Wylie |
། ངོས་ཟུང་མེད་པའོ།། དཔེར་ནོར་བུ་རིན་པོ་ཆེ་དང་འདྲའོ།། ཤེས་རབ་རྒྱལ་པོས་ཐམས་ཅད་མཁྱེན་པ་དང་འབྱེད་པ་མེད་པའོ།། དཔེ་ཉི་མའི་སྙིང་པོ་དང་འདྲ།། ཡེ་ཤེས་ཀྱི་རྒྱལ་པོས་ཐམས་ཅད་གསལ་ཏེ་ཁ་དོག་མེད་པའོ། ། དཔེ་བར་སྣང་ལ་ཉི་མ་ཤར་བ་དང་འདྲ།། བདེ་བའི་རྒྱལ་པོ་ཆོས་དབྱིངས་ཀློང་སྟེ་གོས་པ་མེད་པའོ།། དཔེ་རིན་པོ་ཆེ་ཤེལ་གྱི་བུམ་པ་དང་འདྲ།། རྟག་པའི་རྒྱལ་མོ་ཆོས་ཀྱི་སྐུ་སྟེ་དངོས་པོ་མེད་པའོ། ། དཔེ་ནམ་མཁའི་ཀློང་ལྟ་བུའོ།། དངོས་པོར་སྣང་བའི་བཙུན་མོ་སྟོང་ཉིད་ཡུམ་སྟེ་ཐམས་ཅད་ཆོས་དབྱིངས་སོ།། དཔེ་ཆུ་དང་འཁྱག་པ་དང་འདྲ།། མ་རིག་རྒྱལ་པོའི་བཙུན་མོ་རང་བྱུང་ཡེ་ཤེས་ཡུམ་སྟེ་ཐམས་ཅད་དབྱེར་མེད་ཀློང། ། དཔེ་རྒྱ་མཚོའི་ཆུ་གཟུགས་དང་འདྲ།། སྡུག་བསྔལ་རྒྱལ་པོའི་བཙུན་མོ་སྤྲོས་མེད་ཆོས་དབྱིངས་ཡུམ་སྟེ་རང་བཞིན་གྲུབ་མེད།། དཔེ་ནམ་མཁའི་ཆོ་འཕྲུལ་དང་འདྲ།། རེ་དོགས་འདོད་པའི་བཙུན་མོ་བདག་མེད་སྟོང་གསལ་ཡུམ་སྟེ་ཕྱོགས་མེད་བརྡལ་བའོ། ། དཔེ་རིན་པོ་ཆེ་གསེར་གླིང་དང་འདྲ།། ཆགས་པས་བསྡམས་པའི་བཙུན་མོ་དངོས་མེད་རང་གསལ་ཡུམ་སྟེ་མ་བཅོས་སྒྲིབ་མེད།། དཔེ་མེ་ཏོག་འདམ་ནས་སྐྱེས་པ་དང་འདྲ། ། ང་བདག་རྒྱལ་པོའི་བཙུན་མོ་ཕྱོགས་མེད་ཀློང་ཡངས་ཡུམ་སྟེ་དངོས་པོ་མེད་པའོ།། དཔེ་ནམ་མཁའི་འབྲུག་དང་འདྲའོ།། ཆོས་ཀྱི་དབྱིངས་ཀྱི་བློན་པོ་དུས་གསུམ་སངས་རྒྱས་ཀྱི་སྐུའི་དབྱིངས་ཏེ་ཁ་དོག་མེད་པའོ། ། དཔེ་སྐོས་ཕོར་ནང་གི་ཚ་ཚྭ་དང་འདྲ།། ཀུན་གཞི་སྟོང་གསལ་གྱི་བློན་པོ་ཤེས་རབ་གསལ་བའི་བཀྲག་སྟེ་དངོས་བསམ་རྫས་སུ་མེད།། དཔེ་མེ་ལོང་ནང་གི་གཟུགས་བརྙན་དང་འདྲའོ། ། བྱང་ཆུབ་སེམས་