CLOSE WINDOW

Gpb037.004: འཇམ་དཔལ་འདུས་པའི་རྒྱུད
Wylie

རྒྱ་གར་སྐད་དུ། ཤྲཱི་མཉྫུ་ཏན་ཏྲ་དུ། བོད་སྐད་དུ། འཇམ་དཔལ་འདུས་པའི་རྒྱུད། འཇམ་དཔལ་ཡེ་ཤེས་སེམས་དཔའ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། འོག་མིན་དུ་ནི་བཞུགས་ནས་ནི། སངས་རྒྱས་སེམས་ཅན་རྒྱབ་གྱེས་དུས། འཁོར་གྱི་རྡོ་རྗེ་སེམས་དཔའ་ལ། ཡང་ཏི་ནག་པོའི་བསྟན་པ་ཤར། སྡུད་བྱེད་རོ་ལངས་བདེ་བས་བསྡུས།། གླེང་གཞིའི་ལེའུ་སྟེ་དང་པོའོ།། དེ་ནས་རྡོ་རྗེ་སེམས་དཔའ་ཡིས། ། ཀྱེ་སྟོན་པ་ཀུན་ཏུ་བཟང་པོ་ལགས།། རྫོགས་པ་ཆེན་པོའི་དོན་ཆེན་ལ།། དབང་ལ་བསྐུར་བའི་དོན་རྣམས་དང།། ལམ་སྦྱང་བགྲོད་ཚོགས་བསག་པ་དང།། སྒྲིབ་སྦྱང་དམ་ཚིག་དཀྱིལ་འཁོར་དང། ། ལྷ་སྒོམ་སྔགས་བཟླས་ཏིང་འཛིན་དང།། སྦྱིན་དང་ཚུལ་ཁྲིམས་སྨོན་ལམ་དང།། དེ་རྣམས་དོན་ཀྱང་བཤད་དུ་གསོལ།། ཅེས་ཞུས་སོ།། འཇམ་དཔལ་འདུས་པའི་རྒྱུད་ལས། ཞུས་པའི་ལེའུ་སྟེ་གཉིས་པའོ། ། ཀུན་ཏུ་བཟང་པོས་བཀའ་སྩལ་པ།། ཉོན་ཅིག་རྡོ་རྗེ་སེམས་དཔའ་ཆེ།། བླ་མའི་ངག། རིག་པ་གཅེར་བུ་བཟུང་བ་དང།། རིག་པ་གོས་དང་ང་བྲལ་བ་དང།། གཟུང་འཛིན་ཞགས་པ་བཅད་པའོ།། འབྲིང་དང་ཐ་མའི་མན་ངག་གོ། རབ་ཀྱི་དཔེ་ཡང་རྣམ་གསུམ་སྟེ།། རྒྱ་མཚོ་སྦུ་བ་ནམ་མཁའི་སྤྲིན།། ཨུཏྤལ་ཡི་མདོག་བཞིན་ནོ།། ཡང་ན་དཔེ་ཅིག་འདི་ལྟ་སྟེ།། པ་ན་སེའི་འབྲས་བུ་བཞིན།། གཞི་ལས་འདས་པ་མེད་པའོ།། ཞེས་གསུངས་སོ། ། འཇམ་དཔལ་འདུས་པའི་རྒྱུད་ལས། གནས་ལུགས་ལ་ངོ་སྤྲོད་པ་དང་མ་གྲོལ་བ་གྲོལ་བར་བྱ་བའི་ལེའུ་སྟེ་བཅོ་ལྔ་པའོ།། དེ་ནས་རྡོ་རྗེ་སེམས་དཔའ་ཡིས།། བཅོམ་ལྡན་ཀུན་ཏུ་བཟང་པོ་ལ།། ལེགས་སོ་ཞེས་ནི་རབ་བསྟོད་ནས། ། བདག་ཅག་ཤིན་ཏུ་ཡི་རངས་ཏེ།། རྒྱུད་ཆེན་འདི་ལ་མིང་འདོགས་ཞུ།། ཞེས་གསུངས་སོ།། ཀུན་ཏུ་བཟང་པོས་བཀའ་སྩལ་པ།། ངའི་བྱིན་བཤད་རྒྱུད་ཆེན་འདི།། འཇམ་དཔལ་ཡེ་ཤེས་འདུས་པར་ཟུང། ། ཏམས་ཅད་གང་ཡང་མ་ལུས་རྫོགས།། ཐམས་ཅད་འདུས་པའི་རྒྱུད་དུ་ཟུང།། སངས་རྒྱས་རང་འཁྲུངས་བསྟན་པས་ན།། སངས་རྒྱ་འདུས་པའི་རྒྱུད་དུ་ཟུང།། ཡེ་ཤེས་རང་ལ་བསྟན་པས་ན། ། ཡེ་ཤེས་ཁོང་ཤར་རྒྱུད་དུ་ཟུང།། ལྟ་སྒོམ་སྤྱོད་པ་སུན་འདོན་པས།། ལྷུན་གྲུབ་རང་ཆས་རྒྱུད་དུ་ཟུང།། ཞེས་གསུངས་སོ།། ཞུ་བ་པོ་རྡོ་རྗེ་སེམས་དཔས་ཞུས།། བསྡུད་པ་པོ་རོ་ལངས་བདེ་བས་བསྡུས། ། འཇམ་དཔལ་འདུལ་བའི་རྒྱུད་ལས།། མཚན་མའི་ལེའུ་སྟེ་བཅུ་དྲུག་པའོ།། ཡང་ཏི་ནག་པོ་འབྲུ་གཅིག་པ་རྫོགས་སོ།། རྒྱ་གར་སྐད་དུ། ཧྲི་ད་ཡ་ཛྙཱ་ན་ཐུ་ལ་དུ་ཏ་ཏྲ་ཏ་གུ་ཧྱ་ཏན་ཏྲ། བོད་སྐ་དུ། སྙིང་པོ་ཡེ་ཤེས་བཅུད་འདུས་ཐིག་ལེ་གསང་བའི་རྒྱུད། ཐིག་ལེ་ཀ་དག་མཐོང་བརྟོལ་གསང་བའི་ཡེ་ཤེས་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཅི་ཡང་མ་ཐོས་གང་དུ་ཡང་མ་མཚོན།། བསམ་བརྗོད་དམིགས་ལས་འདས་པ་ཡི། ། མིང་མེད་མཐའ་སྟོངས་དུས་མཐའ་མེད་པ་ན།། ཆོས་དབྱིངས་ཀ་དག་ཀློང་ན།། སྙིང་པོ་སྐྱེ་མེད་མིང་མེད་སྟོན་པ་ཡིས།། ཡེ་ཤེས་གསལ་བའི་འཁོར་ལ་ཐིག་ལེ་གསང་རྒྱུད་བསྟན།། དུས་ཀྱི་རྒྱལ་པོ་ཐོག་མཐའ་མེད་པའི་དུས། ། སྡུད་པ་པོ་ནི་གསལ་དག་ནི་རིན་ཆེན་ནོ།། ཞེས་ཕུན་སུམ་ཚོགས་པའོ།། དེ་ནས་ཡེ་ཤེས་གསལ་བ་ཡིས།། ཐིག་ལེ་གསང་བའི་སྟོན་ལ།། ཕུན་སུམ་ཚོགས་པའི་དོན་ནི་དེ་ལྟར་ན།། གནས་ལུགས་མིང་མེད་ཇི་ལྟར་གནས་པ་ཡིན། ། སྙིང་པོ་བྱ་བའི་རང་བཞིན་གང།། དེ་ལ་ཡེ་ཤེས་གསལ་བའི་ངོ་བོ་ཇི་ལྟར་བཤད།། བཅུད་སྤུངས་ཞེས་ནི་གང་ལ་བགྱི།། ཐིག་ལེའི་ངོ་བོ་ཇི་ལྟར་ལགས།། གསང་བ་ཤེས་པ་གང་ལྟར་ལགས། ། རྒྱུད་ཀྱི་ངོ་བོ་ངེས་ཚིག་ཇི་ལྟར་ལགས།། ཐིག་ལེའི་གནས་ནི་གང་ན་བཞུགས།། ཐིག་ལེའི་འཁོར་ནི་ཅི་ཡིས་བསྐོར།། ཐིག་ལེ་གསང་བའི་རང་བཞིན་གང་ལ་བགྱི།། ཐིག་ལེ་གསང་བའི་རྟོག་ཐབས་གང། ། ཐིག་ལེ་གསང་བའི་དོན་རྟོགས་ན།། རྩོལ་སྒྲུབ་བྱ་བཙལ་མི་འཚལ་ལམ།། དེ་སྐད་ཅེས་ཞུས་པའོ།། ཞེས་གསུངས་སོ།། སྙིང་པོ་ཡེ་ཤེས་ཐིག་ལེ་གསང་བའི་རྒྱུད་ལས།། འཁོར་གྱིས་གླེང་བསླངས་པའི་གླེང་གཞིའི་ལེའུ་སྟེ་དང་པོའོ། །།། དེ་ནས་ཡེ་ཤེས་གསལ་བ་ཡིས།། ཐིག་ལེ་གསང་བའི་སྟོན་པ་ལ།། གནས་ལུགས་མིང་མེད་ཇི་ལྟར་ཡིན།། ཞེས་ཞུས་པ་དང། སྟོན་པས་འཁོར་ལ་བཀའ་སྩལ། ། མིང་མེད་རང་བཞིན་མཚན་བརྗོད་ལས་འདས་ཀྱང།། འཁོར་གྱི་རྟོག་པ་བསལ་བའི་ཕྱིར།། མུན་ཁུང་གསེར་སྒྲོན་ལྟ་བུར་བཤད།། དེ་ལ་གནས་ལུགས་མི་མེད་རང་བཞིན་ནི།། ཐོག་མ་ཐམ་མེད་པའི་དོན། ། མིང་མེད་བློ་འདས་དངོས་པོ་ཅི་ཡང་མེད།། དངོས་མེད་སྣ་ཚོགས་ཀུན་གཞི་བསྐྱོད་པའི་གཞི།། རྣམ་པ་ཀུན་ལྡན་གང་དུ་གྲུབ་པ་མེད།། ལྷུན་གྲུབ་ཕྱོགས་ལྷུང་རྒྱ་ཆད་མེད་པའོ།། རྒྱུ་ཡིས་མ་བསྐྱེད་རྐྱེན་གྱིས་མི་འཇིག་པ། ། གཉིས་སྣང་བརྟགས་ཞེན་མཚོན་པའི་ཚིག་ལས་འདས།། མི་མངོན་མི་སྣང་བསྟན་དུ་དངོས་པོ་མེད།། སྐྱེ་མེད་ཆོས་སྐུའི་མིང་ཡང་ཡོད་མ་ཡིན།། གང་ཡང་མ་གྲུབ་ཅིང་ཡང་མི་སྣང་དུས་ཙམ་ན། ། གཞི་དང་རླུང་གི་མིང་ཡང་མེད།། འོད་དང་ཟེར་གྱི་མིང་ཡང་མེད།། སྙིང་པོ་དང་ཡན་ལག་གི་མིང་ཡང་མེད།། ཆོས་ཉིད་དང་ཆོས་ཅན་མིང་ཡང་མེད།། གཞི་དང་རྩལ་གྱི་མིང་ཡང་མེད།། ངོ་བོ་དང་མཚན་ཉིད་ཀྱི་མིང་ཡང་མེད། ། ཤེས་པ་དང་སྣང་ཚུལ་གྱི་མིང་ཡང་མེད།། ངོ་བོ་རང་བཞིན་ཐུགས་རྗེ་གསུམ་གྱི་མིང་ཡང་མེད།། སྐུ་གསུམ་ཡིད་འཁོར་གསུམ་གྱི་མིང་ཡང་མེད།། ཤེས་དང་མ་ཤེས་མིང་ཡང་མེད།། རྒྱུ་དང་རྐྱེན་གྱི་མིང་ཡང་མེད། ། རིག་པ་དང་མ་རིག་པ་མིང་ཡང་མེད།། རང་ས་ཟིན་དང་མ་ཟིན་མིང་ཡང་མེད།། འཁྲུལ་ལུགས་གསུམ་གྱི་མིང་ཡང་མེད།། སེམས་དང་རིག་ཡིད་མིང་ཡང་མེད།། སེམས་ཀྱི་གསལ་ཆ་ལྔ་ཡི་མིང་ཡང་མེད། ། འོད་གཟུགས་རིགས་གཟུགས་བག་ཆགས་ཤ་གཟུགས་མིན་ཡང་མེད།། དུག་ལྔ་སྐུ་ལྔ་མིང་ཡང་མེད།། སངས་རྒྱས་ཞིང་ཁམས་ཁམས་གསུམ་འཁོར་བའི་མིང་ཡང་མེད།། དེ་ནི་གང་ཡང་མེད་པའི་སྔོན་རོལ་ན། ། མིང་མེད་བློ་འདས་ཐོག་མའི་གནས་ལུགས་ཡིན།། མཚོན་བརྗོད་ཚིག་ལས་འདས་པ་སྟེ།། རྣམ་པ་ཀུན་ལྡན་གང་དུ་གྲུབ་པ་མེད།། ཐིག་ལེ་ཆེན་པོ་མི་གཡོ་མི་འགྱུར་བ།