང་ལྷག་པར་གནས་མ་བྱས།། རྒྱུ་དང་ཚད་དང་ལས་འཁྲུལ་ཞིང། ། འཆང་དག་འགོང་སོགས་སྤངས་བྱ་སྟེ།། དྲིལ་བུ་འཕྲེང་བ་ལ་སོགས་པ།། དེ་བཞིན་དུ་ནི་ཤེས་པར་བྱ།། འདི་ལས་གཞན་དུ་ཉམས་པར་འགྱུར།། བདེ་གཤེགས་སྒྲུབ་པའི་དམ་ཚིག་ནི། ། གཞན་དུ་འགྲོ་བ་གཞན་ལ་སེམས།། ཐེ་ཙོམ་དང་ནི་ལེ་ལོ་དང།། དེ་བཞིན་བཟང་ངན་སྤོང་ལེན་བྱེད།། འདི་ལ་གནས་པ་ཉམས་པར་འགྱུར།། གསང་བ་སྔགས་ཀྱི་དམ་ཚིག་ནི།། མི་ཟློས་བར་དུ་བཅད་པ་དང། ། ངག་གི་ཉེས་དང་འདྲེས་པ་དག། མི་དགེ་བ་དང་སྒྲ་ཆེ་དང།། ཆུ་དང་སྐྱེན་བུལ་མཐའ་སོགས་ལྡན།། འདི་ཡིས་དམ་ཚིག་ཉམས་པར་འགྱུར།། གང་ཞིག་གྲོགས་ཀྱི་དམ་ཚིག་ནི།། ཐ་མལ་གྲོགས་དང་སྡིག་པའི་གྲོགས། ། མཁས་པས་ནམ་ཡང་སྤང་བར་བྱ།། འགྲོ་དང་འདུག་དང་ཉལ་བ་དང།། ལངས་དང་ས་རིས་འདྲི་ལ་སོགས།། མ་འདྲིས་མ་སྣང་ཡིད་མི་བདེ།། སེམས་འཁྲུལ་པ་ལ་སོགས་པ་སྤངས།། རྣལ་འབྱོར་གྲོགས་ཀྱི་དམ་ཚིག་ནི། ། སེམས་འཁྲུལ་ལ་སོགས་དེ་བཞིན་ཏེ།། ཁྱད་པར་རང་རང་དེ་བཞིན་བསམ།། དགེ་སློང་གྲོགས་དང་ལྡན་གྱུར་ན།། ཉོན་མོངས་དགྲ་ནི་སྐྱེད་མི་བྱ།། ཚངས་པར་སྤྱོད་པའི་གནས་དག་ཏུ།། མི་ཚངས་སྤྱོད་ན་ཉམས་པར་འགྱུར། ། གང་ཚེ་སྤྱོད་པ་ལ་རྟེན་ནས།། མི་ཚངས་སྤྱོད་དང་དུས་མིན་དང།། གྲངས་དང་རྫས་སོགས་འཁྲུལ་ན་ཉམས།། མན་ངག་སྡོམ་པའི་དམ་ཚིག་ནི།། མི་ལེན་དམན་ལ་སྙན་པ་དང། ། རང་གི་རལ་གྲིས་གཅོད་པ་དང།། མ་བྱིན་ལེན་དང་བསམ་པ་ཉམས།། ཀུན་གྱིས་བསྟོན་ན་བསྙེན་བཀུར་ཞིང།། གཞན་གྱིས་སྨད་ན་ཞུམ་པར་བྱེད།། ངག་རྩུབ་པ་ལ་བརྙས་པ་སྐྱེ།། ཐོབ་ན་གཞན་སྤེལ་བསམ་དང་ལྡན། ། མ་ཐོས་དོན་མ་སྤོགས་པ་དང།། མངོན་ཤེས་ལྡན་ལ་སྨོད་པར་བྱེད།། ཡོན་ཏན་མི་ལ་ཡོན་ཏན་འཛིན།། གྲགས་པ་ཐོབ་ན་རང་ཆེ་འཛིན།། འདུག་པའི་ནང་དུ་སྟོན་པར་སྨོད།། གང་ལ་ཉོན་མོངས་དབང་གིས་ཉམས། ། སྣོད་ཀྱི་དམ་ཚིག་ཆེན་པོ་ནི།། མི་འཆང་དམ་ལ་དམན་པར་འཛིན།། གང་ཡང་གཞན་དུ་སྟོན་པ་དང།། ལྷག་པར་བྱེད་ན་ཉམས་པར་འགྱུར།། ཟས་ལ་རྟེན་པའི་དམ་ཚིག་ནི།། དུས་མིན་ཟ་དང་དམན་པ་ཟ། ། རྣལ་འབྱོར་མེད་དང་རྣམ་རྟོག་ལྡན།། དེ་ཡིས་ཉམས་པར་འགྱུར་བ་ཡིན།། ཚོགས་ཀྱི་དམ་ཚིག་ཆེན་པོ་ནི།། ལྷ་དང་གྲངས་དང་རྫས་ལ་སོགས།། མ་ཚོགས་བསམ་གཏན་བྲལ་སོགས་སྤངས།། གང་ཡང་གཏོར་མའི་དམ་ཚིག་ནི། ། མཆོག་མིན་ལ་བསྔོ་འཇིག་རྟེན་དོན།། རྣལ་འབྱོར་མི་བྱེད་རྫས་རྣམས་དམན།། གཞན་གྱིས་མཐོང་དང་སྦྱོར་བ་ལོག། འདི་ཡིས་ཉམས་འགྱུར་གཞན་གྱིས་མིན།། སྡང་བའི་དུས་ཀྱི་དམ་ཚིག་ནི། ། མྱུར་དུ་ལང་དང་སྔོན་དུ་ལས།། ལངས་མ་ཐག་ཏུ་འགྲོ་བ་དང།། དེར་ནི་ཡང་དག་བསམ་དང་བྲལ།། སློབ་དཔོན་ལྷ་ལ་ཕྱག་མི་བྱེད།། དེ་དུས་སྡིག་པ་སེམས་པས་ཉམས།། འགྲོ་བའི་དུས་ཀྱི་དམ་ཚིག་ནི། ། རྒན་པའི་སྔོན་དུ་འགྲོ་བ་དང།། རྣལ་འབྱོར་མེ་དང་བློ་གྲོས་དང།། རིངས་པར་འགྲོ་ཞིང་དམིགས་རྩ་དགོད།། ས་དམིགས་རྒྱུན་སྤྱོད་དབྱར་དུས་འགྲོ།། ཕྱིན་བས་སྲོག་གཅོད་ཁུས་འདེབས་དང། ། གཅིག་པུ་འགྲོ་དང་དུས་ཆིག་འགྲོ།། བརྩོན་འགྲོ་བུད་མེད་དང་གྲོགས་དང།། དགེ་བའི་གྲོགས་སྤང་སྡིག་པའི་གྲོགས།། ཕལ་ཆེའི་ནང་དུ་འགྲོ་བ་དང།། མཚོན་ཐོགས་རྟ་སོགས་བཞོན་པ་ལ།། ཉེས་ཡོད་ཤེས་ཀྱང་འགྲོ་བ་དང། ། གང་ཞིག་ཟས་དང་འགྲོགས་པ་དང།། མཚན་མོ་འགྲོ་ན་ཉམས་པར་འགྱུར།། འདུག་པའི་དུས་ཀྱི་དམ་ཚིག་ནི།། དགེ་སློང་བླ་མའི་གོང་འདུག་ལ།། འདུག་ས་རྒྱ་ཆུང་གཅིག་པུ་འདུག། བུད་མེད་སྡིག་གྲོགས་ལྷན་ཅིག་འདུག། རྣལ་འབྱོར་མེད་དང་རིངས་འདུག་དང།། རྐང་བརྐྱང་ལག་བསྐུམ་དག་གིས་འདུག། གདན་མེད་འོད་མའི་གདན་དང་ལྡན།། པུས་གཙུག་ཐལ་མོ་སྦྱར་བ་སྤངས།། སེམས་དཔའི་འདུག་སྟངས་དག་གིས་འདུག། སྟ་ཟུར་སྟོན་དང་རྒྱ་ཆེར་ལྟ།། འདི་ལྟར་ཉམས་པས་མཁས་པས་སྤངས།། ཡིད་ལ་བྱེད་པའི་དམ་ཚིག་ནི།། མ་བྱིན་ལེན་སོགས་ཡིད་ལ་བྱེད།། དགེ་སྤོངས་སྡིག་ལ་གནས་པར་བྱེད། ། མཚང་འདྲུ་བ་ཡི་བསམ་དང་ལྡན།། འདི་ཡིས་ཉམས་པར་འགྱུར་བ་ཡིན།། སྤྱད་བྱའི་དམ་ཚིག་དེ་ཉིད་དོ།། བཟང་དང་བཏུང་བའི་དམ་ཚིག་ནི།། ལས་དང་དད་པ་མཆོག་གི་ཕྱིར།། བསམ་པ་དངོས་སུ་འགྱུར་བ་ཡིན། ། འདི་དག་ཉམས་པར་འགྱུར་ན་ནི།། གང་ཞིག་སྟོན་པ་འབྲས་བུ་མེད།། ཇི་སྲིད་སངས་རྒྱས་བཞུགས་ཀྱི་བར།། དེ་སྲིད་ངན་འགྲོར་བར་འགྱུར།། ཁྱད་པར་དམ་ཚིག་བཤད་བྱ་སྟེ།། གང་དུ་རང་གི་བསྒྲུབ་པ་ཡི། ། ཕྱག་རྒྱར་སྨྲ་བར་བྱེད་པ་དང།། ཕྱག་རྒྱའི་གཟུགས་བརྙན་སྟོན་པར་བྱེད།། གང་ཞིག་སྔགས་རྣམས་སྨྲ་བར་བྱེད།། སྔགས་ཀྱི་གཟུགས་བརྙན་སྟོན་པར་བྱེད།། གང་གི་ཆ་རྐྱེན་ཕྱོགས་སུ་རྟོགས།། ཐམས་ཅད་སྟོན་པར་བྱེད་པ་དང། ། གསང་བའི་བདག་པོ་སྨོད་པར་བྱེད།། ལྷ་ལ་མཆོད་པ་རྒྱུན་གཅོད་དང།། ཚོགས་དང་གྲོགས་ཀྱི་ནང་དུ་བྱེད།། གཞན་དུ་ཡིད་ཀྱིས་བྱེད་པ་དང།། མནྜལ་ཚ་ཚྭ་ལ་སོགས་སྤོངས།། རྟགས་རྣམས་འཆང་བར་མི་བྱེད་པ། ། སྐྱེས་བུའི་དམ་ཚིག་ཉམས་པ་ཡིན།། ཞེས་གསུངས་མ་ཐག་ཏུ།། འདུས་པ་ཆེན་པོའི་འཁོར་རྣམས་ཀྱིས།། བཅོམ་ལྡན་འདས་ལ་བསྟོད་པ་དང།། ཕྱག་འཚལ་ཞིང་མེ་ཏོག་གཏོར་ཏེ། ། འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མན་ངག་ཉམས་པ་ཞེས་བྱ་བ་གང་ལགས། བཀའ་སྩལ་པ། སེམས་དཔའ་ཆེན་པོ་མན་ངག་ཉམས་པ་ཞེས་བྱ་བ་གསུམ་སྟེ། སློབ་དཔོན་ལ་བརྟེན་པ་དང། ཡི་གེ་ལ་བརྟེན་པ་དང། བཤད་པ་ལ་བརྟེན་པའོ།། གསོལ་པ། སློབ་དཔོན་ལ་བརྟེན་པའི་མན་ངག་ཉམས་པ་གང་ལགས། བཀའ་སྩལ་པ། སློབ་དཔོན་ལ་བརྟེན་པའི་མན་ངག་ཉམས་པ་ནི་བཞི་སྟེ། དམན་པ་ལས་ཉམས་པ་དང། ནན་གྱིས་ལེན་པ་དང། གཡོ་ལ་སོགས་པས་ལེན་པ་དང། འདི་ནི་སློབ་དཔོན་ལ་བརྟེན་པའི་མན་ངག་ཉམས་པའོ།། གསོལ་པ། ཡི་གེ་ལ་བརྟེན་པ་སྟེ་མན་ངག་ཉམས་པ་དེ་གང་ལགས། བཀའ་སྩལ་པ། རིགས་ཀྱི་བུ་ཡེ་གེ་ལ་བརྟེན་ཏེ་ཉམས་པ་ཞེས་བྱ་བ་ནི།། ཡི་གེ་མཁན་གྱིས་ལེན་པ་དང། གཡོས་འདྲི་བ་དང། དམན་པས་ཉམས་པ་དང། གཞུང་ཉམས་པ་འདི་ནི་ཡི་གེ་ལ་བརྟེན་ཏེ་མན་ངག་ཉམས་པའོ། ། གསོལ་པ། བཤད་པ་ལ་བརྟེན་ཏེ་མན་ངག་ཉམས་པ་ཞེས་བྱ་བ་གང་ལགས། བཀའ་སྩལ་པ། བཤད་པ་ཉམས་པ་དང། བཤད་པ་ལོག་པ་དང། ལུང་གཅིག་ལ་གཅིག་གཏོང་བ་ནི་བཤད་པ་ཉམས་པའོ། ། དེ་བས་ན་དེ་བཞིན་གཤེགས་པ་ཐམས་ཅད་ནི། ཐམས་ཅད་ལ་ཉམས་པ་མེད་པས་ཐུབ་པ་ཆེན་པོ་ཞེས་བྱ་བ་དང། ཡོན་ཏན་གྱི་འབྱུང་བ་ཞེས་བྱ་བ་དང། དགོས་པའི་རྟེན་ཞེས་བྱ་བ་དང། འབྲས་བུའི་སྤོང་ཞེས་བྱ་བ་དང། དེ་སྐད་ཅེས་བཀའ་སྩལ་པ་དང། བཅོམ་ལྡན་འདས་ལ་གསོལ་པ། བཅོམ་ལྡན་འདས་མན་ངག་གི་དམ་ཚིག་ཉམས་པ་ཞེས་བྱ་བའི་འབྲས་བུ་གང་ལགས། བཀའ་སྩལ་པ། སེམས་དཔའ་ཆེན་པོ། འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་ངན་སེམས་ཅན་གྱིས་བསད་པ་ནི་སླའི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མན་ངག་དང་དམ་ཚིག་ཉམས་པ་ནི་དེ་ལྟ་མ་ཡིན་ནོ། ། སེམས་དཔའ་ཆེན་པོ་སྲོག་དང་བྲལ་བ་ནི་སླའི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མན་ངག་དང་དམ་ཚིག་ཉམས་པ་ནི་དེ་ལྟ་མ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། སྲོག་དང་བྲལ་བས་ནི་ཚེ་འདི་ཉིད་ཀྱི་སྐྱེ་བ་ཟད་པར་འགྱུར་གྱི། དམ་ཚིག་ཉམས་པ་ནི་ཚེ་རབས་དང་བསྐལ་པ་ཆེན་པོ་སྐར་མ་ནམ་མཁའ་བྱེ་བའི་དུས་གྲངས་སུ་སྡུག་བསྔལ་ལས་མི་ཐར་པར་འགྱུར་རོ།། སེམས་དཔའ་ཆེན་པོ་དམ་ཚིག་ཉམས་པ་ནི་ཚེ་འདི་དང་ཕྱི་མ་ལ་སོགས་པར་བདེ་བའི་སྐབས་མི་འབྱེད་ཅིང། ཐུབ་པ་ཆེན་པོ་ཇི་སྐད་དུ་བསྟན་པའི་སྡུག་བསྔལ་ལས་ཐར་པར་མི་འགྱུར་རོ།། མན་ངག་ཉམས་པ་ནི། དེའི་སྒྲུབ་པ་དང་བཟླས་པ་ལ་སོགས་པ་ཅི་བྱས་ཀྱང་འབྲས་བུ་སྐྱེ་བར་མི་ནུས་སོ། ། སེམས་དཔའ་ཆེན་པོ་གཞན་ཡང་མ་རྟགས་པའི་དམ་ཚིག་ཀྱང་ཡོད་དོ།། པགས་པ་གྱོན་པ་དང། ཤ་ཟ་བ་དང། ཁྲག་འཐུང་བ་དང། ཏ་མལ་པའི་ལོངས་སྤྱོད་ཆེན་པོ་བྱེད་པ་དང། བཙོང་དང། ལ་ཕུག་དང། སྒོག་པ་ལ་སོགས་པ་ཟ་བར་བྱེད་པ་འདི་དག་ཀྱང་དམ་ཚིགས་ཉམས་པའོ།། གཞན་ཡང་སྡོམ་པ་ཐམས་ཅད་ལ་ལེགས་པར་གནས་པ་ནི། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བདེ་བ་ཐམས་ཅད་ཐོབ་པར་འགྱུར་རོ། ། བཅོམ་ལྡན་འདས་སྡོམ་པ་ཐོབ་པའི་དུས་གང་ལགས། བླ་མས་གནང་བ་དང། བྱང་ཆུབ་སེམས་བསྐྱེད་པ་དང། བློ་མཆོག་དང་ལྡན་པ་དང། བླ་མ་ལ་ཚིག་བརྫོད་པ་གསུམ་གྱི་ཐ་མ་ལའོ། ། བཅོམ་ལྡན་འདས་ཀྱི་གང་ཟག་ཅེས་བྱ་བ་གང་ལགས། བཀའ་སྩལ་པ། རྟེན་གྱི་གང་ཟག་ནི་ཉན་ཐོས་ཀྱི་རིགས་ཅན་དང། རང་བྱང་ཆུབ་དང། བྱང་ཆུབ་སེམས་དཔའི་རིགས་ཅན། ཐེག་པ་ཆེན་པོའི་འབྲས་བུའི་རིགས་ཅན་ཏེ། འདི་དག་རང་རང་གི་སྡོམ་པ་ལ་གནས་པར་བྱའོ།། གོང་མ་ནི་མ་ཡིན་ནོ།། སེམས་དཔའ་ཆེན་པོ་སོ་སོར་ཐར་པའི་བསླབ་པ་ཙམ་ལ་གནས་པ་དང། བྱང་ཆུབ་སེམས་དཔའི་བསླབ་པ་ཙམ་ལ་གནས་པ་དང། ཕྱིའི་བསླབ་པ་དང། ནང་གི་བསླབ་པ་དང། བརྡ་མི་བྱེད་པ་དང། ཚོགས་པ་དག་མ་འདུས་པ་སྟོན་པ་དང། བྱང་ཆུབ་ཀྱི་སེམས་དོན་མི་གཉེར་བ་དང། བྱང་ཆུབ་ཀྱི་སེམས་སྤོང་བ་འདི་ནི། གསང་བ་དང་གསང་བ་ཆེན་པོའི་སྣོད་མ་ཡིན་ནོ།། འདི་ལྟ་སྟེ། དཔེར་ན་སོ་མ་བཏང་བ་དང། སྣོད་ངན་པའི་ནང་དུ་སེང་གེའི་འོ་མ་བླུག་པ་ན། སྣོད་དེས་ཀྱང་ཕན་མི་ཐོགས། བཅུད་དེས་ཀྱང་ཕན་མི་ཐོགས་ཏེ། སྣོད་མ་ཡིན་པ་ལགསང་བ་ཡང་དེ་དང་འདྲའོ།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང། འདུས་པ་ཆེན་པོའི་འཁོར་དེ་དག་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། ། དེ་བཞིན་གཤེགས་པ་ཐམས་ཅད་གསང་བའི་དཀྱིལ་འཁོར་ལས། གསང་བའི་དམ་ཚིག་ཆེན་པོའི་མདོ་རྟོག་པ་ཆེན་པོའི་རྒྱལ་པོའོ།། རྫོགས་སོ།། རྒྱ་གར་སྐད་དུ། བི་མ་ལ་ཨུཥྞ་ཥ། སུ་པ་ར་བྷི་བྷི་ཤ་ཀར་མ་སི་ཏེ་ཏན་ཏ། བོད་སྐད་དུ། གཙུག་ཏོར་དྲི་མ་མེད་པ་སྐུ་གཟུགས་མངོན་པར་བསྟན་པའི་རྒྱུད། བཅོམ་ལྡན་འདས་དཔལ་རྣམ་པར་སྣང་མཛད་ཆེན་པོ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། དེ་བཞིན་གཤེགས་པ་མི་དམིགས་པ་ལས་འདས་པ། ཡོན་ཏན་མངོན་པར་བསྟན་པ། སྐུའི་རང་བཞིན་དུ་མ་འགགས་པར་གསལ་བ་སྟེ། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་བྱ་བ་ལ་སོགས་པ་གཅིག་དང་བསམ་ཡས་པ་བགྲང་བའོ། ། གཞན་ཡང་བཅོམ་ལྡན་འདས་འཁོར་ལོ་ཨོཾ་གྱི་རང་བཞིན་རྣམ་པར་སྣང་མཛད་ཆེན་པོ་དང། རྡོ་རྗེ་ཧཱུཾ་ལས་བསྐྱེད་པ་རྡོ་རྗེའི་རིགས་དང། རིན་པོ་ཆེ་ཏྲཾ་ལས་སྐྱེས་པ་རིན་ཆེན་འབྱུང་ལྡན་དང། པད་མ་ཧྲི་ལས་བསྐྱེད་པ་སྣང་བ་མཐའ་ཡས་དང། རལ་གྲི་ཨ་ལ་སོགས་པ་དོན་ཡོད་གྲུབ་པ་ལ་སོགས་པའི། བྱང་ཆུབ་སེམས་དཔའ་བྱམས་པ་མཻ་ཏྲི་དང། སྒྲིབ་པ་སེལ་བ་ལ་སོགས་པ་བསམ་གྱིས་མི་ཁྱབ་བརྗོད་ཀྱིས་མི་ལང་བའི་ཚོགས་ཡུམ་དང་སེམས་པ་དང་བཅས་པ་དེ་དག་ཉིད་དུ་སྐུ་མི་མངའ། གསུང་བརྗོད་པ་དང་བྲལ་བ་མི་རྟོག་པའི་ངང་ཉིད་ལས་མཆོད་རྟེན་དུ་གྱུར་པའོ།། དེ་དག་ཀྱང་ཆོས་ཀྱི་དབྱིངས་བརྗོད་པ་དང་བྲལ་བའི་འོག་མིན་གྱི་གནས་དམིགས་པ་མེད་པའི་དཀྱིལ་འཁོར་ན་གནས་པར་གྱུར་ཏོ། ། དེའི་ཚེ་དེ་དུས་ན་དུས་དང་མཚམས་མེད་པར་ཆོས་ཀྱི་སྐུའི་གཟུགས་བརྙན་མཆོད་རྟེན་དུ་རྣམ་པར་གཟིགས་ནས། འདི་སྐད་ཅེས་གསུངས་སོ།། དེ་བཞིན་གཤེགས་པ་གང་གི་ཚེ། རྟོགས་པ་རྣམ་པར་བྲལ་བའི་ཚེ། བསམ་གྱིས་མི་ཁྱབ་གནས་པ་ཀུན། གང་དེ་རིག་པའི་དོན་གྲུབ་དང། དེ་དག་རྣམ་ཀུན་འདུས་པའི་ཚེ། ཡང་དག་དོན་དེ་འདི་སྐད་དུ།། རང་བཞིན་ལྷུན་གྲུབ་མཆོད་རྟེན་དང།། ཚད་མེད་བཞི་ཡི་མཆོད་རྟེན་དང།། ཕ་རོལ་ཕྱིན་པའི་མཆོད་རྟེན་དང།། སྤྲུལ་པ་བསྟན་པའི་མཆོད་པའི་མཆོད་རྟེན་དང། ། རིག་པ་ལས་གྲུབ་མཆོད་རྟེན་དང།། དཔེ་ལས་འདས་པའི་མཆོད་རྟེན་དང།། རིགས་ལས་གྱུར་པའི་མཆོད་རྟེན་དང།། བརྟགས་པས་སྣང་བའི་མཆོད་རྟེན་དང།། དོན་དུ་བསྒྲུབས་པའི་མཆོད་རྟེན་དང། ། མཐའ་རུ་ཕྱིན་པའི་མཆོད་རྟེན་དང།། ཐེག་པའི་བྱེ་བྲག་མཆོད་རྟེན་དང།། རྡུལ་བསགས་དག་གི་མཆོད་རྟེན་དང།། མཚོན་དུ་མེད་པའི་མཆོད་རྟེན་དང།། མཚོན་པ་ཐབས་ཀྱི་མཆོད་རྟེན་དང།། བྱང་ཆུབ་སེམས་དཔའི་མཆོད་རྟེན་དང། ། ཏིང་ངེ་འཛིན་གྱི་མཆོད་རྟེན་དང།། གཟུགས་བརྙན་དག་གི་མཆོད་རྟེན་དང།། འཕྲིན་ལས་རྣམ་བཞིའི་མཆོད་རྟེན་དང།། དངོས་པོ་ཐ་དད་བྲིས་པ་དང།། ཁམས་གསུམ་མཆོད་རྟེན་ལ་སོགས་པ། ། བསམ་གྱིས་མི་ཁྱབ་ངས་བསྟན་ཏོ།། དམ་ཚིག་སྤྱོད་དང་དཀྱིལ་འཁོར་དང།། ལྟ་བ་རང་བཞིན་གནས་པ་དང།། སྤྱན་འདྲེན་མཆོད་འབུལ་བསྟོད་པ་དང།། ཁྲུས་དང་སྨོན་ལམ་དབང་བསྐུར་དང། ། བསྒྲུབ་དང་གྲུབ་པའི་སངས་རྒྱས་ཀུན།། ཆོས་ཀྱི་སྐུ་རུ་ཡེ་ནས་གསལ།། སྐྱེ་བ་མེད་པ་ཆོས་ཀྱི་སྐུ།། དེ་ཉིད་མཆོད་རྟེན་ཞེས་སུ་གྲགས།། ཆོས་ཉིད་གཅིག་དང་བསམ་ཡས་བ།། དོན་དམ་ཉིད་ལས་བགྲང་མེད་དེ། ། ཇི་སྙེད་འདི་ལ་ཐ་དད་བསྟན།། བསྟན་པ་ཉིད་ན་བརྗོད་ལས་འདས།། རྫོགས་པའི་སངས་རྒྱས་དེ་རྣམས་ཀུན།། ཆོས་སྐུའི་མཆོད་རྟེན་དེ་ལས་བྱུང།། བྱུང་བ་ཉིད་ན་རྟོག་ལས་འདས།། ཁམས་གསུམ་རྒྱུད་དྲུག་སྡུག་བསྔལ་ཀྱང། ། མཆོད་རྟེན་མ་རིག་དེ་ལ་ཡོད།། ལས་དང་སྡུག་བསྔལ་སྦྱོང་བ་ཡང།། མཆོད་རྟེན་འདི་ལས་གྲུབ་པར་བཤད།། མཆོད་རྟེན་མངོན་པར་བསྟན་པ་ལས།། གླིང་གཞི་ཕུན་སུམ་ཚོགས་པ་བསྟན་པའི་ལེའུ་སྟེ་དང་པོའོ། །།། དེ་ནས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིགས་བཞི་པོས་འདི་སྐད་ཅེས་གསོལ་པ། ཀུན་མཁྱེན་སྟོན་པ་དགོངས་སུ་གསོལ།། སེམས་ཅན་ཀུན་གྱི་དོན་སླད་དུ། ། མཆོད་རྟེན་དམ་པ་བཤད་དུ་གསོལ།། སེམས་ཅན་ཉེན་པའི་དོན་གྱི་ཕྱིར།། གཟུགས་སྐུའི་མཆོད་རྟེན་བཤད་དུ་གསོལ།། གནོད་པའི་རྒྱུད་ནས་བཟློག་པའི་ཕྱིར།། སྤྲུལ་པའི་མཆོད་རྟེན་བཤད་དུ་གསོལ། ། བླ་མེད་བྱང་ཆུབ་ཐོབ་བྱའི་ཕྱིར།། བསྒྲུབ་བྱའི་ཐབས་རྣམས་བཤད་དུ་གསོལ།། ཞེས་ཞུས་པ་དེ་ཐོས་པ་དང། སྟོན་པ་དེ་དགེ་ནས་བཞད་པ་མི་མངའ་བར་སྤྱན་གདངས་ནས་ལྗགས་བརྐྱང་སྟེ་བཀའ་སྩལ་པ། ། དོན་དེ་འདོད་ན་ལེགས་པར་ཉོན།། མཆོད་རྟེན་རྣམ་པ་ཉི་ཤུ་པོ།། ང་ཡིས་ཕྱེ་སྟེ་བཤད་པར་བྱའོ།། ཁྱེད་རྣམས་གང་ལ་འཚམ་པ་དེ།། མཐུན་པར་བསྟན་པ་འདི་ཀུན་ཡིན།། སྤྲུལ་པའི་ཐབས་སུ་ཁྱད་པར་མང། དོན་དུ་གཅིག་ལས་མི་ཆད་དོ།། དེ་སྐད་ཅེས་གླེངས་བསླང་བ་དེ་མ་ཐག་ལ། བཅོམ་ལྡན་འདས་དེའི་ཐུགས་ཡེ་ཤེས་ལས་གཡོས་པ་མི་མངའ་བར། ཐ་དད་པའི་དབང་གིས་སྣང་བ་མི་མཐུན་པ་འདི་ལྟར་གྱུར་ཏེ། ལ་ལ་ནི་འོག་གསེར་གྱི་ས་གཞི། དེའི་སྟེང་དུ་རླུང་གི་དཀྱིལ་འཁོརདེའི་སྟེངདུ་ཆུའི་དཀྱིལ་འཁོར། དེའི་སྟེང་དུ་རིན་པོ་ཆེ་ལས་གྲུབ་པའི་རི་རབ་དང་གླིང་དུ་བཅས་པའ། སྟོང་གསུམ་གྱི་ཆེན་པོའི་མི་མཇེད་ཀྱི་ལོ་ཀའི་ཁམས་སུ་སྣང་སྟེ། དེ་ནས་དཔག་བསམ་གྱི་ཤིང་ཡོངས་འདུ་ས་བརྟོལ་དུ་སྣང་སྟེ། རྩ་བ་དམྱལ་བའི་ཡུལ་དུ་ཟུག། སྡོང་པོ་ཀླུ་ཡུལ་དུ་སྐྱེད། ལོ་འདབ་ཡལ་ག་སུམ་ཅུ་རྩ་གསུམ་ལྷའི་ཡུལ་དུ་སྐྱེས་ཏེ། དེལ་ཕྱོགས་བཞིར་ཚལ་ཆེན་པོ་བཞི། ཕྱོགས་བཞི་ནས་ངད་ལྡང་བ། རྫི་ཕྱོགས་སུ་དཔག་ཚད་ལྔ་བརྒྱ་ལྡང་བ། ཡལ་ག་བརྒྱ་རྩ་བརྒྱད་དང་ལྡན་པར་སྣང་བར་གྱུར་ཏོ།། ལ་ལ་ནི་མེ་ཏོག་ཨུ་དུམ་འབར་བའི་རྒྱུ་ས་བོན་དང། ས་ལ་མྱུ་གུར་གནས་པ་དང། སྡོང་བུ་དང། ཡལ་ག་དང། ལོ་འདབ་དང། འབྲས་བུར་སྨིན་པ་དང། སེམས་ཅན་ཐམས་ཅད་ཀྱི་སྨན་དང་རྩི་བཅུད་དུ་འགྱུར་རོ།། ལ་ལ་ན་ཕྱོགས་བཞི་མཚམས་བརྒྱད་མཆོད་རྟེན་ཆེན་པོ་བརྒྱད་རང་སྣང་བར་འགྱུར་རོ། ། ལྷོའི་འཛམ་བུ་གླིང་དུ་སྤྲུལ་པའི་མཆོད་རྟེན་ཀ་ནི་ཀ་སྣང་བར་གྱུར་ཏོ།། ལྷོ་ནུབ་མཚམས་སུ་ཡིད་བཞིན་ལྷུན་གྱིས་གྲུབ་པའི་ཀ་ནི་ཀ་དང། ནུབ་ཏུ་དཔེ་མེད་བསམ་ལས་འདས་པའི་ཀ་ནི་ཀ་དང། ནུབ་བྱང་མཚམས་སུ་རིན་ཆེན་བརྩེགས་པའི་ཀ་ནི་ཀ་དང། བྱང་ཕྱོགས་སུ་སྨད་གྲགས་ཆོས་ཀྱི་ཀ་ནི་ཀ་དང། བྱང་ཤར་མཚམས་སུ་ཁམས་གསུམ་བདེ་རྒྱས་སྒྲོལ་གྱི་མཆོད་རྟེན་ཀ་ནི་ཀ་དང། ཤར་ཕྱོགས་སུ་བྱམས་ལྡན་བཏང་སྙོམས་གཏར་གྱི་མཆོད་རྟེན་ཀ་ནི་ཀ་དང། ཤར་ལྷོར་དོན་གྲུབ་བརྒྱ་ཁྲམ་བརྩེགས་པའི་མཆོད་རྟེན་ཀ་ནི་ཀ་ཅིག་འབྱུང་བར་གྱུར་ཏོ།། ལ་ལ་ནི་ཤཱཀྱ་དང་པོ་ཡུམ་གྱི་ལྷུམས་སུ་ཞུགས་པ་དང། ཤིང་ལ་འཇུས་ན་བྱ་སྙེངས་མཛད་ནས་བལྟམས་པ་དང། རབ་ཏུ་བྱུང་བ་དང། དཀའ་ཐུབ་མཛད་པ་དང། གྲོང་ཁྱེར་དུ་བསོད་སྙོམས་མཛད་པ་དང། དེ་ནས་ལིའི་ཡུལ་དུ་སྦལ་ལྕོང་མི་རུ་བསྒྱུར་བ་དང། ཡུལ་ཝཱ་རཱ་ཎ་སིར་ཆོས་ཀྱི་འཁོར་ལོ་བསྐོར་བ་དང། དེ་ནས་རྟག་ཏུ་རེ་བ་སུན་དབྱུང་བའི་དོན་དུ་རྡོ་རྗེ་གདན་ལ་མངཽན་པར་རྫོགས་པ་སངས་རྒྱས་པ་ཉིད་དུ་སྣང་བར་གྱུར་ཏོ།། ལ་ལ་ནི་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གདྒཱའི་ཀླུང་གི་བྱེ་མ་སྙེད་ན། བྱམས་པ་རྡོ་རྗེ་བརྩེགས་པ་ཡིས་མཆོད་རྟེན་ཆེན་པོ་ཅིག་རང་བྱུང།། ལྷོ་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གདྒཱ་ཀླུང་གི་བྱེ་མ་སྙེད་ན། སྙིང་རྗེ་རང་ན་བརྩེགས་པའི་ཀ་ནི་ཀ་ཅིག་བྱུང། ནུབ་ཕྱོགས་ལོགས་ཀྱི་འཇིག་རྟེན་གྱི་ཁམས་གདྒཱ་ཀླུང་གི་བྱེ་མ་སྙེད་ན། དགའ་བ་རབ་སྣང་པད་མ་བརྩེགས་པའི་ཀ་ནི་ཀ་ཅིག་བྱུང། བྱང་ཕྱོགས་ལོགས་ཀྱི་འཇིག་རྟེན་གྱི་ཁམས་བྱེ་མ་སྙེད་ན། བཏང་སྙོམས་རྒྱ་གྲམ་བརྩེགས་པའི་ཀ་ནི་ཀ་ཅིག་རང་བྱུང་དུ་བྱུང་བར་གྱུར་ཏོ།། ལ་ལ་ནི་ངན་སོང་སྦྱོང་བའི་དཀྱིལ་འཁོར་དང། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དང། དོན་ཡོད་གྲུབ་པའི་དཀྱིལ་འཁོར་དང། རྡོ་རྗེ་བཀོད་པའི་དཀྱིལ་འཁོར་དང། དཀྱིལ་འཁོར་བསམ་ཡས་པ་དེ་སྙེད་དུ་སྣང་བར་གྱུར་ཏོ།། ལ་ལར་ནི་ལྷ་དང་ལྷ་མོའི་ཚོགས་བརྗོད་པ་ལས་འདས་པ་ཇི་སྙེད་དུ་སྣང་བར་གྱུར་ཏོ།། དེ་ནས་དེ་བཞིན་གཤེགས་པ་ཀུན་གྱི་བདག་ཉིད་སྟོན་པས་བཀའ་སྩལ་པ། ། རྟོགས་དང་མི་རྟོག་རྣམ་སྤངས་པའི།། དེ་བཞིན་ཉིད་དུ་གནས་པ་ལ།། ཆོས་ཀྱི་སྐུ་ཞེས་ངས་བསྟན་ཏོ།། རྟོགས་དང་བྲལ་བའི་ཆོས་ཉིད་ལ།། ཐ་སྙད་མ་འགགས་དེ་བཏགས་པས། ། གཟུགས་བརྙན་ཞེས་ནི་དེ་ལས་བྱུང།། ཇི་ལྟར་རྒྱ་མཚོ་དྭངས་པ་ལ།། གཟུགས་བརྙན་སྣ་ཚོགས་སྣང་བ་བཞིན།། རྒྱ་མཚོ་གཟུགས་བརྙན་གཉིས་ཀ་ལ།། སྣང་དང་སྣང་བྱའི་རྟོག་མེད་དེ།། ཐ་དད་རྟོག་པ་དེ་ལྟར་སྣང། ། ཆོས་སྐུ་ཉིད་དང་མཆོད་རྟེན་ལ།། ཐ་དད་རྟོག་པ་མི་མངའ་སྟེ།། སེམས་ཅན་རྟོག་པ་ཐ་དད་བཟུང།། ཡང་དག་པ་རུ་བསྟན་པ་མེད།། ཕྱི་ནང་སྣོད་བཅུད་དག་རྟོགས་ན།། མཆོད་རྟེན་གཅིག་བཏབ་ཀུན་ལ་གསལ། ། རང་བཞིན་དག་པས་དྲི་མ་མེད།། སྐྱེ་མེད་དབྱིངས་ལས་ཐམས་ཅད་སྐྱེས།། རང་འབྱུང་མཆོད་རྟེན་ཡེ་ཤེས་སྐུ། ཐུགས་རྗེས་བྱིན་རླབས་རྨད་པོ་ཆེ།། སེམས་ཅན་ཡོངས་ལ་སྨན་པ་འབྱུང།། མི་བདེའི་སྡུག་བསྔལ་ཡོངས་བསལ་ནས། ། སེམས་ཅན་ཀུན་ལ་བྱམས་སྡུག་ལྡན།། ལ་ལར་སྟོན་པ་དགྱེས་པར་སྣང།། ལ་ལར་ཀུན་ལ་འཆད་པར་སྣང།། ལ་ལར་འཇིག་རྟེན་ཆགས་པར་སྣང།། ལ་ལར་དཔག་བསམ་ཤིང་ལ་སྤྱོད། ། ལ་ལར་མེ་ཏོག་ཨུ་དུམ་འབར།། ལ་ལར་མཛད་པ་བཅུ་གཉིས་འབྱུང།། ལ་ལར་རང་འབྱུང་མཆོད་རྟེན་མཐོང།། ལ་ལར་རྡོ་རྗེའི་འཁོར་ལོར་མཐོང།། ལ་ལར་དེ་བཞིན་གཤེགས་པར་མཐོང།། ལ་ལར་དཀྱིལ་འཁོར་དག་ཏུ་སྣང། ། ལ་ལར་ཐེག་པ་དགུ་ཡི་དབྱིབས།། ལ་ལར་ལོགས་སྤྱོད་མཐར་སྤྱོད་མཐོང།། ལ་ལར་ཡབ་ཡུམ་རོལ་པར་མཐོང།། ལ་ལར་སངས་རྒྱས་ཉིད་དུ་མཐོང།། ལ་ལར་ལས་རྣམས་རྫོགས་པར་མཐོང། ། ལ་ལར་སངས་རྒྱས་བརྒྱ་རྩ་བརྒྱད་དུ་མཐོང།། ལ་ལར་མཆོད་རྟེན་ཉུངས་འབྲུ་ཙམ།། ལ་ལས་འཇིག་རྟེན་ཁམས་དང་མཉམ།། ལ་ལས་བང་རིམ་བགྲང་དུ་མེད།། ལ་ལར་བང་རིམ་བགྲང་དུ་ཡོད། ། ལ་ལས་མཆོད་རྟེན་གཞལ་ཡས་ཁང།། ལ་ལས་རྫུ་འཕྲུལ་སྟོན་པར་མཐོང།། ལ་ལས་ཐ་དད་མང་པོར་མཐོང།། མཆོད་རྟེན་སྐུ་གདུང་བདེ་བ་ལ།། དབྱེ་དང་མི་དབྱེ་གང་ཡང་མེད།། སྟོན་པ་མཆོད་རྟེན་ཆོས་ཀུན་ལ། ། ཐ་དད་བསྟན་པའི་གསུངས་མི་མངའ།། ཞེས་གསུངས་པར་སྣང་བའོ།། མཆོད་རྟེན་མངོན་པའི་རྒྱུ་ད་ལས།། གླེང་བསླང་བའི་དོན་བསྟན་པའི་ལེའུ་སྟེ་གཉིས་པའོ།།།། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཡང་འདུས་ནས། ། དགྱེས་པ་ཅིག་ལས་འདི་སྐད་ཅེས་གསུངས་སོ།། ཆོས་རྣམས་ཡེ་ནས་དག་པ་ལ།། ལོག་རྟོག་དབང་གིས་ཅི་ཞིག་སྒྲིབ།། ཆོས་སྐུ་སྐྱེ་མེད་མཆོད་རྟེན་ལ།། གཟུགས་བརྙན་སྣ་ཚོགས་ཅིར་སྣང་ཡང། ། ཀུན་ཀྱང་མཆོད་རྟེན་རང་བཞིན་ནོ།། ཕྱི་ཡི་སྣོད་ཉིད་གླིང་རྣམས་ཀྱང།། ཆོས་ཀྱི་དབྱིངས་སུ་གཅིག་པ་ལ།། སྐྱེ་མེད་ཆོས་ཀྱི་སྐུ་ཞེས་བྱ།། དེ་ལས་མཆོད་རྟེན་གཞན་ན་མེད།། བཅུད་ཀྱི་འཇིག་རྟེན་འགྲོ་བ་ཀུན། ། རིན་ཆེན་སྐྱེ་མེད་རྟོགས་པ་ལས།། རིག་པའི་ཡེ་ཤེས་གསལ་བས་ན།། དོན་དམ་མཆོད་རྟེན་དེ་ཉིད་དོ།། ཕྱི་ནང་སྣོད་བཅུད་གཉིས་མེད་ལ།། དབྱིངས་དངཡེ་ཤེས་གཉིས་མེད་ལ།། ཆོས་སྐུ་ཞི་རྟོག་མེད་ལ། ། གཟུགས་སྐུ་མཆོད་རྟེན་དབྱིངས་སུ་བསྟན།། ཡུལ་དང་དབང་པོ་རྣམ་ཤེས་རྣམས།། ཐམས་ཅད་ཡེ་ནས་ཡེ་ཤེས་ལ།། མཆོད་རྟེན་དབྱིབས་སུ་སྣང་བ་ལས།། གཞན་དུ་རྟོག་པ་ག་ལ་ཡོད།། ས་དང་མེ་དང་ཆུ་དང་རླུང། ། ཐམས་ཅད་ཀྱི་ནི་ནམ་མཁའ་རྣམས།། གཉིས་མེད་ཆོས་སྐུར་གྱུར་པས་ན།། མཆོད་རྟེན་དབྱིངས་སུ་ཐ་དད་གསལ།། སྐྱེ་འགྲོ་གཡོ་དང་མི་གཡོ་རྣམས།། ལས་ཀྱི་དབང་གིས་ཐ་དད་ཀྱང།། ཡང་དག་དོན་དུ་རྟག་བྱས་ནས། ། མཆོད་རྟེན་ཐ་དད་བསམ་ཡས་སོ།། དངོས་རྣམས་ཉིད་ནས་དངོས་མེད་པས།། བརྟགས་པའི་སྣང་བའི་དངོས་པོ་མེད།། མཆོད་རྟེན་དངོས་པོ་མེད་པའོ།། གཉིས་སུ་མེད་པས་སངས་རྒྱས་སྐུ། ། ཁམས་གསུམ་སྲིད་གསུམ་དུས་གསུམ་རྣམས་ལ་སྣང།། སངས་རྒྱས་བྱང་ཆུབ་སེམས་དཔའ་ལ།། མཆོད་རྟེན་སྐུ་གསུམ་ལྷུན་གྲུབ་པ།། རྩ་བ་བྱང་ཆུབ་སེམས་རྟོགས་ན།། ཆོས་རྣམས་ཀུན་གྱི་རྩ་བ་ཡིན།། ཆོས་སྐུ་མཆོད་རྟེན་རྩ་བ་སྟེ། ། རང་གི་སེམས་ལས་གཞན་ན་མེད།། བདག་དང་གཞན་དང་དངོས་པོ་རྣམས།། ཡེ་ནས་ཆོས་ཉིད་ཡིན་ཤེས་ན།། ཆོས་ཉིད་དངོས་དང་བྲལ་བ་དེ།། ཀུན་གྱིས་མཆོད་རྟེན་གནས་སོ།། ལས་རྣམས་རྒྱ་མཚོ་སྤྱད་བྱས་ཀྱང། ། དོན་མཆོད་རྟེན་ཆོས་སྐུ་འགྲུབ།། ལས་ཀྱང་མཆོད་པ་ཡིན་པས་ན།། ལས་ལ་རྟོན་པས་མཆོད་རྟེན་ནོ།། ལྟ་བ་ཆེ་ལ་བདག་གནས་ན།། མཆོད་རྟེན་ཀུན་གྱི་མངའ་བདག་ཡིན།། བདག་ལ་མཆོད་ཅིང་བདག་ལ་རྟེན། ། གཞན་གྱི་མཆཽག་རྟེན་ཐ་སྙད་ཡིན།། བདག་གི་མཆོད་རྟེན་དོན་དམ་ཡིན།། གཞན་ལ་མ་བསྐོར་བདག་ལ་བསྐོར།། གཞན་ལ་མ་མཆཽད་བདག་ལ་མཆོད།། བདག་ལ་བདག་ཉིད་དབང་ཐོབ་བྱ། ། བདག་ལ་བདག་ཉིད་སྐུ་ཁྲུས་གསོལ།། རང་འབྱུང་མཆོད་རྟེན་བྱ་བ་དེ།། རང་ལས་བྱུང་བས་རང་བྱུང་ངོ།། སྤྲུལ་པའི་མཆོད་རྟེན་སྣ་ཚོགས་ཀྱང།། བདག་གིས་སྤྱོད་པས་གཞན་ལ་འདུལ།། སྤྲུལ་པས་འདུལ་བའི་མཆོད་རྟེན་ནི། ། དབྱིངས་ཀྱི་བྱེ་བྲག་དེ་དག་ཀྱང།། བདག་ཉིད་ཆེན་པོ་འདི་ལས་འབྱུང།། བདག་ཉིད་ཅེས་པ་གཉིས་མེད་དོན།། ཐ་དད་བྱུང་བས་ཆད་པ་སེལ།། སྣ་ཚོགས་སྣང་ལ་རང་བཞིན་མེད། ། རྒྱ་མཚོ་མེ་ལོང་གཟུགས་བརྙན་བཞིན།། སྣང་ཡང་ཐ་དད་རྟོག་པ་མེད།། ས་འཇིམ་ལ་སོགས་བྱམས་པ་དང།། རྨང་དང་ཁྲི་འཕང་བང་རིམ་རྣམས།། བུམ་རྟེན་བུམ་པ་སྲོག་ཤིང་དང།། འཁོར་ལོ་ཆར་ཁབ་ཏོག་བུམ་དབུ། ། ཐབས་དང་ཤེས་རབ་གཉིས་པོ་ལ།། སྐུ་གསུམ་རྟགས་སུ་བསྟན་པ་ཀུན།། ཐ་སྙད་ཡིན་ཏེ་མཚོན་པའི་ཕྱིར།། ཐབས་ཀྱི་དབྱིངས་དང་མཚན་དུ་བསྟན།། ཡང་དག་དོན་ལ་ཀུན་མེད། ། གསེར་དངུལ་འཁར་ཟངས་ལ་སོགས་པ།། ལུགས་དང་བརྡུངས་དང་བསྟོད་ལ་སོགས།། སེམས་ཅན་དོན་དུ་བསྟན་མོད་ཀྱི།། ཡང་དག་མཆོད་རྟེན་དེ་དག་མིན།། དར་དང་ཟ་འོག་ཚོན་རྩི་དང།། ཤིང་ལ་སོགས་པ་བྲིས་པ་དེ། ། མཚོན་པ་ཙམ་དུ་བསྟན་པ་ལས།། ཆོས་ཀྱི་སྐུ་ལ་བསྟན་པ་མེད།། སྐོར་ཕོར་གཟུགས་དང་ཕྱུང་བ་སྟེ།། མཚོན་པ་ཡིན་ཏེ་དོན་དུ་མེད།། བཏབས་པ་གཞན་ཡང་སྣ་ཚོགས་ལ།། སྟོན་པས་བསྟན་ཏེ་མཐུན་པའི་ཕྱིར། ། སྟོན་པའི་སྟོན་པ་དེ་ཉིད་དང།། སྟོན་པའི་བཀའ་བརྒྱུད་དེ་དང་ཚིག། སེམས་ཅན་བསྟན་པའི་གནས་རྣམས་དང།། དེ་ལ་སོགས་པ་བསམ་ཡས་ཀུན།། དེ་དག་ཐམས་ཅད་སྒྱུ་མ་འདྲ།། སྒྱུ་མས་གཞན་དག་ཚིམ་བྱེད་ཀྱང། ། གཞན་དང་སྒྱུ་མ་གཉིས་ཀ་ལ།། དོན་དུ་གྲུབ་པ་གང་ཡང་མེད།། གཟུགས་སུ་བསྟན་པའི་མཆོད་རྟེན་ཡང།། དམ་པའི་དོན་དུ་དངོས་པོ་མེད།། ལྟ་བ་འདི་ལ་གནས་པ་ནི།། སངས་རྒྱས་ཉིད་དུ་ངེས་པའོ། ། མཆོད་རྟེན་མངོན་པར་བསྟན་པའི་རྒྱུད་ལས།། ལྟ་བའི་ངང་ལ་གནས་པའི་ལེའུ་སྟེ་གསུམ་པའོ།།།། དེ་ནས་ཡང་དེ་བཞིན་གཤེགས་པ་ཀུན་དང་མཐུན་པ་རུ་ཡོང་བར་བྱ་བའི་ཕྱིར་འདི་སྐད་ཅེས་གསུངས་སོ། ། ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས།། རྟོག་བྲལ་ཆོས་ཉིད་ངང་ལས་མ་གཡོས་ཀྱང།། སེམས་ཅན་དོན་དུ་ཆོས་ཀྱི་སྐུ་རུ་བཞེངས།། ཡིད་བཞིན་ལྷུན་གྲུབ་བཀྲ་ཤིས་གཞལ་ཡས་འདིར།། རང་འབྱུང་ཡེ་ནས་དག་པ་ཆོས་ཀྱི་སྐུ། ། ངེས་པར་མཁྱེན་པའི་རྨད་འབྱུང་ཀ་ནི་ཀ། རྣམ་དག་པད་མ་རྒྱས་པའི་གདན་སྟེངས་ན།། འོག་གི་རྨང་ཁྲི་ཡ་མཚན་རྡོ་རྗེ་བྲག། གྱེན་དུ་ཁྲི་འཕང་ཡ་མཚན་དཀོན་མཆོག་གསུམ།། ཤེལ་གྱི་བུམ་པ་དྲི་མ་མེད་པར་དག། སྲོག་ཤིང་མ་སྐྱེས་བྱང་ཆུབ་སེམས་ཀྱི་ངང།། མི་གནས་མི་དམིགས་ཆོས་ཀྱི་དབྱིངས་དང་འདྲ།། ཁམས་གསུམ་མི་འགྱུར་གཡུ་རུང་བྱང་ཆུབ་མཁར།། སྐྱོན་བྲལ་ཡང་དག་དོན་གྱི་མཆོད་རྟེན་ཡང། ། ཐུགས་རྗེའི་དབང་གིས་ཆོས་ཀྱི་དབྱིངས་ནས་གཟིགས།། སྔོན་གྱི་སྨོན་ལམ་དབང་དང་ད་ལྟའི་ཐུགས་རྗེ་ཡིས།། ཤར་ཕྱོགས་མངོན་པར་དགའ་བའི་འཇིག་རྟེན་ན།། རིན་ཆེན་རི་བོ་དག་པའི་མཆོད་རྟེན་བཞུགས། ། གཞི་རྨང་དགེ་བཅུ་པདྨ་དག་པ་ན།། དྲན་པ་ཉེར་གཞག་རྨང་གི་ཁྲི་འཕང་གདན།། སྡིག་པ་སྤངས་པའི་རིམ་པ་གཉིས་པ་ལགས།། རྫུ་འཕྲུལ་རྐང་པ་བཞི་ཡི་རིམ་པ་གསུམ་པ་དགེ། རྣམ་གྲོལ་དབང་པོ་ལྔ་ཡི་རིམ་པ་བཞི་པ་བཟང། ། སྟོབས་ལྔ་བྱིན་བསྡུས་བུམ་པ་ཀུན་ཏུ་ཟླུམ།། ཐུགས་རྗེ་ཚད་མེད་སྲོག་ཤིང་གཞུང་བཙུགས་འདྲ།། བདུས་བཞི་ཕམ་མཛད་ཆོས་ཀྱི་རྒྱལ་མཚན་གཟི།། བླ་མེད་མཉེས་པས་གདུགས་མཆོག་ཁ་ལ་འཕགས། ། རྣམ་དག་ཚུལ་ཁྲིམས་མེ་ཏོག་འཕྲེང་བ་བཟང།། དེས་པར་མཁྱེན་པའི་རྨད་བྱུང་ཀ་ནི་ཀ། ཁྱད་བར་ཅིར་ཡང་འཕགས་པའི་སྐུ་གཟུགས་སྣ་ཚོགས་བསྟན།། རྣམ་དག་ཟབ་མོ་ཆོས་དབྱིངས་དཀྱིལ་འཁོར་འདིར། ། ཉོན་མོངས་སྐྱོན་གྱིས་མ་གོས་ནམ་མཁའི་རང་བཞིན་ལ།། འཁྲུལ་པ་ཏིང་འཛིན་ཆགས་ཕྱིར་སྐུ་བསྟན་པ།། འཁོར་ལོ་བརྩེགས་པའི་མཆོད་རྟེན་གཤེགས་སུ་གསོལ།། བྱམས་པ་ཆེན་པོ་ཚད་མེད་ཡངས་པའི་ཆོས། ། གདུག་པའི་ཚོགས་རྣམས་ཟིལ་གྱིས་གནོན་མཛད་ཅིང།། མེ་ལོང་ལྟ་བུའི་ཆོས་ཀྱི་དོན་རྟོགས་པ།། བྱམས་པ་བརྩེགས་པའི་མཆོད་རྟེན་གཤེགས་སུ་གསོལ།། དགའ་རབ་དོན་ཕྱིར་འཕྲུལ་པའི་སེམས་སྤངས་པ། ། འཇིག་མེད་རིན་ཆེན་བང་རིམ་བརྩེགས་པ་ལ།། སྤྲུལ་པའི་ཡོན་ཏན་ཚོགས་ཀྱི་འཕྲེང་བས་བརྒྱན།། རིན་ཆེན་བརྩེགས་པའི་མཆོད་རྟེན་གཤེགས་སུ་གསོལ།། ཉོན་མོངས་རྟོག་བྲལ་པདྨ་འབྱུང་བའི་གནས། ། དགའ་བ་བརྩེགས་པའི་མཆོད་རྟེན་བདུད་བཞི་འཇོམས།། བུམ་པ་ཆོས་དབྱིངས་སྤྲོས་པ་མེད་པའི་དབྱིངས།། པདྨ་བརྩེགས་པའི་མཆོད་རྟེན་གཤེགས་སུ་གསོལ།། ཉོན་མོངས་འཁོར་བའི་སྡུག་བསྔལ་ལས་ཀྱིས་སྦྱོངས། ། རྣམ་པར་རྟོག་པའི་མཚན་མ་ཀུན་བཅོམ་ནས།། བསོད་ནམས་དགེ་ཚུལ་འཕགས་རྣམས་མཆོད་རྟེན་བརྩེགས།། བྱང་ཆུབ་རྫོགས་པའི་མཆོད་རྟེན་གཤེགས་སུ་གསོལ།། རིགས་ལྔ་ཡེ་ཤེས་ལྔ་དང་སྐུ་མཚན་ལྔ། ། རང་བཞིན་ལྷུན་གྲུབ་ངང་ལས་མ་སྤྲོས་ཀྱང།། བདེན་པའི་ཡེ་ཤེས་བཞི་ཡང་ལྔ་ལྔར་ལྡན།། རིགས་བཞི་སེམས་དཔའ་བཞི་བཞིས་བསྐོར་བ་ཡང།། འགྲོ་བའི་དོན་དུ་མཆོད་རྟེན་ལྔ་ལྔར་སྤྲུལ་ཅིང་གཤེགས་སུ་གསོལ། ། ཤཱཀྱ་ཐུབ་པ་སྤྲུལ་པའི་སངས་རྒྱས་ཏེ།། སྐུ་ཡི་འོད་ཟེར་སྤྲུལ་པས་སྒྲིབ་པ་སྦྱོང།། སྤྲུལ་པ་སྣ་ཚོགས་མཆོད་རྟེན་དབྱིངས་སུ་བསྟན།། འདོད་འབྱུང་སྤྲུལ་པའི་མཆོད་རྟེན་གཤེགས་སུ་གསོལ། ། བྱང་ཆུབ་མཆོག་ཏུ་སེམས་སྐྱེད་བསོད་ནམ་བསགས།། ཡིད་བཞིན་དཔག་བསམ་ལ་སོགས་མཆོད་རྟེན་བརྒྱད།། དགེ་ཚུལ་བསོད་ནམས་བསགས་པའི་མཆོད་རྟེན་གཤེགས་སུ་གསོལ།། ཐེག་པ་སྣ་ཚོགས་སྒོ་ནས་བགྲོད་པ་ཡང། ། བྱང་ཆུབ་སེམས་མཆོག་གང་ལ་སྐྱེས་པ་དེ།། ཐེག་པ་ཀུན་གྱི་མཆོད་རྟེན་གཤེགས་སུ་གསོལ།། བྱང་ཆུབ་གཞན་ཡང་མགྲོན་གྱི་བྱང་ཆུབ་སེམས་དཔའ་དང།། ལ་ལས་ཆོས་ཀྱི་སྲུངས་མ་དང། ། དད་པས་ཉན་པའི་འཁོར་ཚོགས་དང།། ཆོས་ཀྱི་ཀུན་ནས་འབྲེལ་བ་ལས།། བྱང་ཆུབ་སེམས་འདི་དམིགས་པ་མཆོག། སེམས་ཅན་དོན་དུ་གནས་པར་བྱ།། ཆོས་ཀྱི་དབྱིངས་ཉིད་རྟོགས་དང་བྲལ། ། དེ་རྟོགས་མཆོད་རྟེན་གནས་པ་ཡི།། ཕྱོགས་བཅུའི་འཇིག་རྟེན་གང་དག་ན།། མཆོད་རྟེན་གནས་པ་ཡེ་ནས་གནས།། སྤྱན་དྲངས་བྱོན་པ་མི་མངའ་སྟེ།། བཀུར་སྟི་རིམ་གྲོའི་ཚུལ་གྱིས་ན།། དངོས་སུ་གཟུགས་བརྙན་མཆོད་རྟེན་བཞུགས། ། སེམས་ཅན་རྣམས་ཀྱི་དོན་གྱི་ཕྱིར།། ཐ་དད་མཆོད་རྟེན་གནས་ནས་བསྐྱོད།། ཕྱོགས་བཅུའི་སངས་རྒྱས་བཞུགས་པ་རྣམས།། དུས་གསུམ་དག་ཏུ་མཚོན་ནས་འདྲེན།། བྱང་ཆུབ་སེམས་དཔར་གྲགས་པ་རྣམས། ། དབྱིངས་ནས་སྤྱན་འདྲེན་མཆོད་ཀྱི་གཤེགས།། ཡང་དག་དོན་དུ་གཤེགས་བཞུད་མི་མངའ་ཡང།། སེམས་ཅན་དད་པ་བསྐྱེད་པའི་ཕྱིར།། རྡོ་རྗེའི་གདན་དང་པདྨའི་གདན།། རིན་ཆེན་ཁྲི་ལ་སོགས་པའི་གདན། ། རིག་པའི་བྱིན་རླབས་དག་གིས་གདིང།། གདན་དང་མཚན་མའི་རིགས་རྣམས་བཞུགས།། མཆོད་རྟེན་བསམ་གྱིས་མི་ཁྱབ་པ།། དངོས་སུ་དད་པས་དམིགས་ཤིང་བསམ།། ཡང་ན་ཆོས་སྐུ་གཅིག་ཏུ་བསྡུ། ། མང་པོར་བཤད་ཀྱང་བསྡུ་བ་དེ།། ཆོས་སྐུ་ཉིད་ལ་རྟོག་མི་མངའ།། འདུལ་བའི་དབང་གིས་སྣང་བ་ཡི།། ཞེས་གསུངས་སོ།། མཆོད་རྟེན་མངོན་པར་བསྟན་པའི་རྒྱུད་ལས།། སྤྱན་དྲངས་པ་ལྟར་བསྟན་པའི་ལེའུ་སྟེ་བཞི་པའོ། །།། དེ་ནས་དེ་བཞེན་གཤེགས་པ་རྣམ་པར་སྣང་མཛད་ལ་སོགས་པ་འདུས་ནས་འདི་སྐད་གསུངས་སོ།། གསང་སྔགས་དོན་དུ་བསྔགས་པ་ནི།། དམ་ཚིག་དོན་དུ་བསྔགས་པ་སྟེ།། ཡོན་ཏན་བསམ་ཡས་འདི་ལས་འབྱུང། ། ལྟ་བས་བསྟས་ནས་གཅིག་ལས་མེད།། བསྲུང་དང་བསྒྲུབ་ཕྱིར་དམ་ཚིག་སྟེ།། འདས་པ་རྣམས་ལ་སྐྱོན་དུ་གཞག། བསྲུངས་ན་མཆོད་རྟེན་སྐུ་རུ་གཞག། དད་ལ་སློབ་དཔོན་མཉེས་པར་བྱ། ། ལུས་དང་ངག་དང་ཡིད་རྣམས་ཀྱིས།། ཤེས་པས་ཕྱག་དང་གུས་པས་བཀུར།། སེམས་ལ་སེལ་མེད་དད་པས་གདུང།། ད་ལྟའི་སློབ་དཔོན་དངོས་ལ་ཡང།། དངོས་སུ་བཀུར་དུ་ཡོད་པ་དེ།། མེད་ན་ཇི་ལྟ་བཀུར་བར་བྱ། ། བླ་མའི་བླ་མ་དེ་ལ་བསྐུར།། དེ་ཡང་མེད་ན་བླ་མའི་བླ་མ་གྲོགས།། བླ་མ་དངོས་སུ་བསམ་ལ་བཀུར།། ཅི་སྟེ་ཞེ་ན་དོན་དམ་ཅིག། གལ་ཏེ་ལན་ཅིག་བླ་མ་ཡི།། བླ་མ་གང་ཡིན་བདག་ཅེས་འཛིན། ། དེ་ལ་བཀུར་བར་བྱར་རུང་ན།། བླ་མའི་དམ་ཚིག་དབང་ཡིན་པས།། བླ་མའི་བླ་མ་གོང་མར་གསལ།། སློབ་དཔོན་སྐུ་ལ་མཉམ་པས་ན།། ཆོས་སྐུ་བཤིག་པའི་སྡིག་པས་ཆེ།། བླ་མའི་གྲིབ་མ་འགོམ་བྱས་ན། སངས་རྒྱས་སྐུ་བསད་སྡིག་པ་མཉམ།། བླ་མའི་གསུང་ལ་སྒྲོས་བཏགས་ན།། ལྕེ་ཡི་དབང་པོ་བརྒྱ་བར་འགྱུར།། དེ་རེ་ཞེ་རེ་སླེབས་པ་ལ་ཚལ་པའི་ཞིང་རྨོ་ལྟ་བུར་འགྱུར།། བླ་མའི་གསུང་ལ་སྐུར་བཏབ་ན།། ལྕེ་ཡི་དབང་པོ་མི་ལྡན་ཞིང། ། དམ་པའི་ཆོས་དང་གཏན་དུ་འབྲལ།། སྡུག་བསྔལ་བསམ་གྱིས་མི་ཁྱབ་བོ།། སློབ་དཔོན་ཐུགས་ལ་སྨོད་པ་ནི།། རང་གི་སྒྲོན་མེ་རང་གསོད་འདྲ།། བསྐལ་པ་བརྒྱ་རུ་མུན་པར་འཁྱམས། ། ཐར་པའི་སྐབས་མེད་རིགས་ཆད་ཡིན།། དེ་བས་སྨད་པར་མི་བྱའོ།། དཀྱིལ་འཁོར་ངོ་སྟོན་དབང་བསྐུར་པའི།། སློབ་དཔོན་དེ་ལ་སྨོད་པ་ནི།། རོ་མྱགས་མཚོ་ཡི་ནང་དུ་སྐྱེ།། མེ་ཏོག་གླིང་ལ་དམིགས་ལྟས་ཏེ། ། རོ་མྱགས་སྡུག་བསྔལ་ལས་ཀྱིས་མནར།། སྟེང་ནས་ལྕགས་ཀྱི་ཐོ་ལུམ་གྱིས།། སྡིག་ཅིང་ཁོང་དུ་སྲེག་པར་བྱེད།། མེ་ཏོག་གླིང་དུ་ག་ལ་ཕྱིན།། དེ་བས་ངེས་པར་སློབ་དཔོན་བཀུར།། སྟོན་པས་གསུངས་པའི་བཀའ་ལས་ནི། ། སློབ་དཔོན་མགོ་ལ་དམ་ཚིག་དམིགས།། སློབ་དཔོན་མགོ་ལྟར་བཀུར་བར་བྱ།། རང་མགོ་བཅད་པས་སྨད་པ་ཐ།། བཀའ་སྩལ་མིག་ལྟར་བཀུར་བར་བྱ།། རང་མིག་རང་གིས་བཅར་བ་བས།། སློབ་དཔོན་ཚད་མའི་མགོ་བཅད་ཐུ། ། དེ་བས་བཀུར་བའི་རིམ་པ་གྱིས།། བཀུར་བ་མགོ་ལྟར་ཡུན་དུ་ཁུར།། མན་ངག་མིག་ལྟར་ཡུན་དུ་ཚོས།། སྙིང་གི་དཀྱིལ་དུ་ཀུན་ཏུ་ཞོག། མཆེད་ལྕམ་གཅིག་ལ་གཅིག་སྲུང་ན། ། འཇིག་རྟེན་འདི་ལ་ལྷན་ཅིག་ཏུ།། ལུས་མཆོག་བཞིན་དུ་ཐུགས་མཆོག་བསྐྱེད།། ཐུགས་མཆོག་དུས་དང་རྣམ་བཞི་རུ།། མི་འབྲལ་ཁྲག་དང་ཆུ་སེར་འདྲ།། ལྷན་ཅིག་མཉན་བསམ་བསྒོམ་བྱས་པ།། དེ་རྣམས་དོན་ལ་དབྱེར་མེད་པས། ། དུས་དང་བསྐལ་བའི་མཐའ་མེད་ཅིང།། དེ་རྣམས་བརྒྱ་ལ་ངན་སྨོད་ན།། རང་སྲོག་རང་གཅོད་དཔེ་དང་འདྲ།། རང་གི་དོན་ལ་རང་སྨོད་པ།། བསྐལ་པ་བརྒྱད་ཁྲི་བཞི་སྟོང་དུ།། ཚ་གྲང་བརྒྱད་ཀྱི་སྡུག་བསྔལ་མྱོང། ། མཆོད་རྟེན་དག་ལ་སྨོད་པ་ནི།། རང་གི་སེམས་ཉིད་གཏན་སྤངས་ནས།། རིགས་ཆད་གནས་སུ་སྡུག་བསྔལ་མྱོང།། ཆོས་སྐུ་གཟུགས་བརྙན་མ་རྟོགས་ན།། ལེགས་པར་དགེ་བཅུ་སྤྱད་བྱས་ཀྱང། ། ལྷར་སྐྱེ་ལན་ཅིག་ལྷུང་བར་འགྱུར།། ཐུགས་ཀྱི་དམ་ཚིག་མཆོད་རྟེན་ཡིན།། བྱང་ཆུབ་སེམས་ཉིད་སྤྲོས་བྲལ་བས།། ཆོས་སྐུ་གཟུགས་བརྙན་མཆོད་རྟེན་ཡིན།། དེ་ལྟར་རྟོགས་ན་ཉམས་པ་མེད།། ཕྱི་ནང་སྣོད་བཅུད་མ་ལུས་པ། ། རང་བཞིན་དག་པ་གསུམ་དུ་ཤེས།། ཀུན་རྫོབ་གཟུགས་བརྙན་དག་པ་དང།། དོན་དམ་དངོས་མེད་དག་པ་དང།། གཉིས་སུ་མེད་པ་ཆོས་ཀྱི་སྐུ།། དེ་ལྟར་རྟོགས་ན་དམ་ཚིག་ཡིན།། ཕྱག་རྒྱ་མཆོད་རྟེན་ཡིན་པ་སྟེ། ། མཆོད་རྟེན་ཉིད་ཀྱང་ཕྱག་རྒྱར་གསལ།། རིགས་དང་ལྷ་རྣམས་ཕྱག་རྒྱ་རྣམས།། མཆོད་རྟེན་དབྱིངས་སུ་ཐ་དད་བསྟན།། དེ་ཉིད་སྲུངས་ན་ཉམས་པ་མེད།། དཀྱིལ་འཁོར་རི་མོའི་གཟུགས་ལ་སོགས། ། ཐ་དད་མང་པོར་སྟོན་པ་ཡང།། དེ་རྣམས་ཉིད་ནི་མཆོད་རྟེན་ཡིན།། དེ་ལྟར་བསྒོམས་ན་ཉམས་པ་མེད།། ཀྲི་ཡའི་མཆོད་རྟེན་བཞེངས་པ་ན།། མཆོད་རྟེན་དབྱིངས་དོན་རྟོགས་པ་དང།། གྲུ་བཞི་དག་པར་བྱ་བ་དང། ། དམིགས་པ་ཡན་ལག་ལྡན་པ་རྣམས།། རྩ་བའི་དམ་ཚིག་ལྔར་ལྡན་དང།། ཉ་ཤ་ལ་ཕུག་སྒོག་བཙོང་སྤང། ཆོ་གའི་ཡན་ལག་ཚང་བར་བྱ།། དེ་ལྟར་བསྲུངས་ན་དངོས་གྲུབ་ཐོབ།། མཚན་ཉིད་ཐེག་པ་སྐུར་བཞེངས་ན། ། སྡོམ་པ་ཉི་ཤུ་ཕྱི་ནང་བསྲུང།། བྱང་ཆུབ་མཆོག་གི་ཆོས་རྣམས་དང།། སུམ་ཅུ་རྩ་བརྒྱད་རྟོགས་པ་ལས།། དེ་འདྲའི་སྐུ་ནི་གཟུགས་བཞེངས་ན།། དུས་གསུམ་སངས་རྒྱས་དམིགས་བྱས་ལ། ། དེ་ལ་མཆོད་པ་ལུགས་མཐུན་འབུལ།། དེ་ལས་གཞན་གྱུར་སྐྱོན་རྣམས་སྤང།། དེ་ལྟར་གཞུང་ལུགས་མ་ནོར་ན།། དངོས་གྲུབ་གང་འདོད་དེ་ལྟར་འགྲུབ།། སྡོམ་པ་གནས་པས་གནས་པས་བྱས་ན་འགྲུབ།། རང་སངས་རྒྱས་ཀྱི་མཆོད་རྟེན་ལ། ། རྟེན་འབྲེལ་ཟབ་མོ་རྟོགས་པ་དང།། སྡེར་ལངས་བློ་ཅན་གང་ཡང་རུང།། སྐུ་ཡི་གཟུགས་བརྙན་བཞེངས་གསོལ་ནས།། རྟེན་འབྲེལ་སྙིང་པོ་བྲིས་བཙུག་ན།། རྟེན་འབྲེལ་རྟོགས་ན་སྡོམ་པ་ཡི། ། ས་ཡང་སྡོམ་པ་གནས་པས་འགྲུབ།། ཉན་ཐོས་སྒོར་ཞུགས་དགེ་སློང་དག། མཆོད་རྟེན་བཞེངས་སུ་གསོལ་བ་ན།། རྨང་དང་ཁྲི་འཕང་བང་རིམ་རྣམས།། བུམ་རྟེན་བུམ་པ་ལ་སོགས་པ།། སྲོག་ཤིངའཁོར་ལོ་ཏོག་དང་བཅས། ། ཉན་ཐོས་ཐེག་པ་ཆོས་ཀྱི་ལུགས།། མཆོད་རྟེན་དེ་ལ་ཚང་བར་བསྟན།། ཉིས་བརྒྱ་ལྔ་བཅུ་བསྲུང་བྱས་ནས།། མཆོད་ལ་ཉན་ཐོས་ལུགས་བཞིན་དབུལ།། དེ་གཞུང་ལྡན་དེ་དེ་བདག་འགྲུབ། ། དཀྱིལ་འཁོར་མཆོད་རྟེན་བསམ་ཡས་ཀྱང།། དམ་པའི་དོན་དུ་གཞུང་བཞིན་དཔྱད།། དམ་ཚིག་བསྲུངས་པ་དེ་ཀ་བཞིན།། སྡོམ་པ་མེད་ན་དམ་ཚིག་གང།། དམ་ཚིག་མེད་ན་ཡོན་ཏན་གང།། དམ་ཚིག་ཅེས་སུ་བཤད་པ་དེ། ། སྒྲུབ་པ་པོ་ཡི་སྙིང་པོའི་ཡིན།། འདི་ལ་གནས་པའི་སྒྲུབ་པ་པོ།། མྱུར་དུ་དངོས་གྲུབ་ཐོབ་པར་བྱེད།། དམ་ཚིག་མེད་པར་གྱུར་པ་ན།། མཆོད་རྟེན་གཞུང་ལྟར་བཤད་བྱས་ཀྱང།། འབྲས་བུ་ཡོན་ཏན་མི་འགྲུབ་སྟེ། ། དམྱལ་བར་ངེས་པར་ལྷུང་བར་བསྟན།། དཔེར་ན་ས་བོན་ཚིག་པ་ལས།། ཆུ་ལུད་རྐྱེན་གྱིས་བྲན་བྱས་ཀྱང།། མྱུ་གུ་འབྲས་བུ་མི་འབྱུང་སྟེ།། ཡིད་ཆད་ཉོན་མོངས་སྐྱེ་བར་འགྱུར།། རྩ་བ་རྩ་བའི་དམ་ཚིག་ནི། ། སེམས་ཉིད་དག་པ་ཆོས་ཀྱི་སྐུ།། མཆོད་རྟེན་གཟུགས་སུ་ཤེས་པ་འོ།། རྩ་བའི་ཡན་ལག་དམ་ཚིག་ནི།། སློབ་དཔོན་མཆེད་ལྕམ་ཁུར་བ་ཡིན།། ཡན་ལག་རྩ་བར་བསྟན་པ་ནི།། སྔགས་དང་ཕྱག་རྒྱ་བཅིང་བཟླས་པ། ། དབང་མ་ཐོབ་པར་འཆད་པ་དང།། ཐེག་པ་དམན་པ་སྨད་པ་ཡིན།། རྩ་བའི་ཡན་ལག་ཏུ་བཤད།། མངོར་ན་སོ་སོར་མ་ཤེས་ན།། བསྲུངས་ཀྱང་ཉམས་པའི་བག་ལ་གནས།། ངོ་མ་ཤེས་ན་མིང་མི་ཤེས། ། མུན་པ་སྲོས་ནས་ནམ་མཁའ་འགག། ལྟ་བའི་དམ་ཚིག་སྤྱི་རུ་བཞག། སྤྱོད་པ་གནས་ན་སྤྱོད་པ་བསྲུང།། འཕྲིན་ལས་བྱེད་ན་ལས་ཀྱི་བསྲུངས།། འཚམ་པར་བསྲུངས་ན་དམ་པ་ཡིན།། ཉམས་པའི་བཞི་ནི་དེ་ལས་མེད། ། དངོས་སུ་བསྲུངས་པར་བྱ་བ་ལ།། མཆོད་རྟེན་མི་སྤང་རྟག་ཏུ་སྤངས་ན་སེམས་ཉིད་སྤངས།། མཆོད་རྟེན་རྟག་ཏུ་བཅངས་པ་དེ།། རྩ་བ་སེམས་ཉིད་རྟོགས་པ་ཡིན།། མཆོད་རྟེན་སྤངས་པར་གྱུར་པ་ན། ། ཡན་ལག་ཆོ་ག་ཚང་བྱས་ཀྱང།། མཆོད་རྟེན་སྤངས་པའི་རྣལ་འབྱོར་པ།། ཆུ་ཤིང་རུལ་པ་དངོས་དང་འདྲ།། མཆོད་རྟེན་ཡངས་པའི་གང་ཟག་དེ།། ཁ་ཡིས་ཐེག་པ་ཀུན་འཆད་ཀྱང།། བྲ་ཁ་ནས་ཀྱིས་བཅད་པ་འདྲ། ། སྤྲེ་ལྕམ་དགོངས་མེད་མཆོད་རྟེན་སྤོང།། ཁ་ཡིས་བཟླས་པ་བྱེད་པ་ཡང།། ཏིང་འཛིན་མཆོད་རྟེན་མ་གསལ་ན།། དམུས་ལོང་མདོག་ལ་འཆད་པ་འདྲ།། རང་བཞིན་མཆོད་རྟེན་རྟོགས་པར་བྱ།། ཏིང་འཛིན་མཆོད་རྟེན་སེམས་ཀྱི་བསྒོམ། ། གཟུགས་བརྙན་མཆོད་རྟེན་བཞེངས་པར་བྱ།། མཆོད་རྟེན་བསམ་གྱིས་མི་ཁྱབ་ཀྱང།། སེམས་ཅན་རྣམས་ཀྱི་དོན་ཕྱིར་བསྟན།། དོན་དམ་མཆོད་རྟེན་ཆོས་སྐུར་བསྟན།། ཐེག་པའི་བྱེ་བྲག་མེད་པ་ལ། ། མཆོད་རྟེན་བྱེ་བྲག་བསྟན་མི་བྱ།། གཟུགས་བརྙན་མཆོད་རྟེན་བཞེངས་པ་ལ།། རབ་ཏུ་གནས་པའི་མཆོད་པ་ཡིས།། དངོས་གྲུབ་ཞལ་གསོ་མ་བྱས་ན།། རིན་ཆེན་རྙེད་ནས་བླངས་བསྐུར་འདྲ། ། རབ་གནས་བྱས་པའི་སྐུ་གདུང་འདྲ།། དངོས་སུ་བསྐོར་བ་མ་བྱས་ན།། ཆོས་སྐུ་མ་རྟོགས་སྤང་བར་འགྱུར།། བསྐལ་པའི་སྒྲིབ་པས་སྒྲིབས་པ་ཡིན།། བསྐོར་བས་བསྐལ་པའི་སྡིག་སྒྲིབ་བྱང།། དམ་ཚིག་མཆོད་རྟེན་བསྐོར་བ་ཡིན། ། སྐུ་གདུང་དག་ལ་ཕྱག་མི་འཚལ།། བྱང་ཆུབ་སེམས་རྟོགས་ཆོས་ཀྱི་སྐུ།། ཆོས་ཀྱི་སྐུ་ལ་མི་གུས་པ།། རྩ་བའི་དམ་ཚིག་ཉམས་དང་འདྲ།། དངོས་སུ་ཕྱག་བྱས་དངོས་གྲུབ་ཐོབ།། དམ་ཚིག་མེད་པར་གྱུར་པ་ན། ཆོས་སྐུའི་གཟུགས་བརྙན་མེད་པར་འགྱུར།། དམ་ཚིག་ཡོད་པར་བྱུང་པ་ལ།། ནམ་ཡང་བདེ་བ་མེད་པར་བཤད།། མཆོད་རྟེན་མངོན་པར་བསྟན་པའི་རྒྱུད་ལས།། མཆོད་རྟེན་གྱི་དམ་ཚིག་བསྟན་པའི་ལེའུ་སྟེ་ལྔ་པའོ། །།། དེ་ནས་ཡང་དེ་བཞིན་གཤེགས་པ་ཐམས་ཅད་འདུས་ནས།། མཆོད་རྟེན་འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་ནས་འདི་སྐད་ཅེས་གསུངས་པ།། ཆོས་ལ་དམིགས་པ་བདག་མེད་པས། ། ཆོས་སྐུའི་གཟུགས་བརྙན་དཔག་མེད་ཐ་དད་བསྟན།། ཐེག་པ་གཅིག་དང་ཐེག་པ་ལྔ།། གཟུགས་བརྙན་མཆོད་རྟེན་དེ་ལྟར་འབྱུང།། མཆོད་རྟེན་དག་ལ་གཅིག་ཏུ་མཉམ།། ཐེག་པའི་དབྱིངས་ལ་སོ་སོའོ། ། མཉམ་ཉིད་ཆོས་སྐུར་མཆོད་རྟེན་མཉམ།། དེ་ལ་དབྱེ་བའི་རྟོག་པ་མེད།། གང་ཟག་བློ་ལ་དབྱེ་བ་སྣང།། དོན་དམ་ཉིད་དུ་གཅིག་ལས་མེད།། ལྔ་བསྟན་བློ་ཡི་རིམ་པས་སྣང།། དེ་ལས་གཞན་ཡང་བསམ་མི་ཁྱབ། ། དེ་ལ་ཉན་ཐོས་མཆོད་རྟེན་ཆ་ལུགས་ནི།། ཆོས་གོས་བཞི་བལྟབ་བྱས་པའི་སྟེང།། སྤར་བུ་ཁ་སྤུབ་དག་ཏུ་བཞག། གསེག་ཤང་བགྲེང་ལྟ་བུ་སྟེ།། འཕགས་པ་ཉན་ཐོས་མཆོད་རྟེན་ཡིན།། རང་རྒྱལ་དག་གི་མཆོད་རྟེན་ནི། ། རྨང་ལ་ཁྲི་འཕང་མེད་པ་སྟེ།། བང་རིམ་བཞི་པ་བདེན་པ་བཞི།། བུམ་རྟེན་བུམ་པར་བཅས་པ་སྟེ།། སྲོག་ཤིང་དང་ནི་ཏོག་གིས་བརྒྱན།། འཁོར་ལོ་བརྒྱད་པ་ས་བརྒྱད་ཡིན།། འདི་ནི་ཉན་ཐོས་འཁོར་ལོར་བཞག། འདིར་ནི་འཁོར་ལོ་བཅུ་གཉིས་པ།། རང་རྒྱལ་རྣམས་ཀྱིས་བཞེངས་གསོལ་པའོ།། བྱང་ཆུབ་སེམས་དཔའི་མཆོད་རྟེན་ནི།། གདན་ཁྲི་བང་རིམ་གཅིག་པར་བཅས།། བང་རིམ་བཞི་པ་བུམ་རྟེན་བཅས། ། བུམ་པ་བྲེ་ག་ཁ་ཁྱེར་བཅས།། སྲོག་ཤིང་ཏོག་དང་ཆར་ཁབ་བཅས།། འཁོར་ལོ་ཟླ་བ་བཅུ་ཚེས་བཅས།། བྱང་ཆུབ་སེམས་དཔའི་སྐུ་གདུང་ཡིན།། ཀྲི་ཡའི་མཆོད་རྟེན་བྱ་བ་ནི།། རྨང་གི་ཁྲི་འཕང་གསུམ་པར་བྱ། ། དབུས་ཀྱི་སྙིང་པོ་ཟུར་བཞིར་བསྟན།། བང་རིམ་གསུམ་གསུམ་དགུ་བརྩེགས་གཏང།། དང་པོ་གསུམ་ནི་ཡིད་ཙམ་དགྱེ།། བར་པ་གསུམ་ནི་ཡིད་ཙམ་སྒུ།། ཐ་མ་གསུམ་ནི་ཡིད་ཙམ་དགྱེ།། འཁོར་ལོ་བཅུ་གཉིས་རིམ་པར་ལྡན། ། བུམ་རྟེན་བུམ་པ་བྲེ་གར་བཅས།། སྲོག་ཤིང་ཏོག་དང་ཆར་ཁབ་བཅས། ཀྲི་ཡའི་སྐུ་གདུང་ཡིན་པར་བཤད།། རྣལ་འབྱོར་སྐུ་གདུང་མཚན་ཉིད་ནི།། རྨང་གི་བང་རིམ་གཉིས་པ་སྟེ། ། དབུས་ཀྱི་སྙིང་པོ་ཟུར་བཞིར་བད།། བད་ཀྱི་སྙིང་པོ་ཟུར་བཞིར་བད།། བད་ཀྱི་ཚད་ནི་འབུར་བཞིར་དགོད།། དེ་སྟེང་ཁ་ཁྱེར་གཉིས་པ་དགོད།། ཁ་ཁྱེར་ལ་ཡང་འབུར་ཚང་གཏང།། དེ་ནས་མཆོད་རྟེན་ལྔ་པར་བྱ། ། རྡོ་རྗེ་རྩེ་ལྔ་བགྲེང་བ་འདྲ།། བང་རིམ་ལྔ་དང་བུམ་རྟེན་ལྔ།། བུམ་པ་ལྔ་དང་སྲོག་ཤིང་ལྔ།། མེ་ཏོག་ཆར་ཁབ་ལྔ་རྣམས་བྱ།། འཁོར་ལོ་བཅུ་གསུམ་རིམ་པར་བྱ།། ཟླ་ཚེས་རྩེ་ལ་ལྔ་ལྔ་བྱ།། གཞན་ཡང་འཁོར་ལོ་ལྟ་བུ་བརྩེགས། ། པདྨ་བརྩེགས་རིན་ཆེན་བརྩེགས།། རྒྱ་གྲམ་བརྩེགས་པ་ལ་སོགས་རྣམས།། རྡོ་རྗེ་བརྩེགས་པ་བཤད་པ་བཞིན།། རིམ་པ་གཏང་བ་ཚང་བར་བྱ།། ཐ་དད་མཆོད་རྟེན་བཤད་པ་ནི།། སྒོ་མངས་བཀྲ་ཤིས་མཆོད་རྟེན་ནི། ། མཆོད་རྟེན་བཞི་ཡི་ཆེན་པོར་བྱ།། དེ་ལ་གློ་འབུར་ཆེ་ཆུང་བཞི།། ངོས་བཞི་ནས་ནི་བསྐྱེད་པར་བྱ།། བང་རིམ་ལྔ་ལྔ་གཏང་བར་བྱ།། དབུས་ཀྱི་ཆ་ཡི་སྙིང་པོ་ནི།། ངོས་བཞི་དག་ལ་བཅུ་བཅུ་སྒོ།། འདོར་ན་སྒོ་ནི་བཞི་བཅུ་ཡོད།། ངོས་གཅིག་དག་ནི་འབུར་ལ་ཡང།། ངོས་གསུམ་ཡོད་དེ་སྒོ་གཉིས་གདོད།། འབུར་གྱི་གཡས་གཡོན་གཉིས་བཞི་རུ།། སྒོ་ནི་རྣམ་པ་གཉིས་སྟོད་ནས།། མདོ་རུ་བཞི་དང་དྲུག་ལ་བཅུ། ། བཅུ་ཕྲག་བཞི་ལ་བཞི་བཅུ་ཐམ།། བང་རིམ་ལྔ་ཡི་འོག་མ་ལ།། སྒོ་ནི་ཉི་ཤུ་གཞུག་པར་བྱ།། དེ་ཡི་དེ་ལས་རེ་རེ་གཞག། དེ་ལྟར་གཞག་པས་ཉི་ཤུ་ཡོད།། དེ་ལྟར་གཉིས་ལ་དྲུག་ཅུའོ།། ཕྱི་མ་བང་རིམ་བཞི་པོ་ལ། ། ཉི་ཤུ་ཡོད་པ་རིམ་པ་བཞིན།། དེ་ལས་གཞན་མ་མཐུན་པར་བྱ།། འཁོར་ལོ་ལྔ་རུ་བསྟན་པའོ།། བུམ་པ་ཟླུམ་པོའི་མཆོད་རྟེན་ནི།། འོག་གི་རྨང་ཡང་ཟླུམ་པོ་ལ།། རིམ་པ་གཅིག་ཏུ་བཤད་པ་ཡིན།། བཞི་ཡང་ཟླུམ་ལ་བང་རིམ་ཡང། ། ཟླུམ་པོ་ཉིད་དུ་བསྟན་པ་ཡིན།། ནམ་ཡང་བང་རིམ་ཕྱི་བཞིན་བྱ།། བུམ་པ་ཆར་ཁབ་འཁོར་ལོ་རྣམས།། ཕྱི་ནང་ནང་མེད་པར་གསལ་བར་བྱ།། ནང་ན་ཆོས་སྐུ་གཟུགས་བརྙན་རྣམས། ། ལྔ་བཅུ་ཟུར་དང་བང་རིམ་ལྔ།། བཅུ་ཟུར་བང་རིམ་བཅོ་ལྔ་པ།། འཁོར་ལོ་ལྔ་བཅུ་ཡང་ན་ལྔ།། ཟུར་བཞི་བང་རིམ་བཞི་པ་དེ།། རྒྱས་པའི་ལས་ཏེ་བུམ་རྟེན་ནི།། རིན་ཆེན་ཟུར་བརྒྱད་དག་ཏུ་བཤད།། ཟུར་གསུམ་ཟླ་གམ་ལ་སོགས་རྣམས། ། མཆོད་རྟེན་དབྱིངས་སུ་གང་ཡང་བསྟན།། རྡུལ་གཅིག་རྡུལ་སྙེད་ལ་སོགས་རྣམས།། མཆོད་རྟེན་གཟུགས་སུ་ཡེ་ནས་བསྟན།། སྐུ་ཡི་མཆོད་རྟེན་སྣ་ཚོགས་ཏེ།། དབྱིབས་དང་སྐུ་མདོག་ལ་སོགས་རྣམས། ། མཚོན་པ་ཐབས་ཀྱི་རྒྱལ་པོ་ཡིན།། མ་འོངས་པ་ཡི་སེམས་ཅན་ལ།། སྐུ་ཡི་མཆོད་རྟེན་བསྟན་པའོ།། གསུང་གི་མཆོད་རྟེན་ཆ་ལུགས་ནི།། མན་ངག་ཚིག་གི་སྙིང་པོ་བརྗོད།། བཤད་པ་མདོ་སྡེ་གསུང་རབ་བརྗོད། ། དོན་དམ་ཉིད་དུ་དངོས་མེད་པས།། གསུང་གི་མཆོད་རྟེན་གཟུང་དུ་མེད།། ཐུགས་ཀྱི་མཆོད་རྟེན་ཆ་ལུགས་ནི།། དཔེ་མེད