ཀྱི་བློན་པོ་རིག་པ་རང་བྱུང་ཟེར་ཏེ་རྒྱུ་རྐྱེན་གྲུབ་པ་མེད།། དཔེ་བར་སྣང་གི་སེར་བུ་དང་འདྲ།། གསལ་གདངས་ཐིག་ལེའི་བློན་པོ་རྣམ་པར་ཤེས་པ་བརྒྱད་དེ་ཕྱོགས་དང་རང་བཞིན་མེད། ། དཔེ་འོད་དང་ཟེར་དང་འདྲ།། འཁྲུལ་པ་ཡིད་བློའི་བློན་པོ་སྣང་གསལ་སྒོ་ལྔའི་གདངས་ཏེ་སྟོང་ལ་སངས་པར་གནས་ཏེ།། དཔེར་ན་བར་སྣང་ལ་འཇའ་ཤར་བ་དང་འདྲ་སྟེ།། ཀུན་གཞིའི་སྲས་པོ་ཚངས་པའི་རིག་བྱ་སྤྲོས་པ་མེད་པའོ། ། དཔེ་ཤིང་བལ་གྱི་འདབ་མ་དང་འདྲ།། ཡེ་ཤེས་ཀྱི་སྲས་པོ་སྒྲོན་མེའི་གདངས་ཏེ་སྣང་བ་རང་གྲོལ་དུ་ཤར།། དཔེ་ཆུ་དང་གཟའ་སྐར་དང་འདྲ།། སེམས་ཉིད་ཀྱི་སྲས་པོ་ཙཀ་ཀྲའི་སྒྲ་སྟེ་སྟོང་ལ་རང་སངས་སོ། ། དཔེ་བྲག་ཆའི་སྒྲ་སྙན་དང་འདྲ།། ཤེས་རབ་ཀྱི་སྲས་པོ་པདྨའི་རོ་སྟེ་ཆགས་པ་རང་གྲོལ་ལོ།། དཔེ་ཕོ་མོའི་དགའ་བདེ་དང་འདྲ།། རིག་པའི་སྲས་པོ་རླུང་སྒྲོམ་ཧཱུ~ཾ་སྟེ་རང་བྱུང་འཆར་བའོ། ། དཔེ་བར་སྣང་གི་སེར་བུ་དང་འདྲའོ།། ཡང་ཆོས་ཀྱི་དབྱིངས།། མ་བྱང་རྣམ་དག་བྱང་ཆུབ་ལམ།། ཐིག་ལེ་སྤྲོས་བྲལ་ཡེ་ཤེས་རྩལ།། ཐམས་ཅད་རྫོགས་པ་ཀློང་ཡངས་ཆེ།། བདེ་བ་བྱང་ཆུབ་སེམས་ཀྱི་རྒྱུད་རྫོགས་སོ། །།། རྒྱ་གར་སྐད་དུ། ཛྙཱ་ན་ག་ཡ་ཧི་པ་རེ། བོད་སྐད་དུ། ཡེ་ཤེས་སྣང་བའི་མདངས་རང་འབར་བའོ།། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། ། འདི་སྐད་བཤད་པའི་དུས་ན།། ཐམས་ཅད་མཉམ་པ་ཉིད་དབྱེར་མེད་པར་ཤར་བའོ།། བརྡལ་བ་ཡེ་ཤེས་ཀློང་དུ་དག། འགྱུར་མེད་ཆོས་ཀྱི་སྐུ་རུ་སྣང།། དབྱེར་མེད་རང་གྲོལ་ཆེན་པོ་དག། ཐམས་ཅད་ཡེ་ཤེས་རོལ་བར་གནས་པའོ། ། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས།། ཐམས་ཅད་ཡེ་