། ཚིག་ཏུ་བརྗོད་པའི་ཡུལ་མ་གྱུར། ། དཔེར་བྱ་ཀུན་ལ་འདས་པ་སྟེ།། སངས་རྒྱས་སེམས་ཅན་གཉིས་ཀྱི་གཞི།། ཐོག་མའི་གནས་ལུགས་མིང་མེད་བསྟན་པའོ།། ཞེས་གསུངས་སོ།། སྙིང་པོ་ཡེ་ཤེས་བཅུད་སྤུངས་ཐིག་ལེ་གསང་བའི་རྒྱུད་ལས། ། གནས་ལུགས་མིང་མེད་བསྟན་པའི་ལེའུ་སྟེ་གཉིས་པའོ།།།། དེ་ནས་ཡེ་ཤེས་གསལ་བ་ཡིས།། ཐིག་ལེ་གསང་བའི་སྟོན་པ་ལ།། སྙིང་པོ་ཡེ་ཤེས་རང་བཞིན་ཇི་ལྟར་ལགས།། ཞེས་ཞུས་པ་དང།། སྟོན་པས་འཁོར་ལ་བཀའ་སྩལ་པ། ། སྙིང་པོ་རང་བཞིན་བརྗོད་མེད་ཀྱང།། འཁོར་གྱི་གོ་བ་བསྐྱེད་པའི་ཕྱིར།། དཔེ་དང་དོན་དུ་སྦྱར་ལ་བཤད།། འཁོར་རྣམས་མ་ཡེངས་ཡིད་ལ་ཟུང།། དཔེར་ན་ཨ་རུ་ར་དང་མར་གྱི་སྙིང་པོ་བཞིན། ། མར་ནི་ཁལ་གཅིག་བཞུ་བརྟུལ་ནས།། བྲེ་བཞི་བྲེ་གང་དག་ཏུ་བསྡུས་པ་མར་གྱི་སྙིང་པོ་ཡིན།། དེ་བཞིན་ཉོན་མོངས་བརྒྱད་ཁྲི་བཞི་བཏུལ་ནས། སྐྱེ་མེད་ཆོས་སྐུ་རྟོགས་པ་སྙིང་པོ་ཡིན།། སྨན་གྱི་རྒྱལ་པོ་ཨ་རུ་རའི་སྙིང་པོ་ཡིན། ། ཨ་རུ་ར་ལ་ཕྱི་ནང་གསུམ་ཡོད་དེ།། དེ་བཞིན་ཕྱི་ནང་གསང་བ་རྣམ་པ་གསུམ།། ཕྱི་ཤུན་སྤྲུལ་པའི་སྐུ་ཡིན་ནོ།། ནང་ཤུན་ལོངས་སྤྱོད་རྫོགས་པའི་སྐུ།། སྙིང་པོ་གསང་བའི་ཆོས་སྐུ་ཡིན།། སྐྱེ་མེད་འགྱུར་མེད་དོན་གྱི་སྙིང་པོ་འོ། ། རང་བཞིན་ཇི་ལྟར་ཡིན་ཞེ་ན།། སྐྱེ་བ་མེད་པའི་རང་བཞིན་ཡིན།། མ་འགགས་རྩལ་ཟེར་རང་བཞིན་ཡིན།། གཉིས་མེད་རང་གྲོལ་རང་བཞིན་ཡིན།། རྒྱུ་རྐྱེན་སྐྱེ་འཇིག་མེད་པ་ཡིན། ། འཕོ་འགྱུར་བྱ་བཙལ་མེད་པ་རང་བཞིན་ཡིན།། ལྷུན་གྲུབ་བརྒྱ་ཆད་མེད་པ་ཡིན།། ཀུན་གྱི་འབྱུང་གནས་བསྐྱེད་པའི་ཡིན།། འཁོར་འདས་ཀུན་གྱི་བསྐྱེད་གཞི་ངོ་བོ་གྲུབ་པ་མེད།། སྙིང་པོ་རང་བཞིན་ཀ་དག་ཆོས་སྐུའོ། ། ཞེས་གསུངས་སོ།། སྙིང་པོ་ཡེ་ཤེས་སྤྱོད་སྤུངས་ཐིག་ལེ་གསང་བའི་རྒྱུད་ལས།། སྙིང་པོ་རང་བཞིན་བསྟན་པའི་ལེའུ་སྟེ་གསུམ་པའོ།། དེ་ནས་ཡེ་ཤེས་གསལ་བ་ཡིས།། ཐིག་ལེ་གསང་བའི་སྟོན་པ་ལ། ། ཡེ་ཤེས་གསལ་བའི་ངོ་བོ་ཇི་ལྟར་ཤར་བ་ལགས།། ཞེས་ཞུས་པ་དང། སྟོན་པས་འཁོར་ལ་བཀའ་སྩལ་པ།། མིང་མེད་བློ་འདས་ངང་ལ་སྐྱེ་འགག་གཉིས་མེད་ཀྱང།། སྙིང་པོའི་རྩལ་ལས་གསལ་བའི་ཡེ་ཤེས་ཤར། ། གཞི་ཡི་རྩལ་ལ་རླུང་གི་འོད་ཟེར་འདས་སོ།། འོད་དེ་ཁ་དོག་ལྔ་རུ་ཤར།། དཀར་པོ་སེར་པོ་དམར་པོ།། ལྗང་གུ་མཐིང་ནག་ལྔ་ཡི་འོད།། དེ་ལ་ཟེར་མདངས་ལྔར་ཤར་རོ།། ཟེར་དེ་འོད་དེའི་རྩལ་ཡིན་ཏེ། ། མདངས་ནི་ཡེ་ཤེས་ལྔ་ཡི་མདངས།། འོད་ཟེར་དཀར་པོ་མེ་ལོང་སྟེ།། སེར་པོ་མཉམ་ཉིད་ཡེ་ཤེས་སོ།། འོད་ཟེར་དམར་པོ་ཀུན་རྟོག་ཡེ་ཤེས་ཏེ།། ལྗང་ཀུ་ནན་ཏན་ཡེ་ཤེས་ཡིན།། འོད་མཐིང་ཆོས་དབྱིངས་ཡེ་ཤེས་ཡིན། ། མདངས་ནི་གསལ་དག་མདངས་ལྔའོ།། དེ་ཡང་ཇི་ལྟར་ཤར་བ་ཡིན་ཞེ་ན།། ཡེ་ཤེས་ཟང་ཐལ་ངོ་བོ་སྟེ།། གསལ་མདངས་ཆེན་པོའི་རྩལ་དུ་ཤར།། འོད་གསལ་ཆེན་པའི་རྩལ་དུ་ཤར།། གསལ་དག་ཆེན་པོའི་རྩལ་དུ་ཤར། ། རང་བྱུང་ཆེན་པོའི་རྩལ་དུ་ཤར།། རང་སླག་ངང་དྭངས་རྩལ་དུ་ཤར།། ངང་དྭངས་རང་སངས་རྩལ་དུ་ཤར།། སྣང་དག་རང་གྲོལ་རྩལ་དུ་ཤར།། དབྱེ་བསལ་མེད་པའི་རྩལ་དུ་ཤར།། གཟུང་འཛིན་མེད་པའི་རྩལ་དུ་ཤར། ། དགག་སྒྲུབ་སྤོང་ལེན་མེད་པའི་རྩལ་དུ་ཤར།། སྣང་སྲིད་འཁོར་འདས་རྩིས་གདབ་མེད་པའི་རྩལ།། སྣང་བརྟགས་དངོས་པོའི་ཆོས་རྣམས་ངའི་ཡེ་ཤེས་རྩ་དུ་ཤར།། ཞེས་གསུངས་སོ།། སྙིང་པོ་ཡེ་ཤེས་བཅུད་འདུས་ཐིག་ལེ་གསང་བའི་རྒྱུད་ལས། ཡེ་ཤེས་གསལ་བའི་ངོ་བོ་ཇི་ལྟར་ཤར་བ་བསྟན་པའི་ལེའུ་སྟེ་བཞི་པའོ།།།། དེ་ནས་ཡེ་ཤེས་གསལ་བ་ཡིས།། ཐིག་ལེ་གསང་བའི་སྟོན་པ་ལ།། བཅུད་སྤུངས་ཞེས་ནི་གང་ལ་བགྱི། ། ཞེས་ཞུས་པ་དང། སྟོན་པས་འཁོར་ལ་བཀའ་སྩལ་པ།། བཅུད་ནི་སྙིང་པོ་སྐྱེ་བ་མེད།། སྤུངས་ནི་ཀ་དག་ཆེན་པོར་སྤུངས།། བཅུད་ནི་མིང་མེད་མཐའ་བྲལ་ཏེ།། སྤུངས་ནི་འབྱེད་པ་མེད་པར་སྤུངས། ། བཅུད་ནི་གཏིང་མཐའ་ཡས་པ་སྟེ།། སྤུངས་ནི་མཐའ་མཐའ་གྲོལ་བར་སྤུངས།། བཅུད་ནི་དངོས་མེད་ཟད་ཀ་སྟེ།། སྤུངས་ནི་བྱར་མེད་བློ་འདས་སྤུངས།། བཅུད་ནི་མིང་མེད་མཐའ་སྟོངས་ཏེ།། སྤུངས་ནི་བློ་འདས་ཆེན་པོར་སྤུངས། ། བཅུད་ནི་མཁའ་ཀློང་རྣམ་དག་སྟེ།། སྤུངས་ནི་སྣང་སྲིད་འཁོར་འདས་སྤུངས།། བཅུད་ནི་ཀུན་གྱི་འབྱུང་གནས་ཏེ།། སྤུངས་ནི་སྐྱེ་འགུལ་ཡོད་མེད་རྟག་ཆད་སྤུངས།། བཅུད་ནི་ཀུན་གྱི་སྤྱི་ཁྱབ་སྟེ། ། སྤུངས་ནི་སྐྱེ་འགྲོའི་སེམས་ཅན་སྤུངས།། བཅུད་ནི་ཆོས་ཉིད་འདུས་མ་བྱས།། སྤུངས་ནི་ཆོས་ཅན་མཚན་མ་སྤུངས།། བཅུད་ནི་སྣང་རྟགས་དངོས་པོ་ཆོས།། སྤུངས་ནི་བརྟགས་སྣང་གྲོལ་བར་སྤུངས། ། བཅུད་ནི་དངོས་པོའི་ཆོས་རྣམས་གྱི་ཏེ།། སྤུངས་ནི་དབྱེ་གསལ་དགག་སྒྲུབ་མེད་པར་སྲུངས།། བཅུད་ནི་ཡོད་མེད་རྟག་ཆད་སྣང་བའི་ཆོས་རྣམས་ཏེ།། སྤུངས་ནི་རང་གྲོལ་རང་སངས་རྩིས་གདབ་མེད་པར་སྤུངས། ། བཅུད་སྤུངས་ཞེས་པ་དེ་ལ་བགྱི།། ཞེས་གསུངས་སོ།། སྙིང་པོ་ཡེ་ཤེས་བཅུད་སྤུངས་པའི་ཐིག་ལེ་གསང་བའི་རྒྱུད་ལས། བཅུད་སྤུངས་ཀྱི་ངེས་ཚིག་བསྟན་པའི་ལེའུ་སྟེ་ལྔ་པའོ།།།། དེ་ནས་ཡེ་ཤེས་གསལ་བ་ཡིས། ། ཐིག་ལེ་གསང་བའི་སྟོན་པ་ལ།། ཐིག་ལེའི་ངོ་བོ་ཇི་ལྟར་གནས།། ཞེས་ཞུས་པ་དང།། སྟོན་པས་འཁོར་ལ་བཀའ་སྩལ་པ།། ཐིག་ལེའི་ངོ་བོ་ངས་བསྟན་གྱིས།། འཁོར་རྣམས་མ་ཡེངས་གུས་པས་ཉོན། ། ཐིག་ལེའི་ངོ་བོ་ཆོས་སྐུ་ཡིན།། ཐིག་ལེའི་རང་བཞིན་འགྱུར་བ་མེད།། ཐིག་ལེའི་མཚན་ཉིད་ཕྱོགས་རིས་མེད།། ཐིག་ལེའི་མཚན་ཉིད་མུ་མཐའ་གྲོལ།། ཐིག་ལེ་ལས་ནི་མཐའ་རྣམས་གཅོད།། ཐིག་ལེའི་རྩལ་ནི་སྣ་ཚོགས་པ། ། ཐིག་ལེའི་ཤུགས་ནི་རང་གྲོལ་སངས།། ཐིག་ལེ་སྤྲོས་པའི་མཐའ་དང་བྲལ།། ཐིག་ལེ་མཚོན་པའི་ཡུལ་ལས་འདས།། ཐིག་ལེ་རང་བཞིན་དངོས་མེད་སྟོང།། ཐིག་ལེའང་ངོ་བོ་ཀ་དག་འོད་རབ་གསལ། ། ཐིག་ལེའི་ཐུགས་རྗེ་འགག་པ་མེད།། ཐིག་ལེ་ཡོན་ཏན་ཤུགས་ལ་འཆར།། ཐིག་ལེའི་འཕྲིན་ལས་ཐོགས་པ་མེད།། ཐིག་ལེ་སྟོང་པ་ཆོས་ཀྱི་སྐུ།། ཐིག་ལེ་འོད་གསལ་ལོངས་སྤྱོད་རྫོགས་པའི་སྐུ།། ཐིག་ལེ་འགག་མེད་སྤྲུལ་པའི་སྐུ། ། ཐིག་ལེའི་ཡོན་ཏན་དབྱེར་མེད་སྐུ།། ཐིག་ལེའི་ཕྲིན་ལས་དོན་དམ་བདེ་ཆེན་སྐུ།། རང་བཞིན་ངོ་བོ་ཐུགས་རྗེ་ལས།། མཆོག་གི་དང་པོ་སྐུ་གསུམ་འཆང།། སངས་རྒྱ་སྐུ་ལྔའི་བདག་ཉིད་ཅན། ། ཞེས་གསུངས་སོ།། སྙིང་པོ་ཡེ་ཤེས་བཅུད་སྤུངས་ཐིག་ལེ་གསང་བའི་རྒྱུད་ལས། ཐིག་ལེའི་དངོས་པོ་བསྟན་པའི་ལེའུ་སྟེ་དྲུག་པའོ།།།། དེ་ནས་ཡེ་ཤེས་གསལ་བ་ཡིས།། ཐིག་ལེ་གསང་བའི་སྟོན་པ་ལ། ། གསང་བའི་རང་བཞིན་ཇི་ལྟར་ལགས།། གསང་བ་ཞེས་པ་གང་ལ་གསང།། ཞེས་ཞུས་པ་དང། སྟོན་པས་འཁོར་ལ་བཀའ་སྩལ་པ།། གསང་བ་ཟ་བ་མོའི་བདག་བསྟན་པ།། གསང་བའི་བདག་གམ་འདི་བསྟན་གྱིས། ། འཁོར་རྣམས་མ་ཡེངས་གུས་པས་ཉོན།། གསང་བ་ནི་བསྟན་དུ་མེད་པ།། མཚོན་དུ་མེད་པ། ཚིག་དང་ཡི་གེ་ས་མཚོན་པ་ལས་འདས་པའོ།། གསང་བ་ཞེས་པའི་རང་བཞིན་ནི་ཡེ་གདོད་མ་ཉིད་ནས་དག་པ། གསལ་བ་མ་འདྲེས་པ་ཡོངས་སུ་རྫོགས་པའོ།། གསང་བ་ཞེས་པའི་ངོ་བོ་ནི།། ཡེ་ཐོག་གདོད་མ་ཉིད་ནས། སྐྱེ་བ་མེད་པ་མ་འགག་པ། མཚན་ཉིད་མེད་པ། དངོས་པོ་མེད་པ། ངོས་གཟུང་མེད་པ། ཡེ་དག་པ། ཡེ་གསལ་བ། ངོ་བོ་མེད་པ། མཚན་མ་མེད་པ། རྒྱུ་མེད་པ། རྐྱེན་མེད་པ། གཉེན་པོ་མེད་པ། འཕོ་བ་མེད་པ། འགྱུ་བ་མེད་པ། བརླག་པ་མེད་པ། མི་ཞུམ་པ། མི་རྒུད་པ། གཞན་སྣང་ལས་གྲོལ་བ། བདག་གཞན་གཟུང་འཛིན་གྲོལ་ཏེ་དབྱེ་གསལ་རྩི་གདབ། འདོད་རློམ་མིང་ཚིག་བསམ་བརྗོད་བློའི་ཡུལ་ལས་འདས་སོ།། གསང་བ་ཞེས་པའི་མཚན་ཉིད་ནི།། གཞི་དང་རྩལ་ཀྱང་གཉིས་སུ་མེད།། སྙིང་པོ་ཡན་ལག་གཉིས་སུ་མེད། ། འོད་དང་ཟེར་ཀྱང་གཉིས་སུ་མེད།། ཤེས་པ་སྣང་ཚུལ་གཉིས་སུ་མེད།། ཤེས་དང་མ་ཤེས་གཉིས་སུ་མེད།། རིག་དང་མ་རིག་གཉིས་སུ་མེད།། རྟོག་དང་མ་རྟོགས་གཉིས་སུ་མེད།། སངས་རྒྱས་སེམས་ཅན་གཉིས་སུ་མེད། ། འཁོར་བ་མྱང་འདས་གཉིས་སུ་མེད།། འཁྲུལ་དང་མ་འཁྲུལ་གཉིས་སུ་མེད།། ཡུལ་སེམས་གཟུང་འཛིན་གཉིས་སུ་མེད།། སྣང་ལ་བཟང་ངན་སྤོང་ལེན་དགག་སྒྲུབ་མེད།། ཡིན་མིན་དབྱེ་བས་རྩིས་གདབ་མེད། ། དགྲ་གཉེན་ཕྱོགས་རིས་ཆགས་སྡང་མེད།། སྣང་སྲིད་དངོས་པོའི་ཆོས་རྣམས་དབྱེ་གསལ་རྩི་གདབ་མེད།། དེ་ནི་ཐིག་ལེ་གསང་བའི་མཚན་ཉིད་དོ།། གསང་བ་འདི་ནི་གང་ལགས་ཞེ་ན། ། སྟོན་པ་ལ་ཞུས་པ་དང། སྟོན་པས་འཁོར་ལ་བཀའ་སྩལ་བ།། ཐིག་ལེ་གསང་བའི་གང་ཟག་ནི།། སྐལ་མེད་ཤེས་རབ་ཆུང་བ་དང།། དད་མེད་བརྩོན་འགྲུས་ཆུང་བ་དང།། དམ་མེད་ཐོས་པ་ཆུང་བ་དང།། བློ་ངན་སྡིག་སྦྱོང་ཁྲེལ་མེད་དང། ། ང་རྒྱལ་ཆེ་ལ་སེར་སྣས་བཅིངས།། འདོད་ཆགས་གཏི་མུག་ཞེ་སྡང་མེ་ལྟར་འབར།། གཡོ་སྒྱུ་ཟོང་འཚོང་གྲོགས་མཆེད་སླུ།། རིན་ཆེན་མེད་པར་ཐབས་ཀྱིས་འདོད།། དེ་རྣམས་ལྡན་པའི་གང་ཟག་ལ། ། ཐིག་ལེ་གསང་རྒྱུད་གསང་ཞིང་གདམ་པར་གསུངས།། སློབ་མ་དམ་ཉམས་ལས་ལོག་དང།། འཁུས་དང་འདུས་པར་འོངས་བ་དང།། དམ་དགྲ་ངན་བའི་ངང་ཚུལ་ཅན།། བསྒྲལ་བའི་ཞིང་བཅུར་གྱུར་བ་དང། ། སྡིག་སྤྱོད་དགེ་སྨོད་སློབ་དཔོན་ལ་མི་གུས།། བླ་མ་གསང་ཞིང་རང་ཆེ་འབྱིན།། དད་དང་དམ་ཚིག་ཤེས་རབ་མེད།། ནམས་ཀྱང་སྦྱིན་པར་གསུངས་སོ།། བསྒྲལ་བའི་ཞིང་བཅུར་གྱུར་པ་ལ།། ཡེ་ཤེས་གསང་བའི་ཏིག་ལེ་གསང་བ་འདི། ། ནམ་ཡང་བསྟན་པར་མ་གསུངས་སོ།། སྙིང་པོ་ཡེ་ཤེས་བཅུད་སྤུངས་ཐིག་ལེ་གསང་བའི་རྒྱུད་ལས།། གང་ལ་གསང་བའི་ཡུལ་ངན་པ་ལ་མི་བསྟན་པའི་ལེའུ་སྟེ་བདུན་པའོ།།།། དེ་ནས་ཡེ་ཤེས་གསང་བ་ཡིས། ། ཐིག་ལེར་གསལ་བའི་སྟོན་པ་ལ།། ཐིག་ལེའི་གནས་ནི་ག་ན་བཞུགས།། དེ་ན་ཐིག་ལེ་གང་གི་བཞུགས།། ཐིག་ལེའི་རང་བཞིན་ཇི་ལྟར་གནས།། ཐིག་ལེའི་འཁོར་ནི་གང་གི་བསྐོར། ། ཐིག་ལེས་འདུལ་བའི་ཞིང་ཁམས་གང།། ཐིག་ལེའི་ཡོན་ཏན་ཇི་ལྟར་ལགས།། ཅེས་སྟོན་པ་ལ་ཞུས་པ་དང།། སྟོན་པས་འཁོར་ལ་བཀའ་སྩལ་པམ།། ཐིག་ལེ་བཞུག་པའི་གནས་བསྟན་པ།། ཕྱི་ནང་གསང་བ་གསུམ་ཡིན་ནོ། ། ཕྱི་ཡི་གནས་ནི་མཁའ་ཀློང་རྣམ་དག་གཞལ་ཡས་ཁང།། ནམ་མཁས་གར་ཁྱབ་བློ་ཡིས་མཁྱུད་ཚད་ཡུལ་ཕྱི་གནས་སུ་བསྟན་པ་མིན།། དེ་ན་ཐིག་ལེ་རང་བྱུང་ཟང་ཐལ་རང་གྲོལ་བཞུགས། ། འོད་གསལ་རང་སངས་འཁོར་གྱིས་བསྐོར། སྣང་སྲིད་ཕྱོགས་མེད་རང་གྲོལ་འདུལ།། ཡོན་ཏན་མུ་མེད་མཐའ་ཡས་སྟོངས།། འབྲས་བུ་མཐོང་བརྟོལ་སྣང་དག་གོ། ནང་གི་གནས་ནི་བསྟན་པ་ནི།། ཙིཏྟ་རད་ན་ཟ་བ་རའི་གཞལ་ཡས་ཁང། ། ངར་དཀར་གུར་ཕུབ་རྩ་བརྒྱད་པདྨའི་དབུས།། ཆོས་ཉིད་རྩ་ལ་རྟེན་བཅས་པའི།། ཐིག་ལེ་གསང་བའི་ཡང་སྙིང་བཞུགས།། ཡེ་ཤེས་ལྔ་ཡི་འཁོར་གྱིས་བསྐོར།། དུག་ལྔ་རྣམ་རྟོག་ཉོན་མོངས་འདུལ། ། ཡོན་ཏན་ཐམས་ཅད་སངས་རྒྱས་ཞིང།། འབྲས་བུ་ཡང་དག་སངས་རྒྱས་ཡིན།། ཐིག་ལེ་གསང་བའི་གནས་བསྟན་པ།། གནས་ནི་མེད་གཏིང་མཐའ་ཡས།། ཆོས་དབྱིངས་གསང་བའི་ཕོ་བྲང་ཡིན། ། སྙིང་པོ་ཀ་དག་གཞལ་ཡས་ཁང།། ཐིག་ལེ་སྙིང་པོ་སྐྱེ་མེད་ཀ་དག་མཐའ་བྲལ་བཞུགས།། ཕྱི་ནང་གསང་བ་འཁོར་གྱིས་བསྐོར།། ཕྱི་ཡི་འཁོར་ནི་རིགས་ལྔ་སྟེ།། རྣམ་པར་སྣང་མཛད་རྡོ་རྗེ་སེམས་དཔའ་དང། ། རིན་ཆེན་འབྱུང་ལྡན་དང།། སྣང་བ་མཐའ་ཡས་དང།། དོན་ཡོད་གྲུབ་པའི་འཁོར་དང་རྣམ་པ་ལྔའོ།། ནང་གི་འཁོར་ནི་འོད་ལྔ་ཡེ་ཤེས་ལྔ།། མཐིང་ནག་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་དང།། འོད་དཀར་པོ་མེ་ལོང་ལྟ་བུའི་ཡེ་ཤེས་དང། ། འོད་ཟེར་པོ་མཉམ་པ་ཉིད་ཀྱི་ཡེ་ཤེས་དང།། འོད་དམར་པོ་སོ་སོར་ཀུན་ཏུ་རྟོག་པའི་ཡེ་ཤེས་དང།། འོད་ལྗང་གུ་བྱ་བ་ནན་ཏན་གྲུབ་པའི་ཡེ་ཤེས་དང་ལྔ་སྟེ།། ནང་གི་འཁོར་རོ།། གསང་བའི་འཁོར་ནི། མདངས་ལྔ་དང། དྭངས་མ་ལྔའི་ཡེ་ཤེས་སོ།། མདངས་ལྔའི་འཁོར་ནི། ཆོས་སྐུའི་མདངས་དང། ལོངས་སྐུའི་མདངས་དང། སྤྲུལ་སྐུའི་མདངས་དང། ཆོས་ཉིད་ཀྱི་མདངས་དང།། སྙིང་པོ་རང་བྱུང་རོལ་པ་རྩལ་མདངས་དང་ལྔའོ། ། དྭངས་མ་ལྔ་ཡི་ཡེ་ཤེས་ཀྱི་འཁོར་ནི།། རང་དྭངས་ཀྱི་ཡེ་ཤེས་དང།། རང་སངས་རྒྱས་ཀྱི་ཡེ་ཤེས་དང།། ངང་དྭངས་ཀྱི་ཡེ་ཤེས་དང། རང་གསལ་དག་རང་གྲོལ་གྱི་ཡེ་ཤེས་དང་ལྔའི་འཁོར་ཏེ། ཕྱི་ནང་གསང་བ་གསུམ་གྱི་འཁོར་གྱིས་བསྐོར་རོ།། འདུལ་བའི་ཞིང་ཁམས་ནི་དུག་ལྔ་ཉོན་མོངས་ཀྱི་སེམས་ལ་སོགས་ཏེ། མཐའ་ཡས་མུ་མཐའ་གྲོལ་གཞི་སྙིང་པའི་ཀློང་དུ་སྡུད་ཅིང། རང་ས་ཟིན་པ་ལ་འཁྲུལ་པ་ཐམས་ཅད་སངས་པར་གཅོད