་བསམ་འདས་ནམ་མཁའ་ཆེ།། ཏིང་ངེ་འཛིན་པས་ཅིར་ཡང་གསལ། ། ཡེ་ཤེས་ཉིད་ལས་ཅིར་ཡང་འཕགས།། ཐམས་ཅད་མཁྱེན་པས་སྐུ་གསུམ་འགྲུབ།། ཆོས་སྐུ་རྟོགས་མེད་ཀུན་ལས་འདས།། བྱང་ཆུབ་སེམས་ལ་དམིགས་པ་མེད།། དམིགས་མེད་དེ་ཉིད་སྣ་ཚོགས་ཏེ།། ནམ་མཁའི་མཐའ་དང་རྒྱ་མཚོའི་རྫིངས། ། བྱང་ཆུབ་སེམས་ཀྱི་མཆོད་རྟེན་བྲིས།། འཇའ་ཚོན་ལྟ་བུར་དངོས་པོ་མེད།། སྣང་ཞིང་སྟོང་ལ་སྟོང་ཞིང་གསལ།། སྐུ་གདུང་མངོན་པར་བསྟན་པའི་རྒྱུད་ལས།། མཆོད་རྟེན་གྱི་དབྱིབས་བསྟན་པའི་ལེའུ་སྟེ་དྲུག་པའོ། །།། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་དང། རིགས་ལྔ་དང། རིགས་གསུམ་དང། རིགས་བརྒྱ་ཕྲག་མཐའ་ཡས་པ་དང། བྱང་ཆུབ་སེམས་དཔའ་ཚོགས་དང། ལྷ་དང། མི་དང། འཇིག་རྟེན་པ་དད་པས་ཉན་པ་བསམ་ཡས་དང། རྩོལ་བ་བྱེད་ཀུན་འདིར་རང་རང་གི་དད་པས་སྟོན་པའི་སྤྱན་སྔར་མངོན་སུམ་དུ་འདུས་ནས། སྟོན་པས་བཀའ་སྩལ་པ། སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས། རྟོག་དང་བྲལ་ཏེ་མཉམ་པའི་ངང། ཁམས་གསུམ་པ་ཡི་འགྲོ་བ་ཀུན། རྒྱལ་ཆེན་ལྷ་དང་ཕྱོགས་སྐྱོང་རྣམས། མི་ཡི་དམ་པ་ཁོམ་ལྡན་ཀུན།། ཆོས་སྐུའི་གཟུགས་བརྙན་འདི་དག་ལྟོས། ཞེས་བརྗོད་པ་ལས། ལ་ལ་ནི་དུས་དེ་ཉིད་དུ་བདེ་བ་ཐོབ། ལ་ལ་ནི་རྟོག་པ་སྐྱེས་ནས་སེམས་བསྐྱེད། ལ་ལ་ནི་བརྒྱལ་བ་ལས། ལྷའི་དབང་པོ་བརྒྱ་བྱིན་གྱིས་ལངས་ནས། སྟོན་པ་ལ་ཞུ་པ། བཅོམ་ལྡན་འདས་ལེགས་སོ། བདེ་བར་གཤེགས་པ་ལེགས་སོ། ། ཞེས་ཞུས་པ་དང། སྟོན་པས་བཀའ་སྩལ་པར་དགོངས་ཏེ། ཀོའུ་ཤི་ཀ་གང་དེའི་ལོ།། ཀོའུ་ཤི་ཀ་ཞེས་གསུངས་ནས། ཞལ་འཛུམ་པ་མཛད་དོ།། ཞལ་འཛུམ་པ་མཛད་པ་དེས། བརྒྱ་བྱིན་དད་ནས། བཅོམ་ལྡན་འདས་ལུང་བསྟན་དུ་གསོལ། བདེ་བར་གཤེགས་པ་ལུང་བསྟན་དུ་གསོལ། སྟོན་པ་ཆེན་པོ་ལུང་བསྟན་དུ་གསོལ། ཞེས་གུས་པ་བསྐོར་བ་བྱས། ཞབས་ལ་གཏུགས་ནས་ཞུས་པ་དང། སྟོན་པས་བཀའ་སྩལ་པ། ཀོའུ་ཤི་ཀ་ངས་བཤད་ཀྱིས། རྣ་བ་ལྷོགས་ལ་ཉོན་ཅེས་བཀའ་སྩལ་པ་དང། ཡང་ལྷའི་དབང་པོ་བརྒྱ་བྱིན་གྱིས་ཞུས་པ། སྟོན་པ་ཆེན་པོ་ཐུགས་རྗེ་དང་ལྡན་པ། སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས། རྟོག་དང་བྲལ་ཏེ་མཉམ་པའི་ངང། ཁམས་གསུམ་གནས་པའི་འགྲོ་བ་ཀུན། རྒྱལ་ཆེན་ལྷ་དང་ཕྱོགས་སྐྱོང་རྣམས། མི་ཡི་དམ་པ་ཁོམ་ལྡན་ཀུན། ཆོས་སྐུའི་གཟུགས་བརྙན་ཇི་ལྟར་ལྟ།། བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ། ། བདེ་བར་གཤེགས་པས་བཤད་དུ་གསོལ།། སྟོན་པ་ཆེན་པོས་ལུང་འདི་སྟོན།། ཞེས་ཞུས་པ་དང། དེ་ནས་སྟོན་པས་བཀའ་སྩལ་པ།། འདི་ནི་ཐུགས་ཡང་དག་པའི་ཡང་དག་པ། མཆོད་རྟེན་ཐམས་ཅད་མངོན་པར་མཐོང་བར་རྟོགས་པར་བྱེད་པའི་སྙིང་པོ་འདི་གསུངས་སོ། ཨོཾ་དན་དྷརྨ། ཨ་ཤོ་ཀ་བི་མ་ལེ་ཛ་ཡཱ། དྷརྨཱ་དྷཱ་ཏུ་གར་བྷེ་སྭཱ་ཧཱ། ཨི་དན་ཏེ་པུས་པ། ཨ་ལོ་ཀེ་གྷན་དྷེ་སརྦ་བིག་ནན། མ་ཧ་ཡ་ཤ་ཛྙཱ་ན། ཨེ་ཧ་ཧི་མ་ཧཱཎི་ཀ་ཧོ་ས་ཀཱ་རུ་རྦ་བིག་ཛཱ།། སརྦ་བི་གར་པ་ཏི་སྟ་བཛྲ་ཡ་ས་ན་སྭཱ་ཧཱ། ཞེས་གསུངས་པས། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་རྣམས་སུ། ཆོས་ཀྱི་སྐུའི་གཟུགས་བརྙན་གྱིས་གང་བར་གསལ་བར་གྱུར་ཏོ། ། དེ་ནས་རྒྱལ་པོ་བཞི་དང་ཕྱོགས་སྐྱོང་བཅུ། ལྷ་དང་ཀླུ་ལ་སོགས་པ་ཀུན་འཇིགས། སྐྲག། བརྒྱལ། བྲེག་པར་གྱུར་ཏོ།། རྒྱལ་པོ་མིག་མི་བཟང་གི་མིག་གཡས་པ་བལྟས་པས། འཇིག་རྟེན་གྱི་ཁམས་འདི་ཐམས་ཅད་འཇིག་པ་ལྟར་མཐོང།། མིག་གཡོན་པས་བལྟས་པས།། སེམས་ཅན་ཐམས་ཅད་འཇིར་པར་མཐོང།། རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་ཀྱི་མིག་གཉིས་བལྟས་པས།། འཇིག་རྟེན་གྱི་ཁམས་སུ་མི་ནད་དང་ཕྱུགས་ནད་མང་པོ་འཕེལ་བ་དང། ། སེམས་ཅན་མ་དད་པ་དང་མཆོད་རྟེན་ལ་མ་གུས་པ་རྣམས་ནི་ཤིན་ཏུ་སྡུག་བསྔལ།། དད་ཅིང་གུས་པ་རྣམས་ནི་དུས་དེ་ཉིད་དུ་མངོན་པར་རྫོགས་པར་སངས་རྒྱས་པར་གྱུར་ཏོ། ། དེ་ལྟར་ལྷའི་དབང་པོ་བརྒྱ་བྱིན་གྱིས་གཟིགས་ནས།། ཡང་བཅོམ་ལྡན་འདས་ལ།། བཅོམ་ལྡན་འདས་ཞེས་བོས་ནས་ཞུས་པས།། ཐུགས་རྗེ་ཆེན་པོ་ཇི་ལྟར་ན།། མཆོད་རྟེན་ལུང་ཙམ་ཇི་ལྟ་བུ། ། སེམས་ཅན་ཉོན་མོངས་ཇི་ལྟ་བུ།། སེམས་ཅན་ཉོན་མོངས་གང་ལས་བྱུང།། རྒྱལ་པོ་བདེ་བར་གང་གིས་བྱས།། སྟོན་པ་ཆེན་པོས་བསྟན་དུ་གསོལ།། ཞེས་ཞུས་པ་དང།། ཡང་བཀའ་སྩལ་པ།། སྙིང་པོ་བརྗོད་པས་ཆོས་སྐུ་ཡི། ། གཟུགས་བརྙན་མཆོད་རྟེན་གསལ་བར་འགྱུར།། སེམས་ཅན་སྐལ་ལྡན་བདེ་བ་ཐོབ།། ཐུགས་རྗེ་ཡོངས་ལ་སྙམ་སྙོམས་བསྐྱེད།། རང་འབྱུང་མཆོད་རྟེན་སྤྲུལ་པའི་གདུང།། ཐམས་ཅད་མཆོད་རྟེན་དག་ཏུ་བསྟན། ། དད་པས་སངས་རྒྱས་ཉིད་དུ་འགྱུར།། མ་དད་པ་ཡིས་སྡུག་བསྔལ་མྱོང།། སྡུག་བསྔལ་ཆེན་པོ་ཉེས་པ་དེ།། ལས་ཀྱི་མཆོད་རྟེན་སྤངས་པ་དང།། རྟོག་པས་སྒྲིབ་པ་དེ་ལས་བྱུང།། རྒྱལ་པོ་རྣམས་ཀྱིས་དེ་མ་རྟོགས། ། ཞེས་གསུངས་པ་དང།། སེམས་ཅན་ཐམས་ཅད་ལས་གྱུར།། རྒྱལ་པོས་བདག་གཞན་སྡུག་བསྔལ་སྙེད།། སྟོན་པས་མཆོད་རྟེན་བྱིན་རློབས་གསུངས།། སྡུག་བསྔལ་འདི་ལས་སྐྱབ་ཏུ་གསོལ། ། ཞེས་ཞུས་པ་དང། དེ་ནས་ཡང་འོག་ཏུ་ཡང་ཕྱག་བཙལ་ཏེ་གུས་པས། ཀྱེ་མ་བཅོམ་ལྡན་བཤད་དུ་གསོལ།། བསྟན་དུ་གསོལ། སྟོན་པས་ཡང་བཀའ་སྩལ་པ། རྒྱལ་པོ་གཉིས་མིག་ལྟས་པས་འཇིག་པ་དང། ལ་ལས་ནི་ལྟས་པས་མི་ནད་ཕྱུགས་ནད་སེལ། ཉོན་མོངས་པ་འདི་རྣམས་ལ་ང་ཡིས་ཕན་པར་བྱ་ཡིས། མིག་ལྟོས། རྣ་བ་ལྷོགས་ལ། སེམས་མ་ཡེངས་པར་གུས་པས་ཉོན་ཅིག། བཀའ་སྩལ་པ། རྒྱལ་པོ་ཆེན་པོ་ཁྱེད་ཅག་དང། ཕྱོགས་སྐྱོང་བ་བཅུ་དང། ལྷ་དང་ཀླུ་ལ་སོགས་པ་ཀུན། སྔོན་ཡང་དགེ་བཤེས་འགའ་སྤྱད་པས་དེར་གྲུབ་པ་སྟེ། ཆོས་ཀྱི་སྐུའི་གཟུགས་བརྙན་མ་མཐོང་བ་དང། མ་གུས་པ་དང། མ་དད་པ་ལས་བྱུང་བའོ། ། ཞེས་གསུངས་པ་དང། དེའི་མོད་ལ་བཅོམ་ལྡན་འདས་ཀྱིས་གདུང་ཤ་རི་རམ་ཅིག། རིང་བསྲེལ་མཆོད་རྟེན་དུ་བྱིན་གྱིས་བརླབས་ནས། མིག་མི་བཟང་གི་སྨིན་ཕྲག་ཏུ་བཞག་པས། མིག་མི་བཟང་གི་མིག་ནད་སེལ་ཏེ། བདེ་བ་དང་ལྡན་པར་གྱུར་ཏོ།། གཅིག་རིང་བསྲེལ་མཆོད་རྟེན་དུ་བྱིན་གྱིས་བརླབས་ནས། རྒྱལ་པོ་རྣམ་ཐོས་སྲས་ཀྱི་ཕྱག་ཏུ་བཞག་པ་དང། ལོ་ཀའི་ཁམས་ཀྱི་མི་ནད་ཕྱུགས་ནད་ཀུན་ཆད་ནས། བདེ་བ་དང་ལྡན་པར་གྱུར་ཏོ། ། དེ་ལྟར་གྱུར་པས་འདོད་ཁམས་ཀྱི་ལྷ་དང། མི་དང། ལྷ་མ་ཡིན་དང། ཀླུ་དང། གནོད་སྦྱིན་དང། ཕྱོགས་སྐྱོང་བ་རྣམས་ཀྱིས་མངོན་སུམ་དུ་ཕྱག་བཙལ། བསྐོར་བ་བྱས་ཏེ་བདེ་བ་ཐོབ་པར་བྱས་སོ། ། དེ་ནས་མི་ཡུལ་དུ་བཞེངས་སུ་གསོལ་བ་ནི། རྒྱལ་པོ་ཆེན་པོ་དྷརྨ་ཨག་ཤོ་ཀ་བྱ་བ་དེ་ཕོ་བྲང་གདབ་པར་གནད་སྟེ། རྒྱལ་པོ་དེ་ལ་སྲས་གསུམ་མངའ་བ་ལས། འབངས་མང་པོ་མངའ་པ་ལས། ལན་ཅིག་ན་སྲས་ཀུན་དང་འབངས་མང་པོ་བསོགས་ནས་བཀའ་སྩལ་པ། ཁྱེད་རྣམས་ཀྱིས་ངའི་ཐུགས་དང་འཐད་པའི་ཕོ་བྲང་ཅིག་རྩིགས་ཤིག་གསུངས་ནས། ཐུགས་དང་གར་འཐད་ཅེས་གླེངས་པས། རྒྱལ་པོས་གསུངས་པ། རི་གསུམ་གྱི་རྩེ། ལུང་གསུང་གྱི་རྩེ། ལུང་གསུམ་གྱི་མདོ་གླེའུ་ཅན་དང། དེ་གསུམ་དུ་རྩིགས་ཤིག་ཟེར་ཏེ། རི་གསུམ་གྱི་རྩེར་བརྩིགས་པས་བདུད་ཀྱི་བྱར་སར་བབས། ལུང་གསུམ་གྱི་མདོ་ནི་བགེགས་ཀྱི་རྒྱུན་རང་སར་བབས། གླེའུ་གསུམ་ནི་སྲིན་པོའི་སྐུར་ས་བཅར་ཏེ། རྒྱལ་པོ་ཉིད་ཀྱང་སྙུང་གིས་ཟིན། མི་ནད་ཕྱུགས་ནད་ཡང་འཕེལ་ཏེ། རབ་ཏུ་སྡུག་བསྔལ། ཉོན་མོངས། དུཿཁ་པར་གྱུར་པ་ལ། དེར་རྒྱལ་པོ་འགྱོད་པ་སྐྱེས་ནས། རྒྱལ་པོ་ཉིད་ཀྱི་ལ་ན་རེ། ང་ཡི་ཕོ་བྲང་གདབ་ཉེས་སམ། འཆི་བདག་བདུད་ཀྱིས་ཆེར་ཟིན་ཏེ། འཇིག་རྟེན་ཁམས་ཡང་ཉོན་མོངས་ཉེན། སྲས་འབྲངས་མང་པོ་འདིར་འདུས་དང། ཞེས་གསུངས་ནས། མཆི་མ་ཡང་ཟགས་པ་ལས། དེར་སྲས་འབངས་ཀྱིས་ཞུས་པ། བཀའ་སྩལ་དང་ཞེས་ཞུས་པ་དང། རྒྱལ་པོས་བཀའ་སྩལ་པ། དམ་ཆོས་ཡང་དག་བདེན་པ་ལ། ཆོས་སྐུའི་གཟུགས་བརྙན་གསོགས་མེད་ན། སྤྲུལ་པའི་མཆོད་རྟེན་དོན་བྱེད་ན། ང་ལ་ཐུགས་རྗེས་གཟིགས་སུ་གསོལ། ཞེས་ཞུས་པ་དང།། སྲོད་ལ་ཞལ་ཆེས་བོར་བའི་ཐོ་རངས་མནལ་མའི་རྨི་ལམ་ན། གསུང་རབ་ཀྱི་ནང་ནས་ཁྱད་དུ་ཤེལ་གྱི་གླེགས་ཤིང་ལ་མཐིང་ཤོག་གསེར་གྱི་ཡི་གེ་བྲིས་པ། བཻ་ཌཱུ་རྱའི་ཞུན་མས་རང་ཆས་སུ་གསལ་བ་ཅིག་སྔས་སུ་བབས་ཤིང་རྨི་བ་དང། སྙུན་ཡང་དྭངས་པ་སྙམ་བྱེད་པ་ལས་ལས། མནལ་སད་ནས་བལྟས་པས་དེ་བཞིན་དུ་འདུག་ནས་ཕྱག་ཏུ་བཞེངས་ནས་ལྟས་པས། མཆོད་རྟེན་ཆོས་ཀྱི་སྐུའི་གཟུགས་བརྙན། ཏིང་ངེ་འཛིན་གྱི་གཟུགས་བཱཿན་དུ་བཞེངས་སུ་གསོལ་བའི་རྒྱུད། སྐུ་མངོན་པར་བསྟན་པའ་རྒྱུད་འདི་བཞུགས་པར་གྱུར་ཏོ།། དེ་ནས་རྒྱལ་པོས་བཀའ་སྩལ་པ། སྲས་དང་འབངས་རྣམས་བསོགས་ནས། ང་མྱ་ངན་ལས་འདས་པའི་དོན་རྟོགས་པར་གྱུར་ཏོ།། ངའི་རྒྱལ་སྲིད་ཀྱང་ཁྱེད་ཅག་ཟུང་ཞིག་ངའི་ཐུགས་ཡང་དག་པའི་མཆོད་རྟེན་སྐུ་གདུང་མཆོད་རྟེན་བརྒྱ་ཐམ་པ་ཡང་ཕྱོགས་བཅུར་བཞེངས་སུ་གསོལ་ཅིག་ཅེས་གསུངས་པ་དང། སྲས་འབངས་ཀྱང་དགའ་བས་རབ་ཏུ་དད་པར་གྱུར་ནས་རྗེས་སུ་ཡི་རང་ངོ།། ཞེས་བྱས་པའོ། དེ་ནས་སྤྲུལ་པའི་མཆོད་རྟེན་དེ་ཉིད་ནི། སྤྲུལ་པའི་ཤཱཀྱ་ཐུབ་པར་གྱུར་ཏེ་བཀའ་སྩལ་པ། སྤྲུལ་པའི་མཆོད་རྟེན་བདག་ཉིད་ཀྱིས། རྒྱལ་པོའི་གྲོས་འཁྲུལ་སྡུག་བསྔལ་བསལ། རི་གསུམ་རྩེར་བརྩིགས་བདུད་ཀྱི་བྱ་ར་ཞི།། ལུང་གསུམ་མདོར་བརྩིགས་བགེགས་ཀྱི་རྒྱུ་སྲང་གཅོད། ། སྡེའུ་ཅན་གསུམ་སྲིན་པོའི་ལྐུགས་ས་གཤིག་གྲོང་ཁྱེར་ཕྱོགས་བཞིར་སྐུ་གདུང་བཞེངས་གསོལ་པས།། གྲོང་ཁྱེར་བཀྲ་ཤིས་ནད་རྣམས་ཀྱིས་མི་ཚུགས།། རྒྱལ་སྲས་ཐ་ཆུང་གྲོངས་པ་ཡང། ། སྤུར་སྦྱོངས་ཐལ་རུས་ཚ་ཚྭ་བཏབ་པ་ཡིས།། མཆོད་རྟེན་བརྒྱ་དང་རྩ་བརྒྱད་བཞེངས་པ་ཡིན།། ད་ལྟ་སུམ་ཅུ་རྩ་གསུམ་ལྷ་རྣམས་སྟོན་པ་མཛད།། དེ་ཡང་སྤྲུལ་པའི་མཆོད་རྟེན་བྱིན་རླབས་ཡིན། ། དོན་དེ་རིགས་པའི་སྔགས་འཆང་གིས།། སྐུ་གདུང་མཆོད་རྟེན་བཞེངས་ཞལ་གསོ།། གཟུགས་བརྙན་མཆོད་རྟེན་ཤེས་རབ་སྐུ།། བདུད་ཀྱི་སྡེ་དང་གཤིན་རྗེའི་འཁོར།། སྲིན་པོའི་འཁོར་དང་ལྷ་མ་ཡིན། ། གནོད་སྦྱིན་མ་རུངས་གནོད་བྱེད་དང།། གཟི་བྱིན་སྟོབས་ཆེན་མི་ཟད་པ།། གནོད་བྱེད་མང་པོའི་ལམ་སྲང་གཅོད།། གཟུགས་བརྙན་མཆོད་རྟེན་དག་གིས་བྱེད།། ཅེས་འབྱུང་ངོ།། རང་འབྱུང་གི་མཆོད་རྟེན་བསམ་ཡས་དང། ། རང་བཞིན་གྱི་མཆོད་རྟེན་བསམ་ཡས་དང།། བྱང་ཆུབ་སེམས་པའི་མཆོད་རྟེན་བསམ་ཡས་དང།། སྤྲུལ་པའི་མཆོད་རྟེན་བསམ་ཡས་པ་དེ་སྙེད་ཇི་སྙེད་ཅིག། དེ་ལས་འབྱུང་བར་འགྱུར་བར་ཀུན་གྱིས་དུས་གཅིག་ཏུ་མཁྱེན་པར་གྱུར་ཏོ། ། ཆོས་ཀྱི་གཟུགས་བརྙན་སྐུ་མངོན་པར་བསྟན་པའི་རྒྱུད་ལས། བྱུང་ཁུངས་ཀྱི་གླེང་གཞི་དང། གླེང་གཞིའི་རྒྱུ་བསྟན་པའི་ལེའུ་སྟེ་བདུན་པའོ།།།། དེ་ནས་རིགས་ལྔའི་སངས་རྒྱསའདུས་ནས། སངས་རྒྱས་ཐམས་ཅད་ཀྱི་བདག་ཉིད་སྟོན་པ་རྣམ་པར་སྣང་མཛད་ལ་ཞུས་པ། བཅོམ་ལྡན་འདས་རྣམ་པར་སྣང་མཛད་བསྟན་དུ་གསོལ། ཞེས་བྱ་བ་དེ་ཐོས་མ་ཐག་ཏུ་མ་འོངས་པ་རྣམས་ལ་ཕན་གདགས་པའི་ཕྱིར་དཀྱིལ་འཁོར་འབྱུང་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་འདི་གསུངས་སོ། ། ཆོས་ཉིད་སྐུ་ཡི་གཟུགས་བརྙན་ནི།། སེམས་ཅན་རྣམས་ཀྱིས་བསྒྲུབ་པའི་ཕྱིར།། མཆོད་རྟེན་དཀྱིལ་འཁོར་བསྒྲུབས་ལས་འབྲེལ། ། ཐབས་ཀྱི་བྲེ་བྲག་བསྟན་པ་ལ།། ས་གསང་མཐོན་དམན་མེད་པ་ལ།། སྒང་དང་རྒྱང་གཞུངས་ལེགས་པ་དང།། དགོངས་པའི་བྱེ་བྲག་ཡིན་ན་གང།། དེ་རུ་ས་ལ་མཚམས་གཅོད་བྱ། ། ཉུངས་ཀར་དང་ནི་དྲག་རྫས་ཏེ།། དེ་ལ་ཁྲོ་རྒྱལ་སྔགས་ཀྱིས་བཟླ།། ལས་མཁན་གཙོ་བོར་བསྐྱེད་བྱས་ནས།། དྲག་ཏུ་སྔགས་བཟླ་མཚམས་གཅོད་བྱ།། གཡོག་པོའི་ཐིག་སྐུད་སྣ་ནས་དྲང།། ལས་ཀྱི་ལྷ་རུ་བསམ་པས་བསྐྱེད། ། ཨོཾ་བཛྲ་སུ་ཏྲ་ཧཱུཾ་ཕཊ།། ཅེས་བརྗོད་པས།། ཐིག་སྐུད་རྡོ་རྗེར་བསམས་ལ།། མཆོད་རྟེན་གྱི་ས་ཁྱོན་ཇི་ཙམ་རན་པར་དེས་གདབ་པའོ།། དེ་ནས་གཉིས་ཀ་ལངས་བྱས་ནས།། དབང་ལྡན་ཕྱོགས་སུ་རྡོ་རྗེ་འགྲོས། ། རྣམ་འཇོམས་བཟློས་ཤིང་ལན་གསུམ་བསྐོར།། དེ་ནས་དབུས་དང་གྲཝ་རྣམས་སུ།། བགེགས་རྣམས་མེད་ཅིང་བསྟན་པའི་ཕྱིར།། གྲཝ་བཞི་དབུས་དང་ལྔ་རྣམས་སུ།། དེ་རུ་སྔགས་པའི་ཕུར་པ་གདབ། ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་ཥྟན་ཧཱུཾ་ཕཊ།། དེ་ལན་བདུན་དངོས་གྲུབ་ཏུ་བཟླས་སོ།། དེ་ནས་ལས་རྣམས་ངེས་བྱའི་ཕྱིར།། ཉུངས་ཀར་ཁྲོ་རྒྱལ་སྒོམ་བྱས་ལ།། སྔགས་ཀྱིས་དྲག་ཏུ་བསྐུལ་བར་བྱ།། ཨོཾ་ཨ་མྲི་ཏ་ཀུནྜ་ལི་ཧ་ན་ཧ་ན་ཧཱུཾ་ཕཊ། ། ཅེས་བརྗོད་ལ་དེའི་ཐོ་ཕྱི་ཀུན་ཏུ་གཏོར།། དེ་ནས་དངོས་གྲུབ་ཐོབ་བྱའི་ཕྱིར།། ས་ཡི་ཆོ་ག་རྒྱལ་པར་བྱ།། མཆོད་རྟེན་ལྔ་དང་གཏོར་མ་རྣམས།། ས་བདག་ལྷ་ཀླུ་ཀུན་ལ་འབུལ།། འཚེ་བ་མེད་ན་དངོས་གྲུབ་མྱུར། ། དེ་ནས་ས་བརྐོ་ལེགས་པར་སྦྱང།། ཨོཾ་བཛྲ་ཁ་ན་ཁ་ན་ཧཱུཾ་ཕཊ།། ཅེས་བརྗོད་པས་ས་གཞི་དེ་ཉིད་རིན་པོ་ཆེར་གྱུར་པར་བྱའོ།། དེ་ནས་མཆོད་རྟེན་མངོན་བཞེངས་ནས།། ཚད་རྣམས་གཞུང་བཞིན་ལེགས་པར་བརྩིགས། ། དེ་ཡང་དཀྱིལ་འཁོར་ཉིད་དུ་བཤད།། རང་བཞིན་ལྷུན་གྲུབ་མཆོད་རྟེན་དེ།། ཏིང་ངེ་འཛིན་གྱིས་དྲངས་བཞུགས་ན།། རྟག་ཆད་གཉིས་ཀྱི་དབང་དུ་འགྱུར།། བྲིས་ནས་ཞལ་གསོ་དངོས་པ་གསུམ་དུ་གཞལ། ། སྣམ་བུ་ངོས་སུ་ཆ་གཅིག་གཞག། དེ་ལས་ཚད་རྗེས་གཅིག་ཏུ་བྱ།། ངོས་གསུམ་པོ་ཡང་དེ་བཞིན་བྱ།། ཚད་བཞི་རྗེས་བཞི་ངོས་བཞི་དང།། ཟུར་ལ་ཞུགས་ཀྱི་ཚད་རེའོ།། བྱ་ཚད་རྗེས་ཀྱང་དེ་ལ་བྱ། ། གྲུ་བཞི་ལྷམ་པར་བྱས་པ་དང།། ད་ཅིའི་ཟུར་གཅིག་དབྱི་བར་བྱ།། ཕྱི་མ་ཐིག་བཅུ་རིམ་པར་གདབ།། གཉིས་ཀ་བཏབ་པས་རེ་མིག་རྒྱ།། མཆོད་རྟེན་ཁོལ་མ་རྒྱ་ཞིག་དགོད།། ངོས་ཀྱི་འབུར་དུ་གཉིས་གཉིས་བརྒྱད། བོད་སྐད་དུ།། དཔལ་གསང་བའི་སྙིང་པོའི་ཕྱི་ཏ།། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ།། སྐུ་གསུང་ཐུགས་རྡོ་རྗེ་ཡུམ་གྱི་བྷ་ག་ལ།། རང་བཞིན་ལྷུན་གྱིས་གྲུབ་པའི་འཁོར་ཐུགས་ལ་གནས་པ་རྣམས་དང། ། བཙུན་མོ་རྣམས་ཀྱི་བྷ་ག་ཉིད་ལ་ཞུགས་པ་གྱུར་ཏོ།། དེ་ནས་དེ་ཉིད་སྔགས་ཀྱི་བདག་པོར་མཛད་ནས།། རང་བཞིན་གྱི་ཆོས་འདི་དག་བཀའ་སྩལ་བ། སྒྱུའཁྲུལ་ལ་ནི་མཉམ་གཞག་དུས།། སྙིང་ཁར་སྤྱི་ཁྱབ་ཨ་བསམ་ལ།། དེ་ཉིད་ཟླ་བའི་འཁོར་ལོ་ཡིན།། ཧཱུ~ཾ་དབུས་རང་བཞིན་བོད་གནས་ས།། འདོད་ཆགས་ཞེ་སྡང་གཏི་མུག་གསུམ། ། ཟླ་བ་ཐེག་ལེའི་ཧ་ཡིག་གོ། སྨ་རྡོ་རྗེ་འཁོར་ལོ་ཡི།། ཧཱུ~ཾ་གསུམ་གསང་བ་རྣམས་སུའོ།། གཉིས་ནོད་བྱང་ཆུབ་ཀུན་ཁྱབ་པ།། ལསུ་ཉིད་སྟོང་པར་རྣམ་བརྟགས་ལ། ། རྒྱུ་ཡི་ས་བོན་མྀ་དམིགས་པར།། བྱིན་རླབས་འདུས་པ་ཤྱ་ནྱ་ཏ།། མཚོན་པས་ཆོས་ཀྱི་དབྱིངས་སུ་གྲགས།། མཐར་ཕྱིན་གྲུབ་ནས་ཕྱག་རྒྱ་རྫོགས།། ལུས་ངག་ཡིད་གསུམ་ཧཱུ~ཾ་གི་རྒྱ། ། དེ་ཉིད་རྡོ་རྗེ་སེམས་དཔའ་ཡིན་དཔལ་གསང་བ་སྙིང་པོའི་མ་ཏ་ལས།། སྐུ་གཅིག་ལས་ཐམས་ཅད་དུ་སྒྲུབ་པའི་ཐབས་སྐབས་དང་པོའོ།། དེ་ནས་བྲོ་གར་གྱི་ཏིང་ངེ་འཛིན་ལ་སྙཽམས་པར་ཞུགས་ནས། ། སྐུ་གསུང་ཐུགས་ཀྱི་བདག་ཉིད་ལ་བཀའ་སྩལ་པ།། དཔལ་ཆེན་གླུ་དང་གར་བྱས་པས།། ཐམས་ཅད་ཀུན་གྱི་བདག་པོར་འགྲུབ།། ཀོ་རི་ལ་སོགས་བྲོ་གར་གྱིས། ། འདུ་དང་འཕེལ་བ་རབ་ཏུ་སྟེར།། པུ་ཀ་ལ་སོགས་བྲོ་དང་གར།། རང་ལྷན་གཞན་རྣམས་རྨགས་པ་འགྲུབ།། སི་དྷ་ལ་སོགས་བྲོ་དང་གར།། ཟ་ཞིང་རྡུལ་ཆ་མེད་པས་འགྲུབ། ། ཀྲི་རྟ་ལ་སོགས་བྲོ་གར་གྱིས།། འབྱིན་ཞིང་ཉམས་པ་རབ་ཏུ་འགྲུབ།། རྟ་གདོང་ལ་སོགས་བྲོ་གར་གྱིས། འགུགས་དང་འཆིངས་དང་སྡོམ་པ་དང།། ངེས་པ་བྱེད་པའི་སྒྲ་འབྱིན་འགྲུབ། སླས་དང་བྱི་མོའི་ཚོགས། ། རྦད་ཅིང་ལས་རྣམས་མཐར་ཕྱིན་འགྲུབ།། ཐུགས་ཀྱི་དཀྱིལ་འཁོར་འབྲས་བུའི་རྒྱ།། མངོན་པར་བྱང་ཆུབ་རྣམ་ལྔས་བསྐྱེད།། ཤེས་འཇུག་ཡུལ་སར་མཐར་ཕྱིན་པ།། འབྲས་བུ་མངོན་དུ་འགྱུར་པའོ། ། རྒྱུ་དང་ཡི་གེ་རྣམས་དང་ནི།། དམ་ཚིག་ཡེ་ཤེས་གཉིས་མེད་པ་འབྲས་བུ་ཡུལ་གྱི་སད་དཀྱིལ་དུ། གཞལ་ཡས་བསྙེན་པ་རྣམ་བཞི་བསྟེན། འཁོར་ལོ་རྩིབས་བཞི་སེར་པོ་ལ།། གྲུ་ཆད་སྒོ་ཁྱུད་གྲུ་བཞི་པ།། བར་ཁྱམས་གཉིས་ལྡན་ཐོད་པ་སྤྲུལ། ། ཉི་མ་འཕྲེང་བས་རབ་ཏུ་བརྗིད།། ཁྱུ་མཆོག་མ་ཧེ་གཟིག་དང་སྟག།། དོམ་པ་ལ་སོགས་གདན་རྣམས་ལ།། ལྷ་ཆེན་ལ་སོགས་ནརི་བསྣོལ་སྟེང།། སྨུག་ནག་སྔོན་ནག་སེར་ནག་དང། ། དམར་ནག་ལྗག་ནག་འཇིགས་པའི་སྐུ།། དབུ་གསུམ་ཕྱག་དྲུག་ཞབས་བཞིར་བགྲད།། ཀོ་བློན་རྔན་པའི་སྒྲ་ཆེན་དང།། ཐོད་སྦྲུལ་དུང་དང་དགྲ་སྟག་ཤོལ།། རྡོ་རྗེ་རལ་གྲི་པད་མ་འབར།། འཇིགས་པའི་བཙུན་མོ་རྣམས་ཀྱང་འཁྲིལ། ། ཧ་ཧོ་ཛ་ཧཱུ~ཾ་བཾ་ཧོ་དང།། བྷྱོ་ནི་བཅུ་གཉིས་བརྒྱད་དང་ལྡན།། དཀྱིལ་འཁོར་ཡབ་ཡུམ་ཁ་ནས་བསླབ།། བྱང་ཆུབ་སེམས་ཀྱི་འབྱུང་ཁུང་ཡིན།། དཔལ་གསང་བ་སྙིང་པོའི་མ་ཏ་ལས། ། དཀྱིལ་འཁོར་གདོན་པའི་ལེའུ་སྟེ་གཉིས་པའོ།། དེ་ནས་ཡང་མ་ལུས་སྒྲོལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་བཀའ་སྩ་ལ་པ།། སེམས་ཅན་མ་ལུས་ཀུན་སྒྲོལ་མ། ། སེམས་ནི་སྐྱེ་བ་མེད་པ་ཡིས།། ཡུམ་རྣམས་ཀུན་དང་སྦྱོར་བྱེད་པ།། ཡེ་ནས་སྐྱེ་མེད་སེམས་ཀྱིས་སྦྱར།། མ་སྐྱེད་པ་ཡི་དབྱིངས་ཉིད་ལས།། སེམས་ཅན་ཀུན་གྱི་དོན་རྣམས་གནས།། རྟེན་པ་ཙམ་དུ་གནས་པ་སྟེ། ། སེམས་ཅན་བྱ་བ་མིང་ཡང་མེད།། རྡུལ་ཙམ་ཡང་ནི་བསྒྲལ་བ་མེད།། ཨོཾལས་བུདྡྷ་ཧེ་རུ་ཀ།། སྟོང་ཉིད་ཡེ་ཤེས་ལས་བྱུང་སྟེ།། རྣ་རུ་ཀུན་རྟོག་ཡེ་ཤེས་སོ། པད་མ་རིགས་སུ་ཤེས་པར་བྱ།།། ཟླ་ཚེས་མཉམ་ཉིད་ཡེ་ཤེས་ནི། ། རིན་ཆེན་རིགས་སུ་ཤེས་པར་བྱ།། ཀླད་གོར་ནན་ཏན་ཡེ་ཤེས་ཏེ།། ལས་ཀྱི་རིགས་སུ་མཁས་པས་བྱ།། འོ་ན་སྟོང་ཉིད་མེ་ལོང་ཡེ་ཤེས་ཏེ།། རྡོ་རྗེ་རིགས་སུ་རྣམ་པར་གྲགས།། ཨོཾ་ནི་བུདྷ་ཧེ་རུ་ཀ་ཡི་སྐུ། ། ཐམས་ཅད་ལྷ་ཡི་དཀྱིལ་འཁོར་རོ།། ཨོཾ་ལས་སོགས་པ་རླུང་ཞོན་ནས།། ཕྱོགས་བཅུར་འཕྲོས་པ་རབ་ཟིན་པ།། ཡབ་ཡུམ་ཁ་ནས་བཟླས་པ་བྱ།། དེ་ལྟར་རང་དོན་གྲུབ་ནས་ནི།། གཞན་དོན་ཕྱག་རྒྱ་ཆེན་པོ་བསམ། ། ལུས་ངག་ཡིད་གསུམ་རང་བཞིན་ཧཱུཾ།། དེ་ལས་འོད་འཕྲོས་སླར་འདུས་པ།། རྡོ་རྗེ་སེམས་དཔའ་ཁོ་ནའི་སྐུ།། སེམས་ཀྱི་རང་བཞིན་ཐིག་ལེ་ནི།། འོད་ཀྱི་དཀྱིལ་འཁོར་ལྟ་བུའོ།། ཡེ་ཤེས་སེམས་དཔའ་དེ་བཞིན་གཤེགས། ། བརྟན་པར་བྱ་ཕྱིར་ཙེ་གཅིག་པ།། ཕྱི་དང་ནང་དང་གསང་པ་གསུམ།། ཕྱག་རྒྱ་བཅིང་ཞིང་སྙིང་ཁར་བསམ།། དྲི་ཤྱ་ཧོ་སུ་ར་ཏ་སྟྭཾ།། མོ་ཧ་ར་ཏི་ཛཱ།། དགེས་པའི་ལྷ་མོ་དེ་ལས་བྱུང།། སྙིང་ཁར་ཆོས་ཀྱི་འཁོར་ལོ་ལ། ། བདེ་བར་གཤེགས་དང་དགེས་པ་མཛད།། དཀར་དམར་ལུས་ལས་ཁྱབ་པའི་དོན།། ཡེ་ཤེས་ཕེབས་ནས་བྱིན་གྱི་བརློབ།། དགེས་པའི་ལྷ་མོ་བདེ་གཤེགས་ལ།། ཞབས་བསྐྱེད་དྷར་འདུས་ཧོ་ཟླ་ཚེས། ། དེ་ཉིད་ཆོས་ཀྱི་དབྱིངས་སུ་དགེས།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན་དཔལ་གསང་བ་སྙིང་པོའི་མ་ཏ་ལས།། ཐིག་ལེ་འབྱུང་བའི་ལེའུ་སྟེ་གསུམ་པའོ།། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་འདི་དག་བཀའ་སྩལ་པ། ། ཡེ་ཤེས་འབྱུང་བའི་རླུང་རྣམས་ནི།། རྫོགས་པའི་ཚིལ་དུ་ཡང་དག་རྫཽགས།། དགེས་པའི་པ་ཧཱུ~ཾ་ལྟེ་བར་གནས།། ལྕགས་ཀྱུ་མ་ནི་ཕྱོགས་བཅུར་འཕྲོས།། རང་བཞིན་གནས་ནས་བཀུག་པ་ཡི། ། རྣམ་བཞིའི་འཁོར་ལོ་ལས་བྱུང་བ།། རྡོ་རྗེ་ནས་བྱུང་པར་དཀྱིལ་དུ།། དཀར་དམར་གཅིག་ཏུ་འདྲེས་པ་དེ།། རྡོ་རྗེ་ཡར་དྲངས་གཅིག་ཏུ་ཞུ།། གོང་བུ་འོད་ཀྱི་རང་བཞིན་དེ།། ཡབ་ཡུམ་ཐད་ཀར་འཇའ་ཚོན་ཨ། ། གསལ་བའི་ཡེ་ཤེས་ཉིད་ཀྱི་དབྱིངས།། འཁོར་བའི་རྒྱུན་ནི་རབ་ཏུ་གཅོད།། དེ་ལས་ཕྱིན་ནང་རླུང་གཉིས་ནི།། ཕྱིར་འགྲོ་བ་དང་ནང་དུ་འགྲོ།། ཀུན་བཟང་ལུགས་ལས་ཕྱིར་མི་གདོན།། ཐིག་ལེ་སྲན་མ་འབྲིང་ཙམ་ནི། །། ལྗགས་ཀྱི་དབུས་ན་གནས་པ་སྟེ།། དེ་ཚེ་ཨ་རུ་གསལ།། ཐིམ་པས་མཐའ་གཉིས་དབུས་མི་གནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན་དཔལ་གསང་བ་སྙིང་པོ་ལས།། རླུང་གི་མན་ངག་གི་ལེའུ་སྟེ་བཞི་པའོ། དེ་ནས་བཅོམ་ལྡན་འདས་རྫོགས་པ་དམ་པ་ཞེས་བྱ་བའི་ཏིང་ངེས་འཛིན་ལ་སྙོམས་པར་ཞུགས་ནས།། འཁོར་རྣམས་ལ་བཀའ་སྩལ་པ། རྫོགས་པ་དད་པ་རྣམ་ས་ལ་ནི་མཚན་མ་མེད་པའི་ཏིང་འཛིན་དང་རྟེན་བྱིན་གྱིས་བརླབས་པ་དང། ། བཟླས་དང་མཆོད་པ་དོན་གསལ་བ། ཁྱབ་པའི་སངས་རྒྱས་ཐབས་ཤེས་རབ།། དམིགས་པའི་དངོས་པོ་ཅི་ཞིག་བསྒོམ།། པད་ཅན་འོད་འདྲེས་ཀུན་ཏུ་འོད།། ཆོས་སྐུ་བདེ་ཆེན་ཞེས་བྱའོ།། སྐལ་མེད་རྣམས་ལ་ཤིན་ཏུ་གསང།། ལྷའམ་སྟོང་པའི་ཐིག་ལེ་ལ།། བློ་ཕབ་ཚོགས་ཆེན་ཡེ་ཤེས་ཉིད།། དང་བ་པད་མ་ཅན་དུ་འདྲེས།། ཆོས་ཀྱི་སྐུ་ནི་བདེ་བའི་རླུང།། ཀུན་ཏུ་འོད་ལས་རབ་འདས་པ། ། དེ་བཞིན་ཉིད་དབྱིངས་རྡོ་རྗེའི་སྐུ།། གསལ་བ་པད་མ་བྱང་ཆུབ་སྐུ།། བྱིན་རླབས་འབྱུང་བ་ལོངས་སྤྱོད་སྐུ།། རིམ་པ་སྤྲུལ་པའི་སྐུ་རུ་གྲགས།། བཟླས་དང་མཆོད་པ་འདུ་བ་རྣམས།། ཕྱག་རྒྱའི་སྐུ་ནི་བསྒོམས་ནས་ཀྱང། ། ཡུམ་གཉིས་གསལ་བས་སྤྲོ་བསྡུ་བྱ།། ཕཊ་ཀྱིས་སྒོ་ཕྱེ་བྷྲུཾ་དུ་གསལ།། ཨ་ནི་མཁའ་གསང་བྱང་ཆུབ་སེམས།། སོ་སོའི་ཙ་བ་རབ་བརྗོད་པས།། བྱང་ཆུབ་སེམས་ཀྱི་སྤྲིན་ལས་ནི།། ཡིག་འབྲུ་གཞལ་ཡས་ཁང་དང་བཅས། ། སྐལ་ལྡན་མི་ཡི་ཚོགས་རྣམས་ལ།། དུ་པུ་ཨཀ་རབ་ཏུ་བསམ།། ཞལ་ཟས་སྟེང་དུ་ཁྲག་འཐུང་ཚོགས།།། མ་ལུས་སྙིང་པོ་བསམ་ནས་ནི།། ཡབ་ཡུམ་ཞལ་ཟས་ཡིག་འབྲུ་ལ།། ཐིམ་པས་འོད་ཀྱི་ཞལ་ཟས་བསྲེགས། ། རྣམ་པར་དག་པའི་དབྱིངས་ཉིད་ལ།། རང་རིག་ཡེ་ཤེས་འོད་འབར་བས། ཁྲོ་བོའི་དཀྱིལ་འཁོར་བསམ་མི་ཁྱབ།། ཐབས་ལ་མཁས་པའི་རྣལ་འབྱོར་པས།། ཐམས་ཅད་ཁྲོ་བར་རབ་བསམ་ནས། ། ཁྲོ་བོའི་དཀྱིལ་འཁོར་མ་ལུས་ལ།། ཡེ་ཤེས་རོལ་པའི་མཆོད་པ་འབུལ།། གཉིས་སུ་མེད་པས་ཐམས་ཅད་དགེས།། ཨཱ་བེ་ཤ་དང་ཁཱ་ཁཱ་ཅི་འདྲ་བ་ནི་དབུལ་བར་བྱ།། མེ་ལྷ་ལ་ནི་རྫས་བདུན་བདུན། ། ཚོམ་བུས་བྱས་ཏེ་བསྟོད་པའོ།། ཧཱུ~ཾ་ལས་ཡི་གེ་འབྲུ་གསུམ་པོ།། འོད་ཟེར་བྲེང་མ་ཆད་པ་ཡིས།། རོ་ཡི་དངོས་པོ་བསྲེགས་ནས་ནི།། ཤེས་པ་དངོས་མེད་སྟོང་པ་ལས། ཡིག་འབྲུ་ཞུ་ནས་གསེར་ཟུན་ཚུལ།། རྡོ་རྗེ་ཡབ་ཡུམ་སྦྱོར་མཚམས་ནས། ། ལྕགས་ཀྱུའི་ཚོགས་ཀྱིས་ཐམས་ཅད་བཀུག། ར་ག་ཡ་མི་བརྡ་བསྣོལ་མར།། ཡེ་ཤེས་ཡང་དག་སྦྱོར་བའི་མཆོག།། ཕཊ་ཀྱི་མཆོད་པས་དགྱེས་འགྱུར་རོ།། དེ་ཉིད་བྱང་ཆུབ་སེམས་སུ་བྱ། ། འོད་ཟེར་ཕུང་པོ་སྲེགས་ནས་ནི། མ་དམིགས་པ་རུ་བསམ་པའོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན་དཔལ་གསང་བ་སྙིང་པོའི་མ་ཏ་ལས།། ཕུང་པོ་སྦྱོང་བའི་ལེའུ་སྟེ་ལྔ་པའོ།།།། དཔལ་གསང་བའི་སྙིང་པོའི་རྒྱུད་ཕྱི་མ་རྫོགས་སོ། །།། རྒྱ་གར་གྱི་མཁན་པོ་ཛ་ན་རྦ་དང།། ལོ་ཙཱ་བ་བེ་རོ་ཙ་ནས་བསྒྱུར་བའོ།།།། གསོད་པ་རྒྱལ་བར་འགྱུར་གྲགས།། དེས་ན་ནམ་མཁའ་ཆེན་པོའི་སྐུ། ། སྡིག་མེད་ཡོན་ཏན་ཀུན་ལྡན་པའི།། དེ་བཞིན་རྒྱུད་མཆོག་རྒྱལ་པོ་ཡི།། བདག་ཉིད་ཆེན་པོ་རྒྱུད་རྒྱལ་འདི།། སེམས་དང་མཆོད་པར་བྱེད་པ་དང་འདྲི་ཞིང་གང་ཞིག་འདྲིར་འཇུག་ལ།། དེ་བཞིན་གཤེགས་པའི་བདག་ཉིད་བཞིན་འཛིན་པས། དེ་དག་ལའང་རྟག་ཏུ་ཕྱག་འཚལ་ལོ།། གང་འདི་འཆང་བ་འང་བདག་ཉིད་ཆེན་པོར་འཛིན་པས།། དེ་ལའང་རྟག་ཏུ་ཕྱག་འཚལ་ལོ།། མོས་ཤིང་གུས་དང་ཤིན་ཏུ་འཛིན་པ་དང།། དད་དང་མི་གཏོང་ཁྱད་པར་ཕྱོགས་པ་ལའང། ། ཀུན་ཏུ་བཟང་པོ་ཉིད་དུ་འཛིན་པས་དེ་དག་ལའང་ཕྱག་འཚལ་ལོ།། ཅིས་ཀྱང་མི་གོས་རྒྱལ་བ་ཉིད་ལས་གཞན་དུ་མ་མཐོང་ཡང།། སངས་རྒྱས་པར་འཛིན་དེ་དག་ལའང་རྟ་ཏུ་བཞིན་ཕྱག་འཚལ་ལོ། ། དཔེ་འམ་ཚད་མས་དཔག་ཏུ་མེད་པའི་གསང་ཆེན་འདིར། དང་པོར་སེམས་བསྐྱེད་ཐ་མར་དེ་བཞིན་གནས་པ་དེ།། ཀུན་ཏུ་བཟང་པོ་ཉིད་དུ་བདག་ཉིད་དུ་ལྟ་བའི་ཕྱིར།། རྡོ་རྗེ་ཅན་རྟག་ཏུ་དེ་དག་ལའང་ཕྱག་འཚལ་ལོ། ། དེ་ནས་མགོན་མོ་སྒྲོན་མེད་ཀྱིས།། གསང་བ་ཆུད་མ་ཟོས་བྱའི་ཕྱིར།། རྡོ་རྗཻ་སེམས་དཔའ་རྡོ་རྗེའི་སྐུ།། ལག་ན་རྡོ་རྗེ་ཐོགས་པ་པོ།། གསང་བའི་འཛིན་པར་རབ་བསྔགས་ཕྱིར། ། གསང་བའི་མཆོག་རྒྱུད་འདི་ཉིད་ནི།། ཡང་ནས་ཡང་དུ་གཏད་པར་བྱའོ།། དེ་བཞིན་ད་ལྟར་གཏོད་འཛིན་པ།། དེ་བཞིན་དུ་ནི་གཏད་བྱས་སོ།། རྒྱས་པ་ཆེན་པོ་རྒྱུད་ཕྱི་ཏ་དོན་འཛིན་པ་རྫཽགས་སོ།། རྒྱ་གར་གྱི་པནྚི་ཏ་བི་མ་ལ་མི་ཏྲ་དང།། བོད་ཀྱི་ལོ་ཙ་བ་རྨ་རིན་ཆེན་མཆོག་དང་གཉགས་ཛྙཱ་ན་ཀུ་མ་རས་བསྒྱུར་ཅིང་གཏན་ལ་ཕབ་པའོ།། རྒྱ་གར་སྐད་དུ།། མ་ཡ་ཛལ་ཤཱི་ཛྙ་ནག་རྦྷ་ཊནྚ་ནཱ་མ།། བོད་སྐད་དུ། ། དཔལ་སྒྱུ་འཕྲུལ་དྲ་བ་ཡེ་ཤེས་ཀྱི་སྙིང་པོའི་རྒྱུད་ཅེས་བྱ་བ།། དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ།། འདི་སྐད་བཤད་པའི་དུས་ན། དེ་བཞིན་གཤེགས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་གསང་བའི་ལོངས་སྤྱོད་ཆེན་པོ་ཀུན་ལ་ཁྱབ་པའི་བདག་ཉིད། ། ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང།། གསུང་དང།། ཐུགས་རྡོ་རྗེའི་བདག་ཉིད་ཅན་མ་ལུས།། མི་ལུས། ། ལུས་པ་ཐམས་ཅད་དང།། སོ་སོ་མ་ཡིན་ཐ་མི་དད་དབྱེར་མེད་པའི་རང་བཞིན་ཐིག་ལེ་ཆེན་པོ་ཡེ་ཤེས་སྙིང་པོའི་བདག་ཉིད་དེ།། གསང་བའི་འོག་མིན་ཆེན་པོ་མཐའ་དང་དབུས་མེད་པའི་རང་བཞིན།། ཚད་དཔག་མེད་པ་གསང་བའི་ཡེ་ཤེས་འཁོར་ལོ་གསལ་བ་ལ། ། གསང་བའི་ཡེ་ཤེས་རིན་པོ་ཆེ་འོད་འབར་བའི་གཞལ་ཡས་ཁང།། རྒྱ་ནམ་མཁའི་དབྱིངས་ལྟར་ཡོངས་སུ་མ་ཆད་པ།། ཡེ་ཤེས་ཡོན་ཏན་ཀུན་ཏུ་རྒྱས་པའི་དབྱིབས་དང་ལྡན་པ། ། གསང་བའི་ལྷག་པའི་བློ་འབུར་གྱིས་མཛོས་པ།། ཙེ་མོ་གཅིག་ཏུ་འདུས་པར་བྱེར་མེད་པའི་རོ་དང་ལྡན་པས་ཐིག་ལེ་ཟླུམ་པ།། ཡེ་ཤེས་བསམ་གྱི་མི་ཁྱབ་པ། ། ཡེ་ཤེས་རིན་པོ་ཆེའི་དབྱིབས་དང་ཁ་དོག་ལ་སོགས་པ།། རྣམ་པ་ཐ་དད་པའི་བྱེ་བྲག་དང་ཁྱད་པར་དུ་གྱུར་པ།། དཔགས་པ།། ཚད་དཔག་ཏུ་མེད་པ།། ཡེ་ཤེས་རིན་པོ་ཆེའི་འཕྲེང་བ་དང།། ཆུན་འཕྱང་དང། ། ཤར་བུའི་རྒྱན་དང།། གཟུགས་སྣ་ཚོགས་དང།། སྒྲ་སྣ་ཚོགས་དང་དྲི་སྣ་ཚོགས་དང།། རོ་སྣ་ཚོགས།། རེག་བྱ་སྣ་ཚོགས་པས་འཁྲིག་པར་རང་བྱུང་ལ།། མི་སྒྲིབ་པར་རང་རིག་གསལ་བའི་རྒྱན་བསམ་གྱིས་མི་ཁྱབ་པ་ཀླུབས་པ། ། གསང་བའི་རྣམ་པར་ཐར་པ་བཞིའི་སྒོ་ཁྱུད་ཅན།། རྣམ་པར་ཐར་པ་བརྒྱད་ཀྱི་རྟ་བབས་དང་ལྡན་པ།། ཕྱི་དང་ནང་མེད་པར་ཀུན་ཏུ་ཡང་ནང་དུ་གྱུར་པ་ན།། མི་འཇིགས་པ་སེང་གེའི་ཁྲི་དང། ། སྟོབས་གླང་པོའི་ཁྲི་དང།། རྫུ་འཕྲུལ་རྟའི་ཁྲི་དང།། དབང་རྨ་བྱའི་ཁྲི་དང།། ཐོག་པ་མེད་པའི་ནམ་མཁའ་ལྡིང་གི་ཁྲི་དང།། རང་བཞིན་གྱིས་འོད་གསལ་བའི་ཉི་ཟླའི་དཀྱིལ་འཁོར་དང།། གོས་པ་མེད་པ་པད་མ་རིན་པོ་ཆེའི་གདན་ལ། ། སྐུ་མདུན་དང་རྒྱབ་མེད་པ་ཐམས་ཅད་དུ་ཞལ་ཐལ་ལེ་བར་གསལ་ཞིང་མཚན་དང་དཔེ་བྱང་དུ་ལྡན་པ།། བསམ་གྱི་མི་ཁྱབ་ཐམས་ཅད་དུ། སྐུ་གསུང་ཐུགས་ཐམས་ཅད་དུ།། སྐུ་གསུང་ཐུགས་ཀུན་ཏུ་སྣང་བ། ། ཐབས་དང་ཤེས་རབ་ཀྱི་ཞབས་གཉིས་མཉམ་པའི་བརྟུལ་ཞུགས་ཀྱི་སྐྱིལ་མོ་ཀྲུང་དུ་བཞུགས་པ།། ཡེ་ཤེས་དྲུག་གི་ཕྱག་ཡེ་ཤེས་འབར་བའི་ཕྱག་རྒྱ་ཅན།། སྐུ་གསུང་ཐུགས་བསམ་གྱིས་མི་ཁྱབ་པའི་དབུ་གསུམ་དང་ལྡན་པ། ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམ་པར་ཤེས་པའི་རྒྱལ་པོ་དང།། དེ་བཞིན་གཤེགས་པ་གཟུགས་ཀྱི་རྒྱལ་པོ་དང།། དེ་བཞིན་གཤེགས་པ་ཚོར་བའི་རྒྱལ་པོ་དང། ། དེ་བཞིན་གཤེགས་པ་འདུ་ཤེས་ཀྱི་རྒྱལ་པོ་དང།། དེ་བཞིན་གཤེགས་པ་འདུ་བྱེད་ཀྱི་རྒྱལ་པོ་དང།། དེ་དག་ཀུན་ཀྱང་མཐིང་ཁ་དང།། དཀར་པོ་དང།། སེར་པོ་དང།། ལེ་བརྒན་དང།། ལྗང་ཁུའི་མདོག་ཏུ་འཚེར་བ། ། བཙུན་མོ་དམ་པ་སྣང་བའི་དབྱིངས་དང།། སྲ་པའི་དབྱིངས་དང།། མཉེན་པའི་དབྱིངས་དང།། དྲོ་བའི་དབྱིངས་དང།། བསྐྱོད་པའི་དབྱིངས་ལ་སོགས་པ།། བཙུན་མོའི་དབྱིངས་དང་གཉིས་སུ་མེད་པར་ཆོས་ཀྱི་དབྱིངས་ཀུན་ཏུ་མཐའ་ཡས་པར་ཁྱབ་པ་ནི། ། འདི་ལྟ་སྟེ།། དཔེར་ན་ཏིལ་གྱི་གང་བུ་བཞིན་གང་ནས་ཁྱབ་པར་བཞུགས་སོ།། དེ་ནས་བྱང་ཆུབ་ཆེན་པོ་རྡོ་རྗེ་མཐོང་བ་དང།། བྱང་ཆུབ་ཆེན་པོ་རྡོ་རྗེ་ཐོས་པ་དང། བྱང་ཆུབ་ཆེན་པོ་རྡོ་རྗེ་སྣོམ་པ་དང།། བྱང་ཆུབ་ཆེན་པོ་རྡོ་རྗེ་མྱོང་བ་དང།། བཙུན་མོ་མཐོང་བར་བྱ་བ་དང།། གཉ་ན་པར་བྱ་བ་དང།། བསྣམ་པར་བྱ་བ་དང།། མྱོང་བར་བྱ་བར་བྱ་བའི་ཆོགས་དང། བྱང་ཆུབ་ཆེན་པོ་རྡོ་རྗེ་མཐོང་བྱེད་དང། ། བྱང་ཆུབ་ཆེན་པོ་རྡོ་རྗེ་ཐོས་བྱེད་དང།། བྱང་ཆུབ་ཆེན་པོ་རྡོ་རྗེ་སྣོམ་བྱེད་དང།། བྱང་ཆུབ་ཆེན་པོ་རྡོ་རྗེ་མྱོང་བྱེད་དང།། བཙུན་མོ་འདས་པ་དང།། ད་ལྟར་དང།། འབྱུང་བ་དང། ། མ་བྱོན་པའི་ཚོགས་དང།། འཇོམས་པ་ཆེན་པོ་རེག་པ་དང།། འཇོམས་པ་ཆེན་པོ་རེག་བྱེད་དང།། འཇོམས་པ་ཆེན་པོ་རེག་བྱ་དང།། འཛོམ་པ་ཆེན་པོ་རེག་ཤེས་དང། བཙུན་མོ་རྟོག་པ་མ་ཡིན་པ་དང།། ཆད་པར་མ་ཡིན་པ་དང། ། བདག་ཏུ་མ་ཡིན་པ་དང།། མཚན་མར་མ་ཡིན་པ་ལ་སོགས་པ་དང།། དེ་ལྟ་བུའི་ཚོགས་བརྗོད་ཀྱི་མི་ལང་པ་དང།། གཉིས་སུ་མེད་པར་བཞུགས་སོ།། སྒྱུ་འཕྲུལ་དྲ་བ་ཡེ་ཤེས་སྙིང་པོའི་རྒྱུད་ལས། ། གླེང་གཞིའི་ལེའུ་སྟེ་དང་པོའོ།། དེ་ནས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོས་ཆེད་དུ་བརྗོད་པ་འདི་བརྗོད་དོ།། ལྔ་ཕུང་ཡན་ལག་བདེ་བཞིའི་ཞིང།། གསར་བའི་རྟོག་ཚོགས་བཞི་བཅུ་ལྔ།། དགྱེས་པ་གར་ལ་བཞུགས་པ་ཡིས། ། ཡེ་ཤེས་ཉིད་ལས་གཞན་མ་ཡིན།། ཞེས་གླེང་ངོ།། དེ་ནས་ཀུན་ཏུ་བཟང་མོས་ཆེད་དུ་བརྗོད་པ་དེ་བརྗོད་དོ།། བྷ་ག་བདེ་བའི་ཕོ་བྲང་ནི།། རྒྱལ་བ་ཀུན་གྱི་གཞལ་ཡས་ཁང།། ཀུན་ཀྱང་ཐིག་ལེ་ཉིད་དུ་གསལ། ། ཟབ་མོ་ལྷུམས་སུ་ཞུགས་པར་བརྗོད།། ཅེས་གསུངས་སོ།། དེ་ནས་གཉིས་སུ་མེད་པའི་བདེ་བ་ཆེན་པོ་ལས་ཆེད་དུ་བརྗོད་པ་འདི་བརྗོད་དོ།། ཐབས་དང་ཤེས་རབ་གཉིས་མེད་པའི། ། བདེ་བ་ཆེན་པོའི་གསང་བ་ཡིས།། བདེ་མཆོག་དབྱིངས་སུ་དབང་བསྐུར་རོ།། ཞེས་ཆེད་དུ་གླེང་ངོ།། དེ་ནས་ཡང་བཅོམ་ལྡན་དཔལ་ལེ་ཤེས་རྒྱལ་པོ་ཉིད།། ཡེ་ཤེས་ལྔའི་ངོ་བོ་ཉིད་སྐུ་དང། གསུང་དང། ། ཐུགས་ལས་ཕྱུང་ངོ།། ཨེ་མ་ཧོ་ངོ་མཚར་རྨད་ཀྱི་ཆོས།། རྫོགས་པའི་སངས་རྒྱས་ཀུན་གྱིས་གསང།། སྐྱེ་བ་མེད་པ་ཐམས་ཅད་སྐྱེས།། སྐྱེས་པ་ཉིད་ན་སྐྱེ་བ་མེད།། ཨེ་མ་ཧོ་ངོ་མཚར་རྨད་ཀྱི་ཆོས།། རྫོགས་པའི་སངས་རྒྱས་ཀུན་གྱིས་གསང། ། འགག་པ་མེད་ལ་ཐམས་ཅད་འགག། འགག་པ་ཉིད་ན་འགག་པ་མེད། ཨེ་མ་ཧོ་ངཽ་མཚར་རྨད་ཀྱི་ཆོས།། རྫོགས་པའི་སངས་རྒྱས་ཀུན་གྱིས་གསང།། གནས་པ་ནོད་ལ་ཐམས་ཅད་གནས། ། གནས་པ་ཉིད་ན་གནས་པ་ནོད།། ཨེ་མ་ཧོ་ངོ་མཚར་རྨད་ཀྱི་ཆོས།། རྫོགས་པའི་སངས་རྒྱས་ཀུན་ཀྱི་གསང། དམིགས་པ་མེད་ལ་ཐམས་ཅད་དམིགས།། དམིགས་པ་ཉིད་ན་དམིགས་པ་མེད།། ཨེ་མ་ཧོ་ངོ་མཚར་རྨད་ཀྱི་ཆོས། ། རྫོགས་པའི་སངས་རྒྱས་ཀུན་གྱི་གསང།། འགྲོ་འོང་མེད་ལ་འགྲོ་དང་འོང།། འགྲོ་འོང་ཉིད་ན་འགྲོ་འོང་མེད།། ཐབས་དང་ཤེས་རབ་འབྲེལ་བ་ཡིས།། སེམས་ལྔ་སྦྱོར་བའི་རང་བཞིན་ཉིད། ། བདེ་ཆེན་གནིས་མེད་ངོ་བོར་གསལ།། གསང་བའི་ཐིག་ལེ་དགའ་བའི་འོད།། རང་བཞིན་འབྲེལ་བས་ཀུན་ལ་ཁྱབ།། ཡེ་ཤེས་ལྔ་ཡི་རང་བཞིན་ཅན།། སྐུ་གསུང་ཐུགས་ཀྱི་ལྷུམས་ནས་བྱུང།། བདེ་བ་ཆེན་པོའི་གནས་སུ་འཁྱིལ། ། དབབ་དང་གཟུང་དང་བརྟགས་པ་ཡི།། བདེ་བ་ཆེན་པོ་མཚམས་སྦྱར་ཏེ།། གཉིས་མེད་རིག་པའི་རང་བཞིན་གསལ།། སྐུ་གསུམ་ཐིག་ལེ་རྫོགས་པའི་ངང།། སྒྱུ་འཕྲུལ་ལྷུན་གྲུབ་གསང་བའི་མཁའ། ། ཡེ་ཤེས་རང་བྱུང་མཉམ་པ་ཉིད།། ཐབས་དང་ཤེས་རབ་དབྱིངས་ཀྱི་འོད།། ཡེ་ཤེས་རྫོགས་པའི་དབེན་པ་ཕོག།། འཇུག་ལྡོག་བསྟན་པའི་གར་ཐབས་ཀྱིས།། སླ་ཡང་བདེ་ཆེན་དབྱིངས་ལ་གསལ། །། ཐིག་ལེ་རིམ་གསུམ་བསྐྱེད་པའི་ཚུལ།། རྫོགས་ཆེན་ངང་ལ་རིམ་པ་མེད།། གནས་བཞི་གཅིག་ཏུ་འཁྱིལ་བ་ལས།། ཡེ་ཤེས་ལྔ་རུ་གསལ་བར་འཆར།། གསང་བའི་རྟོག་པ་མ་ལུས་པ།། རང་རིག་ཡེ་ཤེས་མཆོག་ཏུ་བསྐྱེད། ། ཟབ་མོའི་དབང་ལ་ཀུན་རྫོགས་པ།། གདམས་པ་ལུང་གི་གསལ་པར་ཤེས།། བཞི་བཅུ་ཙ་ལྔའི་རང་བཞིན་ཉིད།། ཕྱི་ནང་གསང་བ་ཚུལ་དུ་བཞུགས།། སེམས་ལྔའི་རིམ་པས་མཚམས་སྦྱར་ཞིང། ། བསྙེན་སྒྲུབ་བཞི་ལ་གནས་བཅས་པས།། ས་བཅུ་ལམ་ལྔའི་བག་ཆགས་སྦྱང།། བདེ་ཆེན་རིག་པའི་ཁ་ལོ་སྒྱུར།། ཉམས་མྱོང་ཐིག་ལེའི་རིག་སྦྱོང།། རིམ་མེད་པ་གསུམ་གཅིག་ཅར་གནན།། མི་སྐྱོད་སྒྱུ་འཕྲུལ་ཟབ་མོའི་དབྱིངས། ། རྒྱལ་བ་རྒྱ་མཚོ་འབྱུང་གནས་ཡུམ།། ཀུན་འབྱུང་ཐིག་ལེ་ཟབ་མོའི་དབྱིངས།། ཀུན་འདུས་འཕྲོ་འདུའི་མཚན་ཉིད་ཅན།། སྒོ་གསུམ་འབྱེད་པའི་སྦྱོར་བ་ཡི།། ཡེ་ཤེས་ཟབ་མོ་འབྱུང་བར་འགྱུར། ། གཡས་གཡོན་འཁོར་ལོ་རང་བཞིན་ལྟར།། གྱེན་དུ་སྒྱིལ་ཞིང་ཐུར་དུ་འཕྲོ།། བསྡུ་བས་ས་བཅུ་དྲུག་ཏུ་གསལ།། འབྱུང་འཇུག་སུམ་ཅུ་ཙ་གཉིས་ལས།། ཐིག་ལེ་གཅིག་ལས་རྫོགས་པར་ལྟར།། བཅུ་དྲུག་ཕྲག་གཉིས་སྦྱོར་བ་ཡི། ། བསྣོལ་ལམ་རྐྱང་པ་གང་རུང་བ།། གར་ཐབས་བདེ་བོའི་ཚུལ་གྱིས་སྦྱར།། མེ་ལོང་གཟུགས་བརྙན་ཇི་བཞིན་དུ།། མ་བརྗོད་རང་བཞིན་གསལ་བར་འབྱུང།། སྤྲིན་མེད་གསལ་བའི་ནམ་མཁའ་ལྟར། ། རང་བྱུང་ཡེ་ཤེས་འབྱུང་བར་འགྱུར།། ཏིལ་འབྲུ་ཚད་ལྡན་བདེ་བའི་རྟེན།། འབྱུང་འཇུག་རིམ་པ་ཀུན་གྱི་གནས།། བཅོམ་ལྡན་འདས་ཤེས་བཤད་པ་སྟེ།། བདེན་གཉིས་བྲལ་བའི་ཡེ་ཤེས་སོ།། བསྐྱེད་རྫོགས་བཞི་སོགས་སྦྱོར་བ་ཡིས། ། མངོན་སུམ་ཡེ་ཤེས་རང་གནས་ལ།། ཤེས་རབ་འབྲེལ་བས་མཉམ་སྦྱར་ནས།། རང་འབྱུང་ཐིག་ལེ་གྲུབ་པར་འགྱུར།། ཞེད་ཆེད་དུ་གླེང་ངོ།། སྒྲུ་འཕྲུལ་ཡེ་ཤེས་སྙིང་པོའི་རྒྱུད་ལས། ། སེམས་ལྔ་བསྟན་པའི་ལེའུ་སྟེ་གཉིས་པའོ།།།། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་གྱེས་པ་ཆེན་པོའི་ཐུགས་རྗེ་ཆེན་པོ་སྣང་བའི་ཏིང་འཛིན་ལ་གནས་ནས།། ཆེད་དུ་བརྗོད་པ་འདི་བརྗོད་དོ། ། ཇི་སྙེད་ཕྱོགས་བཅུའི་འཇིག་རྟེན་ན། ལོག་རྟོག་མི་བཟད་རྡུལ་ཕྲན་སྙེད།། རྟོག་འདུལ་སྤྲུལ་པ་བསམ་མི་ཁྱབ།། དེ་བཞིན་ཉིད་ཀྱི་དབྱིངས་ལ་ཐིམ།། འདོད་ཆགས་ཞེ་སྡང་གཏི་མུག་དང།། ང་རྒྱལ་ཕྲག་དོག་སེར་སྣ་ཡིས། ། འཁོར་བའི་འཁོར་ལོ་རྣམ་པར་སྒྱུར།། ཡེ་ཤེས་དྲུག་གི་ངོ་བོར་གནས།། སྙིང་པོ་དྲུག་ཉིད་འོད་འབར་ནས།། ཡེ་ཤེས་དྲུག་གི་མཚུལ་དང་འཐུན།། འཁོར་བར་པུང་བཅོམ་བརླག་པའི་ཕྱིར། ། ཐུབ་པ་ཆེན་པོའྀ་ཆོས་ཀྱི་སྐུ།། རང་རིག་ཆོས་འབྱིངས་གཉིས་མེད་པར།། ཐབས་དང་ཤེས་རབ་དོན་ལ་རྫོགས།། སངས་རྒྱས་སྙིང་པོ་ཁ་སྦྱོར་ལས།། རང་འབྱུང་ཡེ་ཤེས་གསལ་བར་འཆར།། ཀུན་རྫོབ་སྒྱུ་མའི་ཁྱད་པར་ལས། ། ཡེ་ཤེས་ཟག་མེད་མངོན་པར་འཕྲུལ།། ཐོས་བསམ་སྒོམ་པའི་ཐབས་ཉིད་ལས། ཡེ་ཤེས་གསུམ་ཉིད་གསལ་བར་འབྱུང།། ཏིང་འཛིན་གསུམ་པོ་དུས་གཅིག་གསལ།། བསྐྱེད་རྫོགས་བཞི་ལ་མཉམ་སྦྱར་ནས། ། འབྲས་བུ་བཞི་བཅུ་རྩ་ལྔ་ཉིད།། གྲངས་ལས་འདས་པའི་ཕྱ་རྒྱ་སྟེ།། བསྡུས་པའི་ཉི་ཤུ་ཙ་ལྔར་ཐིམ།། ཐབས་དང་ཤེས་རབ་འགྱིས་པའི་འོད།། བདེབ་ཆེན་པོའི་འབེན་ལ་ཕོག།། དུས་གསུམ་རྒྱལ་བས་བྱིན་རླབས་ཏེ། ། བྱང་ཆུབ་སེམས་ཀྱང་ངོ་བོར་གནས།། སྐུ་གསུང་ཐུགས་སུ་མངོན་ཕྱུང་ནས།། སེམས་ཀྱི་འཁོར་ལོར་ཐིམ་པར་བྱ།། སེམས་ཀྱི་ཀ་བ་ཀུན་བཀང་ནས།། གསང་བའི་འདོམ་གནས་སོན་པ་ལས། ། ས་ཡ་བཅུ་གསུམ་བདེ་བས་རྒྱན།། ས་སྒྲ་ཐེག་ཆེན་ཟབ་མོ་ཡིས།། ཨ་ཡི་ཁྱད་པར་རྟོག་པར་གནས།། དེ་ནས་ཧོ་དང་གཉིས་སུ་མེད།། གསང་བ་རྫོགས་པའི་ཡེ་ཤེས་ལྔ།། འཁོར་ལོ་ཁ་སྦྱོར་སྙིང་པོ་ཅན།། བདེ་ཆེན་འཕེན་པས་མཚམས་སྦྱར་ནས། ། དངས་མ་ཡེ་ཤེས་སྙིངཔོར་འབྲེལ།། འཁོར་བའི་སྙིགས་མ་རང་དག་ནས།། ཡེ་ཤེས་གསལ་བའི་རྟགས་བྱུང་སྟེ།། འདར་དང་རྡུལ་དང་བ་སྤུ་ལྡང།། བཀྲག་དང་གཡོ་དང་ཡང་བ་དང། ། བྱིང་བའི་སྐྱོན་མེད་དགའ་བས་ཁྱབ།། དེ་ནས་ལས་རུང་གོམས་པ་ཡིན།། གཡོ་ཞིང་འཕར་བར་འགྱུར་ན་གློད།། བདེ་བས་སྣོད་བཅུད་ཀུན་བྱང་ནས།། ཙ་ཕུག་ནམ་མཁའ་ལྟར་སྣང་ནས།། ཡེ་ཤེས་ཁྱབ་བརྡལ་ཀུན་ཏུ་བཟང། ། འཕེན་དང་སྡུད་པ་གཉིས་མེད་པ།། ཐབས་དང་ཤེས་རབ་ཡིན་པར་བཤད།། སངས་རྒྱས་ཀུན་འབྱུང་འཁོར་ལོ་ཅན།། ཡེ་ཤེས་སྙིང་པོ་ཟ་མ་ཏོག།། ཀུན་འདུས་སྙིང་པོའི་གཉིས་སུ་མེད།། རྒྱུ་བ་གསུམ་གྱི་དངས་མ་ཉིད། ། འགོ་མིན་རིགས་པ་མུ་མཐའ་ཡས།། ཙི་ཊྚའི་དཀྱིལ་འཁོར་རིན་པོ་ཆེ།། ཡེ་ཤེས་ལྔ་རྫོགས་རྒྱན་དང་ལྡན།། རྫོགས་པ་ཧཱུ~ཾ་ཉིད་སྔོན་ནས་པ།། ཐབས་ལས་ཐབས་བྱུང་ཐབས་བསམ་ཡས། ། ཐབས་ཆེན་ཡེ་ཤེས་རྫོགས་པའི་སྐུ།། ཡེ་ཤེས་ནམ་མཁའི་གཟུགས་བརྙན་ཉིད།། ཕྱི་ནང་སྣོད་བཅུད་མཐའ་ཡས་པ།། ཙི་ཊྚཱིའི་སྙིང་པོ་རྫོགས་པར་གནས།། ཡེ་ཤེས་མེ་ལོང་འོད་གསལ་བ།། དྲན་པའི་སྙིང་པོར་བསྐུལ་གྱུར་ནས། ། རྣམ་ཐར་བརྒྱད་ཀྱི་ལམ་བགྲོད་དེ།། རྡོ་རྗེ་འཛིན་པའི་ས་ལ་སྦྱར།། བདེ་བའི་དབང་ཕྱུག་འདུ་དབྲལ་མེད།། སྦྱོད་ལ་མ་ཆགས་པད་མ་ཅན།། རང་རིག་བདེ་བ་ཆེན་པོའི་གཟུགས།། མ་ལུས་ཡེ་ཤེས་ཁྱབ་པར་གསལ། ། མ་ལུས་མཁའ་གང་ཐིག་ལེར་གནས།། ཐིག་ལེར་རང་བཞིན་མེད་པ་ཐིམ།། ལམ་དུ་ཞུགས་དང་རོ་ཚར་དང།། ཐུན་མོང་བཅད་དང་བྱེད་པ་སྡོམ།། རྟོག་པ་ཀུན་བཅས་བདེ་མཆོག་ལ། ། ཐམས་ཅད་ཁྱབ་ནས་ཡེ་ཤེས་གོམས།། མཐའ་བྲལ་ཡེ་ཤེས་མྱ་ངན་འདས།། མ་བརྗོད་ཐབས་ཀྱི་སྦྱོར་བ་ཡིས།། བདེ་ཆེན་རང་བྱུང་གསལ་བར་འཆར།། ཕྱི་ནང་ཆོས་ཀུན་མ་ལུས་པ།། ཐམས་ཅད་རང་རིག་བདེ་བར་གསལ། ། དེ་ཉིད་སྣོད་བཅུད་མཐའ་ཡས་པར།། རང་སྣང་ཐིག་ལེ་དེ་ཉིད་དོ།། སྐུ་དང་གསུང་ཐུགས་ཡོན་ཏན་ལས།། སྣོད་བཅུད་བདེ་བ་ཡེ་ཤེས་ཉིད།། མ་རིག་མུན་སེལ་ཡེ་ཤེས་འབར།། ཐམས་ཅད་ཡེ་ཤེས་སྙིང་པོར་འདུས། ། བདེ་ཆེན་རྫོགས་པའི་སྙིང་པོ་ལས།། སངས་རྒྱས་རིན་ཆེན་སྙིང་པོ་ཉིད།། ཉིད་ལ་གཉིས་མེད་ཚུལ་གྱི་འཆད།། རྡོ་རྗེ་གསང་བའི་ཚིག་ཏུ་འོ།། སྒྱུ་འཕྲུལ་ཡེ་ཤེས་སྙིང་པོའི་རྒྱུད་ལས། ། ཐུགས་རྗེ་ཡེ་ཤེས་འབྱུང་བར་བསྟན་པའི་ལེའུ་སྟེ་གསུམ་པའོ།།།། དེ་ནས་བཅོམ་ལྡ་འདས་དེ་བཞིན་གཤེགས་པ་དགྱེས་པ་ཆེན་པོས།། ཡི་གེ་ཕྲེང་བ་འཁོར་ལོ་བདེ་བ་ཆེན་པོ་སྤྲིན་བཀོད་པ་འདི་སྐུ་གསུང་ཐུགས་རྡོ་རྗེ་ལས་མངོན་དུ་ཕྱང་ངོ། ། ཨ།། ཀ་ཁ་ག་གྷ་ང།། ཙ་ཚ་ཛ་ཛྷ་ཉ།། ཊ་ཋཊ་ཌ་དྷ་ཎ། ཏ་ཐ་ད་དྷ་ན།། པ་ཕ་བ་བྷ་མ།། ཡ་ཝ་ར་ལ་ཤ་ཥ་ས་ཧ།། ཨ་ཀྵ་ཨ་ཨཱ།། ཨི་ཨཱི།། ཨུ་ཨཱུ།། ཨེ་ཨཻ།། ཨོ་ཨཽ།། རྀ་རཱྀ། ། ལྀ་ལཱྀ+ྀ།། ཨཾ་ཨཱ།། ཨ་ནརི་སུ་ཏྲི་པྲི་དུ།། ཨོཾ་ཨཱ་ཧཱུ~ཾ།། ཀ་ཁ་ག་གྷ་ང།། ཙ་ཚ་ཛ་ཛྷ་ཉ།། ཊ་ཋ་ཌ་ཌྷ་ཎ།། ཏ་ཐ་ད་དྷ་ན།། པ་ཕ་བ་བྷ་མ།། ཡ་ར་ལ་ཝ་ཥ་ཤ་ས་ཧ།། ཀྵ། ཀ་ཁ་ག་གགྷ་ང།། ཙ་ཚ་ཛ་ཛྷ་ཉ།། ཊ་ཐ་ད་དྷ་ན། ཏ་ཐ་ད་དྷ་ན།། པ་ཕ་བ་བྷ་མ།། ཡ་ར་ལ་ཝ་ཤ་ཥ་ས་ཧ།། ཀྵ།། ཞེས་མངོན་དུ་ཕྱུང་ངོ།། ཁྱབ་པར་གྱུར།། གསལ་བར་གྱུར།། འབར་བར་གྱུར་ཏེ།། ཡེ་ཤེས་ཆེན་པོའི་ངོ་བོར་གནས་སོ།། ཨེ་མ་ཧོ་ངོ་མཚར་རྨད་ཀྱིས་ཆོས། ། བརྗོད་མེད་གསུང་གི་ཀུན་ལ་ཁྱབ།། སྒྲ་དང་མིང་ཚིག་འཛིན་པའི་གནས།། ཐམས་ཅད་ཀུན་ལ་རང་བཞིན་གནས།། སྐུ་དང་ཐུགས་ཀྱང་དེ་བཞིན་ཏེ།། བསམ་གྱི་མི་ཁྱབ་དུས་བཞི་གནས།། བྱིན་རླབས་རིག་པའི་ཡི་གེ་གསུང། ། འཇིག་རྟེན་འདས་དང་འཇིག་རྟེན་པའི།། བརྗོད་བྱ་བརྗོད་བྱེད་ཀུན་དང་འབྲེལ།། གསུང་གི་བདག་ཉིད་འཁོར་ལོ་ཅན།། བརྗོད་པ་ཀུན་གྱི་དངོས་གཞིར་གནས།། ཨོཾ་ཧཾ།། བདེ་ཆེན་གསང་བའི་འཁོར་ལོ་ཉིད། ། ཡོངས་སུ་རྫོགས་པའི་སྙིང་པོ་ཉིད།། ཐབས་ཆེན་ཡེ་ཤེས་རྒྱས་འདེབས་པས།། དེ་བཞིན་ནམ་མཁའི་ཁམས་སུ་གནས།། སུམ་ཅུ་རྩ་གཉིས་སྒྲ་ཡིས་བརྒྱན།། དབུས་ནས་འཁྱིལ་བའི་ཡི་གེ་གཉིས། ། རིན་ཆེན་སྣ་ཚོགས་ཚུལ་ཉིད་དུ།། ཐུར་ལ་འཛག་པའི་ཚུལ་གྱིས་གནས།། འདི་དག་ཀུན་ལ་གནས་པའི་ཕྱིར།། བདེ་བ་ཅེན་པོས་རྒྱས་བཏབ་བོ།། ཨོཾ་ཧཱུ~ཾ།། ལོངས་སྤྱོད་ཆེན་པོ་གསང་བ་ཉིད།། རང་རིག་བདེ་མཆོག་ལོངས་སྤྱོད་རྫོགས། ། གཉིས་མེད་རྫོགས་པའི་ཁ་སྦྱོར་ཅན།། འབྲེལ་བས་ཐབས་དང་ཤེས་རབ་ཉིད།། བཅུད་ལྡན་དབྱིངས་ཀྱི་འཁོར་ལོ་ཅན།། བཅུ་དྲུག་རྫོགས་པའི་ངོ་བོཉིད།། འབུས་ན་གསུང་གི་ངོ་བོ་ཉིད། ། འབུར་དུ་གནས་པའི་མཚན་ཉིད་དོ།། འཕར་དང་འཕྲོ་བའི་བུ་གས་བརྒྱན།། ཐམས་ཅད་སྦྱོང་བཞིན་མ་ཆགས་པས།། ལོངས་སྤྱོད་འཁོར་ལོ་མཐའ་དབུས་མེད།། ཧཱུ~ཾ།། དྷརྨ་ཙཀྐ་ཆོསཀྱི་གནས། ། འོད་བཞི་ཨེ་སོགས་དབྱིབས་སུ་གནས།། ཆོས་ཉིད་ཡེ་ཤེས་ཡོན་ཏན་ཙ།། རང་རྒྱུད་བཞི་ལ་ཡན་ལག་བརྒྱད།། རྣམ་ཤེས་ཡེ་ཤེས་གཉིས་སུ་མེད།། དངས་མ་བཞི་དང་རྙིགས་མ་བཞི།། ས་བོན་དྲུག་དང་སྙིང་པོ་གསུམ། ། ཐིག་ལེའི་རང་བཞིན་འོད་དུ་འབར།། ཡེ་ཤེས་རྫོགས་པ་ཉིད་དུ་ཐིམ།། རྒྱུ་བ་བཟི་ཚུལ་དང་མཐུན།། དངས་མ་དགའ་བའི་བདེ་མཆོག་འོད།། འཕྲོ་དང་ཁྱབ་པ་ཉིད་དུ་ལྟ།། ཡེ་ཤེས་སྙིང་པོར་ཀུན་འདུས་ནས། ། ཐིག་ལེའི་རང་བཞིན་མེད་པ་ཐིམ།། ཀུན་ཀྱང་ལྔ་ཡིས་རྒྱས་བཏབ་ནས།། བདེ་ཆེན་པོ་ཉིད་དུ་འགྱུར།། ཧཱུ~ཾ།། སྦྲུལ་པ་བདེ་བའི་རང་བཞིན་ཉིད།། བཅུ་དྲུག་བཞི་ཡི་མཚན་ཉིད་ཅན།། བསྐྱེད་པ་འབྱུང་བའི་ཡི་གེ་བཞི། ། ཨ་ལི་ཀ་ལི་བདག་ཉིད་ཅན།། ཀུན་འདུས་སྙིང་པོར་གཉིས་སུ་མེད།། ཟབ་མོ་འབྱུང་བའི་སྙིང་པོ་ལ།། ཐིག་ལེ་རྫོགས་པའི་ཚུལ་དུ་གནས།། གདོད་ནས་དག་པ་གསུམ་གྱི་ངང།། ཡེ་ཤེས་ཐིག་ལེ་རང་བཞིན་ལ། ། འབྲས་བུའི་ཆོས་རྣམས་རྫོགས་པར་ལྡན།། སྐུ་གསུང་ཐུགས་ཀྱི་རང་བཞིན་ཉིད།། གཞལ་དང་འཕྲེང་བའི་རང་བཞིན་ཅན།། སྒྲ་སྦྱོར་འཁོར་ལོ་བཞིའི་རང་བཞིན།། མེ་ལོང་བཙེགས་པའི་ཚུལ་དུ་གནས། ། བསྐྱོད་པ་དབང་གི་དབྱིབས་ལྡན་པ།། བསྟོད་དང་སྨད་དང་སྲོག་ལྡན་པ།། ཡེ་ཤེས་བསྐྱོད་པའི་ས་བོན་ཅན།། དབྱེ་དང་ཟླུམ་པས་དོན་འགྲུབ་པའོ།། ཨེ་ཡི་དབྱིབས་ལྡན་འོད་ཀྱི་ནི།། འབར་དང་འབྱུང་འཇུག་བདག་ཉིད་ཅན། ། རྒྱུ་བ་གཉིས་ཀྱི་བདེ་བར་མཛད། འཕེལ་དང་འགྲིབ་པའང་དེ་ལས་བྱུང།། ཐིག་ལེ་བཞི་ཡི་སྒོ་ནས་འཇུག།། ཐར་པ་བརྒྱད་ཀྱིས་ཁྱད་པར་འཕགས།། སྟོང་པ་བཅུ་དྲུག་ཚུལ་དང་མཐུན། ། བརྟན་པ་ཨ་ཡི་རང་བཞིན་ཅན།། གྱེན་དང་ཐུར་གྱི་རང་བཞིན་གྱིས།། བདེ་བའི་རང་བཞིན་ཁྱབ་པར་སྤྲོ།། རྒྱུ་བ་གཉིས་ཀྱི་ཚུལ་བཞིན་དུ།། བཀུག་དང་བསྡམ་པ་ཉིད་དང་ལྡན།། རང་བཞིན་གྲུབ་པའི་མཚན་ཉིད་ལ། ། བདེ་བ་ཆེན་པོ་ཁྱབ་པར་བརྡལ།། བརྗོད་མེད་ཐབས་ཀྱི་རང་བཞིན་ལས།། ནམ་མཁའི་ཡེ་ཤེས་གསལ་བར་འཆར་ཞེས་ཆེད་དུ་གླེང་སྟེ།། རྡོ་རྗེ་གསང་བའི་ཚིག་ཏུའོ།། སྒྱུ་འཕྲུལ་ཡེ་ཤེས་སྙིང་པོའི་རྒྱུད་ལས། ། ཡི་གེ་འཁོར་ལོ་ལེའུ་སྟེ་བཞི་པའོ།།།། དེ་ནས་དེ་བཞིན་གཤེགས་པ་འགྱེས་པ་ཆེན་པོ་ཉིད་ཀྱིས།། དེ་དག་བསྒྲུབ་པའི་ཚུལ་འདི་སྐུ་གསུང་ཐུགས་རྡོ་རྗེ་ལས་ཕྱུང་ངོ།། ཆོས་རྣམས་ཅ་བ་བདེ་ཆེན་ཉིད། ། དེ་དག་མངོན་པ་བསྒྲུབ་པ་ཉིད།། བདུད་ཙིའི་རང་བཞིན་ཆེན་པོ་དང།། བཞི་བརྒྱ་ཙ་བཞིའི་ནད་སེལ་ཞིང།། མི་མཐན་སྦྱོང་ཞིང་དབང་དུ་བྱེད།། འབྱུང་ལྔ་ཡེ་ཤེས་བདག་ཉིད་ཅན།། འབབ་དང་འབར་བའི་དེ་བཞིན་ཏེ། ། བསྐྱོད་དང་གྱེན་གྱི་རང་བཞིན་གྱིས།། འཕེན་དང་སྡུད་པའི་མཚན་ཉིད་ཅན།། དེ་དག་འབར་བའི་རང་བཞིན་གྱིས།། ནམ་མཁའི་དཀྱིལ་འཁོར་འབེན་ལ་ཕོག།། སྤྲོ་དང་བསྡུ་བའི་སྦྱོར་བ་ཡིས། ། ས་ཡ་བཅུ་གསུམ་བདེ་བས་བརྒྱན།། ཀུན་ཀྱང་ཡེ་ཤེས་རྒྱས་ཐེབས་པས།། འདར་དང་རྡུལ་དང་བ་སྤུ་ལྡང།། མདོག་གསལ་བདེ་བས་ཁྱབ་གྱུར་ནས།། རྒྱུ་བ་རླུང་ལ་དབང་ཐོབ་ཅིང།། ཡེ་ཤེས་སྙིང་པོ་གནས་སུ་ཐིམ། ། རིམ་པར་སྤྲོད་པའི་ཐིག་ལེ་ཉིད།། བདེ་སྐྱིད་སྙིང་པོར་ཐིམ་པ་དང།། ཐིག་ལེ་ཟིན་པའི་འབད་བར་བྱ།། ཐིག་ལེ་འབྱོངས་པར་གསལ་འགྱུར་ནས།། ཙ་ཕུག་ནམ་མཁའ་ལྟར་གསལ་ན།། ཡེ་ཤེས་ཁྱབ་བརྡལ་ཀུན་ཏུ་བཟང། ། མཁའ་ལྟར་ཁྱབ་པ་ཉིད་དུ་མཐོང།། ཐིག་ལེ་བདེ་བའི་རོ་མྱོང་ན།། ནམ་མཁའི་ཡེ་ཤེས་ཅིར་ཡང་གསལ།། དུས་གཅིག་མ་ཆགས་པད