ཤེས་ཀྱི་ཉི་མར་ལུས་པ་མེད་པར་སངས་རྒྱས་པའོ།། དེ་ནས་རྡོ་རྗེ་ཀུན་ཏུ་བཟང་པོས་ཡེ་ཤེས་ཀྱི་མདངས་ཕྱུང་ནས། ། ཀྱེ་ཀྱེ་ཕྱོགས་བཅུའི་ངོ་བོ་ཡེ་ནས་སྟོང།། འཁོར་བ་ཐམས་ཅད་དག་པའི་ཞིང།། སངས་རྒྱས་ཐམས་ཅད་འཁོར་བའི་ལམ།། བདེ་བ་ཐམས་ཅད་སྡུག་བསྔལ་རྒྱུ།། ལྷ་སྒོམ་ཐམས་ཅད་འཁྲུལ་པའི་གཞི། ། རྟོགས་པའི་ཉམས་མྱོང་ཐམས་ཅད་བསླུ་བའི་བདུད།། ས་ལ་ཐམས་ཅད་འཁྲུལ་བའི་གནས།། སྐུ་གསུམ་འབྲས་བུ་ངན་སོང་རྒྱུ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས།། ཡང་དག་པ་འདི་བརྗོད་དོ། ། འགྱུར་མེད་སྙིང་པོ་ཆོས་ཀྱི་སྐུ།། འཁོར་འདས་ཀུན་གྱི་སྙིང་པོར་ཤར།། ལྟ་རུ་དངོས་པོ་གྲུབ་པ་མེད།། གཏན་དུ་ཁ་དོག་དབྱིབས་ལས་འདས།། རྟོགས་སུ་སྙིང་པོ་རང་བཞིན་མེད།། སྤྱད་དུ་རྫས་སུ་གྲུབ་པ་མེད། ། དེས་ན་འགྱུར་མེད་ཆོས་ཀྱི་སྐུ།། ཡེ་ཤེས་སྣང་བའི་མདངས་ལས།། གནད་བསྟན་པའི་ལེའུ་སྟེ་དང་པོའོ།།།། དེ་ནས་ཀུན་ཏུ་བཟང་པོས་བརྗོད་པས།། ཆོས་སྐུའི་རང་འོད་བརྡལ་བ་ཆེ། ། ཡེ་ཤེས་ཉི་མ་སྒྲིབ་མེད་ཤར།། དབྱིངས་ཀྱི་རྣམ་པ་ཕྱོགས་དང་བྲལ།། ཀློང་ཆེན་ཡངས་པ་ཀུན་གནས་ཅེས་བརྗོད།། དེ་ནས་ཀུན་ཏུ་བཟང་པོས་བརྗོད་པ།། ཕྱོགས་རིས་མེད་པས་མཐའ་དང་བྲལ། ། ཡངས་དོག་མེད་པས་ཐ་སྙད་བྲལ།། ངོས་བཟུང་མེད་པས་གཉིས་སྣང་བྲལ།། བྱས་པ་མེད་པས་འདུས་བྱས་བྲལ།། ཞེས་གསུངས་སོ།། དེ་ནས་རྡོ་རྗེ་སེམས་དཔའ་བརྗོད་པས།། ཀུན་གཞི་སྟོང་པའི་ངང་ཉིད་ལས། ། དངོས་པོ་སྣང་བ་ཅི་ལྟར་ལགས།། ཆོས་སྐུ་སྣང་བ་འགྱུར་བ་མེད་པ་ལ།། སྐྱེ་ཤི་འབྱུང་བ་ཇི་ལྟར་ལགས།། ཡེ་ཤེས་ཁ་དོག་མེད་པ་ལ།། སྣང་བ་འཆར་བ་ཇི་ལྟར་ལགས།། སེམས་ཉིད་སྤྲོས་པ་མེད་