Wylie |
ཊ་ནར་རྭ་ཏྭ་ཀླུ། ཊྀ་ཊ་ཐ་བྱྀ། རྣཱ་ཊཱ་ཊཱ+ོ། རྒྱ་གར་སྐད་དུ། སརྦ་བྷེ་ལ་ཏྲི་དྷརྨ་དྷ་དུ། བོད་སྐད་དུ། རང་བྱུང་གིས་ཆོས་ཚིག་ཐམས་ཅད་དྲང་ཤར་བའི་གླེགས་བམ། བཅོམ་ལྡན་འདས་ཀ་དག་སྨྲ་བསམ་བརྗོད་ཚིག་མཐའ་དང་བྲལ་བ་ལ་ཕྱག་འཚལ་ལོ། ཊ་ནར་རྭ་ཏྭ་ཀླུ། ཊྀ་ཊ་ཐ་བྱྀ། རྣཱ་ཊཱ་ཊཱ+ོ། རྒྱ་གར་སྐད་དུ། སརྦ་བྷེ་ལ་ཏྲི་དྷརྨ་དྷ་དུ། བོད་སྐད་དུ། རང་བྱུང་གིས་ཆོས་ཚིག་ཐམས་ཅད་དྲང་ཤར་བའི་གླེགས་བམ། བཅོམ་ལྡན་འདས་ཀ་དག་སྨྲ་བསམ་བརྗོད་ཚིག་མཐའ་དང་བྲལ་བ་ལ་ཕྱག་འཚལ་ལོ། ། ཆོས་ཀྱི་དབྱིངས་དམིགས་གཏད་དང་བྲལ་བའི་ཀློང་ན། མཚན་མ་ཡུལ་གཉིས་དང་བྲལ་བའི་གཞལ་ཡས་བཟོ་མིན་ཁ་དོག་དང་བྲལ་བའི་གདན་ཁྲི་ལ། ཞལ་ཕྱག་ཕྱོགས་གཞན་ལས་འདས་པའི་སྟོན་པ་ཀུན་ཏུ་བཟང་པོས། ། ཆོས་ཀྱི་དབྱིངས་དམིགས་གཏད་དང་བྲལ་བའི་ཀློང་ན། མཚན་མ་ཡུལ་གཉིས་དང་བྲལ་བའི་གཞལ་ཡས་བཟོ་མིན་ཁ་དོག་དང་བྲལ་བའི་གདན་ཁྲི་ལ། ཞལ་ཕྱག་ཕྱོགས་གཞན་ལས་འདས་པའི་སྟོན་པ་ཀུན་ཏུ་བཟང་པོས། ཐུགས་རྗེ་སྣ་ཚོགས་སུ་འཕྲོད་པའི་རང་ཤེས་རིག་གི་མདངས་དགྲོད་ལ། འཁོར་འདས་གཉིས་སུ་མི་ཕྱེ་ཕྱེ་བ་མི་མངའ་བའི་དུས་སུ་བཀའ་སྩལ་པ། ཨ་ཨ་ཨ། ཐུགས་རྗེ་སྣ་ཚོགས་སུ་འཕྲོད་པའི་རང་ཤེས་རིག་གི་མདངས་དགྲོད་ལ། འཁོར་འདས་གཉིས་སུ་མི་ཕྱེ་ཕྱེ་བ་མི་མངའ་བའི་དུས་སུ་བཀའ་སྩལ་པ། ཨ་ཨ་ཨ། སྟོང་ཁྱབ་གསལ་རིག་བཟོད་པ་མེད།། སྣང་ཁྱབ་ལྷུག་པ་ཐལ་ལེ་བ།། མིང་མེད་ཡུལ་བྲལ་མ་འགག་ཅིང།། གོ་འབྱེད་རང་འབྱུང་སྣང་གསལ་ཕྱེ།། རང་རྩལ་མ་རིག་གཞི་སྣང་འཐས།། སྟོང་ངོ་རང་བཞིན་གསལ་ཆར་ཞེན། སྟོང་ཁྱབ་གསལ་རིག་བཟོད་པ་མེད།། སྣང་ཁྱབ་ལྷུག་པ་ཐལ་ལེ་བ།། མིང་མེད་ཡུལ་བྲལ་མ་འགག་ཅིང།། གོ་འབྱེད་རང་འབྱུང་སྣང་གསལ་ཕྱེ།། རང་རྩལ་མ་རིག་གཞི་སྣང་འཐས།། སྟོང་ངོ་རང་བཞིན་གསལ་ཆར་ཞེན། ། ཐུགས་རྗེ་སྣང་ཞུགས་འབྱུང་ལྔར་འཐས། ཁམས་གསུམ་རིགས་དྲུག་དུག་གསུམ་འཐུངས།། དེ་གྲོལ་ཀུངས་ཆེན་ལྟ་འདོད་ན།། སྣང་བ་བཀོད་པའི་ཕྱི་དབྱིངས་ནང།། སྐུ་གསུམ་རྫོགས་ལྡན་ཚོམ་འོད་ཟེར། ། ཐུགས་རྗེ་སྣང་ཞུགས་འབྱུང་ལྔར་འཐས། ཁམས་གསུམ་རིགས་དྲུག་དུག་གསུམ་འཐུངས།། དེ་གྲོལ་ཀུངས་ཆེན་ལྟ་འདོད་ན།། སྣང་བ་བཀོད་པའི་ཕྱི་དབྱིངས་ནང།། སྐུ་