་མ་ཅན།། སངས་རྒྱས་ཁ་སྦྱོར་སྙིང་པོ་ལས།། རང་བྱུང་ཡི་ཤེས་གསལ་བར་སྣང། ། ཐུགས་རྗེ་བདེ་ཆེན་རང་བཞིན་ཁྱབ།། འབྱེད་པའི་རླུང་དང་སྲོག་གི་རླུང།། སྟོད་དང་སྨད་དུ་བྱུང་བའི་རླུང།། གནས་པའི་རླུང་ཡང་དེ་བཞིན་ནོ།། གཟུང་བས་མི་གཡོ་གསལ་བར་འགྱུར། ། དེ་ནས་གོམས་པར་གྱུར་པ་ཡི།། ཐབས་ཆེན་ཐབས་ལས་བྱུང་བ་ཡིན།། རང་རིག་རང་སྣང་བྱང་ཆུབ་སེམས།། སྣང་བ་ཉིད་ན་སྟོང་པ་སྟེ།། ཆོས་སྐུ་སྟོང་པ་དབྱེར་མེད་པ།། བདེ་ཅེན་ལོངས་སྤྱོད་རྫོགས་པ་སྟེ། ། ཁྱབ་པར་གསལ་བར་སྤྲུལ་པའོ།། བདེ་ཆེན་གསང་བའི་འཁོར་ལོ་ཉིད།། ཟིག་མེད་རྣམ་ཤེས་རྒྱུ་བའི་རྟེན།། ཐུན་མོང་རྟོག་པའི་དྲི་མ་བཅད།། ཤེས་དང་སྦྱོར་དང་ཉམས་ལེན་དང།། ཟག་མེད་སྐྱེས་པ་རྣམ་བཞི་ནི། ། བསྙེན་དང་ཉེ་བསྙེན་སྒྲུབ་དང་འགྲུབ།། ཁྱད་པར་བཞི་རུ་གསལ་བ་ཡིན།། འདི་དག་གོམས་པར་གནས་འགྱུར་ན།། སྒྱུ་འཕྲུལ་དྲཝ་བ་གཉིས་མེད་པ།། གསང་བ་བྱང་ཆུབ་སེམས་དགེ་བ།། རང་བཞིན་མེད་པ་དེར་སྣང་ངོ། ། སྒྱུ་མ་ཐབས་ཀྱི་རང་བཞིན་ལས།། འཕྲུལ་པ་ཤེས་རབ་ཟབ་མོའི་དབྱིངས།། དྲཝ་བ་གཉིས་མེད་བདེ་ཆེན་ཉིད།། རང་འབྱུང་བློ་ལ་འབྱུང་བར་འགྱུར།། ཡེ་ཤེས་སྙིང་པོ་ཀུན་གྱི་གཏེར།། དབང་བསྐུར་བྱིན་རླབས་ཐུགས་ཀྱི་མཛོད། ། ནམ་མཁའ་ལྟ་བུའི་ཡེ་ཤེས་ནི།། རྒྱུ་བྲལ་གསལ་བར་ཁྱབ་པ་ཡིན། ཡང་དག་གཉིས་མེད་རྟོག་པ་ཡིས།། ལེགས་པར་བློ་ཡིས་གཏིང་དུ་བྱོས།། གསལ་བའི་འདི་ཉིད་མེད་པ་ན།། སྒྱུ་འཕྲུལ་དྲཝ་བ་རྫོགས་པར་འཆར། ། ཀུན་ཀྱང་ཐབས་དང་ཤེས་རབ་ཀྱིས།། མ་ལུས་རྒྱས་བཏབ་རྫོགས་པ་ཡིན།། སྒྱུ་འཕྲུལ་དངོས་གྲུབ་འདི་འགྲུབ་ན།། མ་ལུས་ཀུན་ཏུ་འགྲུབ་པར་འགྲུར།། ཞེས་གསང་བའི་ཚིག་ཏུའོ། ། སྒྱུ་འཕྲུལ་ཡེ་ཤེས་སྙིང་པོའི་རྒྱུད་ལས་ཏིང་ངེ་འཛིན་གྱི་ལེའུ་སྟེ་ལྔ་པའོ།།།། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྱེས་པ་ཆེན་པོས།། ཡེ་ཤེས་ཕྱག་རྒྱ་ཆེན་པོ་འབྱུང་བའི་ཏིང་འཛིན་ལ་སྙོམས་པར་ཞུགས་ནས། ། འདི་སྐད་ཅེས་གསུངས་སོ།། རང་བྱུང་འཁོར་ལོའི་ལྟེ་བ་ལ།། བདེཆེན་རང་རིག་བྱང་ཆུབ་སེམས།། བདེ་བ་སྒྱུར་མའི་རང་བཞིན་ལ།། ཐབས་ཆེན་དྲཝ་བས་མཚམས་སྦྱོར་ནས། ། ཡེ་ཤེས་སྒྱུ་མས་མངོན་པར་འཕྲུལ།། སྒྱུ་དང་ལམ་དང་འབྲས་བུའི་ངང།། རྐྱེན་བཅས་རང་འབྱུང་འཁོར་ལོ་དྲུག། ཐབས་དང་ཤེས་རབ་མཉམ་སྦྱོར་ཞིང།། སྐུ་གསུང་ཐུགས་ཀྱི་ལམ་ལས་བྱུང།། བདེ་བ་ཆེན་པོའི་འབེན་ལ་ཕོག། ། ཟབ་མོ་ཤེས་རབ་ཕ་རོལ་ཕྱིན།། བདེ་ཆེན་གསལ་བར་བྱེད་པའི་སེམས།། འཇུ་དང་འཕོ་བའི་རང་བཞིན་ཅན།། ཁྱབ་པ་ནམ་མཁའི་རང་བཞིན་ཉིད། ས་ཡ་བཅུ་གསུམ་ཁྱབ་པར་སྤྲོ།། དབབ་དང་འཛིན་དང་དཀྱིལ་བ་ཡིས། ། ཡེ་ཤེས་ནམ་མཁའི་གཟུགས་སུ་ངེས།། རྒྱུ་དང་དངས་རྙིགས་འབྱེད་པ་དང།། སྲོག་ཅེས་བྱ་བར་གནས་པ་སྟེ།། དང་པོ་གཟུང་བས་བདེ་འགྱུར་ཞིང།། གཉིས་པ་ལུས་བཟུང་འཛིན་པ་སྟེ། ། ཐབས་འཚོ་བའི་རང་བཞིན་ཅན།། ལས་དེ་མཚན་ཉིད་རྒྱུ་བའི་རླུང།། མི་ཤིག་ཐིག་ལེ་བདེ་ཆེན་པོ།། རང་བྱུང་བསྐལ་བའི་མེ་ལྟར་འབར།། རྒྱུ་བ་རླུང་གི་མངོན་ཤེས་ཅན།། འཕེན་དང་སྡུད་དང་གནས་བ་དང། ། ཐབས་ཀྱི་ཁྱད་པར་སྟོན་པ་ཡིན།། རང་བྱུང་འཁོར་ལོ་ཐུགས་ཀྱི་གནས།། ཕུན་སུམ་ཚོགས་པ་ཀུན་ཀྱང་གནས།། གསང་བ་ཕ་རོལ་ཕྱིན་པ་དང།། ས་བཅུ་རྫོགས་པའི་རང་བཞིན་ཅན།། རྒྱུ་བ་གསལ་ཏེ་བཀག་ཏེ་ཤེས། ། ཐིག་ལེ་རྫོགས་པའི་རང་བཞིནགྱིས།། ཐབས་དང་ཤེས་རབ་རྫོགས་པར་བལྟ།། མ་ལུས་བདེ་ཆེན་ཁྱབ་པ་ཡིས།། གཉིས་མེད་ཡེ་ཤེས་རང་བཞིན་ཅན། སྙོམས་འཇུག་པ་ནི་བསམ་པར་བྱ། ཙིཊྚའི་འཁོར་ལོ་རིན་པོ་ཆེ། ། ཐུགས་ཀྱི་འཁོར་ལོ་རྟེན་དང་ཡུལ།། ཙ་བ་ཡན་ལག་ཀུན་གྱི་བདག།། ཙ་བ་སྐུ་གསུང་ཐུགས་སུ་འབྲེལ།། བདེ་ཆེན་གཉིས་མེད་ཁྱབ་པའི་འོད།། འཕྲུལ་མིག་ལྷ་ཡི་སྤྱན་གྱི་བལྟ།། ཐབས་དང་ཤེས་རབ་སྙོམས་འཇུག་ལ། ། བདེ་ཆེན་རང་བྱུང་གསང་བའི་ལམ།། མ་ཆགས་པད་མ་ལྟ་བུའི་སྤྱན།། གཅིག་དང་དུ་མར་བྲལ་བ་ཡི།། མཐའ་དབུས་མེད་པའི་སྐུ་གསུང་ཐུགས།། ཐབས་བྲལ་རྣམས་ལ་རྒྱས་བཏབ་པ། ། ཐབས་དང་ཤེས་རབ་ལྡན་པས་རྟོགས།། ཕྱག་རྒྱ་ཆེན་པོའི་རང་བཞིན་ལ།། འཇིག་རྟེན་འདས་དང་འཇིག་རྟེན་པའི།། ལོངས་སྤྱོད་བདེ་སྡུག་ཀུན་རྫོགས་ཀྱང།། བསྟན་རྟག་དགའ་བའི་རང་བཞིན་ཏེ།། བདེ་ཆེན་ཕྱག་རྒྱ་བསམ་མི་ཁྱབ། ། གདམ་ངག་སྟེང་དང་འོག་གི་སྒོ།། དགུག་དང་བཀུག་པའི་ཐབས་ཆེན་པོ།། ཤེས་རབ་ལས་ཀྱི་ཕྱག་རྒྱ་ལ།། བྱེད་པ་སྡོམ་པའི་མན་ངག་གི། རོལ་དང་ཆགས་པའི་རང་བཞིན་ཉིད།། ལྷ་མོ་བཅུ་གཉིས་ཚང་པ་ལས། ། ཀུན་རྫོབ་སེམས་ཀྱི་རང་བཞིན་འབྱུང།། སྡེམ་དང་བརྟུལ་བའི་མཚན་ཉིད་དང།། གཟུང་བའི་ཐབས་ཆེན་ལས་བྱུང་བས།། དོན་དམ་ཡེ་ཤེས་གཉིས་མེད་འཆར།། བདེན་གཉིས་དབྱེར་མེད་དགའ་བ་ནི། ། དངོས་པོ་ལྷན་ཅིག་སྐྱེད་པ་གསལ།། དག་པ་གསུམ་གྱི་རང་བཞིན་ནི།། སྐུ་གསུང་ཐུགས་སུའང་མཚོན་པ་ཡིན།། ལས་བཞི་རྫོགས་པའི་གསང་བའི་ལས།། ཡོན་ཏན་གདུལ་བྱའི་སྟོབས་ལ་སྣང། ། རྡོ་རྗེ་གསང་བའི་ཚིག་ཏུའོ།། སྒྱུ་འཕྲུལ་ཡེ་ཤེས་སྙིང་པོའི་རྒྱུད་ལས།། བདེ་ཆེན་ཕྱག་རྒྱ་བཀོད་པའི་ལེའུ་སྟེ་དྲུག་པའོ།།།། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྱེས་བ་ཆེན་པོས་ཟབ་མོ་བྱིན་གྱིས་རློབས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་གནས་ནས། ། ཆེད་དུ་བརྗོད་པ་འདི་བརྗོད་དོ།། སངས་རྒྱས་ཕོ་བྲང་རིན་ཆེན་སྣོད།། ཏིལ་འབྲུ་གསང་བའི་གཞལ་ཡས་ཁང།། སངས་རྒྱས་ཀུན་འབྱུང་སྙིང་པོ་ཅན། ། སྣ་ཙེ་ཐིག་ལེ་ཞུགས་པའི་གནས།། ཕྱི་ནང་གསང་བའི་མཚན་ཉིད་དོ།། འཇུག་པའི་སྒོ་བཞི་ཕྱག་རྒྱ་ལྡན།། བརྟག་པར་དཀའ་བའི་ཕྱ་རྒྱས་བཏབ།། ཕོ་བྲང་དཀྱིལ་འཁོར་བཞི་རྫོགས་པར།། རིན་ཆེན་དཀྱིལ་འཁོར་གསེར་གྱི་སྒོ། ། འབྱེད་དང་སྡོམ་པའི་ཕྱག་རྒྱ་ཅན།། རིག་པའི་ཡེ་ཤེས་རྫོགས་པའི་ལྡན།། འདོད་ཡོན་གསང་བ་མཛེས་པར་བརྒྱན།། ཉི་ཟླ་པདྨའི་རིན་ཆེན་གྱིས།། ཆེ་བའི་ཁྱད་པར་སྟོབས་ལྡན་པ། ། གསང་བའི་སྐུ་གསུང་ཐུགས་ཀྱི་གནས།། ས་བོན་ཡི་གེ་བདེ་བ་ཅན།། ཀུན་ཏུ་ཁྱབ་པར་བཞུགས་པ་ནི།། དཀྱིལ་འཁོར་གསང་བའི་བདག་ཉིད་ཅན།། ཡེ་ཤེས་ལྔ་ཡིས་རྒྱས་བཏབ་པས།། ཟག་མེད་ཡེ་ཤེས་ཁྱད་པར་འཕགས། ། མེ་རླུང་འཕྲུལ་གྱི་ལྕགས་ཀྱུ་ཡིས།། བསྐྱོད་པ་རླུང་གི་ཕྱག་རྒྱ་ཡིས།། ཡེ་ཤེས་ས་བོན་ཞུ་བ་ཡིས།། དབབ་པས་བདེ་བ་ཐིམ་པར་འགྱུར།། ཐུགས་ཀྱི་དཀྱིལ་འཁོར་དམ་པ་དེ།། རབ་ཏུ་ཕྲ་བའི་སྣལ་མ་འམ། ། མིགཡོ་གཟུང་བའི་རླུང་སྟོབས་ཀྱིས།། གཟུང་དང་དཀྱིལ་དང་དྲངས་པ་ལས།། བདེ་བའི་རྟགས་རྣམས་འབྱུང་འགྱུར་ཏེ།། གར་ཐབས་རླུ་ང་ལ་དབང་སྒྱུར་ཞིང།། བྱེད་པ་སྡོམ་པའི་མན་ངག་གིས།། བདེ་བའི་ས་བོན་དབང་སྒྱུར་ན། ། རང་བྱུང་ཡེ་ཤེས་འབར་བ་འབྱུང།། ཐབས་ཀྱི་ཟིན་དང་མ་ཟིན་པས།། མྱ་ངན་འདས་དང་འཁོར་བ་སྣང།། ཟབ་མོ་དབང་གསུམ་ཐོབ་བྱ་ཞིང།། བླ་མའི་མན་ངག་ལྡན་གྱུར་ནས།། རྒྱུ་བའི་རླུང་ལ་དབང་ཐོབ་ན། ། འཁོར་བ་སངས་རྒྱས་ཉིད་དུ་སྦྱོར།། མ་ནི་དཀྱིལ་འཁོར་གསང་བའི་དོན།། མ་ནུ་འཁོར་བ་རྙོག་པའི་ཡིད།། ཏྲ་ཞེས་བྱ་བ་སྐྱོབ་པ་ཉིད།། ཟག་མེད་ཡེ་ཤེས་དཀྱིལ་འཁོར་གནས།། གཉིས་མེད་ཐབས་དང་ཤེས་རབ་སྟེ། ། སྙོམས་འཇུག་བསྒོམས་པས་བསྟིམ་པ་ལས།། ཡེ་ཤེས་ལྔ་ཡི་རྒྱས་བཏབ་སྟེ།། སྐུ་གསུང་ཐུགས་སུ་གསལ་བར་སྣང།། སྐྱོབ་པ་བདེ་མཆོག་མཚན་ཉིད་ཀྱིས།། མ་ལུས་དཀྱིལ་འཁོར་ཉིད་དུ་སྦྱོར། ། དབང་ཐོབ་རིག་པ་འཛིན་པ་ཡིས།། སྤྱོད་ཡུལ་ཕྱི་ནང་མ་ལུས་པ།། ཐབས་དང་ཤེས་རབ་གཉིས་མེད་པའིབདེ་ཆེན་གསང་བའི་རྒྱས་བཏབ་བོ།། ཁྱབ་དང་གང་བའི་བདག་ཉིད་ཅན།། ཡེ་ཤེས་ཆེན་པོ་མུ་མཐའ་མེད། ། རྒྱུ་བ་རླུང་གི་སྟོབས་དང་བྲལ།། རྣམ་རྟོག་ཡེ་ཤེས་ཉིད་དུ་འགྱུར།། ཞག་ནི་སུམ་བཅུ་ཕྲག་དྲུག་གམ།། ལོ་གཅིག་ཟླ་བ་བཞི་ཚུན་ཆད།། བདེ་བའི་ཡེ་ཤེས་འཕེལ་བར་འགྱུར།། སངས་རྒྱས་ས་ལ་ཐེ་ཙོམ་མེད། ། ཅེས་རྡོ་རྗེ་གསང་བའི་ཚིག་ཏུའོ།། སྒྱུ་འཕྲུལཡེ་ཤེས་སྙིང་པོའི་རྒྱུད་ལས། གསང་སྔགས་ཀྱི་རིག་པ་བྱིན་གྱི་རློབས་པའི་ལེའུ་སྟེ་བདུན་པའོ།། དེ་ནས་དེ་བཞིན་གཤེགས་པ་དགྱེས་པ་ཆེན་པོ་ཉིད་ཀྱིས། ། ཕྱག་རྒྱ་ཆེན་པོ་རངསྣང་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས།། ཆེད་དུ་བརྗོད་པ་འདི་བརྗོད་དོ།། ཐམས་ཅད་རང་རིག་བྱང་ཆུབ་སེམས།། ཡེ་ཤེས་སྙིང་པོ་གཉིས་སུ་མེད།། ཐབས་དང་ཤེས་རབ་གཉིས་མེད་པའི། ། འཇུག་པའི་ཐབས་མཁས་འབྱོར་པ་ཡིས།། ཕྱག་རྒྱའི་ཚོགས་ཆེན་གསལ་བར་ལྡན།། འཁོར་ལོ་འདུས་པའི་སྙིང་པོ་ལ།། རྒྱལ་བའི་ཡེ་ཤེས་རྫོགས་པར་ལྡན།། དབང་པོ་ཡུལ་དུས་གསང་བའི་སེམས། ། སྐུ་གསུང་ཐུགས་ཀྱི་རང་བཞིན་ལ། ཡོན་ཏན་འཕྲིན་ལས་ཀུན་ཏུ་རྫོགས།། གདམས་ངག་སྟེང་འོག་ལས་བྱུང་བའི།། ཐབས་ཆེན་ཐབས་ལས་བྱུང་བ་ཡི།། འཕེལ་བའི་རང་རིགས་བསམ་མི་ཁྱབ།། སྤྲོ་བསྡུ་གནས་པའི་འཛིན་པ་དག། རྗེས་དྲན་ཡན་ལག་བཞི་དང་ལྡན།། ཞལ་དང་པདྨ་དབང་པོ་དག། གསང་བའི་རོ་དག་ལྡན་འགྱུར་ཞིང།། གོམས་པའི་ལྟོ་བས་ལས་བྱུང་བའི་དོན།། སྒྱུ་འཕྲུལ་དྲ་བར་ངེས་པར་བརྗོད། ། ཡེ་ཤེས་སྙིང་པོ་བྱང་ཆུབ་སེམས།། མ་ལུས་བདེ་ཆེན་རང་བཞིན་བཤར། བར་ཆད་མེད་པའི་ཏིང་འཛིན་གྱིས།། མ་ལུས་གཉིས་མེད་འབྲལ་བར་བསླབ།། སྙིང་པོ་སྒྲིབ་མེད་དག་པ་ལྟར།། དབང་པོ་ཡུལ་སེམས་དག་པ་ཡི། ། བྱང་ཆུབ་སེམས་དེ་གཟུང་བ་ཡིས།། རང་བྱུང་ཡེ་ཤེས་གསལ་བར་སྣང།། སྣང་སྟོང་དབྱེར་མེད་རྗེས་འཐུན་པའི།། རྫོགས་པའི་སྐྱེ་མེད་བྱང་ཆུབ་སེམས།། མ་ལུས་མཁའ་ལྟར་དག་པར་སྣང།། ཡེ་ཤེས་ལྔ་རྫོགས་བྱང་ཆུབ་སེམས། ། དངོས་པོ་ལྷན་ཅིག་སྐྱེས་པའི་སེམས།། བདེ་ཆེན་རང་རིགས་གཉིས་མེད་བས།། དེ་བཞིན་ཉིད་དུ་རྣམ་པར་སྣང།། བསྡམས་དང་བཀུག་དང་གློད་པ་ཡིས།། ཡེ་ཤེས་ནམ་མཁའ་ལྟ་བུར་འགྱུར། ། སྐྱེ་འཇིག་གནས་དམིགས་འགྲོ་འོང་དག། སེམས་ལྔ་རྫོགས་པར་ལྡན་པར་འགྱུར།། སྙིང་པོ་སེམས་དང་ལྡན་པ་ན།། ཡལ་ག་ལོ་འདབ་ཞེན་པ་མེད།། བདེ་བ་ཕྱི་ནང་གསང་བ་ཡིས།། ཕྱོགས་བཅུ་ཀུན་ཏུ་ཁྱབ་པ་དང། ། གར་ཐབས་འབྱུང་འཇུག་རླུང་གི་ཚོགས།། ཐབས་དང་ལྡན་པར་ནན་ཏན་བྱ།། ཀུན་རྫོབ་དོན་དམ་གཉིས་མེད་པའི།། བྱང་ཆུབ་སེམས་སུ་མཉམ་སྦྱོར་ནས།། དོན་མཐོང་འཇུག་པས་མཐར་ཕྱིན་ན། གཉིས་མེད་རྫོགས་པ་ལྷུན་གྱིས་གྲུབ།། ཤ་ལྔ་བདུད་རྩིལྡན་པ་ཡིས།། ལོངས་སྤྱོད་འབྱུང་ལྔ་བྱིན་བརླབས་ལ།། བདག་ཉིད་རྒྱན་དང་ལོངས་སྤྱོད་པས།། མཉམ་པའི་རྒྱལ་པོར་ཐེ་ཙོམ་མེད།། བདེ་ཆེན་དཔའ་བོ་མཛད་པ་ཡིས། ། བདག་ཉིད་ཇི་ལྟར་འཚམ་པ་བཞིན།། བླང་དོར་མེད་པར་སྤྱད་པར་བྱ།། བརྟེན་པ་ལྔ་དང་མི་སྤང་ལྔ།། ཤེས་དང་གྲུབ་པའི་རང་བཞིན་དག།། འཇིགས་པ་མེད་པར་དང་དུ་བླང།། རྩ་བའི་མཚན་ཉིད་སྨོས་ཅི་དགོས། ། ཨ་ཧོ།། ཞེས་གསང་བའི་ཚིག་ཏུའོ།། སྒྱུ་འཕྲུལ་ཡེ་ཤེས་སྙིང་པོའི་རྒྱུད་ལས།། ཕྱག་རྒྱ་ཆེན་པོ་གསལ་བར་བསྟན་པའི་ལེའུ་སྟེ་བརྒྱད་པའོ།། དེ་ནས་དེ་བཞིན་གཤེགས་པ་གཅིག་དང་དུ་མ་མེད་པའི་བདག་ཉིད་ཀྱིས་ཐབས་དང་ཤེས་རབ་ཀྱི་ཏིང་འཛིན་ལ་མཉམ་པར་ཞུགས་ནས། ། ཆེད་དུ་བརྗོད་པ་འདི་བརྗོད་དོ།། བདག་ཉིད་བྱང་ཆུབ་སེམས་ཤེས་ཤིང།། མ་ལུས་ཡེ་ཤེས་སྒྱུ་མའི་ཚུལ།། ཤེས་ཤིང་ཕྱག་རྒྱ་ཀུན་རྫོགས་པ། ། ཐབས་ཤེས་རབ་དབྱེར་མེད་པས།། བདེ་ཆེན་ས་གཞི་དམ་པ་དག།། ལྷ་ཀླུ་གནོད་སྦྱིན་མི་ལ་སོགས། ལྷག་པའི་སྐྱེ་བོ་དམ་པ་ལ།། ཡིད་འོང་སྙེད་དང་ཙོད་གཞི་ཕྱིར།། ཚིག་དང་བདེན་པས་སྒོ་ལ་བླང། ། སྦྱོར་པའི་ཆ་ལས་བྱུང་བའིཐབས།། ངེས་པའི་ཚིག་གི་དབང་དུ་བྱས།། ཚད་མེད་ཚད་ལས་བབ་བ་དག།། རིག་པ་འདྲེས་པའི་ཐིག་བཏབ་ནས།། རྫས་དང་ཚིག་དང་ཏིང་འཛིན་གྱིས། སྦྱང་སྟེ་དྲི་མེད་དག་པར་བྱ། ། འབྱོར་པའི་ཡོ་བྱད་དམ་པས་མཆོད།། ཕུང་པོ་ཁམས་དང་སྐྱེ་མཆེད་དག། ཡབ་ཡུམ་གསལ་བའི་ཁྱར་པར་གྱིས།། གཞི་དང་བཅས་པ་ལྷར་གསལ་ནས།། གསང་དབང་པདྨ་བྱིན་བརླབས་ནས།། དབང་སྐུར་བྱིན་རླབས་དམ་ཚིག་དཔོག། གསང་བའི་དམ་བསྲེས་གདམས་ངག་ཕོག། ཡེ་ཤེས་དཀྱིལ་འཁོར་བྱིན་ཕབ་ལ།། ཕྱག་རྒྱ་བཞི་ལྡན་བརྟུལ་ཞུགས་དག།། རྟག་ལྡན་གསལ་བར་སྣང་བའི་ཚེ།། འཕོ་འཇུག་ཐུན་མཚམས་བརྟག་པར་བྱ། ། དབང་པོ་རྟོག་པའི་ཁྱད་པར་གྱིས།། རླུང་གི་སྟོབས་དང་ལྡན་པ་ཡིས།། གཟུང་དང་ཟློག་པས་དབང་བསྐུར་ཏེ།། བདེ་ཆེན་ཐིག་ལེ་ཁྱབ་འགྱུར་ན།། ཡེ་ཤེས་སྙིང་པོ་རང་གནས་པ།། ཇི་བཞིན་གསལ་བར་སྣང་བར་འགྱུར། ། སྙིང་པོའི་རྣལ་མས་བཅིང་བར་བྱ།། བདེ་ཆེན་འཕེལ་ཞིང་རིག་པ་ཉིད།། ཞི་བ་སྐྱེ་འགག་མེད་པ་ཐོབ།། བསྟན་ན་བར་ཆད་མེད་པ་ཡིས།། ངེས་པའི་དོན་ལ་འཇུག་པར་བྱ། ། ཀུན་རྫོབ་སྒྱུ་མའི་རང་བཞིན་ཅན།། དོན་དམ་མ་སྐྱེས་འཇིག་པ་མེད།། ཐབས་དང་ཤེས་རབ་སྙོམས་འཇུག་པ།། སྟོང་བ་རྒྱས་བཏབ་རིག་པར་བྱ།། ཡེ་ཤེས་སྒྱུ་འཕྲུལ་རང་བཞིན་ཅན།། ཐིག་ལེ་བདེན་གཉིས་དབྱེར་མེད་པའི། ། གསང་བའི་དོན་ལ་ཐིམ་པར་བྱ།། མི་གཡོ་བརྟན་པའི་དབང་ཐོབ་ནས།། ཐབས་དང་ཤེས་རབ་དབྱེར་མེད་པའོ།། ཨ་ཧོ།། གསང་བའི་ཚིག་ཏུའོ།། སྒྱུ་འཕྲུལ་ཡེ་ཤེས་སྙིང་པོའི་རྒྱུད་ལས།། ཐབས་དང་ཤེས་རབ་རྫོགས་པའི་དཀྱིལ་འཁོར་གྱི་ལེའུ་སྟེ་དགུ་པའོ། །།། དེ་ནས་དེ་བཞིན་གཤེགས་པ་ཡེ་ཤེས་རྒྱལ་པོ་དེ།། ཡེ་ཤེས་དབབ་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ། ཆེད་དུ་བརྗོད་པ་འདི་བརྗོད་དོ།། ཐབས་དང་ཤེས་རབ་སྦྱོར་བ་འོད། བསྐུལ་བའི་ཐབས་ཆེན་ཀུན་འདུས་པ།། སྐུ་གསུང་ཐུགས་ཀྱི་ལམ་ལས་བྱུང།། དེ་ནས་མ་ལུས་ཁྱབ་པའི་འོད།། བདེ་ཆེན་སྙིང་པོ་བསྟིམ་པ་ལས། ། ལུས་ཀུན་བདེ་རྒྱས་འགྱུར་ནས།། འདར་དང་རྡུལ་དང་བ་སྤུ་ལྡང།། འཕར་བ་སྒྲ་བརྟག་བྱུང་ན་བརྟག།། ཙ་ཕུག་ཁྱབ་ཅིང་སྟོང་འགྱུར་ན།། བརྟན་པ་གློང་པས་ཐེ་ཙོམ་མེད།། བཅུ་གཉིས་བཅུ་དྲུག་བཅོ་ལྔ་དང། ། བཅོ་བརྒྱད་ཉི་ཤུ་ལྔ་ཡི་བར།། ཡེ་ཤེས་དབབ་པའི་ས་བོན་ཅན།། ཕྱིན་ཆད་དངོས་གྲུབ་ཡལ་བ་ཡིན།། དངོས་གྲུབ་གཉིས་མེད་སྐུ་གསུང་ཐུགས།། མ་ལུས་དྲི་མེད་དག་པ་ལ།། དངོས་པོ་ལོག་པའི་ཀུན་བརྟགས་ཀྱིས། ། གཟུང་དང་འཛིན་པར་ཞེན་པའི་ཕྱིར།། གང་ཡང་དེ་དག་མཁྱེན་མི་འགྱུར།། དེ་དག་ལེགས་པར་བསྟན་པའི་ཕྱིར།། སྒྱུ་འཕྲུལ་དྲཝ་བ་ལྷུན་གྲུབ་པ།། ཟབ་མོ་དབང་གསུམ་ཁྱད་པར་གྱིས།། རང་བྱུང་གཏན་ལ་འབེབ་པར་བྱ། ། སྟོང་པ་མ་ཡིན་མི་སྟོང་མིན།། དེ་བཞིན་དབུ་མ་འང་མ་ཡིན་ཏེ།། གཞི་ཙ་མེད་པའི་སེམས་ཉིད་དེ།། མཚན་ཉིད་གསུམ་ལྡན་ཉམས་སུ་བླང།། བསྙེན་སྒྲུབ་དགོས་འབྲེལ་བཞིར་ལྡན་ནས། ། དག་པ་རྣམ་གསུམ་གོམས་པ་ཡིས།། འབྲེལ་བའི་ཡེ་ཤེས་བསྒྲུབ་པར་བྱ།། སྟེང་དང་འོག་ལས་ཕྱེ་བ་ཡིན།། རང་རིག་གསང་བའི་མཚན་ཉིད་དང།། བསྐྱེད་དང་རྫོགས་པའི་རང་བཞིན་ཅན།། རྫོགས་དང་རྫོགས་ཆེན་རང་བཞིན་བརྟག། ། སྒྱུ་འཕྲུལ་དྲཝ་བ་རྟོགས་འདོད་པས།། བླ་མའི་ལུང་དང་མན་ངག་དང།། དབང་དང་ཐབས་ཀྱི་ཁྱད་པར་དང།། རྒྱུ་བའི་རླུང་ལ་མཁས་པར་བྱ།། དེ་དག་དོན་ལ་མི་མཁས་ཤིང།། ཚད་མ་བཞི་དང་མི་ལྡན་པར། ། རང་རིག་གོམ་པ་མེད་པ་ཡིས།། སྲིད་པའི་ས་བོན་མཚམས་སྦྱོར་ནས།། ཉོན་མོངས་ལྔ་ཡི་བདག་པོ་འགྱུར།། ཕྱི་ནང་སྣོད་བཅུད་མ་ལུས་པ།། ཡེ་ཤེས་དཀྱིལ་འཁོར་ཞིང་དུ་དག། སྙིགས་མ་ཡེ་ཤེས་འོད་འབར་ནས། ། ཐབས་དང་ཤེས་རབ་མཉམ་བར་གནས།། སྲིད་གསུམ་ཐིག་ལེ་ཁྱབ་པའི་ཕྱིར།། ཆོས་དབྱིངས་སྐུ་གསུམ་སྐུ་གསུང་ཐུགས།། སྐད་ལྡན་རྣམས་ལ་བསྟན་པར་བྱ།། ཨ་ཧོ།། གསང་བའི་ཚིག་ཏུའོ། ། སྒྱུ་འཕྲུལ་ཡེ་ཤེས་སྙིང་པོ་རྒྱུད་ལས།། དབབ་པ་དང་ཡེ་ཤེས་བསྟན་པའི་ལེའུ་སྟེ་བཅུ་པའོ།།།། དེ་ནས་དེ་བཞིན་གཤེགས་པ་དགྱེས་པ་ཆེན་པོས།། ལྷུན་གྱིས་གྲུབ་པའི་ཏིང་འཛིན་ལ་སྙོམས་པར་ཞུགས་ནས། ། ཆེད་དུ་བརྗོད་པ་འདི་བརྗོད་དོ།། ཐབས་དང་ཤེས་རབ་གཉིས་མེད་པའི།། སྒྱུ་འཕྲུལ་དྲ་བ་བསྟན་པའི་ཡིད།། ཟད་མེད་བསྟན་པ་ཡེ་ཤེས་ལས།། ལྷུན་གྲུབ་དཀྱིལ་འཁོར་གསལ་བར་འབྱུང།། ཕྱི་ནང་གསང་བ་ལས་ཕྱུང་བའི། ། བསྙེན་སྒྲུབ་བཞི་ཡི་རིམ་པ་ཡིས།། ཡེ་ཤེས་སྒྱུ་མའི་རང་བཞིན་ལས།། འཕྲུལ་བའི་དྲཝ་བ་ཅིར་ཡང་སྣང།། རང་བྱུང་རིག་པའི་འཁོར་ལོ་ལ།། སྐུ་གསུང་ཐུགས་ཀུན་རྫོགས་པར་གནས། ། ཐབས་དང་ཤེས་རབ་འབྲེལ་བའི་མཐུས།། མ་ཆགས་ཐབས་ཆེན་རྡོགས་པར་ལྡན།། ཁྱབ་པ་ཨ་ཡི་རང་བཞིན་ལ།། ཏིང་འཛིན་འཕེན་པས་མཚམས་སྦྱར་ཏེ།། དགའ་དང་བདེ་བ་ཆེན་པོ་ཡིས།། ནམ་མཁའི་ཡེ་ཤེས་ཅིར་ཡང་གསལ། ། དྭངས་མ་ཡེ་ཤེས་ལྔ་ཡི་བདག། སྐུ་གསུང་ཐུགས་ཀྱི་རང་བཞིན་ཅན།། འབྲས་བུ་ལྷུན་གྲུབ་རྫོགས་པར་ལྡན།། རྒྒུ་བ་རླུང་གི་འཕར་ལ་གནས།། སྙིང་པོ་ལམ་ཆེན་མཚམས་སྦྱར་ཏེ།། དྭངས་མ་རྙིགས་མར་ཕྱེ་བྱས་ཏེ། ། དྭངས་མའི་ཡེ་ཤེས་འོད་དུ་འབར།། རྒྱུ་བ་ཡེ་ཤེས་ཚུལ་དང་མཐུན།། གསང་བའི་རྟོག་པ་གང་སྣང་བ་ཡེ་ཤེས་ཆེན་པོ་ལྷུན་གྱི་གྲུབ།། ཀུན་འབྱུང་སྒྱུ་འཕྲུལ་ཟབ་མོའི་དབྱིངས།། ཡེ་ཤེས་འབྱུང་གནས་མུ་མཐའ་མེད། ། རྫོགས་པའི་ཐིག་ལེ་རང་བཞིན་དག། སྟེང་དང་འོག་དང་གང་བྱུང་བ།། ཐབས་དང་ཤེས་རབ་གཉིས་མེད་ལམ།། ཁྱབ་པ་ཨ་ཡི་རང་བཞིན་ཏེ།། རིན་ཆེན་འབར་བའི་ཁོང་ན་གནས། ། རིན་ཆེན་འཕྲུལ་གྱི་ཐབས་ལྡན་པས།། ཤེལ་གྱི་སྦྲ་གུར་གྲངས་སྦྱོར་བ།། རིང་པོ་ཐུང་ངུ་གང་ཡིན་པ།། ཡི་གེ་དེ་ཉིད་མཚམས་སྦྱར་བའི།། ཇི་ལྟར་སྣང་བའི་ཆོས་རྣམས་ཀུན།། ཡེ་ཤེས་ལྷུན་གྱི་གྲུབ་པར་ངེས། ། ཐབས་དང་ཤེས་རབ་གཉིས་མེད་པའི།། བརྟེན་པ་ལས་ཀྱི་ཁྱད་པར་ལས།། ཐིག་ལེ་ཡེ་ཤེས་རྫོགས་པར་གསལ།། དུག་འགྱུར་སྨན་དང་མུན་སེལ་བཞིན།། རྒྱུ་བ་གཉིས་དང་བཞིར་ཤེས་པས།། ཡེ་ཤེས་བརྒྱད་དང་བཅུ་དྲུག་དང། ། ཡང་དག་ཡེ་ཤེས་བཞར་ཤེས་བྱ།། ཐབས་དང་ཤེས་རབ་གོམས་པ་ཡིས།། ཉོན་མོངས་འདོད་ལྔ་ཀུན་སྤྱད་ཀྱང།། དུག་ཆེན་སྨན་དུ་གྱུར་པ་ལྟར།། ཐབས་ལ་མཁས་པས་ཤེས་པ་ཡིན། ། ལྷུན་གྲུབ་ཡེ་ཤེས་སྦྱོར་མཁས་པས།། འཁོར་བ་མ་སྤངས་ཞིང་དུ་དག། ཨཧོ།། གསང་བའི་ཚིག་ཏུའོ།། སྒྱུ་འཕྲུལ་ཡེ་ཤེས་སྙིང་པོའི་རྒྱུད་ལས།། ལྷུན་གྱིས་གྲུབ་པའི་ལེའུ་སྟེ་བཅུ་གཅིག་པའོ།། དེ་ནས་དེ་བཞིན་གཤེགས་པ་ལྷུན་གྱིས་གྲུབ་པ་དེས། ། གསང་བའི་དཀྱིལ་འཁོར་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས།། ཆེད་དུ་བརྗོད་པ་འདི་བརྗོད་དོ།། རང་འབྱུང་རྫོགས་པའི་དཀྱིལ་འཁོར་དྲུག།། གཉིས་མེད་ཚུལ་དུ་བཞུགས་པ་སྟེ། ། ཐབས་དང་རྐྱེན་ལ་རག་ལས་པས།། དེ་དག་གཉིས་སུ་སྣང་བ་ཡིན།། སྐུ་བཞི་འཁོར་ལོ་རང་བཞིན་ཅན།། ལུས་ཅན་ཀུན་ལ་ཁྱབ་པར་གནས།། ཐབས་ཀྱིས་ཤེས་རབ་ལས་སྦྱོར་བ།། ཨ་ལི་འཕྲེང་བའི་བདག་ཉིད་ཅན། ། ཀ་ལི་གནས་པའང་དེ་བཞིན་ཏེ།། སངས་རྒྱས་ཁ་སྦྱོར་སྙིང་པོ་ལས།། འདོད་པའི་འབྲས་བུ་ཡོངས་ཀྱིས་འབྱུང།། ཆོད་ཉིད་ཡེ་ཤེས་ཡོན་ཏན་ཙ།། རང་རྒྱུད་ཙ་བའི་ཡན་ལག་བརྒྱད།། ས་བོན་དྲུག་དང་སྙིང་པོ་གསུམ། ། འོད་ལ་སྣོད་བཅུད་ཚུལ་དུ་གནས།། མ་རྟོག་འཁོར་བའི་ས་བོན་ཏེ།། རྟོགས་པས་ཡེ་ཤེས་གཉིས་སུ་མེད།། ས་བོན་དྲུག་དང་སྙིགས་མ་དག། བྱིན་རླབས་ཡེ་ཤེས་འོད་དུ་འབར། ། སྙིང་པོ་དྭངས་མར་བྱིན་བརླབས་ནས།། ཐིག་ལེ་རང་བཞིན་མེད་པར་ཐིམ།། གཡོ་ཞིང་འཕར་བར་གྱུར་ནས་གློད།། གསང་བའི་ཐིག་ལེ་ཀུན་གྱི་དངོས།། ཡོན་ཏན་རྫོགས་པའི་བདག་ཉིད་ཅན།། ཐབས་དང་འབྲེལ་བའི་རང་བཞིན་རྒྱུད། ། སེམས་ཅན་ཀུན་གྱི་སྙིང་ལ་གནས།། དྭངས་མ་ལྔ་འདུས་ཀུན་གྱི་གཙོ།། མི་ཤིག་ཐིག་ལེ་བམ་དབྱིབས་བདག། རང་བྱུང་བདེ་བ་གསལ་བྱེད་པ།། ཐབས་དང་བཅས་པས་བསྟན་པར་གཅེས། ། ལྔ་འདུས་དྲུག་བདག་བརྒྱད་དཀྱིལ་བཞུགས།། དྲི་མེད་མཁའ་ལྟར་རྣམ་པར་དག། གསང་བའི་དཀྱིལ་འཁོར་ཀུན་གྱི་བདག། ཐབས་བྲལ་རྣམས་ལ་རྒྱས་བཏབ་ཀྱང།། སྐལ་ལྡན་ཐབས་ཆེན་རྣམས་ཀྱི་རྟོགས། ། བདེ་སྐྱོང་རིན་ཆེན་འབར་བའི་གནས། མ་ལུས་ཁྱབ་པའི་སྙོང་པོ་ཅན།། སྤྲི་བསྡུས་ཐིག་ལེ་ཀུན་གྱི་གནས།། དྲུག་ཅུ་ཙ་བཞི་འདབ་མ་ལ།། ཀ་ལི་གསང་བའི་བདག་ཉིད་ཅན།། ཙ་གསུམ་འདུས་པའི་ཡན་ལག་བདག། རྡོ་རྗེ་ནུ་མའི་སྙིང་པོར་འབྲེལ།། སྐུ་གསུམ་རྣམ་པར་རྫོགས་པའི་དབྱིངས།། ཉི་མ་རྐྱེན་དང་བྲལ་བ་ལྟར།། ལུས་ཅན་ཀུན་གྱིས་གསང་བསྟོདནས།། མི་མཐོང་བདེ་དང་བྲལ་བ་ཡིན།། ས་བོན་རླུང་གི་བདག་ཉིད་དེ། ། བཤང་པའི་ལམ་ལ་རྒྱས་བཏབ་བོ།། གདམ་ངག་འབྱེད་འཛུམ་སྦྱོར་བ་ཡིས།། བདེ་བའི་རང་བཞིན་རྟོག་པར་བྱ།། བདེ་ཆེན་སྙིང་པོ་ཕྲད་པ་ལས།། བདེ་ཆེན་རང་བྱུང་གསལ་བར་འགྱུར།། ཨ་ཧོ། ། གསང་བའི་ཚིག་ཏུའོ།། སྒྱུ་འཕྲུལ་ཡེ་ཤེས་སྙིང་པོའི་རྒྱུད་ལས།། གསང་བའི་དཀྱིལ་འཁོར་གྱི་ལེའུ་སྟེ་བཅུ་གཉིས་པའོ།།།། དེ་ནས་བཅོམ་ལྡན་འདས་དགྱེས་པ་ཆེན་པོས་མཐར་ཕྱིན་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ། ཆེད་དུ་བརྗོད་པ་འདིབརྗོད་དོ།། ཐབས་དང་ཤེས་རབ་གཉིས་མེད་པའི།། གསང་བའི་ཐིག་ལེ་ཆེན་པོ་ནི།། ཡོན་ཏན་ལྷུན་རྫོགས་བདག་ཉིད་དེ།། སངས་རྒྱས་སེམས་ཅན་ཀུན་དང་འབྲལ། ། ཐབས་དང་ལྡན་དང་མི་ལྡན་གྱིས།། ནུས་པའི་ཁྱད་པར་སོ་སོར་སྣང།། ཉུངས་ཀར་ཚད་ལྡན་རྡོ་རྗེ་སེམས།། ཙེ་ནས་ཙེ་རུ་ཕྱིན་པ་ཡིས།། འབྲས་བུའི་ཆོས་རྣམས་རྫོགས་པར་ལྡན།། རྫོགས་པའི་དབང་དང་ཤེས་པར་བྱ། ། ས་ཡ་བཅུ་གསུམ་ལྡན་པའི་བཅུད།། ལུས་རྣམས་ཀུན་ལ་རྒྱས་བཏབ་བ།། ཉུངས་འབྲུ་ལྟ་བུའི་གཞལ་ཡས་སུ།། གཟུང་ནས་རང་བྱུང་ལྡན་པར་བྱ།། བྱེད་པ་སྡོམ་པའི་མན་ངག་གིས།། གསང་བའི་སེམས་ཀྱི་ཁ་ལོ་སྒྱུར། ། སངས་རྒྱས་ཀུན་འབྱུང་སྙིང་པོ་ཉིད།། རྫོགས་པའི་དཀྱིལ་འཁོར་ལྷུན་གྱི་གྲུབ།། གསང་བ་བདེ་མཆོག་འོག་མིན་དུ།། རྒྱལ་བའི་དཀྱིལ་འཁོར་གསལ་བཏབ་ལ།། ཕྱི་ནང་སྣོད་བཅུད་མ་ལུས་པ། ། བདེ་བ་ཆེན་པོ་བརྟག་པར་བྱ།། གསང་བའི་ཐིག་ལེ་ཟབ་མོའི་དབྱིངས།། ཆེ་བས་རང་རིག་དཀྱིལ་འཁོར་གསལ།། ཐབས་དང་འབྲེལ་པས་ཐིག་ལེ་ཆེ།། མ་ལུས་གསང་བའི་དཀྱིལ་འཁོར་རོ། ། བདེ་ཆེན་ཡུམ་གྱི་དཀྱིལ་འཁོར་ལ།། འབྱུང་འཇུག་མེད་པར་བསྟན་འགྱུར་ནས།། མ་ལུས་རང་རིག་གཟུགས་སུ་སྣང།། འབྲས་བུ་རང་རིག་རྫོགས་པར་རོལ།། བཅུ་དྲུག་རྫོགས་པའི་རྒྱས་པ་ན།། འཕེལ་འགྲིབ་བྲལ་བའི་ཡེ་ཤེས་དེ། ། ཐབས་དང་ཤེས་རབ་ལྡན་པ་ཡིས། ཁམས་ལྔ་ཡེ་ཤེས་རྫོགས་པར་གསལ།། སེམས་ལྔ་ཕ་རོལ་ཕྱིན་བཅུ་དང།། ལམ་ལྔ་ཀུན་རྫོགས་བར་ཆད་མེད།། འཇུག་དང་ཟློག་དང་བསྟན་པའི་སེམས། ། འཇུག་པའི་རིམ་པ་གསལ་བར་བྱ།། གསང་བ་རྡོ་རྗེ་འཛིན་པའི་སྐུ།། བམ་གྱི་ཐིག་ལེ་ཁྱབ་པའི་གནས།། ཙ་ཡི་ཐིག་ལེ་གཅིག་ལ་འདུས།། ཡང་དང་ཡང་དུ་བསྟན་པ་ལས།། ཡེ་ཤེས་དཀྱིལ་འཁོར་སྒྱུ་འཕྲུལ་ཆེ། ། དྲ་བའི་དཀྱིལ་འཁོར་མངོན་རྫོགས་པ།། མན་ངག་མཆོག་ལ་སྦྱོར་བའི་ཚེ།། གྲུབ་པར་ངེས་ཏེ་ཐེ་ཙོམ་མེད། ཁམས་གསུམ་གསང་བའི་ལོངས་སྤྱོདརྫོགས།། རབ་ཏུ་བསྟན་པའི་ཐིག་ལེ་ཡིས།། ཆོས་རྣམས་ཀུན་ལ་ཁྱབ་གནས་པ། ། ཐབས་བྲལ་རྣམས་ལ་རྒྱས་བཏབ་པ།། ཐབས་དང་བཅས་པས་ཡོངས་སུ་ཤེས།། འཁོར་བ་མྱ་ངན་འདས་པའི་ཡིད།། སྤང་མེད་བླང་མེད་སངས་རྒྱས་ཞིང།། ལྷུན་གྱི་གྲུབ་པའི་དཀྱིལ་འཁོར་ལ། ། རྣལ་འབྱོར་ཆེན་པོས་བཙོན་པར་བྱ།། དཔག་མེད་འོག་མིན་བདེ་ཆེན་དུ།། ཐམས་ཅད་དུས་གསུམ་སངས་རྒྱས་པས།། ཡོན་ཏན་ཆེན་པོར་བསྔགས་པ་ཡིན།། རྟོག་པ་ཉིད་ལས་འབྲས་བུ་རྫོགས། ། རང་བྱུང་འཁོར་ལོ་མནྚ་ལ།། ས་བཅུ་དབང་ཕྱུག་ལྷུན་གྲུབ་ནས།། དེ་ནས་གཉིས་ལ་གོམས་སྦྱབབས།། སྐད་ཅིག་གཅིག་ལ་རྫོགས་སངས་རྒྱས།། སྐུ་ལྔ་ཀུན་རྫོགས་དབྱེར་མེད་དོ།། ཞེས་གསུངས་ནས། ། དེ་བཞིན་གཤེགས་པ་ཐམས་ཅད་སྐུ་གསུང་ཐུགས་དབྱེར་མེད་པའི་ཆོས་ཀྱི་དབྱིངས་ལྷུན་གྲུབ་སྟུག་པོའི་ཞིང་ཉིད་དུ་བཞུགས་སོ།། སྒྱུ་འཕྲུལ་ཡེ་ཤེས་སྙིང་པོའི་རྒྱུད་ལས།། མཐར་ཕྱིན་པའི་ལེའུ་སྟེ་བཅུ་གསུམ་པའོ། །།། སྒྱུ་འཕྲུལ་དྲ་བའི་ཡེ་ཤེས་སྙིང་པོའི་གསང་བའི་རྒྱུད་ཅེས་བྱ་བ་རྫོགས་སོ།། རྒྱ་གར་སྐད་དུ། ཏནྟྲ་རཱ་ཛ་མ་ཧཱ་མ་ཡ་ག་རྦྷ་ཀུ་ལ་ནཱ་མ།། བོད་སྐད་དུ།། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་སྒྱུ་འཕྲུལ་སྙིང་པོ་བཀོད་པ་ཞེས་བྱ་བ། ། བཅོམ་ལྡན་འདས་ཞི་ཁྲོ་རང་སྣང་གི་ལྷ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གི་བཤད་པའི་དུས་གཅིག་ན།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང། ། གསུང་དང།། ཐུགས་རྡོ་རྗེ།། ཡོན་ཏན་འཕྲིན་ལས་སུ་ལྷུན་གྱིས་གྲུབ་པའི་ཡེ་ཤེས།། སངས་རྒྱས་ཐམས་ཅད་ཀྱི་མངའ་བདག། དཔལ་ཀུན་ཏུ་བཟང་པོ་རང་སྣང་བའི་སྐུ།། དཀར་དམར་མཐིང་ཀའི་ཞལ་གསུམ་དུ་སྣང་བ་རྡོ་རྗེ་དང། ། འཁོར་ལོ་དང།། རིན་པོ་ཆེ་གཡས་ན་འཛིན་པ།། པདྨ་དང།། དྲིལ་བུ་དང།། རལ་གྲི་གཡོན་ན་འཛིན་པ།། རྡོ་རྗེ་སྐྱིལ་མོ་ཀྲུང་གི་ཀུན་ཏུ་བཟང་མོ་དང་འདུ་འབྲལ་མེད་པ་དེ་ཉིད་ཀྱི་ཁྱད་པར་ལས། ། རྡོ་རྗེ་འཆང་རིན་པོ་ཆེ་འབྱུང་བ་དང།། ཆོས་ཀྱི་དབང་ཕྱུག་དང།། དོན་ཡོད་པའི་དཔལ་དང།། རྣམ་པར་སྣང་མཛད་དང།། སངས་རྒྱས་སྤྱན་དང།། མ་མ་ཀི་དང།། གོས་དཀར་མོ་དང། ། སྒྲོལ་མ་དང།། ཆོས་ཀྱི་དབྱིངས་མ་དང།། གཞན་ཡང་སའི་སྙིང་པོ་དང།། ནམ་མཁའི་སྙིང་པོ་དང།། སྤྱན་རས་གཟིགས་དང།། ཕྱག་ན་རྡོ་རྗེ་དང།། ལཱ་སྱ་དང།། མ་ལེ་དང།། གི་རྟི་དང།། ནི་རྟི་དང། ། བྱམས་པ་དང།། ཀུན་ཏུ་བཟང་པོ་དང།། འཇམ་དཔལ་དང།། སྒྲིབ་པ་རྣམ་སེལ་དང།། མེ་ཏོག་མ་དང།། སྤོས་མ་དང།། མར་མེ་མ་དང།། དྲི་ཆབ་མ་དང། གཞན་ཡང་ཐུབ་པ་ཆེན་པོ་སྲིད་ཐུབ་འཛིན་དང། ། ཐུབ་པ་ཆེན་པོ་རྣམ་པར་རྒྱལ་བ་དང།། ཤ་ཀྱ་སེང་གེ་དང།། རྣམ་པར་གནོན་དང།། རྣམ་པར་སྣང་བྱེད་དང་ཆོས་ཀྱི་རྒྱལ་པོ་དང་གཞན་ཡང་སྟོབས་པོ་ཆེ་དང།། གཤིན་རྗེ་གཤེད་དང།། རྟ་མགྲིན་དང། ། བདུད་ཙི་འཁྱིལ་བ་དང།། ལྕགས་ཀྱུ་དང།། ཞགས་པ་དང།། ལྕགས་སྒྲོག་དང།། དྲིལ་བུ་དང།། དེ་ལྟ་བུ་འཁོར་དང་བཅས་པར་གནས་སོ།། དེ་དག་ཀྱང་བདེ་སྟོང་དབྱེར་མེད་པའི་གནས།། ཡེ་ཤེས་ལྔའི་རང་བཞིན་འཕྲིན་ལས་ལྷུན་གྱི་གྲུབ་པའི་གནས་ན། འགྲོ་བའི་དོན་མཛད་པ་མི་འགོག་པར་གནས་པའི་ཚེ་ན།། ནམ་མཁའ་ལས་ཆོས་ཉིད་ཀྱི་སྒྲ་དེ་ཡོངས་སུ་གྲག་གོ།། མ་རིག་རྨོངས་པ་སྒྲོན་མེས་གསལ་བའི་ཕྱིར། ། གནས་ལུགས་རང་བཞིན་ཞི་ཁྲོ་དང།། གདུལ་བྱ་སྦྲུལ་པའི་ཞི་ཁྲོ་དང།། ཕུང་པོ་རང་རྒྱུད་ཞི་ཁྲོ་དང།། གཞི་ལམ་འབྲས་བུའི་བདག་ཉིད་རྣམས།། ཐབས་ལ་མཁས་པས་གསུང་དུ་གསོལ།། ཅེས་ཡོངས་སུ་སྒྲོགས་སོ། ། དེའི་ཚེ་བཅོམ་ལྡན་འདས་དེ་ཉིད་ཞལ་བཞད་པ་འོད་ཟེར་ལས།། སྟོད་པ་ཉིད་ཀྱི་གླུ་འདི་གྲག་གོ།། གནས་མེད་གནས་ལ་འོད་གསལ་བ།། རང་འབྱུང་ཡེ་ཤེས་འོད་གསལ་སྐུ། བྱ་བྱེད་མེད་པའི་སྐུ་སྣང་བ། ། སྒྱུ་མའི་མིག་འཁྲུལ་རྣམ་པར་སྣང།། ཟག་བཅས་གདོས་པའི་ཁུང་པོ་ཡང།། མ་སྐྱེས་སྙིངཔོ་ཆོས་ཀྱི་སྐུ།། བྱུང་བགྲོད་གནས་པར་གང་སྣང་བ།། འབྲས་བུ་ཉིད་དུ་ངེས་པའི་ལམ།། ཞེས་གསུངས་སོ།། སྒྱུ་འཕྲུལ་དྲ་བའི་སྙིང་པོ་བཀོད་པ་ལས། ། རྒྱུ་དང་རྐྱེན་གྱི་ལེའུ་སྟེ་དང་པོའོ།།།། དེ་ནས་བཅོམ་ལྡན་འདས་གནས་ལུགས་རང་བཞིན་གྱི་ཏིང་ངེ་འཛིན་ལ་ཞུགས་ཏེ་འདི་གསུངས་སོ།། ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནི། ། སྟོང་ཉིད་རྣམ་དག་ཆོས་ཀྱི་དབྱིངས།། བེམ་སྟོང་དངོས་བྲལ་གདོལ་བ་དག།། རང་གི་ཡེ་ཤེས་རང་གདངས་ལ།། འོད་གསལ་སྟོང་པ་རྣམ་དག་གསལ།། བདེ་སྟོང་ཀུན་འབྱུང་ཟག་པ་མེད།། སྣང་སྟོང་ཡེ་ཤེས་སྙིང་པོའི་སྐུ། ། མ་བཅོས་སྤྲོལ་བྲལ་བྱང་ཆུབ་སེམས།། རིག་སྟོང་མཐའ་བརྒྱད་སྤྲོས་དང་བྲལ།། སྟོང་གསལ་པདྨ་སྐྱོན་བྲལ་དང།། སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན།། སྣང་སྟོང་རྡོ་རྗེ་ཆོས་ཀྱི་སྐུ།། སྐྱེ་མེད་དམ་བརྗིད་རྣམ་པར་ལྡན། ། སྟོང་ཉིད་མ་བཅོས་ཆོས་ཀྱི་སྐུ།། མཚན་དང་དཔེ་བྱད་ལོངས་སྤྱོད་རྫོགས།། དངོས་པོ་སྣང་སྤྱོད་མངོན་བྱང་ཆུབ།། སྣང་སྟོང་དབྱེར་མེད་རྡོ་རྗེ་རྒྱ།། མ་སྤངས་གང་མོས་དེ་འདུལ་སྐུ། ། མ་སྐྱེས་སྐྱེ་མེད་དེ་བཞིན་ངང།། དགོངས་པས་སྣང་བ་བརྡ་དང་མཇལ།། རིག་མ་སྒྱུ་མས་གོ་པར་བྱེད།། གྲག་སྟོང་དབྱེར་མེད་བྲག་ཆ་འདྲ།། ཀུན་ལ་ཚིག་ཚོགས་རྣམ་པར་སྣང།། གསལ་ལ་རྟོག་མེད་དོན་རིག་ཅིང། ། འབྱེད་མེད་ཤེས་རབ་མཉམ་པར་གནས།། བདག་མེད་དངོས་པོ་སོ་སོར་གསལ།། བྱ་བ་གང་ཡིན་མངོན་དུ་གྲུབ།། ནམ་མཁའ་ལྟ་བུ་རབ་ཏུ་རྟོགས།། རྒྱ་དང་བྲལ་བའི་ཞིང་ཁམས་དང།། སྤྱོད་ཡུལ་དཔག་དཀའི་གཞལ་ཡས་དང། ། སྣ་ཚོགས་མ་སྤངས་ངང་གི་བརྒྱན།། ལྔ་བཙེགས་རང་སྣང་དག་པའི་གདན།། འོད་ཟེར་ཕུང་པོ་བལྟ་ན་སྡུག། ཞི་འགྱུར་དབྱིངས་ནས་ཕྱག་རྒྱ་འབར།། ཀུན་ཏུ་མ་ལུས་ཡོངས་སུ་གང། ། འདོད་པའི་བསམ་པ་ཀུན་དང་མཇལ།། མུན་པ་དྲག་པོས་གནོད་པ་བྲལ།། ཞི་རྒྱས་དབང་དྲག་ལྷུན་གྲུབ་གནས།། མེ་ལོང་ནང་ནས་རྡོ་རྗེ་རིགས།། ཞེ་སྡང་ཅན་ལ་ཁྲོ་བར་གསལ།། མཉམ་ཉིད་དང་གནས་པདྨའི་རིགས། ། ང་རྒྱ་འཛོམས་མཛད་ཞི་གནས་ཆུ།། སོར་རྟོག་ངང་ནས་པདྨའི་རིགས།། འདོད་ཆགས་སྲེག་པའི་ལྷག་མཐོང་མེ།། བྱང་ཆུབ་ངང་གནས་ལས་ཀྱི་རིགས།། ཕྲག་དོག་འདུ་བྱེད་འཐོར་བའི་རླུང།། ཆོས་དབྱིངས་ངང་གནས་དེ་བཞིན་རིགས། ། མ་རིགས་མུན་སེལ་དར་རྒུད་སྟོངས།། ཡེ་ཤེས་ལྔ་ཡི་རིགས་འཛིན་པ།། སངས་རྒྱས་ལྔ་ཡི་གདུང་དུ་གསལ།། ཉོན་མོངས་ལྔ་ཡི་ཞི་སྦྱོང་བ།། ཧེ་རུ་ཀ་ཡི་ཕྱག་རྒྱར་གསལ། ། ཆོས་སྐུ་སྐྱེ་མེད་སྙིང་པོ་རུ།། རང་བཞིན་ཞི་ཁྲོ་ལྷུན་གྱིས་གྲུབ།། དཔེར་ན་ཉུངས་ཀར་མར་ཁྱབ་འདྲ།། ཏིལ་གང་ལྟ་བུ་གང་གནས་པ།། གང་གི་གང་མཐོང་དར་སྣང་བ།། སྣང་གསལ་ནམ་མཁའ་ཤར་བ་ལ། ། རེ་རེ་ཞིང་ལ་རེ་རེ་སྣང།། གཅིག་ལས་ཐ་དད་སྣང་བར་ཟད།། འབྱུང་རྒྱུ་ལིན་པར་དེར་སྣང་ངོ།། ཞེས་བརྗོད་དོ།། ཆོས་ཐམས་ཅད་རང་བཞིན་གནས་ལུགས་ཀྱི་ཞི་ཁྲོ་གསལ་བར་འགྱུར་ཏོ།། སྒྱུ་འཕྲུལ་དྲ་བའི་སྙིང་པོ་བཀོད་པ་ལས། ། གཞི་དང་རང་བཞིན་གྱི་ལེའུ་སྟེ་གཉིས་པའོ།།།། དེ་ནས་བཅོམ་ལྡན་འདས་ཀྱིས་གདུལ་བྱ་ལ་སྣང་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་འདི་གསུངས་སོ།། རྣམ་དག་ཕུང་པོ་ལྔ་འཆང་བ། ། ཟག་བཅས་རྒྱུ་ལ་འབྲས་བུ་གནས།། མི་བསྐྱོདརྡོ་རྗེའི་ཕྱག་རྒྱ་ནི།། ཡུལ་ལ་སྤྱོད་པས་སངས་རྒྱས་མིག།། ས་སྙིང་སྒེག་མོ་རྡོ་རྗེ་བྲན།། ཀུན་བཟང་མེ་ཏོག་མཐིང་ཀའི་རྀགས།། གཤེན་རྗེ་ལྕགས་ཀྱུ་འཛིན་པ་ཡུམ། ། ཞེ་སྡང་ཁོང་ཁྲོའི་ཐུབ་པ་གཉིས།། རང་གི་གདངས་ལ་རིགས་སུ་གྲུབ།། ཡོན་ཏན་རིན་ཆེན་མ་མ་ཀི།། ནམ་མཁའི་སྙིང་པོ་འཕྲེང་བ་མ།། ཀུན་བཟང་སྤོས་མེ་སྟོབས་པོ་ཆེ།། ཞགས་པ་འཆིང་མཛད་ང་རྒྱལ་རིགས། ། ཡི་དྭགས་འདུལ་བྱེད་གསེར་གྱི་མདོག།། སྣང་བ་གོས་དཀར་སྤྱན་རས་གཟིགས།། གླུ་མ་འཇམ་དཔལ་མར་མེ་མ།། ཤ་ཀྱ་སེང་གེ་རང་གི་རིགས།། ལེ་བརྒན་པདྨ་ར་ག་ཅན།། དོན་གྲུབ་དམ་ཚིག་སྒྲོན་མ་ཆེ། ། ཕྱག་ན་རྡོ་རྗེ་གར་མཁན་མ།། སྒྲིབ་པ་རྣམས་སེལ་དྲི་ཆབ་མ།། ཕྲག་དོག་ཅན་ལས་ལྗང་ཁུ་འཕྲོ།། སྣང་མཛད་དབྱིངས་མ་གཏི་མུག་འདུལ།། ཀུན་བཟང་ཡིད་ཆོས་དཀར་གསལ་ཞིང། ། ཀུན་ལ་རིགས་བདག་མི་འགྱུར་མདོག།། དབང་པོ་རྣམ་ཤེས་ཡུལ་དང་བཅས།། བཞི་བཅུ་ཙ་གཉིས་ངོ་བོ་ནི།། རྡོ་རྗེ་འཁོར་ལོ་རིན་པོ་ཆེ།། པདྨ་རལ་གྲི་དྲིལ་བུ་འབར།། རིན་ཆེན་མྱུ་གུ་རལ་གྲི་འབར།། པདྨ་དཀར་པོ་རྡོ་རྗེ་འཛིན། ། མེ་ལོང་རིན་ཆེན་འཕྲེང་བ་འདྲེན།། པི་ཝང་གར་བསྒྱུར་དུང་དུ་གསལ།། མུན་ནང་ཀླུང་ཤིང་པོ་ཏི་ཆོས།། རིན་ཆེན་སྙེ་མ་ཨུཏྤལ།། སྤོས་དང་མེ་ཏོག་མར་མེ་དྲི།། ཐོད་དབྱུག་རྡོ་རྗེ་ཐོད་སྦྲུལ་འཛིན། ། རྒྱ་གྲམ་བན་དྷ་ལྕ་ཀྱུ་ཞགས།། ལྕགས་སྒྲོགས་དྲིལ་བུ་ལས་བཞི་རྒྱ།། པི་ཝང་སྲེག་པས་གོ་མཚོན་སྒྲོམ།། མེ་ཆུ་པོ་ཏི་མཉམ་གཞག་འཕྲོ།། ཙ་བཙེགས་གསུམ་དང་གཉིས་རྐྱང་པ།། སྣང་བ་ཕྱེ་ན་སྣང་བ་སྟེ། ། དུད་དང་ཀུ་མུ་ཉི་ཟླ་འདྲ།། བཻ་ཌཱུ་རྱ་དང་ཀར་ཀ་རི།། ལེ་བརྒན་གསེར་སྦྱངས་ཨིནྚ་ནི།། གཉིས་ལས་གཉིས་འཛིན་དྲུག་ན་དྲུག། རིགས་ལས་མི་འདའ་ཆཽལ་པར་འཛིན།། མ་བཅོས་མི་འདའ་མ་ངེས་འབྲེལ། ། མ་སྐྱེས་མ་འགགས་ཡུལ་མཚོན་པ།། མཚན་མ་ཉེ་བར་བརྟགས་པ་དང།། ཟིན་མཛད་མི་བསྐྱོད་འདུལ་དབང་ཕྱིར།། མཐའ་ཡས་ཐ་དད་དམ་པར་འབྲེལ།། ལས་སུ་འབྲེལ་བས་དགོངས་པ་དང།། རྡོ་རྗེ་པདྨ་མཁའ་འགྲོ་ཡིས། ། སྐྱིལ་ཀླུང་རང་བཞིན་དང་དུ་གནས།། བབས་བཞོན་བཞེངས་ཐབས་དོར་ཐབས་བགྲད།། མཉེན་ལྕུག་འཁྲིལ་ལྡེམ་གཞོན་གསལ་འཚེར།། ལྷུན་སྡུག་གཟི་བརྗིད་འབར་བ་དང།། སྐུ་དང་གསུང་ཐུགས་ཡོན་ཏན་ལས། ། མཚན་དང་དཔེ་བྱད་སྤྲད་ཀྱིས་བརྒྱན།། ཏིང་འཛིན་ཙོལ་བས་གང་དག་པ།། རྟོག་པ་ལས་མཐའ་ལྟ་བ་དང།། འཚོ་བ་དྲན་པས་བཀྲ་ཤིས་འཁྱིལ། ཆོས་ཉིད་རྣམ་པར་འབྱེད་པ་དང། ། དགའ་བ་ཤིན་ཏུ་སྦྱང་བ་དང།། ཏིང་འཛིན་དྲན་པ་བཏང་སྙོམས་དང།། རྩོན་འགྲུས་མཛེས་པའི་རྒྱན་དང་ལྡན།། བཞུགས་བཞེངས་གཤེགས་གཟིགས་འཁུག་པ་དང། དགོངས་བསྟན་རྟེན་འབྱོར་བདུད་པ་དང། ། ལྕམ་མེ་མ་ལེ་ལྷན་ནེ་བ།། ས་ལེ་ཞི་བ་ངང་ཚུལ་ཅན།། ཕྱི་ནང་མེད་པར་གསལ་ན་ངན།། ཆོས་ཀྱི་འཁོར་ལོ་བསྐོར་མཛད་ཅིང།། ས་ཡི་ཁྱབ་པར་ཀུན་བགྲོད་ནས།། ཡོན་ཏན་ཆེ་བ་བཅོམ་ནས་གནས།། ཞེས་བརྗོད་པས། ། འཇིག་རྟེན་དྲུག་ཏུ་སྐུ་གསུང་ཐུགས་ཀྱི་རྒྱུད་ཞི་བར་སྣང་ངོ།། སྒྱུ་འཕྲུལ་དྲཝ་བ་སྙིང་པོ་བཀོད་པ་ལས།། ཆོས་ཉིད་བཞི་བའི་ལེའུ་སྟེ་གསུམ་པའོ།།།། དེ་ནས་བཅོམ་ལྡན་འདས་ཀྱིས་དྲག་པོ་རྟོགས་འཇོམས་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་འདི་གསུངས་སོ། ། འཛིན་པའི་དབང་གིས་སྡུག་བསྔལ་ཞིང།། གདུག་པ་སྲིད་གསུམ་འདུལ་བ་ལ།། ང་རྒྱལ་ཆེན་པོ་བསྟན་པའི་ཕྱིར།། སྒྱུ་འཕྲུལ་དྲ་བའི་ཁྲོ་བོ་སྣང། ། རྡོ་རྗེ་ཁྲོས་པ་ཁྲག་འཐུང་མཐིང།། ཁྲོ་མོ་དབྱིངས་ཕྱུག་འདུ་འབྲལ་མེད།། དཀར་དམར་ཞལ་དུ་ཉོན་མོངས་འདྲེན།། ཙེ་དགུ་ཙེ་ལྔ་སྟི་ར་དང།། དྲིལ་བུ་དུང་དམར་འཇིག་རྟེན་འཆང། ། ཤེས་རབ་འཁྱུད་པས་ཆགས་པ་སྟོབས།། སངས་རྒྱས་ཁྲག་འཐུང་ཁྲོ་མོ་འཁྲིལ།། དཀར་སེར་སྨུག་ནག་གཏི་མུག་འདྲེན།། འཁོར་ལོ་རྡོ་རྗེ་སྟ་རི་དང།། དྲིལ་བུ་དུང་དམར་ཏྲི་ཤུལ་འཆང།། རིན་ཆེན་ཁྲག་འཐུང་ཁྲོ་མོ་འཁྲིལ། ། སྔོ་དམར་སེར་ནག་ང་རྒྱལ་གསོལ།། རིན་ཆེན་རྡོ་རྗེ་སྟི་ར་དང།། དྲིལ་བུ་དུང་དམར་དགྲ་སྟ་རོལ།། པདྨ་ཁྲག་འཐུང་འདོད་ཆགས་འཇོམས།། ཁྲོ་མོ་དབྱིངས་ཕྱུག་ཉེར་གནས་པའི།། དཀར་སེར་དམར་ནག་བརྗིད་པ་ལ། པདྨ་རྡོ་རྗེ་སྟི་ར་དང།། དྲིལ་བུ་དུང་དམར་རྔེའུ་ཆུང་ཅན། ལས་རབ་སྒྲ་འཐུང་ཡུམ་དངསྦྱོར།། དཀར་དམར་ལྗང་ནག་འབར་བ་ལ།། རྒྱ་གྲམ་རྡོ་རྗེ་སྟི་ར་དང།། དྲིལ་བུ་དུང་དམར་ཐོང་གཤེལ་རོལ། ། སྟག་གཟིག་དོམ་དང་མ་ཧེ་དང། ཁྱུ་མཆོག་དྲེགས་པ་གནོན་པའི་སྟེང།། འགྱིང་སྟབས་མཛེས་པས་ཚར་གཅོད་མཛད།། ཀ་རི་ཙེ་རི་བྲ་མོ་ཧ།། པེ་ཏ་ལི་དང་པུ་ཀ་སི།། ཀ་སྨ་རི་དང་སྨན་ཤ་ནི།། ཙནྡ་ལི་སྟེ་མ་མོ་ཚོ། ། སྔོ་སེར་དམར་དང་ནག་པ་དང།། དཀར་སེར་ལྗང་ཁུ་མཐིང་ཀ་དང།། སེར་སྐྱ་ལུས་ཀྱི་མདོག་འཛིན་ཅིང། བནྡྷ་བྱིས་དབྱག་མདའ་གཞུར་བཅས།།། ཁ་ཊྭཱཾ་ཆུ་སྲིན་རྒྱལ་མཚན་འཛིན།། རྡོ་རྗེ་བྱིང་ཤ་བྱིས་རྒྱུས་འདྲེན། ། དུང་དམར་རྡོ་རྗེ་བྱིས་སྙིང་ཟ།། མཆོག་གི་མགོ་ལུས་འབྲེལ་བར་མཛད།། སེང་གེ་ཝ་སྦྱང་རྟ་གདོང་དམ།། བྱ་རྒོད་དཀང་ཀ་བྱ་རོག་དང།། འུག་གདོང་འཇིགས་པའི་མགོ་བརྙན་སྦྲུལ།། དཀར་དམར་སེར་ལྗང་མཐིང་ཀ་དང། ། སྣ་ཚོགས་ལུས་སུ་གནས་པ་སྟེ།། ཁ་ན་རོ་འཛིན་ཞིང་གནས་བལྟ།། བྱིས་པའི་ཁོང་བལྡག་གྲི་ཁུག་འབྲལ།། ཟངས་གྲི་བནྡྷ་དམར་གྱི་བཀང།། ཞིང་ཁྲག་ཁུར་བ་ནར་སྐྱེའི་མདོག། ། ཁ་ན་རོ་ཐོགས་བནྡྷ་གྲི།། རྡོ་རྗེ་ལྕགས་ཀྱུ་བནྡྷ་འཛིན།། རྟ་ཡི་མགོ་ཅན་ལྕགས་ཀྱུ་དཀར།། ཕག་གི་གདོང་པ་ཞགས་པ་བསེར།། སྦྲེ་གདོང་ལྕགས་སྒྲོག་དམར་མོ་དྲེད།། སྦྱང་གདོང་དྲིལ་བུ་ལྗང་ནག་ཁྲོ། ། ཀུན་ཀྱང་ཞིང་གི་གདན་ལ་བཞུགས།། སླས་དང་བྱིན་མོ་བྲན་མོ་རྣམས།། སྲིན་མོ་ཚངས་མ་ལྷ་ཆེན་མོ།། གཏོགས་འདོད་གཞོན་ནུ་རྒྱ་བྱིན་མ།། རྡོ་རྗེ་བདུད་ཙི་ཟླ་བ་མོ།། པེ་ཅིན་སིན་མོ་ཟ་བྱེད་མ།། དགའ་བ་སྟོབས་ཆེན་རྡོ་རྗེ་མོ། ། འདོད་པ་ནོར་བསྲུང་རླུང་ལྷ་མོ།། གསོད་བྱེད་མེ་མོ་ཕག་མོ་དང།། རྒན་བྱེད་སྣ་ཆད་ཆུ་ལྷ་མོ།། ནག་མོ་སེར་མོ་དམར་ལྗང་མོ།། ཕྱི་ཡི་མཁའ་འགྲོ་རང་རྒྱུད་མ།། ནང་གི་མཁའ་འགྲོ་རང་རྒྱུད་སྟོན། ། གསང་བའི་སྦྲུལ་པ་མགོ་བརྙན་མ།། བཀའ་རྟགས་རྡོ་རྗེ་རང་རྟགས་འཆང།། ཞིང་ཀྱང་རང་གི་གདན་ལ་བཞུགས།། དཔལ་གྱི་ཕམ་ཕབས་ལྷག་མ་ལེན།། གདུག་པས་ཕྱེ་ནས་སྣང་བའོ།། རི་བོ་རྒྱ་བཅུ་ཙ་གཅིག་དག། སྣང་བར་སྟོན་པ་བདག་ཉིད་ནི།། མིང་མཚན་བརྡ་དང་ཐ་སྙད་དང།། ཡོད་མེད་ཐེ་ཙོམ་ངེས་པ་འཇོག།། སྦྱོར་པ་འདི་དགུ་འགྱུར་བ་ནི།། སྦྱོར་ཞེན་དངོས་གཞི་སྐྱེད་པ་དང།། རྐྱེན་ལས་མཚན་མ་མངོན་པ་དང། ། སྦྱོར་པ་རྟགས་ཀྱི་མཚན་མ་བཅུ།། མི་རྟོགས་མ་རྨོངས་མོ་འགོག་པས།། ཞི་གནས་ལྷག་མཐོང་ཟུང་དུ་འབྲེལ།། མི་དམིགས་མ་གྲུབ་མ་སྐྱེས་པས།། གཞི་ལམ་འབྲས་བུ་རང་སར་གནས། ། དགུ་སྤྱོད་རང་བཞིན་གཅིག་པ་ཡིས།། ཁྲོ་བ་དྲག་ཤུལ་དམ་རྫས་ལེན།། གང་དང་གང་ལས་གང་ཕྱིར་གང།། ངང་ཤུག་བཅས་དང་བཅོས་པར་འགྱུར།། ཡུལ་གནས་ལས་དང་འབྲས་བུ་དང།། རྒྱུ་དང་འབྲས་བུ་དང་ཕྱིར་འགྱུར་བས། ། རྒྱུ་གནས་ཐབས་ལས་འབྲས་བུའོ།། རྫིངས་བཤིག་ཟ་དང་སྟོབས་པ་དང།། སྡུད་དང་བདེ་དང་སྣང་བ་དང།། མཐའ་ཡས་ཐོགས་མེད་མི་བསྐྱོད་ལས།། མི་འདའ་རོལ་པ་ཆེ་བ་ནི། ། གདུལ་བྱ་རང་བཞིན་ཤེས་རབ་ཐབས།། ཐམས་ཅད་ཐུགས་རྗེ་དམ་པ་དང།། འཕྲིན་ལས་ཡེ་ཤེས་ཆོས་ཉིད་དགོངས།། གྲུབ་པ་དང་ནི་མཛད་པ་སྟེ།། མ་སྐྱེས་མ་རྨོངས་མི་གཡོ་བ།། མ་འགག་མ་ཆགས་མ་བཅིངས་དང། ། མི་བསྐྱོད་པ་དང་མི་ཐོགས་པ།། མ་ལུས་མི་འགྲོད་གྲུབ་པའོ།། གདུལ་བྱ་གཟིགས་དང་སྤྲུལ་པ་འགྱེད།། ཅི་གསོལ་གསན་དང་མགོན་སྐྱབས་དང།། དུག་ཆེན་ཟད་དང་ཐིག་ཆེན་སྟོན།། སྐྱེ་ཞིང་གཅོད་དང་རྒྱུ་དྲུག་འདོན། ། མཐའ་དྲུག་རྫོགས་དང་ལས་བཞིས་སྒྲོལ།། གཉེན་པ་འགྲན་ཟླ་མེད་པ་དང།། ཁྱད་འཕགས་ཆེ་བཙན་གཅིག་པུ་དང།། འཚམ་ངམ་བསླབ་དང་རྨད་དུ་འབྱུང།། ཐབས་མང་མ་ཕབ་མངའ་ཡང་རྫོགས། ། ཀུན་ལ་རྒྱལ་དང་ཡོང་མི་ནུས།། སྐུ་གསུང་ཐུགས་དང་མཐུ་ཡི་རྔོམ།། རི་བོ་གར་ཐབས་ཁྱད་འབྱུང་སྟོབས།། ཅི་ལྟར་སྣང་བས་ཅིར་ཡང་འགྲུབ།། ཟིལ་གྱིས་གནོན་པས་འཚམ་རྔམ་ཚེག། ཞལ་དང་ལྗགས་དང་ཚེམས་དང་གསུང། ། གང་དུ་རྔུབས་པས་ཅིར་ཡང་འགྱུར།། ཡོངས་སུ་གཅོད་པས་གོ་བས་སྒྲོགས།། ནམ་མཁའི་སྐར་ཚོགས་རྒྱ་མཚོའི་རླབས།། ཙི་ཤིང་ནགས་ཚལ་གར་གྱི་འཕྲེང།། དགོངས་པས་འཕྲིན་ལས་དེ་ཚུལ་དང། ། ཡོན་ཏན་ས་གཞི་ཐུགས་རྗེའི་དཔེ།། འབྱུང་བདུད་དུར་ཁྲོད་སྦ་བཀོང་པ།། བླ་ན་མེད་པ་ཅིར་ཡང་འགྲུབ།། གནས་དང་གནོན་པ་ཞིང་སྦྱོར་ཀྱི། ཁྱད་པར་ཚུལ་དུ་དེ་ལྟར་སྣང།། སྐུ་གསུང་ཐུགས་ཡོན་འཕྲིན་ལས་ནི། ། སེང་གེ་འབུམ་གཟུགས་འབྲུག་སྟོང་ལྡིར།། ནམ་མཁའི་གཏོས་ཆེན་ནོར་བུ་རིན་ཆེན་དང།། འབྱུང་བ་ཆེན་པོའི་དཀྱིལ་འཁོར་རོ།། སྐུ་ཆེན་ཡན་ལག་རགས་པ་དང།། གྲངས་མང་རྐྱེན་དང་འཚམ་པ་དང། ། བཀུར་འོས་གཙོ་བོར་མཐོང་བ་དང།། ཁྱད་ཞུགས་ཡིད་དང་འཐད་པ་དང།། གདངས་ཆེན་སྟོང་གསུམ་གང་བ་དང།། ཚིག་མྱུར་ཐེ་ཙོམ་གཅོད་པ་དང།། དོན་དམ་ཉེ་ཚེར་གཅོད་པ་དང། ཁྱད་པར་ཡོན་ཏན་མཐོང་བ་དང། ཡང་ལ་རེ་དོགས་མེད་པ་དང།། གསལ་བས་མཐའ་གཉིས་སྤངས་པ་དང།། ཐུགས་རྗེ་ཐུགས་དམ་རྫོགས་པ་དང།། མ་སྨོས་ཐབས་ཀྱིསའདུལ་བ་དང།། མེད་པ་ཟད་མི་ཤེས་པ་དང། ། གཅིག་ལ་འདོད་དགུར་སྟོན་པ་དང།། གནོད་སྦྱོར་ཕན་པར་མཛད་པ་དང།། ཐབས་མཁས་སྐྱོན་གྱིས་མ་གོས་དང།། མི་སྙེམས་ཉམས་བག་རོལ་བ་དང།། འཁོར་བ་ཡུན་རིང་མི་སྙེམ་དང།། མགོན་སྐྱབས་རྒྱུན་དུ་མཛད་པ་དང། ། དགོངས་དོན་ལྷུན་གྱི་གྲུབ་པ་དང།། ཆོས་རྒྱལ་སྙེམས་པ་མི་མངའ་དང།། ཉམས་བག་ཆེན་པོ་རོལ་པ་དང།། གང་གི་དཔུང་གིས་མི་སྙེལ་དང།། ཡུན་གྱི་དོན་སྲིད་སྙེམས་པ་དང། ། སྟོབས་ཀྱིས་གཞན་གང་གནོན་པ་དང།། རྫུ་འཕྲུལ་མི་གནས་བསྐྱེད་པ་དང།། མ་ཟིད་པ་ཡི་མཛོད་མར་འདང།། སྐྱེ་བོ་ཡོ་བྱད་མོས་པ་དང།། རྫུ་འཕྲུལ་ཆེས་དང་ཡེ་ཤེས་དང།། སེམས་ཚོ་ལས་དང་སྨོན་ལམ་དང། ། མཉམ་ཉིད་སྐུ་དང་ཐུགས་ཐིགས་དང།། གསུང་དང་འབྲེལ་བ་འཕྲིན་ལས་བརླབས།། སྒེག་པོ་དཔའ་བོ་འཇིགས་དང།། གཤེ་དང་བཞད་དང་སྙིང་རྗེ་དང།། རྔམ་དང་ངོ་མཚར་ཞི་བ་དང།། བྱམས་པའི་བློ་དང་སྙིང་རྗེའི་གྲོས། ། དགའ་བའི་ཐབས་དང་གཏང་སྙོམས་མོད།། སྙིང་རྗེ་ཆོས་ཉིད་མི་འབྱེད་པ།། གྲུབ་པ་མ་སྤང་མ་གཡོས་པ།། སྨོན་ལམ་སྤྲུལ་པ་མི་གཏོང་བ།། མ་ཆགས་པ་ཡི་སྟོབས་རྣམས་རྫོགས།། ཆོས་ཉིད་ཡེ་ཤེས་ཐུགས་རྗེ་དང། ། སྦྲུལཔའི་རྫུ་འཕྲུལ་མི་གནས་བསྐྱོད།། འདོད་པ་སྐོང་དང་མི་བཟད་འབྱུང།། མུན་བསེལ་དང་རྒྱུན་མིའཆད།། ཅེས་བརྗོད་པས།། ཐམས་ཅད་ཁྲོ་བོའི་ཕྱག་རྒྱར་གསལ་ལོ།། སྒྱུ་འཕྲུལ་དྲ་བའི་སྙིང་པོ་བཀོད་པ་ལས། ། རྟོག་འཇོམས་ཁྲོ་བོའི་ལེའུ་སྟེ་བཞི་པའོ།།།། དེ་ནས་བཅོམ་ལྡན་འདས་ཀྱིས་རང་རྒྱུད་ཡོངས་སུ་དག་པའི་ཏིང་ངེ་འཛིན་ལ་ཞུགས་ཏེ་འདི་གསུངས་སོ།། སེམས་ཅན་ཙ་བ་མེད་པ་ནི། ། སྐྱེ་རྒྱུ་མེད་པའི་སྐྱེ་བ་ཅན།། སྤང་ལ་ཤ་མོ་རྡོལ་བ་འདྲ།། སྒྱུ་མའི་ལུས་པོ་ཁོང་སྟེང་ནི།། སྙིང་པོ་མེད་པའི་པགས་པ་ཅན།། ཤིང་ཤིང་སྡོང་པོའི་འབྲས་བུ་འདྲ།། མ་རིག་རང་ནས་འབྱུང་བ་ནི།། མེ་ལོང་དག་ལ་གཡའ་གནས་འདྲ། ། རྣམ་རྟོག་འཚོལ་ཀྲོ་བྱེད་པ་དང།། ཁྱི་ཀུན་ཁྱིམ་དུ་ཞུགས་པ་འདྲ།། བག་ཆགས་སྣོད་དུ་སོགས་པ་ནི།། རྒྱལ་པོ་བང་མཛོད་ཁ་ཕྱེ་འདྲ།། རྐྱེན་ངན་འབྲས་བུ་ངན་པ་ནི།། བཟའ་རྒྱུ་མེད་པའི་ཁྱིམ་ཐབ་འདྲ། ། སངས་རྒྱས་འཁོར་བར་ལྷུང་ན་ནི།། བྱ་རྒོད་གཤོག་པ་ཆག་པ་འདྲ།། སེམས་ཅན་སངས་རྒྱས་རྒྱུར་གནས་པ།། ཏིལ་འབྲུ་མར་གྱིས་ཁྱབ་པ་འདྲ།། རང་རིག་བག་ཆགས་སྒྲིབ་པ་ནི། ། ཉི་མ་སྤྲིན་གྱི་ཁེབས་པ་འདྲ།། རྣམ་རྟོག་རྐུན་བུར་ལྡང་བ་ནི།། ནམ་མཁའི་ངང་ནས་སྤྲིན་བྱུང་འདྲ།། འཇིག་རྟེན་བརྟན་གཡོ་དངོས་པོ་ཀུན།། རང་བཞིན་དཀྱིལ་འཁོར་ཆེན་པོ་སྟེ།། དཀྱིལ་འཁོར་ལྡན་པའི་དཀྱིལ་འཁོར་གྱིས། ། སྲིད་གསུམ་སེམས་ཅན་ཐམས་ཅད་ལ། སྲོག་ཤིང་གསུམ་དང་འཁོར་ལོ་བཞི།། བརྒྱད་དང་དྲུག་ཏུ་ལྡན་པར་གནས།། དཀྱིལ་འཁོར་ལ་ནི་དཀྱིལ་འཁོར་བསྒོམ།། ལ་ལ་ན་དང་རེ་ས་ན།།། ཨ་ཝ་དྷུ་ཏིའི་མཉམ་གནས་པ། ། དྲི་ཆུ་ཁྲག་དང་དཀྱུས་པར་གནས།། ཐབས་དང་ཤེས་རབ་དབྱེར་མེད་པའ།། གཡས་དང་གཡོན་དང་དབུས་ན་གནས།། སྐྱེས་བུ་བུད་མེད་གཉིས་གནས་དང།། ཁུག་པ་ཁ་བརྒྱད་ཧར་བ་སྟེ། ། པད་ཅན་དུང་ཅན་རི་མོ་ཅན།། བན་གླང་ཅན་དང་ལྕུག་ཕྲན་ཅན།། གདོང་གཅིག་མི་རེག་འཕྱར་བར་གནས།། རོ་མ་རྐྱང་མ་ཀུན་འདར་མ།། ཨ་ལི་ཀ་ལི་མཉམ་གནས་དང།། ཐ་དད་ཡོད་པས་དམ་རྫས་རྒྱུ། ། སྤྱི་བོ་མགྲིན་པ་སྙིང་དཀར་དང།། ལྟེ་བ་ལྟེ་འོག་འགྲོ་མེད་དང།། ཞལ་དང་ཕྲད་པ་གནས་པ་ནི།། བདེ་བ་ཆེན་པོའི་འཁོར་ལོ་དང།། དེ་ཉིད་ལོངས་སྤྱོད་ཆོས་དང་ནི།། སྦྲུལ་པ་མེས་དང་རླུང་དང་བི།། སྟེང་ནས་སོར་དང་འོག་ནས་སོར། ། ཀུམ་ལ་དབྱངས་དང་གསལ་བྱེད་ཁྱབ།། འབྲུ་བརྒྱད་དྲུག་པ་སྔགས་ཀྱི་མདའ།། ཨ་ཀ་ཙ་ཊ་ཏ་པ་ཡ་ཤ།། དགའ་བཞི་ཚོགས་པ་རྣམ་བཞི་ཚོགས་པ་ཡིས།། འབེབས་པར་བྱེད་པ་ཡེ་ཤེས་རོ། ། དཀྱིལ་འཁོར་དཀྱིལ་འཁོར་ལས་བྱུང་བ།། རིནཆེན་སྨུགཔོ་གུར་ཁྱིམ་ན།། ཆོས་ཉིད་ཡེ་ཤེས་རང་རྒྱུད་དང།། ཡོན་ཏན་བཞི་ལས་བརྒྱད་དུ་གནས།། འོད་དབྱིབས་ཚུལ་དང་སྙིང་པོ་དང།། ས་བོན་ཡིད་དང་ཤེས་པར་བྱ། ། ཆོས་ཉིད་ལྷན་ཅིག་དུད་འགྲོ་ཟླུམ།། ཀུན་བཞི་ཨོཾ་གྱི་སྙིང་པོར་ལྡན།། པུ་ཏྲི་དངུལ་ཆུ་འཇོན་མར་ཙི།། ཟ་འོག་གུར་ཁྱིམ་ནང་ན་བཀྲ།། ཡེ་ཤེས་ལྷ་མོ་གྲུ་བཞི་ཡི།། ཨ་ནརི་ཧཱུཾ་ནི་བདེ་ཆེན་ཐུགས།། ཤེས་སྒོ་ལེ་བརྒན་བརྒྱུད་པ་འདྲ། ། ཡོན་ཏན་དམྱལ་བ་ཡི་དྭགས་ཨཾ།། ཟླ་ཁམས་གསུང་གི་རང་བཞིན་ཡིན།། དྲི་དུ་ཉོན་མོངས་ཡིད་དང་བཅས།། དམིགས་སྒྱུ་ཙ་སྐྱ་ཟིལ་ཆགས་པ།། ཟང་ཞུན་རྭ་གན་ཙི་སོང་འདྲ།། རང་རྒྱུད་དམར་ནག་ཨོ་གཤོལ་དབྱིབས། ། དེ་ནི་བློ་དབུག་སྨོད་ཡིན་ཏེ།། ཤེས་པ་གསུམ་ལ་སྙོམས་པར་འགེབས།། དྲག་པོ་ལྗང་ནག་སྒོ་ལྔའི་རྟེན།། མདོམ་དུད་ཡེ་ཤེས་སྙིང་པོའི་ཙ།། དེ་དབུས་ཡེ་ཤེས་སྙིང་པོའི་སྐུ། ། དར་སྐུད་འཚལ་ཁུ་གསེར་གྱི་བླངས།། ཉི་མ་མེ་ལོང་ངར་དག་ནི།། འབྱུང་བ་བཞི་ཡི་དྭངས་མ་སྟེ།། བདེ་བའི་དངས་མ་ནམ་མཁའི་ཁམས།། འཕྲིན་ལས་བཞི་དང་བསྙེན་བསྒྲུབ་བཞི།། དབུ་རྒྱན་ཅོད་པན་འཕྲེང་བ་དང། ། གོ་ཆ་རྒྱལ་མཚན་ཕྱག་རྒྱ་དང།། གདུགས་དང་བུམ་པ་བཟའ་བཏུང་དང།། སྙིང་པོ་ལྔ་ཡི་དབང་ལྔ་དང།། ཉན་དང་འཆད་དང་སྒོམ་སྒྲུབ་དང།། འཕྲིན་ལས་རྡོ་རྗེ་རྒྱལ་པོ་དང།། གསང་བ་ཆེན་པོ་བདེ་ཆེན་པོ། ། ལྟ་བ་དང་ནི་སྦྱོར་པ་དང།། སྔགས་དང་ཕྱག་རྒྱས་མཆོད་པ་དང།། ཏིང་འཛིན་རོལ་བའི་རྒྱུར་གནས་པ།། ཐུགས་ཀྱི་དཀྱིལ་འཁོར་དཀྱིལ་འཁོར་མཆོག། འབྱུང་བ་ཤེས་རབ་རིགས་ཀྱི་ཡུམ། ། ཆེན་པོ་རིགས་ཀྱི་དེ་བཞིན་ཏེ།། བྱང་ཆུབ་སེམས་ནི་རྡོ་རྗེ་ཚོགས།། དབང་པོས་ཡུལ་དུས་རིག་པ་རྣམས།། ཀུན་ཏུ་བཟང་པོ་དཀྱིལ་འཁོར་ལ།། བདག་ཉིད་ཆེན་པོ་ལྷག་པ་ཡིས།། ཐུགས་ཀྱི་ཡེ་ཤེས་ལྔ་ལྟ་ཞིང། ། ཀ་ར་ན་བཅིངས་ཆོས་བདུན་གྱིས།། ནམ་མཁའི་བ་བཞོས་ཡེ་ཤེས་ནི། སྙིང་པོ་ཐིག་ལེ་མཉམ་སྦྱོར་བས།། བདེ་བའི་ཡེ་ཤེས་རོལ་མོ་ཡིས།། ཡེ་ཤེས་དགྱེས་དང་མཆོད་པར་དབུལ།། ཟག་པ་མེད་པའི་བསོད་ནམས་ཀྱིས། ། ཡེ་ཤེས་སྒྱུ་མར་རང་སྣང་པ།། རོལ་མོའི་དཀྱིལ་འཁོར་མཐའ་ཡས་མཆོག། འགྲོ་བ་ཞིང་འགྱུར་མཐའ་ཡས་འདྲེན།། འདས་པའི་གློང་ནས་མུན་པ་མཁྱེན།། མུན་པའི་གླིང་ནས་འདས་པ་ཤེས།། རང་རིག་ཡེ་ཤེས་གདངས་ལ་བཞུགས། ། སྒྱུ་འཕྲུལ་དྲཝ་བའི་སྙིང་པོ་བཀོད་པ་ལས།། མན་ངག་དྲ་བའི་ལེའུ་སྟེ་ལྔ་པའོ།།།། དེ་ནས་བཅོམ་ལྡན་འདས་ཀྱིས་དགོངས་པ་བརྡའི་ཏིང་ངེ་འཛིན་ལ་ཞུགས་ཏེ་འདི་གསུངས་སོ། ། སྲིད་གསུམ་སེམས་ཅན་ཐམས་ཅད་ལ།། བརྟེན་དང་འབྱུག་འཇུག་གནས་སྦྱོད་དང།། སྲོག་ཤིང་དབང་པོ་མྱོང་བ་དང།། ཟ་བྱེད་ཀུན་ཏུ་རྒྱུ་བ་དང།། ཀླུ་དང་རུལ་སྦལ་རྩངས་པ་དང།། ལྷ་སྦྱིན་དང་ནི་གཞུ་ལས་རྒྱལ། ། ཙནྡྷ་ལི་ནི་ལུས་ཀྱི་མཆོག། རྡོ་རྗེ་ཧཱུ~ཾ་གི་འདུག་ཚུལ་ནི།། གླིང་བཞི་རི་རབ་ལོགས་ལ་བསྡུ།། ཆུ་འཁོར་སྟེང་ན་མེ་འཁོར་མནན།། རླུང་གིས་འཁོར་ལོ་གཙག་ཅིང་སྤོས།། ཙན་དམར་རྒྱ་མཚོའི་གཏིང་ནས་གནས། ། མེ་ལྕེ་རི་རབ་ལོ་གསལ་སྤར།། དུ་བ་ནམ་མཁའི་དབྱིངས་སུ་གནས།། འདབ་མ་ཐལ་བ་བཤད་ལམ་བོར།། མི་གདོན་འབར་བས་མཁའ་ལ་ཁྱབ།། ཀླད་དཀར་མཚོ་རླབས་སྲུབ་ཤིང་གིས།། རླུང་དང་མཁྲིས་པ་བད་ཀན་སྦྱར། ། རྐྱལ་པ་ཁ་བཅིང་ལི་རི་བཅུད།། ལོག་གནོན་རྡོ་རྗེ་མདའ་གཞུ་བརྡེག། ཕོ་མོ་མ་ནིང་རླུང་གནས་པ།། དྲག་པོ་ནད་ཀྱི་གནད་གཅོད་པ།། ཀེང་རུས་འཛིན་པའི་ལུས་ཀྱི་ནི།། ཕྱི་དང་ནང་གི་དོན་ཀུན་འཛོམས། ། སྐྱུག་དང་སྦྲུག་པའི་བཅུད་ཕུར་གྱིས།། སངས་རྒྱས་སེམས་ཅན་འདྲེས་པར་བྱེད།། ཨོཾ་གྱིས་འཁོར་ལོ་གནས་ལ་དབབ།། ཨོཾ་གྱིས་གསུང་གི་རོལ་པར་བྱ།། སྭ་ནི་འདོད་པ་སྟེར་བའི་རྒྱ།། ཧ་ཡིས་མི་གནས་གནས་ནས་གདོན། ། སྒྱུ་འཕྲུལ་སྙིང་པོ་བཀོད་པ་ལས།། དྲག་པོ་སྦར་བའི་འཁོར་ལོ་བསྟན་པའི་ལེའུ་སྟེ་དྲུག་པའོ།།།། དེ་ནས་བཅོམ་ལྡན་འདས་ཀྱིས་སྣང་བའི་བཀོད་པའི་ཏིང་ངེ་འཛིན་ལ་བཞུགས་ཏེ་འདི་གསུངས་སོ། ། སྟོང་ཉིད་དོན་དམ་རྒྱུ་ཡི་མཆོག། མ་འགག་ཀུན་རྫོབ་འབྲས་བུ་ཤར།། ཇི་སྙིད་སྐྱེད་པའི་རྒྱུ་མཆོག་ནི།། མ་སྐྱེས་རིག་པར་རང་འབྱུང་སྐུ།། ཀུན་རྫོབ་སྣ་ཚོགས་སྒྱུ་མའི་མཆོག། དོན་དམ་སྟོང་ཉིད་འབྲས་བུ་འབྱུང།། དཔེར་ན་ཏིལ་མར་ཁྱབ་པ་འདྲ།། མ་བཅོས་ཡོངས་ཀྱིས་འོད་གསལ་བ།། སྟོང་ཉིད་བསྐྱེད་པའི་རྒྱུ་མཆོག་ནི།། སྟོང་ཉིད་སྙིང་པོ་བླ་ན་མེད།། ཡིད་བཞིན་རིན་ཆེན་ཕུང་པོར་གནས། ། རང་བཞིན་ལྷུན་གྱིས་གྲུབ་པའོ།། མ་རྟོག་པ་དང་ལོག་པར་རྟོག། ཕྱོགས་རྟོག་ཡང་དག་ཉིད་མ་རྟོགས།། འདུལ་བ་དགོངས་པ་གསང་བ་དང།། རང་བཞིན་གསང་བའི་དོན་རྣམས་ནི།། ལྔ་དང་གཉིས་དང་གཅིག་ལ་བགྲོད། ། གསུམ་གྱི་སྤྱོད་ཡུལ་ཤེས་པར་བྱ།། དེ་ཤེས་ན་ནི་ཡེ་ཤེས་ཏེ།། ཕྱོགས་བཅུ་དུས་བཞི་མངོན་རྫོགས་པའི།། སྐུ་གསུང་ཡོན་ཏན་འཕྲིན་ལས་ཐུགས།། མ་ལུས་བདག་ཉིད་ཞལ་མཐོང་བ། ། དབང་བསྐུར་མཆོག་གི་དམ་པ་ཡིན།། དཀྱིལ་འཁོར་ལ་གནས་དཀྱིལ་འཁོར་ཉིད།། རྫོགས་པའི་དཀྱིལ་འཁོར་ལྷུན་གྱིས་གྲུབ།། རྒྱན་དུ་དཀྱིལ་འཁོར་མ་ལུས་ཐོགས།། རྫོགས་པའི་དཀྱིལ་འཁོར་མཉམ་སྦྱོར་བས། ། ཐུགས་རྗེའི་བྱིན་རླབས་ཡོངས་ཀྱི་འབྱུང།། ཕྱོགས་དུས་དཀྱིལ་འཁོར་འདུལ་བའི་མགོན།། སྒྱུ་མའི་དཀྱིལ་འཁོར་སྒྲོལ་བ་ཡིས།། བྱ་བྱེད་མེད་པ་དཀྱིལ་འཁོར་སྤྱོད།། སྒྱུ་འཕྲུལ་སྙིང་པོ་བཀོད་པ་ལས།། གཞི་ལམ་འབྲས་བུར་བསྡུས་པ་སྟེ་ལེའུ་བདུན་པའོ། ། དེ་ནས་འཁོར་ཐམས་ཅད་དགྱེས་ཏེ་བསྟོད་པ།། ཨེ་མའོ་འདྲེན་པ་མཆོག་ལ་དགའ།། སྟོང་གསལ་ཆེན་པོའི་སྐུ་ལ་ཕྱག་འཚལ་ལོ།། རྣམ་དག་ཡེ་ཤེས་ཐུགས་ལ་ཕྱག་འཚལ་ལོ། ། གྲག་སྟོང་ཆོས་ཀྱི་གདུང་ལ་ཕྱག་འཚལ་ལོ།། སྣང་བ་དངོས་མེད་གཟུགས་ལ་ཕྱག་འཚལ་ལོ།། གཉེན་གསལ་མཉམ་པའི་དབྱིངས་ལ་ཕྱག་འཚལ་ལོ།། དོན་ཡོད་གནས་པའི་དོན་ལ་ཕྱག་འཚལ་ལོ། ། ཞེས་བརྗོད་པས་ཉིད་ལ་ཉིད་དགྱེས་ཏེ།། དེ་བཞིན་གཤེགས་པ་ཐམས་ཅད་མཉམ་པ་ཆེན་པོ་ཆོས་དབྱིངས་ནི་འགྱུར་བ་མེད་པས་སྨྲ་བསམ་ལས་གྲོལ་ཏེ།། རྫུ་འཕྲུལ་སྙིང་པོ་བཀོད་པ་ལས།། བསྟོད་པས་མཉེས་པ་ཆེན་པོ་སྟེ་ལེའུ་བརྒྱད་པའོ། ། རྫོགས་སཽ།། རྡོ་རྗེ་གསང་བའི་སྙིང་པོ་རྩ་བའི་རྒྱུད་དེ་ཁོ་ན་ཉིད་ངེས་པ་ཞེས་བྱ་བ་བཞུགས་སོ། རྒྱ་གར་སྐད་དུ། བཛྲ་གུ་ཧྱ་གརྦྷ་མུ་ལ་ཏནྟྲ་ད་ཧེ་ཤན། བོད་སྐད་དུ། རྡོ་རྗེ་གསང་བའི་སྙིང་པོ་རྩ་བའི་རྒྱུད་དེ་ཁོ་ན་ཉིད་ངེས་པ། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། ། འདི་སྐད་ཐོས་པའི་དུས་གཅིག་ན།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་མཉམ་པ་ཉིད་ལ་བཞུགས་ནས། འཁོར་བསམ་གྱིས་མི་ཁྱབ་པ་ཐམས་ཅད་དང་འགྲོགས་ནས། ཉིད་དང་དབྱེར་མེད་པ་རྣམས་ཀྱིས།། ཉིད་ལ་མཆོད་པས་ཀུན་ཏུ་བཟང་པོ་ཉིད་དགེས་ཏེ། ཕྱོགས་བཅུ་དུས་བཞི་མ་ལུས་པ་ཐམས་ཅད་ཀྱི་བཞུགས་གནས། གཞལ་མེད་ཁང་རིན་པོ་ཆེ་སྣ་ཚོགས་བསམ་གྱིས་མི་ཁྱབ་པས་བརྒྱན་པ། ཚད་དཔག་ཏུ་མེད་པ། རབ་ཏུ་རྒྱས་པ། མཐའ་དང་དབུས་མེད་པར་ཀུན་ཏུ་ཁྱབ་ཅིང། འོད་ཟེར་སྒྲིབ་པ་མེད་བར་རང་བྱུང་བ་ལ་བཞུགས་ནས། ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ།། འདས་དང་ད་ལྟར་མ་འོངས་དང།། འབྱུང་བར་མ་ངེས་དུས་འདི་དག། སྔ་ཕྱི་མེད་པར་མཉམ་ཡིན་པས། ། ངེས་པ་མེད་པར་ཡང་དག་གསུངས།། འཇིག་རྟེན་འདས་དང་འཇིག་རྟེན་པའི།། རང་དང་སྤྱི་རུ་བསྟན་པ་དང།། ཇི་སྙེད་བརྟན་གཡོ་ལ་སོགས་པ།། སྒྱུ་མ་མིག་ཡོར་ཚུལ་ཡིན་ཏེ། ། སྐྱེས་བུ་བློ་རྩལ་རབ་ལྡན་པས།། དེ་ལ་རྟག་ཏུ་མཉམ་སྦྱོར་ཞིང།། སེམས་ཅན་ཀུན་གྱི་ཞིང་གྱུར་པ།། དེ་དང་གཉིས་མེད་དབྱིངས་སུ་སྦྱོར།། ཐམས་ཅད་ཐབས་ཀྱི་མཚན་ཉིད་དེ། ། ཐབས་ལ་ཐབས་ནི་རྣམ་པར་སྦྱོར།། ཐབས་ཆེན་ཐབས་ལས་བྱུང་བ་ཡི།། དེ་ནི་བྱང་ཆུབ་རྡོ་རྗེའི་མཆོག། ཇི་སྙེད་བརྗོད་པའི་ཁ་བརྒྱུད་ཀྱང།། ཡང་དག་དོན་གྱི་སྙིང་པོ་ནི།། གང་ནས་བཙལ་ཀྱང་མི་རྙེད་དེ། ། རང་རིག་སྒྲིབ་མེད་དག་པ་ཡིན།། དེ་ལ་རྟག་འགྲུས་གོམས་པ་ནི།། བསྙེན་པའི་དམ་པ་དེ་ཡིན་ཏེ།། དེ་ནི་མ་ནོར་ལམ་ཡིན་པར།། བྱང་ཆུབ་སེམས་ཀྱིས་རབ་ཏུ་བསྡུས།། དེ་བཞིན་ཉིད་ཀྱི་དབྱིངས་ཉིད་ནི། ། གཅིག་ཅེས་འདི་ཞེས་བརྗོད་དུ་མེད།། གཉིས་མེད་དབྱིངས་ཀྱི་ངང་དུ་མེད།། གསུམ་དུ་སྣ་ཚོགས་འབྱུང་ཞིང་འགྲོ།། བྱིན་བརླབས་བསམ་ཡས་མཐའ་ཡས་མཆོག་དོན་བསྡུས་གསུང་རབ་བཞི་བཅུ་གཉིས། ། དེ་ལས་ལྷག་པའི་དོན་སྨྲ་བ།། དེ་ནི་རྣམ་དག་ལམ་མིན་ཏེ།། རང་བློས་བསམ་པའི་འཁྲུལ་པ་ཡིན།། ཐམས་ཅད་རང་རིག་བྱང་ཆུབ་སེམས།། དེ་ནི་ལུང་གི་ཚད་མར་བཤད།། ཚད་བཞི་ཕབ་པའི་དོན་ཡིན་ཏེ། ། དག་པ་རྣམ་གསུམ་ཚུལ་བསྒོམ་ཞིང།། འབྲུ་ལྔར་འདུས་པའི་ཐབས་ཆེན་ཏེ།། འགྲོ་བ་ཀུན་ལ་རང་བཞིན་གནས།། བྱ་བ་བྱེད་ལ་བྱས་པ་མེད།། ཟད་པའི་དུས་མེད་ཡེ་ཤེས་ཏེ།། བུམ་པ་བཟང་དང་ཡིད་བཞིན་མཛོད། ། ཟ་མ་ཏོག་དང་ཡིད་བཞིན་རྒྱལ།། གཞན་ནས་ཡོད་འོངས་མ་ཡིན་ཏེ།། རང་སེམས་བསོད་ནམས་བརྟན་པ་ཡིན།། ལྷ་སྲིན་ལ་སོགས་ཡོད་པ་ཡི།། ནོར་འདྲ་རིན་ཆེན་མ་ཡིན་ཏེ།། བོ་དྷིའི་དཀོར་ནི་རིན་པོ་ཆེ། ། སྐུ་གསུང་མི་ཟད་པར་ལྡན་པའི།། རྒྱན་གྱི་འཁོར་ལོ་བསམ་མི་ཁྱབ།། དངོས་གྲུབ་མཆོག་གི་སྙིང་པོ་ནི།། དང་པོའི་དོན་རྟོགས་མཐའ་མི་གཏོང།། ཆུ་སྲིན་ཕྱག་རྒྱ་ཇི་བཞིན་དུ།། སྤྱོད་ཡུལ་ཀུན་ཏུ་ཚད་དཔག་མེད། ། རང་གི་བྱང་ཆུབ་སེམས་ཤེས་ན།། དངོས་གྲུབ་མཆོག་ནི་གཞན་ན་མེད།། ཕྱོགས་བཅུ་དུས་བཞི་སྣོད་བཅུད་ཀུན།། བྱང་ཆུབ་སེམས་སུ་འདུས་རྟོགས་ན།། སྐུ་གསུང་མི་ཟད་པར་ལྡན་པའི། ། རྒྱན་གྱི་འཁོར་ལོ་ཐིག་ལེར་འཁོར།། སྟོང་སྨོན་རྒྱ་ཆད་འོད་གསལ་བར།། རིན་ཆེན་ཚོགས་ཀྱིས་བརྒྱན་པ་ཡིན།། རང་བྱུང་ཉི་ཟླ་པད་རིན་ཆེ།། བརྩེགས་ནས་རྒྱལ་བའི་གདན་ཉིད་ལ།། མཉམ་རྫོགས་ལྷུན་ལ་རོལ་བའི་ཕྱིར། ། རྟོག་མེད་བྱང་ཆུབ་རྡོ་རྗེའི་སྐུས།། ང་དང་བདག་མེད་དབྱིངས་མཁྱེན་པས།། མི་གནས་ཉམ་ཉིད་ངང་ལ་སྤྱོད། ཅེས་ཉིད་ལ་ཉིད་ཀྱིས་གསུངས་སོ།། རྡོ་རྗེ་གསང་བའི་ཚིག་ཏུ་འོ།། སྒྱུ་འཕྲུལ་དྲ་བ་ལས། ཕྱོགས་བཅུ་དུས་བཞི་མཉམ་པ་ཉིད་གཉིས་སུ་མེད་པར་སྟོན་པའི་ཕྱིར། ཕྱོགས་བཅུ་དུས་བཞི་ངེས་པ་མེད་པ་མཉམ་པ་ཉིད་དུ་བསྟན་པ་དང། ཐམས་ཅད་བྱང་ཆུབ་སེམས་སུ་འདུས་པར་བསྟན་པ། གླེང་གཞིའི་ལེའུ་སྟེ་དང་པོའོ། །།། དེ་ནས་དེ་བཞིན་གཤེགས་པ་དགེས་པ་ཆེན་པོས། རྒྱུད་ཀྱི་རྒྱལ་པོ་སྒྱུ་འཕྲུལ་དྲ་བ་བསྟན་པ་ལས། ཆོས་ཐམས་ཅད་ནམ་མཁའ་ལྟ་བུའི་ཡུམ་གྱི་དབྱིངས་སུ་འདུས་པར་བསྟན་པའི་ཕྱིར། ། ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད།། ཡང་དག་དོན་གྱི་གསང་མཆོག་ནི།། བདེ་བའི་ཐུགས་ཀྱི་དཀྱིལ་འཁོར་ཏེ།། ང་དང་བདག་མེད་དཀྱིལ་འཁོར་ལས།། ངེས་པའི་དོན་ཆེན་བཞི་བཅུ་གཉིས།། ཡིད་བཞིན་རིན་ཆེན་གསལ་འབར་བར། ། དེ་ལས་བྱུང་ནས་སླར་ཡང་ཐིམ།། ཨ་ཐམས་ཅད་མ་ལུས་ཐིག་ལེའི་དབྱིངས།། མི་འགག་ཐིག་ལེའི་མཆོག་ཉིད་ལས།། སྐུ་ལྔའི་ཡིག་འབྲུ་ལྔ་པོ་ཀུན།། ཐམས་ཅད་ཡུམ་གྱུར་དབྱིངས་སུ་ཐིམ། ། སླར་འདུས་ཕྱག་རྒྱ་འོད་འབར་བ།། གསལ་འབར་སྤྲིན་གྱི་བདག་པོར་གྱུར།། བྱང་ཆུབ་སེམས་སུ་ཐིམ་པ་ལས།། ཀུན་ལ་ཁྱབ་ཅིང་མི་གནས་ཤིང། ཁ་དོག་དབྱིབས་དང་གནས་མ་ཡིན།། ཡོན་ཏན་མཆོག་གི་སྙིང་པོ་ནི། ། རྟོག་གེའི་སྤྱོད་ཡུལ་ཡོང་མ་ཡིན།། ཟབ་ཅིང་རྒྱ་ཆེ་རབ་སྦྱངས་པའི།། སྐལ་ལྡན་བརྟན་པའི་སྤྱོད་ཡུལ་ཏེ།། གཞན་ནས་བཙལ་ཞིང་བརྟག་ཏུ་མེད།། ཐམས་ཅད་ནམ་མཁའི་མཚན་ཉིད་དེ།། སྣ་ཚོགས་འཇིག་རྟེན་ཁམས་གཡོ་དང། ། རྒྱལ་བ་མངོན་འབྱུང་ཐམས་ཅད་ཀུན།། ནམ་མཁའི་དབྱིངས་སུ་མ་གྱུར་པ།། དུས་བཞི་ཕྱོགས་བཅུ་གང་ནའང་མེད།། དུས་གསུམ་བདེ་གཤེགས་ཉིད་མི་མངའ།། སྔོན་གྱི་བདེ་གཤེགས་ཐུགས་ཆུད་པའི། ། ནམ་མཁའི་ངང་དུ་ཐམས་ཅད་ཐིམ།། ཐམས་ཅད་ཤེས་རབ་དབྱིངས་ཉིད་པས།། དབྱིངས་ལ་དབྱིངས་ཀྱིས་རྣམ་པར་སྦྱོར།། ཤེས་རབ་དབྱིངས་གཉིས་སྦྱོར་བ་ནི།། བྱང་ཆུབ་རྡོ་རྗེའི་ཐིག་ལེ་ཡིན། ། དཀྱིལ་འཁོར་བསམ་ཡས་ལྷུན་གྲུབ་པ།། རྒྱ་དང་བྲལ་བའི་གཞས་ཡས་ཀྱིས།། ཀུན་ལ་ཁྱབ་ཅིང་མི་གནས་པ།། ཡོན་ཏན་མཆོག་གི་གནས་ཡིན་ཏེ།། མ་བཅོས་རྒྱུན་གྱི་སྐད་ཅིག་མ།། དེ་ཡིས་མ་བྱས་གང་ཡང་མེད། ། རང་གི་རྣམ་རྟོག་མ་ཡིན་པ།། དེ་བཞིན་གཤེགས་པའི་སངས་རྒྱས་དང།། ལོག་པར་མཐོང་བའི་མུ་སྟེགས་དང།། གཞན་ཡང་སྤྲུལ་པ་མང་པོའི་ཚོགས།། རྟོགས་དང་མ་རྟོགས་ལས་བྱུང་བའི། ། ཕྱོགས་བཅུ་མ་ལུས་ཐམས་ཅད་ཀྱིས།། དེ་ལ་བསད་ཅིང་གཟུང་དུ་མེད།། སྐྱེས་བུ་དམ་པ་མཆོག་འདོད་པས།། དེ་ལ་རྟག་འགྲུས་གསལ་བར་གྱིས།། དེ་ཡི་འབྲས་བུ་མཐར་ཕྱིན་ནི།། རྒྱུ་འབྲས་མེད་པའི་དུས་གཅིག་སྟེ། ། ཐམས་ཅད་མིང་གི་མཚན་ཉིད་དུ།། ཡི་གེ་འབྲུ་གསུམ་རྫོགས་པར་འགྱུར།། མི་ཟད་རྒྱན་གྱི་འཁོར་ལོར་བསྡུས།། ཚོགས་ཆེན་གཉིས་ཀྱང་རྫོགས་པར་རོ།། སྐྱེ་འཇིག་མེད་པའི་དབྱིངས་ལ་བཞུགས། ། འཇིག་རྟེན་འདས་དང་འཇིག་རྟེན་པའི།། མཐའ་ཡས་དཀྱིལ་འཁོར་བསམ་ཡས་ཀུན།། རྒྱལ་བ་ཡུམ་གྱི་དབྱིངས་སུ་ཐིམ།། ཐམས་ཅད་མ་ལུས་ཆོས་སྐུར་འདུས།། ཧོ། མཉམ་པ་ཉིད་ཀྱི་དཀྱིལ་འཁོར་ནི། ། དུས་བཞི་མཉམ་ཉིད་མཆོག་གི་ཡུལ།། རང་རིག་དག་པ་གསང་བའི་མཁའ།། ཀུན་འབྱུང་སྙིང་པོ་བདག་མེད་པ།། ཡེ་ཤེས་རང་རིག་མཁའ་ལྟར་གསལ།། རྒྱལ་བའི་བཞུགས་གནས་སྙིང་པོ་ལས།། ཆོས་སྐུ་བརྗོད་པ་གུད་ན་མེད། ། རྣམ་རྟོག་ཉིད་ནི་གདགས་པའི་ཆོས།། རྣམ་པར་རྟོག་དང་མི་རྟོག་ལས།། མྱ་ངན་འདས་དང་འཁོར་བ་མེད།། སྣོད་བཅུད་དག་པའི་དཀྱིལ་འཁོར་མཆོག། བྱང་ཆུབ་ཆེན་པོ་རྒྱལ་སྲས་ལམ། ། བཞི་བཅུ་དག་པའི་རྩ་གཉིས་རྫོགས།། དེས་ནི་ཕྱོགས་བཅུ་དུས་བཞི་བསྡུས།། ཐམས་ཅད་མིང་ཙམ་ཨ་ལ་ཐིམ།། ཨ་སྒྱུ་འཕྲུལ་དྲ་བ་ལས། ཆོས་ཐམས་ཅད་མིང་གི་མཚན་ཉིད་འཛིན་པ་དེ་ཀུན་ཡུམ་གྱི་དབྱིངས་སུ་འདུས་པ་གསང་བའི་ལེའུ་སྟེ་གཉིས་པའོ། །།། དེ་ནས་དེ་བཞིན་གཤེགས་པ་དགེས་པ་ཆེན་པོ་དེ། ཡེ་ཤེས་ལྔའི་དཀྱིལ་འཁོར་ལ་མཉམ་པར་བཞུགས་ནས། ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ། ། ལྔ་ཕུང་ཡན་ལག་ཐམས་ཅད་ཀྱང།། འབྲུ་ལྔར་གནས་པའི་བྱང་ཆུབ་སྟེ།། ཨོཾ་དང་མུཾ་དུ་འབྲེལ་བ་ཡི།། བྱང་ཆུབ་རྡོ་རྗེ་དྲིལ་ལས་འབྱུང།། སྤྱིར་ནི་བརྗོད་པ་ཐམས་ཅད་ཀྱང།། ཀུན་ཀྱང་མིང་ཙམ་ཡི་གེ་ཨ།། སྐྱེ་འཇིག་ཉིད་ནི་ཡི་གེ་ལྔ། ། དེ་ནི་བྱང་ཆུབ་སེམས་ཡིན་ཏེ།། གཉིས་མེད་བྱང་ཆུབ་མཆོག་འབྱུང་བ།། གསུམ་ཤར་ལྔ་འབར་བཅུ་འབྱོར་པ།། ཟད་མེད་རིན་ཆེན་གཏེར་ཡིན་ཏེ།། མངོན་ཤེས་དྲུག་ལྡན་མཚན་བཟོད་སྤགས། ། ཨེ་ལས་འཕྲོས་ཤིང་ཨར་འདུས་པ།། གསང་བའི་ཐིག་ལེ་ཉིད་ཀྱི་དབྱིངས།། ནམ་མཁའི་དབྱིངས་ནས་སྤྲིན་འབྱུང་བ།། ཀུན་ལ་ཁྱབ་ཅིང་སྣ་ཚོགས་སྨན།། ཡི་གེ་བཞི་བཅུ་རྩ་ལྔ་ཡི། ཁོང་ནས་བསམ་གྱིས་མི་ཁྱབ་པའི། ། བྱིན་བརླབས་ཡ་མཚན་རྨད་པོ་ཆེ།། ཡོན་ཏན་མི་ཟད་གཏེར་དུ་གྱུར།། ཧོ། ཡེ་ནས་མཉམ་ཉིད་གསང་བ་ཡི།། དཀྱིལ་འཁོར་དམ་པ་མཆོག་གི་དབྱིངས།། དབྱིངས་ལས་མི་གཞན་ཡེ་ཤེས་རབ། ། དབྱིངས་ཉིད་གཟུགས་བརྙན་སྒྱུ་མའི་ཚུལ།། སྣང་བྱེད་ཉིད་ན་བྱ་བྱེད་མེད།། མི་གནས་གནས་པའི་ཡེ་ཤེས་ཉིད།། འཕྲུལ་ཆེན་བཞི་བཅུ་རྩ་ལྔའི་དོན།། དཀྱིལ་འཁོར་བསམ་ཡས་ལྷུན་གྲུབ་ཀྱི། ། གཉིས་མིན་ཐབས་ཤེས་མཉམ་པར་གནས།། དག་མཉམ་རྣམ་གསུམ་དོན་རྟོགས་པས།། དེ་ཡི་ངོ་བོར་བསྒོམ་བྱས་ཤིང།། མཉམ་པ་རྣམ་བཞིའི་དོན་རྟོགས་པས།། དེ་ནི་སངས་རྒྱས་མཆོག་གི་གནས།། རྒྱུ་འབྲས་དབྱེར་མེད་ལྷུན་གྲུབ་པ། ། ཕུན་སུམ་ཚོགས་པ་བཞིར་ནི་འདུས།། ཡེ་ཤེས་ལྔ་ནི་རྫོགས་པ་ཡི།། སྐུ་གསུང་ཐུགས་ཀྱིས་ཐམས་ཅད་བསྡུས།། ཆགས་མེད་བཞི་ཡི་ལམ་ནས་ནི།། སྐྱེ་འགག་མེད་པའི་ཐིག་ལེར་འཇུག། ཀུན་རྫོགས་སྤྱོད་ཡུལ་མཎྜལ་ལ།། འོད་གསལ་དཀྱིལ་འཁོར་རྫོགས་པར་ལྡན།། ཐམས་ཅད་རང་རིག་རྒྱལ་པོ་ཡིས།། དཀྱིལ་འཁོར་ཆེན་པོ་དག་མཉམ་པའི།། ཁྲོ་བོ་ཁྲོ་མོར་རྣམ་པར་སྦྱོར།། ཆོས་རྣམས་རང་བཞིན་ཉིད་ཀྱིས་སྟོང། ། ནང་དང་ནང་གི་ཕྱི་རོལ་གྱི།། རྣམ་རྟོག་སྣ་ཚོགས་འཛིན་པ་ཡིན།། དངོས་པོ་མེད་དབྱིངས་སྐད་ཅིག་མ།། དེ་ཉིད་རྣམ་པར་དག་པའི་ལམ།། ཕྱིན་ཅི་ལོག་ཉིད་ཡང་དག་སྟེ།། མ་རིག་པ་ནི་ཡེ་ཤེས་ལ། ། ཉོན་མོངས་སྡུག་བསྔལ་བྱང་ཆུབ་མཆོག། ཐམས་ཅད་ཡོན་ཏན་མཆོག་གི་གནས།། ཨ་ཧོ། ཕྱོགས་བཅུའི་དཀྱིལ་འཁོར་མ་ལུས་ཀུན།། ངེས་དོན་བཞི་བཅུ་རྩ་ལྔར་འདུས།། བསྡུས་པའི་དོན་ཉིད་འབྲུ་ལྔར་བསྡུས། ། ལྔ་པོ་འབྲུ་གསུམ་ནང་དུ་བསྡུས།། གསུམ་པོ་ཡི་གེ་ཨར་འདུས་ཏེ།། ཨ་ཉིད་མ་སྐྱེས་དབྱིངས་སུ་ཐིམ།། ཨ་ཧོ། སྟོང་ཉིད་མི་དམིགས་བརྗོད་མི་ལང།། མི་གནས་དེ་བཞིན་ཉིད་ཀྱང་ནི།། ཚད་དཔག་མེད་དེ་བསམ་མི་ཁྱབ། ། སྐྱེ་མེད་དབྱིངས་ཀྱིས་ཀུན་ལ་ཁྱབ།། མ་འགགས་བྱང་ཆུབ་སེམས་ཉིད་ནི།། དངོས་པོ་མེད་པས་སྐྱེ་འཇིག་མེད།། འགྲོ་མེད་འོང་མེད་མིག་གནས་པའི།། ཐུགས་རྗེའི་བྱིན་བརླབས་རྣམ་པར་འཕྲོ། ། ཞེས་ཉིད་ལ་ཉིད་ཀྱིས་གསུངས་སོ།། དབྱིངས་དག་པ་ལས་དབྱིངས་ཀྱི་སྐུ་ཕྱག་རྒྱར་གསལ་བ་ངོ་མཚར་ཆེ་ནས། ཆེད་དུ་བརྗོད་པ་འདི་སྐད་བརྗོད་དོ།། དབྱིངས་ལ་ཐབས་ཀྱི་དབྱིངས་ཕྱུང་བས།། སྐུ་ཡི་ཕྱག་རྒྱ་ཆེན་པོར་གསལ། ། ཐབས་ལས་དབྱིངས་ཕྱུང་ཡུམ་གྱི་རྒྱ།། དབྱིངས་དང་ཡེ་ཤེས་འབྱོར་པས་ན།། བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ཡས།། ཨ་ཧོ། དེ་བཞིན་གཤེགས་པའི་དཀྱིལ་འཁོར་ངེས་པའི་དོན། དངོས་པོ་མེད་པའི་སྐུ་ཕྱག་རྒྱ་ཐིམ་པའི་ལེའུ་སྟེ་གསུམ་པའོ། །།། དེ་ནས་དེ་བཞིན་གཤེགས་པ་བཅོམ་ལྡན་འདས་དགེས་པ་ཆེན་པོས། འགྲོ་བ་ཐམས་ཅད་ལ་རང་བཞིན་གྱི་དཀྱིལ་འཁོར་ཡོད་པར་བསྟན་པ་དང། འགྲོ་བ་རྣམས་ཀྱང་རིགས་རྣམ་པ་དྲུག་ཏུ་བཤད་དོ། ། དེ་ལ་ཆོས་ཉིད་ཀྱི་རིགས་ནི་ཐམས་ཅད་ཀུན་ལ་ཡོད།། དཔེར་ནམ་མཁས་ཀྱང་ཀུན་ལ་ཁྱབ་པར་གནས་སོ།། དེ་ལྟར་ཆོས་ཀྱི་དབྱིངས་ཀྱང་ཀུན་ལ་ཁྱབ་ཀྱང། མངོན་པར་ཐར་པ་དེའི་དོན་ནམ་རྟོགས་ན། མེ་ལོང་གཡས་གཡོགས་པ་དང་འདྲ་སྟེ། ཡེ་ཤེས་ཀྱི་གཟུགས་བརྙན་སྣང་བའི་བྱ་བ་བྱེད་མི་ནུས་སོ།། ཞེས་གསུངས་ནས། ཡང་བཅོམ་ལྡན་འདས་དགེས་པ་ཆེན་པོ་རྡོ་རྗེ་ཐོགས་པས་ཆེད་དུ་བརྗོད་པ་འདི་སྐད་བརྗོད་དོ། ། མཉམ་ཉིད་དོན་རྟོགས་རང་རིག་རྒྱལ་པོས་ནི།། རྒྱ་མཚོ་ཆེན་པོར་ཆུ་ཀླུང་ཀུན་འབབ་ལྟར།། བླ་མེད་སྙིང་པོ་རྒྱ་མཚོ་ལྟ་བུ་འདིར།། རྣམ་ཐར་ཐེག་པ་བསམ་ཡས་མ་ལུས་བསྡུས། ། ཨ་ཧོ། མི་དམིགས་བདག་མེད་དོན་རྟོགས་ཕ་རོལ་ཕྱིན།། ས་བཅུར་ཀུན་རྫོགས་བསྒོམས་པའི་རྣལ་འབྱོར་པ།། སངས་རྒྱས་སར་འགྲོ་གོ་འཕང་ཐོབ་པའི་ལམ།། བདེན་པ་གཉིས་ཀྱིས་རབ་ཏུ་ཐོབ་པར་འགྱུར། ། ཕྱི་ནང་རྟེན་འབྲེལ་མ་བརླན་ཤེས་པའི་ཕྱིར།། དངོས་པོ་གཟུགས་ལ་ཐོགས་མེད་རབ་ཏུ་འཇུག། དགེ་ཤེས་མི་སློབ་རང་གི་རིག་པས་རྟོགས།། བྱང་ཆུབ་སར་འགྲོ་རྫུ་འཕྲུལ་ཁོལ་བུར་སྟོན། ། བདེན་བཞིའི་དོན་རྟོགས་རབ་ཏུ་སྤོང་པ་ཡི།། ཡེ་ཤེས་བཅུ་དྲུག་ཆས་སྦྱངས་ཞི་བ་ཡི།། རྒྱུན་ཞུགས་ལ་སོགས་རིམ་པར་སྦྱངས་ནས་ནི།། ཉོན་མོངས་ས་རྣམས་བཞི་བའི་ས་རུ་འགྲོ།། དགེ་བཅུ་སྤྱོད་ཅིང་མི་དགེ་སྤོང་བྱེད་པ། ། འདོད་ཁམས་ལྷ་དང་མིར་ནི་སྐྱེ་བའི་རྒྱུ།། ཚད་མེད་བཞི་སྤྱོད་མི་གཡོ་སྒོམ་བྱེད་པ།། ཚངས་གནས་ལ་སོགས་སྐྱེ་བའི་རྒྱུ་ཡིན་ནོ།། ཐེག་པ་གང་དུའང་བསྟན་པར་མ་ངེས་པའི།། ངེས་མེད་ཐེག་པ་དེ་ཡི་སྐྱེ་གནས་ན། ། སྐྱེ་གནས་སྨིན་པ་མེད་པར་རྒྱལ་བས་གསུངས།། ཆོས་ཀྱི་དབྱིངས་ཀྱིས་ཀུན་ལ་ཁྱབ་གྱུར་ཀྱང།། རང་གིས་རྟོགས་དང་སྐལ་དང་མི་ལྡན་ན།། ཇི་ལྟར་དམུས་ལོང་མདུན་དུ་མདོག་བསྟན་བཞིན།། འདི་ནི་སྐལ་མེད་རིགས་ཆད་ས་ཡིན་ནོ། ། ཆོས་ཀྱི་དབྱིངས་ཀྱིས་ཀུན་ལ་ཁྱབ་པའི་ཕྱིར།། བླ་མེད་ཐེག་པ་བསམ་ཡས་གསུངས་འདྲ་ཡང།། སོ་སོ་རང་རིག་བློ་ལ་སྣང་བར་ཟད།། ངན་སོང་འགྲོ་དྲུག་སྣ་ཚོགས་རྒྱུ་བ་ཡང། ། འཁྲུལ་པའི་བློ་ལོག་རྟོག་པ་ཉིད་སྣང་སྟེ།། དེ་བཞིན་ཉིད་ཀྱི་དབྱིངས་ལ་འགྱུར་བ་མེད།། རང་རིག་མི་དམིགས་གོམས་བྱས་བླ་མེད་མཆོག། ལོག་རྟོག་བདག་དང་བདག་གིར་འཛིན་གྱུར་ན།། དངོས་མེད་དབྱིངས་ལས་རྟོག་པ་སྣ་ཚོགས་འཆར། ། ཡང་དག་ཤེས་པའི་རང་རིག་བླ་མེད་ན།། བདེ་གཤེགས་ཞིང་ཡང་ངན་སོང་གནས་སུ་མཐོང།། ཐེག་མཆོག་མཉམ་པའི་དོན་ཉིད་རྟོགས་པ་ནི།། ངན་སོང་གནས་ཉིད་འོག་མིན་དགའ་ལྡན་གནས། ། མཐའ་དང་དབུས་མེད་ནམ་མཁའི་དབྱིངས་ཁྱབ་ན།། ཉི་ཟླ་གཟའ་སྐར་མཚན་མོ་གློག་འགྱུ་དང།། གཞའ་ཚོན་སྤྲིན་མང་སྣ་ཚོགས་འཁྲུགས་འགྱུར་ཡང།། ནམ་མཁའི་དབྱིངས་ལས་འགྱུར་ཅིང་ཉམས་པ་མེད། ། མི་དམིགས་ཆོས་ཀྱི་དབྱིངས་ནི་བསམ་ཡས་ནས།། སྐུ་གསུང་ཡོན་ཏན་འཕྲིན་ལས་རྨད་བྱུང་དང།། འཇིག་རྟེན་འདི་ཡི་ཆོས་རྣམས་སྣ་ཚོགས་དང།། འཁྲུལ་འཁོར་སྡུག་བསྔལ་རྣམ་མ་ཅིར་སྣང་ཡང། ། དེ་བཞིན་ཉིད་ལ་ཞུ་ཞིང་བྲི་བ་མེད།། རྒྱུད་ཀྱི་རྒྱལ་པོ་སྒྱུ་འཕྲུལ་དྲཝ་བ་ལས། ཐམས་ཅད་ལ་ཆོས་ཉིད་ཀྱི་རྒྱུ་ཡོད་ཅིང་ཀུན་ལ་ཁྱབ་པ་དང། རིགས་བརྒྱད་སོ་སོར་ཕྱེ་བའི་ལེའུ་སྟེ་བཞི་པའོ། །།། དེ་ནས་དེ་བཞིན་གཤེགས་པ་མཉམ་པ་ཉིད་ལ་བཞུགས་ནས། འཁོར་བསམ་གྱིས་མི་ཁྱབ་པ་ཐམས་ཅད་ཀྱང། རྡོ་རྗེ་ཐོགས་པ་དགེས་པ་ཆེན་པོ་ཉིད་ཀྱི་འཁོར་དུ་བསྡུ་བའི་ཕྱིར། ཕྱོགས་བཅུ་དུས་བཞི་མ་ལུས་པར་རྫོགས་པའི་སངས་རྒྱས་ཉིད་ཀྱི་བཞུགས་གནས། གཞལ་མེད་ཁང་ནི་ཚད་དཔག་ཏུ་མེད་ཅིང་བསམ་གྱིས་མི་ཁྱབ་པ་རིན་པོ་ཆེ་སྣ་ཚོགས་འོད་འབར་བས་མཐའ་དབུས་མེད་པར་ཁྱབ་ཅིང། འོད་ཟེར་སྒྲིབ་པ་མེད་པ་རང་འབྱུང་བ་ལ་བཞུགས་ནས། ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ།། སྐུ་ཡི་འོད་ཟེར་འཕྲོ་བ་ཚད་དཔག་མེད། ཀུན་ནས་དཀྱིལ་འཁོར་ཡོངས་སུ་མ་ཆད་པའི།། སྲིད་གསུམ་ཡོངས་དག་མཉམ་སྦྱོར་སྤྱོད་ཡུལ་ཏེ། ། མཚན་འཛིན་འདས་པའི་མཆོག་གི་རྒྱུ་ལས་བྱུང།། དབང་སྒྱུར་དེ་བཞིན་གཤེགས་པ་དགེས་ཆེན་དེ།། ཤིན་ཏུ་རྣམ་དག་འོག་མིན་རྒྱས་པ་ན།། རང་བྱུང་ཉི་ཟླ་པད་རིན་གདན་ལ་བཞུགས། ། གཟུང་འཛིན་བྲལ་བའི་བླ་མེད་རྗེས་འོད་དང།། འཇིག་རྟེན་འཁོར་གྱི་གཙོས་བསྐུར་དབང་ཕྱུག་དང།། གཞན་ཡང་འཇིག་རྟེན་ཕྱོགས་བཅུ་ཁམས་འོངས་ཀུན།། བདུད་རྩི་རོ་ཡིས་དཀའ་བདེ་འགྲུབ་མཛད་དེ། ། དུག་གསུམ་དྲི་བྲལ་བདུད་སྡེ་ཚར་བཅད་ནས།། འདས་དང་མ་འདས་དེ་བཞིན་ཉིད་དུ་སྦྱོར།། ཤེས་རབ་ཐབས་ལྡན་ངེས་པའི་དོན་བྱུང་བ།། རིག་པའི་ཐབས་ཆེན་དབང་སྒྱུར་ཉིད་དུ་སྒོམ།། སྟོང་སྨོན་མཚན་མེད་རང་བཞིན་འོད་གསལ་བ། ། ཟད་མེད་བསོད་ནམས་ཚོགས་ཀྱིས་བརྒྱན་པར་འགྱུར།། རྡོ་རྗེ་མཉམ་ཉིད་ཐུགས་སུ་ཆུད་པས་ན།། མཉམ་རྫོགས་ཆེན་པོའི་ལྷུན་ལ་རོལ་པར་མཛད།། བདེ་གཤེགས་དབྱིངས་ཉིད་དེ་བཞིན་ཉིད་གནས་པ། ། དུས་བཞི་རྒྱལ་བ་ཀུན་དང་མཉམ་པར་འུབ།། ཐམས་ཅད་འོད་གསལ་དཀྱིལ་འཁོར་ཐུགས་ཆུད་པ།། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་འཆང་ལས་བྱུང།། སྤྱོད་ཡུལ་འཕྲོག་མེད་བརྗོད་ཀྱིས་མི་ལང་བའི། ། དུས་བཞི་མཉམ་ཉིད་ངེས་པའི་དོན་ཉིད་ཉོན།། ཐུགས་རྗེའི་དབང་གིས་འགྲོ་དྲུག་དུས་གནས་བཞུགས།། ང་དང་བདག་མེད་མཉམ་པའི་དབྱིངས་མཁྱེན་པ།། མཉམ་པའི་དོན་གྲུབ་རྡོ་རྗེ་ཅན་ཞེས་བྱ། ། རྣམ་པར་རྟོག་མེད་བྱང་ཆུབ་རྡོ་རྗེའི་སྐུ།། ཤེས་རབ་མཆོག་གིས་མ་ལུས་ཡོངས་བསྡུས་ནས།། བདེ་གཤེགས་མི་གནས་མཉམ་ཉིད་ངང་དུ་བྱོན།། ཐབས་ཆེན་མ་འདྲེས་རྣམ་པར་ཐར་པ་ཡིས། ། དམིགས་མེད་བདེ་གཤེགས་ཉིད་དབྱིངས་ཐུགས་ཆུད་པ།། ཐབས་དང་ཤེས་རབ་དབྱིངས་ཉིད་དམ་པའི་མཆོག། ཕྱོགས་བཅུ་དུས་བཞི་དབྱིངས་སུ་མཐའ་གཏུགས་པ།། རང་རིག་རྒྱལ་པོ་ཆེ་ཡིས་རྟོགས་པར་འགྱུར། ། ཞེས་ཉིད་ལ་ཉིད་བརྗོད་དེ། རྡོ་རྗེ་གསང་བའི་ཚིག་ཏུའོ།། གཞལ་མེད་ཁང་དབུབ་པ་ཐབས་དྲ་བའི་ལེའུ་སྟེ་ལྔ་པའོ།།།། དེ་ནས་དེ་བཞིན་གཤེགས་པ་བཅོམ་ལྡན་འདས་དགེས་པ་ཆེན་པོས། ཐུགས་རྗེ་རོལ་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ།། ནམ་མཁའ་མཁའ་དཀྱིལ་དངས་པ་ནས།། ཡིད་བཞིན་སྤྲིན་ཚོགས་རྣམ་འབྱུང་བ།། སྣ་ཚོགས་འབྱུང་ཞིང་འོད་འཕྲོ་འབར། ། རཾ། སྲིད་གསུམ་བསྲེག་པའི་མེ་ཡིན་པས།། ཡིད་ཀྱི་ཡེ་ཤེས་མེ་རུ་འབར།། རཾ། དབང་པོ་དྭངས་པའི་དཀྱིལ་འཁོར་དུ།། སྤྱོད་ཡུལ་རྫས་རྣམས་བསྡུས་ནས་ནི།། ལྷན་ནེ་ལྷང་ངེ་འོད་དུ་ཞུ། ། ཨ། ཞི་གྱུར་དབྱིངས་ནས་ཕྱག་རྒྱ་འབར།། ཐུགས་རྗེ་བྱིན་བརླབས་རྨད་པོ་ཆེ།། ཧཱུ~ཾ། འགྲོ་བ་སྣ་ཚོགས་དོན་བྱེད་པ།། འདི་ནི་བྱང་ཆུབ་མཆོག་ཏུ་གསུངས།། ཧོ། བཞི་པོ་འཇོམས་ཤིང་ངན་སོང་སྦྱོང།། ཏྲ་ཊ། སྨན་བཅུད་ལེན་གྱི་དུག་སྦྱོང་བཞིན།། ཕྱི་དང་ནང་གི་དྲི་མ་དག། བདག་མེད་གཉིས་ཀྱིས་འདག་པར་བྱེད།། ཧྲི། བསལ་ཞིང་གཞག་པར་བྱ་བ་མེད།། ཉི་མ་ཤར་བའི་འོད་བཞིན་དུ།། སྣང་དང་མི་སྣང་གཉིས་ཀ་མེད། ། དེ་བཞིན་མཉམ་ཉིད་ཡེ་ཤེས་ཀྱིས།། ཐམས་ཅད་རྒྱལ་བའི་ཞིང་དུ་སྦྱོར།། ཨོཾ། རང་རིག་ཡེ་ཤེས་རྒྱལ་པོ་ཡིས།། འབྱུང་བ་ཁམས་རྣམས་དབང་བསྡུས་ནས།། ཐམས་ཅད་མི་དམིགས་དབྱིངས་སུ་བསྟིམ།། མ་ལུས་ཁྲོ་བོའི་ཚོགས་སུ་གྱུར། ། རྟོག་བཞི་མི་དམིགས་དབྱིངས་གྱུར་པ།། ཤེས་རབ་ཡུམ་གྱི་དབྱིངས་སུ་ཐིམ།། ཐབས་ཤེས་གཉིས་མེད་དབྱིངས་གྱུར་པ།། ཆོས་རྣམས་དབྱིངས་ཀྱི་ཁྲོ་མོར་གྱུར།། ཆོས་ཐམས་ཅད་ཁྲོ་བོ་དང་ཁྲོ་མོའི་རང་བཞིན་དུ་གྱུར་པ་དང། རང་རིག་པའི་ཡེ་ཤེས་ཀྱི་མེས་སྦྱོང་བའི་ལེའུ་སྟེ་དྲུག་པའོ།།།། དེ་ནས་དེ་བཞིན་གཤེགས་པ་དགེས་པ་ཆེན་པོས་ཁྲོ་བོའི་རྒྱལ་པོར་སྤྲོས་ནས། ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ། ། བྱང་ཆུབ་མཆོག་གི་སྙིང་པོ་ནི།། མཚན་མས་བཙལ་བ་མ་ཡིན་གྱིས།། དག་པ་རྣམ་གསུམ་མ་ནོར་ཞིང།། རང་རིག་རྒྱལ་པོ་གོམས་པ་ཡིས།། བྱང་ཆུབ་མཆོག་འདི་རྙེད་པར་འགྱུར།། དྲག་པོ་གཏུམ་པོ་སྒྲུབ་པ་ནི། ། དཀྱིལ་འཁོར་དབུས་སུ་ལིང་ག་གཞག། མཚན་མ་མིང་དུ་བཅས་པར་བྱ། ཁྲོ་བོའི་ཞལ་ནི་གང་ཡང་རུང།། ལན་གསུམ་ལན་བདུན་རྟག་བསྒོམས་ཤིང།། མངོན་བྱུང་ཞལ་ནི་འབར་བྱས་པས།། སྔགས་བཟླས་དཀྱིལ་འཁོར་ལྷར་གྱུར་ནས། ། ལིང་ཁ་ཡང་ནས་ཡང་བསྡུས་ཏེ། ཁྲོ་བོའི་ཞལ་དུ་བསྟིམ་པར་བྱ།། ཧཱུ~ཾ་གིས་བསྡུས་ཞིང་ཕཊ་ཀྱིས་འཕང།། ཞལ་དུ་རང་སྔགས་ཁྲི་འབུམ་དུ།། རྣམ་གསུམ་ཚུལ་གྱིས་བཟླས་ནས་སུ། ། ཡང་ནས་ཡང་དུ་གསལ་བར་བྱ།། འགྲོ་ལྔའི་སེམས་ཅན་ཐམས་ཅད་ཀུན།། དབང་མེད་ཞལ་དུ་ཐིམ་པར་གྱུར།། ཡ་མནྟ་ཀྲིཏ་ལྷག་པར་འཇེབས།། སྐུ་མདོག་དུད་ཁ་ལ་སོགས་དང།། མཆེ་གཙིགས་ཁྲོ་གཉེར་བསྙེན་པ་དང། ། ཞལ་བགྲད་ཕྱག་རྒྱ་འབར་བའི་སྐུ།། གང་ལ་གོམས་པ་བསྒོམ་པར་བྱ།། བདག་ཉིད་འཛིན་པའི་ཕྱག་རྒྱ་སྟེ།། མཚན་མ་བཟུང་ནས་རང་སྔགས་འདོན།། མངོན་པར་དབང་པོས་བལྟར་ཡོད་པར། ། རིལ་བུར་བསྡུས་ནས་ཞལ་དུ་མཆོད།། ཐེ་ཚོམ་མེད་པར་འགྲུབ་པར་ངེས།། དམ་ཆོས་འཇིག་པ་མ་རུངས་པ།། གཏུམ་པོ་དྲེགས་པ་ང་རྒྱལ་ཅན།། དཔའ་བོས་རབ་ཏུ་བསད་པ་ནི།། སེམས་ཅན་ཀུན་གྱི་དོན་གྱི་མཆོག། ཀུན་ལ་ཕན་པས་ལས་དེ་གྱིས།། ཧོ། ཧཱུ~ཾ་དང་པཾ་དང་ཡོ་ལ་སོགས།། འདྲེན་པའི་མཆོག་ཏུ་དེ་གསུངས་སོ།། མཚན་མ་མིང་དུ་བཅས་པ་ཡང།། ཇི་ལྟར་སྔོན་གྱི་དེ་བཞིན་དུ།། སྨོན་པའི་བྱང་ཆུབ་ལམ་དུ་གཞུག། མཚན་མ་བག་ཆགས་མེད་པར་བྱ།། དབྱིངས་ནས་སྤྲོ་ཞིང་ཨ་ལ་སྟིམ།། ཨ་ཧོ། རིག་པ་འབར་བའི་དཀྱིལ་འཁོར་དེར།། གཏུམ་པོ་མ་རུངས་གསད་པ་ནི།། སྐྱེས་བུ་ཆེན་པོའི་ལས་ཀྱི་མཆོག། ནམ་མཁའ་ལ་ནི་ནམ་མཁའ་རོལ། ། རྡོ་རྗེ་ཐོགས་པས་ཐུགས་བརྗོད་དོ།། སྒྱུ་འཕྲུལ་དྲ་བ་ལས། ཤིན་ཏུ་གསང་བའི་ཁྲོ་བོ་ཉེ་བར་སྒྲུབ་པའི་ལེའུ་སྟེ་བདུན་པའོ།།།། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས། ཁྲོ་བོ་འབར་བ་གཏུམ་ཁྲོའི་ཚོགས་ཆེན་པོར་བསྒྱུར་ནས། ། འོད་དཔུང་འཕྲོ་ཞིང་འབར་བར་བསྟན་པ་ཆེད་དུ་བརྗོད་དོ།། སྒྱུ་འཕྲུལ་དྲ་བ་བསྟན་པ་ཡིས།། ཕྱོགས་བཅུའི་ཞིང་ཁམས་མ་ལུས་པ།། ཧཱུ~ཾ་གྱིས་གཞལ་ཡས་འཁོར་ལོར་སྤྲུལ། ། འབར་བ་ཆེན་པོའི་དཀྱིལ་འཁོར་ན།། འོད་འཕྲོས་འབར་བའི་ཚོགས་ཆེན་རྣམས།། གཏུམ་ཆེན་དུས་མཐའི་མེ་ལྟར་འབར།། རཱཾ། ཉི་མ་ཐོད་སྦྲུལ་མང་པོའི་གཟི།། ཁྲོ་གཉེར་གློག་སྟོང་འགྱུ་བ་བཞིན། ། རྔམ་པའི་ང་རོ་འབྲུག་སྟོང་ལྡིར།། ཕཊ། ཁྲོས་པའི་སྤྲིན་ཆེན་ཕྱོགས་བཅུར་འབར།། རཾ། ཁྲོས་བའི་མེ་དཔུང་རྡོ་རྗེ་འབར།། རྡོ་རྗེ་འཁོར་ལོ་བརྩེགས་པའང་འབར།། ཙཀྲ། ཁྲོ་བོ་ཁྲོ་མོ་ཚོགས་ཀྱིས་བསྐོར། ། གནས་དང་ཡུལ་གྱྀ་ཕྱག་རྒྱར་མཛེས།། ཧ་ཧེ། སླས་དང་བྱིན་མོ་བྲན་མོའི་ཚོགས།། རང་གི་སྟན་དང་ལག་ཆ་དང།། ཅི་བགྱི་ཞེས་ནི་ཆས་ཏེ་གནས།། ཏི་ར་རྒྱུ་མ་ཞགས་པ་དང།། ནརྀ་ཡི་ཙིཏྟ་ཟ་ཞིང་རྒྱུག། ཤིན་ཏུ་རྔམ་པའི་གཟུགས་སུ་གནས།། རལ་པ་མུན་ཛ་ཅོད་པན་འབར། ཁྲོ་རྒྱལ་རྡོ་རྗེ་ཐོགས་པ་ནི།། ཕྱོགས་བཅུ་ཁེབས་པའི་གཤོག་པ་གདེངས།། རྡོ་རྗེས་གཏམས་པའི་བྲག་རི་འབར།། ར~ཾ། འཁོར་ཚོགས་རྔམ་གཟུགས་གནས་པ་རྣམས། ། རྡོ་རྗེའི་གཤོག་གདེངས་འབར་བ་ཡིས།། སོ་སོའི་རང་སྔགས་སྨྲེ་སྔགས་ཤིང།། སྒྲ་སྐད་ང་རོ་དྲག་ཏུ་འདོན།། རང་སྔགས་ཧཱུ~ཾ་ཕཊ་བྷྱོ་རུ་ལུ། ཁྲོ་ཚོགས་མ་ལུས་བཟླུམས་པ་ཡི། ། དཀྱིལ་འཁོར་ཀུན་ཞལ་འབར་བ་དང།། བདག་ཉིད་གཉིས་སུ་མེད་བསྒོམས་པས།། སོ་སོའི་རིང་སྔགས་བཟླས་ནས་སུ།། རྒྱུད་དྲུག་སེམས་ཅན་ཐམས་ཅད་དང།། མ་རུངས་གདུག་པ་ཐམས་ཅད་ཀུན།། ཛཿཧཱུ~ཾ་བཾ་ཧོས་བཀུག་ནས་སུ། ། ལན་གསུམ་ལན་བདུན་ཞལ་དུ་བསྟིམ།། ལྷ་ཡང་རུང་སྟེ་བརླག་པར་འགྱུར།། གཞན་ཡང་མཆོད་པའི་ཞལ་ཟས་ནི།། འབྱོར་པ་སྣ་ཚོགས་ཀུན་གྱིས་མཆོད།། ནརི་ཡི་ཚིལ་དང་ཚ་བའི་མར། ། དམར་གྱི་ཨརྒཾ་རྒྱུན་དུ་འབུལ།། ཨ་ཧོ། སྟོང་དང་འབུམ་ནི་དབུལ་བར་བྱ།། ཡང་ན་ལན་གསུམ་བརྒྱ་རྩ་བརྒྱད།། མཆོད་པ་རབ་ཏུ་དབུལ་བར་བྱ།། བཟླས་པའང་དབུལ་གྲངས་བཞིན་དུ་ཤིས།། ནག་པོ་ཚེར་ཅན་དུག་གི་ཤིང། ། གཞན་ཡང་བསྲེག་རྫས་གདུག་གསུམ་དང།། མནན་པའི་ཆོ་ག་ཀུན་གྱིས་བྱ།། མ་མཁལ་ཁྱི་ལ་ཡ་མཁལ་རའི།། བར་དུ་མིང་རུས་བཅུག་བྱས་ནས།། བཟླས་པའི་མཐའ་མར་ཕྱིན་པ་དང། ། བདག་གི་འོག་ཏུ་བཅུག་ནས་ནི།། རྡོ་རྗེ་ཅན་གྱི་སྔགས་བཟླས་ནས།། མནན་པ་ཀུན་གྱི་མཆོག་ཏུ་འགྲོ། སྒྱུ་འཕྲུལ་དྲ་བ་ལས། ཐུགས་རྗེའི་རོལ་པ་སྤྱིར་བསྟན་པའི་ཧོཾ། ཧོཾ་ཐམས་ཅད་འདིར་འདུས་པའི་ལེའུ་སྟེ་བརྒྱད་པའོ། །།། དེ་ནས་དེ་བཞིན་གཤེགས་པ་ཁྲོ་བོའི་རྒྱལ་པོས་ཐམས་ཅད་རྡོ་རྗེར་བསྡུས་ནས།། ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ།། དག་པ་རྣམ་གསུམ་ཚུལ་བསྒོམས་པ།། སྒྱུ་འཕྲུལ་དྲ་བ་བརྟན་པར་གནས། ། ཐམས་ཅད་ཧཱུ~ཾ་དུ་བསྡུས་ནས་ནི།། དཀྱིལ་འཁོར་གྲུ་གསུམ་འབར་བར་བསྒོམ།། མེད་པུང་འབར་བའི་དཀྱིལ་འཁོར་དུ།། མེ་ལྷ་ཨག་ནེ་ཛས་བཀུག་ནས།། རཾ་ཞེས་བྱ་བའི་མེ་སྦར་ཏེ། ཁྲོ་བོའི་དཀྱིལ་འཁོར་མ་ལུས་ཀུན། ། ཞེ་སྡང་རྡོ་རྗེར་བསྒོམ་པར་བྱ།། ཧཱུ~ཾ། གཏུམ་པོ་ཚོགས་ཆེན་རབ་ཏུ་འབར།། དུང་ཁ་ནག་པོའི་མདོག་འདྲ་ལ།། འབར་བའི་འོད་ཟེར་མང་པོ་འཁྲུག། ཉི་མ་ཐོད་སྦྲུལ་མང་པོས་བརྒྱན།། སེང་གེ་གླང་ཆེན་སྟག་རྔམ་དང། ། ཕྱག་ཆ་སྣ་ཚོགས་འབར་བ་བསྣམས།། ཧཱུ~ཾ་དང་ཕཊ་དང་ཧ་ལའི་སྒྲ། དྲག་སྐད་ཕྱོགས་བཅུའི་ནམ་མཁའ་འཁྲུག། ཕཊ། ཁྲོ་བོ་ཁྲོ་མོའི་ཚོགས་ཀྱིས་བསྐོར།། གནས་དང་ཡུལ་གྱི་ཕྱག་རྒྱ་མཛེས། ། སླས་དང་བྱི་མོ་བྲན་མོ་དང།། བྷྱོ། ཅི་བགྱི་ལ་སོགས་ཚོགས་ཀྱིས་བསྐོར།། སོ་སོའི་སྟན་དང་ལག་ཆ་དང།། རྔམ་པའི་ང་རོ་རང་སྔགས་དང།། མི་སྡུག་གཏུམ་པའི་གཟུགས་ཅན་དང།། ཤིན་ཏུ་ཁྲོ་བར་བསྒོམ་པར་བྱ། ། བདག་ཉིད་ཕཊ་ཀྱི་ངང་ཉིད་དུ།། གསལ་འདྲིས་བློ་གོམས་རྟག་ཏུ་བསྒོམ།། ཛཿཧཱུ~ཾ་བཾ་ཧོས་བསྡུས་ནས་སུ།། རྒྱུད་དྲུག་སེམས་ཅན་ཀུན་བཀུག་ནས། ཁྲོ་བོའི་ཚོགས་ལ་དབུལ་བར་བྱ།། ལྷ་ཡང་རུང་སྟེ་བརླག་པར་འགྱུར། ། ཡོ་བྱད་གཞན་ནི་སྤྱི་དང་མཐུན།། གཟིར་བའི་ཐབས་ཀྱང་གོང་མ་བཞིན།། མཆོད་པའི་གྲངས་ཀྱང་སྤྱི་དང་མཐུན།། ཨ། གཞན་ཡང་དཀྱིལ་འཁོར་ཡབ་ཡུམ་བཅུ།། ཧཱུ~ཾ། ཞལ་གདངས་སྤྱན་བགྲད་ཁྲོ་བོའི་ཞལ། ། གྲུ་གསུམ་དབུས་སུ་མཆོད་བར་བྱ།། འཁོར་ལོ་རྩིབས་ལ་བརྒྱད་འབར་ཏེ།། ཐོད་པ་ལྕགས་ཀྱུ་རྣམས་ཀྱིས་བསྐོར།། ཧཱུ~ཾ། སྒྲ་གྲག་ཚོགས་ནི་མེར་འབར་བར།། འཛིན་པའི་ཕྱག་རྒྱས་བཀུག་ནས་སུ། ། ཞལ་དུ་བསྟིམ་ནས་ལྷག་པར་འགྲུབ།། རྡུལ་ཆ་ཙམ་ཡང་མེད་པར་བྱེད།། འཁོར་གྱི་ཚོགས་ཀྱང་སྔ་མ་བཞིན།། བསྟོད་པའི་ཚུལ་དུ་སྦོད་གཏོང་བྱ།། ཧཱུ~ཾ། གཏུམ་པོ་དམར་སྨུག་མཆུ་རིངས་པོ།། རྡོ་རྗེ་འབར་བའི་འཕྲེང་བས་བསྐོར། ། འོད་ཆེན་འབར་བ་ཁྲོ་བ་ཡིས།། འཇིག་རྟེན་ཁམས་རྣམས་དུས་གཅིག་རྔུབས།། ཧཱུ~ཾ། ཁྲོ་བོའི་ཚོགས་ཀྱིས་སྔགས་རྣམས་དང།། གནས་དང་ཡུམ་གྱི་ཕྱག་རྒྱ་དང།། སླས་དང་བྱི་མོ་བྲན་མོའི་ཚོགས། ། སོ་སོའི་རང་སྔགས་རྫོགས་པའི་དོན།། ཧ་ཧེ་བྷྱོ། གཞན་ཡང་བསྟོད་ཚིག་འདི་དག་གིས།། ཧཱུ~ཾ། རྡོ་རྗེ་ཐུགས་ཀྱི་བྱིན་བརླབས་ཀྱིས།། འཇིག་རྟེན་ཁམས་རྣམས་ཀུན་བཀང་སྟེ།། གཏུམ་འཁྲུག་མ་ལུས་ཐམས་ཅད་ཀུན། ། རྡོ་རྗེ་མཐུ་ཡིས་ཀུན་བསྲེགས་ཏེ།། བཏུལ་བར་མ་གྱུར་གང་ཡང་མེད།། འདས་དང་མ་འདས་རྡོ་རྗེའི་སྐུ།། འཇིག་རྟེན་ཁམས་ན་རབ་འབྱམས་ཀུན།། ཞེས་སྡང་རྡོ་རྗེ་འཁོར་བཅས་པས།། སྐད་ཅིག་ཡུད་ལ་བརླག་མཛད་དེ། ། བརླག་པར་མ་གྱུར་གང་ཡང་མེད།། སྒྱུ་འཕྲུལ་དྲ་བ་ལས། དྲག་པོ་ཧོམ་གྱི་ལེའུ་སྟེ་དགུ་པའོ།།།། དེ་ནས་ཁྲོ་བོའི་རྒྱལ་པོ་པདྨ་སྡུད་པ་ཞེས་བྱ་བས། འགྲོ་བ་མང་པོའི་དོན་གྱི་ཕྱིར་ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ། ། ཤེས་རབ་ཐབས་སུ་སྦྱོར་བ་ཡིས།། ཐམས་ཅད་མ་ལུས་དབྱིངས་སུ་བསྡུས།། དབྱིངས་ནས་ཡེ་ཤེས་འོད་འཕྲོ་འབར།། ཐམས་ཅད་མ་ལུས་དབྱིངས་སུ་སྦྱོར།། ཧྲི། དཀྱིལ་འཁོར་ཟླ་གམ་གདངས་པ་ལ། ། འོད་ཟེར་མང་པོ་འབར་བ་དང།། རྡོ་རྗེ་ལྕགས་སྒྲོག་བསྡམས་པས་བསྐོར།། གཞན་ཡང་རྒྱན་གྱི་དམ་པའི་མཆོག། ཀུན་གྱིས་དེ་ལ་བརྒྱན་ཅིང་བསྐོར།། མེ་ལྷ་སྤྱན་དྲངས་སྔ་མ་བཞིན། ། ཁྲོ་བོའི་དཀྱིལ་འཁོར་མ་ལུས་ཀུན།། པདྨའི་རིགས་ཀྱི་ཁྲོ་བོ་སྒོམ།། དམར་སྨུག་དྲག་པོའི་མདོག་དང་ནི།། གཞན་ཡང་སྤྲུལ་པ་མང་པོའི་ཚོགས།། ཕྱོགས་བཞི་མཚམས་བཞི་སྟེང་འོག་བསྐོར།། རྔམ་པའི་རང་སྔགས་དྲག་ཏུ་སྒྲོགས། ། ཧྲཱི། བདག་ཉིད་མ་ཆགས་རྡོ་རྗེ་སྟེ།། དཀྱིལ་འཁོར་གོང་མ་གསལ་བསྒོམས་ནས།། ཕྱོགས་བཅུའི་འགྲོ་བ་ཐམས་ཅད་དང།། གདུག་པའི་ཡིད་ཅན་མ་ལུས་ཀུན།། ཛཿཧཱུ~ཾ་བཾ་ཧོས་བཀུག་ནས་སུ། ། དཀྱིལ་འཁོར་ལ་ནི་དབུལ་བར་བྱ།། དགོས་པ་འགྲུབ་ཅིང་ངན་སོང་སྦྱོང།། ཧྲཱི། གཞན་ཡང་དཀྱིལ་འཁོར་མང་པོའི་ཚོགས།། དཀྱིལ་འཁོར་པདྨའི་ཞལ་འདྲ་ལ།། ཐ་མ་པདྨ་ལྗོན་ཤིང་དང།། པདྨ་རྡོ་རྗེ་འོད་འབར་བསྐོར། ། གཞན་ཡང་རྒྱན་མཆོག་མཛེས་པ་ཡིས།། དཀྱིལ་འཁོར་ཀུན་ལ་རྒྱས་པར་དབུལ།། བདག་ཉིད་པདྨའི་ལྷར་གྱུར་པས།། མཆོད་པ་ལྷ་རྫས་སྣ་ཚོགས་དང།། ཞལ་ཟས་བཟའ་བཏུང་མཆོག་རྣམས་དང། ། དམར་པོའི་ཤིང་དང་དྲི་ཞིམ་པ།། ལན་གྲངས་གོང་དུ་སྨོས་པ་བཞིན།། རྟག་ཏུ་མཆོད་པ་བྱས་ན་ནི།། འཇིག་རྟེན་འདི་དང་འདས་པ་ཡི།། ཅི་འདོད་ལས་དེ་གྲུབ་པར་འགྱུར།། སྔགས་ནི་ཡི་གེ་རཾ་དང་ཧྲི། ། མདོག་ནི་དམར་སྨུག་འོད་པོ་ཆེ།། ཕྱོགས་བཅུར་ཁྱབ་ཅིང་ཧྲི་ལ་བསྡུ།། དགེས་པའི་གླུ་དང་གར་གྱིས་མཆོད།། རྡོ་རྗེ་པདྨ་འབར་བ་ཡིས།། ཕྱོགས་བཅུ་མཐའ་ཀླས་རབ་འབྱམས་ཀུན།། དཔལ་དང་གཟི་བརྗིད་ཆེ་ལ་སོགས། ། པདྨ་འབར་བས་དེ་བསྡུས་ནས།། སངས་རྒྱས་སྐུ་དང་མཉམ་པ་དང།། གཞན་ཡང་ལོངས་སྤྱོད་མཆོག་ལ་སོགས།། ཅི་འདོད་ལས་རྣམས་དབང་དུ་འགྱུར།། ལྷ་སྲིན་ལ་སོགས་སྨོས་ཅི་དགོས། ། ཧྲི། འདོད་ཆགས་རྡོ་རྗེ་འཁོར་བཅས་པས།། འཇིག་རྟེན་ཁམས་ནི་རབ་འབྱམས་ཀུན།། སྐད་ཅིག་ཡུད་ལ་དབང་དུ་བསྡུས།། དབང་དུ་མ་གྱུར་གང་ཡང་མེད།། ཧྲི། སྒྱུ་འཕྲུལ་དྲ་བ་ལས། ཐམས་ཅད་མ་ལུས་པར་དབང་དུ་བསྡུས་ཏེ་ཧོམ་གྱི་ལེའུ་སྟེ་བཅུ་པའོ། །།། དེ་ནས་དེ་བཞིན་གཤེགས་པ་ཁྲོ་བོའི་རྒྱལ་པོ་རྣམ་པར་འཕྲོ་བ་ཞེས་བྱ་བའི་དཀྱིལ་འཁོར་འདི་དག། ཉིད་ཀྱི་དབྱིངས་ནས་ཕྱུང་ནས་ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ། ། བདེ་བ་ཆེན་པོའི་དཀྱིལ་འཁོར་འབར།། འོད་ཟེར་འཕྲོ་བ་མང་པོ་འཁྲུག། བསོད་ནམས་ཞིང་གྱུར་མཆོག་ཏུ་འབར།། རྒྱལ་བའི་ཡོན་ཏན་མཐའ་དང་མཉམ།། ཏྲཾ། ཡེ་ཤེས་ཕྱོགས་བཞི་དབུས་འོད་འབར། ། དཀྱིལ་འཁོར་ཞགས་པ་རིན་ཆེན་བསྐོར།། གཞན་ཡང་ཕྱག་རྒྱ་སྣ་ཚོགས་པའི། ཁྲོ་བོ་ཀུན་ཀྱང་རྒྱས་འཕྲོས་ཏེ།། འོད་ཆེན་དཀར་སེར་འབར་བར་བ་དང།། ཕྱག་རྒྱ་སྣ་ཚོགས་ཅིར་ཡང་བསྒྱུར།། ལྷ་དང་ལྷ་མོའི་འཁོར་གྱིས་བསྐོར།། མཆོད་པ་ཡོ་བྱད་སྣ་ཚོགས་དང།། དཀར་ལ་དྲི་ཞིམ་ཤིང་རྣམས་དང།། གཞན་ཡང་མཆོད་ཡོན་ཐམས་ཅད་ཀྱིས།། དཀྱིལ་འཁོར་ལ་ནི་རྒྱས་པར་དབུལ།། ཏྲཾ་དཀར་ཡི་གེ་འོད་འབར་བ། ། བདག་ཉིད་རིན་ཆེན་ཕྱག་རྒྱ་བས། ཁྲོ་བོ་ཀུན་ཀྱང་དེ་བཞིན་ཏེ།། མངོན་དུ་གྱུར་པའི་དཀྱིལ་འཁོར་དུ།། བ་ཤ་ཧོ་དང་ཛཿཧཱུ~ཾ་གིས།། ཕྱོགས་བཅུའི་ལམ་ལྔ་ཀུན་བཀུག་སྟེ།། དབྱིངས་སུ་ཐིམ་པས་འོད་འཕྲོ་བསྒོམ། ། ཐམས་ཅད་སངས་རྒྱས་ཞིང་དང་མཉམ།། གཞན་ནས་ཡོད་འོངས་མ་ཡིན་ཏེ།། སྒྱུ་མའི་ཡེ་ཤེས་བརྟན་པ་ཡིན།། གཞན་ཡང་དཀྱིལ་འཁོར་བསམ་ཡས་ནི།། རིན་ཆེན་དབྱིབས་ལ་རྡོ་རྗེ་འབར།། དཀྱིལ་འཁོར་རྒྱན་གྱིས་འཁོར་བར་བསྐོར། ། གཞན་ཡང་ལྷ་དང་ལྷ་མོ་ཡིས།། ཕྱོགས་བཅུ་ཁྱབ་པར་མཆོད་ཅིང་དབུལ།། ཡོན་ཏན་རྒྱལ་བའི་ཞིང་དང་མཉམ།། ཏྲཾ། གླུ་དང་གར་གྱིས་མཆོད་པར་བྱ།། ཡོན་ཏན་སངས་རྒྱས་ཞིང་དང་མཉམ། ། སངས་རྒྱས་ཞིང་ཁམས་མ་ལུས་ཀུན།། མཆོད་ཡོན་རིན་ཆེན་དཔལ་འཕེལ་གྱིས།། ཕྱོགས་བཅུ་གང་བར་རྒྱས་ཕུལ་ནས།། ཐུགས་རྗེ་དབྱིངས་ཀྱི་རྒྱས་པར་རོལ་ཧོ།། ཏྲ~ཾ། ང་རྒྱལ་རྡོ་རྗེ་འཁོར་བཅས་པས། ། འཇིག་རྟེན་ཁམས་ནི་རབ་འབྱམས་ཀུན།། སྐད་ཅིག་ཡུད་ལ་རྒྱས་མཛད་དེ།། རྒྱས་པར་མ་གྱུར་གང་ཡང་མེད།། སྒྱུ་འཕྲུལ་དྲ་བ་ལས། རྒྱལ་པོ་རྒྱས་མཛད་ཀྱི་རྒྱས་པ་ཧོམ་གྱི་ལེའུ་སྟེ་བཅུ་གཅིག་པའོ། །།། དེ་ནས་དེ་བཞིན་གཤེགས་པ་སྣང་མཛད་ཁྲོ་བོ་ཆེན་པོས། ཐམས་ཅད་དཀྱིལ་འཁོར་འབར་བ་ཆེན་པོར་བསྒྱུར་ནས། ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད།། ཡེ་ཤེས་དཀྱིལ་འཁོར་མཐའ་དབུས་མེད། ། བསམ་ཡས་ལྷུན་གྱིས་གྲུབ་པ་ཡིས།། རྒྱལ་བའི་དཀྱིལ་འཁོར་མ་ལུས་ཀུན།། བདེ་གཤེགས་ཉིད་ལས་མི་གཞན་ཤར།། ཨོཾ། དཀྱིལ་འཁོར་ཟླུམ་པོ་འབར་བ་ལ།། འཁོར་ལོ་འབར་བས་རབ་བསྐོར་ཞིང། ། འོད་ནི་སེར་པོ་རབ་ཏུ་འབར།། རྨད་དུ་བྱུང་བའི་སྐུ་ལ་སོགས།། བདག་ཉིད་ཆེན་པོས་བསྒོམ་པར་བྱ།། དཀྱིལ་འཁོར་ཐམས་ཅད་འགྲུབ་པར་འགྱུར།། ས་བོན་ཡི་གེ་ཨོཾ་དཀར་པོ།། མེ་ལྷ་སྤྱན་དྲངས་སྔ་མ་བཞིན། ཁྲོ་བོའི་དཀྱིལ་འཁོར་མ་ལུས་ཀུན།། ཀུན་ཀྱང་གཏི་མུག་རྡོ་རྗེ་སྟེ།། འོད་ཟེར་སྣ་ཚོགས་འཕྲོ་བ་དང།། འཁོར་ལོ་ཕྱག་རྒྱ་འབར་བ་དང།། ལྷ་དང་ལྷ་མོའི་ཚོགས་ཀྱིས་བརྒྱན།། གདན་དང་གནས་ཀྱང་དབྱིངས་ཉིད་དེ། ། རྒྱལ་བའི་དཀྱིལ་འཁོར་དེ་དག་ཏུ།། ཕྱོགས་བཅུ་གནས་པའི་གདུག་པ་ཀུན།། ཙཀྲའི་ལྕགས་ཀྱུས་བཀུག་ནས་སུ།། དཀྱིལ་འཁོར་དབྱིངས་སུ་བསྟིམ་བྱས་ན།། གཏུམ་འཁྲུག་གདུག་པ་མ་རུངས་པ། ། ལྷན་ནེ་ལྷང་ངེ་ཞི་བར་འགྱུར།། ཨོཾ། གཞན་ཡང་དཀྱིལ་འཁོར་བསམ་ཡས་ཏེ།། དཀྱིལ་འཁོར་འཁོར་ལོ་འབར་བ་ཡི།། ཨོཾ་དང་སེང་གེའི་མགོས་བསྐོར་ཏེ།། བརྒྱན་པའི་རྡོ་རྗེའི་ཕྱག་རྒྱ་ཀུན།། རྫོགས་ལྡན་ཞི་བས་བསྐོར་བར་བྱ། ། རྒྱལ་པོ་ལུས་མཛེས་འཁོར་ལོ་འབར།། རྒྱན་རྣམས་ཞི་བ་དཀར་བ་དང།། བྱང་ཆུབ་མཆོག་འབར་ལྷན་ནེར་བསྒོམ།། མཁའ་ལ་རྒྱུ་དང་བར་སྣང་འཕྱོ།། གཞན་ཡང་འགྲོ་དྲུག་མ་ལུས་ཀུན།། ཞི་གྱུར་འདི་ལ་ཐེ་ཚོམ་མེད། ། གར་དང་གླུ་ཡིས་མཆོད་བྱས་ཏེ།། ཕྱོགས་བཅུའི་གདུག་པ་མ་རུངས་པ།། གདུག་པའི་ཡིད་ནི་རབ་བོར་ནས།། ལྷན་ནེ་དཀར་པོའི་འོད་དུ་གྱུར།། བདེ་ལྡན་བྱང་ཆུབ་འོད་འཕྲོ་འབར་ཧོ། ། ཨོཾ། གཏི་མུག་རྡོ་རྗེ་འཁོར་བཅས་པས།། འཇིག་རྟེན་ཁམས་ནི་རབ་འབྱམས་ཀུན།། སྐད་ཅིག་ཡུད་ལ་ཞི་མཛད་དེ།། ཞི་བར་མ་གྱུར་གང་ཡང་མེད།། སྒྱུ་འཕྲུལ་དྲ་བ་ལས། ཐམས་ཅད་མ་ལུས་པར་ཞི་བར་གྱུར་ནས། ཞི་བར་བྱས་པས་ཞི་བ་ཧོམ་གྱི་ལེའུ་སྟེ་བཅུ་གཉིས་པའོ།།།། དེ་ནས་དེ་བཞིན་གཤེགས་པ་དགེས་པ་ཆེན་པོས་རྒྱལ་པོ་ཚེ་མཐའ་ཡས་སུ་སྤྲུལ་ནས། ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ།། སྒྱུ་འཕྲུལ་དྲ་བ་བརྟན་བསྡུས་ཏེ། ། བྷྲུ~ཾ་དང་བི་ཤྭའི་དཀྱིལ་འཁོར་དུ།། མ་དང་ཨ་ཡི་དཀྱིལ་འཁོར་ལ།། རྡོ་རྗེ་འཁོར་ལོ་རབ་བསྐོར་ནས།། བཞི་བཅུ་རྩ་ལྔའི་དོན་བསྒོམས་ཏེ།། དེ་ཡིས་ཕྱོགས་བཅུ་གང་འབར་ནས།། བྷྲུ~ཾ་ཛཿཧཱུ~ཾ་དང་བཾ་ཧོས་དགུག། སྐུ་གསུང་ཐུགས་ཀྱི་སྙིང་པོ་མཆོག། ལུས་ངག་སེམས་ལ་བསྟིམ་པར་བྱ།། ནརི་ཉིད་དངོས་སམ་ཡིད་བཞིན་མཛོད།། བུམ་པ་མཆོག་ནི་བཟང་པོ་ཉིད།། ཚེ་བཞག་གནས་ནི་འདི་ཡིན་ཏེ།། ཡང་ནས་ཡང་དུ་བཀུག་བྱས་ལ། ། མངོན་དུ་སྨིན་པར་གྱུར་པ་དང།། དབྱིངས་སུ་ཡང་ནི་སྦ་བར་བྱ།། རྡོ་རྗེ་གོ་ཆ་བསྲུང་བ་པོས།། ཆོ་བརྟན་བྱ་ཕྱིར་སྒོ་བསྲུངས་ལ།། འཁོར་ལོ་རྒྱ་ནི་སྒོ་ལ་གདབ།། ཚེ་གནས་དཀྱིལ་ནས་རྟ་མགོ་ཤར། ། བྷྲུཾ་ཛས་བཀུག་པའི་བཞི་བཅུ་ལྔ།། ཡི་གེ་འབྲུ་གསུམ་ནང་དུ་བསྟིམ།། དཀྱིལ་འཁོར་མ་ལུས་ཀུན་བསྡུས་པ།། འོད་དཔག་མེད་པའི་གནས་ལྔ་བསྟིམ།། སངས་རྒྱས་མ་ལུས་དཀྱིལ་འཁོར་ཀུན། ། རྒྱལ་པོ་ཚེ་དཔག་མེད་པར་གྱུར།། དགོས་པ་སྒྲུབ་ཕྱྀར་དེ་བསྒོམ་པ།། སྐུ་མདོག་གངས་རི་འཚེར་བ་ལ།། རྒྱན་འཕྲེང་སྣ་ཚོགས་རྣམས་ཀྱིས་བརྒྱན།། ཡིད་བཞིན་རིན་ཆེན་འཕྲེང་བ་དང།། ཡིད་བཞིན་རིན་ཆེན་ཟ་མ་ཏོག། རིན་ཆེན་རྐྱལ་དང་བུ་བཟངས་བསྣམས།། འཇིག་རྟེན་བསོད་ནམས་བརྟན་པ་ཡིས།། གཟི་བརྗིད་བྷྲུཾ་ཛས་བཀུག་བྱས་ལ།། ཅི་འདོད་འབྱུང་བའི་སྣོད་བླུགས་ནས།། དཀྱིལ་འཁོར་ལུས་ལ་རྫོགས་པ་ཡི། ། བསོད་ནམས་སྐུ་ཕྲན་ཡུངས་འབྲུ་ཙམ།། འདྲེས་ནས་རྟ་མགོའི་ཁར་བསྟིན་བྱ།། ཚེ་གནས་འོད་ཀྱིས་གང་བ་དང།། གཞལ་ཡས་རྒྱ་ཆད་དཔག་མེད་གྱུར།། སྐུ་བྲན་འོད་ཟེར་འཕྲོ་རྒྱས་ཏེ།། འཇིག་རྟེན་དཀྱིལ་འཁོར་མཐའ་ཀླས་པ། ། དེ་ནི་ཚེ་ཡི་བསྙེན་པའི་མཆོག། རང་སྔགས་བཟླས་པ་བརྟན་བྱས་པ།། བསྙེན་པ་ཆེན་པོའི་མཆོག་ཀྱང་ཡིན།། གཞན་ཡང་འགྲོ་བའི་དོན་བྱ་བ།། བསམ་གྱིས་མི་ཁྱབ་མཐའ་ཡས་མཆོག། བགེགས་ཀྱིས་ནརི་རྣམས་མི་སྟེར་ན།། ཚེ་དཔག་མེད་ཀྱང་ཁྲོ་བོ་སྟེ།། ཕྱོགས་བཅུ་ནམ་མཁའི་ཁམས་བཀང་ནས།། སྒྲ་སྐད་དྲག་པོ་བཏོན་ནས་ནི།། ཐམས་ཅད་མ་ལུས་ཐུལ་བར་བྱེད།། ཚེ་དཔག་མེད་པའི་དབང་དུ་བསྡུ། ། ཚེ་བསྙེན་དང་ནི་བསྙེན་པ་དང།། ཚེ་བསྒྲུབ་དང་ནི་ཚེ་གྲུབ་པའི།། ཐབས་དང་ཤེས་རབ་འབྱོར་པ་ཡིས།། ཚེ་རིང་ཇི་ལྟར་འདོད་པ་དང།། འཇིག་རྟེན་དགའ་བདེ་སྣ་ཚོགས་པ།། འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། ། ཚེ་དབང་མོ་ནི་རྒྱུད་འཕེལ་མ།། དཀར་སེར་མདོག་ལ་འོད་འཕྲོ་འབར།། ཕྱག་ན་རིན་ཆེན་གང་བ་ཡིས།། ཕྱག་རྒྱ་སྣ་ཚོགས་ཅིར་ཡང་བསྒྱུར།། འཇིག་རྟེན་དྲུག་གི་ཕྱོགས་བཅུ་ན།། གནས་པའི་འགྲོ་དྲུག་མ་ལུས་ལ། ། ཕན་པའི་ཚེ་དབང་འདི་སྦྱིན་ཏེ།། དེ་ལས་ལྷག་པའི་རྒྱུད་འཕེལ་མེད།། དེ་ཡི་བཟླས་པའི་འཕྲུལ་ཆེན་ནི།། རྣམ་གསུམ་ཚུལ་གྱིས་མ་འཕྲུལ་བར།། སྔགས་བཟླས་ཆོ་ག་བར་མ་ཆོད།། འདྲིས་གསལ་བསྟན་པ་མཆོག་གིས་བྱ། ། ཨོཾ་ཧཱུཾ་སྭཱ་ཨ་ཧཱ། བྷྲུཾ་བཛྲ་ཨཱ་ཡུ་ཥི་ཧཱུཾ་ཨ་ཨ་ཨ། ཚེ་འཕྲོག་དབང་དུ་མ་གྱུར་ན།། བདེ་གཤེགས་ལྔ་ཡང་ཚེ་དཔག་མེད།། སྐུ་གསུང་ཐུགས་ཀྱི་གཟུགས་ཀྱིས་ནི།། ཕྱོགས་བཅུ་ནམ་མཁའི་ཁམས་བཀང་ནས། ། ཕྱག་རྒྱ་མཚོན་ཆ་སྣ་ཚོགས་ཀྱིས།། འཇིག་རྟེན་ཕྱོགས་བཅུའི་བདུད་བཅོམ་ནས།། འགྲོ་ལྔའི་ཚེ་རྣམས་དབང་དུ་བསྡུ།། ཕྱག་རྒྱ་གཤོལ་ལ་སོགས་པ་ཡིས།། འོག་གི་འཇིག་རྟེན་ཁམས་དཀྲུགས་ནས། ། གཤིན་རྗེའི་གནས་ནས་ཚེ་བཀུག་སྟེ།། སྙིང་པོ་ལྔ་ལ་བསྟིམ་པར་བྱ།། ཕྱག་རྒྱ་འཁོར་ལོ་ཆེན་པོ་ཡིས།། སྟེང་གི་འཇིག་རྟེན་ཁམས་བསྐོར་ཏེ།། དབང་ཕྱུག་ལྷ་ཆེན་ལ་སོགས་དང།། བར་སྣང་བགེགས་རྣམས་རྒྱུ་བ་ལས། ། ཚེ་ནི་རབ་ཏུ་དགུག་པར་བྱ།། འཁོར་ལོ་འབྲུ་ལ་བསྟིམ་ནས་ནི།། དེ་ནས་ཡི་ཡི་གེ་འབྲུ་ལྔ་དེ།། ནརྀ་ཡི་གནས་ལྔར་བསྟིམ་པར་བྱ།། ཨོཾ་བཛྲ་ཀ་པ་ཙ་རཀྵ་ཧཱུཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་ཨ་དྷི་ཏིཥྛ་ཨཱ་ཡུ་ཥེ་ཨ། ཕྱག་རྒྱ་ཆེན་པོ་བསྲུང་བའི་མཆོག། རྡོ་རྗེ་གོ་ཆའི་མཆོག་ཡིན་ཏེ།། འབྲུ་ལྔ་ཡི་གེ་འབྲུ་གཅིག་སྟེ།། འབྲུ་གཅིག་དམིགས་མེད་དབྱིངས་སུ་ཐིམ།། ཨ། ཡིད་བཞིན་བུམ་པ་རིན་པོ་ཆེ།། རྒྱན་དང་རིན་ཆེན་འཕྲེང་བས་བརྒྱན། ། རིན་ཆེན་ལྔ་དང་སྨན་ལྔ་དང།། འབྲུ་ལྔ་སྤོས་ལྔ་ཉུངས་ཀར་བཅས།། སྔགས་མཁན་རབ་ལྡན་བློ་བརྟན་པས།། ཡན་ལག་མ་ཉམས་སྔགས་བཟླས་བསྒོམ།། རྒྱན་ཆས་ལྔ་དང་ལྡན་བྱས་ནས། ། དཀྱིལ་འཁོར་ཐམས་ཅད་གྲུབ་བར་འགྱུར།། དེ་ནས་རིགས་ཀྱི་བུ་དེ་ཡིས།། ཡོ་བྱད་མ་ལུས་ལྡན་བྱས་ནས།། མཆོད་ཡོན་རྣམ་པ་སྣ་ཚོགས་ཀྱིས།། མཉེས་མཆོད་དངོས་གྲུབ་ཐོབ་པར་འགྱུར།། སྒྱུ་འཕྲུལ་དྲ་བ་ལས། ཚེའི་ཆོ་ག་དབང་དམ་པ་ཤིན་ཏུ་གསང་བའི་ལེའུ་སྟེ་བཅུ་གསུམ་པའོ།།།། དེ་ནས་དེ་བཞིན་གཤེགས་པ་དགེས་པ་ཆེན་པོ་རྡོ་རྗེ་སྡུད་པ་པོར་སྤྲུལ་ཏེ། འགྲོ་བ་ལྔ་རང་དབང་མེད་པར་སྨྲ་བ་ཞེས་བྱ་བར་བསྡུས་ནས། ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ།། གསང་བའི་དཀྱིལ་འཁོར་ཉིད་ཀྱི་དབྱིངས།། ཀུན་ཏུ་བཟང་པོའི་ཐུགས་རྗེའི་ངང།། སྐུ་གསུང་ཐུགས་ལྡན་ཡོན་ཏན་རྫོགས།། མཉམ་པའི་ཞིང་དུ་སྦྱར་བར་བྱ། ། རྡོ་རྗེ་རབ་ཏུ་གསང་བ་ཡིས།། རྡོ་རྗེ་ཁམས་ཀུན་ཞིང་སྦྱར་ཏེ།། ཨོཾ་དང་མུཾ་དུ་འབྱོར་བར་བསྒོམ།། ཐམས་ཅད་དབྱིངས་སུ་ཐིམ་པར་བྱ།། གསང་བའི་དཀྱིལ་འཁོར་དམ་པ་ནི།། ཐིག་ལེ་མནྟྲ་དེ་དག་ཏུ།། ནརྀ་ཐལ་མནྟྲ་བཟང་པོའི་ཐིག། རྟ་བབས་སྒོ་ཁྱུད་བཟང་པོ་དང།། རྡོ་རྗེ་རྩེ་གཅིག་འོད་འབར་བ།། འགུགས་པའི་ལྕགས་ཀྱུ་དམ་པ་ཡི།། རྡོ་རྗེ་རྩེ་གཅིག་རྩེ་གསུམ་བྲི།། དཀྱིལ་འཁོར་རྒྱུད་དང་ལྡན་པར་བྱ།། མཆོད་ཡོན་སྣ་ཚོགས་མཆོད་པར་བྱ། ། ཡཾ་དུད་ཡེ་ཤེས་འོད་འཕྲོས་ནས།། ཨ་ལས་ཟླ་བའི་དཀྱིལ་འཁོར་དུ།། ཛ་ལས་ལྕགས་ཀྱུ་གྲངས་མེད་པས།། དེ་ཡི་སྙིང་དུ་གཞུག་པར་བྱ།། མ་ལས་ཉི་མའི་དཀྱིལ་འཁོར་དུ།། ཛ་ལས་ལྕགས་ཀྱུ་མང་པོ་ཡིས། ། གང་འགུགས་དེ་ཡི་སྙིང་ཁ་ནས།། རངས་ཏེ་དེ་ཡི་ཁར་གཞུག་བྱ།། སྔགས་འདི་རབ་ཏུ་བརྗོད་པར་བྱ།། ཨོཾ་ཛཿཧཱུ~ཾ་བཾ་ཧོ་ཨ་ནརྀ་སུ་ཏྲི་པྲི་དུ་མིང་པྲ་བེ་ཤ་ཡ། ཅི་འདོད་ལས་དེ་བཟླས་པར་བྱ།། ལག་གཉིས་སོར་མོ་ཕྱིར་བསྣོལ་ཏེ། ཁུ་ཚུར་དམ་དུ་བཅིངས་ནས་ནི།། སྲིན་ལག་མཐེའུ་ཆུང་མཐེ་བོང་གཉིས།། བར་དུ་མཐེ་བོང་དེ་དྲངས་ཏེ།། ཨོཾ་མིང་པྲ་བེ་ཤ་ཡ་ཨ།། ཐལ་བ་ཉུངས་ཀར་དྲག་ཏུ་བརྡེག། མིང་དེ་ཁོང་དུ་གཞུག་པར་བྱ། ། བབས་ན་ཕྱག་རྒྱ་བཞི་ཡིས་བཅིང།། གང་ཡིན་ཞེས་ནི་དྲིས་ནས་ནི།། ལྷ་འདྲེ་ལ་སོགས་གང་ཡིན་པ།། ལྷ་ཞིག་ན་ནི་མཆོད་པར་བྱ།། གདོན་ཞིག་ན་ནི་ཙན་དན་དང།། གུར་ཀུམ་བསྲེས་བླུད་སྔགས་བརྗོད་བྱ། ། ཨོཾ་ཡཀྴ་བཛྲ་ཀྲོ་དྷ་ས་མ་ཡ་ཧཱུཾ་ཕཊ། གལ་ཏེ་སྨྲ་རུ་མི་བཏུབ་ན།། ལག་གཉིས་སོར་མོར་ཕྱིར་བསྣོལ་ཏེ། ཁུ་ཚུར་བཅང་འཐེབ་ཟུར་སྤྲད་དེ།། གྱེན་བསྒྲེང་དབབ་བའི་ཁར་གཏུག་བྱ། ཁར་དབབ་སྔགས་ནི་འདི་བརྗོད་བྱ།། ཨོཾ་བཛྲ་བ་ཤཱ་ཧོ། པྲ་དྷ་བེ་ཤ་ཧཱུཾ་ཨ། མང་དུ་བཟླས་པས་འདར་བར་འགྱུར།། ཡེ་ཤེས་ཐོགས་མེད་སྒྲིབ་མི་མངའ།། བདེན་པའི་ཚིག་དེར་ཞུགས་པར་བསམ།། ལྕེ་ཡི་ཐོར་ཏོ་ཨ་དཀར་པོ། ། ཟླ་བའི་དཀྱིལ་འཁོར་དེ་སྟེང་དུ།། ཨོཾ་དེ་དམར་པོ་བསྒོམ་བྱས་ན།། གདོན་མི་ཟ་བར་སྨྲ་བར་འགྱུར།། བདག་ཉིད་ཌ་ཀིའི་ཧཱུཾ་བསྒོམས་ལ།། ཨཱ་དང་ནརྀ་ལ་སོགས་པ་ཡི།། ལཾ་ལྔའི་སེམས་ཅན་གང་ཡང་ཕུང། ། ཌཱ་ཀི་ཧཱུཾ་དང་རང་སྔགས་ཀྱིས།། ལན་འབུམ་བཟླས་ཞིང་དགུག་པར་བྱ།། གོང་གི་སྔགས་ཀྱང་བཟླས་པར་བྱ།། གཞན་ཡང་ཛཿཧཱུཾ་བཾ་ཧོཿསྟེ།། གཞག་ཅིང་དབབ་བའི་ས་དེ་ནི།། བྱིས་པ་ལོ་གྲངས་བཅུ་གཉིས་པ། ། གཅིག་དང་ལྔ་ལ་དབབ་པར་བྱ།། ཐིག་ལེ་བུམ་པ་མེ་ལོང་པར།། གཞན་ཡང་གནས་རྣམས་ཐམས་ཅད་ལ།། སྨྲ་བའི་ཆོ་ག་ཕུན་སུམ་ཚོགས།། ཕྱག་རྒྱ་རྡོ་རྗེ་སྤར་མོ་སྟེ།། དགུག་པའི་ཕྱག་རྒྱ་ཀུན་གྱིས་དགུག། ཛཿཧཱུཾ། དབང་ཕྱུག་ལྷ་ཆེན་ལ་སོགས་བསྡུས།། བཅོལ་ཞིང་བྱ་བ་དེ་བཞིན་ནོ།། ཌ་ཀི་ཧཱུཾ་ཛས་མི་བཏུབ་ན།། ཧ་ཡ་གྲི་དང་གནས་དང་ཡུལ།། ཟུར་ཕྱིན་མགོ་མཇུག་མནན་ནས་ནི།། དྲག་ཏུ་བཟླས་ཤིང་ལྕགས་ཀྱུས་དགུག། སྲོག་གི་སྙིང་པོ་མ་ནོར་བར།། གཟིར་ཞིང་དྲག་ཏུ་དྲང་བར་བྱ།། འཇིག་རྟེན་འདས་དང་འཇིག་རྟེན་པའི།། དགུག་པའི་ཐབས་ཡོད་ཅི་ཡང་རུང།། ནེམ་ནུར་མེད་པར་དགུག་པར་བྱ།། བྱ་བ་སྣ་ཚོགས་ལས་ཟིན་ནས། ། སྔར་བྱས་བུམ་པ་ལྔ་པོ་ལ།། སྨན་ལྔ་འབྲུ་ལྔ་རིན་ཆེན་ལྔ།། རིགས་ཀྱི་ཡུལ་དང་བདུད་རྩི་འཁྱིལ།། ཅི་འདོད་ལས་རྣམས་ཐམས་ཅད་དང།། གཞན་ཡང་དགོས་པ་ཅི་ཡང་རུང།། གྲུབ་པ་མངོན་དུ་གྱུར་པ་དང། ། འོངས་པའི་གནས་ལ་སླར་གཏང་ཕྱིར།། སྔགས་འདི་རབ་ཏུ་བརྗོད་པར་བྱ།། ཨོཾ་བཛྲ་ཨ་མྲྀ་ཏ་ཧཱུཾ་ཐ། ཨོཾ་བུདྷ་ལོ་ཙ་ནེ་སྭཱཧཱ། ཨོཾ་ཨ་མྲྀ་ཏ་གཙྪ་གཙྪ། ཨོཾ་བཛྲ་ཧ་བཛྲ་ཨ་མྲྀ་ཏ་ཕཊ་ཛ་སྭཱཧཱ། གསང་བའི་དཀྱིལ་འཁོར་དམ་པ་དེ། ། ཡེ་ཤེས་ལྔ་རྫོགས་ཉིད་ལ་བརྗོད།། ཡེ་ཤེས་སྙིང་པོ་ཁྱོད་ཉོན་ཅིག། སྔོན་གོམས་བློ་བརྟན་འདྲིས་པ་ཡིས།། ཡང་དང་ཡང་དུ་མངོན་གསལ་བར།། བྱང་ཆུབ་མཆོག་གི་རྟག་སྒོམས་ཤིག། དེ་ལྟར་བྱས་པའི་དངོས་གྲུབ་ནི། ། འཇིག་རྟེན་འདས་དང་འཇིག་རྟེན་པའི།། བརྡ་ཕྲད་སྐད་ཀྱི་དངོས་གྲུབ་ཐོབ།། ཉིད་ཀྱིས་ཉིད་ལ་རབ་བརྗོད་པ།། འགྲོ་བའི་དོན་གྱི་ཕྱིར་ཡང་བརྗོད།། ཞེས་རྡོ་རྗེ་གསང་བའི་ཚིག་ཏུའོ། ། པྲ་དབབ་པའི་ལེའུ་སྟེ་བཅུ་བཞི་པའོ།།།། དེ་ནས་དེ་བཞིན་གཤེགས་པ་བཅོམ་ལྡན་འདས་དགེས་པ་ཆེན་པོ་དེ་རིག་པའི་དཀྱིལ་འཁོར་དུ་སྤྲུལ་ནས། ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ། ། དཀྱིལ་འཁོར་གང་ལ་བདག་གནས་ནས།། དང་པོར་སྟོང་པའི་དེ་བཞིན་ཉིད།། གསལ་འདྲིས་གོམས་པར་བསྒོམ་བར་བྱ།། དེ་ནས་བདག་གི་སྙིང་ཁར་ཨ།། དཀར་ཞིང་འཚེར་བ་རབ་ཏུ་བསྒོམ།། ཨ་དེ་ཤིན་ཏུ་གསལ་བ་དང། ། ཕྱོགས་བཅུར་འོད་ཀྱང་འཕྲོ་བར་བསྒོམ།། འོད་དེ་ཨ་ལ་སླར་བསྡུ་བསྟིམ།། ཨ་དང་མ་ལས་ཉི་ཟླ་གཉིས།། དཀྱིལ་འཁོར་ལྟར་འཚེར་གསལ་བར་བསྒོམ།། ཧྲྀ་ལས་པདྨའི་དཀྱིལ་འཁོར་ཡང། ། འོད་འཕྲོ་གསལ་བར་རབ་ཏུ་བསྒོམ།། ཤིན་ཏུ་ཧཱུཾ་ཡང་འབར་བར་བསྒོམ།། ཧཱུཾ་གི་འཕྲོ་འདུས་སྙིང་དཀྱིལ་དུ།། རྡོ་རྗེ་སེམས་དཔའ་ཚོན་གང་བ།། ཕྱག་རྒྱ་ལྡན་པར་རྫོགས་པར་བསྒོམ།། བཞི་བཅུ་རྩ་གཉིས་སྔགས་བཟླས་པས། ། ཕྱག་རྒྱ་ཉིད་དུ་རབ་ཏུ་འབར།། འབྲུ་གསུམ་འབྲུ་ལྔ་གང་རུང་བཟླས།། ཛཿཧཱུཾ་བཾ་ཧོས་སྤྱན་ཡང་དྲངས།། ཐ་མར་ཕཊ་བསྣན་མཚམས་ཡང་བཅད།། འབར་བའི་དཀྱིལ་འཁོར་གསལ་བ་ལ། ། སྤྱན་དྲངས་དཀྱིལ་འཁོར་རབ་ཏུ་བསྟིམ།། མཆོད་པའི་རྫས་རྣམས་བཟང་པོ་ཡང།། དཀྱིལ་འཁོར་དེ་ལ་དབུལ་བར་བྱ།། ཚོགས་ཀྱང་བྱས་ལ་དྲག་པོའང་བསྡུས།། རྟག་ཏུ་ཧོམ་བྱ་ཤིན་ཏུ་ཤིས།། མང་པོ་བསྒོམ་མི་ནུས་དོན་དུ། ། མདོར་བསྡུས་ཕྱག་རྒྱ་རྣམ་པ་བདུན།། སྐུ་མཆོག་ཕྱག་རྒྱ་ཆེན་པོ་དང།། བརྗོད་པ་ཆོས་ཀྱི་ཕྱག་རྒྱ་དང།། འཛིན་པ་དམ་ཚིག་ཕྱག་རྒྱ་དང།། ཀུན་སྦྱོར་ཐབས་ཤེས་ཕྱག་རྒྱ་དང།། ཏིང་འཛིན་དབང་སྒྱུར་ཕྱག་རྒྱ་དང། ། ལྷག་པ་ཏིང་འཛིན་ཕྱག་རྒྱ་བདུན།། དེ་ནས་དེ་བཞིན་གཤེགས་པ་དགེས་པ་ཆེན་པོ་མཉམ་པ་ཉིད་ལ་བཞུགས་ནས། ལྷག་པའི་ཏིང་ངེ་འཛིན་གྱི་དངོས་གྲུབ་མྱུར་བར་ལེན་པའི་ཐབས་འདི་གསུངས་སོ། ། དེ་བཞིན་ཉིད་དང་མཉམ་སྦྱོར་ཕྱིར།། དམ་པའི་དོན་གྱིས་བསྒོམ་པར་བྱ།། བྱང་ཆུབ་མཆོག་ལ་སུ་གནས་པ།། མཆོག་ཏུ་བདེ་བའི་ཞིང་གནས་པས།། མཉམ་རྫོགས་ཆེན་པོ་ལྷུན་བསྒོམ་ཞིང།། བྱང་ཆུབ་སེམས་སུ་བརྟན་པར་གཟུང། ། བྱ་བ་བྱེད་ལ་བྱས་པ་མེད།། མི་གནས་གནས་ལ་གནས་པར་བསྒོམ།། བྷ་གའི་དཀྱིལ་དུ་ལིང་ག་ཨ།། ཤིན་ཏུ་འཚེར་ཞིང་གསལ་བསྒོམས་ནས།། འོད་འཕྲོ་འབར་བ་ཐམས་ཅད་ཁྱབ། ། དུག་གསུམ་ངན་སོང་གནས་བསྲེགས་ནས།། བྷ་གའི་དཀྱིལ་དུ་འོད་འཕྲོ་ཐིམ།། ཨ་མ་ལས་ནི་ཉི་ཟླ་འབར།། ཕྱོགས་བཅུ་འཐིབས་བའི་མུན་སེལ་ཅིང།། ཉོན་མོངས་སྡུག་བསྔལ་བསིལ་བའི་སྨན།། ཐུགས་རྗེའི་བྱིན་བརླབས་བསམ་མི་ཁྱབ། ། རོལ་པའི་ཕྱག་རྒྱ་བསམ་མི་ཁྱབ།། མཁའ་ལ་གཞའ་ཚོན་སྤྲིན་མང་ཡང།། ནམ་མཁའི་དབྱིངས་སུ་ཐམས་ཅད་བསྡུས།། ཐམས་ཅད་མཁྱེན་པ་བསམ་ཡས་ཀྱང།། ཆོས་ཀྱི་དབྱིངས་སུ་ཐམས་ཅད་འདུས། ། ཐམས་ཅད་ཡི་གེ་ཧཱུཾ་དུ་བསྒོམ།། ཧཱུཾ་ཉིད་གསང་བའི་ཐུགས་ཀྱི་དཀྱིལ།། འོད་ཟེར་འཕྲོས་པས་འབྲུ་གསུམ་སྟེ།། ཡང་ན་ཡི་གེ་འབྲུ་ལྔའོ།། ལྔ་པོ་དོན་སྤྲོས་བཞི་བཅུ་གཉིས། ། གཞན་ཡང་དཀྱིལ་འཁོར་བསམ་ཡས་མཆོག། མ་བཅོས་ངང་གིས་གནས་པ་ལ།། ཡེ་ཤེས་ལྷག་པའི་དཀྱིལ་འཁོར་བསྒོམ།། སེན་ཟླུམ་ཟླ་བ་གང་བ་ཡི།། ཐུགས་ཀྱི་དཀྱིལ་དུ་གནས་པར་བྱ།། ཉི་མའི་དཀྱིལ་འཁོར་གང་བ་ཡི། ། གཞན་ཡས་འོད་ཟེར་འབར་བའི་ཁང།། པདྨའི་གདན་དང་རིན་པོ་ཆེ།། དེ་དཀྱིལ་ཡི་གེ་ཧཱུ~ཾ་གནས་པ།། ཤིན་ཏུ་ཕྲ་ཞིང་ཉུངས་འབྲུ་འབར།། གནས་གཅིག་དང་ནི་གནས་གསུམ་དང། ། གནས་ལྔ་དག་ཏུ་རབ་ཏུ་བསྒོམ།། ཤེས་རབ་ཅན་ལ་འདྲེས་པ་དང།། ནརྀ་ཡི་མིག་གིས་བལྟར་ཡོད་པར།། ཤིན་ཏུ་ཕྲ་ཞིང་གསལ་བར་བསྒོམ། ཤིན་ཏུ་བློ་གསལ་འདྲིས་གྱུར་ནས།། ཕྱོགས་བཅུའི་སྟོང་ཁམས་རྡུལ་སྙེད་དུ། ། ཐུགས་རྗེའི་བྱིན་བརླབས་བསམ་ཡས་འཕྲོ།། སྤྲོས་ཀྱང་ཧཱུཾ་ལ་ཉམས་པ་མེད།། བསྡུས་ཀྱང་ཕྱོགས་བཅུ་བྲི་བ་མེད།། སྤྲོས་མེད་བསྡུས་མེད་དེ་བཞིན་ལས།། ཡི་གེ་མུཾ་དུ་ཐིམ་པར་འགྱུར།། ཐིམ་གྱུར་དབྱིངས་ནས་ཕྱག་རྒྱ་འབར། ། ཤིན་ཏུ་གསལ་ཞིང་འདྲིས་པ་དང།། ཕྱག་རྒྱ་སྐུ་ཉིད་གསལ་བར་བསྒོམ།། སྐུ་དེ་ཚོན་གང་འོད་འབར་ནས།། ཐབས་དང་ཤེས་རབ་ལྡན་པའི་རྒྱ།། འོད་འཕྲོ་འབར་ཞིང་དོན་བྱེད་བསྒོམ། ། ཡང་ན་ཕྱག་རྒྱ་ཆེན་པོ་སྟེ།། བདག་ཉིད་ཞལ་གཅིག་ཕྱག་གཉིས་སམ།། ཞལ་གསུམ་ཕྱག་དྲུག་རྟག་ཏུ་བསྒོམ།། གཞལ་ཡས་ཁང་དང་གདན་ཁྲི་རྣམས།། ཕྲ་བའི་ཚུལ་ཏེ་སྔ་མ་བཞིན།། མཚན་དང་དཔེ་བྱད་ཐམས་ཅད་ལྡན། ། དབུ་རྒྱན་ཡེ་ཤེས་ལྔ་དང་ལྡན།། རྡོ་རྗེ་འཁོར་ལོ་རལ་གྲི་འབར།། རིན་ཆེན་པདྨ་དྲིལ་བུ་འབར།། ཕྱག་རྒྱ་ཆེན་པོ་དེ་དག་ལས།། ཕྱོགས་བཅུ་མ་ལུས་གཞལ་ཡས་ཁང།། ཉི་ཟླའི་དཀྱིལ་འཁོར་གདན་དང་རྒྱན། ། བདེ་གཤེགས་དཀྱིལ་འཁོར་མ་ལུས་བསྒོམ།། ཐུགས་རྗེའི་བྱིན་བརླབས་འགྲོ་དོན་མཛད།། ཞི་བ་ཕྱོགས་གཅིག་ཤེས་བྱ་སྦྱོང།། ས་བཅུ་མཉམ་པར་སྦྱོར་བྱེད་ཅིང།། བདེ་གཤེགས་འཁོར་ཡང་དག་པར་བྱེད། ། འདི་ལྟར་སྒྲུབ་པའི་རིགས་མཆོག་དེ།། འབྲས་བུ་མངོན་དུ་མ་གྱུར་ཡང།། སྡུག་བསྔལ་ཐམས་ཅད་ཡོང་མི་འབྱུང།། ལྷ་མོའི་མཚན་རྫོགས་ཡོངས་སུ་འགྲུབ།། ཐེག་པ་དམན་པར་ཡོང་མི་སྐྱེ།། བདེ་གཤེགས་འབྱུང་དང་བཀོལ་མ་འགྱུར། ། བྱང་ཆུབ་གཟུངས་ལ་ཞུགས་པ་ཡིན།། ཞེས་ཉིད་ལ་ཉིད་ཀྱིས་གསུངས་སོ།། རྡོ་རྗེ་གསང་བའི་ཚིག་ཏུའོ།། རྡོ་རྗེ་སེམས་དཔའ་སྒྲུབ་པའི་ལེའུ་སྟེ་བཅུ་དྲུག་པའོ།།།། དེ་ནས་དེ་བཞིན་གཤེགས་པས་སྒྱུ་འཕྲུལ་དྲ་བ་ལས། ཐུགས་རྗེས་འགྲོ་བ་འདུལ་བའི་བདུད་རྩི་འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ།། ཨེ་མ་ཧོ་ཡེ་ནས་དག་ཆོས་ལས། ། ལོག་རྟོག་རྣམ་པ་གཉིས་སུ་གྲུབ།། ཐམས་ཅད་འབྱུང་བ་ལྔ་ལས་སྐྱེས།། ཀུན་ཀྱང་གཙང་ཞིང་དྲི་མེད་ལས།། རྣམ་རྟོག་མི་མཐུན་སོ་སོར་གྱུར།། ལ་ལའི་སྨན་ལ་ལ་ལའི་དུག། སྨན་དུ་མ་གྱུར་གང་ཡང་མེད། ། དུག་ཏུ་མ་གྱུར་གང་ཡང་མེད།། ཐམས་ཅད་མ་ལུས་རྒྱུ་གཅིག་ལས།། མི་མཐུན་ཁྱད་པར་སོ་སོར་སྣང།། སུས་ཀྱང་མ་བྱས་སུ་བྱེད་ཡོད།། རྣམ་རྟོག་གཞགས་པ་དམ་པོ་ཡིས།། སོ་སོར་བཅིངས་པའི་དབང་གིས་ནི། ། ལུས་གནས་ལོངས་སྤྱོད་སྣ་ཚོགས་དང།། སྡུག་བསྔལ་འཁྲུལ་འཁོར་མ་ལུས་དང། ཁམས་གསུམ་ཕྱིན་ཅི་ལོག་བཞི་དང།། དུས་གསུམ་འགྲོ་ལྔ་ཀུན་ཏུ་མཐོང།། བདག་མེད་བདུད་རྩི་ཆེན་པོ་དེས། ། ཉོན་མོངས་སྡུག་བསྔལ་ཐམས་ཅད་སྦྱོང།། རྣམ་པར་ཐར་པ་ལྟ་རྫོགས་བྱེད།། ས་བཅུ་རྫོགས་ཤིང་སངས་རྒྱས་རྫོགས།། དེ་ཕྱིར་སྨན་འདི་རབ་བསྒྲུབ་བྱ།། ཀུན་ལ་ཕན་པའི་སྨན་ཡིན་པས།། དེ་ཕྱིར་ང་དང་བདག་མ་འཛིན། ། གཙང་དང་སྨེ་བའི་བློ་རྟོག་བོར།། ཐམས་ཅད་མཉམ་པ་ཉིད་དུ་སྤྱོད།། རྩ་བ་བྱང་ཆུབ་སེམས་ཉིད་རྟོགས།། ཐབས་ཀྱིས་ཕ་རོལ་ཕྱིན་པ་སྤྱོད།། སྙིང་རྗེས་ཆུད་མ་ཟོས་པར་གཟུང།། བདུད་རྩིའི་མཆོག་ནི་མཉམ་པའི་དབྱིངས། ། བདུད་རྩིའི་དོན་ནི་སྐྱེ་ཤི་མེད།། བདུད་རྩིའི་གནས་ནི་བྱང་ཆུབ་སེམས།། བདུད་རྩིའི་ལམ་ནི་རྣམ་རྟོག་སྦྱོང།། དཔལ་ཚོགས་འདུས་ཤིང་འགྲོ་དོན་མཛད།། སྨན་གྱི་བྱིན་བརླབས་བསམ་མི་ཁྱབ། ། ངན་སོང་སྦྱོང་ཞིང་མཐོ་རིས་སྒྲུབ།། གསེར་འགྱུར་སྨན་དང་མུན་སེལ་བཞིན།། གཞན་ཡང་དགོས་པ་སྣ་ཚོགས་འགྲུབ།། རྐྱེན་ལས་བྱུང་བའི་དུག་རྣམས་དང།། རྩ་བའི་དུག་དང་སྦྱར་བའི་དུག། ཀླུ་དུག་སྦོད་གཏོང་དུག་ལ་སོགས།། ཐུགས་རྗེ་ཆེན་པོའི་བྱིན་བརླབས་ཀྱིས།། དུག་རྣམས་ཐམས་ཅད་གདུལ་བའི་ཕྱིར།། དཀྱིལ་འཁོར་མ་ལུས་ཚང་བར་བསྒོམ།། གནས་ལྔ་དག་ཏུ་འབྲུ་ལྔ་བསྟིམ།། ཨོཾ་ཧཱུཾ་ཏྲཾ་ཧྲིཿཱ་ལ་སོགས། ། ཡང་ན་ཡི་གེ་ཨོཾ་གྱིས་བྱ།། ཡང་ན་ཡི་གེ་ཧྲི་ཡིས་བཏང།། དུག་རྣམས་བདུད་རྩིར་གྱུར་པར་བྱ།། མཉམ་པའི་དབྱིངས་སུ་ཐིམ་པར་བྱ།། ཨ་ཧོ་ཧཱུཾ། བདག་ཉིད་ཞེ་སྡང་རྡོ་རྗེ་སྟེ།། ཐུགས་རྗེས་བདག་རྟོག་འདུལ་བར་བྱེད། ། ང་དང་བདག་མེད་དབྱིངས་སྦྱོང་ཞིང།། བྱམས་པའི་ཐུགས་དང་ལྡན་པའོ།། ཨོཾ་བདག་ཉིད་གཏི་མུག་ཆོས་སྐུ་སྟེ།། རྨོངས་པའི་ནད་རྣམས་སེལ་བར་བྱེད།། ཡེ་ཤེས་འོད་ཟེར་གསལ་བའི་ངང། ། ཐམས་ཅད་འབྱུང་བའི་འཁོར་ལོའོ།། ཏྲཾ། བདག་ཉིད་ང་རྒྱལ་ཡོན་ཏན་ཏེ།། སྙིང་རྗེས་འགྲོ་དོན་འཕེལ་བར་བྱེད།། ཞི་བའི་བློ་ཆེན་དབྱིངས་སུ་སྦྱོར།། ཡོན་ཏན་རྒྱ་མཚོ་དཔག་མེད་པའོ།། ཧྲི། བདག་ཉིད་འདོད་ཆགས་གསུང་མཆོག་སྟེ། ། ཉོན་མོངས་ལས་རྣམས་དག་པར་བྱེད།། ཉོན་མོས་སྡུག་བསྔལ་རྣམ་པར་དག། ཆགས་མེད་སེམས་ནི་བྱང་ཆུབ་པའོ།། ཨ། བདག་ཉིད་ལས་ནི་སེམས་དཔའ་སྟེ།། དོན་རྣམས་མ་ལུས་གྲུབ་པར་བྱེད། ། ལོག་རྟོག་མ་ལུས་འདུལ་བའི་མཆོག། ཕྱོགས་བཅུ་དུས་བཞིར་འཕྲོ་བའོ།། མུཾ། བདག་ཉིད་ཤེས་རབ་འོད་གསལ་ཏེ།། མེ་ལོང་གཡེང་བ་སེལ་བར་བྱེད།། ཐུགས་རྗེ་མྱུར་བའི་ལས་བྱུང་བ། ། རྒྱལ་བ་ཀུན་ཏུ་ཐོགས་མེད་པའོ།། ཡེ་ཤེས་དྲུག་གིས་ཉོན་མོངས་སྦྱངས།། དབུགས་ཆེན་དག་ཀྱང་འབྱིན་པར་བྱེད།། དུག་གསུམ་སྦྱོང་བ་སྐུ་གསུམ་སྟེ།། ལམ་ལྔ་སྦྱོང་བ་ཡེ་ཤེས་ལྔ།། འཁོར་བ་རྩད་གཅོད་ཤེས་རབ་མཚོན། ། ཧཱུཾ་དུ་བསྡུས་ཤིང་ཧོ་ཡིས་གཡེང།། རཾ་གྱིས་བསྲེག་ཅིང་ཕཊ་ཀྱིས་འཕང།། ཐབས་དང་ཤེས་རབ་འབྲེལ་བ་ཡི།། ཐིག་ལེ་དབྱིངས་སུ་ཐིམ་པར་བྱ།། དེ་ནས་གཉིས་མེད་དབྱིངས་གྱུར་ནས། ། ཡེ་ཤེས་སེམས་དཔའི་སྐུ་རུ་བསྒོམ།། ཡང་ན་འབྲུ་གསུམ་འབྲུ་ལྔ་བསྒོམ།། བཞི་བཅུ་རྩ་གཉིས་དང།། སངས་རྒྱས་དཀྱིལ་འཁོར་ཚང་བར་བསྒོམ།། ང་མེད་བདག་མེད་ཕྱག་རྒྱར་གསལ།། དེ་ནས་ཀུན་སྤྱོད་ལྔ་ཀུན་ལ། ། ལྷ་མོ་ལྔ་དང་སྨན་ལྔར་བསྒོམ།། ཨོཾ་ཧཱུཾ་ཏྲཾ་ཧྲིཿཿ་ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུཾ་ཕཊ། ཨོཾ་སརྦ་བི་ཤུདྷེ་དྷ་རྨཱ་དྷ་དུ་བི་ཤུདྷེ་ཨ་མྲྀ་ཏ་ཧཱུཾ་ཕཊ། སྔགས་དེས་ཐམས་ཅད་དག་པར་འགྱུར།། དབྱིངས་སུ་ཐིམ་ནས་བདུད་རྩིར་གྱུར། ། ས་ཆུ་མེ་རླུང་ནམ་མཁའ་རྣམས།། རང་བཞིན་མེད་པའི་གཤིག་པའི་ཕྱིར།། གཅིག་ལའང་ལྔ་ལྔར་དབྱེ་བྱ་ཞིང།། མུཾ་གྱི་དབྱིངས་སུ་བསྟིམ་པར་བྱ།། འབྱུང་བ་ཆེན་རྣམས་དེ་དག་ལ། ། ལྷག་པའི་ཏིང་འཛིན་བསྐྱེད་པར་བྱ།། རགས་པ་ཐབས་ཀྱི་ཕྱག་རྒྱ་སྟེ།། དེ་བཞིན་གཤེགས་པ་ལྔར་བསྒོམ་ཞིང།། འབྱུང་པོ་སོ་སོའི་མཚན་འཛིན་ཏེ།། ཡུམ་ལྔ་དག་ཏུ་བསྒོམ་པར་བྱ།། དེ་རིགས་ཡེ་ཤེས་ལྔ་ཉིད་དོ། ། རྒྱུར་བྱས་གཟུགས་སོགས་བཞི་བཅུ་གཉིས།། ཕྱི་ནང་སྣོད་བཅུད་ཐམས་ཅད་ཀུན།། དེ་བཞིན་ཉིད་ཀྱི་དབྱིངས་འདུས་ན།། དེ་ལས་གྱུར་ཅིང་སྐྱེས་པ་ཀུན།། སྨོས་ཅི་དགོས་ཏེ་དེ་ཉིད་ཡིན།། ཨ་ཧོ། ཀྱེ་མ་ལྷག་པའི་བྱིན་བརླབས་ཀྱིས། ། བདག་ལ་ལྷ་རྣམས་བསྡུ་བར་བསྒོམ།། དེ་ནས་ལྷ་དང་གཉིས་མེད་ནས།། བདག་ཉིད་ཡི་གེ་ཨོཾ་དང་མུཾ།། བདག་དང་གཉིས་མེད་དབྱིངས་སུ་ཐིམ།། ཨ། དེ་ནས་བདུད་རྩིའི་དཀྱིལ་འཁོར་བསྒོམ། ། འཁོར་ལོ་རྩིབས་བཞི་མུ་ཁྱུད་བཅས།། དབུས་སུ་བདུད་རྩི་འཁྱིལ་བ་སྟེ།། ཤར་གྱི་རྩེ་ལ་རྡོ་རྗེ་ཉིད།། ལྷོ་ཡི་རྩེ་ལ་རིན་པོ་ཆེ།། ནུབ་ཀྱི་རྩེ་ལ་སྣང་མཐའ་ཡས།། བྱང་གི་རྩེ་ལ་དོན་ཡོད་གྲུབ།། ལྷ་དང་ལྷ་མོའི་ཚོགས་ཀྱིས་བསྐོར། ། ཐབས་དང་ཤེས་རབ་ལྡན་པར་བསྒོམ།། ཕྱག་རྒྱ་གཞན་ཡང་གསལ་བར་བསྒོམ།། གཙོ་བོའི་སྐུ་མདོག་ཕྱག་མཚན་ནི།། སྐུ་མདོག་གངས་རི་ཉི་ཤར་འདྲ།། ཟླ་བ་པདྨའི་གདན་ཁྲི་ལ།། ཉི་མ་སྟོང་གི་གདན་ཁྲིར་ལྡན། ། ལྷ་དང་ལྷ་མོའི་ཚོགས་ཀྱིས་བསྐོར།། ཁྲོ་བོའི་འཁོར་ལོ་དེ་བཞིན་ཏེ།། བདུད་རྩི་འཁྱིལ་པ་དབུས་བསྒོམས་ཏེ།། གནས་ཡུལ་སླས་བྱིའི་ཚོགས་ཀྱིས་བསྐོར།། སྙིང་པོ་འབྲུ་ཚིག་གསལ་བར་ཟླས། ། དེ་ལ་བདུད་རྩི་ཕྱག་རྒྱ་ནི།། བུམ་པ་གང་བ་ཡིད་བཞིན་འབར།། རེ་བ་ཡིད་བཞིན་སྐོང་བར་བྱེད།། ཉོན་མོངས་སྡུག་བསྔལ་ཞི་བར་མཛད།། འདོད་ཡོན་ལྔ་ཡང་ལྡན་པར་བྱེད།། དངོས་གྲུབ་ཆེན་པོ་ཟླ་མེད་པའོ། ། བདུད་རྩི་ཆར་བཞིན་འབེབས་པར་བྱེད།། སྒོ་བཞི་ཕྱག་རྒྱ་དག་དང་ལྡན།། ཨ་མྲྀ་ཏ་ཡི་རྒྱུ་ཉིད་ནི།། བྱང་ཆུབ་སེམས་དང་ཤ་ཆེན་དང།། དྲི་ཆེན་དྲི་ཆུ་མཾ་སར་བཅས།། པདྨ་རཀྟ་ལ་སོགས་དང། ། གཞན་ཡང་འདོད་ཡོན་སྣ་ཚོགས་རྣམས།། དབྱེ་བའམ་ཡང་ན་མི་དབྱེ་བ།། བདུད་རྩི་ཉིད་དུ་བྱིན་གྱིས་བརླབས།། རྟོག་པའི་བག་ཆགས་སྦྱང་བའི་ཕྱིར།། གཙང་སྨེ་མེད་པར་བཟའ་བར་བྱ།། དབྱིངས་སུ་ཡང་ནི་བསྟིམ་པར་བྱ། ། ཕྱག་རྒྱ་འོད་ཟེར་འབར་བར་བསྒོམ།། བཞི་བརྒྱ་རྩ་བཞིའི་ནད་སེལ་ཅིང།། དུག་གསུམ་སྡུག་བསྔལ་མེད་པ་དང།། བསྐལ་བ་ཡུན་རིངས་གནས་པ་དང།། དངོས་གྲུབ་ཆེན་པོ་ཐོབ་འགྱུར་ཏེ། ། ཚོགས་གཉིས་རྫོགས་པར་ཡང་དག་གསུངས།། བདག་ཉིད་ཡི་གེ་ཧཱུཾ་དུ་གནས།། ལོངས་སྤྱོད་ལྔ་ལྡན་ཐམས་ཅད་ལ།། ཨོཾ་ཧཱུཾ་ཨོཾ་དུ་གྱུར་པར་བསྒོམ།། འོད་འཕྲོ་འབར་ཞིང་ཕྱོགས་བཅུར་སྤྲོ།། སླར་འདུས་འོད་འཕྲོ་བདུད་རྩིར་འབར། ། ཤིན་ཏུ་གསལ་བར་རྩེ་གཅིག་བསྒོམ།། གཞན་ཡང་ཡི་གེ་ཚོགས་པས་གདབ།། འཐུངས་ན་ངན་སོང་སྒྲིབ་པ་འབྱང།། ཏྲ་ཌ། རྟག་བརྟེན་དངོས་གྲུབ་མཆོག་ཀྱང་འགྲུབ།། ལུས་ཀྱི་ནད་རྣམས་ཐམས་ཅད་འབྱང། ། ལྷ་ལ་རྟག་ཏུ་མཆོད་བྱས་ན།། བདག་དང་གཉིས་སུ་མེད་པར་འགྱུར།། མི་མཐུན་ཕྱོགས་ལ་གཏོར་བྱས་ན།། དྲག་པོ་གཏུམ་པའང་ལྷན་ནེར་འགྱུར།། གཞན་ཡང་དངོས་གྲུབ་ཐམས་ཅད་ནོ། ། ཇི་ལྟར་དམིགས་པ་བཞིན་དུ་འགྲུབ།། སངས་རྒྱས་གོ་འཕང་འཐོབ་འགྱུར་ན།། ལྷ་སྲིན་ལ་སོགས་སྨོས་ཅི་དགོས།། ཐེ་ཙོམ་མེད་པར་བསྒྲུབ་པར་གྱིས།། རྟག་ཏུ་སྤྱོད་ཅིང་དབྱིངས་སུ་ཐིམ།། རྒྱུད་ཀྱི་རྒྱལ་པོ་སྒྱུ་འཕྲུལ་དྲ་བ་ལས། སྨན་བསྒྲུབ་པའི་ལེའུ་སྟེ་བཅུ་བདུན་པའོ།།།། དེ་ནས་དེ་བཞིན་གཤེགས་པ་རྒྱུད་ཀྱི་རྒྱལ་པོ་སྒྱུ་འཕྲུལ་དྲ་བའི་རང་བཞིན་གྱི་དཀྱིལ་འཁོར་ལས། ལྷག་པའི་ཏིང་ངེ་འཛིན་གྱིས་སྔགས་འཆང་རྣམས་ལྷར་བསྒྲུབ་པའི་དཀྱིལ་འཁོར་འདི་དོན་ཡོད་པར་བྱ་བའི་ཕྱིར། ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ།། ཨེ་མ་ཧོ་ཡེ་ནས་རྣམ་དག་པའི།། ཐབས་དང་ཤེས་རབ་ལྡན་པར་གནས།། བྱང་ཆུབ་མཆོག་ཏུ་ཉི་ཟླ་ཤར། ། དེ་ཉིད་བཞུགས་གནས་ཡིན་པར་གསུངས།། ཆོས་རྣམས་ཐམས་ཅད་གཉིས་མིན་པའི།། དབྱིངས་སུ་ཐིམ་པའི་འོད་ཟེར་གསལ།། གཅིག་དང་སྤྲོས་པ་ཐམས་ཅད་མེད།། དཀྱིལ་འཁོར་སྤྲོས་མེད་ཟླུམ་པོའི་ཚུལ། ། དེ་ནས་མྱ་ངན་འདས་པའི་ཆོས།། ཡེ་ཤེས་རྒྱུ་དང་འབྲས་བུར་ལྡན།། ཐམས་ཅད་མཁྱེན་པའི་ཡེ་ཤེས་སྐུ།། ཆོས་ཀྱི་འཁོར་ལོ་ཡོངས་ཀྱིས་བསྐོར།། ཐུགས་རྗེའི་བྱིན་བརླབས་འཕྲོས་པ་ཡིས།། ཡེ་ཤེས་བཞི་ཡི་དཀྱིལ་འཁོར་སྤྲོ། ། ཡེ་ཤེས་ལྔ་དང་སྐུ་གསུང་ཐུགས།། བྱིན་བརླབས་ཡ་མཚན་བསམ་མི་ཁྱབ།། རང་སྣང་བ་ཡི་ཐབས་ལས་བྱུང།། བསོད་ནམས་ཡེ་ཤེས་ཚོགས་རྫོགས་པའི།། ཐུགས་རྗེ་རྒྱས་པའི་གཞལ་ཡས་ཁང། ། མཐའ་དབུས་མེད་པར་རྒྱས་པར་གནས།། སྟོང་སྨོན་མཚན་མེད་འོད་གསལ་འཇུག། དེ་ཕྱིར་ཡེ་ཤེས་སྒོ་བཞིར་བཤད།། དེར་འགྲོ་ལམ་སྟེགས་བརྒྱད་དང་ལྡན།། རང་བཞིན་ཡེ་གནས་འོད་གསལ་ཕྱིར། ། ཉི་ཟླ་བརྩེགས་པའི་གདན་ཁྲི་འབར།། ཡེ་ནས་རྣམ་པར་དག་པའི་ཕྱིར།། མ་ཆགས་པདྨ་འབར་བའི་གདན།། ཟད་མེད་ཡེ་ཤེས་གཏེར་གྱུར་པས།། ཡིད་བཞིན་རིན་ཆེན་འབར་བའི་གནས།། ཡེ་ནས་མཉམ་ཉིད་མི་འདའི་ཕྱིར། ། ཏ་ལའི་ལྗོན་ཤིང་རང་བཞིན་གནས།། རེ་བ་ཡིད་བཞིན་སྐོང་བའི་ཕྱིར།། དཔག་བསམ་ཤིང་གི་རིན་ཆེན་འབར།། ཡིད་བཞིན་རིན་ཆེན་རྒྱལ་གྱིས་བསྐོར།། ཐམས་ཅད་ལ་ནི་དབང་སྒྱུར་ཕྱིར། ། འཇིག་རྟེན་ལྷ་ཆེན་རྣམས་ཀྱིས་བསྐོར།། གསང་བ་དེ་ཉིད་ངེས་པ་ལས།། འཕྲུལ་ཆེན་བཞི་བཅུ་རྩེ་གཉིས་ཀྱིས།། ཐམས་ཅད་ལྷ་ཉིད་རྟག་ཏུ་སྦྱོར།། ཐམས་ཅད་མ་ལུས་དཀྱིལ་འཁོར་མཆོག། འདིས་ནི་རང་བཞིན་དཀྱིལ་འཁོར་དང། ། གཟུགས་བརྙན་ལྷག་པའི་དཀྱིལ་འཁོར་གསུམ།། ཏིང་འཛིན་ལྷག་པའི་དཀྱིལ་འཁོར་དག། བྱང་ཆུབ་སེམས་དང་ཚོགས་མཆོག་བསྟན།། ཅེས་ཉིད་ལ་ཉིད་བཤད་དོ།། ཤིན་ཏུ་གསང་བའི་དཀྱིལ་འཁོར་བསྡུས་ནས། ལྷག་པའི་གཟུགས་བརྙན་བསྟན་པའི་ལེའུ་སྟེ་བཅོ་བརྒྱད་པའོ།།།། དེ་ནས་དེ་བཞིན་གཤེགས་པ་ཁྲོ་བོ་ཆེན་པོའི་བྱིན་བརླབས། ཕྱག་རྒྱ་འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ།། དབང་པོ་ཡུལ་དུས་རིགས་པ་རྣམས།། ཐབས་དང་ཤེས་རབ་ལྡན་གྱུར་ཅིང།། མཉམ་པའི་ངང་ཉིད་གསལ་རྟོགས་ན།། ཐམས་ཅད་བདེ་བ་ཆེན་པོའི་རྒྱུད། ། བསྐྱོད་ཆེན་འཁོར་ལོའི་གཞལ་ཡས་སུ།། ཁྲོ་བོ་ཁྲོ་མོ་ཐམས་ཅད་ཀུན།། གསལ་ཞིང་འོད་ཟེར་འཕྲོ་བསྒོམས་ནས།། བསྒུལ་བསྐྱོད་ཐམས་ཅད་ཕྱག་རྒྱ་ཡིན།། བླ་མེད་ཆེན་པོས་དེ་སྐད་གསུངས།། ཡན་ལག་སྙིང་པོ་རྩེ་གཅིག་དང། ། རྩེ་ལྔ་རྩེ་དགུ་བཅུ་གཅིག་ཏུ།། ལས་རྣམས་སོ་སོར་རབ་ཏུ་བསྒོམ།། ཐབས་དང་ཤེས་རབ་ལྡན་པའི་ཞབས།། རྟག་ཏུ་རྡོ་རྗེ་འབར་བར་འགྱུར།། ཐབས་ཆེན་རེ་རེ་བསྐྱོད་ན་ནི།། པདྨ་ཆགས་མེད་རེ་རེ་འབྱུང། ། རྡོ་རྗེ་པདྨ་དེ་འབྱོར་ན།། སེམས་ཅན་ཐམས་ཅད་བླ་ན་མེད།། བྱང་ཆུབ་ཤིང་དྲུང་སྐྱེ་བར་འགྱུར།། རང་བཞིན་དཀྱིལ་འཁོར་ལྷ་རྣམས་ཀྱང།། ཁྲོ་བོའི་དཀྱིལ་འཁོར་བསྒོམས་བྱས་ཏེ། ། དབུ་ཡི་དཀྱིལ་འཁོར་བསྒུལ་བསྐྱོད་ན།། སངས་རྒྱས་དཀྱིལ་འཁོར་ཐམས་ཅད་གཡོ།། ལག་གི་འདུ་བྱེད་བསྐྱེད་བྱས་ན།། རིགས་འཛིན་ཞིང་ཁམས་ཐམས་ཅད་གཡོ།། རྐང་པའི་སྟབས་ཆེན་གནན་མཆོངས་ན། ། སྡུག་བསྔལ་མི་བཟོད་ཐམས་ཅད་དང།། བདུད་དང་ལོག་འདྲེན་ཐམས་ཅད་མནན།། ཡན་ལག་ཐམས་ཅད་བསྒུལ་གསིགས་ན།། བ་སྤུའི་བུ་ག་རེ་རེ་ནས། ཁྲོ་བོ་གྲངས་མེད་རྡུལ་སྙེད་སྤྲོ།། དེ་དག་སྤྲུལ་པ་གྲངས་མེད་ཀྱིས། ། ཕྱོགས་བཅུའི་ཁམས་མང་རྡུལ་སྙེད་དུ།། ཁྲོ་བོའི་དོན་རྣམས་རྡུལ་ཕྲན་སྙེད།། ཐུགས་རྗེས་འདུལ་ཞིང་དབྱིངས་སུ་བསྟིམ།། ཐམས་ཅད་ཁྲོ་བོའི་དཀྱིལ་འཁོར་དང།། ཁྲོ་མོའི་དཀྱིལ་འཁོར་རབ་ཏུ་འདུས། ། ཐམས་ཅད་རྡོ་རྗེ་བྲག་ཆེན་དང།། མེ་རིའི་དཀྱིལ་འཁོར་རབ་ཏུ་འབར།། འདི་ནི་སྤྱི་རྒྱ་ཆེན་པོ་ཡིས།། སྟེང་གི་བགེགས་ཆེན་འདུལ་བའི་ཕྱིར།། རྡོ་རྗེ་འཁོར་ལོ་ནརི་མགོ་གདེངས།། འོག་གི་འཇིག་རྟེན་བགེགས་འདུལ་བ། ། རྡོ་རྗེ་ཐོང་གཤོལ་ནརྀ་བར་དང།། རྡོ་རྗེ་གཏུན་ཆེན་འདྲིལ་པའོ།། ཤར་གྱི་བགེགས་རྣམས་འདུལ་བ་ནི།། རྡོ་རྗེ་རབ་ཏུ་འབར་བ་དང།། ཏིར་ཆེན་པོའི་དབྱུག་པའོ།། ལྷོ་ཡི་བགེགས་རྣམས་འདུལ་བ་ནི། ། རིན་ཆེན་ནརྀ་མགོའི་དབྱུག་པ་དང།། གཤིན་རྗེ་ཆེན་པོའི་རྐང་པའོ།། ནུབ་ཀྱི་བགེགས་རྣམས་འདུལ་བ་ནི།། སྦྲུལ་དང་ཏི་ར་ཉ་དབྱུག་དང།། ཁྱུང་ཆེན་གཤོག་གིས་རབ་ཏུ་བརྡེབས།། རྒྱ་མཚོ་ཆེན་པོའི་སྐེད་པར་གཏུབ། ། བྱང་གི་བགེགས་རྣམས་འདུལ་བ་ནི།། རིན་པོ་ཆེ་ཡི་དབྱུག་ཐོ་དང།། ནརྀ་མགོ་གསུམ་པའི་དབྱུག་ཏོ་ཅན།། གནོད་སྦྱིན་གདོན་རྣམས་ཚར་གཅོད་པའོ།། མཚམས་བཞིའི་བགེགས་རྣམས་འདུལ་བ་ནི། ། ཕྱོགས་བཞི་དག་གིས་འདུལ་བར་འགྱུར།། གལ་ཏེ་དེ་ཡིས་མ་ཐུལ་ན།། བྱང་ཤར་མཚམས་ཀྱི་བགེགས་འདུལ་བ།། རྡོ་རྗེ་རྩེ་གསུམ་ནརྀ་མགོ་གདེངས།། ཨི་ཤ་ཉིད་ཀྱང་ཕྱག་ན་བསྣམས།། འབྱུང་པོའི་སྡེ་ཀུན་རབ་ཏུ་འདུལ། ། ཤར་ལྷོ་མཚམས་ཀྱི་བགེགས་འདུལ་བ།། རྡོ་རྗེ་ཡེ་ཤེས་མེ་ཆེན་འབར།། མེ་ཉིད་ཀྱང་ནི་འཚིག་པར་བྱེད།། དྲང་སྲོང་ཉིད་ཀྱང་ཕྱག་རྒྱར་བསྣམས།། མེ་ལྷ་གདོན་འཁོར་དབང་དུ་བསྡུས།། ལྷོ་ནུབ་མཚམས་ཀྱི་བགེགས་འདུལ་བ། ། རྡོ་རྗེ་སྲིན་པོ་མགོ་ཅན་ཏེ།། རབ་ཏུ་རྣོ་བའི་རལ་གྲི་འབར།། བདེན་བྲལ་ཉིད་ཀྱང་ཕྱག་ན་བསྣམས།། སྲིན་པོའི་ཚོགས་རྣམས་དབང་དུ་བསྡུས།། ནུབ་བྱང་མཚམས་ཀྱི་བགེགས་འདུལ་བ། ། རླུང་གི་བ་དན་ནརྀ་མགོ་གདེངས།། ཤིན་ཏུ་དྲག་པོའི་གླང་པོའི་བརྗིད།། ཚིག་བསྲུངས་ཉིད་ཀྱང་ཕྱག་ན་བསྣམས།། གཡེང་བ་ཐམས་ཅད་དབང་དུ་བསྡུས།། འོག་ཏུ་འཇིག་རྟེན་བགེགས་འདུལ་བ། ། ཕྱག་རྒྱ་རི་རབ་ཆེན་པོ་སྟེ།། ཕག་ཆེན་པོ་ནི་ཕྱག་ན་བསྣམས།། འོག་གི་བགེགས་རྣམས་འདུལ་བ་པོ།། གཞན་ཡང་ཉི་ཟླའི་དཀྱིལ་འཁོར་གྱིས།། ཚ་དང་གྲང་བའི་སྡུག་བསྔལ་སེལ།། མེ་ཡི་དཀྱིལ་འཁོར་ཆེན་པོ་ཡིས། ། ཐམས་ཅད་མ་ལུས་སྲེག་པར་བྱེད།། ཆུ་ཡི་དཀྱིལ་འཁོར་ཆེན་པོ་ཡིས།། ཐམས་ཅད་མ་ལུས་འཁྲུ་བར་བྱེད།། རླུང་གི་དཀྱིལ་འཁོར་ཆེན་པོ་ཡིས།། ཐམས་ཅད་མ་ལུས་གཏོར་བར་བྱེད།། རྡོ་རྗེ་རལ་གྲི་འཁོར་ལོར་བཅས། ། མདའ་གཞུ་ཐོ་ཆེན་གྲི་ཆེན་དང།། རྡོ་རྗེ་དུང་ཆེན་དགྲ་སྟར་བཅས།། མཆེ་གཙིགས་སྤུ་གྲི་སོ་དང་ནི།། རྔ་དང་མདུང་ཐུང་སྟ་རེ་དང།། གཞན་ཡང་ཕྱག་རྒྱ་སྣ་ཚོགས་སོ།། དབུས་ཀྱི་ཧེ་རུའི་ཕྱག་རྒྱ་ནི། ། ཏི་རའི་དབྱུག་ཏོ་ཆེན་པོ་དང།། འཁོར་ལོ་ཆེན་པོ་རབ་ཏུ་འབར།། དུང་ཆེན་དམར་གྱིས་གང་བ་ལ།། རྡོ་རྗེས་འཁྲུག་ཙིང་རབ་ཏུ་གསོལ།། ཤར་གྱི་ཁྲོ་བོའི་ཕྱག་རྒྱ་ནི།། ཏི་ར་ཆེན་པོའི་དབྱུག་པ་དང། ། རྡོ་རྗེ་ཆེན་པོ་རབ་ཏུ་འབར།། ནརྀ་མགོ་དམར་ཆེན་བཀང་བ་གསོལ།། ལྷོ་ཡི་ཕྱག་རྒྱ་ཆེན་པོ་ནི།། ཏི་ར་ཆེན་པོའི་དབྱུག་པ་དང།། ཡིད་བཞིན་ནོར་བུ་རིན་ཆེན་འབར།། ཡིད་བཞིན་ནོར་བུའི་གཞས་ཡས་སུ། ། དམར་གྱི་ཨརྒ་རབ་ཏུ་གསོལ།། ནུབ་ཀྱི་ཁྲོ་བོའི་ཕྱག་རྒྱ་ནི།། ཏི་ར་ཆེན་པོའི་དབྱུག་པ་དང།། པདྨ་ཆགས་མེད་རབ་ཏུ་འབར།། དུང་ཆེན་དམར་གྱིས་བཀང་བ་གསོལ།། བྱང་གི་ཁྲོ་བོའི་ཕྱག་རྒྱ་ནི།། ཏི་ར་ཆེན་པོའི་དབྱུག་པ་དང། ། རྡོ་རྗེ་རྒྱ་གྲམ་རབ་ཏུ་འབར།། དུང་ཆེན་དམར་གྱིས་བཀང་བ་གསོལ། ཁྲོ་མོ་རྣམས་ཀྱང་ཁྲོ་དང་མཐུན།། གནས་དང་ཡུལ་གྱི་ཕྱག་རྒྱ་ནི།། རྒྱུད་གཞན་དག་དང་མཐུན་པར་བཤད།། མ་མོ་རྣམས་ཀྱི་ཕྱག་རྒྱ་ནི། ། འཇིག་རྟེན་འདས་མདོ་ཆེ་ལས་བཤད།། སྒྱུ་འཕྲུལ་དྲ་བ་ལས། ཕྱག་རྒྱ་སྤྲོས་པའི་ལེའུ་སྟེ་བཅུ་དགུ་པའོ།།།། དེ་ནས་དེ་བཞིན་གཤེགས་པ་ཁྲོ་བོའི་རྒྱལ་པོ་དཔལ་ཤྲཱི་ཧེ་རུ་ཀས། ཡུམ་ཀྲོ་དྷི་ཤྭ་རི་དང་གཉིས་སུ་མེད་པར་འདུལ་བར་མཛད་ནས། བྱང་ཆུབ་ཀྱི་སེམས་རྡོ་རྗེ་ལས་ཁྲོ་བོའི་དཀྱིལ་འཁོར་མང་པོར་སྤྲོས་ནས། འཇིག་རྟེན་པའི་དབང་པོ་དང། བདག་པོ་དང། རྒྱལ་པོ་དང། རྒྱལ་པོའི་ཡང་རྒྱལ་པོ་དང། བློན་པོ་དང། སྡེ་དཔོན་དང། འཁོར་འབུམ་ཕྲག་བསམ་གྱིས་མ་ཁྱབ་པ་ལ་སོགས་པ་ཐམས་ཅད་མ་ལུས་པར་དབང་དུ་བསྡུས་ཏེ། འཇིགས་བྱེད་ཆེན་པོ་ཡིས། ལྷ་ཆེན་པོ་རྣམས་དང། ད་ལྟར་དང། ཕྱི་མའི་དུས་སུ། ལ་ལ་ནི་ཚེ་འཕེལ་བའི་ལས་སུ་བསྐོས། ལ་ལ་ནི་ལོངས་སྤྱོད་འཕེལ་བར་བསྐོས། ལ་ལ་ནི་འབྱུང་བ་ཆེན་པོ་ལ་ཐོགས་པ་མེད་པར་འགྲོ་བར་བསྐོས། ལ་ལ་ནི་གཟུགས་མི་སྣང་བར་འགྲོ་བར་བསྐོས། ལ་ལ་ནི་གཟུགས་སྣ་ཚོགས་ཅིར་ཡང་བསྒྱུར་བར་བསྐོས། ལ་ལ་ནི་མི་མཐུན་པའི་ཕྱོགས་དབང་དུ་སྡུད་པར་བསྐོས། ལ་ལ་ནི་ཉམས་ཤིང་རྨོས་པར་བསྐོས། ལ་ལ་ནི་སྐམས་ཤིང་འཕོ་བར་བསྐོས། གཞན་ཡང་བྱ་བ་རྣམ་པ་སྣ་ཚོགས་ཅི་འདོད་པར་བསྐོས་ནས། ། ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ།། མཉམ་ཉིད་རིག་པའི་རྡོ་རྗེ་ཡིས།། འཇིག་རྟེན་གཙོ་མཆོག་དབང་བསྡུས་ནས།། ཐུགས་རྗེ་ཆེན་པོའི་བྱིན་བརླབས་ཀྱིས།། འགྲོ་བའི་དོན་རྣམས་སྣ་ཚོགས་བསྟན། ། ཐབས་དང་ཤེས་རབ་ལྡན་གྱུར་པས།། ཇི་ལྟར་དམིགས་པ་བཞིན་དུ་འགྲུབ།། འདི་ནི་རང་བྱུང་ལྷ་ཡི་ལྷ།། བྱམས་དང་སྙིང་རྗེར་ལྡན་པར་རོལ།། ཐུགས་རྗེ་ཆེན་པོའི་ཐབས་མཁས་པ། ། ཐམས་ཅད་ཀུན་ལ་སྤྱོད་གྱུར་ཀྱང།། བག་ཆགས་ལ་སོགས་མི་འགྱུར་ཏེ།། བསོད་ནམས་ཡེ་ཤེས་ཚོགས་རྫོགས་འགྱུར།། ཐབས་མཁས་སྤྱོད་པ་མ་གཏོགས་པ།། གཟུང་འཛིན་འཁྲུལ་རྟོག་རྡུལ་ཙམ་མེད། ། དེ་བཞིན་ཉིད་དང་དབྱེར་མེད་ཕྱིར།། རྟག་ཏུ་རང་བཞིན་འོད་གསལ་གནས།། དེ་ནས་བདག་གིས་རྒྱུད་ཀྱི་དོན།། གོང་ནས་འབྱུང་བའི་ཞི་ཁྲོ་གཉིས།། གང་གོམས་གསལ་བ་བསྒོམས་བྱས་ནས།། ཏིང་འཛིན་ལས་སུ་གསལ་འགྱུར་དང། ། རང་སྔགས་བཟླས་པ་འབུམ་འབུམ་གདོན།། ལྷ་ཡི་དབང་པོ་དགུག་པའི་ཕྱིར།། ལྕགས་ཀྱུ་ཞགས་པ་སྥོ་ཊ་བཾ།། ཨིནྜ་ཡ་སྭཱཧཱ། ཨིནྜ་ཨ་མྲྀ་ཏ། ཧཱུཾ་ཧཱུཾ་ཛ་ཛ་ཛ། ལྷ་ཡི་དབང་པོའི་སྙིང་ཁ་ནས། ། ཡང་ནས་ཡང་དུ་རྣམ་ར་དྲང།། དབང་པོ་གངས་རི་ཉི་ཤར་འདྲ།། ལུས་ནི་རིན་ཆེན་ཀུན་གྱིས་བརྒྱན།། གཙུག་ན་ཡིད་བཞིན་རིན་ཆེན་འབར།། མཆོད་སྦྱིན་འོད་ཟེར་བརྒྱ་དང་ལྡན།། རྡོ་རྗེ་ཨིནྡྲ་གཡས་ཀྱིས་གདེངས། ། ཡིད་བཞིན་བདུད་རྩིའི་བུམ་ཆུ་གཡོན།། དབང་པོའི་བཙུན་མོ་ཤ་ཙི་དང།། བཅས་པ་བསྒྲུབས་པས་ཅི་འདོད་འགྲུབ།། ལྷ་ཆེན་དགུག་པའང་སྔར་བཞིན་ཏེ།། མ་ཧཱ་དེ་བ་ཧཱུཾ་ཛ། ཛཿཧཱུཾ་བཾ་ཧོཿ་མ་མ་ཏྲག་ཤ་མ་ཧཱ་ཙ། ཧཱུཾ་ཧཱུཾ་ཧཱུཾ། ལྷ་གཟུགས་མདོག་ནི་དཀར་ལ་འཚེར།། རིན་ཆེན་འཕྲེང་བས་སེ་རལ་བརྒྱན།། ཡིད་བཞིན་བདུན་རྩི་བུམ་ཆུ་གསོལ།། གཡོན་པ་རིན་ཆེན་བགྲང་འཕྲེང་སྟེ།། གཟི་འདོད་རྣམས་ཀྱི་རེ་བ་སྐོང། ། བཙུན་མོ་འོད་ཅན་དབུ་མ་དང།། རྟག་ཏུ་འདོད་ཡོན་ལྔ་དང་ལྡན།། བདག་ཉིད་བུདྡྷ་ཧེ་རུ་ཀ། ལྷ་ཡི་གཟུགས་ནི་སྔ་མ་བཞིན།། སྲོག་དང་ལྡན་པར་བཟླས་པ་བྱ།། མདུན་ནས་ཛཿཧཱུཾ་བཾ་ཧོས་དྲང།། རྒྱབ་ནས་རྡོ་རྗེ་ཅན་གྱིས་ཕུལ། ། ཇེ་ཉེ་ཇེ་ཉེ་གཉིས་མེད་པར།། ལྷ་ཆེན་པོ་ནི་གསལ་གྱུར་ནས།། ཅི་འདོད་ལས་དེ་བྱེད་དུ་གཞུག། ལྷ་ཆེན་འཁོར་རྣམས་ཐམས་ཅད་ཀྱང།། དེ་གྲུབ་དབང་མེད་འདུ་བར་འགྱུར།། གང་འདོད་ལས་རྣམས་བྱེད་པར་འགྱུར། ། དེ་ནས་དགེས་པ་ཆེན་པོས།། རྒྱལ་པོ་ཆེན་པོ་སྡེ་བཞི་པོ་འདི་སྒྲུབ་པའི་ཐབས་གསུངས་སོ།། བྱང་ཆུབ་སེམས་མཆོག་ཏིང་འཛིན་གྱིས།། ཕྱོགས་བཞི་མ་ལུས་ཐམས་ཅད་ཀུན།། རིགས་སྔགས་འཆང་གི་དོན་གྲུབ་ཏུ། ། རྒྱལ་ཆེན་བཞི་ཡང་དབང་དུ་བསྡུ།། བདག་ཉིད་རིགས་བཞི་ཧེ་རུ་ཀ། གང་དོན་འབྱུང་བ་བཞིན་དུ་བསྒོམ།། ལྷ་ཉིད་རྟག་ཏུ་གསལ་གྱུར་ཅིང།། ལྷ་ཡི་གཟུགས་ཚུལ་གསལ་བར་བསྒོམ། ། བདག་ཉིད་ལྷ་དང་གཉིས་མེད་པར།། ཡང་དག་དོན་དུ་ལྡན་པར་བསྒོམ།། དེ་ནས་རྒྱལ་པོ་ཡུལ་འཁོར་སྲུང།། སྐུ་མདོག་དཀར་སེར་འོད་འབར་ཞི།། དུང་ཚུལ་ལུས་ལ་ཤེལ་རྨོག་གསོལ།། སྙན་པའི་པི་ཝང་ཕྱག་གིས་འཛིན། ། ཨོཾ་བཻ་ཤྲ་བ་ཎ་ཡེ་སྭཱཧཱ། ཛཿཧཱུཾ་བཾ་ཧོཿ་ཛ་ཛ་ཛ། ཧཱུཾ་ཧཱུཾ་ཧཱུཾ། ཞེས་ལན་འབུམ་དུ་བཟླས། བདག་ཉིད་རྡོ་རྗེ་ཧེ་རུ་ཀ། འདྲེན་པའི་ཕྱག་རྒྱ་དེ་དག་གིས།། རྒྱལ་པོ་ཡུལ་འཁོར་སྙིང་ནས་དྲངས།། རྡོ་རྗེ་ཅན་གྱིས་རྒྱབ་ནས་ཕུལ། ། འདི་ཡིས་རྒྱལ་པོ་དབང་གྱུར་ནས།། ལས་ནི་གང་འདོད་བྱེད་དུ་གཞུག། ཐམས་ཅད་ཐམས་ཅད་གྲུབ་པར་བྱེད།། ཀུན་ལས་འབྱིན་ཅིང་ཀུན་ལ་ཟ།། རྒྱལ་པོའི་འཁོར་རྣམས་ཐམས་ཅད་ཀུན། ། མ་ལུས་པ་ནི་ཡང་དག་འདུ།། བྲན་བཞིན་དུ་ནི་ཕྱི་བཞིན་འབྲང།། རྒྱལ་པོ་འཕགས་སྐྱེས་སྒྲུབ་པ་ནི།། བདག་ཉིད་རིན་ཆེན་ཧེ་རུ་དེ།། སྐུ་མདོག་རྒྱུད་ལས་འབྱུང་བ་བཞིན།། ཕྱག་རྒྱ་རྣམས་ཀྱང་དེ་བཞིན་ཏེ། ། འོད་ཀྱི་འཕྲོ་འདུའི་བྱིན་བརླབས་ཀྱིས།། འཕགས་སྐྱེས་པོ་ནི་དབང་དུ་བསྡུས།། ཨོཾ་ཏི་སྟ་ར་ཏྲ་ཡ་སྭཱཧཱ།། ཛཿཧཱུཾ་བཾ་ཧོ། གྷི་ཎ་གྷི་ཎ། དུརྒ་བྱེད་ཏ་ཏང། ཧང་ཧང་ཧང། རཏྣ་ཛཿཧཱུཾ་བཾ་ཧོ། ཞེས། རང་སྔགས་འབུམ་དུ་བཟླས་བྱས་ཏེ། ། སྲོག་དང་ལྡན་པར་བྱ།། བདག་ཉིད་རཏྣ་ཧེ་རུ་ཀ། འཕགས་སྐྱེས་པོ་ཡི་སྙིང་ཁ་ནས།། ཛ་ཡིས་རབ་ཏུ་བཟུང་ནས་ནི།། བདག་གི་མདུན་དུ་དགུག་པར་བྱ།། རྒྱབ་ནས་རྡོ་རྗེ་ཅན་གྱིས་ཕུལ། ། དེ་ནས་མངོན་དུ་གྱུར་པ་ན།། གང་འདོད་ལས་དེ་བྱེད་དུ་གཞུག། མདོག་ནི་གསེར་གྱི་མདོག་ཏུ་འབར།། འཁོར་རྣམས་ཐམས་ཅད་བདག་དང་ལྡན།། ཡིད་བཞིན་རིན་ཆེན་གཞལ་ཡས་འགྲུབ།། རྒྱལ་པོ་མིག་ངན་སྒྲུབ་པ་ནི། ། བདག་ཉིད་པདྨ་ཧེ་རུ་ཀ། སྐུ་མདོག་བཙག་གི་སྔ་མ་བཞིན།། ཕྱག་རྒྱའི་ཚུལ་ཡང་དེ་བཞིན་ཏེ།། སྙིང་པོ་འབུམ་ཕྲག་གསལ་བཟླས་ནས།། ཏིང་འཛིན་ཕྱག་རྒྱ་བསྒྱུར་རུང་ཞིང།། ལྷ་ཉིད་དུ་ནི་གསལ་གྱུར་ནས། ། རྒྱལ་པོ་དེ་ཡི་གཟུགས་མདོག་ནི།། ཤིན་ཏུ་དམར་ཞིང་འཚེར་བ་སྟེ།། ལག་གཡས་བདུད་རྩིའི་བུམ་པ་གསོལ།། ལག་གཡོན་འདོད་ཡོན་ལྔ་ཡི་ཚུལ།། ནུབ་ཕྱོགས་ཀླུ་རྣམས་རེ་བ་སྐོང།། སྦྲུལ་མགོ་འབུམ་གྱི་གདེངས་ཁ་ཅན། ། དེ་ནི་རབ་ཏུ་དབང་བསྡུའི་ཕྱིར།། སྔགས་ཀྱི་སྙིང་པོ་འདི་བཟླས་བྱ།། ཨོཾ་བི་རུ་ཏ་ཀ་ཡེ་སྭཱཧཱ།། པེ་པ་ཀ་ཡ་ཀ་སྭཱ་ཧཱ། ཛཿཧཱུཾ་བཾ་ཧོ། ནཱ་ག་ཤི་ནི་བྷི་པ་ག་ཀ་བྷིམ་ཀང། ཛཿཧཱུཾ་བཾ་ཧོ། འབུམ་ཕྲག་དུ་མ་བཟླས་ན་ནི། ། དེ་ནི་བདག་གི་དབང་དུ་འདུ།། བདག་ཉིད་ལྷ་རུ་གསལ་བསྒོམས་ནས།། མིག་མི་བཟང་གི་སྙིང་ཁ་ནས།། ཛ་ཡིས་རབ་ཏུ་བཟུང་ནས་དྲང།། རྒྱབ་ནས་རྡོ་རྗེ་ཅན་གྱིས་ཕུལ།། དེ་ནས་བདག་དང་གཉིས་མེད་པར། ། དབྱེར་མེད་པར་ནི་གྱུར་པ་དང།། ཅི་འདོད་ལས་དེ་བྱེད་དུ་གཞུག། མིག་ངན་འཁོར་རྣམས་མ་ལུས་པ།། བདག་གི་ལས་རྣམས་རྫོགས་པར་བྱེད།། རྒྱལ་པོ་རྣམ་ཐོས་སྒྲུབ་པ་ནི།། བདག་ཉིད་ཁྲོ་བོ་བདུད་རྩི་འཁྱིལ། ། སྐུ་མདོག་ཕྱག་མཚན་སྔ་མ་བཞིན།། གསལ་ཞིང་འོད་འཕྲོ་འབར་བསྒོམ་ཞིང།། གསང་སྔགས་སྙིང་པོ་འབུམ་ཕྲག་བཟླས།། ཏིང་འཛིན་བསྒྱུར་དུ་རུང་བ་དང།། རྣམ་ཐོས་དག་ནི་རྟག་ཏུ་སྒྲུབ། ། གཟུགས་ནི་རིན་ཆེན་བཻ་ཌཱུརྻ།། ཡང་ན་མདོག་ནི་སྔོ་ཞིང་འཚེར།། ཕྱག་གཡས་རིན་ཆེན་དབྱུག་ཏོ་ཐོགས།། གཡོན་ན་འདོད་ཡོན་བུམ་ཆུ་གསོལ།། དབུ་ལ་རིན་ཆེན་སྣ་ཚོགས་མཛེས།། ཨོཾ་བེ་ཤྲ་ཝ་ཎཱ་ཡ་སྭཱཧཱ། ཛཿཧཱུཾ་བཾ་ཧོ།། ཀུ་བེ་ར་བཾ་བྷ་བ་ཀ་ར་ཡང་ཡཾ། ཛཿཧཱུཾ་བཾ་ཧོ། འབུམ་དུ་བཟླས་ཤིང་སྲོག་ཡོད་པར།། ཡང་དང་ཡང་དུ་བཟླས་པར་བྱ།། བདག་ཉིད་བདུད་རྩི་ཧེ་རུ་ཀ། ཛ་ཡིས་རྣམ་ཐོས་སྙིང་ནས་དྲངས། ། དབང་དུ་ཡང་དག་བསྡུ་བར་བྱ།། རྒྱབ་ནས་རྡོ་རྗེ་ཅན་གྱིས་ཕུལ།། ཡིད་བཞིན་རིན་ཆེན་དབང་དུ་འགྱུར།། གནོད་སྦྱིན་འཁོར་རྣམས་དབང་དུ་བསྡུ།། རིན་ཆེན་སྤྲིན་ཞིང་ལས་རྣམས་སྒྲུབ།། ཅི་འདོད་ལས་རྣམས་བྱེད་པར་འགྱུར། ། སྒྱུ་འཕྲུལ་དྲ་བ་ལས། ལྷ་ཆེན་པོ་སྒྲུབ་པ་དང་རྒྱལ་པོ་ཆེན་པོ་བཞིའི་དཀྱིལ་འཁོར་བཀོད་ཅིང་སྒྲུབ་པའི་ལེའུ་སྟེ་ཉི་ཤུ་པའོ།།།། དེ་ནས་དེ་བཞིན་གཤེགས་པ་རྒྱུད་ཀྱི་རྒྱལ་པོ་སྒྱུ་འཕྲུལ་དྲ་བ་ལས། ལྷག་པའི་གཟུགས་བརྙན་གྱི་དཀྱིལ་འཁོར་གྱི་དངོས་གྲུབ་བླང་བའི་ཐབས་འདི་གསུངས་སོ།། ཡེ་ནས་མཉམ་ཉིད་དཀྱིལ་འཁོར་ལས།། ཐབས་དང་ཤེས་རབ་ལྡན་བྱས་ཏེ།། རང་རིག་ཡེ་ཤེས་རྒྱལ་པོ་ཡིས། ། ཐམས་ཅད་མ་ལུས་མཎྜལ་ལའི།། དེ་བཞིན་ཉིད་ཀྱི་གཞལ་ཡས་ལ།། རིག་པ་རང་དབང་གྱུར་པ་ཡིས།། མཉམ་ལ་མཉམ་པར་མི་གནས་པའི།། ཆོས་སྐུ་ཕྱག་རྒྱ་ཆེན་པོར་བསྒོམ།། འཇིག་རྟེན་བརྟན་གཡོ་ཐམས་ཅད་ལ། ། རང་བཞིན་དཀྱིལ་འཁོར་གནས་མོད་ཀྱང།། གཟུང་འཛིན་རྣམ་རྟོག་ཞགས་པ་ཡིས།། རང་གི་བསྒྲིབས་ཤིང་རྟག་ཏུ་བཅིངས།། ཀུན་གྱིས་ཡང་དག་རྟོགས་བྱའི་ཕྱིར།། དེ་བཞིན་ཆོས་སྐུ་གཟུགས་བརྙན་བསྟན། ། རྟོག་དང་མི་རྟོག་རང་རིག་དང།། ཡང་དག་ཐབས་ཆེན་རྫོགས་པའི་དོན།། རིན་ཆེན་སྣ་ཚོགས་ལ་སོགས་དང།། འབྱུང་བ་བཞི་ལས་གྱུར་པ་ཀུན།། ཐམས་ཅད་བྱང་ཆུབ་མཆོག་གི་རྒྱུ། ། གཟུགས་སོགས་རི་མོ་བྲིས་པ་དང།། ཡེ་ཤེས་ཆེན་པོ་རབ་འབྱམས་ཀྱིས།། དོན་དུ་མི་འགྱུར་ཡོང་མ་གསུངས།། དེ་བཞིན་ཏིང་འཛིན་དཀྱིལ་འཁོར་གྱིས།། ཐམས་ཅད་དབྱིངས་སུ་བསྡུས་ནས་ནི།། ཉིད་ཀྱི་ཐུགས་ལ་བསྟིམ་བྱས་ཏེ། ། ཐམས་ཅད་སྐུ་ཡི་ཕྱག་རྒྱ་ཆེ།། དཀྱིལ་འཁོར་རྣམ་གསུམ་དག་བྱས་པས།། ནམ་མཁའི་དབྱིངས་ཀྱི་དཀྱིལ་འཁོར་དུ།། རང་རིག་ཡེ་ཤེས་འདུ་འཕྲོ་ཡིས།། ཐམས་ཅད་ཆོས་སྐུ་ཕྱག་རྒྱ་ཆེ། ། ཡང་དག་རྟོགས་པའི་ཁྱད་པར་གྱིས།། ཏིང་འཛིན་དོན་རྣམས་གསལ་བསྒོམས་ན།། མཱ་མ་ཀི་ནི་རྒྱུན་ཆགས་ལ།། ཡང་དག་ཆོས་སྐུ་ཕྱག་རྒྱ་ཆེ།། དོན་མཆོག་མ་ལུས་རྫོགས་པའི་ཕྱིར།། མཁའ་ལ་འཕྱོ་བའི་དཀྱིལ་འཁོར་དུ། ། དྲི་མེད་ཆོས་སྐུ་ཕྱག་རྒྱར་གསལ།། དབྱིངས་དང་དེ་བཞིན་ཉིད་མེད་པར།། ཏིང་ངེ་འཛིན་གྱིས་དབང་སྒྱུར་ནས། ཁ་དོག་དབྱིབས་དང་གཟུགས་སུ་བསྒྱུར།། སྣ་ཚོགས་འཕྲིན་ལས་རྣམ་པར་རོལ། ། དོན་གྱི་སྙིང་པོ་མཆོག་རྣམས་དང།། བྱང་ཆུབ་ཆོས་རྣམས་རབ་ཏུ་རྫོགས།། འཇིག་རྟེན་གཙོ་མཆོག་རྣམས་ཀྱིས་བསྐོར།། ཨ་ཧོ། ཆོས་སྐུ་ཕྱག་རྒྱ་དེ་དག་ལས།། ལས་ལྔའི་དཀྱིལ་འཁོར་རབ་ཏུ་བསྒྲུབ།། ཏིང་ངེ་འཛིན་གྱིས་དབང་སྒྱུར་ན། ། ཇི་ལྟར་དམིགས་པ་བཞིན་དུ་འགྲུབ།། དྲག་པ་གཏུམ་པོ་གཏུལ་བའི་ཕྱིར།། བདག་ཉིད་དྲག་པོར་བསྒོམས་ནས་ནི།། ཆོས་སྐུ་ནག་པོ་འོད་འབར་གྱིས།། བགེགས་ཀྱི་ལིང་ཁ་མནན་པར་བྱ། ། དྲག་པོ་གཏུམ་པོའང་བརླག་པར་འགྱུར།། མི་མཐུན་ཕྱོགས་ཀྱང་རྡུལ་དུ་རློག། འདི་དང་འགྲོ་བ་ཐམས་ཅད་དུ།། ཤིན་ཏུ་སྟོབས་དྲག་ཆེར་ལྡན་འགྱུར།། ཐམས་ཅད་གཉིས་མེད་དབྱིངས་བསྡུས་ཕྱིར། ། བདག་ཉིད་ཧ་ཡ་གྲི་བར་བསྒོམ།། དམར་པོའི་ཆོས་སྐུ་གསལ་བསྒོམས་ཏེ།། མི་མཐུན་ཕྱོགས་རྣམས་གདན་དུ་གདིང།། ཏིང་འཛིན་གསལ་བར་བྱིན་བརླབས་ན།། ཐམས་ཅད་མ་ལུས་དབང་དུ་འདུ། ། མཐུ་ཆེན་དག་ཀྱང་ཕྱི་བཞིན་འབྲེང།། ཅི་འདོད་ལས་རྣམས་བྱེད་པར་འགྱུར།། ཐམས་ཅད་ཡོན་ཏན་འཕེལ་བྱའི་ཕྱིར།། བདག་ཉིད་རྒྱལ་བའི་ཁྱུ་མཆོག་སྟེ།། གསེར་གྱི་མདོ་འདྲ་ཕྱག་རྒྱར་བསྒོམ།། གང་འཕེལ་ཆོས་སྐུའི་གདན་དུ་བཞག། དེ་ལྟར་དག་པས་བྱིན་བརླབས་ནས།། ཡོན་ཏན་ནམ་མཁའི་མཐའ་དང་མཉམ།། ཚེ་དང་ལོངས་སྤྱོད་འཕེལ་བ་དང།། ཇི་ལྟར་དམིགས་པ་བཞིན་དུ་འགྲུབ།། ཐུགས་རྗེ་ཆེན་པོའི་བྱིན་བརླབས་ཀྱིས། ། གཏུམ་ཁྲོ་མ་ལུས་ཞི་བྱའི་ཕྱིར།། དཀར་ཞིང་འཚེར་བའི་ཆོས་སྐུ་བསྒོམ།། གང་ཞིག་གཏུམ་ཁྲོ་ཞི་བྱའི་གདོན།། དེ་བཞིན་ཏིང་འཛིན་བྱིན་བརླབས་ན།། གཏུམ་པོ་རྔམ་པོའང་ཞི་བར་འགྱུར། ། གཞན་ཡང་ཇི་ལྟར་དམིགས་པ་བཞིན།། ཞི་ཞིང་དུལ་བ་ཉིད་དུ་འགྱུར།། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས།། རྣམ་བཞིའི་དཀྱིལ་འཁོར་དབྱིངས་སུ་བསྡུས།། བྱ་བྱེད་མེད་པར་དཀྱིལ་འཁོར་སྤྱོད།། ལྷུན་གྲུབ་དཀྱིལ་འཁོར་ཡེ་ནས་རྫོགས། ། ཨ་ཧོ། ཆོས་སྐུའི་ཕྱག་རྒྱ་ཆེན་པོ་ནི།། དངོས་གྲུབ་གང་འདོད་སྦྱིན་པར་ངེས།། ཉེ་བའི་ལྷ་ནི་གང་སྒྲུབ་པ།། ཕྱག་རྒྱ་སྙིང་པོ་བྲིས་བཅུག་ན།། གང་བསྒོམས་ཐེ་ཚོམ་མེད་པར་འགྲུབ། ། དེ་ནི་རྒྱལ་བ་ཀུན་དང་ནི།། མཉམ་པར་ངེས་འགྲུབ་ཐེ་ཚོམ་མེད།། འཇིག་རྟེན་པ་ཡི་ལྷ་སྒྲུབ་ན།། ལྷ་ཡི་སྙིང་པོ་གང་ཡང་རུང།། བྲིས་ཏེ་དཀྱིལ་འཁོར་ནང་བཅུག་ན།། ལྷ་དེ་ཉེ་བར་འགྲུབ་པར་འགྱུར། ། ཆོས་ཉིད་རྟེན་ཅིང་འབྲལ་བྲིས་ན།། ཆོས་ཀྱི་དོན་རྣམས་རྟོགས་འགྱུར་ཏེ།། རང་དང་སྤྱི་ཡི་དོན་རྟོགས་ན།། སྐྱེ་རྒས་ན་འཆི་མེད་པར་རྟོགས།། ཕྱག་རྒྱ་ཆེན་པོ་དེ་དག་ལ།། ཉོན་མོངས་ལས་རྣམས་སྦྱོང་བྱེད་པའི། ། སྙིང་པོ་མ་ནོར་དོན་བྲིས་ན།། ངན་སོང་སྡུག་བསྔལ་མེད་པར་འགྱུར།། གཞན་ཡང་དཀྱིལ་འཁོར་བསམ་ཡས་དང།། ཚད་དཔག་མེད་པའི་ཕྱག་རྒྱ་ཆེ།། སྐུ་གསུང་ཐུགས་ནི་རྒྱུན་མི་འཆད།། ཞིང་ཁམས་བྱེ་བ་རྡུལ་དང་མཉམ། ། ཨ་ཧོ། རྡོ་རྗེ་གསང་བའི་ཚིག་ཏུའོ།། སྒྱུ་འཕྲུལ་དྲ་བ་ལས། ལྷག་པ་གཟུགས་བརྙན་གྱི་དངོས་གྲུབ་ལེན་པའི་ཐབས་ཏེ། མཆོད་རྟེན་གདབ་པའི་ལེའུ་སྟེ་ཉེར་གཅིག་པའོ།།།། དེ་ནས་དེ་བཞིན་གཤེགས་པ་རྒྱུད་ཀྱི་རྒྱལ་པོ་སྒྱུ་འཕྲུལ་དྲ་བ་ལས་ཤིན་ཏུ་གསང་བའི་ཕྱིར། གསང་སྔགས་ཀྱི་རྒྱུད་དེ་ཕྱི་པ་དང་ནང་པ་ཐམས་ཅད་ཀྱི་རྒྱུད་གཞན་ལ་ཁམས་བཅོ་བརྒྱད་དུ་བསྟན། གཙུག་ལག་ཐམས་ཅད་ལ་ཡང་བཅོ་བརྒྱད་དུ་བསྟན་པ་ཡིན། ལུང་གི་སྤྱི་འདི་ཤིན་ཏུ་ཟབ་པའི་ཕྱིར། ཁམས་ཉི་ཤུ་རྩ་གཅིག་ཏུ་བསྟན་ཏེ། ལུང་གི་སྤྱི་དང། རྒྱུད་དང། གསུང་རབ་ཐམས་ཅད་འབྱུང་བའི་གནས་ཡིན། གསང་བའི་དབང་པོ་དང། གསང་བའི་ཡུལ་གཉིས་གང་ཡང་སྐྱེ་མཆེད་དང་ཁམས་ཐམས་ཅད་འབྱུང་བའི་གཞིན་ཡིན་པའི་ཕྱིར། ཤིན་ཏུ་གསང་བར་གསུངས་སོ།། དཀྱིལ་འཁོར་དེ་དག་ཤིན་ཏུ་གསང་བར་བསྟན་པའི་ཕྱིར། ། ཉིད་ལ་ཉིད་ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ།། ཀྱེ་མ་ཧོ་ཡེ་ནས་གསང་བའི་ཆོས།། ཐམས་ཅད་ཀུན་ལ་རང་བཞིན་གནས།། ངང་གིས་དག་མཉམ་མ་རྟོགས་པས།། ཀུན་ལ་ཡོད་ཅིང་རང་བཞིན་གསང། ། གཞན་དུ་མིན་ལས་ཤིན་ཏུ་གསང།། དོན་ཉིད་ཀྱིས་ནི་གསང་བའི་རྒྱུ།། མཉམ་པའི་རྡོ་རྗེ་ཅན་གྱིས་གསུངས།། འདི་ནི་བྱང་ཆུབ་སྙིང་པོ་མཆོག། ཨ་ཧོ། གསང་བའི་ཚིག་ཏུའོ།། དབང་པོ་ཡུལ་དུས་གསང་བའི་རྣམས། ། བྱང་ཆུབ་པ་ཡི་དཀྱིལ་འཁོར་ཉིད།། ཕུང་པོ་ལྔ་དང་འབྱུང་བ་ལྔ།། རིགས་ལྔ་ཡབ་ཡུམ་བཅུ་རུ་འབྱོར།། སྐྱེ་མཆེད་ཁམས་རྣམས་བཅོ་བརྒྱད་པོ།། བྱང་ཆུབ་སེམས་དཔའ་སེམས་མ་ཉིད།། དཀྱིལ་འཁོར་ཉིད་ཀྱི་དབྱིངས་ཡིན་ཏེ། ། རང་བྱུང་རྡོ་རྗེ་གསང་བའི་དབང།། ཡུལ་ཉིད་ཡེ་ཤེས་པདྨའི་དབྱིངས།། དབང་པོའི་ཐུགས་ནི་རྡོ་རྗེ་སེམས།། ཐམས་ཅད་འབྱུང་བའི་གཏེར་ཉིད་དང།། ཐམས་ཅད་འགྲོ་བའི་གནས་ཉིད་དེ། ། དེ་ཡིས་མ་བསྐྱེད་གང་ཡང་མེད།། འཁོར་དང་མྱ་ངན་འདས་པའི་རྒྱུ།། དེ་ལས་ཐམས་ཅད་སྐྱེ་ཞིང་འབྱུང།། ཀུན་གྱི་ཕྱག་རྒྱའི་རྒྱུ་ཡིན་ཏེ།། བདེ་བའི་བྱང་ཆུབ་སྒྲུབ་པའི་རྫས།། དེ་ལས་བསྐྱེད་ཅིང་དེ་ལས་སྤྲོས། ། དངོས་གྲུབ་ཐམས་ཅད་འགྲུབ་པའི་གནས།། དབང་པོ་རྡོ་རྗེ་པདྨར་ལྡན།། གཉིས་མེད་བྱང་ཆུབ་སེམས་འཕྲོ་ན།། མི་དམིགས་བདེ་དང་ལོངས་སྤྱོད་འཕྲོ།། སྐུ་གསུང་ཐུགས་དང་ཡེ་ཤེས་ལྔ།། གསང་བའི་ལྷ་མོ་བཞི་རྣམས་དང། ། མཆོད་པའི་ལྷ་མོ་རྫོགས་ལྡན་བཞི།། འཇིག་དང་ལྡང་གནས་སྨོན་པ་ཡིས།། གཡོ་བསྐྱོད་འཇུག་དང་བདེ་གནས་པ།། གསང་བའི་དབང་པོ་བྱེད་པ་པོ།། ཤེས་བྱ་པདྨོས་ཐོབ་པར་འགྱུར།། དེ་ཕྱིར་གསང་སྔགས་མཆོག་རྫོགས་པ། ། བསོད་ནམས་ཡེ་ཤེས་ཚོགས་ཀྱང་རྫོགས།། དེ་བཞིན་ཉིད་ཀྱི་གསང་བ་ལས། ཁམས་ནི་ཉི་ཤུ་རྩ་གཅིག་བཤད།། རྡོ་རྗེ་གསང་བའི་དབང་པོ་དང།། པདྨ་བདེ་གནས་འབྱུང་བ་དང། ། གསང་བ་མཆོག་གི་འཕྲུལ་ཆེན་འཕྲོ།། འདི་ནི་རྩ་གཅིག་ཡིན་པར་གསུངས།། ཤིན་ཏུ་གསང་བ་ཟབ་པའི་ཕྱིར། ཁམས་ཉི་ཤུ་རྩ་གཅིག་ཏུ་བཤད་པའི་ལེའུ་སྟེ་ཉི་ཤུ་གཉིས་པའོ།།།། སྒྱུ་འཕྲུལ་དྲ་བ་ཀུན་ལྡན་པའི། ། རྡོ་རྗེ་ལ་སོགས་ཀུན་ཏུ་ཡང།། གསུངས་པ་མི་འགལ་འདིར་ཡང་བརྗོད།། འཇུག་ལྡན་གནས་སྨོན་བྱང་ཆུབ་སེམས།། གཡོ་དང་བསྐྱོད་དང་ལྡང་དང་གནས།། བཀུག་དང་འཛིན་དང་དེ་བཞིན་ཏེ། ། བསྡུས་དང་འཕྲིས་པའི་དོན་གྲུབ་ཕྱིར།། བསྡམས་དང་མི