པ་ལ། ། འཁོར་འདས་འབྱུང་བ་ཇི་ལྟར་ལགས།། རིག་པ་དངོས་པོ་མེད་པ་ལ།། གཉིས་སྣང་འབྱུང་བ་ཇི་ལྟར་ལགས།། ཆོས་ཉིད་འདུ་འབྲལ་མེད་པ་ལ།། ཞེན་ཆགས་འབྱུང་བ་ཇི་ལྟར་ལགས།། ཀུན་གཞི་སྟོང་པའི་ངང་ཉིད་ལས། ། བག་ཆགས་སོག་པ་ཇི་ལྟར་ལགས།། ཡེ་ཤེས་སྙིང་པོ་ཟང་ཐལ་ལ།། མ་རིག་འབྱུང་བ་ཇི་ལྟར་ལགས།། ཆོས་སྐུ་ཆོས་དབྱིངས་ཆེན་པོ་ལ།། དུག་ལྔ་འབྱུང་བ་ཇི་ལྟར་ལགས།། ཆོས་སྐུ་ཐིག་ལེ་ཉག་གཅིག་ལ། ། ས་ལམ་འབྱུང་བ་ཇི་ལྟར་ལགས།། ཡེ་ཤེས་སྙིང་པོ་རང་བྱུང་ལ།། སྡུག་བསྔལ་འབྱུང་བ་ཇི་ལྟར་ལགས།། ཡེ་ནས་སྙིང་པོ་དབྱེར་མེད་ལ།། འབྲས་བུ་འབྱུང་བ་ཇི་ལྟར་ལགས།། ཞེས་བརྗོད་དོ།། ཡེ་ཤེས་སྣང་བའི་མདངས་ལས། ། དྲིས་པའི་ལེའུ་སྟེ་གཉིས་པའོ།།།། དེ་ནས་ཀུན་ཏུ་བཟང་པོས་བརྗོད་པ།། དངོས་པོ་ཆོས་སྐུའི་རང་འོད་ཡིན།། དངོས་པོ་ལོགས་ན་ཡོད་གྱུར་ན།། རིག་དྲུག་སོ་ལ་ཐ་དད་མེད། ། སྟོན་པ་རྡོ་རྗེ་སེམས་དཔས་ཞུས་ནས།། ལག་ན་རྡོ་རྗེ་དང།། མཁའ་འགྲོ་མས་བསྡུས་པ་ལེའུ་སྟེ་ཉེར་བཞི་པའོ།། བསྐལ་པ་འོད་ལྡན་གྱི་རྒྱུད་རྫོགས་སོ།།།། རྒྱ་གར་སྐད་དུ། ཏྲི་ཀཱ་ཡ་ཏནྟྲ། བོད་སྐད་དུ། སྐུ་གསུམ་ཇ་ལོག་གི་རྒྱུ་ཆེན་པོ། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། ཕུན་སུམ་ཚོགས་པ་ལྔ་ཇ་ལོག་དང། ཡེ་ཤེས་ལྔའི་ཇ་ལོག་དང། སྐུ་ལྔའི་ཀ་ལོག་དང། རིགས་ལྔའི་ཇ་ལོག་དང། མཛོད་ལྔའི་ཇ་ལོག་དང། ངོ་སྤྲཽད་གསུམ་གྱི་ཇ་ལོག་དང། གཞིའི་ཇ་ལོག་དང།། འཁྲུལ་པའི་ཇ་ལོག་དང། འབྲས་བུ་ཇ་ལོག་དང། ལྟ་སྔོམ་སྤྱོད་པའི་ཇ་ལོག་དང།། འཁྲུལ་པའི་འབྲས་བུ་ཇ་ལོག་དང། དུག་ལྔའི་ཇ་ལོག་བསྟན་པའོ།། རྩ་བ་མདོར་བསྡུས་པའི་ལེའུ་སྟེ་དང་པོའོ།།།