་པར་བྱེད་ཅིང་སྙིང་པོའི་ཀློང་དུ་སྡུད་དོ། ། འབྲས་བུ་ནི་བསམ་གྱིས་མི་ཁྱབ་སྟེ།། རང་རང་རྟོགས་པའི་ཤུགས་སམ། ལས་སམ་ཡོན་ཏན་ཐམས་ཅད་བཙལ་བ་མེད་པར་གྲུབ་པའོ། ། ཞེས་གསུངས་སོ།། སྙིང་པོ་ཡེ་ཤེས་བཅུད་སྤུངས་པའི་ཐིག་ལེའི་བཞུགས་གནས་འཁརོ་འདུལ་བའི་ཞིང་ཁམས་ཡོན་ཏན་འབྲས་བུ་རུ་བཅས་པའི་ལེའུ་སྟེ་བརྒྱད་པའོ།།།། དེ་ནས་ཡེ་ཤེས་གསལ་བ་ཡིས། ། ཐིག་ལེ་གསང་བའི་སྟོན་པ།། ཐིག་ལེ་གསང་བའི་རྟོགས་ཐབས་གང།། ཞེས་ཞུས་པ་དང། སྟོན་པས་རྟོགས་ཐབས་ཐུགས་ཀྱི་བཅུད་ཕུང་བཤད།། འཁོར་རྣམས་མ་ཡེངས་གུས་པས་ཉོན། ། རད་ན་པྲ་བར་བི་ད་ཛྙ་ཏྲ་ཏ་ཛྙ་ན་དྷར་དུ་ཡ། ཐིག་ལེ་གསང་བའི་ཡང་སྙིང་རྟོགས་ཐབས་ལ། བྱ་བཙལ་བཅས་སྤྱོས་མི་བྱ་སྟེ།། བྱ་བ་ཐམས་ཅད་བཏང་བ་ནི།། རི་ཁྲོད་དགོན་པར་གཅིག་པུར་བསྡད།། ཐ་མ་སྤུན་ཟླ་ཉེ་དྲུང་ཡུལ་དང་རྫས་ཀྱི་འབྲེལ་བ་བཅད། ། རང་ཚོའི་རྫས་ཁྱེར་ཆོས་དང་སེམས་སུ་བསྲེ།། བསྲེ་བའི་གདམས་ངག་གྷྲུ་རུ་དག་ལ་ཞུས།། ཀྱེ་མ་ཨེ་མ་སྐལ་ལྡན་ཀུན།། རང་སོད་དམ།། ཡུལ་ཕྱིན་ནམ། བརླག་གམ། རླུང་སྐུར་རམ། ཕྱགས་མས་འཐེབས་སམ། རི་སྙིལ་ལམ། རྫ་ཕྱོགས་སམ། མེ་སོད་དམ། ཆུ་བོ་ཆེ་རྒལ་ལམ། དྲང་བ་དང་སྒྲོག་ནས་ཁྲོལ་ལམ། མུན་པའི་སྨག་རུ་སོལ་ལམ།། གསལ་བའི་ཉི་ཟླ་ཤར་དུ་ཆུག། མཚོན་ཆའི་འཁོར་ལོ་བསྐོར་ལ་གང་འཕྲད་སྦད་ན་ས་ཆོད།། ཁྱི་ཕག་བྱ་སྦྲུལ་ཁྲ་དང་སྤྲེའུ་སོད།། རི་བོ་སྤང་གིས་ཐོབ་ལ་རྒྱ་མཚོ་འཁྲོགས་ཆོད་ཀྱིས།། ནམ་མཁའ་གོས་སུ་གྱོན་ལ་ས་གཞི་སྟན་དུ་ཐིང།། སྒྲོན་མ་ལག་པར་ཐོགས་པ་འཛའ་ཚོན་རྒྱལ་མཚན་གྱིས། ། ནོར་བུ་རིན་ཆེན་ཆོངས་ལ་བདུད་རྩི་ཁྲིགས་ཆོད་ཀྱིས།། ཟས་ཀྱི་བཅུད་ཟོ་གོས་ཀྱི་ཐག་ཆོད་ཅིག། དེ་ཡིས་ཐིག་ལེ་གསང་བ་རྟོགས།། ཞེས་གསུངས་སོ།། དེ་རྣམས་བརྡའི་སྒོ་ནས་རྟོགས་ཐབས་སོ། ། ཚིག་གི་སྒོ་ནས་རྟོགས་ཐབས་ནི།། རྣམ་པ་གསུམ་དུ་ཤེས་པར་བྱ།། སྙིང་པོའི་འོད་དང་རྩལ་ཟེར་རོ།། སྙིང་པོ་སྐྱེ་མེད་ཆོས་ཀྱི་སྐུ།། འོད་འདི་འོད་གསལ་ཀ་དག་ཀློང།། རྩལ་ཟེར་མ་འགགས་ཀུན་ཏུ་ཁྱབ། ། དེ་གསུམ་སྟོན་ཡང་འདི་ལྟར་སྟེ།། སྙིང་པོའི་དཀྱིལ་འཁོར་ན།། ཐིག་ལེ་གསང་བའི་ཉི་མ་ཤར།། འོད་ལྔ་གསལ་བའི་འཁོར་གྱིས་བསྐོར།། རྩལ་ཟེར་གསལ་དག་རང་བཞིན་མེད།། དེ་ཡི་གདམས་ངག་ཏི་ཀ་འདི་ལྟར་སྟེ། ། ཆོས་དབྱིངས་རྣམ་དག་གསང་བའི་གཞལ་ཡས་ན།། ཀ་དག་འོད་ལྔ་གསང་བའི་གཞལ་ཡས་ན།། ཐིག་ལེ་གསང་བའི་ཡང་སྙིང་བཞུགས།། འོད་ལྔ་གསལ་གདངས་འཁོར་གྱིས་བསྐོར། ། ཡང་སྙིང་གསང་བའི་ཉི་མ་རྟོགས་པ་ལས།། རྩལ་ལྔ་རང་སར་དྭངས།། གསལ་དག་ངང་དྭངས་གདམས་པའི་གནད་མཆོག་ཡིན།། ཞེས་གསུངས་སོ།། སྙིང་པོ་ཡེ་ཤེས་བཅུད་སྤུངས་ཐིག་ལེ་གསང་བའི་རྒྱུད་ལས། ། ཏིག་ལེ་གསང་བའི་ཡང་སྙིང་རྟོགས་ཐབས་གདམས་ངག་གི་ཏི་ཀ་བསྟན་པའི་ལེའུ་སྟེ་དགུ་པའོ།།།། དེ་ནས་ཡེ་ཤེས་གསལ་བ་ཡིས།། ཐིག་ལེ་གསང་བའི་སྟོན་པ་ལ།། ཐིག་ལེ་གསང་བའི་ཡང་སྙིང་ངེས་ཚིག་ཇི་ལྟར་ལགས། ། ཞེས་ཞུས་བ་དང།། སྟོན་པས་འཁོར་ལ་བཀའ་སྩལ་པ།། དེ་ཡི་ངེས་ཚིག་ཟབ་པར་བཤད།། འཁོར་རྣམས་མ་ཡེངས་གུས་པས་ཉོན།། ཐིག་ནི་སྙིང་པོ་འགྱུར་བ་མེད།། ལེ་ནི་འོད་གསལ་ཀ་ནས་དག། གསང་བ་བསྟན་དུ་མེད་པ་ཡིན།། ཡང་སྙིང་མིང་ཡང་མེད་པས་མུ་མཐའ་ཡས།། དེ་ཕྱིར་ཐིག་ལེ་གསང་བའི་ཡང་སྙིང་ཡིན།། ཐིག་ནི་སྙིང་པོ་སྐྱེ་བ་མེད།། ལེ་ནི་འོད་གསལ་འགག་པ་མེད། ། གསང་བ་དེ་གཉིས་གཉིས་མེད་ཡིན།། ཡང་སྙིང་དངོས་མེད་ཟང་ཀ་ཡིན།། དེ་ཕྱིར་ཐིག་ལེ་ག་སང་བའི་ཡང་སྙིང་ཡིན།། ཐིག་ལེ་ནི་ཉིད་འཕོ་འགྱུར་མེད།། ལེ་ནི་རང་བྱུང་རྒྱུ་རྐྱེན་མེད།། གསང་བ་བློ་ཡི་ཡུལ་མ་གྱུར། ། ཡང་སྙིང་ཆོས་སྐུ་འགྱུར་མེད་ཡིན།། ཐིག་ནི་སྐྱེ་མེད་ཆོས་ཀྱི་སྐུ།། ལེ་ནི་འགག་མེད་ལོངས་སྤྱོད་སྐུ།། གསང་བ་ཀ་དག་དངོས་མེད་སྐུ།། ཡང་སྙིང་མཚོན་འདས་བློའི་འདས་སྐུ།། དེ་ཕྱིར་སྐུ་བཞི་དབྱེར་མེད་ཡིན། ། ཐིག་ནི་མུ་མེད་གཏིང་མཐའ་ཡས།། ལེ་ནི་ངང་དྭངས་སྣང་གྲོལ།། གསང་བ་ཆོས་ཉིད་རྩིས་གདབ་མེད།། ཡང་སྙིང་བཅུད་འདུས་གཏམས་པའི་གནད།། དེ་ཕྱིར་ཐིག་ལེ་གསང་བའི་ཡང་སྙིང་ཡིན། ། ཞེས་གསུངས་སོ།། སྙིང་པོ་ཡེ་ཤེས་བཅུད་སྤུགས་པའི་ཐིག་ལེ་གསང་བའི་རྒྱུད་ལས།། ཐིག་ལེ་ངེས་པའི་ཚིག་བཤད་པའི་ལེའུ་སྟེ་བཅུ་པའོ།།།། དེ་ནས་ཡེ་ཤེས་གསལ་བ་ཡིས།། ཐིག་ལེ་གསང་བའི་དོན་རྟོགས་ན། ། བྱ་རྩལ་རྩོལ་སྒྲུབ་མི་འཚལ་ལམ།། ཞེས་ཞུས་པ་དང། སྟོན་པས་འཁོར་ལ་བཀའ་སྩལ་པ།། གོང་ལྟར་ཐིག་ལེ་གསང་བའི་དོན་རྟོགས་ན།། བྱ་བཙལ་རྩོལ་སྒྲུབ་ཅི་ཡང་མི་དགོངས་སོ།། བྱ་བཙལ་བྱེད་ན་ཐེག་པ་འོག་མ་ཡིན། ། སྤྱན་འདྲེན་ཕྱག་མཆོད་བྱེད་ན་ཐེག་པ་འོག་མ་ཡིན།། དཀྱིལ་འཁོར་ལྷ་བསྐྱེད་དབང་བསྐུར་ཐེག་པ་འོག་མ་ཡིན།། ལྟ་སྒོམ་སྤྱོད་འབྲས་བསྒྲུབ་པ་ཐེག་པ་འོག་མ་ཡིན།། དེའི་ཕྱིར་གསང་བ་འདི་ལ་བྱ་བཙལ་རྩོལ་བའི་ནད་དང་བྲལ། ། བྱ་བཙལ་རྩོལ་སྒྲུབ་ཅི་ཡང་མི་དགོས་སོ།། ལྟ་བ་ལྟ་བྱེད་རྩོལ་བ་མེད།། སྒོམ་པ་སྒོམ་མེད་རྩོལ་བ་མེད།། སྤྱད་བྱ་སྤྱོད་བྱེད་བྱ་བཙལ་མེད།། བསྒྲུབ་བྱ་སྒྲུབ་བྱེད་རྩོལ་སྒྲུབ་མེད། ། གཏོར་ཚོག་ས་མཆོད་རྩོལ་སྒྲུབ་མེད།། ཚ་ཚྭ་ཆུ་གཏོར་ཆོས་སྤྱོད་རྩོལ་སྒྲུབ་མེད།། འཁོར་བ་བྱ་བའི་ལས་རྣམས་ལ།། བྱ་བཙལ་རྩོལ་སྒྲུབ་མེད་དེ་གཅོད་ལ་གཞག། ཐིག་ལེ་གསང་བའི་དོན་རྟོགས་ན། ། བྱ་བ་བཙལ་རྩོལ་སྒྲུབ་ཅི་ཡང་མི་དགོས་སོ།། ཞེས་གསུངས་སོ།། སྙིང་པོ་ཡེ་ཤེས་བཅུད་སྤུངས་ཐིག་ལེ་གསང་བའི་རྒྱུད་ལས། བྱ་བཙལ་རྩོལ་སྒྲུབ་མ་དགོས་པར་བསྟན་པའི་ལེའུ་སྟེ་བཅུ་གཅིག་པའོ།།།། དེ་ནས་ཐིག་ལེ་གསང་བའི་སྟོན་པ་ལ། ། ཡེ་ཤེས་གསལ་བའི་འཁོར་གྱིས་འདི་སྐད་ཞུས།། རྒྱུད་ཀྱི་ངོ་བོ་ངེས་ཚིག་ཇི་ལྟར་ལགས།། ཞེས་ཞུས་པ་དང། སྟོན་པས་འཁརོ་ལ་བཀའ་སྩལ་པ།། རྒྱུད་ཀྱི་ངོ་བོ་ངེས་ཚིག་བསྟན་པ་ནི། ། འབྲེལ་དང་མ་ཚང་མེད་ཕྱིར་དང།། ཕུན་སུམ་ཚོགས་པའི་ངེས་ཚིག་དང།། རྒྱུད་ཀྱི་རང་བཞིན་སྟོན་པ་ནི།། རང་བཞིན་རྒྱུན་དུ་གནས་པའི་ཕྱིར།། ཡེ་ཤེས་རྒྱུན་ཆད་མེད་པའི་རྒྱུད།། རྒྱུད་ཀྱི་དབྱེ་བ་བསྟན་པ་ནི། ། དོན་གྱི་རྒྱུད་དང་ཚིག