Wylie |
། གླང་སྣ་རིགས་ལྔ་ལོངས་སྐུ་འགྲུབ།། རྡོ་རྗེ་རིན་ཆེན་པདྨ་དང།། ལས་དང་བདེར་གཤེགས་དཔའ་བོ་ལྔ།། བདེ་ཅན་སྤྲུལ་པའི་སྐུ་ཡང་འགྲུབ།། བདེ་ལ་སེམས་བཟུང་སྟོང་ལ་སྦྱང།། ཕབས་བཟུང་ཟློག་དགྲམ་ལུས་གནད་བཅང། ། དྲང་བ་གོ་ཟློགས་ཐིག་ལེ་འཕེལ།། ཕྱི་ནང་གུང་སྦྱར་སྣང་སེམས་འདྲེ།། རླུང་གིས་ཡོན་ཏན་ཐམས་ཅད་འགྲུབ།། ཡི་གེས་གཞན་དོན་དཔག་མེད་བྱེད།། ཐིག་ལེས་ཕ་རོལ་སེམས་ཤེས་འགྱུར། ། སྔོན་དུ་དམ་བཞིའི་ཏྲི་བཞི་སྦྱང།། གནད་བཞིས་འཁོར་བའི་སེམས་བསྒྲལ་ལོ།། འབྲས་བུ་སྐུ་གསུམ་མངོན་དུ་གྱུར།། ལྔའི་འཁོར་བ་དོང་སྤྲུག་གོ། དགུ་བཅུ་གཅིག་གིས་འོད་ཀྱི་ལུས།། ཆགས་པ་ཅན་རྣམས་ཐོབ་པའོ། ། གནད་འདི་སུས་ཤེས་འཁོར་འདས་གྱེས།། ཚོགས་འདི་རྒྱུད་ཀྱིས་རྟོགས་འགྱུར་གྲོལ།། ལྔ་ལྡན་བུ་ལ་འདི་གཏོད་ལས།། སྐལ་མེད་དམན་ལ་མ་བསྒྲག་ཅིག། སྒྱ་མྱ་ཡ། སྔགས་ཀྱི་སྲུངས་མས་བཀའ་འདི་སྲུངས་ཅིག། གཏེར་རྒྱ། སྦས་རྒྱའོ།། ཡང་ཏིག་སྲོག་གཟེར་གྱི་རྒྱུད་ཅེས་བྱ་བ་ཐུགས་རྗེ་ཅེར་གྲོལ་ཡིན་ནོ།། སྭ་སྭ་ཐ་སྭ།།།། རྱ་སྭཐྭ་རྦྱ། རྒྱ་གར་སྐད་དུ། ཨི་བཾ་ཀྲུ་ཡ། བོད་སྐད་དུ། གསེར་གྱི་འབྲུ་གཅིག་པ། འཁོར་འདས་མཐའ་གྲོལ་ཀློང་དུ་ཕྱག་འཚལ་ལོ།། སེམས་ཅན་ཚེ་ལོ་འབུམ་གྱི་དུས།། སྟོན་པ་འཇམ་དཔལ་འཇིག་སྐྱོབས་ཉིད། རྒྱ་གར་སྐད་དུ། ཨི་བཾ་ཀྲུ་ཡ། བོད་སྐད་དུ། གསེར་གྱི་འབྲུ་གཅིག་པ། འཁོར་འདས་མཐའ་གྲོལ་ཀློང་དུ་ཕྱག་འཚལ་ལོ།། སེམས་ཅན་ཚེ་ལོ་འབུམ་གྱི་དུས།། སྟོན་པ་འཇམ་དཔལ་འཇིག་སྐྱོབས་ཉིད། ། དྲོད་དང་གཤེར་གྱིས་གནས་སུ་བསྟན།། ཆགས་པ་ལོགས་ཅན་འདུལ་བའི་ཕྱིར།། ཐབས་ཀྱི་རྒྱུད་ལས་སྐྱེད་བསྐྱེད་པའི།། བྱང་ཆུབ་སེམས་དཔའ་འབྲུག་སྒྲོག་དྲུག། རིགས་ལྡན་འཁོར་བརྡལ་བཀའ་སྩལ་བ། ། དྲོད་དང་གཤེར་གྱིས་གནས་སུ་བསྟན།། ཆགས་པ་ལོགས་ཅན་འདུལ་བའི་ཕྱིར།། ཐབས་ཀྱི་རྒྱུད་ལས་སྐྱེད་བསྐྱེད་པའི།། བྱང་ཆུབ་སེམས་དཔའ་འབྲུག་སྒྲོག་དྲུག། རིགས་ལྡན་འཁོར་བརྡལ་བཀའ་སྩལ་བ། ། ཨེ་མ། དབང་གསུམ་གནད་གསུམ་གཟེར་གདབ་པས།། བསྡོད་གསུམ་ཚད་གསུམ་ཡུལ་གསུམ་ཆོད།། ཞིང་ཁམས་གསུམ་ལ་ལོངས་སྤྱོད་པས།། ངོ་སྤྲོད་གསུམ་གྱིས་ཐག་ཆོད་ཅིག། ཅེས་གསུངས་སོ། ། ཨེ་མ། དབང་གསུམ་གནད་གསུམ་གཟེར་གདབ་པས།། བསྡོད་གསུམ་ཚད་གསུམ་ཡུལ་གསུམ་ཆོད།། ཞིང་ཁམས་གསུམ་ལ་ལོངས་སྤྱོད་པས།། ངོ་སྤྲོད་གསུམ་གྱིས་ཐག་ཆོད་ཅིག། ཅེས་གསུངས་སོ། ། འཁོར་བ་དོང་སྤྲུགས་གསེར་གྱི་འབྲུ་གཅིག་པ་ཞེས་བྱ་བ། ཐུགས་རྗེ་དྲེག་གྲོལ་ས་མ་ཡ་རྒྱ་རྒྱ་རྒྱ། སྔགས་ཀྱི་བདག་མོས་སྲུངས་ཅིག། གཏེར་རྒྱ། སྦས་རྒྱ། ཟབ་རྒྱ། ཐ་རྦཱ་སཱ།།།། ། འཁོར་བ་དོང་སྤྲུགས་གསེར་གྱི་འབྲུ་གཅིག་པ་ཞེས་བྱ་བ། ཐུགས་རྗེ་དྲེག་གྲོལ་ས་མ་ཡ་རྒྱ་རྒྱ་རྒྱ། སྔགས་ཀྱི་བདག་མོས་སྲུངས་ཅིག། གཏེར་རྒྱ། སྦས་རྒྱ། ཟབ་རྒྱ། ཐ་རྦཱ་སཱ།།།། རྒྱ་གར་སྐད་དུ།
CLOSE WINDOW