གསུམ་རྫོགས་ལྡན་ཚོམ་འོད་ཟེར། ། འཕྲ་བསྙན་གསལ་འཚེར་དཀྱིལ་འཁོར་རྫོགས།། ཤེལ་འཇའ་མེ་ལོང་ཉ་ཕྱིས་གསུམ།། དབང་བཞི་རྫོགས་པའི་དཔེ་རུ་བཞག། མུན་ནག་སྒོ་གསུམ་བྱ་བ་བཏང།། ཨ་འ་ཤ་ས་མ་ཧ་བཟླས།། རྡོ་རྗེ་གདེངས་པ་མི་གཡོ་ཞིང། ། འཕྲ་བསྙན་གསལ་འཚེར་དཀྱིལ་འཁོར་རྫོགས།། ཤེལ་འཇའ་མེ་ལོང་ཉ་ཕྱིས་གསུམ།། དབང་བཞི་རྫོགས་པའི་དཔེ་རུ་བཞག། མུན་ནག་སྒོ་གསུམ་བྱ་བ་བཏང།། ཨ་འ་ཤ་ས་མ་ཧ་བཟླས།། རྡོ་རྗེ་གདེངས་པ་མི་གཡོ་ཞིང། ། འབྱུང་བཞི་ཕྱི་ནང་རྟོག་རྩ་བཅད།། གདོད་མ་བཞི་ལ་ངང་བབ་ན།། གཡོ་མེད་ཀློང་དུ་དྲུག་ཅུ་བསྣལ།། སེམས་དང་ཡེ་ཤེས་རྩ་ལམ་སྒོ།། སོ་སོར་དབྱེ་ལ་གཅིག་ཏུ་བསྲེ།། ཆོས་སྐུ་རང་གྲོལ་ཕྱག་རྒྱའི། ། འབྱུང་བཞི་ཕྱི་ནང་རྟོག་རྩ་བཅད།། གདོད་མ་བཞི་ལ་ངང་བབ་ན།། གཡོ་མེད་ཀློང་དུ་དྲུག་ཅུ་བསྣལ།། སེམས་དང་ཡེ་ཤེས་རྩ་ལམ་སྒོ།། སོ་སོར་དབྱེ་ལ་གཅིག་ཏུ་བསྲེ།། ཆོས་སྐུ་རང་གྲོལ་ཕྱག་རྒྱའི། ། སྒྲོན་མ་རྣམ་བཞི་ལོངས་སྤྱོད་ཅིག། སྣང་བཞི་གདེང་བཞི་ས་ཟིན་ནས། ཁམས་གསུམ་མིག་མེད་ཡེ་རྫོགས་རྒྱས།། སྣང་དང་སྟོང་དང་དབྱེར་མེད་ཆོས།། འཁོར་འདས་ཆོས་ཚིག་དེར་ཟད་དོ།། རང་བྱུང་ཤོ་ལོག་གཉིས་པ་འདི། ། སྒྲོན་མ་རྣམ་བཞི་ལོངས་སྤྱོད་ཅིག། སྣང་བཞི་གདེང་བཞི་ས་ཟིན་ནས། ཁམས་གསུམ་མིག་མེད་ཡེ་རྫོགས་རྒྱས།། སྣང་དང་སྟོང་དང་དབྱེར་མེད་ཆོས།། འཁོར་འདས་ཆོས་ཚིག་དེར་ཟད་དོ།། རང་བྱུང་ཤོ་ལོག་གཉིས་པ་འདི། ། ཚིག་དང་ཡི་གེར་མ་བྱུང་སྟེ།། མཁའ་ལ་འཇའ་ཟེར་བཞིན་དུ་འཁྱིལ།། བསྟན་པ་ཀུན་གྱིས་ཐོག་མའོ།། ཞེས་གསུངས་དགོངས་པའི་རྒྱུད།། རིན་པོ་ཆེས་བྲིས་ཏེ་མགུལ་དུ་བཅངས་པའི་མི་ནི་དྲན་སངས་རྒྱ་བའོ། ། ཚིག་དང་ཡི་གེར་མ་བྱུང་སྟེ།། མཁའ་ལ་འཇའ་ཟེར་བཞིན་དུ་འཁྱིལ།། བསྟན་པ་ཀུན་གྱིས་ཐོག་མའོ།། ཞེས་གསུངས་དགོངས་པའི་རྒྱུད།། རིན་པོ་ཆེས་བྲིས་ཏེ་མགུལ་དུ་བཅངས་པའི་མི་ནི་དྲན་སངས་རྒྱ་བའོ། ། སྔགས་ཀྱི་སྲུངས་མས་བཀའ་འདི་སྲུངས་ལ། སྐལ་ལྡན་གྱི་བུ་ལ་གཏོད་ཅིག། སྱ་སྱ་སྱ། ཧྱ་ག་ཊ་རྠ། ཀཱ་ཅ་འ།།།། ། སྔགས་ཀྱི་སྲུངས་མས་བཀའ་འདི་སྲུངས་ལ། སྐལ་ལྡན་གྱི་བུ་ལ་གཏོད་ཅིག། སྱ་སྱ་སྱ། ཧྱ་ག་ཊ་རྠ། ཀཱ་ཅ་འ།།།། རྒྱ་གར་སྐད་དུ།
CLOSE WINDOW