། ཕུན་སུམ་ཚོགས་པ་ཇ་ལོག་ཏུ་བསྟན་པ་ནི།། སྟོན་པ་ཀུན་ཏུ་བཟང་པོ་ཇ་ལོག། ཆོས་ཀྱིས་སྐུའི་ཡེ་ཤེས།། འཁོར་རིགས་ལྔ་ཇ་ལོག། རང་བྱུང་ཡེ་ཤེས་ཆེན་པོ་དུས་ཇ་ལོག། རིག་པ་ཁོང་འཆར་ཆེན་སོ་ནས་ཇ་ལོག། ཆོས་སྐུ་ཀུན་ཁྱབ་རང་སྣང་གི་དཀྱིལ་འཁོར་ཆེན་པོ་བསྟན་པ་ཇ་ལོག། རང་གི་འདུག་ཚུལ་ཆེན་པོ།། ཕུན་སུམ་ཚོགས་པ་ལྔའི་ཇ་ལོག་གི་ལེའུ་སྟེ་གཉིས་པའོ།།།། ཡེ་ཤེས་ལྔའི་ཇ་ལོག་བསྟན་པ་ནི།། མེ་ལོང་ཡེ་ཤེས་ཇ་ལོག། གཞི་གནས་ཀྱི་རང་གསལ་ཆེན་པོ། ། མཉམ་ཉིད་ཡེ་ཤེས་ཇ་ལོག། དོན་འགྱུར་བ་མེད་པའི་མཉམ་པ་ཆེན་པོ།། ཀུན་རྟོག་ཡེ་ཤེས་ཇ་ལོག། ཐུགས་རྗེ་རོལ་པ་ཆེན་པོ།། ནན་ཏན་ཡེ་ཤེས་ཇ་ལོག་ལོག། འཕྲིན་ལས་ཀྱི་རོལ་པ་ཆེན་པོ།། ཆོས་དབྱིངས་ཡེ་ཤེས་ལྔ་ཇ་ལོག། ཡེ་ཤེས་ཇ་ལོག་ཏུ་བསྟན་པའི་ལེའུ་སྟེ་གསུམ་པའོ།།།། སྐུ་ལྔའི་ཇ་ལོག་བསྟན་པ་ནི།། ཆོས་སྐུ་ཇ་ལོག། འབྱེད་པ་མེད་པའི་གཏི་མུག་ལོངས་སྐུ་ཇ་ལོག། འདོད་ཆགས་ཆེན་པོ་སྤྲུལ་སྐུ་ཇ་ལོག། ཞེ་ལྔང་ཆེན་པོ་རྡོ་རྗེ་ལྟ་བུའི་སྐུ་ཇ་ལོག་ང་རྒྱལ་ཆེན་པོ་མངཽན་པར་བྱང་ཆུབ་པའི་སྐུ་ཇ་ལོག། ཕྲག་དོག་ཆེན་པོ་སྐུ་ལྔ་ཇ་ལོག་གི་ལེའུ་སྟེ་བཞི་པའོ།། རིགས་ལྔ་ཇ་ལོ་བསྟན་པ་ནི།། ཞེ་ལྔང་ཇ་ལོག་རྡོ་རྗེའི་རིགས། ། འདོད་ཆགས་ཇ་ལོག་པདྨའི་རིགས།། གཏི་མུག་ཇ་ལོག་དེ་བཞིན་ཉིད་ཀྱི་རིགས།། ང་རྒྱལ་ཇ་ལོག་རིན་པོ་ཆེའི་རིགས།། ཕྲག་དོག་ཇ་ལོག་ལས་ཀྱི་རིགས།། རྡོ་རྗེའི་རིགས་ཇ་ལོག་དམྱལ་བ། ། པདྨའི་རིགས་ཇ་ལོག་ཡི་དྭགས།། དེ་བཞིན་རིགས་ཇ་ལོག་ཆེན་པོ།། ང་རྒྱལ་ཇ་ལོག་འགྲོ་བ་མི།། ཕྲག་དོག་ཇ་ལོག་ལྷ་དང་ལྷ་མ་ཡིན།། རིགས་ལྔ་ཇ་ལོག་ཏུ་བསྟན་པའི་ལེའུ་སྟེ་ལྔ་པའོ། །།། མཛོད་ལྔ་ཇ་ལོག་བསྟན་པ་ནི།། ས་རིན་པོ་ཆེའི་མཛོད་ཇ་ལོག་རང་སྣང་གི་འོད་སེར་པོ།། ཆུ་རིན་པོ་ཆེའི་མཛོད་ཇ་ལོག་རང་སྣང་གི་འོད་དཀར་པོ།། མེ་རིན་པོ་ཆེའི་མཛོད་ཇ་ལོག་རང་སྣང་གི་འོད་དམར་པོ། ། རླུང་རིན་པོ་ཆེའི་མཛོད་ཇ་ལོག་རང་སྣང་གི་འོད་ལྗང་ཁུ།། ནམ་མཁའ་རིན་པོ་ཆེའི་མཛོད་ཇ་ལོག་རང་སྣང་གི་འོད་མཐིང་ཁ།། མཛོད་རྣམ་པ་ལྔ་ཇ་ལོག། རང་སྣང་དབྱེད་མེད་ཀུན་ཁྱབ་ཀྱི་དཀྱིལ་འཁོར་ཆེན་པོ། ། མཛོད་ཇ་ལོག་གི་ལེའུ་སྟེ་དྲུག་པའོ།། ངོ་སྤྲོད་ཇ་ལོག་ཏུ་བསྟན་པ་ནི།། ངོ་སྤྲད་དུ་མེད་པར་ཡེ་ནས་ཇ་ལོག་པས།། མཛོད་ལ་ངོ་སྤྲད་དུ་མེད་པར་ཇ་ལོག། སྣང་བ་མེད་པའི་ཆོས་ཉིད།། རིག་པ་ལ་ངོ་སྤྲད་དུ་མེད་པར་ཇ་ལོག། རིག་པ་ཁོང་གསལ་ཆེན་པོ།། གཉིས་མེད་ལ་ངོ་སྤྲད་དུ་མེད་པར་ཇ་ལོག། ཡེ་ནས་དབྱེར་མེད་མི་ཕྱེད་པ་ངོ་སྤྲད་པའི་ལེའུ་སྟེ་བདུན་པའོ།།།། གཞིའི་ཇ་ལོག་བསྟན་པ་ནི།། གཞི་ཇ་ལོག་པས་བཟང་དུ་མ་སོང། ། ལམ་ཇ་ལོག་པས་བགྲོད་དུ་མེད་པ།། འབྲས་བུ་ཇ་ལོག་ཐོབ་ཏུ་མེད་པའོ།། ཁྲུལ་པ་ཇ་ལོག། འཁྲུལ་མ་མྱོང་རང་རྩལ་རང་ཤར་བ་ཡིན་པས་སོ།། དེ་ལྟར་རང་རྩལ་ཡིན་པས་སོ།། དེ་ལྟར་རང་རྩལ་ཡིན་པས་འཁྲུལ་མྱོང་བར་ཇ་ལོག་སྟེ། ། ཐམས་ཅད་རོལ་པའི་རོལ་ལུགས་ཤེས་པས།། ཐོག་མར་མ་འཁྲུལ།། བར་དུ་མ་འཁྲུལ།། ཐ་མར་འཁྲུལ།། ཕྱིས་ཀྱང་འཁྲུལ་བར་མི་འགྱུར་རོ།། འཁྲུལ་པ་ཇ་ལོག་ཏུ་བསྟན་པའི་ལེའུ་སྟེ་རྒྱད་པའོ། །།། ལྟ་བ་ཇ་ལོག་བསྟན་པ་ནི།། ལྟ་བ་ཇ་ལོག་ལྟ་བའི་ལྟ་སྟངས་ཇ་ལོག། ཡེ་ལྟ་ཆེན་པོའི་སྒོམ་པ་ཇ་ལོག་སྒོམ་ཉམས་ཇ་ལོག་སྟེ།། ཡེ་སྒོམ་ཉམས་ཆེན་པོ་སྤྱོད་པ་ཇ་ལོག་གཉིས་སྣང་མེད་པར་ཇ་ལོག། དབྱེར་མེད་ཀྱི་གནས་ལུགས་ཆེན་པོ།། འབྲས་བུ་ཇ་ལོག་ཐོབ་ས་མེད་པས་ཇ་ལོག་སྟེ་ཡེ་ནས་ཐོབ་ཟིན་པ་ཆེན་པོ།། ལྟ་སྒོམ་ཇ་ལོག་གི་ལེའུ་སྟེ་དགུ་པའོ།།།། འབྲས་བུ་ཇ་ལོག་བསྟན་པ་ནི། ། དམྱལ་བ་ཇ་ལོག་མེ་ལོང་ལྟ་བུའི་ཡེ་ཤེས།། ཡི་དྭགས་ཇ་ལོག་ཀུན་རྟོག་ཡེ་ཤེས།། བྱོལ་སོང་ཇ་ལོག་དབྱིངས་སྟོང་པའི་ཡེ་ཤེས།། མི་ཇ་ལོག་མཉམ་པ་ཉིད་ཀྱི་ཡེ་ཤེས།། ལྷ་དང་ལྷ་མ་ཡིན་ཇ་ལོག་རང་གསལ་ལ་མི་གནས་ཡེ་ཤེས། ། སྣང་བ་རྣམ་པ་ལྔ་ཇ་ལོག་དབྱིངས་རྣམ་པར་དག་པའི་ཡེ་ཤེས།། རྒྱུ་རྣམ་པ་ལྔ་ཇ་ལོག་གཞི་གནས་ཀྱི་ཡེ་ཤེས་ཆེན་པོ།། བཞི་རྣམ་པ་ལྔ་ཇ་ལོག་ཡེ་ཤེས་ཆེན་པོའི་ཐིག་ལེ། ། འཁྲུལ་པ་ཇ་ལོག་གི་ལེའུ་སྟེ་བཅུ་པའོ།།།། དུག་ལྔ་ཇ་ལོག་བསྟན་པ་ནི།། གཏི་མུག་ཇ་ལོག་ཆོས་ཀྱི་སྐུ།། འདོད་ཆགས་ཇ་ལོག་སྤྲུལ་སྐུ།། ཞེ་སྡང་ཇ་ལོག་ལོངས་སྐུ།། ང་རྒྱལ་ཇ་ལོག་རྡོ་རྗེ་ལྟ་བུའི་སྐུ། ། ཕྲག་དོག་ཇ་ལོག་མངཽན་པར་བྱང་ཆུབ་པའི་སྐུ།། གཏི་མུག་ཆོས་ཀྱི་སྐུའི་ཡེ་ཤེས།། འདོད་ཆགས་རང་བྱུང་གི་ཡེ་ཤེས།། ཞེ་སྡང་སྙིང་པོའི་ཡེ་ཤེས།། ང་རྒྱལ་རིག་པའི་ཡེ་ཤེས།། ཕྲག་དོག་ཀུན་ཏུ་མི་འགག་པར་རང་ཤར་ཆེན་པོ། ། རིག་ཁོང་གསལ་ཆེན་པོ།། དུག་ལྔ་ཇ་ལོག་ཏུ་བསྟན་པའི་ལེའུ་བཅུ་གཅིག་པའོ།།།། སྐུ་གསུམ་ཇ་ལོག་གི་རྒྱུད་ཆེན་པོ་འདི།། ཕྱག་ནས་ཕྱག་ཏུ་རིམ་བརྒྱུད་པའི།། གང་ཟག་བློ་ཡིས་མ་ཤིགས་པས། ། ཀུན་ལ་བསྟན་ན་སྐུར་པ་འདེབས།། དེ་ཡི་འབྲས་བུ་དོན་ཉིད་ལ།། སྐུར་པ་བཏབ་པའི་དབང་གིས་ནི།། ངན་སོང་གསུམ་དུ་འཁྱམ་པར་མཆི།། དེ་བས་བློ་ལྔན་བརྟགས་ལ་སྦྱིན།། སྣོད་མེད་གཅིག་དང་མ་སྤྲད་ཅིག། རོ་ལངས་བདེ་བས་ཚིགས་སུ་བཅད་པའོ།། ལེའུ་བཅུ་གཉིས་པའོ།།།། རྫོགས་སོ།།།།
CLOSE WINDOW