་གཏོང་དབང་སྒྱུར་ཏེ།། བདེ་དང་སྒྲ་སྙན་ཕྱོགས་བཅུར་སྒྲོགས།། ཤིན་ཏུ་སྒེག་པའི་གཟི་བརྗིད་འབར།། ཡིད་བཞིན་རིན་ཆེན་འཕྲེང་བ་འབར། ། དབྱངས་སྙན་ཡིད་འཕྲོག་གཟི་ལྡན་འབར།། གཟུགས་མཛེས་བསྐྱོད་པས་ཕྱོགས་བཅུར་གཡོ།། ཀུན་ཏུ་ཚིམ་བྱེད་དྲི་བསུང་ཐིམ།། ལྷག་མཛེས་རིན་ཆེན་ཕུང་པོ་འབར།། འོད་གསལ་འཕྲོ་བས་ཀུན་ཏུ་འཕྲོ། ། བདུད་རྩི་བསིལ་དྲོ་འཇམ་པའི་དབྱངས།། ཨ་ལ་ལ་ཧོ། གསང་བའི་དབང་པོ་པད་འབྱོར་ན།། ཆགས་པ་མེད་པའི་ཚུལ་གྱིས་སུ།། ཕ་རོལ་ཕྱིན་བཅུ་རྒྱུ་འབྲས་རྫོགས།། ས་བཅུ་རིམ་གྱིས་བཀོད་མེད་རྫོགས། ། ཀུན་ཏུ་འོད་གསལ་སྤྱན་ཡང་རྫོགས།། གཉིས་ལྡན་བླ་མེད་ས་ཡང་རྫོགས།། བསོད་ནམས་ཡེ་ཤེས་ཚོགས་ཆེན་ལ།། བརྟན་པ་ཉིད་དུ་རྫོགས་པར་རོལ།། ཨ་ཧོ། དེ་བཞིན་ཉིད་ཀྱི་གསང་མཆོག་ལས། ཁམས་ནི་ཉི་ཤུ་རྩ་གཅིག་སྟེ།། བཅོ་བརྒྱད་པོ་ནི་རྒྱུད་གཞན་བཞིན།། གསུམ་ནི་དེ་བཞིན་ཀུན་གྱི་བདག། བཅོ་བརྒྱད་འབྱུང་བའི་གནས་ཡིན་ཏེ།། བྱང་ཆུབ་འགྲུབ་པའི་གཞི་ཡང་ཡིན།། བདེ་བ་སྦྱིན་པའི་རྒྱུ་ཡིན་ཏེ། ། གསང་བའི་མཚན་ཉིད་བརྗོད་པ་ནི།། དབང་པོ་རྡོ་རྗེ་གསང་བའི་རྒྱལ།། ཡུལ་ནི་པདྨ་བདེ་མཆོག་དབྱིངས།། སེམས་ནི་བྱང་ཆུབ་འབྱུང་བའི་གཏེར།། དབང་པོ་ཡུལ་སེམས་ལྡན་གྱུར་ན།། གསང་བ་མཆོག་གི་འཕྲུལ་ཆེན་སྤྲོ། ། དཀྱིལ་འཁོར་རྡུལ་སྙེད་གྲངས་མེད་དང།། ཕུན་སུམ་ཚོགས་པ་ལྷུན་གྲུབ་རྣམས།། གསང་དབང་མཆོག་གིས་འབྱིན་པར་བྱེད།། འདི་ནི་རྩ་གཅིག་ཡིན་པར་གསུངས།། གསང་མཆོག་དོན་མཆོག་འདི་དག་ནི། ། ལྟ་བ་དམན་ལ་བཤད་བྱས་ནས།། དུས་མིན་པར་ནི་སྲོག་ཟད་ནས།། མགོ་འགས་སྙིང་ཡང་འཚིག་པར་འགྱུར། ཁབ་ལོངས་ཀྱིས་ནི་ལྕགས་སྡུད་ལྟར།། མི་འདོད་བཞིན་དུ་དབང་མེད་པར།། བསྐལ་པར་ངན་སོང་གནས་པར་འགྱུར། ། དེ་ཕྱིར་འདི་ནི་ཤིན་ཏུ་གསལ།། ཤེས་རབ་རྒྱ་ཆེ་བློ་ཡངས་པའི།། སྣོད་ལྡན་ངང་ཚུལ་བཟང་ལ་བསྟན།། གཞན་དུ་ནམ་ཡང་སྦྱིན་མི་བྱ།། ཞེས་ཉིད་ལ་ཉིད་བརྗོད་དེ། ཤིན་ཏུ་ཟབ་པའི་ཕྱིར་རྒྱུད་གཞན་གྱི་ནང་དུ་མ་བཤད་དོ། ། གསང་བའི་དཀྱིལ་འཁོར་ཁམས་ཉི་ཤུ་རྩ་གཅིག་ཏུ་བསྡུས་ནས། ཐམས་ཅད་མ་ལུས་པར་དབྱིངས་སུ་བསྡུས་པའི་ལེའུ་སྟེ་ཉི་ཤུ་གསུམ་པའོ།།།། དེ་ནས་དེ་བཞིན་གཤེགས་པ་རྒྱུད་ཀྱི་རྒྱལ་པོ་སྒྱུ་འཕྲུལ་དྲ་བ་ལས། ཆོས་ཐམས་ཅད་ཡིད་བཞིན་ཆོས་སུ་འདུས་པར་བསྟན་པ་དང། ཤེས་རབ་ཐམས་ཅད་ནི་ཡུམ་བཞིར་འདུས། ཡུམ་བཞི་ཡང་གཅིག་ཏུ་འདུས་སོ།། ཐམས་ཅད་ནི་རིགས་བཞིར་འདུས་སོ། ། རིགས་བཞི་ཡང་གཅིག་ཏུ་འདུས་ཏེ། ཐམས་ཅད་དབྱིངས་དང་དབྱིངས་ཀྱི་ཡེ་ཤེས་སུ་འདུས་པར་བསྟན་ནས། ཚིག་མགོ་མཇུག་གི་དོན་བསྡུས་ནས་ཡང་འདི་སྐད་བརྗོད་དོ། ། དོན་གྱི་རྩ་བའི་མཆོག་ཡིན་ནོ།། ཐམས་ཅད་མ་ལུས་མི་དམིགས་མ་ཆགས་ཆོས་ཉིད་དེ།། དེ་བཞིན་ཉིད་དབྱིངས་སྣ་ཚོགས་མང་པོ་ཐབས་སུ་སྣང།། ཐབས་ཉིད་སྒྱུ་མ་མིག་ཡོར་ཆུ་ཟླ་གཟུགས་བརྙན་ཡིན།། དེ་ཉིད་རང་རིག་ཡེ་ཤེས་ཆགས་མེད་སྣ་ཚོགས་སྣང། ། ཐབས་དང་ཤེས་རབ་ལྡན་པས་མཆོག་གི་གནས་གྱུར་པས།། ཇི་ལྟར་སྤྱད་ཀྱང་ཟད་མེད་གཉིས་གྲུབ་སྒྲིབ་མི་འགྱུར།། ཤེས་རབ་ཐབས་ཆེན་མཆོག་ལ་ཡེ་ནས་རོལ་པ་ཡིན། ། དེ་ཉིད་ཕྱག་རྒྱ་སྣ་ཚོགས་སྤྲུལ་པ་རང་རིག་སྟེ།། རྒྱུ་འབྲས་ཡེ་ནས་དབྱེར་མེད་སྔ་ཕྱི་མ་ཡིན་པས།། འབྲས་བུ་ལམ་དུ་གྱུར་བར་དུས་གཅིག་མཉམ་པར་སྤྱོད།། འདི་ནི་ཡིད་བཞིན་རིན་ཆེན་ཐམས་ཅད་འབྱུང་བའི་གནས། ། ཐམས་ཅད་འདུ་བའི་གཏེར་དང་ཡིད་བཞིན་མཛོད།། གཉིས་བྲལ་མཉམ་དང་མི་མཉམ་ཐམས་ཅད་ཉིད་ཀྱི་དབྱིངས།། ང་དང་བདག་མེད་སྣ་ཚོགས་མཚན་མ་དབྱེར་མེད་པ།། སྟོང་དང་མི་སྟོང་མི་གནས་དེ་བཞིན་ཉིད་དུ་རྔུབས། ། རང་བྱུང་རྡོ་རྗེའི་དཀྱིལ་འཁོར་ཟད་མེད་གཏེར་ཆེན་འཕྲོ།། འདས་དང་མ་འདས་དཀྱིལ་འཁོར་བསམ་ཡས་ལྷུན་གྲུབ་དང།། མི་ཟད་པར་ལྡན་རྒྱན་གྱི་འཁོར་ལོ་དྲུག་རྫོགས་པ། ། སྐྱེ་མེད་དབྱིངས་ཀྱི་རང་བྱུང་འོད་གསལ་འཕྲེང་ལྡན་མགོ། ཡེ་ནས་མ་བཅོས་མ་བྱས་རང་རིག་ངང་གིས་གསལ།། ཐམས་ཅད་འབྱུང་འཇུག་རང་རིག་གཏེར་ཆེན་ནང་དུ་བསྡུ།། ཕྱོགས་བཅུ་མ་ལུས་ཐམས་ཅད་ཀུན་འདུས་དང། ། ཞིང་ཁམས་གཞལ་ཡས་བསམ་ཡས་རིན་ཆེན་མཆོག་ཆེན་ཀུན།། སྐྱེ་མེད་དབྱིངས་དང་རང་རིག་གཉིས་སུ་ཡང་དག་འུབ།། མོས་སྤྱོད་སྟོང་ཉིད་རྒྱུ་འབྲས་ཡང་ནས་ཡང་སྦྱངས་མི་དམིགས་པ།། ཡེ་ནས་འོད་གསལ་ཆགས་མེད་མ་ཆགས་དཀོན་མཆོག་གནས། ། མིང་ཙམ་མཆོག་རོལ་ཐབས་དང་ཤེས་རབ་མཆོག་གིས་རྫོགས།། ལམ་སྟེགས་ཉིད་དུ་ཕ་རོལ་ཕྱིན་བཅུ་རྒྱུ་འབྲས་སྤྱོད།། མཉམ་ཉིད་རིག་པའི་རྡོ་རྗེ་ཐབས་ཆེན་ཡང་དག་ལྡན། ། འགྲོ་མེད་འོང་མེད་མི་གནས་ཀུན་ཁྱབ་ཁྱབ་མེད་ཉིད་ཀྱིས་བཤད།། ཨ་ཧོ། རྒྱུད་ཀྱི་རྒྱལ་པོ་སྒྱུ་འཕྲུལ་དྲ་བ་ཆེན་པོ་ལས། ཕ་རོལ་ཏུ་ཕྱིན་པ་བཅུ་དང། ས་བཅུ་དང། ས་གཉིས་དང། ཐབས་ཀྱི་ས་མཆོག་དང། སངས་རྒྱས་ཀྱི་ཞིང་མ་ལུས་པ། ཡིད་དང་ཆོས་སུ་འདུས་པར་བསྟན་པའི་ལེའུ་སྟེ་ཉེར་བཞི་པའོ།།།། རྒྱུད་མགོ་མཇུག་རིལ་འདིར་འདུས་ཤེའོ།།།། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས། ། མི་འཆི་བ་རྡོ་རྗེར་བསྒྲུབ་པ་འདི་གསུངས་སོ།། རྡོ་རྗེ་ཞིང་ཆེན་སྒྲུབ་འདོད་པས།། ཐམས་ཅད་སྐྱེ་ཤི་མེད་ཚུལ་དུ།། མཉམ་ཞིང་དག་པ་ཉིད་དུ་བསྒོམ། ཁྲོ་བོ་བདུད་རྩི་འཁྱིལ་པ་ཡིས།། ཛཿཧཱུཾ་བཾ་ཧོས་དགུག་པར་བྱ། ། བདག་དང་ཁྲོ་བོ་གཉིས་མེད་པར།། ཡང་ནས་ཡང་དུ་བསྒོམ་པར་བྱ།། སྐུ་རྣམས་གསལ་བར་གྱུར་པ་དང།། ཞིང་ཆེན་འོག་ཏུ་གཞུག་པར་བྱ།། དཀྱིལ་འཁོར་མ་ལུས་དེར་བཀོད་ནས། ཁྲོ་བོ་ཁྲོ་མོ་འཁོར་དུ་བསྒོམ།། མངག་པའི་ཕོ་ཉ་ཕྱོགས་བཅུར་གཏང།། འཇིག་རྟེན་མི་རྣམས་དབང་བསྡུས་ཏེ།། ནརྀ་ཡི་ཚོགས་རྣམས་ཀུན་བཀུག་ནས།། ཞིང་ལ་ཡང་ནས་ཡང་དུ་འཇུག། ཏིང་འཛིན་ཆེ་བས་ཟླ་གཅིག་སྟེ། ། འབྲིང་གི་ཟླ་བ་གཉིས་དང་གསུམ།། ཐ་མས་ཟླ་བ་ལྔ་རུ་ནི།། རྩེ་གཅིག་རྩེ་གསུམ་རྩེ་ལྔ་པས།། འདུ་འཕྲོ་ཡང་ནས་ཡང་བྱས་པས།། སྣར་དང་སེར་དང་མདོག་སྣུམ་འབྱུང།། དེ་ནས་ཏིང་འཛིན་བདུད་རྩི་ཡིས། ། ལན་གྲངས་འབུམ་ཕྲག་མང་པོར་བཟླས།། བཟླས་པའི་ཚུལ་ནི་རྣམ་གསུམ་དང།། རྡོ་རྗེ་སྔགས་ཟློས་རྩེ་གསུམ་པ།། དེ་ཡི་བར་ནས་བཟླས་པ་འབྱུང།། འོད་ཟེར་ལྔ་དང་ལྡན་པར་བྱ།། ཞིང་དེ་ལྟེམ་ལྟེམ་པོར་གྱུར་དང། ། བདུད་རྩི་ལྔ་ཡིས་བསྐུ་བར་བྱ།། དེ་ནས་ཡི་གེ་འབྲུ་ལྔ་དགོད།། ཡན་ལག་ལྔ་ལ་ཡུལ་ལྔ་སྟེ།། དབང་པོ་ལྔ་ལ་སེམས་དཔའ་དང།། སེམས་མ་འཁྲིལ་བའི་ཚུལ་གནས་བྱ།། རྡོ་རྗེའི་ཏིང་ངེ་འཛིན་གྱིས་ནི། ། གསལ་ཞིང་འཚེར་བར་བསྒོམས་ནས་ནི།། སྔགས་ཀྱི་འབྱུང་འཇུག་ཞིང་ལ་གཟུད།། དེ་ནས་ཞིང་དེ་འགུལ་གྱུར་ནས།། ཤིན་ཏུ་ཞགས་པས་བསྡམ་པར་བྱ།། ཡན་ལག་རྣམས་ཀྱང་གཞུམ་པར་བྱ།། ཕྱོགས་བཞི་དག་ཏུ་ཐོད་པ་བསྟན། ། དེ་ནས་ནུབ་ཏུ་ཐོད་པ་བསྟན།། ཧ་ཡ་གྲི་བའི་སྐུར་བསྒོམ་ཞིང།། སྔགས་ནི་འབུམ་ཕྲག་མང་དུ་བཟླས།། ཕྱོགས་བཅུར་སྤྲོ་ཞིང་ཞིང་ལ་བསྟིམ།། དེ་ནས་ཞིང་དེ་དྲག་འགུལ་ན།། རྡོ་རྗེ་ཏིང་འཛིན་དེ་ཡིས་ནི། ། བརྟན་པ་ཉིད་དུ་བསྒོམ་པར་བྱ།། དེ་ནས་སྤར་སྤར་བྱེད་པ་དང།། ཨ་ཎྲི་པྲི་དུ་ཏྲི་གང་ཡིན།། ཧྲི་ནརི་ཨར་བསྒྱུར་ཏིང་འཛིན་གྱིས།། རྡོ་རྗེ་དྲག་ཏུ་བརྡེག་ཅིང་དབབ།། ཐོད་པའི་ཁ་ནས་ཧྲི་བྱུང་ནས། ། རྡོ་རྗེ་ཏིང་འཛིན་སོ་ཡིས་བཅད།། རྡོ་རྗེའི་སྔགས་ཟློས་ཁོང་དུ་བསྟིམ།། གཉིས་སུ་མེད་པར་བསྒོམ་པར་བྱ།། དེ་ནས་ཞིང་དེ་ལངས་པ་དང།། རྡོ་རྗེ་བྱིན་ནས་དབང་ཡང་བསྐུར།། བདུད་རྩིའི་ཆུ་ཡང་བླུད་པར་བྱ། ། ལས་རྣམས་ཐམས་ཅད་བྱེད་དུ་གཞུག། དེ་ལྟར་བསྒྲུབས་པའི་རིགས་མཆོག་གིས།། ཐལ་བ་ཐམས་ཅད་སོས་པར་འགྱུར།། སྒྲུབ་པའི་ས་ནི་དུར་ཁྲོད་དང།། རི་བྲག་གཉན་པོ་བགེགས་གནས་དང།། གནས་ཁྲོད་གཉན་པོ་ཚོར་མ་ཅན། ། གནོད་སྦྱིན་སྲིན་པོ་འབྱུང་པོའི་གནས།། དེ་དག་ཏུ་ནི་བསྒྲུབ་པར་བྱ།། དགུ་དང་བཅུ་གཉིས་བཅུ་གསུམ་དང།། བཅུ་དྲུག་མན་ཆད་བསྒྲུབ་པར་བྱ།། ཕྱི་ནང་མཆོད་པའི་ཡོ་བྱད་རྣམས། ། ལམ་ལྔའི་ཞིང་དང་སྨན་རྣམས་བཅང།། འབྲུ་རྣམས་སྣ་ཚོགས་བཅང་བར་བྱ།། རྟག་ཏུ་ཚོགས་ཀྱིས་མཆོད་པར་བྱ།། རྟག་པ་དག་ཏུ་མ་ལྡན་ན།། ཉིན་གསུམ་མཚན་གསུམ་བར་མི་བཅད། ཁ་ཟས་རྣམས་ཀྱང་ཐོབ་པར་བཟའ། ། བཏུང་བ་དག་ཀྱང་དེ་བཞིན་ཏེ།། མར་མེ་རྟག་ཏུ་གཏང་བར་བྱ།། རྒྱུ་ནི་ནརྀ་ཡི་མར་ལས་བྱས།། ཡན་ལག་བསྐུ་བའང་དེ་བཞིན་ནོ།། སྡོང་པོ་པདྨའི་རྒྱུ་ལས་བྱ།། སྣོད་ནི་དུང་ཆེན་སྲུབས་མེད་པ། ། ལུང་པོ་ཡོད་དང་མེད་ཀྱང་རུང།། དེ་བྱི་པུ་ཏྲ་མ་བྱུང་བ།། མདོག་ནི་བན་གླང་ཅན་ལ་ཡོད།། རྡོ་རྗེ་སྒྲུབ་པ་བར་གཅོད་ཕྱིར།། རྟག་ཏུ་མཚམས་ནི་གཅད་པར་བྱ།། ནརྀ་ཡི་རྐང་པ་གཡས་གཡོན་ནས། ། སྦོམ་པོ་མ་ཡིན་ཕྲ་བ་ཉིད།། དེ་ལ་ཀཱི་ལ་ཡ་བྱས་ལ།། ཕུར་པའི་སྔགས་དང་ཁྲོ་སྔགས་དང།། ལན་འབུམ་དུ་ནི་བཟླས་ནས་ནི།། ལག་པ་གཡས་གཡོན་ཐལ་སོར་ལ།། ཁྲོ་བོ་བཅུ་དང་ཁྲོ་མོ་བཅུ།། འོད་འབར་གཟུགས་ཀྱི་སྐུ་རུ་བསྒོམ། ། དེ་ནས་གཉིས་མེད་སྦྱོར་ཚུལ་དུ།། སྒྲུབ་པ་རྡོ་རྗེ་བསྒོམ་པར་བྱ།། སྒྲུབ་པ་དངོས་ལས་མ་གཏོགས་པ།། ཕྱོགས་བཅུ་རྣམས་སུ་མཚམས་ཡང་གཅད།། དངོས་གྲུབ་མ་ཐོབ་བར་དུ་ནི། ། བསྒོམ་དང་བཟླས་དང་ཕྱག་རྒྱ་གསུམ།། བག་ཡོད་མགོ་ལ་མེ་འབར་བཞིན།། བར་མཚམས་མེད་པར་བསྒྲུབ་པར་བྱ།། དེ་ལྟར་སྒྲུབ་པའི་རིགས་མཆོག་གིས།། ལྷ་མ་སྲིན་རྣམས་བྲན་བཞིན་འཁོལ།། འཇིག་རྟེན་དབང་ཕྱུར་དབང་དུ་སྡུད། ། རྡོ་རྗེ་རིགས་མཆོག་འཁོར་རྐྱེན་རྣམས།། ཡིད་བཞིན་དུ་ནི་འབྱུང་བར་འགྱུར།། རྫུ་འཕྲུལ་ཆེན་པོ་དེ་དག་ནི།། ལུས་སྡུད་ནས་ནི་མངོན་དུ་ཕྱུང།། དེ་མ་ཡིན་པར་ཤིན་ཏུ་གསང།། རྒྱུད་ཀྱི་རྒྱལ་པོ་སྒྱུ་འཕྲུལ་དྲ་བ་ལས། རོ་ལངས་སྒྲུབ་པའི་ལེའུ་སྟེ་ཉི་ཤུ་ལྔ་པའོ།།།། དེ་ནས་དེ་བཞིན་གཤེགས་པ་རྒྱུད་ཀྱི་རྒྱལ་པོ་སྒྱུ་འཕྲུལ་དྲཝ་བ་ལས་ཏིང་ངེ་འཛིན་གྱིས་རིམ་པར་སྦྱོང་ཞིང། དངོས་གྲུབ་མྱུར་དུ་ལེན་པའི་ཐབས་དྲ་བ་ལས་འདི་སྐད་ཅེས་གསུངས་སོ། ། དཀྱིལ་འཁོར་བསམ་ཡས་དངོས་གྲུབ་པ།། མི་དམིགས་དབྱིངས་ལས་དོན་འབྱིན་ཏེ།། མ་བཅོས་ཇི་བཞིན་ངང་བཞག་དང།། ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་འབྱུང། ། མི་དམིགས་ཐུགས་ཀྱི་དཀྱིལ་འཁོར་ལས།། ཏིང་ངེ་འཛིན་གྱི་དབང་སྒྱུར་ནས།། ཡེ་ཤེས་སྤྲུལ་པ་སྣ་ཚོགས་འགྲུབ།། སྤྱོད་ཡུལ་ཐམས་ཅད་མཎྜལ།། ཡེ་ཤེས་དཀྱིལ་འཁོར་ཐར་བྱེད་སྐྱོང། ། ལོངས་སྤྱོད་སྐུ་དང་སངས་རྒྱས་ཞིང།། དེ་ལྟར་འདོད་པ་སྨོན་ན་འགྲུབ།། ཡངས་ཤིང་རྒྱ་ཆེ་ལྷུན་གྲུབ་ནི།། ཕྱི་ནང་སྣོད་བཅུད་ཡེ་ནས་དག། དག་རྟོགས་ཉིད་ཀྱང་དབྱིངས་ཉིད་དེ།། འདི་ནི་རྡོ་རྗེ་མཉམ་ཡིན་ནོ། ། དངོས་གྲུབ་མྱུར་དུ་འགྲུབ་འདོད་ན།། ཤིན་ཏུ་ཕྲ་ཞིང་ཟབ་པར་བསྒོམ།། བདག་དང་བདག་གི་གཞན་རྣམས་ནི།། ཤིན་ཏུ་མི་དམིགས་དབྱིངས་སུ་བསྒོམ།། ཏིང་ངེ་འཛིན་དེ་གོམས་པ་དང།། ཐམས་ཅད་སྒྱུ་མ་མིག་ཡོར་དང། ། སྤྲུལ་པའི་ཚུལ་དུ་ཤེས་བར་བྱ།། དེ་བཞིན་ཡང་ནས་ཡང་གོམས་ནས།། དེ་ནས་ཕྲ་བའི་ཏིང་འཛིན་བསྒོམ།། ཕྱི་ནང་སྣོད་བཅུད་ཧཱུཾ་དུ་བསྡུ།། གང་སྒྲུབ་ཡི་གེ་སོ་སོ་སྟེ།། སྤྱིར་ནི་གང་བསྒོམ་ཀུན་ཏུ་འདྲ། ། རྡོ་རྗེ་སེམས་དཔའ་ཉིད་དུ་འདུ།། ཡན་ལག་ལྔ་དང་རྣམ་ཤེས་ཉིད།། ཡི་གེ་ཧཱུཾ་དུ་ཤིན་ཏུ་བསྡུ།། ནརྀ་ཡི་མིག་གིས་བལྟར་ཡོད་བར།། ཡང་ནས་ཡང་དུ་འདིས་པ་དང།། འོད་ཟེར་མང་པོ་སྤྲོ་བར་བྱ། ། ཕྱོགས་བཅུ་དུས་བཞི་གང་བ་དང།། སླར་ཡང་ཧཱུཾ་ལ་བསྟིམ་པར་བྱ།། ཧཱུཾ་ཉིད་མི་དམིགས་དབྱིངས་སུ་ཐིམ།། ཐིམ་གྱུར་དབྱིངས་ནས་ཨ་དཀར་འབར།། ཤིན་ཏུ་འཚེར་བར་གསལ་བསྒོམས་ལ།། ཐམས་ཅད་ཨ་རུ་གྱུར་པར་བསྒོམ། ། དེ་བཞིན་ཉིད་དུ་འདྲིས་གྱུར་ནས།། ཨ་ལས་མའི་དཀྱིལ་འཁོར་སྤྲོ།། ཨ་མ་གསལ་བར་འབྱོར་གྱུར་ནས།། ཉི་ཟླ་གང་བར་སྒྲིལ་མར་བསྒོམ།། ཧྲི་གསལ་པདྨ་ཆགས་མེད་བསྒོམ།། རིན་ཆེན་འབར་བའི་གཞལ་མེད་ཁང། ། ཉི་ཟླ་གདན་དང་བཅས་པར་བསྒོམ།། ཐམས་ཅད་འདུས་ཤིང་འཕྲོ་བར་བསྒོམ།། དེ་དཀྱིལ་ཡི་གེ་ཧཱུཾ་གནས་པ།། མཐིང་ཁ་འཚེར་ལ་གསལ་བ་ཡི།། འོད་ཟེར་འཕྲོ་བ་རྣམ་པར་བསྒོམ། ། འོད་འཕྲོས་དབྱིངས་སུ་སླར་བསྡུས་ནས།། ཤིན་ཏུ་རྡོ་རྗེ་འཕྲོ་བར་བསྒོམ།། རྡོ་རྗེ་འོད་འཕྲོས་གསལ་འབར་ནས།། དབྱིངས་སུ་ཡང་ནི་བསྟིམ་པར་བྱ།། དེ་ཉིད་སེམས་དཔའི་སྐུར་གྱུར་ནས།། ཤིན་ཏུ་ཕྲ་ཞིང་འདུས་པར་བསྒོམ། ། དེ་བཞིན་གཉིས་མེད་གསལ་གྱུར་ནས།། སྐུ་གཅིག་རྡོ་རྗེ་དྲིལ་འབར་བསྒོམ།། དེ་བཞིན་ཉིད་དུ་གྱུར་པ་དང།། དབུ་གསུམ་ཕྱག་དྲུག་ཉིད་དུ་བསྒོམ།། གཞན་ཡང་ཁྲོ་འདུལ་སྣ་ཚོགས་བསྒོམ། ། བློ་ཡི་ཤེས་རབ་ཆེ་ཆུང་ལས།། རིམ་པ་བཞིན་དུ་བསྒོམ་པར་བྱ།། ཡང་ན་གཅིག་ཆར་བསྒོམ་པར་བྱ།། ཉི་ཟླ་གཟའ་སྐར་དུས་གཅིག་ཏུ།། ཆུ་དཀྱིལ་དངས་པར་གསལ་བ་བཞིན།། དེ་ལྟར་གོམས་རྟོགས་རིགས་མཆོག་དེས། ། ཇི་ལྟར་དབང་སྒྱུར་བཞིན་དུ་འགྲུབ།། མཁའ་ལྟ་འཕྱོ་དང་རིགས་འཛིན་གནས།། ཆུ་རྒྱུན་ཟློག་དང་རླུང་མི་འགུལ།། རི་བྲག་ལ་སོགས་ཐོགས་མེད་འཛུལ།། ཆུ་ལ་མི་འབྱིང་མེས་མི་འཚིག། དུག་དང་མཚོན་གྱིས་འཇིགས་མི་འགྱུར། ། མི་སྣང་བ་དང་མང་པོར་སྤྲུལ།། གཞན་ཡང་ཇི་ལྟར་འདོད་པ་བཞིན།། ལྷ་སྲིན་རྣམས་ལ་དབང་སྒྱུར་དང།། ཚེ་དང་དུས་ལ་བསྲིང་བསྟུང་དང།། སྟོང་གསུམ་ཉུངས་འབྲུར་ཤོང་བ་དང། ། ཡུངས་འབྲུས་སྟོང་གསུམ་ཁེངས་པ་དང།། ཇི་ལྟར་དམིགས་པ་བཞིན་དུ་འགྲུབ།། སྦྲུལ་དང་གཅན་གཟན་གདུག་པ་རྣམས།། ཁྱི་བཞིན་ཕྱི་ནས་འབྲང་བར་འགྱུར།། བདུད་དང་གདུག་པ་ལ་སོགས་པས། ། ཚུགས་པར་མི་འགྱུར་བྲན་བཞིན་འགྱུར།། ལུས་མ་སྤངས་པར་རིགས་འཛིན་ས།། ཡེ་ཤེས་བསོད་ནམས་ལོངས་སྤྱོད་ཀྱིས།། ཡི་གེ་འཁོར་ལོ་ཚོགས་མཆོག་བརྙེས།། ཐུགས་རྗེ་སྤྲུལ་པའི་བྱིན་བརླབས་ཀྱིས། ། སོ་སོར་ཐར་པའི་ལམ་ཡང་སྟོན།། འགྲོ་བ་མ་ལུས་དོན་ཡང་བྱེད།། ལས་རྣམས་ཐམས་ཅད་ཀུན་བྱས་ན།། སྐྱེ་ཤི་མེད་པའི་གཡུང་དྲུང་ཐོབ།། མཚན་དང་དཔེ་བྱད་ཀུན་གྱིས་བརྒྱན།། བསོད་ནམས་ཡེ་ཤེས་ཚོགས་ཆེན་ལྡན། ། མཐར་ཕྱིན་བྱ་བ་མེད་པ་འགྲུབ།། སྒྲུབ་མེད་སྤངས་མེད་ཆོས་ཀྱི་དབྱིངས།། འོང་མེད་འགྲོ་མེད་དེ་བཞིན་ཉིད།། འདི་ལྟར་བསྒྲུབས་ཏེ་བསྒོམས་བྱས་ན།། འབྲས་བུ་མངོན་དུ་མ་གྱུར་ཀྱང། ། ཚེ་རབས་སྐྱེ་བ་ཐམས་ཅད་དུ།། ལས་ངན་ཀུན་ཏུ་སྐྱེ་མི་འགྱུར།། ཐེག་པ་དམན་པར་ཡོངས་མི་འགྱུར།། རྡོ་རྗེའི་རིགས་མཆོག་འཛིན་པར་འགྱུར།། ཞེས་རྡོ་རྗེ་གསང་བའི་ཚིག་ཏུའོ།། ཤིན་ཏུ་གསང་བ་དངོས་གྲུབ་མྱུར་དུ་ཐོབ་པར་བྱ་བའི་ལེའུ་སྟེ་ཉེར་དྲུག་པའོ། །།། དེ་ནས་དེ་བཞིན་གཤེགས་པ་རྒྱུད་ཀྱི་རྒྱལ་པོ་སྒྱུ་འཕྲུལ་དྲ་བ་ལས།། སྐུའི་དཀྱིལ་འཁོར་མངོན་དུ་ཕྱུང་སྟེ་འདི་སྐད་ཅེས་གསུངས་སོ།། དེ་བཞིན་ཉིད་ཀྱི་དབྱིངས་ལྡན་ཏེ། ། རྒྱུ་དང་དྲ་བར་འབྲེལ་གྱུར་ནས།། རྒྱུ་མཆོག་རྡོ་རྗེ་འོད་སྣང་བ།། མཐུན་པའི་ཡེ་ཤེས་རང་སྣང་བའོ།། རྒྱུ་དྲུག་འཁོར་བའི་ལུས་སྣང་བ།། རྣམ་རྟོག་མཐུན་པའི་ལས་སྣང་ངོ།། དེ་བཞིན་སྐུ་མཆོག་དྲི་བྲལ་དང། ། བདེ་གཤེགས་སྐུ་ལྔར་མདོར་བསྡུས་ཏེ།། བཅོམ་ལྡན་འདས་དང་བྱང་ཆུབ་གཟུགས།། བླ་མེད་གཟུགས་དང་རྡོ་རྗེའི་སྐུ།། དེ་ལ་སོགས་ཏེ་སྐུ་བསམ་ཡས།། ཕྱོགས་བཅུ་ཀུན་ཏུ་དུས་བཞིར་ནི།། ཐབས་ཀྱིས་འགྲོ་འདུལ་སྐུར་སྟོན་ཏེ། ། བྱང་ཆུབ་སེམས་ནི་རྡོ་རྗེའི་སྐུ།། ཆགས་མེད་ཞིང་དུ་སྐུ་སྟོན་པ།། དབྱིངས་ལས་མ་གཡོས་བཞིན་དུ་སྣང།། སྐུ་སྣང་དེ་བཞིན་ཉིད་ཀྱི་དབྱིངས།། རྣམ་དག་སྐུ་སྟོན་མ་ཡིན་ཏེ།། ལོག་འགྲོ་རྟོག་པ་ཐམས་ཅད་ལ། ། སོ་སོར་འདུལ་བའི་སྐུར་ཡང་སྟོན།། དེ་ཚེ་སྐྱེ་ཤི་མེད་པའི་སྐུ།། ལས་དང་མ་ཆགས་པདྨའི་སྐུ།། ཐར་དང་མ་ཐར་སྣ་ཚོགས་ཀྱང།། སྣ་ཚོགས་སྣང་ལ་གནས་པ་མེད།། སྣང་དང་མི་སྣང་གཉིས་ཀ་མིན། ། དེ་ལྟར་རྟོགས་པའི་རིགས་མཆོག་ནི།། རྡོ་རྗེ་ཞེས་ནི་གདགས་པ་ཡིན།། ཇི་སྙེད་སྐུ་སྟོན་བསམ་ཡས་པ།། ཐམས་ཅད་མ་ལུས་རྡོ་རྗེར་བསྡུས།། འཁོར་ལོ་ཞེས་ཀྱང་བརྗོད་པ་ཡིས།། དེ་ལ་སོགས་ཏེ་སྐུ་བསམ་ཡས། ། བྱང་ཆུབ་ཐུགས་ཀྱི་དཀྱིལ་འཁོར་ནས།། སྐུ་ནི་སྣ་ཚོགས་ཐམས་ཅད་ཀྱང།། གཞའ་ཚོན་ཆུ་ཟླར་འདྲར་ཤེས་ན།། དབྱིངས་ཉིད་ལ་ནི་དབྱིངས་སྣང་ཟད།། ཐུགས་ཉིད་གསུང་གི་དཀྱིལ་འཁོར་སྣང། ། གསུང་ཉིད་སྐུ་ཡི་དཀྱིལ་འཁོར་ཏེ།། དབྱེར་མེད་དེ་བཞིན་ཡོང་གིས་སོ།། དཀྱིལ་འཁོར་བཟང་པོ་སྒྲུབ་འདོད་ལས།། རྟག་ཏུ་དུས་གནས་ཐམས་ཅད་དུ།། བདག་དང་བདག་གི་དབྱེར་མེད་པར།། ཡེ་ནས་དཀྱིལ་འཁོར་ཡིན་པར་རྟག། འདི་ནི་དངོས་གྲུབ་མཆོག་ཡིན་པར།། ཀུན་ཏུ་རྒྱལ་གྱིས་དེ་སྐད་བཤད།། སྒྱུ་འཕྲུལ་དྲ་བ་ལས།། སྐུའི་དཀྱིལ་འཁོར་མངོན་དུ་ཕྱུང་བ་ཞེས་བྱ་བའི་ལེའུ་སྟེ་ཉེར་བདུན་པའོ།།།། དེ་ནས་དེ་བཞིན་གཤེགས་པ་རྒྱུད་ཀྱི་རྒྱལ་པོ་སྒྱུ་འཕྲུལ་དྲ་བ་ལས། སྔགས་འཆང་རྣམས་དོན་ཡོད་པར་བྱ་བའི་ཕྱིར། དམ་ཚིག་སུམ་བརྒྱའི་རྩ་བ་མདོར་བསྡུས་ནས། སྔགས་འཆང་རྣམས་ཀྱི་དོན་ཆེད་དུ། ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ། ། ཕྱོགས་བཅུའི་འཇིག་རྟེན་རྡུལ་ཕྲན་སྙེད།། རྟོག་འདུལ་གཉེན་པོ་བསམ་མི་ཁྱབ།། འདུལ་བ་སྡོམ་པ་བསམ་ཡས་དང།། རྡོ་རྗེ་ཐེག་མཆོག་མང་པོ་ཀུན།། ཉིད་ལས་གཡོས་ཤིང་སྤྲོས་མེད་ཀྱང། ། རང་རིག་འཕྲུལ་པའི་རྟོག་པ་ཡིས།། ལྟ་བ་མཐོ་དམན་བསམ་མི་ཁྱབ།། དེ་འདུལ་དོན་ཕྱིར་བསམ་པར་བསྟན།། ཡང་དག་ཉིད་དང་ལོག་རྟོག་ཉིད།། ངོ་བོ་ཉིད་ཀྱིས་གནས་གྱུར་ན།། དེ་ལ་བཅོས་ཤིང་བསྒྱུར་དུ་མེད། ། ཡེ་ནས་ངོ་བོ་ཡོད་ཡིན་ན།། ཉོན་མོངས་སྤང་ཞིང་བྱང་སྒྲུབ་མེད།། ཐམས་ཅད་མ་ལུས་རོ་གཅིག་འགྱུར།། ཀུན་རྫོབ་ཆུ་ཟླ་ལྟར་ཡིན་པས།། ཅིར་ཡང་འགྱུར་ཞིང་ཅིར་ཡང་འགྲུབ།། རྣལ་འབྱོར་དེ་ཉིད་རྟོགས་པ་ཡིས། ། དོན་དམ་སྐྱེ་འགག་མེད་པ་སྟེ།། ཀུན་རྫོབ་སྒྱུ་མ་ཅིར་ཡང་འགྲུབ།། གནས་ངན་དུས་ན་ལོག་རྟོག་ཉིད།། གཟུང་འཛིན་བྲལ་བ་ཉིད་རྟོགས་ན།། བདག་མེད་ཡེ་ཤེས་རང་རིག་ཉིད། ། སྙིང་རྗེ་ཐབས་མཁས་ཏིང་འཛིན་གྱིས།། ཇི་ལྟར་དམིགས་པ་བཞིན་དུ་འགྲུབ།། སོ་སོའི་རང་བཞིན་ངེས་ཤེ་ན།། ཡང་དག་ལམ་གྱིས་བཅོས་སུ་མེད།། དེ་བས་ཡང་དག་བློ་ཆེན་གྱིས།། ཐམས་ཅད་དངོས་པོ་མེད་པར་བཤད། ། དཔེར་ན་དུག་གི་རིགས་ཤེས་པས།། དུག་གིས་མི་ཚུགས་ཐབས་ཡོད་ལྟར།། ཧ་ལ་ཧ་ལའི་དུག་རྣམས་ཀྱང།། བསྒྲུབས་ན་ར་ས་ཡ་ནའི་སྨན།། བདུད་རྩིར་འགྱུར་ལ་ཚེ་རིང་འགྲུབ།། ཉོན་མོངས་རང་དང་སྤྱིར་བསྟན་པ། ། མཚན་ཉིད་མ་ནོར་དོན་རྟོགས་ན།། རྣམ་པར་བྱང་བའི་ལམ་དུ་འགྱུར།། སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཀྱང།། གང་ནའང་མེད་དེ་དེ་ཉིད་ཡིན།། ནང་གི་ཆེན་པོ་ལྔ་ཉིད་ཀྱང།། རང་དང་སྤྱི་ཡི་དོན་བརྟགས་ན། ། མཚན་ཉིད་མེད་པས་རྣམ་པར་དག། སོ་སོའི་རྩལ་རྣམས་འཛིན་གྱུར་པས།། ཐབས་ཆེན་དུ་ནི་རྣམ་པར་འཕྲོ།། མཚན་རྣམས་རང་བཞིན་མི་གནས་པས།། ཤེས་རབ་དབྱིངས་སུ་རྣམ་པར་སྦྱོང། ། གཏི་མུག་ཅེས་ནི་བརྗོད་པ་ཡང།། མ་རིག་མིང་གི་རྣམ་གྲངས་ཏེ།། གཉིས་མེད་དོན་གཅིག་ཡིན་པར་བཤད།། རང་གི་མཚན་ཉིད་སྤྱོད་པ་ནི།། ཆོས་དང་བདག་དང་དངོས་པོ་རྣམས།། ངོ་བོ་ཡོད་ལ་སོགས་བརྟག་པ། ། རྟོག་པ་སྒྱུ་མའི་ཀླུང་གྱུར་ཏེ།། ལོག་རྟོག་སྤྲོས་པའི་རྒྱུན་ཡིན་ལ།། ཐམས་ཅད་ཆོས་དབྱིངས་རོ་གཅིག་སྟེ།། བཟོད་པའི་ཆོས་ཉིད་དམིགས་ཅན་ཡིན།། སྤྱི་ཡི་མཚན་ཉིད་བརྗོད་པ་ནི།། མི་རྟག་སྡུག་བསྔལ་སྟོང་བདག་མེད། ། མ་རིག་པ་ནི་སྤང་དུ་མེད།། རིག་པ་ཡང་དག་སྒྲུབ་ཏུ་མེད།། ཐམས་ཅད་དབྱིངས་སུ་རོ་གཅིག་ཐིམ།། སྒྱུ་མའི་དངོས་པོར་རྟོག་པ་ནི།། སྒྱུ་མར་རྟོག་ཉིད་མི་དམིགས་པས།། མི་དམིགས་དེ་ཉིད་སྣ་ཚོགས་སྣང། ། སྐྱེ་པ་ཉིད་ན་ཆོས་ཉིད་གཅིག། དབྱིངས་ཉིད་མི་དམིགས་དེ་བཞིན་ཉིད།། དེ་ཉིད་ཆོས་སྐུའི་ཕྱག་རྒྱ་ཆེ།། མི་དམིགས་སྒྱུ་མའི་དངོས་པོ་ལ།། རྟོག་པའི་ཡུལ་གྱིས་དངོས་ཉིད་ཀྱང།། ཆོས་ཉིད་མི་དམིགས་ཡེ་ནས་དག། སྒྱུ་མ་མི་དམིགས་དབྱེར་མེད་ཕྱིར།། ཡོད་མེད་གཉིས་ཀ་དབྱེར་མེད་པས།། ཏིང་ངེ་འཛིན་གྱིས་དབང་སྒྱུར་ན།། ཐུགས་ཀྱི་ཕྱག་རྒྱ་ཆེན་པོ་ཡིན།། ཆོས་ཉིད་དམིགས་སུ་མེད་པ་སྟེ། ། མི་དམིགས་བཞིན་དུ་སྒྱུ་མར་སྤྲོ།། གདུལ་བྱའི་བྱ་བ་བསམ་མི་ཁྱབ།། གསུང་གི་ཕྱག་རྒྱ་ཆེན་པོའོ།། དེ་ལྟར་གཏི་མུག་སྤང་དུ་མེད།། རྣམ་པར་སྣང་མཛད་རྒྱ་ཆེན་ཡིན།། ཞེ་སྡང་རང་དང་སྤྱིར་བསྟན་པ།། ཀུན་ནས་མནར་སེམས་རྟོགས་པ་ཡི། ། སྒྱུ་མའི་དངོས་པོ་ཐམས་ཅད་ལ།། འཇུག་པར་མོས་པའི་རང་བཞིན་ཅན།། སྤྱི་ཡི་མཚན་ཉིད་བརྗོད་པ་ནི།། མི་རྟག་སྡུག་བསྔལ་སྟོང་བདག་མེད།། ཞེ་སྡང་སྙིང་རྗེ་སྤང་བསྒྲུབ་མེད། ། ཆོས་ཀྱི་དབྱིངས་སུ་རོ་གཅིག་ཕྱིར།། སྒྱུ་མའི་རང་བཞིན་མནར་སེམས་པ།། དངོས་པོ་ཐམས་ཅད་འཇིག་རྟོགས་ན།། སྒྱུ་མར་སྣང་བ་ཐམས་ཅད་ཀྱང།། ཆོས་ཀྱྀ་དབྱིངས་ལས་མི་གཞན་ཏེ།། མི་དམིགས་པ་ཉིད་སྒྱུ་མར་སྐྱེ། ། ཆོས་རྣམས་ཀུན་གྱི་རང་བཞིན་ནི།། བདག་དང་སྲོག་དང་སེམས་ཅན་དང།། གང་ཟག་གསོ་བའི་རང་བཞིན་མེད།། སྣང་བ་ཐམས་ཅད་བདག་མེད་དེ།། མནར་སེམས་ཆོས་ཀྱི་དབྱིངས་སུ་གཅིག། ཐམས་ཅད་མི་དམིགས་དེ་བཞིན་ཉིད།། ཀུན་དང་དབྱེར་མེད་ཆོས་སྐུ་ཡིས།། ཀུན་ལ་རྟག་པའི་ཕྱག་རྒྱ་ཡིན།། མི་དམིགས་དེ་ལྟར་སྣང་པ་ལ།། ཕྱིན་ཅི་ལོག་གི་བློ་བསླད་པས།། རྟོག་པའི་ཡུལ་ལ་མནར་སེམས་ཏེ། ། ཆོས་ཉིད་སྒྱུ་མ་མི་དམིགས་ཤིང།། མྱང་འདས་འཁོར་བར་དབྱེར་མེད་ཕྱིར།། དོན་དམ་ཀུན་རྫོབ་རོ་གཅིག་སྟེ།། ཏིང་ངེ་འཛིན་གྱིས་དབང་བསྒྱུར་ན།། ཐུགས་ཀྱི་ཕྱག་རྒྱ་ཆེན་པོ་ཡིན།། མི་དམིགས་སྒྱུ་མའི་ཆོས་ཉིད་ལས། ། གདུལ་བྱའི་ཞིང་ནི་བསམ་ཡས་སྤྲུལ།། འདུལ་ཐབས་ལས་ཀྱང་བསམ་མི་ཁྱབ།། གསུང་གི་ཕྱག་རྒྱ་ཆེན་པོའོ།། ཞེ་སྡང་སྤྱི་ཡི་མཚན་ཉིད་ནི།། ཡང་དག་ཉིད་ཀྱིས་རབ་བརྟགས་ན།། རྣམ་པར་བྱང་བའི་མཚན་ཉིད་དེ། ། གཉིས་མེད་ཞེ་སྡང་སྤང་དུ་མེད།། ང་རྒྱལ་མཚན་ཉིད་བཤད་པ་ནི། ཁོང་ནས་འགྱིང་ཞིང་སེམས་ཁེངས་པ།། ཕ་རོལ་ཟིལ་གྱིས་གནོན་པར་བྱེད།། སྤྱི་ཡི་མཚན་ཉིད་བཤད་པ་ནི།། མི་རྟག་སྡུག་བསྔལ་སྟོང་བདག་མེད། ། ང་རྒྱལ་སྤངས་ནས་ཞི་བསྒྲུབ་མེད།། ཆོས་ཀྱི་དབྱིངས་སུ་རོ་གཅིག་པས།། ཀུན་རྫོབ་སྒྱུ་མར་ཁོང་འགྱིང་ཉིད།། དེ་བཞིན་ཉིད་ལས་མི་གཞན་ཏེ།། ཆོས་ཉིད་མི་དམིགས་མེད་པ་ལས། ། དྲེགས་པས་ཁོང་ཁེངས་འགྱིང་བར་སྐྱེས།། སྐྱེས་འགྱིང་ཉིད་ན་དམིགས་མེད་དེ།། སྐྱེ་འགག་མེད་པའི་དབྱིངས་སུ་གཅིག། འགྱིང་བའི་རང་བཞིན་ངང་གིས་དག། འགྱིང་དང་མི་འགྱིང་དབྱེར་མེད་ཕྱིར།། ཆོས་སྐུའི་ཕྱག་རྒྱ་ཆེན་པོ་ཡིན། ། མི་དམིགས་འགག་པ་མེད་པ་ཉིད།། ལོག་རྟོག་སྒྱུ་མ་འགྱིང་བར་སྐྱེས།། འགྱིང་བས་ཡུལ་གཞན་གནོན་པ་ཉིད།། ཆོས་ཀྱི་དབྱིངས་ལས་མི་གཞན་ཏེ།། སྒྱུ་མ་ཆོས་ཉིད་དབྱེར་མེད་ཕྱིར། ། དོན་དམ་ཀུན་རྫོབ་གཉིས་ཀ་གཅིག། ཏིང་ངེ་འཛིན་གྱིས་དབང་སྒྱུར་ན།། ཐུགས་ཀྱི་ཕྱག་རྒྱ་ཆེན་པོ་ཡིན།། མི་དམིགས་སྒྱུ་མར་འགྱིང་བ་ནི།། ང་རྒྱལ་གདུལ་བྱ་བསམ་མི་ཁྱབ།། གསུང་གི་ཕྱག་རྒྱ་ཆེན་པོ་ཡིན། ། ང་རྒྱལ་སྤྱི་ཡི་མཚན་ཉིད་ནི།། རྣམ་པར་བྱང་བའི་མཚན་ཉིད་དེ།། ཞི་སྒྲུབ་ང་རྒྱལ་སྤང་དུ་མེད།། འདོད་ཆགས་རང་གི་མཚན་ཉིད་ནི།། སྲེད་པ་ཀུན་ལ་ཞེན་པ་སྟེ།། སྤྱི་ཡི་མཚན་ཉིད་བཤད་པ་ནི། ། མི་རྟག་སྡུག་བསྔལ་སྟོང་བདག་མེད།། ཆགས་སྤངས་མ་ཆགས་སྒྲུབ་ཏུ་མེད།། ཆོས་ཀྱི་དབྱིངས་སུ་རོ་གཅིག་ཕྱིར།། ཀུན་རྫོབ་སྒྱུ་མའི་རང་བཞིན་དུ།། འདོད་ཅིང་ཆགས་པ་སྒྱུ་མར་སྲིད།། མི་དམིགས་པ་ལ་མི་གཞན་ཕྱིར། ། མི་དམིགས་དེ་ཉིད་སྒྱུ་མར་སྐྱེས།། ཆོས་རྣམས་བདག་ལས་མི་གཞན་ཏེ།། སྤྱོད་པ་སྒྱུ་མར་རོ་གཅིག་ཕྱིར།། ཆོས་ཉིད་ཆོས་ཅན་དམིགས་སུ་མེད།། རྒྱལ་བ་ཀུན་དང་དབྱེར་མེད་ཕྱིར།། ཆོས་སྐུའི་ཕྱག་རྒྱ་ཆེན་པོ་ཡིན། ། མི་དམིགས་སྒྱུ་མར་འདོད་སྲེད་ཅིང།། ཆོས་ཉིད་དེ་ལ་ཆགས་རྟོག་པ།། ཡུལ་དང་འདོད་ཆགས་རང་ཉིད་ཀྱང།། སྐྱེ་མེད་ཆོས་ཉིད་མི་དམིགས་ཏེ།། སྒྱུ་མ་མི་དམིགས་དབྱེར་མེད་ཕྱིར།། བདེན་གཉིས་དབྱེར་མེད་རོ་གཅིག་པས། ། ཏིང་ངེ་འཛིན་གྱི་དབང་སྒྱུར་ན།། ཐུགས་ཀྱི་ཕྱག་རྒྱ་ཆེན་པོ་ཡིན།། མི་དམིགས་དབྱིངས་ཉིད་སྤྲོས་མེད་ལས།། འདོད་ཆགས་སྒྱུ་མར་སྤྲོས་པ་ནི།། གདུལ་བྱའི་བྱ་བ་བསམ་མི་ཁྱབ། ། གསུང་གི་ཕྱག་རྒྱ་ཆེན་པོ་ཡིན།། འདོད་ཆགས་མཚན་ཉིད་རྟོགས་པ་ནི།། རྣམ་པར་བྱང་པ་མ་ཡིན་ཕྱིར།། ཆགས་དང་མ་ཆགས་གཉིས་མེད་པར།། འདོད་ཆགས་མཚན་ཉིད་སྤང་དུ་མེད།། ཕྲག་དོག་ཀུན་གྱི་མཚན་ཉིད་ནི། ། གཞན་གྱི་ཕུན་སུམ་ཚོགས་པ་ལ།། སེམས་དོག་རྟོག་པ་སྒྱུ་མ་གཞན།། ཐབས་ཀྱི་སྦྱོར་བའི་རང་བཞིན་ཅན།། ཕྲག་དོག་སྤྱི་ཡི་མཚན་ཉིད་ནི།། མི་རྟག་སྡུག་བསྔལ་སྟོང་བདག་མེད།། དོག་པ་སྤངས་ཤིང་ཡངས་སྒྲུབ་མེད། ། ཆོས་ཉིད་དུ་ནི་རོ་གཅིག་ཕྱིར།། ཀུན་རྫོབ་སྒྱུ་མའི་མཚན་ཉིད་ནི།། གཞན་གྱི་ཕུན་སུམ་ཚོགས་པ་ལ།། ཕྲག་དོག་པ་ཡི་སྒྱུ་མ་ཉིད།། མི་དམིགས་པ་ལས་མི་གཞན་ཏེ།། མི་དམིགས་པ་ཉིད་སྒྱུ་མར་སྐྱེས། ། ཕུན་སུམ་ཚོགས་པར་སྦྱོར་བ་ཡི།། ཐབས་ཀྱི་སྒྱུ་མའི་ཆོས་ཉིད་དེ།། རྒྱལ་བ་ཀུན་དང་དབྱེར་མེད་པས།། ཆོས་སྐུའི་ཕྱག་རྒྱ་ཆེན་པོ་ཡིན།། གང་ཡང་ཡངས་དོག་མི་དམིགས་ལས།། སྒྱུ་མར་གཞན་གྱི་ཕུན་ཚོགས་ལ། ། ཕྲག་དོག་རྟོག་པར་འཛིན་པ་དང།། རྟོག་པའི་ཕྲག་དོག་མི་དམིགས་ཏེ།། སྒྱུ་མ་མི་དམིགས་དབྱེར་མེད་ཕྱིར།། བདེན་པ་གཉིས་ཀར་རོ་གཅིག་པ།། ཏིང་ངེ་འཛིན་གྱིས་དབང་སྒྱུར་ན།། ཐུགས་ཀྱི་ཕྱག་རྒྱ་ཆེན་པོ་ཡིན། ། མི་དམིགས་གཞན་གྱི་ཕུན་ཚོགས་ལ།། ཕྲག་དོག་རྣམ་རྟོག་སྤྲོས་པ་ནི།། གདུལ་བྱའི་བྱ་བ་བསམ་མི་ཁྱབ།། གསུང་གི་ཕྱག་རྒྱ་ཆེན་པོའོ།། ཕྲག་དོག་མཚན་ཉིད་རྟོགས་པ་ནི།། རྣམ་པར་བྱང་བའི་མཚན་ཉིད་དེ། ། དོག་པ་སྤང་མེད་ཡང་སྒྲུབ་མེད།། སེམས་ཅན་རྣམ་པ་མང་པོ་ཀུན།། ནང་གི་ཆེན་པོ་ལྔ་བསྟན་པ།། རང་སྤྱིའི་མཚན་ཉིད་སྤྱད་པར་བྱ།། ཐབས་དང་ཤེས་རབ་མ་རྟོགས་པས།། མ་གྲོལ་ཁམས་གསུམ་འཁོར་བ་ཡིན། ། དེ་ལྟར་ངེས་པར་ཅི་མངོན་ན།། སྔགས་ཀྱིས་ཡོངས་སུ་ཟིན་པའི་ནད།། ཀུན་ལ་གནོད་པར་བྱེད་མི་ནུས།། ཐབས་དང་ཤེས་རབ་རྟོགས་པ་ཡི།། དུག་གསུམ་སྡུག་བསྔལ་གནོད་མི་འགྱུར། ། ཐབས་ལ་མཁས་པས་མ་ཟིན་ན།། ལམ་གྱི་དགེ་སྤྱད་སྟེགས་བཅས་ཀྱང།། མཐོ་རིགས་ལྷ་དང་མི་རུ་སྐྱེ།། སྐྱེ་ཤི་མེད་པའི་ས་མི་ཐོབ།། ཐབས་མཁས་སྙིང་རྗེས་ཟིན་པ་ནི།། མཚམས་མེད་སེམས་ཅན་མ་ལུས་ཀུན། ། བྱང་ཆུབ་སྙིང་རྗེ་བསད་ན་ཡང།། བསོད་ནམས་དཔག་ཏུ་མེད་པ་འཐོབ།། མ་བསད་བསད་པའི་སེམས་མེད་ན།། ཕྱོགས་ཅན་སེམས་ཅན་ཡལ་པོར་ཏེ།། སྙིང་རྗེ་མེད་དེ་སྡིག་ཡོད་འགྱུར།། འདོད་ཆགས་ཞེ་སྡང་གཏི་མུག་དང། ། ང་རྒྱལ་ཕྲག་དོག་ཆེན་པོ་དག། གང་ཕྱིར་བྱང་ཆུབ་སེམས་དེ་ནི།། རྡོ་རྗེ་དེ་བཞིན་གཤེགས་པར་གསལ།། ཉོན་མོངས་པ་ཉིད་དེ་བཞིན་གཤེགས།། ངོ་བོ་ཡིན་པར་ཡང་དག་གསུང། ། ཆོས་ཀུན་རང་བཞིན་དག་པའི་ཕྱིར།། འཁོར་བ་ཡོངས་སུ་དག་པར་འགྱུར།། ཐབས་དང་ཤེས་རབ་ལྡན་པ་ལ།། ཉོན་མོངས་ཐམས་ཅད་བྱང་ཆུབ་རྒྱུ།། འཁོར་བའི་རང་བཞིན་བདག་མེད་པས།། དེ་ཕྱིར་དེ་བཞིན་གཤེགས་བསམ་ཡས། ། ཐབས་དང་ཤེས་རབ་ལྡན་གྱུར་པས།། ཕྱིན་ཅི་ལོག་ཉིད་བྱང་ཆུབ་ལམ།། འཁོར་བའི་རང་བཞིན་མི་དམིགས་ཕྱིར།། མྱ་ངན་འདས་པ་ཡོད་མ་ཡིན།། གསང་སྔགས་བླ་ན་མེད་པ་ནི། ། ཐབས་ཀྱིས་ཇི་ལྟར་ཟིན་བཞིན་འགྲུབ།། བསམ་གྱིས་མི་ཁྱབ་ངེས་པ་མེད།། དོན་དམ་ཅིར་ཡང་མ་གྲུབ་ལ།། སྒྱུ་མའི་སྤྲུལ་པ་བསམ་མི་ཁྱབ།། ཐེག་ཆེན་དག་གིས་ཟིན་པ་ནི།། ཉོན་མོངས་ལམ་ཡང་རྣམ་པར་གྲོལ། ། ཐབས་ཆེན་དག་གིས་མ་ཟིན་ན།། དགེ་བ་སྤྱད་ཀྱང་གྲོལ་མི་འགྱུར།། རྣལ་འབྱོར་དོན་དམ་ལྡན་པ་ཡིས།། ཉོན་མོངས་འཆིང་བའི་ཆོས་སྤྱད་ཀྱང།། རྣམ་པར་གྲོལ་བར་འགྱུར་བ་ཡིན།། འཁོར་བ་དང་ནི་མྱ་ངན་འདས། ། གཉིས་ཀ་ཡོད་པ་མ་ཡིན་པས།། འཁོར་བ་སྟོང་པར་ཤེས་པ་ནི།། དེ་ནི་མྱ་ངན་འདས་པའི་མཐའ།། ཉོན་མོངས་ཕྱིན་ཅི་ལོག་རྣམ་དག། ཐབས་ལ་མཁས་པས་ཟིན་གྱུར་ཀྱང།། གྲོལ་ལ་ཐར་པར་མི་འགྱུར་ན། ། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི།། འདུལ་བའི་དབང་གིས་བྱ་བྱེད་ཀུན།། སྔོན་དང་སྨད་འཚོང་བྱེད་པའང་ལྷུང།། བྱང་ཆུབ་སེམས་དཔའི་སྤྱོད་ཚུལ་བཟང།། ཕལ་ལ་མེད་པས་མི་རུང་ན།། སྔགས་མཆོག་ཤིན་ཏུ་ཟབ་པ་ཡི། ། སྐྱེ་བོ་ཀུན་གྱིས་དཔྱ་བར་འབྱུང།། དེ་ནས་དགེས་པ་ཆེན་པོ་དེས།། བདུད་རྩི་དང་དུ་བླང་བར་གསུངས།། མཉམ་དང་མི་མཉམ་དབྱེར་མེད་ན།། སྐུ་གསུང་རྡོ་རྗེའི་དབང་ཐོབ་འགྱུར། ། གྲུབ་པའི་རྫས་སུ་དེ་ཕྱིར་གསུངས།། མཉམ་པའི་དོན་ཉིད་མ་རྟོགས་ན།། བྱོལ་སོང་ལ་ལ་མཉེན་ཞིང་དུལ།། ཞི་དུལ་ཆོས་དང་ལྡན་གྱུར་ཡང།། དྲང་སྲོང་གཙང་མ་འཕགས་མཐུན་དང།། ཇི་སྲིད་འདོད་པ་སྤོང་བྱེད་པ། ། དེ་དག་གྲོལ་བར་ངས་མ་བཤད།། ཆོས་རྣམས་ཡོངས་ཀྱིས་དག་པ་ཉིད།། རྣམ་བཞིའི་ཚུལ་གྱིས་དོན་རྟོགས་མངོན།། རྒྱུ་རྣམས་རབ་ཏུ་དག་པ་དང།། འབྲས་བུ་ཡོངས་སུ་དག་འགྱུར་ཏེ། ། དོན་དམ་དམིགས་མེད་རང་བཞིན་དག། ཀུན་རྫོབ་སྒྱུ་མར་ཡེ་ནས་དག། རྒྱུ་ཡི་མཚན་ཉིད་དག་པ་ནི།། ཕྱི་རོལ་ཆེན་པོ་ལྔ་རྣམས་ཏེ།། སེམས་ཉིད་གཟུང་འཛིན་ཉིད་སྣང་བ།། གཟུང་བའི་ཡུལ་ཉིད་འབྱུང་བ་ཆེ། ། རྒྱུ་ཉིད་རང་གི་སེམས་ཡིན་པས།། འབྱུང་བ་ཆེན་པོ་རྒྱུ་ནས་དག། འབྲས་བུ་ཡོངས་སུ་དག་པ་ནི།། སེམས་ཅན་ཀུན་གྱི་རུས་པ་སྟེ།། རྡོ་རྗེ་བྱང་ཆུབ་སེམས་ཡིན་ལ།། ཤ་ནི་པདྨའི་རཀྟ་ཡིན།། དྲི་ཆེན་དྲི་ཆུ་གུར་ཀུམ་ཆུ། ། སོ་སོའི་ལུས་ལ་གནས་པ་དག། དོན་དམ་དམིགས་མེད་དག་པ་ནི།། ཕྱི་ནང་ཆོས་རྣམས་ཐམས་ཅད་ཀྱང།། གང་གི་ངོ་བོའང་མ་ཡིན་ཏེ།། སྐྱེ་འགག་མེད་པར་ཡེ་ནས་དག། ཀུན་རྫོབ་ཡེ་ནས་དག་པ་ནི། ། སྒྱུ་མའི་རང་བཞིན་ཐམས་ཅད་སྣང།། ཆུ་ཟླའི་ཚུལ་དུ་མི་དམིགས་གནས།། མི་དམིགས་པ་ཉིད་སྣ་ཚོགས་སྣང།། དེ་བཞིན་གཤེགས་པར་ཡེ་ནས་མཉམ།། དེ་བས་གཙང་སྨེ་མེད་པར་སྤྱོད།། སེམས་ཅན་རྟོག་པ་བཟློག་ཕྱིར་སྨན། ། གཙོ་རུ་དང་དུ་བླང་བར་བྱ།། དེ་བས་སེམས་ཅན་ཕྱིན་ཅི་ལོག། ཆོས་རྣམས་དག་པར་མ་ཤེས་པས།། ཐབས་དང་ཤེས་རབ་མ་རྟོགས་ཏེ། ཁ་ཅིག་ཇི་སྲིད་འཚོ་བར་ཟོས།། བྱོལ་སོང་མ་ལུས་རྩཝ་མཆོག་ཟ། ། ལྷ་དང་དྲང་སྲོང་གཙང་མ་ཟ།། ཟོས་ཀྱང་མ་གྲུབ་དོན་མ་རྟོགས།། རྣལ་འབྱོར་ཐབས་ལྡན་རྣམས་ཀྱིས་ནི།། རང་བཞིན་ཡོང་གིས་དག་པ་ཡིས།། མཉམ་པའི་དབྱིངས་སུ་ཡང་དག་རྟོགས།། ཐབས་དང་ཤེས་རབ་འབྲེལ་བ་ཡིས། ། ཐེ་ཚོམ་མེད་པར་འགྲུབ་པར་འགྱུར།། དངོས་དང་དངོས་མེད་རྟོགས་པའང་མཚན།། གཙང་དང་མི་གཙང་རྟོགས་པའང་མཚན།། མཚན་མ་གཉིས་ཀྱང་རྣམ་སྤངས་ཏེ།། མཁྱེན་པས་དབུས་ལའང་གནས་མི་འགྱུར། ། སྒྲུབ་པའི་རྫས་ཡང་དག་གསུངས།། བྱང་ཆུབ་སེམས་དང་ཤ་ཆེན་དང།། དྲི་ཆེན་དྲི་ཆུ་རཀྟ་དག། བསྒྲུབ་པ་པོས་ནི་རྟག་ཏུ་བཟའ།། དངོས་གྲུབ་ཡ་མཚན་ཆེན་པོ་འགྲུབ།། ཚེ་ལ་དབང་དང་རིག་པ་འཛིན། ། མཁའ་ལ་འཕྱོ་དང་ཐོགས་མེད་འགྲུབ།། མཐར་ནི་སྐྱེ་མེད་རྡོ་རྗེའི་ས།། གཞན་ཡང་ཇི་ལྟར་དམིགས་པ་བཞིན།། འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད།། གསང་བའི་སྙིང་པོའི་དོན་ཉིད་ཀྱིས།། ཡི་དམ་མི་སྤང་བརྟག་བསྒོམ་ཞིང། ། ཡི་དམ་ལྷ་ཡི་མཚན་ཉིད་ནི།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི།། ལྷ་སྤངས་དགེ་སྤྱད་དོན་མེད་འགྱུར།། ལྷ་ནི་མི་སྤང་དོན་ཉིད་ནི།། ལྷུན་གྲུབ་ཡེ་ཤེས་སེམས་དཔའ་ཉིད།། འཁོར་དང་བཅས་པ་ཐམས་ཅད་ཀྱི། ། སྐུ་གསུང་ཐུགས་ཀྱི་བདག་པོ་སྟེ།། ཕྱག་རྒྱ་ཆེན་པོའི་སྐུ་རྫོགས་ན།། དཀོན་མཆོག་གསུམ་པོ་མཆོད་པ་ཡིན།། བདག་ཉིད་ལྷ་དང་མཉམ་སྦྱར་ན།། ཡོན་ཏན་ཆུང་ཡང་འགྲུབ་པར་འགྱུར། ། ཡེ་ནས་མཉམ་གཉིས་སྦྱོར་བས་སུ།། ལྷ་ཉིད་དུ་ནི་རྟག་ཏུ་བསྒོམ།། བདེ་གཤེགས་ཀུན་དང་མཉམ་སྦྱོར་པས།། དཀྱིལ་འཁོར་ཀུན་དང་མཉམ་པར་འབྱུང།། བདེ་གཤེགས་ཀུན་དང་མཉམ་པའི་ཕྱིར། ། སྐུ་གསུམ་ཡེ་ཤེས་ལྔ་རྫོགས་འགྲུབ།། རྡོ་རྗེ་སློབ་དཔོན་སྨད་མི་བྱ།། བྱང་ཆུབ་སྟོན་པའི་འདྲེན་པ་པོ།། ལོང་བའི་དམིགས་བུ་འདྲེན་དང་འདྲ།། ཉོན་མོངས་སྡུག་བསྔལ་མཚོ་སྐེམས་ཡིན།། སློབ་དཔོན་དེ་ལ་སྨོད་པ་ནི། ། དཔེར་ན་མུན་ཁང་སྒྲོན་བསད་ན།། མཐོང་བའི་དོན་མི་རྟོགས་པ་བཞིན།། སྡུག་བསྔལ་ཉམ་ཐག་ཡུན་རིངས་སུ།། བསྐལ་པ་མང་པོར་མྱོང་པར་མངོན།། དེ་བས་གུས་པས་རྟག་ཏུ་གྱིས།། ཡུལ་ལ་དབང་བའི་རྒྱལ་པོ་པས། ། ཤིན་ཏུ་གཙོ་བར་བླང་བར་བྱ།། དྲིན་ཆགས་སྐྱེད་པའི་ཕ་མ་བས།། ཤིན་ཏུ་ལྷག་པའི་རི་མོ་བྱ།། རྡོ་རྗེ་མཆེད་དང་ལྕམ་དྲལ་ནི།། བླ་མེད་བྱང་ཆུབ་འགྲོ་བའི་སྤུན།། ཆོས་ཉིད་དམ་ཚིག་སྨོན་ལམ་མཐུས། ། བྱང་ཆུབ་རིགས་འཛིན་སར་ངེས་པས།། དེ་ལ་ལྡོག་ཅིང་འཁུ་བ་ནི།། རང་ལ་རང་གིས་མཚོན་བཏབ་ནས།། རང་སྲོག་ཚེ་རབས་ལྔ་བརྒྱའི་བར།། རང་གིས་གཅོད་ཅིང་ཕུང་བར་འགྱུར།། ཚེ་འདིར་མི་བདེ་སྣ་ཚོགས་པ། ། མི་འདོད་བཞིན་དུ་འབྱུང་བར་འགྱུར།། འཇིག་རྟེན་ཕ་རོལ་དག་ཏུ་ཡང།། ངན་སོང་གསུམ་དང་མི་ཁོམ་པའི།། སྡུག་བསྔལ་ཁ་རྒྱུད་མྱོང་བར་འགྱུར།། ཡུན་རིངས་རྟག་ཏུ་མི་ཐར་པའི།། ཤིན་ཏུ་ཉམ་ཐག་མྱོང་བར་འགྱུར། ། གྲུབ་པ་གཅིག་བཞིན་ལྷན་ཅིག་སྤྱད།། གཉིས་མེད་སྤྱོད་དང་རྗེས་སྤྱོད་སྤུན།། བདེ་གཤེགས་དཀྱིལ་འཁོར་བླ་མེད་ཡིན།། ཤེས་རབ་གསལ་བས་རྟག་ཏུ་གདུང།། ཡང་དག་ཉིད་ཀྱིས་དེ་སྐད་གསུངས། ། གསང་བའི་གཞན་ལ་མི་བསྒྲག་ཅིང།། སྐུ་གསུང་ཐུགས་ཀྱི་དམ་ཚིག་རྣམས།། རྣལ་འབྱོར་རྣམ་པ་རྣམ་གཉིས་ཀྱིས།། ཐབས་དང་ཤེས་རབ་འབྲེལ་རྟོགས་ན།། མཉམ་པའི་སྤྱོད་པས་ལ་དོར་རོ། ། ཕལ་དང་མི་འདྲ་ཡང་དག་རྟོགས།། མ་རྟོགས་པ་ཡི་ཕྱོགས་རྣམས་དང།། སྐྱེ་བོ་ཀུན་ལ་རྟག་ཏུ་གསང།། གསང་ཕྱིར་བརྡ་དག་སྣ་ཚོགས་གསུངས།། ཐབས་ལ་མཁས་པས་བྱས་པ་ཡི།། གསང་སྔགས་སྐྱོན་ཡོད་མ་ཡིན་ཏེ། ། ཐུགས་རྗེ་ཆེན་པོ་ཐབས་མཁས་པས།། སྣོད་མ་ཡིན་དང་བློ་རྟུལ་རྣམས།། ལས་འཕྲོ་ངན་པའི་དོན་ཕྱིར་གསང།། བརྒྱ་ལ་གང་ཞིག་གསང་དོན་འདི།། ལས་འཕྲོ་ངན་ལ་བསྒྲགས་གྱུར་ན།། དཔེར་ན་གཙུབ་ཤིང་མེ་གཙུབས་ན། ། གཙུབ་ཤིང་ཉིད་ཀྱང་འཚིག་པར་སྣང།། གཞན་ཡང་འཚིག་པར་འགྱུར་བ་བཞིན།། ཆོས་དོན་བཟང་པོ་མེ་དང་འདྲ།། སྐལ་བ་ཆུང་ཞིང་ཤེས་རབ་དམན།། བློ་ངན་རྒྱུ་འབྲས་རྨོངས་པའི་མིས། ། མཉམ་པ་ཉིད་ལ་མི་གནས་པས།། ངན་སོང་གསུམ་དུ་འཕང་བར་འགྱུར།། གསང་ཐོས་མ་རྟོགས་སྡུག་བསྔལ་མྱོང།། གསང་བ་འཕེལ་བར་བྱེད་པ་ཡང།། སྨྲ་བྱེད་ལྕེ་ལ་ཞིང་རྨོ་ཞིང།། སྡུག་བསྔལ་ཆེན་པོ་མྱོང་བར་འགྱུར། ། དེས་ན་སེམས་ཅན་དོན་ཕྱིར་གསང།། རླུང་ཕྱོགས་ཙམ་དུའང་བརྗོད་མི་བྱ།། སྔགས་དང་ཕྱག་རྒྱ་རྒྱུན་མི་གཅད།། སྔགས་ཞེས་རབ་ཏུ་བསྒྲགས་པ་ཡང།། དོན་དམ་ཀུན་རྫོབ་དབྱེར་མེད་པའི། ། མཉམ་པའི་དཀྱིལ་འཁོར་ཆེན་པོ་རུ།། སྐུ་གསུང་ཐུགས་ཀྱི་ཡི་གེ་ཨཱ+ོཾ།། དེ་ལ་སོགས་པ་བཞི་བཅུ་གཉིས།། ཕྱག་རྒྱ་ཆེན་པོའི་མཚན་ཉིད་ནི།། ཕྱོགས་བཅུ་དུས་བཞིར་གཤེགས་པ་ཡི།། སྐུ་གསུང་ཐུགས་དང་ཡེ་ཤེས་ལྔ། ། བདག་དང་དབྱེར་མེད་ཕྱག་རྒྱ་ཆེ།། གསལ་ལ་བརྩོན་པའི་ཡོན་ཏན་ལྡན།། ཡིད་བཞིན་མ་ཆགས་དབང་སྒྱུར་ཏེ།། གོམས་ཤིང་བརྟན་པར་བྱ་བ་ཡིན།། དེ་བས་བར་ཆད་བརྩོན་མེད་ན།། དཔེར་ན་ས་བོན་ཚིག་པ་ལས། ། འབྲས་བུ་འདོད་པ་འདྲ་བ་སྟེ།། བསྒྲུབ་པའི་འབྲས་བུ་མེད་པར་འགྱུར།། མི་ཁོམ་འཁོར་བར་གནས་འགྱུར་ཏེ།། རྣལ་འབྱོར་ཆེན་པོ་ལ་ཞུགས་པས།། ཕྱི་ནང་ཆོས་རྣམས་ཐམས་ཅད་ལ། ། དམིགས་མེད་གཅིག་དང་དུ་མ་བྲལ།། མཐའ་དབུས་གང་ཡང་མ་ཡིན་པའི།། ངོ་བོ་ཉིད་མེད་མཚན་ཉིད་མེད།། མཉམ་པ་ཆེན་པོའི་ཕྱག་རྒྱ་ཡིས།། ཕྱོགས་བཅུ་དུས་བཞི་ཐམས་ཅད་དང།། འཇིག་རྟེན་འདས་དང་འཇིག་རྟེན་པའི། ། ཡོན་ཏན་སྐྱོན་རྣམས་སྐྱེ་འགག་མེད།། གང་གི་ངོ་བོར་མ་གྲུབ་མཉམ།། ཀུན་རྫོབ་ཆོས་ཉིད་དབྱེར་མེད་པའི།། མི་དམིགས་གང་གི་ངོ་བོའང་མིན།། ཆུ་ཟླའི་ཚུལ་དུ་སྣ་ཚོགས་པས།། སྣང་ཞིང་བྱ་བ་བྱེད་ནུས་པས། ། ཕྱག་རྒྱ་ཆེན་པོའི་ཕྱོགས་བཅུ་དང།། དུས་བཞི་ཁམས་གསུམ་ཐམས་ཅད་དང།། འཇིག་རྟེན་པ་དང་འཇིག་རྟེན་འདས།། ཡོན་ཏན་སྐྱོན་རྣམས་ཐམས་ཅད་ཀྱང།། སྒྱུ་མར་མཉམ་པར་ཡེ་ནས་གནས། ། སྔགས་འཆང་གསལ་པོར་རྟོགས་བྱས་ནས།། བདག་ཉིད་ཆོས་ཉིད་སྐྱེ་འགག་མེད།། ངང་ལས་མ་གཡོས་པར་གནས་ན།། ཕྱག་རྒྱ་ཆེན་པོ་ཐམས་ཅད་ཀྱང།། རྫོགས་པར་ཕྱོགས་བཅུ་དུས་གསུམ་གྱིས།། དེ་བཞིན་གཤེགས་པའི་སྐུ་གསུང་ཐུགས། ། ཐམས་ཅད་དབྱེར་མེད་ཡེ་མཉམ་ལ།། མ་འདྲེས་རྒྱ་ཡོངས་མ་ཆད་པའི།། གཞལ་ཡས་ཁང་དང་ཉི་ཟླ་ཡི།། དཀྱིལ་འཁོར་བསམ་ཡས་ལྷུན་གྲུབ་ནི།། སྐུ་གསུང་ཐུགས་ནི་བསམ་མི་ཁྱབ། ། མཉམ་པའི་དབྱིངས་ཆེན་རྫོགས་པར་བསྒོམ།། དེ་ལྟར་དམ་ཚིག་འདི་གསུངས་ཏེ།། དེ་ལ་གནས་ན་འགྲུབ་པར་འགྱུར།། ཡན་ལག་མ་ཉམས་སྔགས་བཟླས་ཤིང།། འདོད་པ་ཀུན་ལ་ལོངས་སྤྱོད་བྱ། ། ལུས་དང་ངག་སེམས་བརྟན་གྱུར་ན།། བྱང་ཆུབ་རབ་འབྱམས་ཐོབ་པར་འགྱུར།། དམ་ཚིག་ཆེན་པོ་ལས་འདས་ན།། ཉེན་ནི་ཤིན་ཏུ་ཆེ་བར་གསུངས།། སངས་རྒྱས་བྱང་ཆུབ་སེམས་དཔའ་དང།། སྔགས་ཀྱི་སྤྱོད་པ་དོན་གྲུབ་པ། ། རྨོངས་པ་གལ་ཏེ་འདས་བྱས་ནས།། དེ་ཡི་སྲོག་ཀྱང་དེར་ཟད་འགྱུར།། དམ་ཚིག་བསྲུང་དང་སྔགས་བཟླས་དང།། ཕྱག་རྒྱ་རྒྱུན་མི་བཅད་པ་བཞི།། བརྩོན་འགྲུས་ཆེ་ཞིང་བརྟན་པས་ཟུང། ། རྣལ་འབྱོར་བརྩོན་འགྲུས་ཆུང་གྱུར་ན།། མི་འགྲུབ་ཉེན་ཡང་ཆེ་བར་གསུངས།། ཇི་ལྟར་རལ་གྲི་རྣོན་པོ་ལ།། ལེགས་པར་བཟུང་བ་མ་བྱས་ན།། ངེས་པར་ལག་པ་ཆོད་པ་ལྟར།། དེ་བཞིན་ནན་ཏན་མེད་པ་ཡི། ། གསང་བའི་སྔགས་ནི་བཟླས་པས་ཀྱང།། ཡན་ལག་སྐུ་ནི་མ་གསལ་ན།། འཆི་བའམ་འབྲས་བུ་མེད་པར་འགྱུར།། རྣལ་འབྱོར་དམ་པ་རྣམས་ཀྱིས་ནི།། དོན་ལྡན་མ་ཉམས་དག་བྱས་ཤིང།། བརྩོན་འགྲུས་ཆེར་བསྐྱེད་མྱུར་བར་འགྲུབ། ། སྔགས་བསྒོམ་མ་ཉམས་ཕྱག་རྒྱར་གསལ།། ཆོ་ག་ཡོ་བྱད་གཙོར་མ་གསུངས།། འཚོགས་ན་ཡང་ནི་ཉེས་པ་མེད།། མ་འཚོགས་ན་ཡང་འགྲུབ་པར་འགྱུར།། བདག་ཉིད་རང་གི་ལྷར་སྦྱོར་བས། ། དངོས་གྲུབ་ཐམས་ཅད་འགྲུབ་པར་འགྱུར།། ཆོ་ག་ལྷག་གམ་མ་ཚང་ཡང།། འགྲུབ་པར་འགྱུར་ཏེ་ཉེས་སྐྱོན་མེད།། ཅེས་གསང་བའི་ཚིག་ཏུའོ།། དམ་ཚིག་སུམ་བརྒྱ་པ་རྩ་བ་བཅོ་ལྔ་པ་མདོར་བཤད་པའི་ལེའུ་སྟེ་ཉི་ཤུ་བརྒྱད་པའོ། །།། དེ་ནས་དེ་བཞིན་གཤེགས་པ་རྒྱུད་ཀྱི་རྒྱལ་པོས། དམ་ཚིག་བཅོ་ལྔ་པའི་མདོ་འདི་ལྟར་ཡང་བཤད་དེ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས།། ཐམས་ཅད་མཉམ་པའི་ངང་ཉིད་དུ། ། དབྱིངས་སུ་རོ་གཅིག་དེ་བསྡུས་ཏེ།། དོན་དུ་མི་འགྱུར་ཡོང་མ་གསུངས།། ཡོན་ཏན་མཆོག་གི་འདོད་པ་ནི།། སྣང་སྲིད་མ་ལུས་ཐམས་ཅད་ཀུན།། མཉམ་པའི་ཞིང་དུ་སྦྱོར་བས་ན།། ཆགས་པ་མེད་པའི་ཚུལ་དུ་སྤྱོད། ། འདི་ནི་རྣམས་དག་ལེགས་པའི་ལམ།། བྱང་ཆུབ་མཆོག་ཏུ་འགྲོ་བའི་གནས།། བདེ་མཆོག་མི་ཟད་རིན་ཆེན་གཏེར།། ཅིས་ཀྱང་མི་ཚུགས་རྡོ་རྗེའི་སྐུ།། ཉོན་མོངས་སྡུག་བསྔལ་འདོད་ཆགས་ནི།། ལུས་དང་ཟས་ཀྱིས་བསྒྲིབས་འགྱུར་ཏེ། ། ཡི་དྭགས་སྡུག་བསྔལ་གནས་སུ་འགྲོ།། སྐོམ་དང་བཀྲེས་པའི་ཉོན་མོངས་འགྱུར།། རྣག་ཁྲག་ངན་སྐྱུགས་རྟག་མཐོང་ཡང།། དེ་ལ་སྤྱོད་པའི་དབང་ཡང་མེད།། རྩུབ་ཤིང་གདུག་བས་བསྲུང་བར་འགྱུར། ། ཐུགས་རྗེ་ཆེན་པོའི་ཞེ་སྡང་གིས།། འཁོར་བའི་ལམ་ལྔ་སྒོ་བཅད་ཅིང།། བདེ་གཤེགས་ལམ་དུ་འཛུད་པར་བྱེད།། ཡང་དག་དོན་དང་ལྡན་པར་འགྱུར།། ཐུགས་རྗེའི་ཚུལ་གྱིས་ཁྲོ་སྟོན་པ། ། ཤིན་ཏུ་མཉམ་པའི་ངང་དུ་འཇོག། རྡོ་རྗེ་སེམས་དཔའ་ཞི་བའི་ས།། ཡང་དག་མཆོག་གི་བདེ་བ་འགྲུབ།། ཡེ་ཤེས་གསལ་བའི་གཏི་མུག་ནི།། བདག་དང་བདག་གིས་དབྱེར་མེད་དེ།། རང་བཞིན་མེད་པའི་དབྱིངས་ལ་རོལ། ། ཐམས་ཅད་བརྗོད་དུ་མེད་པའི་ངང།། ཀུན་ཏུ་ཁྱབ་པའི་སྐུ་མངའ་བ།། ཤིན་ཏུ་འོད་གསལ་རྣམ་དག་ལམ།། བྱང་ཆུབ་སེམས་དཔའི་སྒྲིབ་པ་སྦྱོང།། སེམས་ཅན་ཉོན་མོངས་དུག་སེལ་འགྱུར། ། ཐམས་ཅད་ཞིང་སྦྱོང་ང་རྒྱལ་ནི།། ཡོན་ཏན་སྐྱེད་པའི་མཛོད་ཡིན་ཏེ།། ང་མེད་བདག་མེད་མི་དམིགས་ལ།། སུ་ཞིག་དེ་ལ་ང་རྒྱལ་མེད།། དཔུང་བཞིའི་ཚོགས་ཀྱིས་མི་ཐུབ་པའི།། ཤིན་ཏུ་རྒྱལ་བའི་ཁྱུ་མཆོག་འགྲུབ། ། ལྷ་སྲིན་བདུད་སྡེ་ཚར་གཅད་པའི།། དཔའ་བོར་འགྲོ་བའི་ཏིང་འཛིན་ཐོབ།། ཕྲག་དོག་ཡངས་པའི་དོན་སྦྱོར་བ།། ང་དང་བདག་མེད་དོན་རྟོགས་ན།། དོག་དང་ཡངས་པ་གཉིས་ཀ་མེད། ། བདེ་མཆོག་དཀྱིལ་འཁོར་ཡངས་པ་འགྲུབ།། ཕྲག་དོག་དངོས་པོ་མི་ཤེས་བཞིན།། ང་དང་བདག་ཏུ་འཛིན་གྱུར་ན།། ལྷ་མ་ཡིན་གྱི་གནས་སུ་སྐྱེ།། དེ་ནས་ཡི་དྭགས་དག་ཏུ་འགྲོ།། གལ་ཏེ་ཡུལ་ས་རྙེད་གྱུར་ན། ། ཤིན་ཏུ་མི་བདེ་དོག་པར་འགྱུར།། གཞན་ཡང་ལོངས་སྤྱོད་ཐམས་ཅད་ལ།། དབང་བྱར་མེད་ཅིང་གཞན་དབང་འགྱུར།། མདོར་ན་ཉོན་མོངས་སྡུག་བསྔལ་འགྲུབ།། ཕྲག་དོག་ཡང་དག་རྟོགས་པ་ནི།། ང་དང་བདག་ཏུ་འཛིན་པ་དང། ། ཕྱིན་ཅི་ལོག་ལ་ཕྲག་དོག་སྟེ།། ཐམས་ཅད་གཉིས་སུ་མེད་པར་སྦྱོར།། བདེ་བ་མཆོག་ཀྱང་འགྲུབ་པར་འགྱུར།། གཉིས་མེད་དོན་ཡང་རྟོགས་པར་འགྱུར།། ང་མེད་བདག་མེད་དབྱིངས་སུ་ཐིམ། ། ལྷུན་གྲུབ་དོན་མཆོག་འགྲུབ་པར་འགྱུར།། ཡི་དམ་ལྷ་ནི་རྟག་བསྒོམས་ན།། རྒྱུ་འབྲས་ལྷུན་གྱིས་གྲུབ་པ་ཡི།། བདག་གིས་ཀུན་ལ་དབང་སྒྱུར་ཏེ།། རིགས་འཛིན་གནས་སུ་སྐྱེ་བར་འགྱུར།། རྡོ་རྗེ་སློབ་དཔོན་སྨད་མི་བྱ། ། ཡོན་ཏན་རིན་ཆེན་གཏེར་ཆེན་པོ།། ཐམས་ཅད་མ་ལུས་སྟོན་པ་སྟེ།། ཉོན་མོངས་མ་ལུས་རྩ་གཅོད་པ།། བླ་མེད་འབྲས་བུ་ཐོབ་པར་བྱེད།། ལུས་ལ་དབང་བའི་རྒྱལ་པོ་བས།། ཤིན་ཏུ་ལྷག་པའི་བཀུར་བསྟི་བྱ། ། དྲིན་ཆགས་བསྐྱེད་པའི་ཕ་མ་བས།། ཤིན་ཏུ་གདུང་ཞིང་བརྩེ་བར་བྱ།། སྔགས་དང་ཕྱག་རྒྱ་རྒྱུན་མི་གཅད།། ཕྱག་རྒྱ་ཆེན་པོར་རྟག་ཏུ་བཞག། སྔགས་ནི་རྟག་ཏུ་བརྗོད་པར་བྱ།། ཉིན་ཡང་ལན་གསུམ་མཚན་ལན་གསུམ། ། མཁས་པ་དག་གིས་རྒྱུན་དུ་བྱ།། བར་མ་ཆད་བར་བསྒྲིམས་ཏེ་གནས།། གསང་བའི་མན་ངག་སྤེལ་མི་བྱ།། རྡོ་རྗེའི་ལྕེ་ཡི་ཚུལ་ཡོད་ཀྱང།། ཐེག་པ་དམན་དང་མ་འདྲེས་པ།། སྐྱེ་བོ་ཕལ་ལ་སྨྲ་མི་བྱ། ། རྡོ་རྗེ་མཆེད་དང་ལྕམ་དྲལ་ལ།། མངན་སེམས་སྤྱ་སེམས་སྨད་པ་དག། རྗི་ཕྱོགས་ཙམ་དུའང་སྨྲ་མི་བྱ།། ཤིན་ཏུ་གདུང་ཞིང་བརྩེ་བར་བྱ།། བདུད་རྩི་སྨན་རྣམས་རྟག་ཏུ་སྤྱད།། བླ་མེད་འགྲོ་བའི་གསོས་ཡིན་པས། ། གཙང་སྨེ་མེད་པར་བཟའ་བར་བྱ།། ཡིད་བཞིན་བདུད་རྩི་དབང་བྱེད་འགྱུར།། འདོད་ཆགས་ཞེ་སྡང་གཏི་མུག་དང།། ང་རྒྱལ་ཕྲག་དོག་ཆེན་པོ་ནི།། སངས་རྒྱས་ལྔ་པོ་དེ་ཡིན་པས།། མི་སྤང་རྟག་ཏུ་བསྒྲུབ་པར་བྱ། ། དམ་ཚིག་དམ་ཚིག་ཅེས་བྱ་བ།། གུད་ན་ཡོད་པ་མ་ཡིན་ཏེ།། རང་གི་ལྟ་བ་དམ་ཚིག་ཡིན།། མི་གཏོང་ཕྱིར་ཡང་དམ་ཞེས་བྱ།། གཟུངས་སུ་གྱུར་པས་དམ་ཞེས་བྱ།། རྡོ་རྗེ་དམ་པ་སློབ་དཔོན་དེས།། རྡོ་རྗེ་མ་ནོར་ལམ་སྟོན་པས། ། དེ་ལ་ཡང་ནི་ཚིག་ཅེས་བྱ།། ཡང་ན་དེ་བཞིན་བཀའ་བཅག་པས།། མི་ཁོམ་གནས་སུ་འཚིག་པར་འགྱུར།། དམ་ཚིག་ཅེས་ནི་དེ་ལ་བརྗོད།། རྡོ་རྗེ་རིགས་ཀྱིས་བསྒྲུབ་བྱ་བ།། སྦྱོར་དང་སྒྲོལ་བས་མཐར་ཕྱིན་འགྱུར། ། སྦྱོར་བ་ཉིད་ན་སྒྲོལ་བ་ཡིན།། སྒྲོལ་བ་ཉིད་ན་སྦྱོར་བ་ཡིན།། རང་བཞིན་གྱིས་ནི་སྦྱོར་གྲོལ་དང།། ཏིང་ངེ་འཛིན་གྱི་སྦྱོར་སྒྲོལ་དང།། དབང་པོ་ཡུལ་དུ་སྦྱོར་སྒྲོལ་དང།། ཐབས་ཆེན་དག་གི་སྦྱོར་སྒྲོལ་དང། ། མངོན་དུ་ཕྱུང་བའི་སྦྱོར་སྒྲོལ་ལོ།། ཡང་ན་སྦྱོར་སྒྲོལ་བདག་ལ་རྫོགས།། ཤེས་རབ་དབྱིངས་དང་བདག་ཏུ་སྦྱོར།། ཐབས་ཆེན་སྤྲུལ་པ་བསམ་མི་ཁྱབ།། དབྱིངས་དང་དབྱིངས་སུ་ཐམས་ཅད་སྒྲོལ། ། རོལ་པའི་འཕྲིན་ལས་བསམ་མི་ཁྱབ།། ཐུགས་རྗེའི་སྤྲུལ་པ་ཅིར་ཡང་སྟོན།། སྦྱོར་སྒྲོལ་འཕྲིན་ལས་བདག་ལ་རྫོགས།། བྱང་ཆུབ་སེམས་སྤྲུལ་ཕྱོགས་བཅུར་འཕྲོ།། ངན་སོང་གནས་རྣམས་སྟོངས་པར་བྱེད། ། རིགས་འཛིན་བདེ་ལྡན་ཐོབ་པར་བྱེད།། བླ་མེད་ཞིང་རྣམས་དག་པར་བྱེད།། སྐུ་གསུང་ལྷུན་གྲུབ་ཕྱོགས་བཅུར་འདུལ།། རྡོ་རྗེ་ཞེས་ནི་མཚན་བསྒྲགས་ཏེ།། ཐེག་དམན་རྣམས་ཀྱང་རྡོ་རྗེར་དགོད།། ཟད་མི་ཤེས་ཀྱི་གཏེར་དུའང་འགྱུར། ། རྡོ་རྗེ་རིགས་པ་འཛིན་གྱི་སྐུ།། ཐམས་ཅད་དབྱེར་མེད་མཉམ་པའི་སྐུ།། ཐམས་ཅད་མཁྱེན་པའི་ཡེ་ཤེས་མཆོག། ཐུགས་རྗེའི་སྤྲུལ་པ་དཔག་མེད་ཀྱི།། འགྲོ་དྲུག་དུས་གནས་མ་ལུས་མཁྱེན། ། འགྲོ་བ་ཉིད་ནི་ཉིད་ཀྱི་སྐུ།། ཉོན་མོངས་བྱང་ཆུབ་ལམ་དུ་མཁྱེན།། འཁོར་བ་ཉིད་ན་བདེ་གནས་སོ།། ཆོས་ཀྱི་དབྱིངས་དང་སེམས་ཅན་མཐའ།། དབྱེར་མེད་ཡང་དག་ཉིད་དུའོ།། སྤོང་བ་རྡོ་རྗེ་ཞེས་བྱ་བའི་དམ་ཚིག་ནི། ཞེ་སྡང་རྡོ་རྗེ་ཐུགས་རྗེའི་ངང།། དམྱལ་བའི་གནས་རྣམས་ཚར་གཅོད་པ།། བརྒྱད་བརྒྱད་བཅུ་དྲུག་ཞིང་དུ་སྦྱོར།། ཚ་བ་རྣམས་ལ་བསིལ་བའི་སྨན།། གྲང་བ་རྣམས་ལ་དྲོ་བའི་སྨན།། བསིལ་དྲོ་འཇམ་རྩུབ་ཆ་སྙོམས་ལ། ། ཐུགས་རྗེའི་བྱིན་བརླབས་དེ་ལྟར་སྟོན།། བྱིན་བརླབས་ཡ་མཚན་རྨད་པོ་ཆེ།། ཆགས་པའི་ཡེ་ཤེས་བྱ་བའི་དམ་ཚིག་ནི།། ཆགས་པ་མེད་པའི་ཚུལ་གྱིས་ནི།། འདོད་པ་ཀུན་ལ་ལོངས་སྤྱོད་བྱ།། ཇི་ལྟར་བདེ་བའི་རོ་མྱོང་བཞིན། ། མྱོང་ཚོར་ཉིད་ན་རང་བཞིན་མེད།། ཆགས་པ་མེད་པའི་ཡེ་ཤེས་ཀྱིས།། ཡི་དགས་གནས་རྣམས་ཚར་གཅོད་ཅིང།། ལུས་དང་གནས་ཀྱིས་བསྒྲིབས་པ་ཡི།། ཉོན་མོངས་གཉིས་ཀ་མེད་པར་བྱེད། ། གཏི་མུག་ཅེས་པའི་དམ་ཚིག་ནི།། ང་དང་བདག་མེད་དབྱེར་མེད་པའི།། ཤེས་རབ་ཆེན་པོའི་འོད་གསལ་གྱིས།། དྲན་སྨྲ་མེད་པའི་སྡུག་བསྔལ་གསོལ།། རྨོངས་མེད་སྒྲིབ་པ་དག་པར་བྱས།། ཡེ་ཤེས་གསལ་བའི་ཐུགས་རྗེ་ཡིས། ། བྱ་བྱེད་མེད་པར་ཉོན་མོངས་སྒྲོལ།། བྱོལ་སོང་གནས་ནི་སྟོངས་བྱེད་ཅིང།། ཐུགས་རྗེའི་སྒྲོན་མ་དེ་ལྟར་སྟོན།། ཕྲག་དོག་ཆེན་པོ་ཞེས་བྱ་བའི་དམ་ཚིག་ནི། ཡེངས་པ་ཆེན་པོའི་ཡེ་ཤེས་མེད་དེ་ཡང་དག་ཉིད། ། རང་བྱུང་ཆེན་པོའི་ཡེ་ཤེས་ཀྱིས།། ཐམས་ཅད་སངས་རྒྱས་ཞིང་དུ་སྦྱོར།། མ་བཅོས་མ་བྱས་ངང་གིས་གསལ།། ཡེ་ནས་འོད་གསལ་སངས་རྒྱས་ཞིང།། ཉིད་ཀྱི་དཀྱིལ་འཁོར་ཞེས་བྱ་བའི་དམ་ཚིག་ནི། རང་རིག་ཉིད་ལ་གནས་པ་ཡིས།། སུས་ཀྱང་མ་བྱས་རང་རིག་སྟེ།། ཐམས་ཅད་དེ་བཞིན་ཉིད་དུ་སྦྱར།། གཉིས་མེད་དབྱིངས་ཀྱི་ངང་དུ་ཐིམ།། རང་བྱུང་ཡེ་ཤེས་དཀྱིལ་འཁོར་གྱིས།། མ་ལུས་དེ་བཞིན་ཉིད་དུ་སྡུད། ། སྡུད་དང་མི་སྡུད་གཉིས་ཀ་ནི།། ཡང་དག་ཁོ་ན་ཉིད་དུའོ།། བདེ་བའི་ངང་ཉིད་ཅེས་བྱ་བའི་དམ་ཚིག་ནི། ཐམས་ཅད་མ་ལུས་རྣམ་པར་དག། ཉིད་ཀྱི་དབྱིངས་ལས་མི་གཞན་ཕྱིར།། བདེ་དང་མི་བདེ་གང་ཡང་མེད། ། ཐམས་ཅད་དབྱིངས་སུ་རོ་གཅིག་སྟེ།། ཇི་བཞིན་ཉིད་ཀྱི་ངང་བཙན་པ།། ཡང་དག་ཉིད་ཀྱིས་དེ་སྐད་བཤད།། བཤད་དང་ཉན་དང་གཉིས་ཀ་མིན།། དེ་བཞིན་ཉིད་དུ་ཡང་དག་འདུ། ། དུས་བཞི་རྒྱལ་མཆོག་ཅེས་བྱ་བའི་དམ་ཚིག་ནི། གོང་ན་མེད་པའི་ཡེ་ཤེས་མཆོག། ཐས་ཅད་ཀུན་ལ་དབང་སྒྱུར་ཏེ།། ཐམས་ཅད་མཉམ་པ་ཉིད་དུ་སྦྱོར།། འདས་དང་མ་འདས་ཐམས་ཅད་དང།། འབྱུང་དང་འབྱུང་བར་མ་ངེས་པའི། ། ཡེ་ཤེས་རྟོགས་པའི་ཁྱད་པར་གྱིས།། དུས་བཞི་སྔ་ཕྱི་མེད་པ་ཡི།། མཉམ་པ་ཉིད་དུ་ལྷན་ནེར་སྦྱོར།། ལྷུན་གྲུབ་ཡེ་ཤེས་ཞེས་བྱ་བའི་དམ་ཚིག་ནི། འཇིག་རྟེན་འདས་དང་འཇིག་རྟེན་པའི། ། ཐམས་ཅད་དབྱེར་མེད་བྱང་ཆུབ་སྟེ།། ཡེ་ནས་རྣམ་པར་དག་པའི་ཆོས།། མ་བཅོས་ལྷུན་གྱིས་གྲུབ་པ་ཡི།། བྱང་ཆུབ་ལམ་ཆེན་འདི་ཡིན་ཏེ།། ཐམས་ཅད་དབྱེར་མེད་ཉིད་དུ་འདུས།། བྱང་ཆུབ་དོན་སྒྲུབ་ཡེ་ནས་རྫོགས། ། མཉམ་པའི་ཞིང་དུ་ཐམས་ཅད་ཐིམ།། རྡོ་རྗེ་སྐྱེ་གནས་ཞེས་བྱ་བའི་དམ་ཚིག་ནི།། ཐེག་པ་ཆེ་མཆོག་རིགས་སུ་ངེས།། རིགས་དེ་བྱང་ཆུབ་བརྟན་པས་གཟུང།། ཐམས་ཅད་མཉམ་པའི་དབྱིངས་ཤེས་ན། ། རིགས་མཆོག་ཀུན་གྱི་སྐྱེ་གནས་ཡིན།། སྐྱེས་པ་ཉིད་ན་སྐྱེ་བ་མེད།། ལས་དང་ལས་ཀྱི་བག་ཆགས་མེད།། ཅེས་ཀྱང་མ་གོས་ཐམས་ཅད་འཇོམས།། སྐྱེ་ཤི་མེད་པའི་ས་ཡང་ཡིན།། བྱང་ཆུབ་ཀྱི་ཞིང་བཀོད་པ་ཞེས་བྱ་བའི་དམ་ཚིག་ནི། ཕྱོགས་བཅུ་མཐའ་ཡས་མུ་མེད་པའི།། སྣང་གྲགས་བསམ་གྱིས་མི་ཁྱབ་པ།། ཕྱི་དང་ནང་གི་གནས་པ་དག། དེ་བཞིན་དབྱིངས་ཀྱི་ངང་དུ་ཐིམ།། མདོར་ན་ཞིང་ཁམས་མ་ལུས་པ།། ཡོན་ཏན་རིན་ཆེན་བཀོད་པ་ཡི། ། ཡེ་ཤེས་རྒྱན་གྱིས་བཀྲས་པའི་རྣམས།། ཞིང་དེ་ཡོན་ཏན་བསམ་མི་ཁྱབ།། ཡེ་ཤེས་བཞུགས་གནས་ཞེས་བྱ་བའི་དམ་ཚིག་ནི། གཟུང་འཛིན་བྲལ་བའི་ཡེ་ཤེས་ནི།། དེ་བཞིན་གཤེགས་པ་ཀུན་གྱི་གནས། ། གསང་སྔགས་ཆེན་པོ་སྒྲུབ་འདོད་པས།། གཟུང་འཛིན་བྲལ་བའི་དོན་ཉིད་རྟོགས།། ཆོས་ཀྱི་དབྱིངས་དང་སེམས་ཅན་ནི།། གཉིས་མེད་དེ་བཞིན་ཉིད་དུ་གཅིག། དེ་ལྟར་རྟོགས་པའི་སྐྱེས་བུ་ནི།། རྡོ་རྗེའི་གཞུག་གནས་ཡིན་པར་བཤད། ། མ་འཇིགས་རྒྱལ་བ་མཆོག་ཅེས་བྱ་བའི་དམ་ཚིག་ནི། རྣམ་པར་བྱང་དང་ཉོན་མོངས་གཉིས།། སོ་སོ་ཡོད་པ་མ་ཡིན་ཏེ།། ཉོན་མོངས་གཉེན་པོས་བཅོས་སུ་མེད། ། ཐམས་ཅད་དབྱིངས་སུ་རོ་གཅིག་པས།། དེ་ལ་འཇིགས་པའི་གཉེན་པོ་མེད།། ཅིས་ཀྱང་མི་ཚུགས་གོང་ན་མེད།། མཆོག་ཏུ་བདེ་བའི་ཞིང་ཡང་ཡིན།། ང་མེད་བདག་མེད་རྒྱལ་བའི་མཆོག། གཞལ་ཡས་ཁང་བརྟན་ཞེས་བྱ་བའི་དམ་ཚིག་ནི། ཕྱོགས་བཅུ་དུས་བཞི་ཐམས་ཅད་ཀུན།། རྒྱལ་བའི་ཞིང་དུ་སྦྱོར་བས་སུ།། དོག་ཡངས་ཚད་ཀྱང་དཔག་ཏུ་མེད།། སངས་རྒྱས་སྤྱི་གཙུག་ལྟ་བུའི་མཚན།། ཡེ་ཤེས་རྒྱུ་ལས་གྲུབ་པའོ། ། ཇི་ལྟར་དམིགས་པ་བཞིན་དུ་འགྲུབ།། ཟག་པ་ཟད་པས་གྲུབ་པ་ཡི།། ནམས་ཀྱང་འཇིག་རྟེན་ཆོས་ཀྱི་དབྱིངས།། སྣ་ཚོགས་ཀུན་བསྒྱུར་ཞེས་བྱ་བའི་དམ་ཚིག་ནི། གདོས་པ་ཅན་གྱི་ཆོས་མིན་པས།། ཇི་ལྟར་བསམས་པ་བཞིན་དུ་འགྲུབ། ། རིག་པ་རང་དབང་གྱུར་ནས་ནི།། སྟོངས་པར་བྱའམ་མི་སྟོང་བྱ།། ཐམས་ཅད་དབྱེར་མེད་ང་ཡིན་པས། ཁ་དོག་དབྱིབས་ཀྱང་རིན་པོ་ཆེ།། ཐམས་ཅད་ཁྱབ་དང་ཡུངས་འབྲུའི་ཚུལ། ། བསམ་ཡས་མཐའ་དབུས་མེད་པའོ།། འདྲེན་བྱེད་གནས་སྟོབས་ཞེས་བྱ་བའི་དམ་ཚིག་ནི། མ་རིག་ལོག་རྟོག་བསམ་ཡས་ཀྱིས།། འཇིག་རྟེན་ཁམས་རྣམས་རྒྱུད་ཅིང་འཁོར།། འཁོར་བའི་རྒྱུ་དང་འབྲས་བུ་གཉིས། ། གཞི་རྩ་མེད་དེ་སྐད་ཅིག་མ།། ཡང་དག་བྱང་ཆུབ་སེམས་རིག་ན།། མ་རིག་རྒྱུ་འབྲས་རྣམ་པར་དག། ཉོན་མོངས་པ་ཉིད་བྱང་ཆུབ་སྟེ།། ཐམས་ཅད་མ་ལུས་བདེ་གནས་པའོ།། ལམ་ལ་སྟོན་བྱེད་ཅེས་བྱ་བའི་དམ་ཚིག་ནི། ཏིང་འཛིན་རྣམ་གསུམ་བསྒོམ་བྱ་སྟེ།། ཉོན་མོངས་ལམ་ལྔ་སྒོམ་བཀག་ནས།། ལམ་ལྔར་སྣང་བ་རྣམ་རྟོག་ཡིན།། རྟོག་དང་མི་རྟོག་གཉིས་ཀ་མིན།། གཉིས་མེད་དེ་ཉིད་ཡང་དག་ལམ།། ཐབས་དང་ཤེས་རབ་ངང་ཉིད་དུ། ། ཤིན་ཏུ་མཉམ་གཞག་རྟོགས་བྱ་ཞིང།། བླ་མེད་ལམ་ལ་སྟོན་པར་བྱེད།། ཡང་དག་དོན་སྟོན་ཞེས་བྱ་བའི་དམ་ཚིག་ནི། ཐེག་པ་བསམ་ཡས་གསུངས་པ་ཡང།། དེ་བཞིན་ཉིད་ཀྱིས་མ་བརྗོད་ཀྱང། ། སེམས་ཅན་བློ་ཡི་རིམ་པ་བཞིན།། སོ་སོར་འཚམ་པར་ཀུན་ལ་བསྟན།། འདི་ནི་རྡོ་རྗེ་ཐེག་མཆོག་སྟེ།། རྒྱ་མཚོའི་གླིང་དུ་ཆུ་འབབ་བཞིན།། ཐམས་ཅད་ཆུ་ཡི་ངོ་བོ་ཉིད།། ཐེག་པ་ཐམས་ཅད་རྡོ་རྗེའི་ས། ། རབ་ཏུ་རྟོགས་བྱེད་ཅེས་བྱ་བའི་དམ་ཚིག་ནི། ཤེས་རབ་བློ་ཆེན་རབ་ལྡན་པས།། དོན་དུ་མི་འགྱུར་ཡང་མ་གསུངས།། སྲིད་གསུམ་འགྲོ་བ་བསམ་ཡས་སུ།། ཐུགས་རྗེ་སྟོན་པ་བསམ་མི་ཁྱབ།། དོན་དང་མཐུན་པ་འབའ་ཞིག་སྟོན། ། མི་མཐུན་ཞགས་པས་འཁོར་བ་གཅོད།། བདེ་གཤེགས་ཞིང་རྣམ་དག་པར་བྱེད།། ཐམས་ཅད་དབྱིངས་སུ་རྟོགས་པར་འདུས།། སྒྱུར་བྱེད་བྱང་ཆུབ་ཅེས་བྱ་བའི་དམ་ཚིག་ནི། རང་རིག་ཡེ་ཤེས་དབང་ཐོབ་པས། ། དཀར་པོ་ཚོན་གྱི་མདོག་བསྟན་བཞིན།། དུག་ཀྱང་སྨན་དུ་འགྱུར་བ་དང།། དེ་བཞིན་དུག་གསུམ་བྱང་ཆུབ་སྟེ།། འགྲོ་ལྔ་བྱང་ཆུབ་ལམ་དུ་སྦྱོར།། ཉོན་མོངས་སྡུག་བསྔལ་ཐར་པར་བྱེད། ། ཐར་དང་མ་ཐར་གཉིས་ཀ་མེད།། ཐམས་ཅད་མ་ལུས་བྱང་ཆུབ་རྒྱུ།། མཉམ་རྫོགས་ལྷུན་གྲུབ་ཅེས་བྱ་བའི་དམ་ཚིག་ནི།། ཡེ་ཤེས་སྒྱུ་མར་སྣང་བ་དང།། ལོག་རྟོག་སྒྱུ་མར་སྣང་བ་གཉིས།། སྒྱུ་མ་ཡིན་ཕྱིར་རང་བཞིན་མཉམ། ། མཉམ་པ་ཉིད་ལ་མི་གནས་པའི།། བསོད་ནམས་ཡེ་ཤེས་ཚོགས་རྫོགས་ཏེ།། ཡེ་ཤེས་གཉིས་ཀྱི་དཀྱིལ་འཁོར་ལོ།། ཐེག་མཆོག་རྡོ་རྗེ་མ་ལུས་རྫོགས།། དཔེ་བྱད་མཚན་བཟང་དཔག་ཏུ་མེད། ། ཐམས་ཅད་དབང་སྒྱུར་ཞེས་བྱ་བའི་དམ་ཚིག་ནི།། ཤིན་ཏུ་རྟོགས་པའི་ཁྱད་པར་གྱིས།། སྤྱོད་ཡུལ་ཐམས་ཅད་སྨོན་ན་མཁྱེན།། དེ་བཞིན་ཉིད་དུ་ཀུན་རྟོག་ལ།། གཉིས་སུ་མེད་པར་དབང་སྒྱུར་ཏེ།། མ་ལུས་ཐམས་ཅད་བདེ་ལྡན་ཞིང། ། ཐམས་ཅད་བྱང་ཆུབ་མཆོག་ཏུ་འགྱུར།། ཡེ་ནས་དངོས་པོ་མེད་པ་ལ།། ཇི་ལྟར་དམིགས་པ་བཞིན་དུ་འགྲུབ།། རིགས་འཛིན་གནས་སྟོབས་ཞེས་བྱ་བའི་དམ་ཚིག་ནི། ཤེས་རབ་རྣམ་གསུམ་གོམས་བྱས་ན། ། ཏིང་འཛིན་མཉམ་པའི་དོན་རྟོགས་ཏེ།། རྟག་ཏུ་ཡངས་པ་ཆེན་པོ་སྒོམ།། རྒྱུ་འབྲས་དུས་གཅིག་རྫོགས་པ་ཡི།། རང་རིག་ཉིད་ལ་དབང་ཐོབ་སྟེ།། ཚེ་ནི་བཅུ་དང་དྲུག་པ་ཡིས།། བརྒྱ་བརྒྱད་དག་ཏུ་བསྣུར་ཞིང་གནས། ། ལུས་མ་བོར་བར་སངས་རྒྱས་ས།། ཟད་མེད་གཏེར་ལྡན་ཞེས་བྱ་བའི་དམ་ཚིག་ནི། ཤེས་རབ་ཆེན་པོ་རྣམ་དག་པས།། སྤྱོད་ཡུལ་ཐམས་ཅད་དག་པར་འགྱུར།། ཤེས་དང་སྤྱོད་ཡུལ་གཉིས་སུ་མེད། ། དེ་བཞིན་ཉིད་དུ་རོ་གཅིག་སྟེ།། ཐམས་ཅད་རྒྱལ་བའི་ཞིང་སྦྱོར་བས།། ཟད་མེད་རིན་ཆེན་གཏོར་དུ་འགྱུར།། མི་ཟད་པར་ལྡན་རྒྱན་གྱི་མཆོག། འོག་མིན་མཐའ་དབུས་བསམ་མི་ཁྱབ།། སྒྲུབ་མེད་མཉམ་རྫོགས་ཞེས་བྱ་བའི་དམ་ཚིག་ནི། ཐམས་ཅད་མཉམ་པའི་དཀྱིལ་འཁོར་ལ།། རང་བྱུང་ཡེ་ཤེས་འཕྱོ་བ་ཡིན།། དབྱིངས་དང་རིག་པ་གཉིས་མིན་པ།། དེ་བཞིན་ཉིད་དུ་རྡོ་རྗེས་རིག། ཐམས་ཅད་གཉིས་སུ་མེད་པ་ལ། ། སྒྲུབ་དང་གྲུབ་པར་ཡོད་མ་ཡིན།། ཡེ་ནས་ལྷུན་གྱིས་གྲུབ་པ་ལ།། དེ་ལ་ལམ་གྱིས་བཅོས་སུ་མེད།། ཐམས་ཅད་བྱིན་གྱིས་རློབ་པ་ཞེས་བྱ་བའི་དམ་ཚིག་ནི། ཆོས་རྣམས་ཡེ་ནས་དག་གྱུར་ཀྱང།། ཕྱིན་ཅི་ལོག་གི་བློ་ལོག་ནས། ། ལོག་རྟོག་གནས་དང་ལོངས་སྤྱོད་དང།། མ་རིག་འཁྲུལ་འཁོར་བསམ་མི་ཁྱབ།། འཁྲུལ་རྟོག་བློ་ངན་བཟློག་པའི་ཕྱིར།། ཐུགས་རྗེ་ཆེན་པོ་ཐབས་མཁས་པས།། ཉོན་མོངས་འདྲེན་ཅིང་མཐོ་རིས་གནས། ། བྱང་ཆུབ་ལམ་ཆེན་རྟོགས་པར་སྟོན།། གསུང་མཆོག་མཐའ་ཡས་ཞེས་བྱ་བའི་དམ་ཚིག་ནི། ཆོས་རྣམས་མ་ལུས་ཐམས་ཅད་ཀུན།། མི་དང་ཚིག་ཏུ་བརྟགས་ནས་སྟོན།། ཇི་སྙེད་མང་པོའི་དོན་བརྗོད་ཀྱང། ། རྡོ་རྗེའི་གསུང་ལ་སྤྲོས་པ་མེད།། སྤྲོས་མེད་དེ་ཉིད་སྣ་ཚོགས་པའི།། ཀུན་ཏུ་བརྡ་འཇལ་ཡེ་ཤེས་གསུང།། སྒྲ་དང་མིང་ཚིག་ཀུན་ལས་འདས།། ཐམས་ཅད་པདྨ་ཆགས་པ་མེད་པའོ།། བསྒྱུར་བ་ཟད་མེད་ཅེས་བྱ་བའི་དམ་ཚིག་ནི། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས།། སྣང་སྲིད་མ་ལུས་ཐམས་ཅད་ཀུན།། དེ་བཞིན་ཉིད་དུ་དབང་སྒྱུར་ཏེ།། ཐམས་ཅད་མཁྱེན་པའི་དབྱིངས་སུ་བསྟིམ།། ཟད་མེད་ཡེ་ཤེས་གཏེར་ལྡན་པ། ། ཐུགས་རྗེའི་བྱིན་བརླབས་བསམ་མི་ཁྱབ།། འཇིག་རྟེན་འདས་དང་འཇིག་རྟེན་པའི།། སོ་སོར་དོན་རྟོགས་རྣམ་པར་དག། ཐམས་ཅད་སྐད་འཇལ་ཞེས་བྱ་བའི་དམ་ཚིག་ནི། ཐར་པའི་དཀྱིལ་འཁོར་འབུམ་ཕྲག་དག། འགྲོ་དྲུག་དུ་གནས་མ་ལུས་ལ།། གསུང་གཅིག་ཚིག་ཏུ་མ་བརྗོད་ཀྱང།། སྔོན་གྱི་ཐུགས་རྗེའི་བྱིན་བརླབས་ཀྱིས།། ཐར་དང་མ་ཐར་གཉིས་ཀ་ལ།། སོ་སོ་ཇི་ལྟར་འདོད་པ་བཞིན།། ཆོས་ཉིད་གསུང་མཆོག་དམ་པ་ཡིས། ། ཐར་པ་བསྐུལ་ཞིང་ངན་སོང་སྦྱོང།། རང་རིག་དབང་སྒྱུར་ཞེས་བྱ་བའི་དམ་ཚིག་ནི། ཕྱོགས་དུས་བསམ་གྱིས་མི་ཁྱབ་པ།། དེ་ནི་ཇི་སྙེད་ཡོད་པ་ཡི།། མཚན་མ་སྣ་ཚོགས་བརྟགས་པ་ཡང། ། རང་རིག་རྣམ་པར་རྟོག་པ་ཉིད།། སངས་རྒྱས་ཞིང་ཁམས་རབ་འབྱམས་ན།། དེ་བཞིན་གཤེགས་པའི་དཀྱིལ་འཁོར་དང།། སྤྲུལ་པ་བསམ་ཡས་འབྱུང་བ་ཡང།། ཡེ་ཤེས་རྣམ་པར་དག་པའི་ཡུལ།། ཡི་གེ་མེད་འཇལ་ཞེས་བྱ་བའི་དམ་ཚིག་ནི། ཡི་གེའི་ཚོགས་དང་སྒྲ་སྤངས་པའི།། བརྗོད་མེད་ངང་དུ་གནས་པ་ནི།། གསུང་ཉིད་རང་བཞིན་མེད་པ་ཡི།། ཆོས་རྣམས་ཐམས་ཅད་ཡེ་ནས་དག། ཐམས་ཅད་ཐུགས་སུ་གྱུར་པ་ནས། ། སྒྲ་དང་ཚིག་ལ་གནས་པ་མིན།། ཐུགས་ནི་ཐུགས་ལ་མི་གནས་པའོ།། བདུད་སྡེ་ཚར་གཅོད་ཅེས་བྱ་བའི་དམ་ཚིག་ནི། ཉོན་མོངས་པ་ཉིད་རྣམ་པར་དག། ཕུང་པོ་ལྔ་ཉིད་མངོན་སངས་རྒྱས།། བདག་ཉིད་ལྷ་ཡི་དཀྱིལ་འཁོར་ཏེ། ། སྐྱེ་ཤི་མེད་པའི་གཡུང་དྲུང་གནས།། བདུད་བཞི་བཅོམ་པའི་སྐྱེས་མཆོག་གིས།། དྲེགས་པ་ཆེན་པོ་ཐམས་ཅད་བཅོམ།། མ་རིག་ལོག་འདྲེན་འདུལ་མཛད་དེ།། ཆོས་ཀྱི་དབྱིངས་སུ་ཐམས་ཅད་ཐིམ། ། སྟོང་གསུམ་ཀུན་གྲགས་ཞེས་བྱེ་བའི་དམ་ཚིག་ནི། ཐུགས་རྗེ་ཆེན་པོའི་བྱིན་བརླབས་ཀྱིས།། ཕྱོགས་བཅུའི་འཇིག་རྟེན་རྡུལ་སྙེད་དུ།། འགྲོ་བའི་འཕྲིན་ལས་བསམ་མི་ཁྱབ།། སྐུ་གསུང་ཐུགས་དང་ཡོན་ཏན་ལས། ། ལྷུན་གྱིས་གྲུབ་པའི་ཡེ་ཤེས་ཀྱིས།། ཐམས་ཅད་གདུལ་བྱ་ཆུད་མ་ཟོས།། ངན་སོང་སྦྱོང་ཞིང་བྱང་ཆུབ་ཞིང།། ཡེ་ཤེས་ཚོགས་རྫོགས་ཀུན་ཏུ་སྟོན།། ཡེ་ཤེས་གསུང་མཆོག་ཅེས་བྱ་བའི་དམ་ཚིག་ནི། འདས་དང་མ་འདས་ཐམས་ཅད་ཀུན།། ཡང་དག་ཤེས་པས་རབ་བརྟགས་ན།། རང་བཞིན་མེད་ལ་ཅིར་ཡང་སྣང།། སྣང་བ་ཉིད་ན་དབྱིངས་ཉིད་དེ།། དེ་ལྟར་རྟོགས་པའི་ཡེ་ཤེས་ནི།། ཀུན་ལ་དབང་སྒྱུར་རང་དབང་ཅན། ། ཐམས་ཅད་ཚིག་གི་སྒྲ་ལྟར་གནས།། འདི་ནི་ཡེ་ཤེས་གསུང་མཆོག་ཡིན།། བསམ་ཡས་རྡོ་རྗེའི་གསུང་ཞེས་བྱ་བའི་དམ་ཚིག་ནི། ཆོས་རྣམས་བསམ་གྱིས་མི་ཁྱབ་སྟེ།། མཐའ་དང་དབུས་མེད་ཀུན་ཏུ་ཁྱབ། ཁྱབ་དང་ཁྱབ་མེད་རྡོ་རྗེའི་སྐུ།། སྒྲ་སྐད་སྣ་ཚོགས་གྲགས་པ་ཡང།། དངོས་པོ་མེད་པ་དངོས་པོའི་སྒྲ།། ཇི་ལྟར་པི་ཝང་ལ་ཐོགས་ན།། སྒྲ་ནི་སྣ་ཚོགས་འབྱུང་གྱུར་ཀྱང།། དངོས་པོ་མེད་པ་དེ་བཞིན་ཉིད། ། ཕྱོགས་དུས་དབྱེར་མེད་ཅེས་བྱ་བའི་དམ་ཚིག་ནི། ཕྱོགས་བཅུ་མ་ལུས་ཐམས་ཅད་དང།། དུས་བཞིར་འབྱུང་བ་མ་ལུས་ཀུན།། ཕྱོགས་དུས་སྔ་ཕྱི་མེད་པ་ཡིས།། ཐམས་ཅད་དེ་བཞིན་ཉིད་ཀྱི་དབྱིངས།། འཇིག་རྟེན་འདས་དང་འཇིག་རྟེན་པའི། ། སོ་སོར་སྣང་བ་ཐམས་ཅད་ཀུན།། རང་རིག་རྒྱལ་པོར་ཡང་དག་འདུ།། རང་རིག་དེ་ཉིད་ཐམས་ཅད་ཡིན།། འཇིག་མེད་རྡོ་རྗེ་ཞེས་བྱ་བའི་དམ་ཚིག་ནི། འདུས་མ་བྱས་ཉིད་འདུས་བྱས་ཡིན། ། འདུས་བྱས་སྣང་བའང་རྡོ་རྗེ་ཉིད།། སྣང་དང་མི་སྣང་གཉིས་ཀ་མིན།། ཡོད་དང་མེད་པའང་དབྱེར་མེད་དེ།། རང་བཞིན་ཡེ་ནས་དག་པ་ཡི།། མ་བཅོས་མ་བྱས་ངང་གིས་གསལ།། གཞིག་དང་གཤིག་པར་བྱ་བ་མིན། ། ཅིས་ཀྱང་མི་ཚུགས་རྡོ་རྗེའི་བདག། དེ་བཞིན་སྐུ་ཉིད་ཅེས་བྱ་བའི་དམ་ཚིག་ནི། དེ་བཞིན་ཞིང་ཁམས་བསམ་ཡས་དང།། འགྲོ་བ་མ་ལུས་ཐམས་ཅད་ལ།། ཐར་བ་རྣམས་ལ་དག་པའི་སྐུ།། རྟོག་པ་རྣམས་ལ་འཁོར་བའི་ལུས། ། སོ་སོར་འཚམ་པར་དོན་སྟོན་ཅིང།། སྟོནཔ་ཉིད་ན་དངོས་པོ་མེད།། ཆུ་ཟླའི་ཚུལ་དུ་ཀུན་ལ་སྣང།། ཀུན་ལ་དེ་ལྟར་རྟོགས་པར་བྱས།། ལྷུན་གྲུབ་བདེ་གནས་ཞེས་བྱ་བའི་དམ་ཚིག་ནི། ཆོས་རྣམས་མ་ལུས་ཐམས་ཅད་ལ། ། བྱང་ཆུབ་སྙིང་པོ་ཡོད་པར་བལྟ།། རང་བཞིན་ཡེ་ནས་འོད་གསལ་བའི།། བྱང་ཆུབ་སྙིང་པོར་ཐམས་ཅད་འདུས།། ཕྱི་ནང་མ་ལུས་ཐམས་ཅད་ཀུན།། བདག་གི་ངང་དུ་གནས་པས་ན། ། བདག་ལ་བདག་ནི་དབང་སྒྱུར་ནས།། སྤྱོད་ཡུལ་ཐམས་ཅད་སྨོན་ན་ཤེས།། ཆེ་མཆོག་རྣམ་དག་ཅེས་བྱ་བའི་དམ་ཚིག་ན། རིག་པ་རང་དབང་གྱུར་པས་ན།། ཐམས་ཅད་ཀུན་ལ་དབང་སྒྱུར་ཏེ།། གོང་ན་མེད་པའི་ས་མནན་པས། ། ཐམས་ཅད་ཀུན་གྱི་གཙོ་བོ་ཡིན།། ཐམས་ཅད་མ་ལུས་གཉིས་མིན་པ།། སྒོམ་དང་བསྒོམ་པར་བྱ་བ་མིན།། དེ་བཞིན་ཉིད་ལ་དབང་སྒྱུར་བས།། ཐམས་ཅད་དབྱིངས་སུ་རོ་གཅིག་གོ། ཆོས་ཀྱི་དཀྱིལ་འཁོར་ཞེས་བྱ་བའི་དམ་ཚིག་ནི། ཕྱི་ནང་སྣོད་བཅུད་དག་རྣམས་ལ།། རང་བཞིན་དཀྱིལ་འཁོར་ཡེ་ནས་གནས།། ཆེན་པོའི་གཟུགས་སྣང་ཐམས་ཅད་ནི།། དེ་བཞིན་གཤེགས་པའི་དཀྱིལ་འཁོར་ཉིད།། སྒྱུ་མ་རྩལ་རྣམས་འཛིན་གྱུར་པ། ། དེ་བཞིན་ཡུམ་གྱི་དཀྱིལ་འཁོར་རོ།། རང་རིག་བྱང་ཆུབ་དཀྱིལ་འཁོར་ཏེ།། ཐམས་ཅད་ཀུན་ནས་འཁྱིལ་བར་གནས།། ཟད་མེད་གཏེར་ཆེན་ཞེས་བྱ་བའི་དམ་ཚིག་ནི། ཟག་བཅས་གནོད་སྦྱིན་ནོར་འདྲ་བ། ། སེམས་ཅན་འཕེལ་འགྲིབ་ཟད་འགྱུར་གྱི།། དེ་བཞིན་གཤེགས་པའི་ཡོན་ཏན་ནི།། ཟག་མེད་འཕེལ་འགྲིབ་མེད་པ་ཡི།། མང་དུ་སྤྲོས་པས་ཕྲ་མི་འགྱུར།། ཉུང་དུ་བསྡུས་པས་སྦོམ་པོ་མིན། ། ཟད་མེད་རིན་ཆེན་གཏེར་ཡིན་པས།། ཐམས་ཅད་ཀུན་ཏུ་ཁྱབ་པའོ།། རྣམ་དག་བྱང་ཆུབ་ཅེས་བྱ་བའི་དམ་ཚིག་ནི། ཆོས་རྣམས་མ་ལུས་ཐམས་ཅད་ཀུན།། ཡེ་ནས་རྣམ་པར་དག་པ་ལ།། རྣམ་རྟོག་རྐྱེན་གྱིས་བློ་བུར་དུ། ཁམས་གསུམ་འཁོར་བའི་བཙོན་རར་གནས།། རང་རིག་སྒྲིབ་མེད་དག་པ་ཡིས།། མྱ་ངན་འདས་དང་འཁོར་བ་གཉིས།། རང་བཞིན་མེད་པར་དོན་རྟོགས་ན།། སངས་རྒྱས་ཞིང་དུ་རྣམ་པར་དག། གཟུང་འཛིན་བྲལ་བྱེད་ཅེས་བྱ་བའི་དམ་ཚིག་ནི། ཕྱིན་ཅི་ལོག་ཏུ་རྣམ་བརྟགས་པའི།། བདག་དང་བདག་གིར་སོ་སོར་སྣང།། དེ་ལ་འཛིན་པ་གཉིས་ཞུགས་ན།། རང་བཞིན་མེད་པ་བཞིན་སོ་སོར་སྣང།། ཡང་དག་རྟོགས་པས་རབ་བརྟགས་ན། ། དངོས་པོ་ཐམས་ཅད་སྟོང་པ་ཡིན།། དངོས་དང་སྟོང་ཉིད་མི་གནས་པ།། དེ་རྟོགས་སྡུག་བསྔལ་བྲལ་བྱེད་ཡིན།། ཡུམ་གྱུར་དབྱིངས་ཕྱུག་མ་ཞེས་བྱ་བའི་དམ་ཚིག་ནི། འབྱུང་བ་ལྔ་ལ་བརྟེན་གྱུར་ན། ། ཐམས་ཅད་འབྱུང་ཞིང་མ་ལུས་གནས།། སྐྱེ་འཁྲུངས་མ་ལུས་གཞི་ཡང་ཡིན།། ཐམས་ཅད་ཀུན་གྱི་རྒྱུ་ཡང་ཡིན།། དེ་བཞིན་ཤེས་རབ་རྣམས་གསུམ་གྱིས།། ལེ་ལོ་མེད་པའི་བརྩོན་འགྲུས་འབོད། ། དེ་བཞིན་དབྱིངས་ཉིད་རྟོགས་གྱུར་ན།། བླ་མེད་བྱང་ཆུབ་འབྱུང་བའི་གནས།། ཆོས་ལ་སྐྱོན་མེད་ཅེས་བྱ་བའི་དམ་ཚིག་ནི། བླ་ན་མེད་པའི་དཀྱིལ་འཁོར་དང།། ངན་སོང་གནས་རྣམས་མ་ལུས་ཀུན།། རྒྱུ་ཉིད་རང་བཞིན་གཉིས་ཀ་དག། རང་བཞིན་ཡེ་ནས་དེ་བཞིན་ནོ།། འབྲས་བུ་རྣམ་པར་དག་པ་ནི།། འཇིག་རྟེན་བརྟན་གཡོ་ལ་སོགས་པ།། སྣང་བ་ཉིད་ན་ངོ་བོ་མེད།། དེ་ཉིད་ཆོས་སྐུ་ཆེན་པོ་ཡིན།། སེམས་ཅན་དོན་བྱེད་ཅེས་བྱ་བའི་དམ་ཚིག་ནི། ། བྱང་ཆུབ་སེམས་སུ་རྒྱུ་གཅིག་པས།། རྩ་བ་སྙིང་རྗེ་ཆེན་པོ་འབྱུང།། ཐབས་ཀྱི་ཕ་རོལ་ཕྱིན་པ་སྣོད།། ཉོན་མོངས་ལམ་ལས་གྲོལ་བར་བྱེད།། ཉོན་མོངས་ཁམས་གསུམ་གནས་པ་ཡང། ། ཕྱིན་ཅི་ལོག་ཉིད་སྣང་བ་ཡིན།། དེ་རྟོགས་མཐོ་རིས་ཐར་པའོ།། རྟོགས་ན་དོན་འཛིན་ཞེས་བྱ་བའི་དམ་ཚིག་ནི། ཐམས་ཅད་ལྷུན་གྱིས་གྲུབ་པ་དང།། སྒྱུ་མ་མིག་ཡོར་ཚུལ་ཤེས་པ།། གཉིས་ཀ་རང་རིག་ཉིད་དུ་འདུས། ། དེ་ཉིད་ཡང་དག་ཡིན་པར་དག། སྒྲ་དང་ཚིག་ཏུ་བརྗོད་པ་ནི། ཡང་དག་དོན་གྱི་སྙིང་པོ་འབྱིན།། མིང་ཚིག་སྒྲ་ལ་མི་རྟེན་པར།། བློ་ཡི་གཏིང་དུ་གོ་བར་བྱོས།། སེམས་ལ་གནས་བཅས་ཞེས་བྱ་བའི་དམ་ཚིག་ནི། ཐམས་ཅད་མ་ལུས་ཆོས་སོ་ཅོག། སེམས་ཉིད་ལས་ནི་གཞན་ན་མེད།། སེམས་དང་ཆོས་སུ་དབྱེར་མེད་པས།། བྱང་ཆུབ་ལམ་དེ་རིང་བ་མིན།། བྱང་ཆུབ་སེམས་ཞེས་བརྗོད་པ་ནི།། ག་ནས་མ་འོངས་གར་མི་འགྲོ། ། རྟོག་མེད་རང་རིག་ཁོ་ན་ཙམ།། སངས་རྒྱས་སེམས་ཅན་སེམས་ལ་གནས།། རྗོད་མེད་སྤྲོས་མེད་ཅེས་བྱ་བའི་དམ་ཚིག་ནི། འཇིག་རྟེན་འདས་དང་འཇིག་རྟེན་པའི།། སྣ་ཚོགས་ཇི་སྙེད་བརྗོད་པ་ཡང། ། སོ་སོའི་མཚན་ཉིད་མ་རྟོགས་པ།། བ་སྤུའི་ཆ་ཙམ་བརྗོད་པ་མེད།། བསོད་ནམས་ཆེན་པོས་བཏང་བ་ནི།། སངས་རྒྱས་ཞིང་ཉིད་དག་པའོ།། ལས་ངན་དག་གིས་ཁམས་གསུམ་གནས།། དེ་གཉིས་དབྱིངས་ལས་སྤྲོས་པ་མེད། ། མི་འགྱུར་རྡོ་རྗེ་གསུང་ཞེས་བྱ་བའི་དམ་ཚིག་ནི། རྣམ་དག་སྐུ་གསུང་སྤྲུལ་པ་ལ།། ཆེ་མཆོག་སྣ་ཚོགས་བསྟན་པ་ཡང།། བྱང་ཆུབ་སེམས་ལ་སྣང་གྱུར་ཏེ།། སྣང་བ་ཉིད་ན་དབྱིངས་སུ་འུབ།། ཕྱིན་ཅི་ལོག་གཡོ་བསམ་ཡས་ཀྱིས། ཁམས་གསུམ་གནས་དང་ལམ་ལྔར་འཁོར།། དེ་ཉིད་ལོག་རྟོག་སྣ་ཚོགས་སྣང།། དེ་ལས་མ་གཏོགས་གང་ཡང་མེད།། ཡེ་ནས་མ་བཅོས་པ་ཞེས་བྱ་བའི་དམ་ཚིག་ནི། བླ་མེད་བྱང་ཆུབ་སྨོས་ཅི་དགོས། ། འགྲོ་ལྔ་མ་ལུས་ཐམས་ཅད་ཀུན།། ཡེ་ནས་བྱང་ཆུབ་སྙིང་པོར་གནས།། དེ་བཞིན་དབྱིངས་ཀྱིས་ཀུན་ཏུ་ཁྱབ།། ཇི་ལྟ་བ་ཡི་ངང་གནས་ལ། དེ་ལྟར་རྟོགས་པའི་བློ་འཇུག་པས།། གཉིས་སུ་མེད་པར་རྟོགས་གྱུར་ན། ། སུ་ཡི་བཅོས་སུ་སུ་ཡིས་རྟོགས།། རང་བཞིན་འོད་གསལ་ཞེས་བྱ་བའི་དམ་ཚིག་ནི། ཆོས་རྣམས་མ་ལུས་ཐམས་ཅད་ཀུན།། རང་བཞིན་ཡེ་ནས་དག་པ་ཡི།། སུས་ཀྱང་མ་བྱས་ངང་གིས་གསལ། ། མ་ཆགས་པདྨ་འདྲ་བ་ཡི།། ཡེ་ཤེས་ཅན་གྱི་སྤྱོད་ཡུལ་ཏེ།། ཀུན་དང་ཐུན་མོང་དེ་མ་ཡིན།། དེ་བཞིན་གཤེགས་པའི་སྤྱོད་ཡུལ་ཏེ།། སྐྱེས་བུ་བློ་རྩལ་རབ་ཀྱིས་རྟོགས།། ཐམས་ཅད་དབྱིངས་ཕྱུག་མ་ཞེས་བྱ་བའི་དམ་ཚིག་ནི། མི་ཟད་ཡོན་ཏན་གཏེར་གྱུར་པ།། ཟད་པའི་དུས་མེད་ཡིད་བཞིན་མཛོད།། བདག་དང་བདག་གི་མེད་པ་ཡི།། ཤིན་ཏུ་ཟབ་པའི་བློ་ལས་བྱུང།། ཆོས་དབྱིངས་ཟབ་མོའི་དོན་རྟོགས་ན།། སྐུ་དང་ཡེ་ཤེས་བསམ་མི་ཁྱབ། ། ཡེ་ཤེས་རང་རིག་དོན་རྟོགས་ན།། སྐྱེ་ཤི་མེད་པའི་གཡུང་དྲུང་ཐོབ།། བྱང་ཆུབ་སྡོམ་ཞེས་བྱ་བའི་དམ་ཚིག་ནི། གཟུང་འཛིན་བྲལ་བའི་ཡེ་ཤེས་ཀྱིས།། ཆགས་མེད་དབྱིངས་ལ་མཉམ་གཞག་ན། ། ཐམས་ཅད་དེ་བཞིན་ཉིད་ཀྱི་ཞིང།། ཉོན་མོངས་སྡུག་བསྔལ་འབྱུང་མི་འགྱུར།། ཆོས་ཀྱི་རང་བཞིན་ཇི་ལྟ་བུར།། བདག་གིས་ཡང་དག་རྟོགས་བྱས་ཏེ།། ཐེག་པ་དམན་དང་ཕྱིན་ཅི་ལོག། ཐམས་ཅད་མཉམ་པའི་དབྱིངས་སུ་དགོད། ། ཕྱོགས་དུས་གཉིས་མེད་ཅེས་བྱ་བའི་དམ་ཚིག་ནི། ཕྱོགས་བཅུ་དུས་བཞི་ཐམས་ཅད་ཀྱང།། རྟོག་པའི་མཚན་མ་སོ་སོར་སྣང།། སྣང་བ་ཉིད་ན་དབྱེར་མེད་དེ།། མཐའ་དབུས་མེད་དེ་ཟླུམ་པོ་ཡི། ། དེ་བཞིན་རང་གི་རིག་པ་ཡང།། མཐའ་དང་དབུས་མེད་དུ་མ་མིན།། གང་དུ་མི་འགྲོ་ཀུན་ཏུ་ཁྱབ།། ཀུན་ལ་དེ་བཞིན་མི་གནས་པའོ།། ཐམས་ཅད་འབྱོར་ལྡན་ཞེས་བྱ་བའི་དམ་ཚིག་ནི། ཆོས་རྣམས་སོ་སོར་རྟོགས་བྱས་ཤིང། ། ཐམས་ཅད་གཉིས་མེད་དབྱིངས་ཤེས་ན།། མི་ཟད་པར་ལྡན་རྒྱན་ཐོབ་སྟེ།། ཀུན་ཏུ་ཟད་མེད་རིན་ཆེན་གཏེར།། དེ་བཞིན་ཉིད་ལ་གནས་བཅས་ན།། ཉོན་མོངས་སྡུག་བསྔལ་མི་འབྱུང་སྟེ། ། རྟག་ཏུ་བདེ་གནས་བྱང་ཆུབ་ཉིད།། མཚན་དང་དཔེ་བྱད་ཀུན་དང་ལྡན།། ཐབས་ཉིད་ཤེས་རབ་ཅེས་བྱ་བའི་དམ་ཚིག་ནི། འདི་ལྟར་སྣང་བ་ཐམས་ཅད་ཀུན།། ཐམས་ཅད་ཐབས་ཀྱི་མཚན་ཉིད་དང། ། ཐབས་ལ་ཐབས་ནི་རྣམ་པར་སྦྱོར།། སྦྱོར་དང་མི་སྦྱོར་གཉིས་ཀ་མེད།། སྣ་ཚོགས་སྣང་བ་ཐམས་ཅད་ཀྱང།། སྣང་བ་ཉིད་ན་རང་བཞིན་མེད།། དེ་ཉིད་ཤེས་རབ་ཡིན་པར་བཤད།། རྟག་ཏུ་ཐབས་ཉིད་མི་དམིགས་པའོ། ། ཤེས་རབ་ཉིད་ཐབས་སུ་སྦྱོར་བ་ཞེས་བྱ་བའི་དམ་ཚིག་ནི། དེ་བཞིན་ཉིད་ཀྱི་དབྱིངས་ཉིད་ལས།། རོལ་པ་སྣ་ཚོགས་ཅིར་ཡང་འབྱུང།། འབྱུང་བ་ཉིད་ན་རང་བཞིན་མེད།། མེད་པ་ཉིད་ན་སྣ་ཚོགས་སྣང། ། ཐམས་ཅད་ཤེས་རབ་དབྱིངས་ལས་ཕྱུང།། མཉན་བསམ་སྒོམ་པའི་ཤེས་རབ་ཀྱིས།། ཤེས་རབ་ཐབས་ཀྱི་དོན་རྟོགས་བྱོས།། ཀུན་ལ་དེ་ལྟར་འབྱོར་བར་གྱིས།། གཉིས་མེད་བྱང་ཆུབ་ཅེས་བྱ་བའི་དམ་ཚིག་ནི། ཐབས་དང་ཤེས་རབ་ལྡན་གྱུར་ན།། གཉིས་མེད་བྱང་ཆུབ་སེམས་འཕྲོ་སྟེ།། ཀུན་གྱི་འབྱུང་གནས་བྱེད་པ་པོ།། དེ་ཡིས་མ་བྱས་གང་ཡང་མེད། ཁ་དོག་དབྱིབས་རིགས་གང་ཡང་མིན།། ཤིན་ཏུ་བརྟག་དཀའ་སུས་མི་རིགས། ། བདག་གིས་བདག་རང་མི་མཐོང་ན།། གཞན་གྱིས་རྟོགས་པར་ག་ལ་འགྱུར།། ཐམས་ཅད་སྦྱོར་བ་ཞེས་བྱ་བའི་དམ་ཚིག་ནི། ཡེ་ནས་ལྷ་དང་ལྷ་མོ་ཡི།། དཀྱིལ་འཁོར་ཡང་དག་སྦྱོར་བ་དང།། དབང་པོ་ཡུལ་དུ་སྦྱོར་བའོ། ། ཕུང་པོ་ལྔ་ཉིད་དེ་བཞིན་གཤེགས།། འབྱུང་བ་ལྔ་ཉིད་ཡུམ་དུ་འབྱོར།། དུས་བཞི་ལྷ་མོ་ཉིད་དུ་སྦྱོར།། རྟག་ཆད་མུ་བཞི་ཁྲོ་མོ་བཞིའོ།། ཐམས་ཅད་མ་ལུས་འབྱུང་བ་ཀུན།། མཉམ་པའི་དབྱིངས་དང་རིགས་པར་སྦྱོར། ། ཡང་ན་ཤེས་རབ་དབྱིངས་མ་ལ།། བདེ་གཤེགས་དཀྱིལ་འཁོར་ཀུན་བཀོད་ལ།། བདག་ཉིད་རིག་པའི་ལྷར་བསྒོམས་ཏེ།། གཉིས་སུ་མེད་པར་ལྡན་པར་བྱ།། རྡོ་རྗེ་དྲིལ་བུ་ལྡན་གྱུར་ནས། ། བྱང་ཆུབ་པདྨ་ཤིན་ཏུ་སྤྲོ།། ཕྱོགས་དུས་དཀྱིལ་འཁོར་ཀུན་བཀོད་ལ།། འགྲོ་བ་མང་པོ་བདེ་ཐོབ་ནས།། སླར་ཡང་གཉིས་མེད་དབྱིངས་སུ་བསྟིམ།། ཐིམ་གྱུར་དབྱིངས་ནས་ཕྱག་རྒྱ་འབར།། བདེ་གཤེགས་ཐབས་དང་ཤེས་རབ་རྫོགས། ། ཕྱག་རྒྱ་དྲུག་ཀྱང་ཡང་དག་རྫོགས།། བསོད་ནམས་ཚོགས་ཆེན་གཉིས་ཀྱང་རྫོགས།། ཐམས་ཅད་དབྱིངས་སུ་འབྱོར་བས་ན།། ངན་འགྲོར་མི་ལྷུང་ཡང་དག་འགྲུབ།། འདི་ནི་བསྒྲལ་བ་ཆེན་པོ་ཡིན། ། བསྒྲལ་བ་ཉིད་ན་སྦྱོར་བ་ཡིན།། སྦྱོར་བ་ཉིད་ན་མ་ལུས་བསྒྲལ།། ཐམས་ཅད་མ་ལུས་བསྒྲལ་བ་ཞེས་བྱ་བའི་དམ་ཚིག་ནི། ཕྱི་ནང་སྣོད་བཅུད་ཇི་སྙེད་པ།། གནས་པའི་སེམས་ཅན་ཐམས་ཅད་ཀུན། ། བདག་ཉིད་ཆེན་པོ་རྟོགས་པ་ཡིས།། དབྱིངས་སུ་ཡང་ནི་བསྒྲལ་བར་བྱ།། ཤིན་ཏུ་ཁྲོ་བོ་ཆེན་པོ་ཡིས།། ཐབས་ཀྱིས་ལྷ་ཆེན་བསྒྲལ་བ་ལྟར།། ཆོས་ཉིད་རྟོགས་པའི་ཏིང་འཛིན་གྱིས། ། གཉིས་སུ་མེད་པར་ཐབས་ཀྱིས་བསྒྲལ།། ཐུགས་རྗེ་ཆེན་པོའི་བྱིན་བརླབས་ཀྱིས།། ལམ་ལྔའི་སེམས་ཅན་ཀུན་བཀུག་ནས།། ཐམས་ཅད་མ་ལུས་བསྒྲལ་བར་བྱའོ།། རི་རབ་ཆེན་པོའི་གླིང་བཞི་ལ།། གནས་པའི་སེམས་ཅན་མ་ལུས་ཀུན། ། ཐུགས་རྗེ་ཆེན་པོའི་བྱིན་བརླབས་ཏེ།། ཡེ་ཤེས་མེ་ཆེན་བསྒོམ་བྱས་ནས།། ཐམས་ཅད་མ་ལུས་བསྲེག་པར་བྱ།། དབྱིངས་སུ་ཡང་ནི་བསྟིམ་པར་བྱ།། དེ་བཞིན་གཤེགས་པར་བྱིན་གྱིས་བརླབ། ། རྒྱལ་བའི་སྲས་སུ་དབང་ཡང་བསྐུར།། དེ་ལྟར་བསྒྲལ་བ་ཀུན་བྱས་ཀྱང།། བསྒྲལ་བའི་དངོས་པོ་གང་ཡང་མེད།། ཕུང་པོ་ལྔ་པོ་གཞིག་པ་ལ།། བཤིག་ན་འབྱུང་བ་བག་ལ་ཞ།། མ་བཤིག་ན་ཡང་འབྱུང་བ་ཡིན། ། རྣམ་ཤེས་མེད་པས་བསད་བྱས་ན།། གནས་པ་ཉིད་ན་དངོས་པོ་མེད།། སེམས་ཀྱི་རང་བཞིན་དེ་ལ་ནི།། དུས་གསུམ་སངས་རྒྱས་དགྲར་ལངས་ཀྱང།། སུས་ཀྱང་ཟིན་ཅིང་གསོད་པ་མེད།། འོ་ན་ཐུགས་རྗེས་གང་བསྒྲལ་ན། ། རྣམ་རྟོག་མཚན་མ་ཐམས་ཅད་ཀུན།། ཕྱིན་ཅི་ལོག་ལས་བཟློས་བྱས་ཏེ།། ཏིང་འཛིན་སྔགས་དང་ཕྱག་རྒྱ་དང།། ཤིན་ཏུ་གོམས་པས་དབང་བསྐུར་ཏེ།། བྱང་ཆུབ་ཞིང་ལ་དགོད་པར་བྱ།། དེ་ཙམ་ལ་ནི་བསྒྲལ་ཞེས་གདགས། ། བསྒྲལ་བ་ཉིད་ན་སྦྱོར་བ་ཡིན།། ཉོན་མོངས་སྡུག་བསྔལ་རྩ་བཅད་ནས།། བྱང་ཆུབ་གནས་སུ་བསྒྲལ་བས་ན།། གཉིས་མེད་དབྱིངས་སུ་སྦྱོར་བ་ཡིན།། མ་བྱིན་པར་ལེན་པ་ཞེས་བྱ་བའི་དམ་ཚིག་ནི། འཇིག་རྟེན་འདས་དང་འཇིག་རྟེན་པའི།། ཆོས་རྣམས་མ་ལུས་ཐམས་ཅད་ཀུན།། བདག་དང་བདག་གི་གཞན་མེད་དེ།། རང་བཞིན་ངང་གིས་བདག་མེད་པས།། ཀུན་ལ་ཐོགས་མེད་སྤྱད་གྱུར་ཀྱང། ། སྤྱད་དང་སྤྱོད་པ་གཉིས་ཀ་མེད།། ཐམས་ཅད་ཡེ་ནས་སྟོང་པ་ལ།། གང་གིས་ལེན་ཅིང་གང་ལ་སྤྱོད།། སྣང་སྲིད་མ་ལུས་ཐམས་ཅད་ལ།། ཐོགས་པ་མེད་པར་སྤྱད་གྱུར་ཀྱང།། འཆིང་བར་མི་འགྱུར་བསོད་ནམས་ཚོགས། ། ཆགས་མེད་ཡེ་ཤེས་ཆེན་པོ་ཡིན།། མ་ལུས་ཐམས་ཅད་ཆོས་ཀྱི་དབྱིངས།། དེ་ཉིད་རང་རིག་ཡིན་པར་བཤད།། གཉིས་སུ་མེད་པར་རྟོགས་གྱུར་ན།། བླངས་པ་ཉིད་ན་ཀུན་ཏུ་བཟང།། བརྫུན་དུ་སྨྲ་བ་ཞེས་བྱ་བའི་དམ་ཚིག་ནི། ཆོས་རྣམས་མ་ལུས་ཐམས་ཅད་ཀུན།། ཡེ་ནས་དངོས་པོ་ཡོད་མིན་ཏེ།། རང་བཞིན་ངང་གིས་འོད་གསལ་ལ།། མིང་དང་ཚིག་གིས་མཚོན་མོད་ཀྱིས།། མིང་དང་ཚིག་ལ་དངོས་པོ་མེད།། མ་རིག་པ་ཡི་འཁྲུལ་རྟོག་གིས། ། ང་དང་བདག་ཏུ་མེད་པ་ལ།། སོ་སོའི་མཚན་མ་དངོས་པོར་གཟུང།། འཛིན་པའི་དངོས་པོ་ཡོད་མེད་དེ།། ཆོས་རྣམས་ཐམས་ཅད་མིང་ཚིག་ཙམ།། ཇི་སྙེད་མང་པོ་བརྗོད་པ་ཡང།། རྗོད་པར་བྱེད་དང་བརྗོད་པ་མེད། ། ཆོས་རྣམས་ཐམས་ཅད་རྫུན་དུ་སྣང།། རྫུན་ཉིད་ལ་ནི་རྫུན་སྤྱོད་དེ།། རྫུན་ཞེས་བརྟག་ཙམ་ཡོད་མ་ཡིན།། ཐམས་ཅད་རྫུན་གྱི་ཚིག་བཞིན་ནོ།། རྡོ་རྗེ་འཇོམས་བྱེད་ཅེས་བྱ་བའི་དམ་ཚིག་ནི། ཐོག་མ་མེད་ནས་ཕྱིན་ཅི་ལོག། བདག་དང་བདག་གི་མེད་པ་ལ།། རྣམ་རྟོག་མཚན་མ་སོ་སོར་འཛིན།། འཛིན་པ་དངོས་པོར་ཡོད་མ་ཡིན།། མི་མཐུན་མཚན་མ་གཞོམ་པའི་ཕྱིར།། རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱིས། ། བདག་རྟོག་བག་ཆགས་ཀུན་བཅོམ་ནས།། རྡོ་རྗེ་དབྱིངས་སུ་ཐིམ་པར་བྱ།། ཆོས་ཀྱི་འཁོར་ལོ་ཞེས་བྱ་བའི་དམ་ཚིག་ནི། ཐུགས་རྗེ་ཆེན་པོའི་བྱིན་བརླབས་ཀྱིས། ཁམས་གསུམ་ཉོན་མོངས་འཁོར་བ་རྣམས། ། གཞན་གྱིས་བཅིངས་ཏེ་འཁོར་བ་མིན།། འཛིན་རྟོག་ཆགས་པ་ཉིད་ཀྱིས་འཁོར།། བློ་ཆེན་རབ་ཏུ་ལྡན་པ་ཡིས།། ཆོས་ཀྱི་དོན་པོ་མཆོག་ཉོན་ལ།། འཁོར་བ་སྤངས་མེད་སངས་རྒྱས་ཞིང།། ཐམས་ཅད་མ་ལུས་ཆོས་ཉིད་རྟོགས། ། རིན་ཆེན་འབྱུང་བ་ཞེས་བྱ་བའི་དམ་ཚིག་ནི། ནོར་གྱི་མཆོག་ནི་དཀོར་བདུན་ཡིན།། འདོད་པས་བཙལ་བས་མི་རྙེད་དེ།། རང་རིག་དབྱིངས་ཀྱི་ཡེ་ཤེས་དང།། སྐུ་གསུང་ཐུགས་འདས་མི་དམིགས་པ། ། ཆགས་པ་མེད་པའི་ཚུལ་གྱིས་ནི།། དམིགས་སུ་མེད་པར་འབྱོར་བྱས་ན།། ནོར་བདུན་ཆེན་པོ་འབྱུང་བར་འགྱུར།། མཚན་དང་དཔེ་བྱད་སྣ་ཚོགས་ལྡན།། པདྨ་ཆགས་མེད་ཅེས་བྱ་བའི་དམ་ཚིག་ནི། འཇིག་རྟེན་འདས་དང་འཇིག་རྟེན་པའི།། ཆོས་རྣམས་མ་ལུས་ཐམས་ཅད་ལ།། བསྒོ་དང་བསྒོ་བར་བྱ་བ་མིན།། པདྨ་འདམ་ནས་སྐྱེས་དང་འདྲ།། འདི་ལྟར་སྣང་བ་ཐམས་ཅད་ཀུན།། བདག་ལས་གུད་ན་གཅིག་ཀྱང་མེད། ། བདག་ཉིད་ཤིན་ཏུ་མི་དམིགས་པས།། ཉོན་མོངས་ཉིད་ཀྱང་བྱང་ཆུབ་ཞིང།། དོན་རྣམས་གྲུབ་པ་ཞེས་བྱ་བའི་དམ་ཚིག་ནི། རྡོ་རྗེའི་རིགས་ཀྱིས་ཐམས་ཅད་བཅོམ།། རིན་ཆེན་རིགས་ཀྱིས་ཡོན་ཏན་འབྱིན། ། པདྨའི་རིགས་ཀྱིས་ཆགས་མེད་འགྱུར།། སྐུ་གསུང་ཐུགས་དང་ཡེ་ཤེས་ལྔ།། ཐམས་ཅད་དོན་རྣམས་རྫོགས་པར་བྱ།། གཟུང་དང་འཛིན་པ་རྣམ་པར་སྤངས།། མཉམ་པའི་དབྱིངས་ལ་སེམས་ཀྱིས་བལྟ།། སྐྱེ་ཤི་མེད་པར་ལྷུན་གྱིས་འགྲུབ། ། སྐུ་གསུང་ཐུགས་དང་ཡོན་ཏན་དང།། འཕྲིན་ལས་རྨད་བྱུང་ཀུན་གྲགས་པ།། གཞན་ནས་ཡོད་འོངས་མ་ཡིན་ཏེ།། རང་བྱུང་ཡེ་ཤེས་གནས་མེད་ཡིན།། མཐོ་དམན་ཀུན་གྱི་གཟུགས་སྣང་དང། ། བླ་མེད་བྱང་ཆུབ་སྐུར་སྣང་བ།། མེ་ལོང་ལྟ་བའི་ཚུལ་བཞིན་དུ།། སྣ་ཚོགས་ཁ་དོག་དབྱིབས་སུ་སྣང།། དེ་བཞིན་གཤེགས་པའི་གསུང་རྣམས་ནི།། སྒྲ་དང་མིང་ཚིག་ཀུན་ལས་འདས།། བརྗོད་མེད་རང་བཞིན་ཀུན་ཏུ་གོ། ཉོན་མོངས་མེད་ཅིང་བླ་མེད་སྒྲ།། མ་བརྗོད་སྟོང་གསུམ་གྲགས་པ་ཡིས།། གསུང་བརྗོད་བསམ་གྱིས་མི་ཁྱབ་པ།། བརྗོད་པ་མེད་ན་སྟོང་གསུང་མེད།། དེ་ཉིད་སྣ་ཚོགས་བརྗོད་པའོ།། ཐམས་ཅད་མཁྱེན་པའི་ཐུགས་ལྡན་པ། ། ཡང་དག་རྟོགས་པས་རབ་བརྟགས་ན།། གཞི་རྩ་མེད་དབྱིངས་སྐད་ཅིག་མ།། མཐའ་དང་དབུས་ཀྱང་རྟག་ཏུ་མེད།། དེ་ཉིད་སྣ་ཚོགས་འབྱུང་བའི་རྒྱུ།། སུས་ཀྱང་མ་བཅོས་མ་བྱས་པ། ། བདག་གིས་བདག་ཀྱང་དམིགས་མི་འགྱུར།། དངོས་མེད་ཀུན་ལ་དབང་སྒྱུར་བ།། སྐུ་གསུང་ཡང་དག་ལྡན་གྱུར་ན།། ཡོན་ཏན་ནམ་མཁའི་མཐའ་དང་མཉམ།། མི་འགྱུར་སངས་རྒྱས་ཞིང་དུ་འུབ།། སྤྱོད་ཡུལ་མ་ལུས་ཐམས་ཅད་ལ། ། ཇི་ལྟར་དམིགས་པ་བཞིན་དུ་འབྱུང།། མི་ཟད་རིན་ཆེན་གཏེར་ཆེན་འགྲུབ།། གཞན་གྱིས་དབྲོག་ཏུ་མེད་པ་ཡི།། བྱང་ཆུབ་དཀོར་ནི་རིན་པོ་ཆེ།། ཐུགས་རྗེ་ཆེན་པོའི་བྱིན་བརླབས་ཀྱིས། ། བྱ་བྱེད་མེད་པར་རྣམ་བཞི་མཛད།། མཛད་དང་མཛད་པར་བྱ་བ་མེད།། སྒྱུ་མའི་ཚུལ་དུ་ཀུན་ལ་སྤྱོད།། སྤྱོད་མེད་ངང་གིས་དཀྱིལ་འཁོར་ལ།། ཆགས་མེད་ཚུལ་དུ་རྣམ་པར་རོལ།། བྱ་བྱེད་རྣམ་པ་སྣ་ཚོགས་ཀྱང་བྱེད་པ་ཉིད་ན་ཆུ་ཟླའི་ཚུལ། ། གཟུང་འཛིན་བྲལ་བའི་ཡེ་ཤེས་ནི།། རྩ་བ་ལྔ་ཞེས་བརྗོད་མོད་ཀྱིས།། བརྗོད་པའི་མཚན་ཉིད་ཡོངས་མེད་དེ།། མཚན་ཉིད་མེད་པ་སྣ་ཚོགས་སྣང།། དེ་ཉིད་ཐམས་ཅད་མཁྱེན་ཉིད་ཡིན། ། ཀུན་ལ་ཁྱབ་ཅིང་མི་གནས་པ།། དེ་ནི་རིག་པ་རང་དབང་སྒྱུར།། བསམ་གྱིས་མི་ཁྱབ་ཀུན་ཏུ་ཁྱབ།། ནམ་མཁའ་སྣང་བྱེད་ཅེས་བྱ་བའི་དམ་ཚིག་ནི། ཆོས་རྣམས་མ་ལུས་ཐམས་ཅད་ལ།། དེ་བཞིན་ཉིད་ཀྱིས་ཀུན་ཏུ་ཁྱབ། ། སྣོད་བཅུད་མ་ལུས་ཐམས་ཅད་ལ།། སྣང་བ་ཆེན་པོས་ཁྱབ་པར་གྱུར།། ནམ་མཁའ་བཟུང་དུ་མེད་པ་ལྟར།། སྣང་སྲིད་ཐམས་ཅད་དེ་དང་འདྲ།། ཆོས་རྣམས་ཐམས་ཅད་སེམས་ཡིན་ཏེ།། སེམས་ནི་ནམ་མཁའི་རང་བཞིན་ནོ། ། རྟེན་བྱེད་ས་ཆེན་པོ་ཞེས་བྱ་བའི་དམ་ཚིག་ནི།། ཇི་ལྟར་ས་གཞི་ཆེན་པོ་ལ།། སེམས་ཀྱིས་ཟིན་དང་མ་ཟིན་པའི།། སྐྱེ་འཁྲུང་མ་ལུས་ཐམས་ཅད་འབྱུང།། ཐམས་ཅད་ཀུན་གྱི་གནས་རྟེན་ཏེ། ། དེ་བཞིན་ཐེག་ཆེན་བླ་མེད་ལ།། བྱང་ཆུབ་སངས་རྒྱས་ཀུན་ཏུ་གནས།། ཐེག་པ་མཐོ་དམན་ཐམས་ཅད་འབྱུང།། ཐམས་ཅད་ཐེག་ཆེན་དབྱིངས་སུ་འདུས།། སྲེག་བྱེད་འབར་བ་ཡེ་ཤེས་ཞེས་བྱ་བའི་དམ་ཚིག་ནི། བདག་མེད་རང་རིག་ཡེ་ཤེས་ཀྱིས།། དངོས་དང་དངོས་མེད་བག་ཆགས་བསྲེགས།། རང་དང་སྤྱི་ཡི་ཆོས་རྣམས་དང།། སེམས་ཀྱི་ཕྲོ་རྟོག་ཐམས་ཅད་ཀུན།། དངོས་པོ་མེད་པར་རྟོགས་བྱས་ནས།། འཁོར་བ་མ་སྤངས་རྣམ་པར་དག། མྱ་ངན་མི་འདའ་ཡེ་ནས་གནས།། འགྲོ་དང་གནས་པར་བྱ་བ་མིན།། རྟོག་པ་ཐམས་ཅད་ཡེ་ཤེས་ཚོགས།། ཐམས་ཅད་འཁྲུག་བྱེད་ཅེས་བྱ་བའི་དམ་ཚིག་ནི། སེམས་ཅན་མ་ལུས་ཐམས་ཅད་ནི།། སྒྲིབ་གཉིས་དག་གིས་འཁོར་བར་གྱུར། ། མཉན་བསམ་སྒོམ་པའི་ཤེས་རབ་ཀྱིས།། བདག་མེད་གཉིས་ནི་རྟོགས་བྱས་ན།། ཕ་རོལ་ཕྱིན་རྫོགས་བཅུ་སྒྲུབ།། ས་གསུམ་ཡང་དག་རྫོགས་བྱས་ཏེ།། མཉམ་པའི་ཞིང་ལ་ཐམས་ཅད་བཀོད། ། ཁྲུས་ཀྱིས་མཆོག་ནི་དེ་ཡིན་ནོ།། གཡེང་བྱེད་ཆེན་པོ་ཞེས་བྱ་བའི་དམ་ཚིག་ནི། སེམས་ཅན་ཡེ་ནས་དག་པ་ལ།། བདག་འཛིན་རྡུལ་གྱིས་གཡོག་པར་གྱུར།། སེམས་དང་རྡུལ་རྣམས་མེད་རྟོགས་པ། ། ཡེ་ཤེས་རླུང་གིས་བག་ཆགས་གཏོར།། ཆོས་རྣམས་ཡེ་ནས་རླུང་དང་འདྲ།། དེ་ལ་གཟུང་དུ་མེད་པ་ལྟར།། ཀུན་ལ་དེ་ལྟར་འབྱོར་པར་གྱིས།། མ་བཅོས་ཡེ་ནས་དེ་ལྟར་གནས།། ཐམས་ཅད་ཀུན་ལ་དབང་སྒྱུར་ཞེས་བྱ་བའི་དམ་ཚིག་ནི། ། རང་རིག་ཕྱིན་ཅི་ལོག་པའི།། གཟུང་འཛིན་གཉིས་མེད་རྟོགས་པ་ཡིས།། ཐམས་ཅད་མཉམ་པའི་ངང་གྱུར་ན།། ཐམས་ཅད་མ་ལུས་བདག་ཡིན་པས།། ཐམས་ཅད་ཀུན་ལ་དབང་སྒྱུར་ཏེ། ། ཇི་ལྟར་དམིགས་པ་བཞིན་དུ་འགྲུབ།། ཇི་ལྟར་སྤྱད་ཀྱང་བསོད་ནམས་ཚོགས།། མཉམ་རིགས་ཡེ་ཤེས་ཆེན་པོ་ཡིན།། ཆོས་རྣམས་ཐམས་ཅད་གཟུགས་བརྙན་ལྟར།། ཤེས་པར་བྱ་བའི་དམ་ཚིག་ནི།། ཐམས་ཅད་འབྱུང་བའི་གནས་ཡིན་ཏེ། ། སྣང་བ་ཉིད་ན་གཞའ་ཚོན་བཞིན།། རང་བཞིན་མེད་པར་ཀུན་ཏུ་སྣང།། དེ་ཉིད་ཆོས་སྐུ་ཡིན་པར་བཤད།། ཅིས་ཀྱང་མ་གོས་མ་སྤངས་པའོ།། སོ་སོར་སྣང་ཞིང་མཐུན་པའི་གཟུགས། ། བདག་དང་བདག་ཏུ་མ་བརྟག་པ།། དེ་ལྟར་བུ་ཡི་ངང་དུ་སྣང།། ཆོས་རྣམས་སྒྲ་ལྟར་ཤེས་པ་ཞེས་བྱ་བའི་དམ་ཚིག་ནི། སྒྲ་རྣམས་ཇི་སྙེད་བརྗོད་པ་ཡང།། དངོས་པོ་མེད་ལས་དངོས་པོའི་སྒྲ།། བརྗོད་དང་སྒྲ་ཡི་དངོས་པོ་མིན། ། ཆོས་རྣམས་སྒྲ་ལྟར་ཤེས་པར་བྱོས།། ཐམས་ཅད་མ་ལུས་དོན་འབྱུང་བ།། ཚིག་གིས་མཚོན་ལས་གུད་ན་མེད།། སྒྲ་ཉིད་དོན་གྱི་དངོས་པོ་མིན།། དོན་ཉིད་སྒྲ་ལས་གུད་ན་མེད།། ཆོས་རྣམས་དྲི་ཡི་མཚན་ཉིད་དུ། ། ཤེས་པར་བྱ་བའི་དམ་ཚིག་ནི།། ཆོས་རྣམས་ཐམས་ཅད་དངོས་མེད་པར།། སྣ་ཚོགས་འབྱུང་ཞིང་རྣམ་པར་འཕྲོ།། དེ་བཞིན་དྲི་ཡི་དབང་པོ་ཡང།། ཡོད་པ་མ་ཡིན་ཀུན་ཏུ་གསུང།། ཐེ་ཚོམ་མེད་པའི་ཤེས་རབ་ཀྱིས། ། ཆོས་ཀུན་དེ་ལྟར་ཤེས་པར་གྱིས།། དྲི་ཡིས་རབ་ཏུ་ཚིམ་གྱུར་ཀྱང།། དྲི་དང་སྣོམ་པ་གཉིས་སུ་མེད།། ཆོས་ཐམས་ཅད་རོ་ལྟར་ཤེས་པར་བྱ་བའི་དམ་ཚིག་ནི། ཆོས་རྣམས་མ་ལུས་ཐམས་ཅད་ཀུན། ། གཞི་རྩ་མེད་པས་ཐམས་ཅད་འབྱུང།། དེ་བཞིན་དབང་པོ་དངོས་མེད་དང།། རྫས་ཀྱི་དངོས་པོ་མེད་པ་ཡང།། རྣམ་ཤེས་དབང་པོ་ཡུལ་ཚོགས་ན།། རོ་ཡི་དབང་པོ་ཐམས་ཅད་འགྲུབ།། རོ་དང་རོ་རུ་རྟོགས་པ་ཡིས། ། རང་བཞིན་མེད་པ་སྐད་ཅིག་མ།། ཆོས་རྣམས་ཐམས་ཅད་རེག་བྱ་ལྟར་ཤེས་པར་བྱ་བའི་དམ་ཚིག་ནི། གཟུགས་རྣམས་ལྦུ་བ་གདོས་པ་འདྲ།། ཚོར་བ་ཆུ་ཡི་བུར་བཞིན།། མཚན་འཛིན་སྨིག་རྒྱུ་བཞིན་དུ་གནས། ། རྣམ་ཤེས་སྒྱུ་མས་དབང་སྒྱུར་ན།། མཚན་མ་སྣ་ཚོགས་འབྱུང་བར་ངེས།། བདེ་བའི་རོ་མཆོག་ཀུན་ཡང་མྱོང།། དེ་ཉིད་བསོད་ནམས་ཚོགས་ཆེན་ཏེ།། བདེ་བ་ཆགས་མེད་ཡེ་ཤེས་ཡིན།། འདུས་བྱས་རྣམ་པར་དག་པ་ཞེས་བྱ་བའི་དམ་ཚིག་ནི། ། ཡང་དག་ཉིད་ལ་གནས་བཅས་ན།། ཕྱི་ནང་སྣོད་བཅུད་རྣམ་པར་དག། རགས་པ་སྣང་བ་དེ་བཞིན་གཤེགས།། སྒྱུ་མ་འཛིན་པ་ཡུམ་གྱི་དབྱིངས།། གཟུགས་ཀྱི་མཚན་མ་དངོས་པོ་མེད། ། གཅིག་ལའང་ལྔ་ལྔར་གཞིག་པ་དང།། ཐམས་ཅད་ནམ་མཁའི་ངང་དུ་གནས།། ནམ་མཁའ་དེ་བཞིན་ཆོས་ཀྱི་དབྱིངས།། འདུས་མ་བྱས་ཀུན་ཏུ་འབྱུང་བཞེས་བྱ་བའི་དམ་ཚིག་ནི། གཤེགས་སྐུ་སྒྱུ་མར་སྣང་བ་དང།། ལོག་རྟོག་སྒྱུ་མར་སྣང་བ་གཉིས།། གཞི་རྩ་མེད་དེ་རང་བཞིན་སྟོང།། རིགས་དང་རྒྱུད་དུ་རྟག་ཏུ་མེད།། རིགས་དང་ཁ་དོག་དབྱིབས་མེད་ལས།། ཕྱི་ནང་སྣོད་བཅུད་ཐམས་ཅད་སྣང། ། སྣང་བ་ཉིད་ན་ཆོས་ཀྱི་སྐུ།། ཅིར་ཡང་འགྱུར་ཞིང་ཐམས་ཅད་འགྲུབ།། ཅི་ཡང་མེད་པར་ཀུན་གྱི་བཞིན།། གླང་པོ་བརྗིད་གནོན་ཞེས་བྱ་བའི་དམ་ཚིག་ནི། སེམས་ཅན་མ་ལུས་ཐམས་ཅད་ཀུན།། རྣམ་རྟོག་འདུ་བྱེད་མང་པོས་གཡེངས། ། ཇི་ལྟར་བྱིས་པ་ཤེས་མ་བྱེ།། བྱ་བྱེད་མང་པོས་གཡེངས་པར་གནས།། བྱ་བྱེད་མང་པོ་བདག་མེད་པར།། ཏིང་ངེ་འཛིན་གྱིས་དབང་སྒྱུར་ནས།། མཚན་མའི་མཉམ་པའི་དབྱིངས་སུ་གནས། ། འདུ་བྱེད་སྣ་ཚོགས་མི་གཡོ་བརྟན།། དབང་ལྔ་རྫོགས་པ་ཞེས་བྱ་བའི་དམ་ཚིག་ནི། ཆོས་རྣམས་ཐམས་ཅད་སྐྱེ་མེད་པས།། ཤིན་ཏུ་བརྟན་པའི་དབང་ཐོབ་འགྱུར།། རང་རིག་ཡེ་ཤེས་འོད་གསལ་བས། ། ཐམས་ཅད་མཁྱེན་པའི་དབང་ཡང་ཐོབ།། ཆོས་རྣམས་ཐམས་ཅད་དབྱེར་མེད་པས།། ཀུན་ལ་སྤྱོད་པའི་དབང་ཐོབ་སྟེ།། སྤྱོད་པའི་ཆགས་པ་མེད་པའི་ཚུལ།། ཀུན་ཀྱང་རང་བཞིན་ཡེ་ནས་བཟླུམ།། ཐམས་ཅད་རྒྱས་འདེབས་ཞེས་བྱ་བའི་དམ་ཚིག་ནི། ཕྱོགས་བཞི་མཚམས་བཞི་སྟེང་འོག་བཅུ།། རང་བྱུང་ཆེན་པོས་ཀུན་ཏུ་ཁྱབ།། རང་བྱུང་དེ་ཉིད་དངོས་མེད་པར།། ཀུན་གྱི་ཕྱག་རྒྱའི་རྒྱུ་ཡིན་ནོ།། ཆོས་དབྱིངས་དེ་ཉིད་ཟབ་པ་ཉིད། ། ཀུན་ལ་གནས་ཤིང་རྟག་དཀའ་བའི།། རང་རིག་དག་པས་དབང་སྒྱུར་ནས།། མཉམ་པའི་དབྱིངས་སུ་ཐམས་ཅད་འདུས།། ཡེ་ནས་བདེ་གནས་ཞིང་དུ་གནས།། ཆོས་རྣམས་དབྱེར་མེད་ཅེས་བྱ་བའི་དམ་ཚིག་ནི། ཡེ་ནས་དབྱིངས་སུ་རོ་གཅིག་པས།། དེ་ལ་ང་དང་བདག་མ་རྟོག། རང་བཞིན་རྣམ་པར་དག་པ་ལ།། གཙང་དང་སྨེ་བའི་བློ་མ་བྱེད།། ཐམས་ཅད་བདེ་གཤེགས་སྙིང་པོ་བས།། རྐྱེན་གྱི་རྡུལ་གྱིས་ག་ལ་འགོ། ཤེས་རབ་མཆོག་གིས་དེ་ལྟར་རྟོགས།། མ་ལུས་ཀུན་འདུས་དབྱིངས་ཞེས་བྱོས།། ཐམས་ཅད་འཇིགས་བྱེད་ཅེས་བྱ་བའི་དམ་ཚིག་ནི། ཤེས་རབ་བློ་རྩལ་ལྡན་པ་ཡིས།། བདག་རྟོག་མཚན་མ་ཀུན་བཤིག་ནས། ། མཚན་ཉིད་མེད་པའི་ཕྱག་རྒྱ་རུ།། ཐམས་ཅད་འདུས་པར་ཡང་དག་རྟོགས།། རྟོགས་པ་ཉིད་ཀྱང་དངོས་མེད་ལ།། དེ་ཉིད་སྣ་ཚོགས་པར་སྣང་བ།། སྣང་བ་ཉིད་ན་བྱ་བྱེད་མེད།། དེ་ཉིད་འཇིགས་པའི་ཕྱག་རྒྱ་ཡིན། ། གཡུང་དྲུང་ཚེ་འཕེལ་ཞེས་བྱ་བའི་དམ་ཚིག་ནི། ཆོས་རྣམས་ཐམས་ཅད་བདག་ཡིན་པས།། གང་དུ་འགྲོ་ཞིང་གང་དུ་སྐྱེ།། འཇིག་དང་སྐྱེ་བའི་དངོས་པོ་མེད།། དངོས་མེད་དེ་ལ་སུ་ཞིག་བསད། ། གང་ཞིག་གཉིས་སུ་འཛིན་པ་ལ།། སྐྱེ་དང་འཆི་བ་དེ་ལ་ཡོད།། ཡེ་ཤེས་ཅན་གྱིས་རྟགས་པ་ན།། སྐྱེ་འཆི་ཉིད་ན་དངོས་པོ་མེད།། ཐམས་ཅད་མི་འགོག་པ་ཞེས་བྱ་བའི་དམ་ཚིག་ནི། མཆོག་གསུམ་རྫོགས་པ་མན་ཆད་ནས། ། ངན་སོང་གནས་རྣམས་ཐམས་ཅད་དུ།། ཡང་དག་པར་ནི་དབྱེར་མེད་དེ།། གང་ཡང་སྤང་བར་བྱ་བ་མིན།། ཐེག་པ་མཐོ་དམན་བསམ་ཡས་པ།། དོན་དུ་མི་འགྱུར་ཡོང་མ་གསུངས།། ངན་སོང་གནས་རྣམས་ཐམས་ཅད་ཀུན། ། བླ་མེད་བྱང་ཆུབ་རྒྱུ་ཡོད་པའོ།། ཐམས་ཅད་སྤྱོད་པ་ཞེས་བྱ་བའི་དམ་ཚིག་ནི། ཐམས་ཅད་ཀུན་ཏུ་བཟང་པོ་ཡི།། འདོད་པའི་ཡོན་ཏན་ལྔ་རྣམས་ལ།། ཐོགས་པ་མེད་པར་སྦྱར་བྱ་སྟེ། ། བསོད་ནམས་ཚོགས་ཆེན་ཡིན་པར་བརྟག། དེ་བཞིན་གཤེགས་པ་ལྔར་ཡང་བརྟག། གཞན་ཡང་སྟོང་ཁམས་ཐམས་ཅད་ན།། ཤེས་རབ་དབྱིངས་དང་འདོད་ཡོན་རྣམས།། རབ་འབྲིང་ཐ་མ་ཐམས་ཅད་སྤྱད། ། ཐམས་ཅད་མ་ཚུད་པ་ཞེས་བྱ་བའི་དམ་ཚིག་ནི། ཕྱོགས་དུས་མཉམ་པའི་དཀྱིལ་འཁོར་དུ།། རྡོ་རྗེ་རིགས་མཆོག་མ་རྟོགས་པ།། ཐེག་པ་དམན་དང་ལྟ་བ་དམན།། དེས་ནི་ཐེག་མཆོག་རྟོགས་མི་འགྱུར། ། མཉམ་པའི་དབྱིངས་ཀྱིས་ཀུན་ཁྱབ་ཀྱང།། ཉོན་མོངས་སྡུག་བསྔལ་ཉིད་ཀྱིས་བསྒྲིབས།། དེ་ཡིས་ཡང་བདག་ཉིད་མི་མཐོང།། མི་མཐོང་བ་ལ་མི་ཆུད་བྱ།། ཐམས་ཅད་བསྲུང་དུ་མེད་པ་ཞེས་བྱ་བའི་དམ་ཚིག་ནི། ཐམས་ཅད་མ་ལུས་སངས་རྒྱས་ལ།། བསྒྲུབ་ཅིང་བསྲུང་བར་བྱ་བ་མེད།། དགེ་དང་མི་དགེ་གཉིས་ཀ་མེད།། ཉོན་མོངས་སྤང་ཞིང་བྱང་སྒྲུབ་མེད།། དེ་བཞིན་ཉིད་ཀྱི་ཀླུང་གྱུར་ན།། བདེ་དང་མི་བདེ་དབྱེར་མེད་དེ། ། ཡེ་ནས་རྣམ་དག་མཉམ་ཉིད་གནས།། དེ་ལ་སྲུང་དུ་རྡུལ་ཙམ་མེད།། ཐམས་ཅད་བསྲུང་བྱ་ཞེས་བྱ་བའི་དམ་ཚིག་ནི། སེམས་ཅན་ཁམས་གསུམ་འཁོར་བ་ཡི།། ཐོག་མ་མེད་ནས་སེམས་ཡན་བཏང།། ཕྱིན་ཅི་ལོག་ལ་འཇོལ་ཉོག་སྤྱད། ། གཟུང་འཛིན་དོན་ལ་ཤིན་ཏུ་ཆགས།། དེས་ན་འཁོར་བར་རྟག་ཏུ་འཕྱན།། དེ་བས་རང་སེམས་རྟོགས་བྱས་ཏེ།། ལེ་ལོ་གཡེང་བ་ཡོངས་སྤངས་ནས།། ང་མེད་བདག་མེད་མཉམ་པར་བསྲུངས། ། ཐམས་ཅད་འཇིགས་བྱེད་ཅེས་བྱ་བའི་དམ་ཚིག་ནི། རྡོ་རྗེ་སེམས་དཔས་བཀའ་སྩལ་བའི།། སྡོམ་པའི་རྩ་བ་ཐམས་ཅད་ཀུན།། དེ་བཞིན་དུ་ན་མ་བསྲུངས་ནས།། ཡཀྵ་ཁྲོ་བོ་མེ་དབལ་གྱིས།། སྙིང་ནས་དྲངས་ཏེ་ཁྲག་འཐུངས་ནས། ། ངན་སོང་གསུམ་དུ་སྐྱེ་བར་འགྱུར།། དེ་ཡི་སྡུག་བསྔལ་གསོད་ཐག་ཆད།། དམ་ཚིག་འདི་ནི་རྡོ་རྗེ་ཆེ།། དམ་ཚིག་སོ་སོར་སྤྱད་པ་ཞེས་བྱ་བའི་དམ་ཚིག་ནི། རིགས་ལྔ་སོ་སོར་དབྱེ་བ་ཡི། ། དེ་བཞིན་གཤེགས་པ་ཁྱི་ཡི་ཤ། རྡོ་རྗེ་སེམས་དཔའ་གླང་པོའི་ཤ། རིན་པོ་ཆེ་ནི་རྟ་ཡི་ཤ། པདྨ་ཉ་ཡི་ཤ་ཆེན་དེ།། དོན་ཡོད་ནམ་མཁའ་ལྡིང་གི་ཤ། དབྱེའམ་ཡང་ན་མི་དབྱེ་བར།། ཡང་ན་ཐམས་ཅད་གཅིག་ཏུ་བསྡུ། ། ཡང་ན་མཚན་ཉིད་མེད་པར་བརྟག། ཏིང་ངེ་འཛིན་གྱི་དམ་ཚིག་ནི།། ཐམས་ཅད་མ་ལུས་ཆོས་སོ་ཅོག། དེ་བཞིན་ཉིད་ཀྱི་རྒྱས་བཏབ་པས།། གཉིས་སུ་དབྱེར་མེད་ཏིང་འཛིན་བརྟན།། དེ་ལྟར་སངས་རྒྱས་སེམས་ཅན་ནི། ། རང་རིག་བྱང་ཆུབ་སེམས་ཡིན་པས།། དུས་གསུམ་ན་ནི་རྒྱལ་མི་བཞུགས།། སུས་ཀྱང་མ་བཅོས་མ་བྱས་པའི།། བརྗོད་པའི་ཚིག་ལས་འདས་པ་དེ།། རྒྱལ་བ་ཡིན་ཞེས་རྒྱལ་བ་གསུང། ། དེ་ལྟར་ཤེས་པ་རྒྱལ་བ་པས།། ཐབས་མཁས་ཤེས་པའི་ཏིང་འཛིན་ཡིན།། ཕྱག་རྒྱའི་དམ་ཚིག་ཆེན་པོ་ནི།། བདེ་གཤེགས་དཀྱིལ་འཁོར་མ་ལུས་ཀུན།། ཡེ་ནས་རང་བཞིན་འོད་གསལ་བ།། ཐམས་ཅད་ཀུན་ལ་ཡོད་པར་བཤད། ། ཡེ་ཤེས་སེམས་དཔའ་དཀྱིལ་འཁོར་ཉིད།། བླ་ན་མེད་པའི་མཆོག་ཡིན་ཏེ།། རྡོ་རྗེ་རིགས་མཆོག་ཐམས་ཅད་ཀྱི།། བར་མ་ཆད་པ་རྟག་པར་སྒྲུབ།། བྱང་ཆུབ་ཤིང་དྲུང་སྐྱེ་བར་འགྱུར།། བླ་མེད་བྱང་ཆུབ་མཆོག་ཀྱང་འགྲུབ། ། སྐྱེ་ཤི་མེད་པའི་བདེ་འགྲུབ་སྟེ།། སེམས་ལ་དབང་ཡང་ཐོབ་པར་འགྱུར།། སྤྱོད་ཡུལ་ཐམས་ཅད་སྨོན་ན་ཤེས།། གང་ཞིག་དཀྱིལ་འཁོར་འདི་སྤངས་ན།། ཉོན་མོངས་ངན་སོང་གནས་སུ་སྐྱེ། ། བྱང་ཆུབ་འབྲས་བུ་ཐོབ་མི་འགྱུར།། བླ་མེད་འགྲོ་བའི་རྒྱུན་ཡང་བཅད།། རིགས་ཆད་ཉིད་དུ་གནས་པར་འགྱུར།། རྡོ་རྗེ་སེམས་དཔའ་སྒྲུབ་འདོད་པས།། རྟག་ཏུ་མཉམ་པའི་དོན་རྟོགས་ལ།། སྐུ་ནི་གཞའ་ཚོན་ཚུལ་འདྲ་བར། ། སྣང་ལ་རང་བཞིན་མེད་པར་བསྒོམ།། འཁོར་རྣམས་ཆུ་ཟླའི་ཚུལ་ཤེས་པར།། གསལ་ལ་རང་བཞིན་མེད་པར་བསྒོམ།། ལྷ་ཡི་བུ་རྣམས་གསལ་བསྒོམ་ན།། བསོད་ནམས་ཚོགས་ཆེན་ཐོབ་པར་འགྱུར། ། དེ་ཉིད་གཟུགས་བརྙན་ཚུལ་ཤེས་ན།། ཡེ་ཤེས་ཚོགས་ཆེན་ཐོབ་པར་འགྱུར།། རྣལ་འབྱོར་པས་ནི་རྟག་ཏུ་བསྒོམ།། ཡིད་དམ་ལྷ་དེ་སྤངས་བྱས་ན།། ངན་སོང་མི་བདེ་རྟག་ཏུ་མྱོང།། སྔགས་དང་ཕྱག་རྒྱ་རྒྱུན་མི་བཅད། ། དོན་གྱིས་ཟིན་པར་བྱ་བ་ནི།། རྣལ་འབྱོར་འགྲུབ་པའི་ལམ་ཡིན་པས།། སྔགས་དང་ཕྱག་རྒྱ་རྒྱུན་མི་བཅད།། རྣལ་འབྱོར་དམ་པའི་ལམ་ཡང་ཡིན།། མི་གཏོང་སྡོམ་ཞིང་འདྲེན་པའང་ཡིན། ། དོན་མཆོག་རྫོགས་པའི་གནས་ཡིན་ཏེ།། རྟག་ཏུ་མཉམ་གཞག་ཕྱག་རྒྱ་ཡིན།། དུག་གསུམ་གཏིང་འབྱིན་སྔགས་ཡིན་ཏེ།། ཡང་དག་དོན་ཆེན་ཀླུང་འདོད་པས།། དུས་འཚམས་མེད་པར་ཕྱག་རྒྱ་སྔགས།། ཡིད་བརྟན་རྟག་ཏུ་བཟླས་བསྒོམ་བྱ། ། ཡོན་ཏན་ནམ་མཁའི་མཐའ་དང་མཉམ།། ཕྱག་རྒྱ་སྤྱོད་དང་ཡི་གེ་ཨོཾ།། རྡོ་རྗེ་སློབ་དཔོན་གྱི་མཚན་ཉིད་བསྟན་པ། བླ་མེད་དཀྱིལ་འཁོར་སྟོན་པའོ།། ཡོན་ཏན་ཟད་མེད་སྦྱིན་པ་ཡིན། ། བྱང་ཆུབ་ལམ་ཆེན་འདྲེན་མཛད་པ།། ཆགས་མེད་ཞིང་དུ་འགོད་པ་ཡིན།། ཉོན་མོངས་སྡུག་བསྔལ་རྩད་གཅོད་ཅིང།། འཁོར་བའི་ལམ་རྣམས་སྟོངས་པར་བྱེད།། མ་རིག་མུན་སེལ་སྒྲོལ་མ་ཡིན། ། ལོང་བ་རྣམས་ཀྱི་དམིགས་བུ་མཁན།[་]། དེ་ལ་རྟག་ཏུ་མཆོད་བྱས་ན།། སངས་རྒྱས་བྱང་ཆུབ་ཐག་མི་རིང།། རྡོ་རྗེ་མཆེད་ལྕམ་གྲོགས་མཆོག་ནི།། རང་སེམས་དག་པས་འགྲུབ་སླའི་ཕྱིར།། རྡོ་རྗེ་རིགས་ཀྱི་སྤུན་ཡིན་ཏེ། ། ཐོག་མ་མེད་ནས་ལས་མཐུན་པས།། ལྟ་སྤྱོད་གཅིག་ཏུ་འདིར་སྐྱེ་སྟེ།། གཅིག་ལ་གཅིག་ནི་མིག་འདྲར་བྱ།། ཤིན་ཏུ་གདུང་ཞིང་བརྩེ་བར་བྱ།། མཆེད་ལ་ངན་སེམས་དཔྱ་བྱས་ན།། དམྱལ་བ་ཆེན་པོར་ལྟུང་བར་འགྱུར། ། དེ་བས་དམ་ཚིག་འདའ་མ་བྱེད།། གསང་བའི་མཚན་ཉིད་བསྟན་པ་ནི།། དེ་བཞིན་གཤེགས་པའི་དཀྱིལ་འཁོར་ནི།། སྲིད་གསུམ་མ་ལུས་ཀུན་ལ་ཁྱབ།། ཕྱིན་ཅི་ལོག་གིས་རང་བསྒྲིབས་ནས། ། དབུལ་མོ་གཏེར་དང་གྱད་ནོར་འདྲ།། དེ་བས་རྡོ་རྗེ་གསང་མཆོག་འདི།། གསང་བའི་སྣོད་དང་མི་ལྡན་ལ།། ཤིན་ཏུ་གསང་ཕྱིར་བསྟན་མི་བྱ།། ཐམས་ཅད་མཁྱེན་པའི་ཐུགས་རྗེ་ཡིས།། ཆོས་ལ་སྐྱོན་ཡོད་མ་ཡིན་ཏེ། ། སེམས་ཅན་དོན་ཕྱིར་ཤིན་ཏུ་གསང།། ཐེག་པ་དམན་དང་ཕྱིན་ཅི་ལོག། དེ་ལ་གསང་བ་བསྟན་གྱུར་ན།། རང་བཞིན་གསང་དོན་མི་ཤེས་པར།། འཕྲལ་གྱི་སྤྱོད་ཚུལ་དེ་དག་ལ།། ཤིན་ཏུ་ངེས་པའི་དོན་གཟུང་ནས། ། གསང་དོན་དེ་ཉིད་ལོག་པར་འཁྲིད།། མ་རྟོགས་དེ་ཉིད་དམྱལ་བར་འཁོར།། དེ་བས་རབ་ཏུ་གསང་བར་བྱ།། ཐུགས་རྗེ་ཆེན་པོ་དང་ལྡན་པས།། ཐར་ལམ་ཀུན་ལ་མཁས་པར་བྱ།། ཤེས་རབ་མཆོག་དང་ལྡན་པས་ན། ། སེམས་ཅན་སྣོད་རིམ་དང་སྦྱར་ཞིང།། ཐེག་པ་མཐོན་དམན་དོན་ཉིད་ནི།། སོ་སོར་འཚམ་པར་ཀུན་ལ་བསྟན།། དང་དུ་བླང་དང་མི་སྤང་བ།། རྣལ་འབྱོར་པ་ཡིས་རྟག་ཏུ་སྤྱད།། ཆགས་པ་མེད་པར་གྱུར་པ་དང། ། དངོས་གྲུབ་ཡ་མཚན་ཆེན་པོ་ནི།། དམ་ཚིག་མདོ་བཤད་ནང་ནས་འབྱུང།། མ་རྟོགས་པ་ཡིས་སྤྱད་གྱུར་ན།། ཡི་དྭགས་སྲིན་པོའི་གནས་སུ་སྐྱེ།། ཡང་ན་དམ་ཚིག་འདི་ལྟར་བུར།། ཇི་ལྟར་སྤྱད་ཀྱང་སྡོམ་མི་འདའ། ། བྱེད་སྤྱོད་ཚོགས་ཆེན་གཉིས་སུ་འགྱུར།། འགྲོ་དང་འདུག་དང་ཉལ་བ་ན།། མ་ཉམས་དེ་ཡི་དབྱིངས་ན་གནས།། ཤེས་རབ་མཆོག་གིས་རྟག་ཏུ་གྱིས།། ཆོས་རྣམས་མ་ལུས་ཐམས་ཅད་ལ།། བྱ་ལམ་ནམ་མཁའ་གཅོད་བཞིན་གྱིས། ། འཛིན་ཆགས་མ་ལུས་ཐམས་ཅད་ཀུན།། མཁའ་ལ་རླུང་ཆེན་འཕྱོ་བ་བཞིན།། ཡིད་ཀྱི་རྟོགས་ཆགས་མ་ལུས་པ།། ཆུ་ལ་ཉ་ཆེན་འཕྱོ་བ་ལྟར།། རྣལ་འབྱོར་ལྟ་བ་དེ་ལྟར་ལྟོས། ། དེ་ལྟར་རྟོགས་པའི་ཤེས་རབ་ཀྱིས།། ཚིག་ཙམ་མ་ཡིན་བློ་གཏིང་སྤོས།། རྡོ་རྗེ་ཐེག་མཆོག་ཁས་འཆེས་པ།། མཉམ་པའི་དོན་ཉིད་མི་ཤེས་པར།། གསང་སྔགས་དམ་ཚིག་མཉམ་ཟེར་ཞིང།། ཐུག་ཐུབ་དག་ཏུ་སྤྱད་བྱས་ན། ། དམྱལ་ཁམས་དག་ཏུ་བརྒྱུད་པར་འགྱུར།། མཉམ་པའི་དོན་ཉིད་ཇི་ལྟ་བུར།། མཉམ་ཉིད་རང་བཞིན་གང་ཡང་མིན།། མཉམ་དང་རྟོག་པ་གང་ཡང་མེད།། ཅི་ལའང་མི་གནས་ཀུན་ལ་སྤྱོད། ། སྤྱོད་པར་བྱེད་དང་སྤྱད་པ་མེད།། དེ་ལྟར་རྟོགས་པའི་རིགས་མཆོག་ནི།། རྡོ་རྗེ་རིགས་མཆོག་འཛིན་པར་སྐྱེ།། འཇིགས་མེད་ཀུན་ཏུ་བཟང་པོར་སྦྱོར།། ཡོན་ཏན་མི་ཟད་གནས་ཀྱང་ཡིན།། མཉམ་པའི་དོན་ཉིད་མི་ཤེས་ཤིང། ། ཀུན་རྫོབ་དོན་དམ་གཉིས་འབྱེད་ལ།། ཆོས་དང་གང་ཟག་བདག་མེད་པར།། འདི་ནི་བྱང་ཆུབ་ས་བ་ཡིན།། ལས་དང་ཉོན་མོངས་ཐམས་ཅད་ལ།། མཉམ་པའི་དོན་དུ་མི་ཤེས་ཤིང།། རྟེན་འབྲེལ་རྒྱུ་འབྲས་ཡོད་འཛིན་ན། ། འདི་ན་རིང་སངས་རྒྱས་ཀྱི་ས།། ཆོས་རྣམས་མ་ལུས་ཐམས་ཅད་ལ།། བདེན་བཞིའི་དངོས་པོ་ཡོད་བལྟ་ཞིང།། སྤོང་དང་མི་སྤོང་བྱེད་གྱུར་པ།། འདི་ནི་ཉན་ཐོས་ས་པ་ཡིན།། དགེ་བཅུ་དག་ལ་གཙོར་ལེན་ཅིང། ། དགེ་དང་མི་དགེ་མི་མཉམ་པས།། ལྷ་དང་མི་ཡི་སྐྱེ་གནས་ཏེ།། འདོད་ཁམས་དག་ཏུ་འཁོར་བའི་ས།། མཉམ་པའི་དོན་ཉིད་མ་རྟོགས་ཤིང།། ཚད་མེད་བཞི་དང་བསམ་གཏན་བཞི།། རིམ་པར་སོ་སོར་བདག་འཛིན་ཅིང། ། གཟུགས་སོགས་རྣམས་ལ་བདག་ཏུ་རྟོགས།། དེ་ནི་ཚངས་གནས་རིམ་པར་སྐྱེ།། མཉམ་དང་གཟུགས་མེད་མ་རྟོགས་ནས།། མིང་བཞི་མེད་པར་མི་ཤེས་དེ།། སྐྱེ་མཆེད་བཞི་ལ་གནས་གྱུར་པ། ། སྲིད་པའི་རྩེ་མོའི་ས་རུ་སྐྱེ།། ཐམས་ཅད་མཉམ་པར་མ་ཤེས་ནས།། མ་ལུས་ཀུན་ལ་ཞེ་སྡང་ཞིང།། སྙིང་རྗེ་ཡང་དག་མེད་གྱུར་ན།། འདི་ནི་མི་ཟད་ཆེན་པོ་ཡི།། དམྱལ་ཁམས་བཅུ་དྲུག་གནས་པ་ཡིན། ། ཆགས་མེད་དངོས་པོ་མི་ཤེས་ན།། ཐམས་ཅད་ཀུན་ལ་འདོད་ཆགས་ཤིང།། ལུས་ཀྱི་བསྒྲིབས་དང་ཟས་ཀྱིས་བསྒྲིབས།། ཡི་དགས་ཆེན་པོའི་གནས་སུ་སྐྱེ།། ང་དང་བདག་མེད་མ་ཤེས་ཤིང།། ཆོས་རྣམས་ཀུན་ལ་རྨོངས་བྱས་པས། ཤེས་རབ་གསལ་དོན་མེད་པས་ན།། དགེ་སྡིག་གཉིས་ཀྱི་དོན་མ་རྟོགས།། འདི་ནི་བྱོལ་སོང་གནས་སུ་སྐྱེ།། ཤིན་ཏུ་ང་རྒྱལ་ཆེར་བསྐྱེད་ཅིང།། ཐམས་ཅད་བདག་གིར་བཟུང་བས་ན།། ཀུན་དང་རྩོད་པའི་ལས་བྱེད་ཅིང། ། ལྷ་མ་ཡིན་གྱི་གནས་སུ་སྐྱེས།། ཐེག་མཆོག་མཐོ་དམན་ཐམས་ཅད་དང།། འཇིག་རྟེན་ལྟ་བ་ཐམས་ཅད་ཀུན།། ཡེ་ཤེས་ཆེན་པོ་རབ་བརྟགས་ན།། རང་བཞིན་མེད་ལས་ཅིར་ཡང་འགྲུབ། ། རང་བཞིན་དབྱིངས་ལས་ཉམས་པ་མེད།། ཤེས་རབ་ཆེན་པོའི་མིག་ལྡན་པས།། མཐོན་དམན་གནས་དང་ལམ་དྲུང་གནས།། སོ་སོ་དེ་བཞིན་འཁོར་བར་གཟིགས།། སྔགས་མཆོག་བླ་ན་མེད་པས་ན། ། མཚན་མ་ཀུན་ཏུ་མི་རྟག་པར།། མཉམ་པའི་ངང་དུ་ཐམས་ཅད་མེད།། ཀུན་ཀྱང་མཉམ་པ་ཉིད་ཡིན་པས།། འཇིག་རྟེན་འདས་དང་འཇིག་རྟེན་པའི།། སོ་སོ་ལྟ་བ་བརྗོད་མི་བྱ།། སྤྱིར་ནི་ལོག་རྟོག་བསམ་ཡས་པ། ། ཡེ་ནས་ཡོད་པ་མ་ཡིན་ཏེ།། སོ་སོའི་རྣམ་རྟོག་བག་ཆགས་ཀྱིས།། གཟུང་འཛིན་དྲ་བས་བསྒྲིབས་གྱུར་ཏེ།། ཅི་ཡང་མེད་ལ་ཅིར་ཡང་སྣང།། སྣང་བ་ཉིད་ན་རང་བཞིན་མེད།། དེ་ལྟར་རྟོགས་ན་བདེ་འགྲོའི་གནས། ། རྡོ་རྗེ་ཅན་གྱིས་དེ་ལྟར་རྟོགས།། རྣལ་འབྱོར་ཆེན་པོའི་ལྟར་སྤྱོད་ནི།། ཇི་ལྟར་སྤྱོད་ཀྱང་རང་བཞིན་མེད།། མཁའ་ལ་བྱ་ཆེན་ལྡིང་བ་བཞིན།། ཆུ་ལ་རྐྱལ་ཆེན་འཕྱོ་བ་བཞིན།། མཁའ་ལ་རླུང་ཆེན་འགྲོ་བ་བཞིན། ། རྣལ་འབྱོར་ལྟ་བ་དེ་ལྟར་བལྟ།། རྣལ་འབྱོར་སྤྱོད་པ་ཆེན་པོ་ནི།། ཐམས་ཅད་ཀུན་ལ་དབྱེར་མེད་སྤྱོད།། བདེ་བའི་རོ་མཆོག་མྱོང་བར་འགྱུར།། དེ་ལ་སུ་ཞིག་ཆགས་པར་བྱེད།། སྤྱོད་བཞིན་མ་ཆགས་ཡེ་ཤེས་ཡིན། ། བདེ་བའི་མཆོག་ཉིད་བསོད་ནམས་ཚོགས།། དེ་ལྟ་བུ་ཡི་ངང་དུ་སྤྱོད།། འདི་ནི་སྤྱོད་པ་བརླབས་ཆེན་ཡིན།། ལྟ་སྤྱོད་ཡ་ཆར་མ་གྱུར་པས།། སྔགས་འཆང་རྣམས་ཀྱིས་རྟག་ཏུ་སྤྱད། ཁ་ཅིག་ལྟ་བ་མཉམ་གནས་དང། ། སྤྱོད་པ་དག་དང་ཡོང་མི་མཐུན། ཁ་ཅིག་སྤྱོད་པ་རྫོགས་བྱེད་ཀྱང།། མཉམ་པའི་ལྟ་བ་ཡོང་མི་ཤེས། ཁ་ཅིག་ལྟ་སྤྱོད་གཉིས་ཀ་མེད།། ཡང་དག་སྐྱེས་མཆོག་དམ་པ་ཡིས།། དོན་དམ་ཀུན་རྫོབ་དབྱེར་མེད་པར། ། ཡང་དག་ཉིད་དུ་རབ་ཏུ་རྟོགས།། བླ་མེད་ཐེག་པའི་ནང་ནས་ནི།། དོན་དམ་དུ་ནི་དབྱེར་མེད་དེ།། ཀུན་རྫོབ་ཙམ་དུ་ཐམས་ཅད་ལ།། དག་དང་མ་དག་གཉིས་ཀར་འཛིན།། ཐབས་ཀྱི་ཐེག་པ་ཆེན་པོ་ནི། ། རྣམ་པར་བྱང་དང་སྡུག་བསྔལ་དག། ཀུན་རྫོབ་ཏུ་ཡང་དབྱེར་མེད་དེ།། ལྟ་བ་མཐོ་དམན་དེ་ཙམ་མོ།། ཐབས་ཀྱི་ལྟ་སྤྱོད་ཆེན་པོ་ནི།། བླ་མེད་ཐེག་པ་ལས་འཕགས་པ།། དོན་དམ་དུ་ནི་ནོར་བདུན་ནོ།། ཀུན་རྫོབ་ཏུ་ནི་མཉམ་རྫོགས་སོ། ། མཉམ་པ་ཉིད་ལས་མ་གཡོས་བཞིན།། ཐབས་ཀྱི་ཕྱག་རྒྱ་ཆེན་པོ་སྟོན།། ཐབས་དང་ཤེས་རབ་རྣམ་པར་དག། ཐམས་ཅད་དག་ཅེས་བྱ་བ་ཡང།། དངོས་པོ་གསལ་དག་མ་ཡིན་ཏེ། ། སྣང་སྤྱོད་ཉིད་ན་རྣམ་པར་དག། དམ་ཚིག་ཆེན་པོའི་མདོ་རྣམས་ལས།། རིགས་ལྔ་དག་ཏུ་བསྟན་པ་ནི།། ཆོས་རྣམས་མ་ལུས་ཐམས་ཅད་ཀུན།། རིགས་ཆེན་དག་ཏུ་ཟད་པར་འདུས།། མ་ལུས་ཆོས་ཀུན་དབྱེར་མི་དམིགས། ། ཅིས་ཀྱང་མི་ཚུགས་རྡོ་རྗེ་སྟེ།། རིགས་ངན་འཇོམས་པས་རྡོ་རྗེ་ཡིན།། མི་དམིགས་དབྱིངས་ནས་ཀུན་འབྱུང་བས།། ཡོན་ཏན་ཆེན་པོའི་གནས་ཡིན་ཏེ།། ཞིང་ཁམས་མི་ཟད་གནས་ཀྱང་ཡིན།། འདི་ནི་རིན་ཆེན་རིགས་སུ་གསུངས། ། ཆོས་རྣམས་ཐམས་ཅད་དབྱེར་མེད་པས།། ཆགས་དང་ཆགས་པར་བྱ་མེད་པས།། དེ་བཞིན་ཉིད་དུ་དོན་གཅིག་སྟེ།། ཉེས་པས་མ་གོས་པདྨ་ཡིན།། ཐམས་ཅད་མ་ལུས་དབྱིངས་འདུས་པས། ། འདི་ལ་བྱ་བ་རྡུལ་ཙམ་མེད།། མ་བྱས་བཞིན་དུ་དོན་གྲུབ་པས།། སྐྱོན་ཡོན་བྱང་ཆུབ་ཉིད་དུ་སྦྱོར།། འདི་ནི་ལས་རྣམས་གྲུབ་པ་ཡིན།། ཆོས་རྣམས་མ་ལུས་ཐམས་ཅད་ཀུན།། མཐའ་དང་དབུས་མེད་དུ་མ་བྲལ། ། གང་ཡང་མ་ཡིན་དེ་བཞིན་ཉིད།། དབྱེར་མེད་པ་ཡི་ཚུལ་རྟོགས་ཏེ།། འདི་ནི་དེ་བཞིན་གཤེགས་ཀྱི་རིགས།། སྣང་སྲིད་མ་ལུས་ཐམས་ཅད་ཀུན།། གསལ་བ་དྲོ་བར་གནས་བྱེད་ཅིང།། མཚན་མའི་བག་ཆགས་སྲེག་བྱེད་པ། ། འདི་ན་མེ་ཡི་རིགས་སུ་བཤད།། ཆོས་རྣམས་མ་ལུས་ཐམས་ཅད་ལ།། ངང་གིས་ཡེ་ནས་འབྱོར་ལྡན་ཞིང།། མཉེན་ཆགས་ཉིད་དུ་གནས་པ་ནི།། ཡང་ནས་ཡང་དུ་རྒྱུན་མ་ཆད།། མི་བདེ་དག་བས་ཆུ་ཆེན་ཡིན། ། ཆོས་རྣམས་མ་ལུང་ཐམས་ཅད་ནི།། དངོས་པོར་སྣང་ལ་གཟུང་དུ་མེད།། བསྐྱོད་ནས་ཐམས་ཅད་ཀུན་སྨྲ་སྟེ།། འདི་ནི་རླུང་ཆེན་ཡིན་པར་བཤད།། དམ་ཚིག་ཆེན་པོའི་མདོ་རྣམས་ལས། ། འབྱུང་བ་ལྔ་རྣམས་བཤད་པ་ནི།། ཐམས་ཅད་མ་ལུས་འབྱུང་བའི་གནས།། ཐམས་ཅད་ཀུན་གྱི་འཚོ་སྐྱེད་ཡིན།། ཆོས་རྣམས་མ་ལུས་ཐམས་ཅད་ལ།། སྲ་ཞིང་རྟེན་པའི་གནས་ཡོད་པས།། དངོས་པོ་མེད་པའི་ཚུལ་རྟོགས་ཏེ། ། འདི་ནི་ས་ཆེན་ཡིན་པར་བཤད།། ཆོས་རྣམས་མ་ལུས་ཐམས་ཅད་ལ།། དེ་བཞིན་ནམ་མཁའ་ཆེན་པོ་ཡིས།། ཕྱི་དང་ནང་གི་གོ་འབྱེད་པའོ།། ཐམས་ཅད་གསལ་བའི་ངང་ཡིན་ཏེ།། འབྱུང་བ་བཞི་པོ་ཐམས་ཅད་ཀྱང། ། ཐམས་ཅད་ནམ་མཁའི་ངང་དུ་ཐིམ།། ཆོས་རྣམས་མ་ལུས་ཐམས་ཅད་ཀྱང།། དེ་བཞིན་ཉིད་ཀྱི་དབྱིངས་སུ་འུབ།། ཉོན་མོངས་པ་ལྔ་ཞེས་བྱ་བའི་དམ་ཚིག་ནི། མ་རིག་པ་ནི་རིག་པར་གྱུར། ། ཕྱིན་ཅི་ལོག་ནི་ཡང་དག་སྟེ།། ཉོན་མོངས་ལྔ་པོ་དེ་བཞིན་གཤེགས།། དངོས་མེད་རྟོགས་ན་བྱང་ཆུབ་ལམ།། མ་རྟོགས་ངན་སོང་གསུམ་དུ་འགྲོ།། དེ་བས་ཐོས་བསམ་བསྒོམ་པ་ཡིས།། ཡང་དག་དོན་ཉིད་རྟོགས་བྱས་ཏེ། ། ཐམས་ཅད་སངས་རྒྱས་ཞིང་དུ་སྦྱོར།། འདོད་ཆགས་རང་བཞིན་མེད་པས་ན།། ཡང་དག་དོན་ལ་ཆགས་བྱེད་དེ།། ཆགས་པ་མེད་པའི་ཚུལ་གྱིས་གནས།། མ་ཆགས་པ་ལ་ཆགས་པ་ནི།། ཤིན་ཏུ་ཆགས་མཆོག་ཆེན་པོ་ཡིན། ། རྒྱལ་བའི་ཞིང་ཁམས་འབྱུང་འགྱུར་བ།། སྣང་མཐའ་ཡས་ཀྱི་ཞིང་དག་ཡིན།། ཐམས་ཅད་པདྨར་རྫུས་ལས་སྐྱེས།། རྡོ་རྗེ་འཛིན་གྱི་ས་རུ་སྟེ།། ཞེ་སྡང་ཆེན་པོའི་མཚན་ཉིད་ནི།། ཕྱིན་ཅི་ལོག་ལ་ཞེ་སྡང་ཞིང། ། ཞེ་སྡང་དངོས་པོ་མེད་ཤེས་ན།། ཞེ་སྡང་མི་སྡང་མཉམ་ཤེས་ཏེ།། ཅིས་ཀྱང་མི་ཚུགས་རྡོ་རྗེ་ཡིན།། མཉམ་པ་ཆེན་པོའི་ངང་ཉིད་ནི།། ཐམས་ཅད་ཀུན་ཏུ་དབྱེར་མེད་དེ།། དེ་ལྟར་མ་རྟོགས་ཀུན་ལ་སྡང། ། དེ་བཞིན་ཕལ་གྱིས་མཉམ་མི་ཤེས།། དེས་ནི་ཞེ་སྡང་ཉིད་དུ་མཐོང།། ཡང་དག་རྟོགས་པས་རབ་བརྟགས་ན།། ཞེ་སྡང་ཐུགས་རྗེ་ཆེན་པོ་ཡིན།། གཏི་མུག་རྨོངས་པ་ཞེས་བརྗོད་པ།། ཆོས་རྣམས་མ་ལུས་ཐམས་ཅད་ཀུན། ། དོན་དམ་དུ་ནི་དབྱེར་མེད་ལ།། ཀུན་རྫོབ་སྒྱུ་མ་མིག་ཡོར་ཚུལ།། སྣང་བ་ཉིད་ན་དངོས་པོ་མེད།། དེ་ལ་སུ་ཞིག་གཉིས་སུ་འཛིན།། ཐམས་ཅད་དབྱེར་མེད་མི་དམིགས་པ།། ཤེས་རབ་ཅན་གྱི་གཏི་མུག་ཡིན། ། དེ་རྟོགས་དེ་བཞིན་གཤེགས་པའོ།། ང་རྒྱལ་མཚན་ཉིད་བརྗོད་པ་ནི།། མཉམ་པ་ཉིད་ལ་གནས་བཅས་ནས།། ཕྱིན་ཅི་ལོག་དང་ཐེག་དམན་ལ།། ཤིན་ཏུ་ང་རྒྱལ་ཆེན་པོར་སྣང།། ང་རྒྱལ་ཞི་བ་སོ་སོ་མིན། ། རང་བཞིན་མེད་པས་དབྱིངས་སུ་འདུས།། འདི་ནི་ཡོན་ཏན་འབྱུང་གནས་ཡིན།། དེ་བཞིན་དག་པར་ཤེས་པར་བྱོས།། ཕྲག་དོག་མཚན་ཉིད་བརྗོད་པ་ནི།། ང་དང་བདག་ཏུ་འཛིན་པ་སྟེ། ། འཛིན་ཉིད་དངོས་པོ་ཡོད་མ་ཡིན།། མཉམ་མི་ཤེས་ལ་ཕྲག་དོག་ཅིང།། ཐམས་ཅད་མཉམ་པ་ཉིད་དུ་འདུས།། མི་མཉམ་པ་ལ་ཤིན་ཏུ་སྡོམ།། དེ་བས་ཕྲག་དོག་ཆེན་པོ་ཡིན།། ཕྱིན་ཅི་ལོག་ནི་བདག་ཏུ་བཅིངས། ། གཟུང་དང་འཛིན་པ་ཤིན་ཏུ་དོག། གཟུང་འཛིན་བྲལ་བའི་ཡེ་ཤེས་ནི།། དོག་ཡངས་མེད་དེ་ཐམས་ཅད་མཉམ།། དེ་ཉིད་ཤེས་པས་ལས་རབ་འགྲུབ།། ཕུང་པོ་ལྔ་ཤེས་བྱ་བའི་དམ་ཚིག་ནི། ཕུང་པོ་ལྔ་པོར་སྣང་བ་ཡང། ། ཀུན་རྫོབ་བྱ་བ་སྣ་ཚོགས་བྱེད།། བདེ་བའི་ཡུལ་དང་མི་བདེའི་ཡུལ།། སོ་སོའི་རོ་རྣམས་མྱོང་བྱེད་ཅིང།། ཕུང་པོའི་མཚན་ཉིད་གཞིག་བྱས་ན།། སོ་སོའི་མཚན་ཉིད་དངོས་པོ་མེད།། གང་གིས་དེ་ལ་དངོས་གཟུང་ན། ། ངན་སོང་གསུམ་དུ་སྐྱེ་བར་འགྱུར།། དེ་ལ་གཟུགས་ཀྱི་མཚན་ཉིད་ནི།། སྣང་བ་ཉིད་ན་རང་བཞིན་མེད།། སྣང་མེད་དེ་ཉིད་སྣ་ཚོགས་སྟོན།། སྣང་དང་མི་སྣང་གཉིས་སུ་མེད།། དེ་རྟོགས་རྣམ་པར་ཐར་པའི་གནས། ། གཟུགས་ཉིད་ལོངས་སྤྱོད་རྫོགས་པའི་སྐུ།། ཚོར་བའི་མཚན་ཉིད་བརྗོད་པ་ནི།། ཀུན་ལ་རྣམ་གསུམ་འབྱུང་མོད་ཀྱི།། བདེ་དང་མི་བདེའི་དངོས་པོ་མེད།། གཉིས་ཀ་མ་ཡིན་ལུང་མ་བསྟན། ། སྣ་ཚོགས་ཚོར་བ་འབྱུང་འགྱུར་ཡང།། ཚོར་དང་འབྱུང་བ་གཉིས་ཀ་སྟོང།། སྟོང་ཉིད་དངོས་པོ་ཡོད་མ་ཡིན།། དེ་རྟོགས་ཆོས་ཀྱི་གོ་བགོས་ཡིན།། འདུ་ཤེས་མཚན་ཉིད་བཤད་པ་ནི།། གསུམ་ཚོགས་མཚན་མར་འཛིན་པ་ཡིན། ། སོ་སོའི་མཚན་ཉིད་གཤིག་པ་ན།། དངོས་པོ་མེད་དེ་དེ་བཞིན་ཉིད།། དངོས་མེད་དེ་ཉིད་སྣ་ཚོགས་པ།། བྱ་བྱེད་མེད་པར་ཀུན་ཏུ་འཇུག་ཁམས་གསུམ་མ་ལུས་ཐམས་ཅད་ལ།། མཚན་མ་ཆེ་ཆུང་བསམ་མི་ཁྱབ། ཁྱབ་མེད་དངོས་པོ་ཡོད་མ་ཡིན།། དེ་ལྟར་རྟོགས་ན་སངས་རྒྱས་མཚན།། འདུ་བྱེད་མཚན་ཉིད་འདི་ལྟར་གནས།། རྩ་བ་བརྒྱད་པོས་ཀློང་འགྱུར་ཏེ།། ལྔ་བཅུ་རྩ་གཉིས་ཀུན་ལ་འཕྲོ།། དེ་རྟོགས་རྩ་བ་ཡོད་མ་ཡིན། ། མེད་བཞིན་ལོག་གཡོ་རྣམ་པར་འབྱུང།། དེ་ལ་དངོས་པོར་འཛིན་པ་ནི།། རྟག་ཏུ་ཉོན་མོངས་གཡེངས་གྱུར་ནས། ཁམས་གསུམ་བཙོན་རར་རྒྱུན་དུ་འཁོར།། ཡང་དག་དོན་བཞིན་རིག་པས་ནི།། འཕྲོ་བའི་གཞི་རྩ་དེ་བཞིན་ཉིད། ། དེ་ལས་རང་རིག་འབྱུང་བ་ནི།། དངོས་པོ་མེད་དབྱིངས་སྐད་ཅིག་མ།། ཡེ་ཤེས་དབྱིངས་ལ་རོལ་པར་མཛད།། སྤྲུལ་པའི་ཚོགས་ཆེན་ཡིན་པར་བཤད།། ཀུན་གྱི་འབྱུང་གནས་རྣམ་ཤེས་ཏེ། ། དེ་ཡི་དངོས་པོའི་རང་བཞིན་ནི། ཁ་དོག་དབྱིབས་དང་རིགས་བརྒྱུད་མིན།། གང་ཡང་མ་ཡིན་ཉིད་མི་དམིགས།། འདི་ནི་ཀུན་ལ་དབང་སྒྱུར་ཏེ།། མཐོ་རིས་འགྲོའམ་ངན་སོང་འགྲོ།། རྟོགས་དང་མ་རྟོགས་ཁྱད་པར་རོ། ། བཞི་པོ་མཉམ་པའི་ངང་ཤེས་ན།། དེ་ནི་ཡེ་ཤེས་ཆེན་པོ་ཡིན། ཁ་དོག་ལྔ་ཡི་དམ་ཚིག་ནི།། སེམས་ཅན་མ་ལུས་ཐམས་ཅད་ལ།། ཡེ་ཤེས་ལྔ་ཡིས་ཀུན་ཁྱབ་ཀྱང།། རང་གི་རྣམ་རྟོག་བསྒྲིབས་བྱས་ཏེ། ། ཡེ་ཤེས་ལྔ་ཡི་དོན་མ་མཐོང།། མ་མཐོང་རྨོངས་པ་ཐམས་ཅད་ལ།། ཡེ་ཤེས་མཚན་ཉིད་བསྟན་པའི་ཕྱིར།། དཀར་དང་དམར་དང་སེར་བ་དང།། ལྗང་ཁུ་ལ་སོགས་ནག་པོར་བསྟན།། ཆོས་རྣམས་བདག་མེད་རྟོགས་བྱས་ན། ། བྱང་ཆུབ་སེམས་ཉིད་དག་པའི་ཕྱིར།། ཤིན་ཏུ་མདོག་ནི་དཀར་བར་བསྟན།། དེ་རྟོགས་བྱ་ཕྱིར་དག་པའི་མདོག། ཆོས་རྣམས་མ་ལུས་ཐམས་ཅད་ཀུན།། པདྨ་རཱ་ག་ཞེས་བརྗོད་དེ།། ཆགས་དང་ཆགས་པར་བྱ་བ་མེད། ། ཆགས་མེད་ཕྱིར་ཡང་དམར་པོའོ།། ཡོན་ཏན་གཏེར་ཆེན་ཟད་མི་ཤེས།། ཐམས་ཅད་འབྱུང་བའི་གནས་ཡིན་ཏེ།། དེ་བཞིན་ཉིད་དབྱིངས་མ་ལུས་ལ།། ཟད་མེད་རིན་ཆེན་གཏེར་གྱུར་པ། ། མདོག་ནི་གསེར་གྱི་མདོག་ཏུ་བསྟན།། ཆོས་རྣམས་ཕྱིན་ཅི་ལོག་རྣམས་ལ།། ཐུགས་རྗེ་ཆེན་པོའི་བྱིན་བརླབས་ཀྱིས།། དབྱིངས་སུ་ཡང་དག་བསྡུ་དགོས་པས།། ལས་རྣམས་མ་ལུས་རྫོགས་བྱེད་དེ།། ཀུན་ཏུ་ལས་ནི་ལྗང་ཁུའི་མདོག། དེ་བཞིན་ཉིད་ཀྱི་དབྱིངས་ཉིད་ལ།། ཅིས་ཀྱང་མི་ཚུགས་བཅོས་སུ་མེད། ཁ་དོག་ནག་པོའི་དངོས་པོ་ལ།། ཚོན་གཞན་དག་གིས་བསྒྱུར་དུ་མེད།། དེ་བཞིན་ཀུན་ལ་ཤེས་པར་བྱོས།། ཕྱོགས་ལྔ་ཞེས་བྱ་བའི་དམ་ཚིག་ནི། མཐའ་དང་དབུས་མེད་དེ་བཞིན་དུ།། དབྱེར་མེད་ངང་དུ་གནས་པ་ལ།། ཡེ་ཤེས་རྟོགས་པས་དོན་བྱའི་ཕྱིར།། ཕྱོགས་དང་དབུས་སུ་གནས་པར་བྱས།། སེམས་ཅན་མ་རིག་ལྡོངས་པ་ལ། ། ཉོན་མོངས་མ་ལུས་གསལ་བྱའི་ཕྱིར།། ཡེ་ཤེས་སྒྲོན་མའི་འོད་འབར་བས།། མ་རིག་མུན་པ་སེལ་བར་བྱེད།། དེ་ཕྱིར་དེ་ལ་ཤར་ཞེས་བྱ།། སེམས་ཅན་མ་ལུས་ཐམས་ཅད་ལ།། ཉོན་མོངས་སྡུག་བསྔལ་མི་གནས་ཤིང། ། མ་རིག་མུན་པ་ནུབ་གྱུར་པས།། དེ་ལ་ནུབ་ཀྱི་ཕྱོགས་ཞེས་བྱ།། སེམས་ཅན་ཀུན་གྱི་ཉོན་མོངས་ཀུན།། ཡེ་ཤེས་ཆེན་པོས་བདག་མེད་པར།། སྡུག་བསྔལ་རབ་ཏུ་བྱང་བྱས་པས།། དེ་ལ་བྱང་གི་ཕྱོགས་ཞེས་བྱ། ། དེ་ལྟར་མ་ལུས་ཐམས་ཅད་ལ།། ཐུགས་རྗེ་ཤར་དང་སྒྲིབ་པ་ནུབ།། རྣམ་རྟོག་མཚན་ཉིད་བྱང་གྱུར་པ།། དེ་ནི་ཡོན་ཏན་ཆེན་པོ་རྫོགས།། དེ་ལྟར་ཆོས་རྣམས་མ་ལུས་ཀུན།། དེ་བཞིན་ཉིད་ཀྱི་དབྱིངས་སུ་འདུས། ། ཕྱོགས་རྣམས་མ་ལུས་ཐམས་ཅད་ཀུན།། དེ་བཞིན་ཉིད་དེ་བཟླུམ་པའི་ཚུལ།། ཕྱོགས་རྣམས་ཀུན་ལ་དེ་ལྟར་བལྟ།། མ་རིག་ཕྱིན་ཅི་ལོག་རྣམས་ཀྱིས།། ཕྱོགས་རྣམས་སོ་སོར་བཟུང་གྱུར་ན། ། རྟག་ཏུ་ཉོན་མོངས་འཁོར་བར་འགྱུར།། དབང་པོ་ལྔ་ཞེས་བྱ་བའི་དམ་ཚིག་ནི། ཡུལ་ལྔ་དག་ལ་དབང་བྱེད་པའི།། ཕྱིན་ཅི་ལོག་ནི་དངོས་པོར་འཛིན།། དངོས་པོར་གཟུང་བས་འཁོར་བར་འཁྱམས། ། གཟུགས་རྣམས་མ་ལུས་ཐམས་ཅད་ལ།། སྣང་ཞིང་དངོས་པོ་མེད་པ་དང།། ལྷ་དང་ལྷ་མོའི་དངོས་པོར་བརྟག། བདག་དང་ལྷ་ཉིད་གཉིས་མེད་པའོ།། སྒྲ་རྣམས་སྣ་ཚོགས་གྲག་པ་ཡང།། སྒྲ་ཉིད་དངོས་པོ་མེད་པར་ཤེས། ། སྒྲ་བརྗོད་མ་ལུས་ཐམས་ཅད་ནི།། ཆོས་ཀྱི་སྒྲ་ཆེན་སྣ་ཚོགས་ཡིན།། དྲི་ཡི་དངོས་པོར་སྣང་བ་ཡང།། དྲི་ཉིད་རང་བཞིན་གང་ཡང་མེད།། དྲི་སྣོམ་ཆོས་ཀྱི་དྲི་ཡིན་ཏེ།། ཤེས་རབ་ཆེན་པོས་དེ་ལྟར་རྟོགས། ། རོ་ཡི་དངོས་པོར་སྣང་བ་ཡང།། རོ་ཡི་རང་བཞིན་ཡོད་མ་ཡིན།། རོ་བྲོ་དེ་བཞིན་ཉིད་ཀྱིའོ།། བདེ་བ་དེ་ཡིས་ཚིམ་པར་བྱེད།། རེག་བྱ་སྣ་ཚོགས་སྣང་བ་ཡང།། རེག་བྱའི་དངོས་པོ་ཡོད་མིན་ཏེ།། རེག་བྱར་སྣང་བ་ལོངས་སྤྱོད་ཡིན། ། བདེ་བ་ཆེན་པོ་ཆོས་ཀྱི་སྐུ།། མི་ཤེས་ཕྱིན་ཅི་ལོག་རྣམས་ཀྱིས།། དབང་པོ་ཡུལ་ལ་ཆགས་གྱུར་ན།། རྟག་ཏུ་འདོད་དང་མི་འབྲལ་ཞིང།། ངན་སོང་གསུམ་དང་མི་ཁོམ་བརྒྱད།། རྩཝ་དང་སོགས་མའི་མེ་བཞིན་དུ། ཁམས་གསུམ་དག་ཏུ་འཁོར་བར་འགྱུར།། དེ་བས་ཡེ་ཤེས་ཆགས་མེད་རྟོགས།། བྱས་ལ་མི་སོགས་བསོད་ནམས་ཚོགས།། ཀུན་ལ་སྤྱོད་ཅིང་མ་གོས་པས།། ཡེ་ཤེས་ཆེན་པོ་རྟག་ཏུ་བསྒོམས། ། མཉམ་པ་ལྔ་ཞེས་བྱ་བའི་དམ་ཚིག་ནི། ཕྱི་ནང་གི་ཆོས་ཐམས་ཅད་དོན་དམ་པར་སྐྱེ་བ་མེད་པར་མཉམ་པ་དང། ཀུན་རྫོབ་སྒྱུ་མར་མཉམ་པ་དང། དོན་དམ་པ་དང་ཀུན་རྫོབ་དབྱེར་མེད་པར་མཉམ་པ་དང། ཆེན་པོ་ལྔ་དེ་བཞིན་གཤེགས་པ་ལྔར་མཉམ་པ་དང། རྣམ་པར་ཤེས་པ་བརྒྱད་ཡེ་ཤེས་ལྔར་མཉམ་པའོ།། དེ་ལ་དོན་དམ་པ་སྐྱེ་བ་མེད་པར་མཉམ་པ་ནི། ཆོས་རྣམས་མ་ལུས་ཐམས་ཅད་ཀུན།། དེ་བཞིན་ཉིད་དང་སྟོང་པའི་མཐའ། ། ཡང་དག་ཉིད་དང་ཆོས་ཀྱི་དབྱིངས།། མཚན་ཉིད་མེད་ཅིང་དམིགས་སུ་མེད།། གཟུང་དུ་མེད་ཅིང་སྨོན་པ་མེད།། ཡེ་ནས་མྱ་ངན་འདས་པ་ཡིན།། ཐམས་ཅད་ནམ་མཁའི་མཚན་ཉིད་མེད། ། ནམ་མཁའ་ལ་ཡང་མཚན་ཉིད་མེད།། ཀུན་རྫོབ་སྒྱུ་མར་མཉམ་པ་ནི།། འདུས་བྱས་དངོས་པོ་སྣ་ཚོགས་ནི།། སྒྱུ་མའི་ཚུལ་དུ་ཐམས་ཅད་སྣང།། སྤྲུལ་སྣང་བྱ་བ་ཐམས་ཅད་བྱེད།། རྟོག་པ་ཀུན་གྱི་ཚད་མར་སྣང། ། འདི་དག་ཐམས་ཅད་གཟུགས་བརྙན་ཏེ།། བྱ་བྱེད་སྣང་ཞིང་དངོས་པོ་མེད།། ཆུ་ཟླའི་ཚུལ་དུ་ཐམས་ཅད་གནས།། ཐམས་ཅད་སྣང་ལ་རང་བཞིན་མེད།། དོན་དམ་ཀུན་རྫོབ་དབྱེར་མེད་ནི།། ཆོས་རྣམས་མ་ལུས་ཐམས་ཅད་ཀུན། ། གཞི་རྩ་མེད་ལས་ཐམས་ཅད་འབྱུང།། མེད་དང་ཡོད་པ་གཉིས་ཀ་མིན།། དོན་དམ་ཀུན་རྫོབ་དབྱེར་མེད་དེ།། འདུས་མ་བྱས་ཉིད་འདུས་བྱས་སྣང།། སྣང་བ་ཉིད་ན་དངོས་པོ་མེད།། དངོས་མེད་དེ་ཉིད་སྣ་ཚོགས་པ། ། དེ་ཉིད་སྒྱུ་མ་མིག་ཡོར་ཚུལ།། འབྱུང་བ་ཆེན་པོ་ལྔ་དེ་བཞིན་གཤེགས་པ་ལྔར་མཉམ་པ་ནི། ས་ཆུ་མེ་རླུང་ནམ་མཁའ་ལས།། ཡ་མཚན་སྣ་ཚོགས་འབྱུང་འགྱུར་བ།། གཞི་རྩ་ཡོད་པ་མ་ཡིན་ཏེ། ། རང་བཞིན་ངང་གིས་དེ་ལྟར་བྱུང།། སོ་སོའི་རིགས་ཚོགས་སྣང་བ་ནི།། ཐབས་ཆེན་དག་ཏུ་རྟག་ཏུ་མཉམ།། མཚན་འཛིན་སོ་སོར་གནས་པ་ནི།། ཤེས་རབ་དབྱིངས་ཀྱི་ངང་དུ་མཉམ།། རྣམ་པར་ཤེས་པ་བརྒྱད་ཡེ་ཤེས་ལྔར་མཉམ་པ་ནི། རྣམ་རྟོག་ཀུན་གཞི་མ་ཡིན་པ།། རང་བཞིན་མེད་པ་དོན་གྱི་གཞི།། འདི་ནི་ཆོས་ཀྱི་དབྱིངས་ཞེས་བྱ།། དེ་བཞིན་ཉིད་ཀྱི་ཡེ་ཤེས་སོ།། ཆོས་རྣམས་མ་ལུས་ཐམས་ཅད་ཀུན། ། ང་དང་བདག་ཏུ་མི་འཛིན་ཅིང།། ཀུན་ཀྱང་དབྱེར་མེད་ཉིད་ཡིན་པས།། ཐམས་ཅད་མེ་ལོང་བལྟ་བའི་ཚུལ།། ཐམས་ཅད་ཀུན་ལ་ཡུད་རྟོག་ཅིང།། རྟོགས་དང་བརྟག་པར་བྱ་བ་མེད།། དུས་གསུམ་དུ་ཡང་མི་དམིགས་པ། ། འདི་ནི་མཉམ་ཉིད་ཡེ་ཤེས་ཡིན།། ལོག་རྟོག་དབང་པོའི་སྤྱོད་ཡུལ་ས།། དབང་པོའི་ཡུལ་རྣམས་དངོས་མེད་པར།། ཐམས་ཅད་དབྱེར་མེད་དེ་བཞིན་ཉིད།། སོ་སོར་རྟོག་པའི་ཡེ་ཤེས་ཡིན།། མཉམ་པ་རྣམ་ལྔ་དེ་ལྟར་བརྟག། ཆོས་རྣམས་མ་ལུས་ཐམས་ཅད་ལ།། ཡེ་ནས་རང་བཞིན་མེད་པ་དང།། ཐབས་ཆེན་ལྷུན་གྱིས་གྲུབ་པར་བརྟག། འདི་ནི་ཡང་དག་རྟོགས་པ་ཡིན།། ཚོགས་ཀྱི་དཀྱིལ་འཁོར་ཞེས་བྱ་བའི་དམ་ཚིག་ནི། ། བསོད་ནམས་ཡེ་ཤེས་ཚོགས་རྫོགས་ཏེ།། རང་རིག་མཐའ་དབུས་མེད་པའི་དཀྱིལ།། ཡེ་ཤེས་བཞི་འཕྲོ་འཁོར་ལོའི་ཚུལ།། ཡང་ན་རྡོ་རྗེ་སེམས་དཔའ་ཉིད།། རིགས་བཞི་ལྷ་དང་ལྷ་མོ་དང།། འཁོར་གྱི་ཁྲོ་བོ་ཁྲོ་མོའོ། ། ཡང་ན་འདས་པ་དཀྱིལ་ཉིད་དེ།། འཇིག་རྟེན་སྣ་ཚོགས་འཁོར་ཉིད་དོ།། ཆོས་ཀྱི་མཆོད་པ་ཞེས་བྱ་བའི་དམ་ཚིག་ནི། ཐབས་དང་ཤེས་རབ་ལྡན་གྱུར་ཅིང།། བྱང་ཆུབ་སེམས་དང་མ་ཆགས་པའི། ། གཉིས་སུ་མེད་པར་ཐིམ་གྱུར་ནས།། ཚོགས་ཆེན་གཉིས་ཀྱང་རྫོགས་པར་ལྡན།། འདོད་ཡོན་ལྔ་པོ་ཐམས་ཅད་དང།། སྣ་ཚོགས་སྣང་བ་ཐམས་ཅད་ཀུན།། དེ་བཞིན་གཤེགས་པའི་དཀྱིལ་འཁོར་དང། ། གཟུགས་མཛེས་ལྷ་དང་ལྷ་མོར་བརྟག། ཐམས་ཅད་མ་ལུས་སྒྲ་རྣམས་ནི།། ཆོས་ཀྱི་སྒྲ་ཆེན་ཡིན་པ་དང།། ངན་སོང་སྦྱོང་ཞིང་ཐར་ལམ་སྟོན།། སྟོང་གསུམ་གྲགས་པའི་སྒྲ་ཆེན་དང།། ཐམས་ཅད་འཇལ་བའི་སྒྲ་ཡང་ཡིན། ། བདེ་བ་ཚིམ་བྱེད་བསོད་ནམས་ཏེ།། བརྗོད་མེད་མི་གནས་ཡེ་ཤེས་ཡིན།། འདི་ནི་ཆགས་མེད་མ་ཡི་གསུང།། ཆོས་ཉིད་དངོས་པོ་མེད་པ་ལ།། དྲི་ཡིས་མཆོག་ཏུ་ཚིམ་བྱེད་པ།། བསོད་ནམས་ཚོགས་ཆེན་ཡིན་པར་བཤད། ། ཆགས་མེད་ཡེ་ཤེས་ཚུལ་ཡིན་ཏེ།། དེ་བཞིན་དྲི་ཡིས་མཉེས་མཆོད་ན།། རིགས་འཛིན་རྣམས་ལ་བསྐུལ་བར་འགྱུར།། ངན་སོང་གསུམ་དུ་ཆོས་ཀྱི་དྲི།། ཀུན་ཏུ་བདེ་གནས་ཐོབ་པར་བྱེད།། སྒྱུ་འཕྲུལ་དྲ་བ་ལས། དམ་ཚིག་རྣམ་པར་བཤད་པའི་ལེའུ་སྟེ་ཉི་ཤུ་དགུ་པའོ།།།། དེ་ནས་དེ་བཞིན་གཤེགས་པ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས། བདག་དང་སེམས་ཅན་དབྱེར་མེད་པར་ཡང་དག་པའི་དབྱིངས་སུ་འདུས་ཤིང། བདག་གིས་རྡོ་རྗེ་སེམས་དཔའི་ཞལ་མངོན་སུམ་དུ་མཐོང་བའི་དོན་བསྟན་པའི་ཆེད་དུ་བརྗོད་པ་འདི་གསུངས་སོ།། རྡོ་རྗེ་སེམས་དཔའ་བདག་པོའི་གཙོ།། ཀུན་རྫོབ་སྒྱུ་མར་ཞལ་མཐོང་བའི། ། ཐམས་ཅད་མིག་ཡོར་སྒྱུ་མའི་ཚུལ།། སྣང་སྲིད་མ་ལུས་ཐམས་ཅད་ཀུན།། ཆུ་ཟླའི་ཚུལ་དུ་འདྲར་ཤེས་ཤིང།། ཡུལ་དང་རྟོག་པ་ཉིད་མེད་པར།། གང་གིས་དེ་ལྟར་རིག་པ་དེ།། གཞི་རྩ་མེད་དབྱིངས་སྐད་ཅིག་མ། ། སྔ་ཕྱི་མེད་དབྱིངས་དེ་བཞིན་ཉིད།། ཅིས་ཀྱང་མི་ཚུགས་རྡོ་རྗེ་ཡིན།། རྡོ་རྗེ་སེམས་དཔའ་དེ་ལ་གནས།། ལྟ་སྤྱོད་མཐུན་པས་ཞལ་མཐོང་ཡིན།། རང་བཞིན་དཀྱིལ་འཁོར་ཡང་དག་ནི།། ཆོས་དབྱིངས་བདག་དང་དབྱེར་མེད་པར། ། མཉམ་པར་སྦྱོར་ཞིང་དག་པའོ།། ཐམས་ཅད་བྱང་ཆུབ་ལྷུན་གྲུབ་ཞིང།། དེ་ལྟར་གང་གིས་རྟོགས་གྱུར་པ།། དེ་ནི་ཡེ་ཤེས་མིག་ཅན་ཏེ།། དེ་ཡིས་ཡང་དག་སྙིང་པོ་མཐོང།། དེ་ཉིད་ཅིས་ཀྱང་མི་ཚུགས་པ། ། ཤིན་ཏུ་སྲ་ཞིང་བརྟན་པ་ཡིན།། རང་བཞིན་དབྱིངས་ནས་འོད་གསལ་བ།། སེམས་དཔའི་མཆོག་ཏུ་ཡང་དག་གསུངས།། དེ་ལྟར་རྟོགས་ན་ཞལ་མཐོང་ཡིན།། དེ་བཞིན་མཉམ་རྫོགས་ལྷུན་གྲུབ་ཀྱིས། ། དེ་བཞིན་གཤེགས་དང་ཡེ་ཤེས་ལྔ།། རང་བྱུང་ཆེན་པོའི་དཀྱིལ་འཁོར་བསྒོམ།། རྟོག་གཉིས་བྲལ་བའི་ཐབས་མཁས་ཀྱིས།། ལྷར་གསལ་དངོས་པོ་མེད་བསྒོམས་ན།། མཐོང་ཐོས་ལ་སོགས་མེད་པའི་ཚུལ། ། རང་རིག་ཡེ་ཤེས་གསལ་བསྒོམས་ན།། རང་བཞིན་མེད་ལས་ཅིར་ཡང་འགྲུབ།། འགྲུབ་འགྱུར་ཉིན་ན་དངོས་པོ་མེད།། ཇི་ལྟར་བཅོམ་ལྡན་དེ་བཞིན་གྱིས།། བདུད་དཔུང་དཀྱིལ་དུ་ཏ་ལ་བཙུགས། ། ཐམས་ཅད་བྱང་ཆུབ་ཞིང་བསྡུས་ཏེ།། གདུག་པ་ངང་གིས་མ་དག་ནས།། ཏ་ལ་བཅད་བསམ་ཡོངས་མི་ཆོད།། རྡོ་རྗེ་སེམས་དཔའ་དེ་ཉིད་ཡིན།། བདག་དང་ཏིང་འཛིན་མཐུན་གྱུར་པས།། དེ་ཉིད་རྡོ་རྗེ་ཞལ་མཐོང་ཡིན། ། རྡོ་རྗེ་སེམས་དཔའ་ཉིད་བསྒོམས་ཏེ།། ཏིང་འཛིན་ཤིན་ཏུ་འདྲིས་གསལ་ན།། ཐམས་ཅད་རྡོ་རྗེ་ཉིད་དུ་འགྱུར།། ཀུན་ལ་དབང་སྒྱུར་ཅིས་མི་ཚུགས།། བདག་དང་སེམས་དཔའ་དབྱེར་མེད་དེ། ། ལས་མཐུན་ཇི་ལྟར་སྣང་བ་བཞིན།། བདག་དང་སེམས་དཔའ་ལྟ་སྤྱོད་གཅིག། དེ་ཉིད་རྡོ་རྗེ་ཞལ་མཐོང་ཡིན།། གཟུགས་བརྙན་དཀྱིལ་འཁོར་ཡང་དག་ནི།། ཆེན་པོ་རགས་པ་ཐབས་སུ་རྟོགས།། སོ་སོའི་མཚན་འཛིན་ཤེས་རབ་རྟོགས། ། གཉིས་མེད་འགྲེལ་པ་ཐབས་ཆེན་ཡིན།། ཀུན་ཀྱང་ཤེས་རབ་ངང་དུ་གནས།། སྣང་དང་གནས་པ་ཐམས་ཅད་ཀུན།། དེ་བཞིན་ཉིད་ལ་མ་གཡོས་ཕྱིར།། ཡོད་དང་མེད་པ་གཉིས་ཀ་མིན། ། གནས་དང་མི་གནས་དབྱེ་རུ་མེད།། མཉམ་པའི་དབྱིངས་སུ་ཐམས་ཅད་འདུས།། འདུས་ཉིད་གནས་སུ་མ་ཐེབས་པའི།། ཐམས་ཅད་དེ་ལྟ་བུ་ཡི་ངང།། མཉམ་ཉིད་དབྱེར་མེད་ཅིས་མི་ཚུགས། ། དེ་ཉིད་སེམས་དཔའི་བཞུགས་གནས་ཡིན།། དེ་ལྟར་རྟོགས་པའི་རིགས་མཆོག་སྟེ།། སེམས་དཔའ་ཉིད་དང་རིགས་འཐུན་པས།། དེ་ཉིད་རྡོ་རྗེ་ཞལ་མཐོང་ཡིན།། རྒྱུད་བྱས་ཕུང་པོ་ཁམས་རྣམས་ཀྱི། ། གཞི་རྩ་དེ་བཞིན་ཉིད་དུ་གཅིག། སྒྱུ་མར་སྣང་བ་གཟུགས་བརྙན་ཚུལ།། སྣང་བ་ཉིད་ན་དངོས་པོ་མེད།། དངོས་མེད་དེ་ཉིད་སྣ་ཚོགས་བསྟན།། ཕུང་པོ་ལྔ་ཉིད་དེ་བཞིན་གཤེགས།། དབང་པོ་རྣམ་ཤེས་བྱང་ཆུབ་སེམས། ། ཡུལ་དུས་བྱང་ཆུབ་ཆེན་པོ་ཡིན།། བདག་རྟོག་རྣམ་བཞི་ཁྲོ་བོ་ཡིན།། རྟག་ཚད་མུ་བཞི་ཁྲོ་མོའོ།། དེ་སེམས་རང་རིག་ཉིད་ཅེས་བྱ།། ཐམས་ཅད་དབྱིངས་གྱུར་ཀུན་ཏུ་བཟང།། དེ་ཉིད་རྡོ་རྗེ་སེམས་དཔའ་ཡིན། ། གང་གིས་དེ་ལྟར་རྟོགས་གྱུར་ན།། སེམས་དཔའ་ཉིད་དང་དགོངས་འཐུན་པས།། དེ་ཉིད་རྡོ་རྗེ་ཞལ་མཐོང་ཡིན།། ཆོས་རྣམས་མ་ལུས་ཐམས་ཅད་ཀུན།། མིང་དང་ཚིག་དང་ཡི་གེ་དང།། སྒྲ་ཡིས་མཚོན་ནས་དོན་བསྟན་པ། ། ཀུན་ཀྱང་ཡི་གེ་མིང་ཚིག་བཞིན།། གང་ཡང་དངོས་ཡོད་མ་ཡིན་ཏེ།། དངོས་མེད་དེ་ཉིད་སྣ་ཚོགས་སྣང།། སྣང་བ་ཉིད་ན་གང་ཡང་མིན།། བྱ་བྱེད་སྣ་ཚོགས་ཀུན་བྱེད་ཀྱང།། དངོས་པོ་མེད་དེ་ཡང་དག་ཉིད། ། དེ་ནི་ཅིས་ཀྱང་མི་ཚུགས་པའི།། ས་རྡོ་དྲན་མེད་མ་ཡིན་ཏེ།། དེ་ཉིད་ཤིན་ཏུ་འོད་གསལ་ཡིན།། རྡོ་རྗེ་སེམས་དཔའ་དེ་ལྟར་གནས།། གང་གིས་དེ་ལྟར་རྟོགས་པ་ཡི།། རིགས་མཆོག་དམ་པའི་རྒྱུན་ཡིན་ཏེ། ། རྡོ་རྗེ་སེམས་དང་དབྱེར་མེད་ཕྱིར།། དེ་ཉིད་རྡོ་རྗེ་ཞལ་མཐོང་ཡིན།། སྐྱེས་བུ་བློ་རྩལ་རབ་ལྡན་པ།། ཀུན་དང་དབྱེར་མེད་དོན་རྟོགས་ཏེ།། འབྲས་བུ་མངོན་དུ་མ་གྱུར་ཀྱང།། བྱང་ཆུབ་སེམས་ལ་གནས་བཅས་པ། ། དཔེར་ན་མངལ་དང་སྒོ་ང་ཡིས།། མངོན་དུ་མ་བྱུང་བསྒྲིབས་གྱུར་ཀྱང།། རྩལ་ཆེན་གཟུགས་དེས་འདུལ་བ་བཞིན།། རྣམ་རྟོག་གཟུགས་དེ་བོར་མ་ཐག། ཐམས་ཅད་ཀུན་ལ་དབང་སྒྱུར་ཞིང།། རིགས་མཆོག་དམ་པ་འཛིན་པར་འགྱུར། ། རྡོ་རྗེ་སེམས་དཔའ་དང་མཉམ་པའི།། དངོས་གྲུབ་མཆོག་རྣམས་ཡོངས་སུ་རྫོགས།། བདེ་བ་ཅན་གྱི་ཞིང་ཡང་འཐོབ།། བྱང་ཆུབ་མཆོག་ལ་རོལ་པར་འགྱུར།། ལྷ་མི་རྣམས་ཀྱི་སྟོན་པ་པོ། ། ལུས་ངག་སེམས་ལ་དབང་ཐོབ་ནས།། ཇི་ལྟར་དམིགས་པ་བཞིན་དུ་འགྲུབ།། ཚད་མེད་བཞི་ལ་དབང་བྱེད་འགྱུར།། བདེ་བའི་རིགས་མཆོག་ཀུན་ལ་སྤྱོད།། སྐྱེ་རྒ་ན་འཆི་ལ་སོགས་པའི།། སྡུག་བསྔལ་ཟད་པའི་གོ་འཕང་ཐོབ། ། རྡོ་རྗེ་རིགས་མཆོག་འཛིན་འགྱུར་ཏེ།། ཐུགས་རྗེ་ཆེན་པོའི་བྱིན་རླབས་ཀྱིས།། འགྲོ་བ་མ་ལུས་ཐམས་ཅད་ཀུན།། རྡོ་རྗེ་རིགས་སུ་འདྲེན་པར་བྱེད།། བདུད་སྡེ་ཚར་གཅོད་ཉོན་མོངས་འདུལ། ། ཆོས་ཀྱི་འཁོར་ལོ་ཡང་དག་བསྐོར།། འགྲོ་བ་མ་ལུས་ཐམས་ཅད་ལ།། མི་རྟག་པ་ཡི་ཚུལ་ཡང་སྟོན།། ཉན་ཐོས་རྣམས་ལ་དགྲ་བཅོམ་ཚུལ།། བྱང་ཆུབ་རྣམས་ལ་རབ་བྱུང་ཚུལ།། བླ་མེད་ཐེག་པ་སངས་རྒྱས་ཚུལ། ། ལྷུན་གྲུབ་རྣམས་ལ་རྡོ་རྗེའི་དབྱིངས།། ཀུན་ལ་མཐུན་པའི་ཚུལ་སྟོན་ཡང།། རང་བཞིན་དབྱིངས་ལས་གཡོས་པ་མེད།། མ་གཡོས་བཞིན་དུ་ཅིར་ཡང་སྟོན།། སྣང་སྟོང་རྡོ་རྗེ་ནམ་མཁའི་སྤྱན། ། སྐུ་གསུང་རྡོ་རྗེ་ནམ་མཁའི་སྐུས།། བླ་མེད་ཐེག་པ་རྡོ་རྗེ་ཆེ།། འོག་མིན་འཛམ་གླིང་དུས་གཅིག་ཏུ།། ཐུགས་ཉིད་ལྷུན་གྲུབ་རྣམས་ལ་སྣང།། དེར་སྣང་ཇི་བཞིན་གསུང་ཉིད་ཀྱང།། ཟླ་བ་གཟུགས་བརྙན་བཞིན་དུ་སྣང། ། ཆོས་རྣམས་མ་ལུས་ཐམས་ཅད་ཀུན།། དེ་ལྟ་བུ་ཡི་ངང་དུ་གནས།། ཞེས་རྡོ་རྗེ་གསང་བའི་ཚིག་ཏུའོ།། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས། སྐྱེས་བུ་དམ་པ་བློ་རྩལ་རབ་ཀྱིས་རྡོ་རྗེ་སེམས་དཔའ་ཞལ་མཐོང་བའི་ལེའུ་སྟེ་སུམ་ཅུ་པའོ། །།། དེ་ནས་བཅོམ་ལྡན་འདས་དགེས་པ་ཆེན་པོས། དབང་པོ་དང་ཡུལ་གྱི་མཚན་ཉིད་འདི་ཆེད་དུ་བརྗོད་པ་ཆེད་དུ་བརྗོད་དོ།། དབང་པོ་ཡུལ་དུ་སྣང་བ་ཀུན། ། ཡུལ་རྣམས་ཡོད་པ་མ་ཡིན་ཏེ།། ཀུན་གཞིའི་རྣམ་པར་ཤེས་པ་ཉིད།། དངོས་པོ་སྣ་ཚོགས་པར་སྣང་ཏེ།། སྣང་བའི་དངོས་པོ་རྣམས་གཤིག་ན།། སོ་སོའི་མཚན་ཉིད་དངོས་མེད་པར།། ནམ་མཁའི་དེ་ཉིད་ལྔས་གཞིགས་ན། ། གཞིགས་ན་ནམ་མཁའི་ངང་དུ་ཞ།། ནམ་མཁའ་དེ་ཉིད་ལྔས་གཞིགས་ན།། མཚན་ཉིད་མེད་པའི་དབྱིངས་སུ་ཐིམ།། ཐིམ་གྱུར་དབྱིངས་ནས་ཀུན་འབྱུང་བས།། ཐམས་ཅད་ཀུན་གྱི་འབྱུང་གནས་སོ། ། གཞི་རྩ་མེད་དེ་སྐད་ཅིག་མ།། སྐད་ཅིག་མ་ཡི་དབྱིངས་ཉིད་ལས།། ཅིར་ཡང་སྣང་ཡང་མི་འགག་པ།། དེ་ཉིད་ཐབས་ཀྱི་མཆོག་ཡིན་ཏེ།། སྣང་བའི་རང་བཞིན་མེད་པར་ནི།། བྱ་བྱེད་བྱེད་པ་ཤེས་རབ་ཉིད། ། ཉོན་མོངས་རྣམ་པར་ཤེས་པ་ནི།། ཀུན་གཞི་ཉིད་སྣང་སྤྱོད་ཡུལ་ལ།། ང་དང་བདག་ཏུ་རྣམ་པར་རྟོག། བདེ་སྡུག་མཚན་མ་སོ་སོར་འཛིན།། ཕྱིན་ཅི་ལོག་གིས་གཟུང་གྱུར་ཀྱང།། ཀུན་གཞི་དངོས་པོ་མེད་པས་ན། ། བག་ཆགས་བསག་པའི་གནས་མེད་དེ།། སྣང་བ་དངོས་པོ་མེད་པ་ལ།། ཉོན་མོངས་བློ་ཡིས་བླང་དུ་མེད།། བགོ་དང་བགོ་བར་བྱ་བ་མིན།། དེ་ལྟར་བགོ་བྱེད་དངོས་པོ་མེད།། དེ་བཞིན་སེམས་ཀྱི་ལོག་བརྟགས་པས། ཁམས་གསུམ་བཙོན་རར་རྟག་པར་འཁོར།། ཡིད་ཀྱི་རྣམ་པར་ཤེས་པ་ནི།། སྣང་དང་མི་སྣང་གཉིས་ཀ་ལ།། སྐད་ཅིག་ཡུད་ཙམ་རྟོག་པ་ཡིན།། རྟོག་པ་ཉིད་ཀྱང་མ་གྲུབ་ན།། ཡུལ་གྱི་དངོས་པོ་ག་ལ་གྲུབ། ། ཡིད་ཀྱི་དེ་བཞིན་རྒྱུན་ཉིད་ནི།། སྔ་མ་འདས་ཤིང་མི་དམིགས་པ།། ཕྱི་མ་མ་བྱུང་རྟག་ཏུ་མེད།། ད་ལྟ་རང་བཞིན་དམིགས་སུ་མེད།། རྩཝ་ཤིང་ཁ་ནས་རླུང་འཕྱོ་འདྲ།། རྒྱུན་ནི་ཡོངས་སུ་མ་ཆད་པ།། འདི་ནི་ཀུན་ཏུ་འབྱུང་བ་ཡིན། ། དེ་ལྟར་དོན་རྣམས་དངོས་པོ་མེད།། ཆུ་དང་རླུང་བང་རླབས་འདྲ་བར།། དེ་བཞིན་གཅིག་དང་སོ་སོ་མིན།། དེ་བཞིན་ཀུན་གཞི་ཉོན་མོངས་ཡིད།། གཅིག་པ་མིན་ཏེ་སོ་སོ་མིན།། ཆོས་ཀྱི་དབྱིངས་དང་མཉམ་པའི་དབྱིངས། ། ཐམས་ཅད་མཁྱེན་པའི་ཡེ་ཤེས་གསུམ།། དབྱེར་མེད་གཅིག་གི་ངང་ཡིན་ཏེ།། གཅིག་ཀྱང་གཅིག་ཏུ་བརྗོད་པ་མེད།། དེ་ལྟར་མ་རྟོགས་སེམས་ཅན་ཡིན།། རྟོགས་ན་སངས་རྒྱས་གུད་ན་མེད། ། བྱང་ཆུབ་སེམས་ཀྱི་རང་བཞིན་ནི།། མཚན་མས་མཚོན་དུ་མེད་པ་སྟེ།། ཤིན་ཏུ་མི་དམིགས་བརྟག་དཀའ་བ།། ཡངས་ཤིང་རྒྱ་ཆེར་གཏིང་ཟབ་པ།། ཤེས་རབ་ཟབ་པས་རྟོགས་འགྱུར་ཏེ།། གང་ནས་མ་འོངས་གར་མི་འགྲོ། ། འོང་དང་འགྲོ་བར་བྱ་བ་མིན།། བརྟག་དཀའ་ཤིན་ཏུ་མི་དམིགས་ཏེ།། མཐའ་དང་དབུས་ཀྱང་རྟག་ཏུ་མེད།། གཟུང་འཛིན་བྲལ་བའི་རང་རིག་ཉིད།། དམིགས་མེད་ཚུལ་དུ་དེར་སྣང་ངོ། ། དབྱིངས་དང་དབྱིངས་ཀྱི་ཡེ་ཤེས་ཀྱང།། རང་རིག་ཁ་ན་ཙམ་དུ་ཟད།། རང་རིག་བསྟན་དུ་མེད་པར་ནི།། སེམས་ཅན་མ་ལུས་ཐམས་ཅད་ཀྱིས།། དེ་ལྟར་ཁོང་དུ་ཆུད་པར་བྱོས།། ཉོན་མོངས་སྡུག་བསྔལ་མེད་པ་དང། ། བླ་མེད་འབྲས་བུ་ཐོབ་པར་འགྱུར།། རྩ་བ་སྙིང་རྗེ་ཆེན་པོ་ཡིས།། སེམས་ཅན་མ་ལུས་ཐམས་ཅད་ལ།། སྙིང་རྗེ་ཐེག་པ་མ་ཆད་པར།། ཉོན་མོངས་ལམ་ལས་བསྒྲལ་བའི་ཕྱིར།། བྱམས་པས་སེམས་ཅན་ཀུན་ཟིན་གྱིས། ། དེ་བཞིན་འཁོར་བའི་བཙོན་ར་ལ།། སྙིང་རྗེའི་ཞགས་པ་ཆེ་བརྐྱང་ནས།། ཉོན་མོངས་འདམ་ནས་འདྲེན་པར་བྱེད།། སྙིང་རྗེ་ཆེན་པོ་སྐྱོ་མ་བྱེད།། དེ་བཞིན་སྐྱེ་བོ་ཕལ་རྣམས་ལ།། ལས་ཀྱི་སྒྲིབ་པས་མི་གོས་ཤིང། ། ཐམས་ཅད་མངོན་པར་སངས་རྒྱས་པར།། དགའ་བ་དག་ལ་འགྱོད་མ་བྱེད།། སེམས་ཅན་ང་དང་བདག་མེད་ལ།། ཐུགས་རྗེས་གཉིས་རྟོག་མི་བྱེད་དེ།། བུ་གཅིག་འདྲ་བར་བློ་གཞག་བྱ།། ཐམས་ཅད་དྲི་མ་མེད་པར་བྱ། ། ཆོས་རྣམས་ཐམས་ཅད་སྟོང་པ་བས།། དེ་ལ་དངོས་དང་རྟོག་པ་མེད།། ནམ་མཁའི་ངང་ལ་གནས་པ་ལ།། དེ་ལ་བཅོས་ཤིང་བསྒྱུར་དུ་མེད།། ཆོས་རྣམས་ཐམས་ཅད་མཚན་ཉིད་མེད།། སྣང་བ་ཐམས་ཅད་དངོས་མེད་པས། ། ཡོད་དང་མེད་པ་ཐམས་ཅད་ཀུན།། མཚན་ཉིད་མེད་པས་མི་དམིགས་སོ།། འཇིག་རྟེན་འདས་དང་འཇིག་རྟེན་པའི།། ཆོས་རྣམས་སྣ་ཚོགས་སྣང་བ་ཡང།། བདག་ལས་གཞན་པ་མ་ཡིན་པས། ། ཀུན་ལ་སྨོན་ཅིང་ཆགས་སུ་མེད།། བྱང་ཆུབ་སེམས་རྣམས་ཐམས་ཅད་ནི།། ཤིན་ཏུ་བདག་དཀའ་གཏིང་ཟབ་པས།། རྟོག་གེའི་སྤྱོད་ཡུལ་དེ་མ་ཡིན།། མ་དམིགས་མི་དམིགས་དམིགས་སུ་མེད།། སེམས་ཉིད་དེ་ཉིད་ཇི་ལྟ་བུར། ། བྱང་ཆུབ་དེ་ནི་སེམས་ཡིན་ནོ།། སེམས་དང་བྱང་ཆུབ་དབྱེར་མེད་པས།། སེམས་ཅན་མ་ལུས་ཐམས་ཅད་དང།། དུས་གསུམ་ཆོས་རྣམས་ཐམས་ཅད་ཡིན།། ཐམས་ཅད་མ་ལུས་ཆོས་སོ་ཅོག། སེམས་དང་བྱང་ཆུབ་ཉིད་དུ་འུབ།། རྫུན་མེད་དཔའ་བོས་དེ་སྐད་བཤད།། སྐྱེས་བུ་བློ་རྩལ་རབ་ལྡན་པས།། ཅི་ལའང་ཐོགས་པ་མེད་པར་སྤྱད།། སྤྱོད་པ་ཉིད་ན་ཆགས་མེད་ཅིང།། དུས་མཐའ་མེད་པར་མཉམ་པར་གནས། ། འདི་ལྟར་སྣང་བ་ཐམས་ཅད་ལ།། མངོན་སུམ་ཚད་མས་བརྟག་མཐོང་ཡང།། སྣང་བ་ཉིད་ན་དངོས་པོ་མེད།། དེ་བཞིན་ཡང་དག་ཉིད་དུ་རྟོགས།། གང་ཞིག་སྟོང་པའི་ངང་ཡོད་ཅེས། ། མེད་པའི་རང་བཞིན་རྟོགས་པ་སྟེ།། རི་བོང་རྭ་དང་མོ་གཤམ་བུ།། ཚིག་ཙམ་གདགས་སུ་རུང་མོད་ཀྱང།། ཐམས་ཅད་མིང་ཙམ་སྟོང་པ་ཉིད།། ཐམས་ཅད་མ་ལུས་སྟོང་ཞེས་ཏེ།། དྲན་མེད་གདོས་པ་མ་ཡིན་པས། ། རྟོག་མེད་རང་བཞིན་འོད་གསལ་ཞིང།། འདི་ལྟར་སྣང་བ་ཐམས་ཅད་ཀུན།། གདོས་པ་ཅན་གྱི་ཆོས་མིན་ཏེ།། ཤེས་པ་འབའ་ཞིག་ཁོ་ནའོ།། ཐམས་ཅད་གཉིས་མེད་རྟོགས་གྱུར་ན།། དེ་ཉིད་དོན་དམ་དབྱིངས་ཡིན་ཏེ། ། གཞན་ནས་བཙལ་ཞིང་གཞག་ཏུ་མེད།། ཡོད་པས་བཙལ་ན་སྒྲོ་བཏགས་འགྱུར།། མེད་པས་བཙལ་ན་སྐུར་བཏབ་ཏེ།། ཡོད་མེད་གཉིས་ལས་བཙལ་བྱས་ན།། དེ་ནི་ལུང་དུ་མ་བསྟན་འགྱུར།། རྣམ་པར་རྟོག་པ་མི་མངའ་སྟེ། ། དེ་ཡིས་མི་མཁྱེན་གང་ཡང་མེད།། རྣལ་འབྱོར་ལྟ་བ་དེ་ལྟ་བུ།། ཚིག་གིས་སྔ་ཕྱི་ཡོད་མེད་ཀྱང།། དོན་གྱི་ཅིག་ཆར་རྫོགས་པར་བསྒོམ།། དེ་ལྟ་བུ་ཡི་དོན་རྟོགས་ན།། འགྲོ་ཉལ་འདུག་སྡོད་ལོངས་སྤྱོད་ཀྱང། ། ཐེག་ཆེན་བསྒོམ་ལས་ཉམས་པ་མེད།། གོང་གི་དོན་ལྟར་མ་རྟོགས་པའི།། བློ་ངན་མཉམ་པར་ཁུངས་ཕྱང་ནས།། མ་རྟོགས་ལེ་ལོས་སྙོམས་ལས་བྱས།། དོན་མ་གྲུབ་པར་ངན་སོང་འགྲོ།། སེམས་ཀྱིས་མཉམ་པ་མ་རྟོགས་ན། ། ཚིག་གིས་མཉམ་པས་འཚང་མི་རྒྱ།། དེ་བས་དོན་ཚིག་ལྡན་པར་བྱོས།། འོན་ཀྱང་ཐེ་ཙོམ་མེད་པས་འགྲུབ།། རྣལ་འབྱོར་དོན་ཆེན་རྟོགས་པ་ཡིས།། དུས་མཐའ་མེད་པར་དེ་ལྟར་བསྒོམ། ། ཡོན་ཏན་ནམ་མཁའི་མཐའ་དང་མཉམ།། སྤྱོད་ཡུལ་སངས་རྒྱས་ཉིད་དུ་གཅིག། རྟག་ཏུ་བསོད་ནམས་ཚོགས་ཆེན་ལྡན།། བྱ་བྱེད་མེད་པའི་བརྩོན་འགྲུས་ཀྱིས།། དེས་ནི་བྱང་ཆུབ་སྙིང་པོ་ལེན།། ཞེས་རྡོ་རྗེ་གསང་བའི་ཚིག་ཏུའོ། ། ལེའུ་སྟེ་སོ་གཅིག་པའོ།།།། དེ་ནས་བཅོམ་ལྡན་འདས་དགེས་པ་ཆེན་པོ་དེས། སྔགས་འཆང་རྣམས་དོན་ཡོད་པར་བྱ་བའི་ཕྱིར། རྡོ་རྗེ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་ཐམས་ཅད་ཕྱག་རྒྱར་བསྡུས་ནས་ཕྱི་ནང་སྣོད་བཅུད་ཐམས་ཅད་འདི་ལྟར་བརྟག་ཅིང། ། ཕྱག་རྒྱའི་དམ་ཚིག་བསྲུང་བ་དང།། དམ་ཚིག་གི་གནས་ཡིན་ནོ།། ཕྱག་རྒྱར་བསྡུ་ཞིང་སྤྲོ་བའང་འདི་ཡིན་ནོ།། དེ་རྣམས་ཀྱི་ཆེད་དུ་བརྗོད་པ་འདི་བརྗོད་དོ། ། གསང་བ་དེ་ཉིད་ངེས་པ་ལས།། བྱང་ཆུབ་མཆོག་འདི་བསྟན་པའོ།། མཉམ་པ་ཆེན་པོའི་དཀྱིལ་འཁོར་ནི།། ཕྱོགས་བཅུ་དུས་བཞི་མ་ལུས་པར།། འདས་དང་མ་འདས་ཐམས་ཅད་ཀུན།། ཡེ་ནས་དབྱེར་མེད་དེ་བཞིན་ཉིད། ། མཉམ་དང་མི་མཉམ་བྱ་བ་མེད།། དེ་བཞིན་ཉིད་ཀྱི་ངང་ཉིད་དུ།། ཆོས་རྣམས་མ་འདུས་གང་ཡང་མེད།། དེ་ཕྱིར་དེ་བཞིན་ཉིད་དུ་འུབ།། འཇིག་རྟེན་འདས་དང་འཇིག་རྟེན་པའི། ། བརྗོད་པ་མ་ལུས་ཐམས་ཅད་ཀུན།། ཆོས་ཉིད་ངང་ལས་མ་གཏོགས་པ།། ལོག་རྟོག་ཉོན་མོངས་རྡུལ་ཙམ་མེད།། ཕྱག་རྒྱ་སྣ་ཚོགས་འོད་འབར་ཡང།། དེ་བཞིན་ཉིད་ལས་མ་གཡོས་ཏེ།། བདག་ཉིད་དབྱིངས་ལས་མི་གཞན་ཏེ། ། མཉམ་ལ་མཉམ་པར་གནས་པ་ཡི།། རྣམ་གསུམ་ཚུལ་གྱི་བསྒོམ་བྱས་ཤིང།། ཕྱག་རྒྱ་བསྐྱེད་ཅིང་ལོག་འདུལ་བ།། བྱ་བྱེད་མེད་པའི་ཚུལ་གྱིས་སུ།། ལས་རྣམས་མ་ལུས་རྫོགས་པར་བྱེད། ། དེ་ལྟར་རྟོགས་ཤིང་རིགས་ཀྱི་མཆོག། རིམ་གྱིས་ཕྱག་རྒྱ་བསྐྱེད་པ་ནི།། བདག་ཉིད་ཕྱག་རྒྱ་ཀུན་གྱི་མཆོག། དེ་བཞིན་ཉིད་ཀྱི་སྙིང་པོ་ནི།། ཡེ་ནས་རང་བཞིན་འོད་གསལ་བ།། བྱང་ཆུབ་སྐྱེ་འཁྲུང་རྒྱུ་ཡང་ཡིན། ། འབྲས་བུ་ཡང་དག་མཆོག་ཀྱང་འབར།། རྒྱུ་འབྲས་དབྱེར་མེད་རྡོ་རྗེའི་ས།། བཅུ་གསུམ་ལྷུན་གནས་དོན་གྲུབ་པ།། བདེ་གནས་བླ་ན་མེད་པའི་བླ།། མཐར་ཕྱིན་གང་ལའང་མི་གནས་པའོ།། རང་བཞིན་ཕྱག་རྒྱ་ཆེན་པོ་ནི། ། ཕྱི་ནང་སྣོད་བཅུད་ཐམས་ཅད་ཀུན།། ཐབས་དང་ཤེས་རབ་ལྡན་པར་གནས།། རིགས་ལྔ་བདེ་གཤེགས་ཡབ་ཡུམ་དུ།། མ་བཅོས་ཡེ་ནས་དེ་ལྟར་གནས།། ཐམས་ཅད་ཤེས་རབ་ཉིད་ལ་རོལ།། དེ་མིང་མ་ཆགས་ཚོགས་ཆེན་པོ། ། ཡང་དག་ཉིད་ལ་རབ་ཏུ་རྫོགས།། ལྷག་པའི་ཕྱག་རྒྱ་ཆེན་པོ་ནི།། ནང་གི་རྟགས་ནི་ཕྱི་རུ་སྟེ།། མདོར་བསྡུས་ཕྱག་རྒྱ་དྲུག་པ་དང།། གཞན་ཡང་ཕྱག་རྒྱ་སྣ་ཚོགས་ཏེ།། ལག་གི་འདུ་འཕྲོ་བསམ་ཡས་དང། ། ཡན་ལག་སྟབས་ཆེན་བསྒུལ་བསིགས་ཀུན།། ཉིད་ཀྱི་དབྱིངས་ལས་མ་གཡོས་ཀྱང།། རང་བཞིན་ཉིད་ཀྱིས་དེ་ལྟར་གནས།། འཇོམས་ཤིང་ཅིས་ཀྱང་མི་ཚུགས་པ།། རང་བྱུང་ཆེན་པོ་ལྷ་ཡི་ལྷ། ། རྡོ་རྗེ་ཆ་མཆོག་ཕྱག་རྒྱ་ཆེ།། ཐམས་ཅད་ཀུན་ལ་འབིགས་པར་བྱེད།། དཔའ་བོ་ཞེས་ཀྱང་གདགས་པར་བྱ།། ལས་དང་ལས་ཀྱིས་མི་གོས་པ།། གཉིས་མེད་དབྱིངས་ཀྱི་དོན་རྟོགས་ཤིང།། མ་ཆགས་པ་ལ་ཆགས་པ་དང། ། ཤིན་ཏུ་རྣམ་པར་དག་པ་ཡི།། དེ་བཞིན་ཉིད་ཀྱི་དཀྱིལ་འཁོར་ལ།། སྐུ་གསུང་ཐུགས་ལྡན་ཟད་མི་ཤེས།། ཡོན་ཏན་མི་ཟད་གཏེར་དུ་འགྱུར།། འདི་ནི་མི་ཟད་པར་ལྡན་པའི།། སྐུ་གསུང་ཐུགས་ནི་རྫོགས་བྱེད་པའོ། ། རྣམ་པར་རྟོག་མེད་ཚུལ་གྱིས་ནི།། ཐམས་ཅད་ཀུན་ལ་ཆགས་མེད་རོལ།། གདུལ་བྱའི་དོན་ཆེད་བསམ་མི་ཁྱབ།། འཇོམས་དང་མ་ཆགས་ཀུན་འབྱུང་བ།། ཐམས་ཅད་དབང་བསྡུས་དོན་གྲུབ་པ།། མ་ལུས་ཀུན་འདུས་རྣམ་པར་དག། ཀུན་ནས་བཟླུམས་ཤིང་འོད་ཟེར་འཕྲོ།། རིགས་བཞི་མ་ལུས་ཐམས་ཅད་ཀུན།། མཉམ་རྫོགས་དབྱིངས་སུ་ཐམས་ཅད་འདུས།། རིགས་རྣམས་གཅིག་མེད་གཅིག་པ་སྟེ།། ལྷུན་གྲུབ་དཀྱིལ་འཁོར་ངང་ཉིད་དུ། ། ཕྱག་རྒྱའི་དམ་ཚིག་མཚན་ཉིད་ནི།། ཐུགས་ཀྱི་རྟགས་སུ་བསྟན་པ་ཡིན།། དཔེར་ན་རྒྱལ་པོས་རྒྱ་བཏབ་ན།། སེམས་ཅན་ཀུན་གྱིས་ཡོངས་མི་འདའ།། དེ་བཞིན་མཉམ་ཉིད་ཕྱག་རྒྱ་ཡིས། ། ཀུན་ལ་ཁྱབ་ཅིང་ཐམས་ཅད་སྣང།། སྐུ་གསུང་ཐུགས་ཀྱི་རྒྱས་བཏབ་ན།། བདུད་དང་མུ་སྟེགས་མང་པོ་ཀུན།། མི་མཐུན་ཕྱོགས་ཀྱིས་དབང་བྱར་མེད།། རྡོ་རྗེ་སེམས་དཔའི་རིགས་ངེས་ན།། འདི་ལྟ་བུ་ལ་རྟག་ཏུ་གནས། ། དེ་ལྟ་བུ་ཡི་བློ་མེད་ན།། རྡོ་རྗེའི་རིགས་སུ་ཡོངས་མ་བཤད།། རྡོ་རྗེ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས། ཕྱག་རྒྱ་དམ་ཚིག་གི་ལེའུ་སྟེ་སོ་གཉིས་པའོ།།།། དེ་ནས་དེ་བཞིན་གཤེགས་པ་བཅོམ་ལྡན་འདས་དགེས་པ་ཆེན་པོས་རྒྱུད་ཀྱི་དོན་འདི་གཏད་པའི་ཕྱིར། ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ།། སྒྱུ་འཕྲུལ་དྲཝ་བ་མངོན་རྫོགས་པས།། གཙུག་གི་ནོར་ལྟར་ཀུན་འབྱུང་བ།། ཡེ་ཤེས་དག་པ་གསང་བའི་སྙིང། ། རིན་པོ་ཆེ་ཡི་གསང་སྒྲོམ་ནས།། ཐུགས་ཀྱི་ལྗགས་ཀྱི་པདྨས་ནི།། བཅོམ་ལྡན་རྣམས་ལ་བཤད་བྱས་པས།། དེ་བཞིན་བཅོམ་ལྡན་རྣམས་ཀྱིས་ཀྱང།། སྒྱུ་འཕྲུལ་དྲ་བ་བརྟན་པ་ཡིས།། དཀྱིལ་འཁོར་རྣམ་བདུན་བཟུང་བ་དང། ། འཁོར་བ་མྱ་ངན་འདས་པ་ཡི།། མཉམ་པའི་ལམ་ལ་གནས་པར་གྱིས།། སྒྱུ་འཕྲུལ་དྲ་བ་བརྟན་པ་ཡིས།། ལུས་དང་ངག་དང་ཡིད་དང་གསུམ།། ནམ་མཁའི་ལུས་དང་ནམ་མཁའི་ཡིད།། ནམ་མཁའི་ཐུགས་དང་ལྡན་པར་གྱིས། ། སྒྱུ་འཕྲུལ་དྲ་བ་བརྟན་པ་ཡིས།། རྩ་བ་མི་སྤང་དང་དུ་བླང།། དམ་ཚིག་འཕྲིན་ལས་མ་ལུས་པ།། ལུས་ཀྱི་ཡན་ལག་བཞིན་དུ་གྱིས།། སྒྱུ་འཕྲུལ་དྲ་བ་བརྟན་པ་ཡིས།། གཟུགས་སྒྲ་དྲི་རོ་རེག་བྱ་རྣམས།། རྒྱལ་བའི་དཀྱིལ་འཁོར་ཉིད་དང་ནི། ། མཆོད་པ་དམ་པ་ཉིད་དུ་གཟུང།། དེ་ནས་དེ་བཞིན་གཤེགས་པ་རྣམས་དང།། ལག་ན་རྡོ་རྗེ་ཅན་གྱིས་ནི།། ངེས་པར་གསུངས་པ་གཟུང་བའི་ཕྱིར།། ཀུན་གྱིས་མགྲིན་གཅིག་བསྡེབས་ནས་ནི།། བདག་པོ་རྒྱུད་ལ་ཕྱག་ཀྱང་བཙལ། ། སྒྱུ་འཕྲུལ་དྲ་བ་མངོན་རྫོགས་པ།། ཡེ་ཤེས་དག་པའི་སྙིང་པོ་ལ།། གཙུག་གི་ནོར་ལྟར་དེ་བཞིན་འདུད།། རིན་པོ་ཆེ་ཡི་གསང་བའི་སྒྲོམ།། བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ལ།། དེ་ལ་རྟག་པར་བཞིན་ཕྱག་འཚལ།། ངེས་པའི་དཀྱིལ་འཁོར་རྣམ་བདུན་དང། ། མི་གནས་མཉམ་པའི་ལམ་དེ་ལ།། ཕྱག་འཚལ་དེ་བཞིན་ཕྱག་ཀྱང་འཚལ།། ལུས་ངག་ཡིད་གསུམ་ནམ་མཁའ་ལྟར།། རང་བཞིན་འོད་གསལ་དངས་པ་ལ།། དེ་ལའང་རྟག་པའི་བཞིན་ཕྱག་འཚལ།། རྩ་བ་བཅོ་ལྔ་མཆོག་གི་གཙོ། ། དམ་ཚིག་འཕྲིན་ལས་མ་ལུས་པའང།། དེ་ལའང་རྟག་པའི་བཞིན་ཕྱག་འཚལ།། ཕྱོགས་བཅུའི་གཟུགས་སྒྲ་མ་ལུས་པ།། སྣ་ཚོགས་བསྒྱུར་བའི་འཕྲུལ་མོ་ཆེ།། དེ་ལའང་རྟག་པའི་བཞིན་ཕྱག་འཚལ། ། ཨེ་མ་ཧོ་ཀུན་ཏུ་བཟང་པོ་དང།། ཨེ་མ་ཧོ་རི་ངོ་མཚར་རྨད་ཀྱི་རྒྱུད།། ཨེ་མ་ཧོ་མཛེས་ཁྱད་པར་ཅན།། དེ་ལ་རྟག་ཏུའང་བཞིན་ཕྱག་འཚལ་ལོ།། ཨེ་མ་གོ་སྒྱུ་འཁྲུལ་དྲ་བ་ལ།། ཨེ་མ་ལུས་ཀྱི་མགོ་བཞིན་དུ།། དེ་བཞིན་མི་འགྲལ་འདུད་པར་བགྱིད། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་སྐུ་འཁྲུལ་དྲ་བ་ལས་དེ་བཞིན་གཤེགས་པ་ཀུན་ཏུ་བཟང་པོས་རྒྱུད་གཏད་པ་དང། འཁོར་རྣམས་ཀྱིས་རྒྱུད་གཟུང་བའི་ལེའུ་སྟེ་སུམ་ཅུ་གསུམ་པའོ། །།། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་སྒྱུ་འཕྲུལ་དྲ་བ་རྫོགས་སོ།།།།
CLOSE WINDOW