་རྒྱུད་རྣམ་གཉིས་ལས།། དེ་ལས་ཕྱེ་བས་བསམ་གྱིས་མི་ཁྱབ་རྒྱུད།། རེ་ཞིག་བགྲང་ན་འདི་ལྟ་སྟེ།། བྱ་བའི་རྒྱུད་དང་སྤྱོད་པའི་རྒྱུད་དང།། རྣལ་འབྱོར་རྒྱུད།། བླ་ན་མེད་པའི་རྒྱུད་དང། ། ཕའི་རྒྱུད་དང། མའི་རྒྱུད་དང། མ་བླ་ན་མེད་པའི་རྒྱུད་དང།། སྙིང་པོ་གོང་ན་མེད་པའི་རྒྱུད་དང།། སྐུའི་རྒྱུད་དང། གསུང་གི་རྒྱུད་དང། ཐུགས་ཀྱི་རྒྱུད་དང། ཡོན་ཏན་ཕྲིན་ལས་རྒྱུད་དང། རྩ་བའི་རྒྱུད་དང། བཤད་པའི་རྒྱུད་དང། ཡན་ལག་རྒྱུད་དང། བསྐོལ་བ་དུམ་བུའི་རྒྱུད་དང། བསྐྱེད་པ་རྒྱལ་པོའི་རྒྱུད་དང།། བཏུད་པ་བྲམ་ཟེའི་རྒྱུད་དང།། དགགས་པ་མན་ངག་རྒྱུད་དང། འཚམས་སྦྱོར་གཉིས་མེད་བློན་པོའི་རྒྱུད་དང། ། གསལ་བ་ཉི་ཟླའི་རྒྱུད་དང། ཡངས་པ་ནམ་མཁའི་རྒྱུད།། དགོས་འདོད་འབྱུང་བ་ནོར་བུ་རིན་པོ་ཆེའི་རྒྱུད་དང།། སྤྱི་ཏི་རྫོགས་ཆེན་གཉའ་གཅོད་རྒྱུད་སྡེ་ནི།། ཉི་ཟླ་འབར་བས་གནམ་ས་གོ་འབྱེད་པ་ཁམས་གསུམ་ཡོངས་སྒྲོལ་གྱི་རྒྱུད་དང། ། རིན་པོ་ཆེའི་ཉི་ཟླས་མཁའ་ཀློང་རྣམ་དག་སྣང་སྲིད་གསལ་དག་རྒྱུད་དང།། ཉི་ཟླ་འབར་བའི་རྒྱུད་དང། ཉི་ཟླ་སྦྱོར་བ་ཁ་མུན་དབྱེར་མེད་ཀྱི་རྒྱུད་དང།། མཁའ་ཀློང་ཉི་ཟླའི་འོད་འབར་གཏི་མུག་མུན་སེལ་གྱི་རྒྱུད་དང། ། རྒྱུད་ཐམས་ཅད་ཀྱི་སྤྱི་ཕུད་མཁའ་ཀློང་ཉི་ཟླའི་འོད་འབར་རྒྱ་མཚོའི་ཀློང་གསལ་གྱི་རྒྱུད་དང།། རྒྱུད་ཐམས་ཅད་ཀྱི་སྤྱི་རྗེས་ཉི་ཟླ་བཀོད་པ་ནམ་མཁའ་དང་མཉམ་པའི་རྒྱུད་དང། ། མ་རིག་ཡེ་ཤེས་གོ་འབྱེད་སྣང་གསལ་ཉི་ཟླའི་རྒྱུད་དང།། ཉི་ཟླ་རྒྱལ་པོ་སྟོང་ཁམས་འོད་འབར་བའི་རྒྱུད་དང། ནམ་མཁའི་ཉི་ཟླ་རྒྱལ་པོ་མུ་མེད་མཐའ་ཡས་ཀྱི་རྒྱུ་དང། རིན་པོ་ཆེ་ཉི་ཟླ་བརྩེགས་པའི་རྒྱུད་དང། ། རིན་པོ་ཆེ་ཉི་ཟླ་འོད་འབར་སྒྲིབ་གཡོགས་མུན་སེལ་མཁའ་ཀློང་རྣམ་པར་དག་པའི་རྒྱུད་དང།། རྒྱུད་ཀྱི་རྒྱལ་པོ་ཉི་ཟླ་འོད་གསལ་བའི་རྒྱུད་དང།། མཁའ་ཀློང་ཉི་ཟླའི་འདོ་འབར་གནས་གོ་འབྱེད་པའི་རྒྱུད་དང། ། དེ་རྣམས་ནི་ཡང་ཏི་ཉི་ཟླའི་སྙིང་པོ་གོང་ན་མེད་པའི་རྒྱུད་དེ།། གསལ་བ་ཉི་ཟླ་ལྟ་བུའི་རྒྱུད་དོ།། ཡངས་པ་ནམ་མཁའ་ལྟ་བུའི་རྒྱུད་ནི།། རྒྱུད་ཀྱི་རྩེ་རྒྱལ་ནམ་མཁའ་ལྟ་བུའི་རྒྱུད་ནི།། རྒྱུད་ཀྱི་རྩེ་རྒྱལ་ནམ་མཁའ་ཀློང་འདུས་བྱར་མེད་བློ་འདས་ཀྱི་རྒྱུད་དང། ནམ་མཁའ་དབྱིངས་ཟབ་བདུད་རྩི་བཅུད་འདུས་ཀྱི་རྒྱུད་དང།། མཁའ་ཀློང་ཉི་ཟླའི་འོད་འབར་གནས་ས་པའི་གོ་འབྱེད་འོད་ནམ་མཁའ་དང་མཉམ་པའི་རྒྱུད་དང། མུན་སྣང་གོ་འབྱེད་པ་སྣང་སྲིད་འོད་འབར་ཁམས་གསུམ་ཡོངས་སྒྲོལ་གྱི་རྒྱུད་དང།། ནམ་མཁའ་ཀློང་ཡངས་ཀྱི་རྒྱུད་དང།། བཀའི་བཅུད་འདུས་རྒྱ་མཚོ་ཀློང་གསལ་གྱི་རྒྱུད་དང།། གཏི་མུག་ཀ་དངས་འོད་ནམ་མཁའ་དང་མཉམ་པའི་རྒྱུད་དང། མུན་སྣང་ཀ་དག་འགྲོ་དྲུག་རྩད་གཅོད་ཀྱི་རྒྱུད་དང། མ་རིག་སྒྲིབ་གཡོགས་ཀ་དག་པའི་སྟོང་ཁམས་འོད་དུ་འབར་བའི་རྒྱུད་དང། རྒྱུད་ཀྱི་རྩེ་ཕུད་ནམ་མཁའ་མཐའ་ཡས་ཀྱི་རྒྱུད་དང། རྒྱུད་ཀྱི་རྒྱལ་པོ་ཉི་ཟླ་བཀོད་པའི་སྟོང་ཁམས་བཅུད་ཁེངས་ཀྱི་རྒྱུད་དང། སྙིང་པོ་ཀ་དག་ཐུགས་ཀྱི་བཅུད་འདུས་པའི་རྒྱུད་དང། སྙིང་པོ་ཡེ་ཤེས་བཅུད་སྤུངས་ཐིག་ལེ་གསང་བའི་རྒྱུད་དང། སྒྲོན་མ་འབར་བའི་རྒྱུད་དང། སྒྲོན་མ་བརྩེགས་པའི་རྒྱུད་དང། སངས་རྒྱས་ཀུན་གྱི་དགོངས་པའི་བཅུད་འདུས་ར་པོ་བརྩེགས་པའི་རྒྱུད་དང། སྙིང་པོ་ཡེ་ཤེས་བཅུད་འདུས་སྤུངས་ནམ་མཁའ་ཀློང་ས་ཡངས་ཀྱི་རྒྱུད་དང། གནམ་ཐོག་ཀློང་རྒྱ་མཚོ་ཀློང་འབབས་ཆུ་སྲིན་ནོར་བུའི་རྒྱུད་དང། རིན་ཆེན་སྤུངས་པའི་རྒྱུད་དང། རིན་པོ་ཆེ་གཏེར་སྙིང་རྒྱུད་དང། རིན་པོ་ཆེ་སྤྱི་ནད་སྐྱོན་སེལ་གྱི་རྒྱུད་དང། རིན་པོ་ཆེ་སྣང་གསལ་སྤུ་གྲི་འབར་བས་འཁྲུལ་སྣང་རྩད་ནས་གཅོད་པ་ནམ་མཁའ་དང་མཉམ་པའི་རྒྱུད་དང། རིན་པོ་ཆེ་རིགས་དྲུག་གཡང་ས་གཅོད་པའི་རྒྱུད་དང། རིན་པོ་ཆེ་བཅུད་ཀྱི་ཡང་སྙིང་སྤྲོས་གཅོད་རྩ་བའི་རྒྱུད་དང། སྤྲོས་པ་གཅོད་པ་སྡེ་ལྔའི་རྒྱུད་དང། སྣང་སྲིད་ལ་སྦྱོར་བདུད་རྩི་བཅུད་ཐིགས་འཁོར་བ་ཐོག་མཐའ་གཅོད་པའི་རྒྱུད་ལ་སོགས་ཏེ། རྒྱུད་སྡེ་ཇི་སྙེད་ཅིག་བཞུགས་པའི་རྒྱུད་ཀྱི་དབྱེ་བའོ།། རྒྱུད་ཀྱི་དགོས་པ་ན་ཐོག་མཐའ་གཉིས་ཀྱི་གྲས་ཐག་བཅད་པའོ། ། རྒྱུད་ཀྱི་ཕན་ཡོན་ནི་ཉོན་མོངས་དུག་ལྔ་འཁོར་བའི་སྡུག་བསྔལ་སེལ་ཞིང་ཐར་པ་དང་བདེ་འགྲོ་སངས་རྒྱས་ཀྱི་ཞིང་ཁམས་རྣམ་པར་དག་པར་སྐྱེའོ།། རྒྱུད་ཀྱི་ལྡང་ཚད་ནི་བརྒྱད་དོ། ། རྒྱུད་ཀྱི་ངོ་བོ་ནི་སྙིང་པོའི་རང་བཞིན་དུས་དང་རྣམ་པ་ཐམས་ཅད་དུ་འཕོ་འགྱུར་མེད་པར་གནས་པའོ།། རྒྱུད་ཀྱི་མཚན་ཉིད་ནི་ཁྱབ་ལ་འབྲེལ་བ་ཉའི་རྒྱ་ལྟ་བུའོ།། དགོས་པ་ནི་སྲང་གི་ཉག་ག་ལྟ་བུའོ། ། དབྱེ་བ་ནི་ལག་པའི་སོར་མོ་ལྟ་བུའོ།། ཕན་ཡོན་ནི་རྩི་མ་གི་རྟ་ལྟ་བུའོ།། རྒྱུད་མཚོན་པའི་དཔེ་ནི་མི་རྒྱུད་ཆུ་རྒྱུད་གཞུང་རྒྱུད་དོ།། དེ་རྣམས་ནི་རྒྱུད་ཀྱི་རང་བཞིན་བསྟན་པའོ།། ཞེས་གསུངས་སོ།། སྙིང་པོ་ཡེ་ཤེས་བཅུད་དུ་སྤུངས་པ་ཐིག་ལེ་གསང་བའི་རྒྱུད་ལས། ། རྒྱུད་ཀྱི་ངོ་བོ་ངེས་ཚིག་དབྱེ་བ་བསྟན་པའི་ལེའུ་སྟེ་བཅུ་གཉིས་པའོ།།།། དེ་ནས་ཡེ་ཤེས་གསལ་བ་ཡིས།། ཐིག་ལེ་གསང་བའི་སྟོན་པ་ལ།། རྒྱུད་ཀྱི་མཚན་དང་གཏན་རྒྱ་ཇི་ལྟར་ལགས། ། ཞེས་ཞུས་པ་དང། སྟོན་པས་འཁོར་ལ་བཀའ་སྩལ་པ།། ཆོས་རྣམས་སྙིང་པོ་ཡང་ཏི་ཡོ་གར་གསུངས།། སྙིང་པོ་བཅུད་ཀྱི་ཡང་སྙིང་སྤུངས།། དེ་ཕྱིར་སྙིང་པོ་བཅུད་སྤུངས།། དེ་ཕྱིར་སྙིང་པོ་བཅུད་སྤུངས་རྒྱུད་དུ་ཟུང། ། ཡེ་ཤེས་གསལ་བའི་ངོ་བོ་ཐིག་ལེ་གསང་རྒྱུད་ལས།། ཡེ་ཤེས་ཐིག་ལེ་གསང་བའི་རྒྱུད་དུ་གསུངས།། ཐེག་པའི་བཅུད་རྣམས་བསྡུས་ནས་བསྟན་པའི་ཕྱིར།། ཐེག་པ་བཅུད་འདུས་བྱ་བར་ཟུང། ། དགུ་རྩེ་བཅུད་འདུས་རྗེ་རྒྱལ་བས།། ཐེག་པ་གཉའ་སྩོལ་རྩེ་རྒྱལ་བྱ་བར་ཟུང།། ཞེས་གསུངས་སོ།། རྒྱུད་ནི་གཏད་པའི་སློབ་མ་ནི།། བླ་མ་ལ་གུས་ཤེས་རབ་ཆེ།། དམ་ཚིག་གཞུང་བསྲུང་རྣམ་སྨིན་འཛེས། ། སྨྲས་པ་མི་འགྱུར་གཏོང་ཕོད་ཆེ།། དེ་ལ་རྒྱུད་འདི་གཏད་བར་བྱ།། སློབ་མ་སྣོད་དང་མི་ལྡན་སློབ་བུ་ནི།། ང་རྒྱལ་ཆེ་ལ་དམ་ཚིག་མེད།། བརྩེ་གདུང་ཆུང་ལ་ཤེས་རབ་མེད།། ཆགས་སྡང་ཆེ་ལ་གཏོང་ཕོད་ཆུང། ། ལེ་ལོ་ཆེ་ལ་སྡིག་ལ་རྔམ།། ལོག་ལྟ་སྐྱེ་ཞིང་སྒྲོ་སྐུར་འདོགས།། སློབ་དཔོན་གསང་ཞིང་རང་ཆེ་བྱིན།། གཡོ་སྒྱུ་ཆོས་བྲེལ་ཟོང་དུ་འཚོང།། ཁྲེལ་མེད་དམ་ཉམས་སྡིག་ཅན་ལ།། གསེར་གཡུ་གཏེར་ཡང་མ་བྱིན་ཅིག། དེ་ལ་བྱིན་ན་དམྱལ་བར་སྐྱེ།། དེ་བས་སྣོད་ཀྱི་ཁྱད་པར་གཅེས།། ཞེས་གསུངས་སོ།། སྙིང་པོ་ཡེ་ཤེས་བཅུད་སྤུངས་ཐིག་ལེ་གསང་བའི་རྒྱུད་ལས། སྣོད་བཟང་ངན་གྱི་ཁྱད་པར་བསྟན་པའི་ལེའུ་སྟེ་བཅུ་གསུམ་པའོ། ། དེ་ནས་ཐིག་ལེ་གསང་བའི་སྒྲོན་མ་ཡིས།། འཁོར་ལ་བསྟན་པ་འབྱུང་བའི་དུས་བསྟན་པ།། ལྔ་བརྒྱ་དུས་ཡི་ཐ་མ་ལ།། རྩོད་པའི་འདབ་རྒྱས་བྱེད་དུས་སུ།། དེ་དུས་ཡང་ཏི་ཡོ་ག་འབྱུང། ། སངས་རྒྱས་སྐུ་དང་གསུང་གི་བསྟན་པ་ནུབ།། ཐུགས་ཀྱི་བསྟན་པ་དར་བའི་ཚེ།། དེ་དུས་ཡང་ཏི་ཡོ་ག་འབྱུང།། མ་ཐུབ་རྣམ་གསུམ་བྱུང་དུས་སུ།། འབྱུང་བ་ས་ཡི་གཏེར་མ་ཐུབ།། སྐྱེ་འགྲོས་བློ་གཏད་གཉེན་མ་ཐུབ། ། མཁའ་འགྲོས་སྦས་པའི་གཏེར་མ་ཐུབ།། དེ་དུས་ཡང་ཏི་ཡོ་ག་འབྱུང།། ཞེས་གསུངས་སོ།། སྙིང་པོ་ཡེ་ཤེས་བཅུད་སྤུངས་ཐིག་ལེ་གསང་བའི་རྒྱུད་ལས། བསྟན་པ་འབྱུང་བའི་དུས་བསྟན་པའི་ལེའུ་སྟེ་བཅུ་བཞི་པའོ། ། སྙིང་པོ་ཡེ་ཤེས་བཅུད་སྤུངས་པ་ཐིག་ལེ་གསང་བའི་རྒྱུད་རྫོགས་སོ།།།། ། མཁྱེན་པའི་རྒྱལ་པོ་ཀུན་གཞི་ཡིན།། ཞེས་གསུངས་སོ།། རིན་པོ་ཆེ་འོད་འབར་བའི་རྒྱུད་ལས།། ཀུན་གཞི་དྲུག་ལ་ངོ་སྤྲད་པའི་ལེའུ་སྟེ་དྲུག་པའོ།། ལོངས་སྐུ་སྐྱེས་བུས་བཀའ་སྩལ་པ།། འདོད་པ་མེད་པའི་སེམས་དཔའ་ཉོན། ། ཕུང་པོ་དྲུག་གི་དོན་བསྟན་ནོ།། བག་ཆགས་གཟུགས་ཀྱི་ཕུང་པོ་ལས།། ཚོགས་བརྒྱད་ལྷུག་པའི་ངོ་སྤྲོད་གྱིས།། རྨི་ལམ་སྒྱུ་ལུས་ཕུང་པོ་ལ།། འགྱུར་བ་ཡེ་ཤེས་ངོ་སྤྲོད་གྱིས།། ཏིང་འཛིན་ཉམས་མྱོང་ཕུང་པོ་ལ། འཛིན་པའི་ངང་ལ་ངོ་སྤྲོད་ཀྱིས།། ཕྱི་ནས་ཡེ་ཤེས་ཕུང་པོ་ལ།། ཡེ་ཤེས་རྡུང་ཆེན་ངོ་སྤྲོད་ཀྱིས།། ཆཽས་ཉིད་འོང་གསལ་སྒྱུ་ལུས་ཕུང་པོ་ལ།། རྒྱས་གདབ་ཨ་ཡི་ངོ་སྤྲོད་གྱིས།། སྲིད་པ་སྔོན་བླངས་ཡིད་ཀྱི་ཕུང་པོ་ལ། ། འགག་མེད་རླུང་གི་ངོ་སྤྲོད་གྱིས།། སྐྱེས་བུ་ང་ཡི་ཕུང་པོ་ཡིན།། ཅེས་གསུངས་སོ།། རིན་པོ་ཆེ་འོད་འབར་བའི་རྒྱུད་ལས།། ཕུང་པོ་དྲུག་ལ་ངོ་སྤྲད་པའི་ལེའུ་སྟེ་བདུན་པའོ། །།། སྐྱེལ་བུ་དམ་པས་བཀའ་སྩལ་པ།། ལས་ཀྱིས་སེམས་དཔའ་ཁྱོད་ཉོན་ཅིག། བར་དོ་དྲུག་གི་དོན་བསྟན་ནོ།། རང་བཞིན་བར་དོ་ཞེས་བྱ་བ།། སྣང་བ་གཟུགས་ལ་རྟེན་པ་འདི།། ཐིག་ལེ་གཅིག་ཏུ་ངོ་སྤྲད་དོ། ། ཏིང་འཛིན་བར་དོ་ཞེས་བྱ་བ།། ཡེངས་པ་མེད་པར་ངོ་སྤྲད་དོ།། སྐྱེ་ཤི་བར་དོ་ཞེས་བྱ་བ།། གཉིས་སྣང་མེད་པར་ངོ་སྤྲད་དོ།། སྐད་ཅིག་བར་དོ་ཞེས་བྱ་བ།། ཟང་ཐལ་ཆེན་པོའི་ངོ་སྦྲད་དོ།། ཆོས་ཉིད་བར་དོ་ཞེས་བྱ་བ། ། རང་སྣང་ཆེན་པོར་ངོ་སྤྲད་དོ།། སྲིད་པའི་བར་དོ་ཞེས་བྱ་བ།། རྒྱུ་རྐྱེན་མེད་པར་ངོ་སྤྲད་དོ།། གཉན་པོ་མེད་པར་ངོ་སྤྲད་དོ།། སྐྱེས་བུ་ང་ཡི་བར་དོ་ཡིན།། ཞེས་གསུངས་སོ།། བར་དོ་དྲུག་ལ་ངོ་སྤྲོད་དྲུག་བསྟན་པའི་ལེའུ་སྟེ་བརྒྱད་པའོ། །།། ཆོས་ཀྱི་བདག་པོས་བཀའ་སྩལ་པ།། འགྲོ་བ་འདུལ་བྱེད་ལེགས་པར་ཉོན།། སྣང་བ་དྲུག་དྲུག་གི་དོན་བསྟན་ནོ།། སེམས་ཀྱི་སྣང་བ་རྣམ་གཉིས་ཏེ།། བཟང་སྣང་ངན་སྣང་གཉིས་སུ་སྣང། ། སྣང་བ་མེད་པར་ངོ་སྤྲད་དོ།། ཤེས་རབ་སྣང་བ་གཉིས་ཡིན་ཏེ།། ཕྱི་སྤྲོད་སྣང་དང་ནང་སྤྱོད་སྣང།། རིག་པའི་སྣང་བ་གཉིས་ཉིད་དེ།། བདག་རིག་སྣང་དང་གཞན་རིག་སྣང། ། ལྟ་སྒོམ་སྤྱོད་པ་འབྲས་བུ་ནི།། ཡེ་ཤེས་ཆེན་པོའི་སྣང་བའོ།། ཆོས་ཀྱི་སྐུ་དང་ལོངས་སྐུ་སྣང།། ཡེ་ཤེས་རང་སྣང་ཡིན།། སྣང་བ་མེད་པར་ངོ་སྤྲད་དོ།། དང་པོ་སྲིད་པ་ལྷུན་གྲུབ་སྲིད།། སྟོང་ར་ཆེན་པོར་ངོ་སྤྲོད་དོ། ། བར་དུ་སྲིད་པ་རང་རྩལ་སྲིད།། སྐྱེ་མེད་སྟོང་བར་ངོ་སྤྲད་དོ།། འགྲོ་དྲུག་སྲིད་པ་འགག་མེད་སྲིད།། རོལ་པ་ཆེན་པོར་ངོ་སྤྲད་དོ།། དྲང་དོན་ངེས་དོན་གཉིས་སུ་སྲིད།། ཐིག་ལེ་གཅིག་ཏུ་ངོ་སྤྲད་དོ།། འཁོར་བ་མྱང་འདས་གཉིས་སུ་སྲིད། ། གཉིས་སྣ་མེད་པར་ངོ་སྤྲད་དོ།། ཐ་མ་འབྲས་བུ་འདོད་སྲིད།། ཟང་ཐལ་ཆེན་པོར་ངོ་སྤྲད་དོ།། ཆོས་ཀྱི་བདག་པོའི་སྣང་སྲིད་ཡིན།། ཅེས་གསུངས་སོ།། རིན་པོ་ཆེ་འོད་འབར་བའི་རྒྱུད་ལས། ། སྣང་སྲིད་ངོ་སྤྲོད་ཀྱི་ལེའུ་སྟེ་དགུ་པའོ།།།། སེམས་ཉིད་བདག་པོས་བཀའ་སྩལ་པ།། ཉོན་ཅིག་སེམས་དག་སྐྱེས་བུ་ཁྱོད།། སེམས་ཀྱི་ངོ་བོ་མ་རིག་པ།། རྩལ་ནི་གཉིས་འཛིན་མི་འགག་མ། ། ལས་ནི་འགའ་མི་འགའ་ལ་སྤྱོད། རིག་པའི་ངོ་བོ་ཟང་ཐལ་ལོ།། རྩལ་ནི་ཤེས་རབ་ཆེན་པོ་ཡིན།། ལས་ནི་གཉིས་སུ་མེད་པར་སྤྱོད།། འདུས་མ་བྱས་སུ་ངོ་སྤྲད་དོ།། རྒྱུས་མ་བསྐྱེད་པར་ངོ་སྤྲད་དོ།། སེམས་ཉིད་བདག་པོར་ངཽ་སྤྲ་ད་དོ། ། ཞེས་གསུངས་སོ།། རིན་པོ་ཆེ་འོད་འབར་བའི་རྒྱུ་ལས།། སེམས་དང་རིག་པ་ངོ་སྤྲད་པའི་ལེའུ་སྟེ་བཅུ་པའོ།།།། མགོན་པོ་སེམས་དཔས་བཀའ་སྩལ་པ།། རིག་པའི་སྤྲུལ་པ་ང་ལ་ཉོན། ། ཡི་གེ་དྲུགདང་སྒྲ་འགྱུར་ནི།། མ་ནི་ཡེ་ཤེས་ཡི་གེ་ལ།། སྐྱེད་བྱེད་ཆེན་པོར་ངོ་སྤྲད་དོ།། ཨ་ནི་དབྱིངས་ཀྱི་ཡི་གེ་ལ།། རོལ་པ་ཆེན་པོར་ངོ་སྤྲད་དོ།། ཧ་ནི་གཉིས་མེད་ཡེ་གེ་ལ།། སྣང་བ་ཆེན་པོར་ངོ་སྤྲད་དོ། ། ཤ་ནི་དབྱེར་མེད་ཡི་གེ་ལ།། གཅོད་བྱེད་ཆེན་པོར་ངོ་སྤྲད་དོ།། འ་ནི་རང་སྣང་ཡི་གེ་ལ།། འགག་མེད་ཆེན་པོར་ངོ་སྤྲད་དོ།། ས་ནི་འགྱུར་མེད་ཡི་གེ་ལ།། འགྲོ་དྲུག་འགྱུར་མེད་ངོ་སྤྲད་དོ།། གསལ་བའི་སྒྲ་དང་སྟོང་པའི་སྒྲ། ། འགག་མེད་སྒྲ་དང་འགྱུར་མེད་སྒྲ།། རང་གདངས་སྒྲ་དང་གཉིས་མེད་སྒྲ།། མགོན་པོ་སེམས་དཔའི་སྒྲ་འགྱུར་ཡིན།། ཅེས་གསུངས་སོ།། རིན་པོ་ཆེ་འོད་འབར་བའི་རྒྱུད་ལས།། ཡེ་གེ་སྒྲ་འགྱུར་གྱི་ལེའུ་སྟེ་བཅུ་གཅིག་པའོ། །།། བཛྲ་ས་ཏྭས་བོ་དྷི་ས་ཏྭ་ལ།། བརྡ་འགྱུར་དྲུག་གི་དོན་བསྟན་པ།། ཆོས་ཉིད་བརྡ་དང་རང་གདངས་བརྡ།། རོལ་པའི་བརྡ་དང་གཅོད་པའི་བརྡ།། ཐིག་ལེའི་བརྡ་དང་སྣང་བའི་བརྡ། ། བརྡ་འགྱུར་དྲུག་ལ་ཨ་ཡི་ངོ་སྤྲ་ད་བསྟན།། ཅེས་གསུངས་སོ།། བྱང་ཆུབ་སེམས་དཔའ་མི་ཡི་དགའ་རབ་རྡོ་རྗེ།། བཛྲ་སརྦ་ལ་རིན་པོ་ཆེ་འོང་འབར་བའི་རྒྱུད་ཞུས་པ།། རྫོགས་པར་གསུངས་པས་བྷོ་དྷི་སཏྭ་རྗེས་སུ་ཡི་རང་ངོ། ། སྟོན་པ་རྡོ་རྗེ་སེམས་དཔའ་ལ། ཞུ་བ་པོ་མི་ཡི་བྱང་ཆུབ་སེམས་པས་ཞུས་པ།། རིན་པོ་ཆེ་འོད་འབར་བའི་རྒྱུ་ལས།། ལེའུ་སྟེ་བཅུ་གཉིས་པའོ།། རྫོགས་སོ།།།། རྒྱ་གར་སྐད་དུ། བོད་སྐད་དུ།། མ་ནི་བི་མ་ལ་ཏནྟྲ་ནཱ་མ།། ནོར་བུ་དྲི་མ་མེད་པའི་རྒྱུད།། དཔལ་ཡེ་ཤེས་གསང་བ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན།། འོག་མིན་གྱི་གནས་ཆོས་ཀྱི་དབྱིངས་ཀྱིས་ཕོ་བྲང་ན། ། གནས་ཕུན་སུམ་ཚོགས་པ་ཡེ་ཤེས་ཀྱི་གཞལ་མེད་ཁང།། རྒྱ་ཡོངས་སུ་མ་ཆད་པ།། ཕྱི་ནང་མེད་པར་ཡེ་ཤེས་ཀྱིས་གང་བའི་གནས་ན།། སྟོན་པ་ཕུན་སུམ་ཚོགས་པ། ། འཇམ་དཔལ་གསང་བ།། འཁོར་ཕུན་ཚོགས་པ་རིགས་ལྔའི་བདེ་བར་གཤེགས་པ།། མཛད་སྤྱཽད་ཕུན་སུམ་ཚོགས་པ་བྱང་ཆུབ་སེམས་དཔའ་བཅུ་དྲུག། ཆོས་ཕུན་སུམ་ཚོགས་པ་གསང་བའི་རྒྱུ་ལྔའོ།། དེ་རྣམས་ཀྱི་སྙིང་པོ་བསྡུས་པ་བྱང་ཆུབ་ཀྱི་སེམས་ནོར་བུ་དྲི་མ་མེད་པའི་རྒྱུད་ཅེས་བྱ་བ། ། སངས་རྒྱས་ཀྱི་དགོངས་པ་དང་གཉིས་སུ་མེད་པར་བཞུགས་སོ།། དེ་ནས་སྟོན་པ་འཇམ་དཔལ་གསང་བས།། རིག་ལྔའི་བདེ་བར་གཤེགས་པ་རྣམས་ལ་བཤད་ཀྱང་ཏིང་ངེ་འཛིན་གྱིས་བཤད། ། མཉན་ཀྱང་ཏིང་ངེ་འཛིན་གྱིས་མཉན།། དེ་ནས་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུ།། བདེ་གཤེགས་རྣམས་ཀྱིས་རིགས་ཀྱིས་འདུལ་བའི་འཁོར་རྣམས་དང་ཏིང་ངེ་འཛིན་གྱི་སྒོ་ནས་མཉན་བཤད་དོ། ། དེ་ནས་རྡོ་རྗེས་སེམས་དཔས་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུ།། རྣམ་པར་སྣང་མཛད་ཀྱི་འཁོར་ས་བཅུའི་བྱང་ཆུབ་སེམས་དཔའ་རྣམས་ལ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། ། རིག་པའི་ཡེ་ཤེས་ཀྱིས་ཡར་བལྟས་པས།། ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་དུ་རིགས་ལྔ་བདེ་བར་གཤེགས་པའི་ཞལ་མཐོང།། དེ་ནས་རིགས་ལྔའི་བདེ་བར་གཤེགས་པ་རྣམས་དང་སྙོམས་པར་ཞུགས་ནས། ། འཆི་མེད་རྡོ་རྗེའི་ལུང་ནོད་དོ།། མཉམ་པའི་རྒྱལ་པོ་ཀུན་རིག་ཆོས་ཀྱི་རྗེ།། འོག་མིན་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུ།། རྡོ་རྗེ་སེམས་དཔས་རང་སེམས་རྟོགས་བྱའི་ཕྱིར།། བླ་མེད་ངོ་མཚར་ཆེ་བའི་སངས་རྒྱས་འདི། ། རྨད་དང་རྩ་བ་གཅད་པས་སངས་རྒྱས་སེམས་ལས་བྱུང།། སེམས་ཀྱི་དམ་པ་བདག་ལ་བསྟན་དུ་གསོལ།། ཞེས་ཞུས་སོ།། རང་བྱུང་དབྱིངས་ནས་རིག་པ་རང་ཤར་བས།། འགྲོ་བ་རྣམས་ལ་སེམས་དང་སེམས་སུ་སྣང། ། རིག་བའི་རྩལ་ཆེན་ཛྙ་ན་པཉྩ་ཀ་ར་ཨ།། གང་ཞིག་སེམས་ཀྱི་དམ་པ་རྟོགས་འདོད་པ།། སེམས་དང་ཡེ་ཤེས་ཆུ་དང་རྙོག་མ་བཞིན།། མ་སྐུལ་བཞག་ན་དྭངས་སྙིགས་འབྱེད་བ་བཞིན།། བདེ་བ་འདོད་ན་བསམ་གཏན་ཏིང་འཛིན་གཅེས། ། སེམས་དང་ཡེ་ཤེས་ཆུ་དང་འོ་མ་བཞིན།། བརྟན་པར་མི་བཞག་པས་ཕྱེད་དང་མའི་ཆུ་བཞིན་དུ།། སེམས་ཡེ་ཤེས་ཡོད་ཀྱང་བག་ཆགས་ཉིད་ཀྱིས་བསླད།། འགྲོ་བ་རྣམས་ལ་ཡེ་ཤེས་སེམས་ཀྱིས་བསླད། ། རྟེན་པའི་བྱང་ཆུབ་འདོད་ན་ཆུ་དང་རྙོག་པ་གཞིན།། རྟོགས་པའི་ཡེ་ཤེས་འདོད་ན་ཆུ་དང་འོ་མ་བཞིན།། སེམས་དང་ཡེ་ཤེས་དབྱེ་བའི་མན་ངག་བསྟན།། ཞེས་ཡེ་ཤེས་དྲིམ་མེད་པའི་རྒྱུད་ལས། ། དུས་གསུམ་གྱི་སངས་རྒྱས་དགོངས་པ་རྒྱུད་པའི་ལེའུ་སྟེ་དང་པོའོ།།།། དེ་ནས་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔས།། འོག་མིན་ལྕང་ལོ་ཅན་གྱི་ཕོ་བྲང་དུ་སེང་གེ་ལྟ་བུའི་སྒྲས་བཤད། ། ཞུས་བ་པོ་རྡོ་རྗེ་འཛིན་པས་གསང་ཆེན་རོལ་པའི་དུར་ཁྲོད་མེ་རི་འབར་བཞེས་བྱ་བ།། ཉིན་ཞིང་དུ་བ་འཐུལ་པ།། མཚན་མོ་མེ་འབར་བ་མ་མོ་དང།། གཤིན་རྗེ་དང།། གནོད་སྦྱིན་མང་པོ་འདུ་བའི་གནས་དེ་ནམ་མཉན་ནོ། ། ཀྱེ་རྡོ་རྗེ་འཛིན་པ་ཉོན་ཅིག། ངས་ཕྱོགས་བཅུའི་དུས་གསུམ་གྱི་བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་ཀློང་བརྟོལ་བ།། ནོར་བུ་དྲི་མ་མེད་པའི་མན་ངག་གི་རྒྱུད་འདི་བསྟན་པར་བྱའོ། ། དེ་ཡང་དང་པོར་ལུང་ལས་འདས་པའི་ཆོས།། གཞིའི་འདུག་ཚུལ་ངོ་བསྟན་པ་དང།། གཉིས་པའི་ལུང་དང་མན་ངག་གིས་ཡིད་ཆེས་པར་བྱེད་པའི་ཆོས།། སྐུ་གསུམ་གྱི་འདུག་ཚུལ་ངོ་བསྟན་པ་དང། ། གསུམ་པས་སངས་རྒྱས་ཀྱི་རྒྱུད་ལྔས་བློའི་ཐེ་ཚོམ་དང་ཤེས་པའི་ཐག་གཅད་པའི་དོན་དུ།། རྒྱུད་ཀྱི་མན་ངག་གི་སྦྱོར་མཚམས་ཀྱི་དོན་བསྟན་པའོ།། ཆོས་ཀྱི་སྐུ་ངོ་སྤྲད་པ་ལ་བཞི་སྟེ།། གཞི་ཤེས་པ་ཆོས་ཀྱི་སྐུ། ། འབྲས་བུ་ལོངས་སྤྱོད་རྫོགས་པའི་སྐུ།། རྫོགས་སྐུ་ངོ་སྤྲད་པ་ལ་བཞི།། སྤྲུལ་སྐུ་ངོ་སྤྲད་པ་ལ་གསུམ།། དེ་ཡི་མན་ངག་ལ་ཡི་གེ་དྲུག། ངོ་མ་ཤེས། ཡིད་མ་ཆེས། ཐག་མ་ཆོད། ངེ་ཤེས། ཡིད་ཆེས། ཐག་ཆཽད། ཡིག་གེ་དྲུག་ལ་སྒྲ་འགྱུར་གཉིས།། དེ་བཞིན་གཤེགས་པའི་ཕྱག་རྒྱ་ཅན།། དེ་ལས་འདས་ན་རྣམ་པར་གྲོལ།། རྒྱུན་ཀློང་དུ་འདས། ལུང་ཀློང་དུ་འདུས། མན་ངག་ཀློང་དུ་འདས་སོ།། རིག་པ་མི་འགེགས། སྣང་བ་མི་སྒྲུབ་སེམས་ཅན་མི་འགེགས། ། སངས་རྒྱས་མི་སྒྲུབ། དུག་ལྔ་མི་འགེགས། ཡེ་ཤེས་མི་སྒྲུབ། འདོད་ཡོན་མི་སྦོང། ཆོས་མི་སྒྲུབ། ཡོད་པ་མི་འགེགས། ཡོད་པ་ལ་མངོན་པར་མ་ཞེ་ན། བྱས་པ་མི་འགེགས། བྱས་པ་ལ་སྐྱོན་དུ་མི་ལྟ། མེད་པ་མི་སྒྲུ། མེད་པ་ལ་ཞེ་འདོད་མི་བསྐྱེད། ངོ་སྤྲད་པ་དང་རྟོགས་པ་ཐོབ་པ་དུས་མཉམ་མོ།། རྟོགས་པ་ཐོབ་པ་དང་ཆོས་བོམ་བ་དུས་མཉམ་མོ།། དབུགས་ཆད་པ་དང་སངས་རྒྱས་པ་དུས་མཉམ་མོ། ། སངས་རྒྱས་པ་དང་ཐུགས་རྗེ་འབྱོང་བ་དུས་མཉམ་མོ།། ཞེས་ནོར་བུ་དྲི་མ་མེད་པའི་རྒྱུད་ལས།། སངས་རྒྱས་ཀྱི་གདམས་པར་བཞག་པའི་ལེའུ་སྟེ་གཉིས་པའོ།།།། དེ་ནས་སྡུད་པ་པོ་རྡོ་རྗེ་ཆོས་ཀྱི་དབུས་འགྱུར་འོད་མའི་ཚ་ལ། ། སངས་རྒྱས་འབྱུང་བའི་བྱང་ཆུབ་ཤིང་དྲུང་དུ་བསྡུ་བ་རྣམ་པ་བཞི་ཞུས་པ།། ཀྱེ་རྡོ་རྗེ་འཛིན་པ་ཆེན་པོ།། བསྡུ་བའི་དངོས་པོ་བཞི་བཤད་དུ་གསོལ།། ཞེས་ཞུས་པས།། རིགས་ཀྱི་བུ་ཉོན་ཅིག། ཡང་དག་པའི་སངས་རྒྱས་ལ། སངས་རྒྱས་དང་སེམས་ཅན་གཉིས་མེད་པས།། སངས་རྒྱས་འབའ་ཞིག་ཏུ་བསྡུའོ།། བྱང་ཆུབ་སེམས་དཔའ་རྣམས་ལ་རྫུ་འཕྲུལ་གྱི་རྐང་པ་བཞི་ལ་སོགས་ཏེ། ། སྟོབས་དང་མི་འཇིགས་པ་དཔག་ཏུ་མེད་པ་ཡོད་ཀྱང།། ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་མ་མཁྱེན་པས།། སེམས་ཅན་གྱི་སྡེར་བསྡུའོ།། སེམས་ཅན་རྣམས་ཀྱི་རྐྱེན་ཁྱད་པར་ཅན་དང་ཕྲད་ན་རྟོགས་པ་སྐད་ཅིག་མ་ལ་སྐྱེ་བའི་ཐབས་ཡོད་པས། ། སངས་རྒྱས་ཀྱི་སྡེར་བསྡུའོ།། དེ་བཞིན་གཤེགས་པའི་བཀའ་དྲི་མ་མེད་པའི་རྒྱུ་འདི་ནི།། སྟོན་པ་རྡོ་རྗེ་འཆང་གིས་བསྟན།། ཞུ་བ་པོ་རྡོ་རྗེ་འཛིན་པས་ཞུས་ཏེ།། བསྡུས་པ་པོ་རྡོ་རྗེ་ཆོས་བསྡུས་པ། ། ཀྱེ་ཀྱེ་རྡོ་རྗེ་འཆང་ཐབས་མཆོག་ཏུ་གྱུར་པ་ལེགས་སོ་ལེགས་སོ།། ཞེས་བསྡུས་པའོ།། ཀྱེ་སྡུད་པ་པོ་རྡོ་རྗེ་ཆོས་ལེགས་པར་ཉོན་ཅིག། འཁོར་བའི་ཆོས་ནི་རྒྱ་ཆད་པ་ཡིན་ནོ།། ཆོས་ཀྱི་སྐུ་བདེ་བ་ཆེན་པོ་ནི་རྒྱ་ཆད་པ་ཡིན་གྱི། ། ཅི་སྟེ་འཁོར་བ་རྒྱ་ཆད་པ་མཐའ་ལ་ཐུག་མེད།། ཆོས་སྐུ་རྒྱ་ཆད་རྟོགས་ན་འགྱུར་བ་མེད།། སངས་རྒྱས་ཡེ་ཤེས་རང་སྣང་རྟོགས་འཛིན་མཐའ་ལས་འདས།། འཁོར་འདས་གཉིས་མེད་སེམས་ཅན་དོན་མི་གཟིགས། ། སེམས་ཅན་ཡུལ་ལས་སྣང་ནས་སངས་རྒྱས་ཟག་བཅས་ཡིན།། བྱང་ཆུབ་སེམས་དཔའ་རྣམས་ནི་ས་ནས་ས་རུ་བགྲོད་པས་རྩོལ་སྦྱོང་དོན་མི་སྤོང།། ས་ནས་ས་རུ་བགྲོད་ཀྱང་ཡེ་ཤེས་རང་སྣང་ཡིན། ། བགྲོད་ཚེ་སྒྲ་དང་ས་གཡོས་འབྱུང།། འགྲོ་བ་རྣམས་ཀྱི་ཡང་དག་སངས་རྒྱས་གཟིགས།། སངས་རྒྱས་མཚན་མའི་ཡུལ་ལས་རང་འདས་ཀྱང།། རང་གི་ཤེས་རབ་བློ་ལ་སྣང་བས་བླ་མའི་ངག། དེ་འགྲོ་བ་རྣམས་ཀྱིས་ཡང་དག་སངས་རྒྱས་གཟིགས། ། ཞེས་བྱའོ།། སྡུད་པ་པོ་རྡོ་རྗེ་ཆོས་གང་ཞིག་རྟོགས་པ་མངོན་དུ་གྱུར་པའི་དུས་སུ།། རང་མངོན་དུ་གྱུར་པ་མཚན་མའི་བློ་ལ་སྣང་ན།། སྣང་བའི་དུས་དེ་ཉིད་དུ་ཟག་པ་དང་བཅས་པའོ། ། མངོན་དུ་གྱུར་པའི་དུས་ན་སྣང་བ་འཛིན་མེད་ན། རང་བྱུང་དབྱིངས་རིག་པའི་ཡེ་ཤེས་བརྡལ་བ་ཅེག་གསུངས་སོ།། ཐུགས་ཀྱི་རྒྱུད་དམ་པ་རིན་པོ་ཆེ་སྦུངས་པའི་རྒྱུད་ཀྱི་སྙིང་པོའི་བཅུད་ཕྱུང་བ། ། བྱང་ཆུབ་ཀྱི་སེམས་ནོར་བུ་དྲི་མེད་པའི་རྒྱུད་རྡོ་རྗེ་སེམས་དཔའ་འཇམ་དཔལ་གསང་བའི་ཐུགས་ཀློང་ནས་ཕྱུང་བ་ལས་ལེའུ་སྟེ་གསུམ་པའོ།།།། རྡོ་རྗེ་འཆང་ཆེན་པོས་ཐབས་མཆོག་ཏུ་གྱུར་པ་ལེགས་སོ་ལེགས་སོ། ། ཞེས་བསྡུས་པའོ།། རྫོགས་སོ།།།། རྒྱ་གར་སྐད་དུ། བཛྲ་ཡོ་གི་ཌཱ་ནི་ས་ནུ་ཀྲོ་ཀྲོ་ཏནྟྲ་ནཱ་མ། བོད་སྐད་དུ། རྡོ་རྗེ་རྣལ་འབྱོར་མའི་རྒྱུད། མཁའ་འགྲོ་མ་འདི་སྐད་ཅེས་བྱ་བ།། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ།། སྟོན་པ་རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ལ། ། འཁོར་རྒྱལ་སྲས་སྤྲུལ་པའི་འཁོར་དང། ཉིད་ལས་མི་ཞན་པའི་འཁོར་དང། དབང་མེད་དད་པས་བསྡུས་པའི་འཁོར་དང་ཐབས་ཅིག་ཏུ་བཞུགས་ཏེ།། འོག་མིན་གྱི་ཞིང་ཁམས་པདྨ་ཅན་དང་བདེ་བ་ཅན་ཞེས་བྱ་བ་ན་གནས་ཏེ། ། དུས་དེར་བྱང་ཆུབ་སེམས་དཔའ་དགའ་རབ་རྡོ་རྗེས།། སྟོན་པ་རྡོ་རྗེ་སེམས་དཔའ་ལགས།། བདག་ཅག་མཁའ་འགྲོ་མ་རྣམ་པ་ལྔ་འཁོར་དང་བཅས་པ་ལ་ཡང་དག་པའི་དོན་ཐིག་ལེའི་དགོངས་པ་བསྟན་དུ་གསོལ། ཞེས་ཞུས་སོ།། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་བཀའ་སྩལ་པ། རྒྱུ་ཡི་བྱང་ཆུབ་སེམས་དཔའ་དཔའ་མོ་རྣམས།། འབྲས་བུ་བྱང་ཆུབ་སེམས་དཔར་ལ་ཟླ་བར་བྱའོ། ། དུས་ནམ་ཞིག་ན་དམ་པའི་ཆོས་ཉི་མ་ཤར་བ་དང་འདྲ་བ་འོང་སྟེ། དེ་ནས་དམ་པའི་ཆོས་ཐམས་ཅད་ནུབ་སྟེ་མི་སྣང་བར་འགྱུར་རོ།། དེའི་དུས་སུ་མུན་སྣང་གི་བསྐལ་བ་བྱ་བ་འབྱུང་ངོ།། དེ་ནས་ངའི་བསྟན་པ་རྒྱ་ཐེབ་ཤཀྱ་ཐུབ་པའི་བསྟན་པ་ནུབ་ཁ་རུ་དམ་པའི་རྒྱུད་དེ་དར་བར་འགྱུར། ། གྱུར་ནས་ཀྱང་འབྱོར་པའི་ལམ་དུ་རེ་སྔོན་སློངས་དུ་འགྱུར་རོ།། ཞེས་རྡོ་རྗེ་སེམས་དཔའ་བཀའ་སྩལ་པ་ལོ།། རྡོ་རྗེ་རྣམ་འབྱོར་མའི་རྒྱུད་ལས། ། གླེང་གཞིའི་ལེའུ་སྟེ་དང་པོའོ།།།། དེ་ནས་རོ་ལངས་བདེ་བས། རྡོ་རྗེ་སེམས་དཔའ་ལ་ཞུས་པ།། ཐོག་མ་འཁྲུལ་པ་ཇི་ལྟར་ལགས།། ཞེས་ཞུས་པས།། བཀའ་སྩལ་པ།། ཐིག་ལེ་ལྷུན་གྲུབ་མི་འགོག་འོད་གསལ་བ། ། གཞི་ལ་འགག་མེད་ལྷུན་གྲུབ་རླུང།། རླུང་གཡོས་རང་སར་འདས་པ་དང།། འཕྲིག་དང་འགུལ་དང་འགྱུ་བ་འབྱུང།། དེ་ནས་མ་ནིང་རླུང་ཞེས་གྲགས།། འདར་འཕྲིག་འཁྲུལ་པ་ཡིད་དུ་གྲགས། ། རང་ཉམས་སྟོང་བ་སྣང་བར་གྲགས།། དེ་ལས་མ་དམིགས་འགྱུར་བ་སྣ་ཚོགས་ཤར།། རང་སྣང་མ་མཐོང་གཞན་སྣང་མཐོང། རླུང་ཆེན་དེ་ལས་ཀྱི་རླུང།། ལྷུན་གྲུབ་ཡི་གེ་ཨ་ལས་བྱུང།། མགོ་དང་དཔུང་པ་ལག་པ་དང། ། རྐང་པ་རྐང་རྟེན་ལྔ་རུ་སྣང།། མཚོན་པ་ཙམ་དུ་བརྫོད་པ་ལས།། ཐིག་ལེ་ཆེན་པོ་ཡི་གེ་མེད།། སྟོང་པ་ཆེན་པོ་ཡི་གེ་ལྔ།། ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག། དོན་ཆེན་ཡི་གེ་དམ་པ་ཡིས།། དེ་ཡི་རྩལ་ལས་ཡི་གེ་ཧ། ། རྩལ་གྱི་ཡེ་གེ་ཞེས་སུ་གྲགས།། དེ་ཡི་གདངས་ལས་ཡི་གེ་མ།། ཐམས་ཅད་སྐྱེད་པར་བྱེད་པའོ།། དེ་ཡི་རོལ་བ་ཡི་གེ་འ།། གཅོད་པར་བྱེད་པ་བྱེད་པ་ཞེས་སུ་གྲགས།། གཅོད་པར་བྱེད་པ་དེ་ཉིད་འགྱུར་བ་མེད་པའི་ཕྱིར། ། མ་ནུ་ཞེས་སུ་རབ་ཏུ་གྲགས།། དེ་ལ་འོད་ལྔ་རབ་ཏུ་འབར།། མ་ནི་འོད་ཟེར་དཀར་པོར་འཕྲོ།། ཨ་ནི་འོད་ཟེར་མཐིང་ཁར་འཕྲོ།། ཧ་ནི་འོད་ཟེར་ལྗང་ཁུར་འཕྲོ།། འ་ནི་འོད་ཟེར་དམར་པོ་འཕྲོ། ། ས་ནི་འོད་ཟེར་སེར་པོར་འཕྲོ།། ཁ་དོག་སྣ་ཚོགས་འབར་བའི་འོད།། གཟི་བརྗིད་ཕུང་པོ་ལྟ་ན་སྡུག།། ཅེས་གསུངས་སོ།། ལྷུན་གྲུབ་རང་ས་བསྟན་པའོ།། རྡོ་རྗེ་མཁའ་འགྲོ་མའི་རྒྱུད་ལས། ། གཞི་བསྟན་པའི་ལེའུ་སྟེ་གཉིས་པའོ།། དེ་ནས་ཡང་གསོལ་པ།། བཅོམ་ལྡན་འདས་རྡོ་རྗེ་དཔའ།། ཐིག་ལེ་འཁྲུལ་པའི་འོད་གསལ་དེ།། མ་ནིང་རླུང་ལ་མ་ཤེས་རྨོངས་པ་སྟེ།། སེམས་ཅན་ཆགས་པ་ཇི་ལྟར་ལགས། ། ཞེས་ཞུས་པས།། ཡང་གསུངས་པ།། ལས་ཤེས་བྱ་བ་སྣ་ཚོགས་བྱེད།། དང་པོ་བསྐྱེད་ལ་ཐ་མར་གྲོལ།། དཔེར་ན་དུག་སྦྲུལ་མདུད་གྲོལ་འདྲ།། སྣང་བ་ཆེན་པོ་གསལ་པ་ཆེ།། འོད་ཀྱི་སྐུ་དང་ཡིད་ཀྱི་ལུས། ། མཉམ་བྱེད་མཚན་དང་དཔེ་བྱད་རྫོགས།། ཐོག་མ་ཡིད་ཀྱི་སྐུ་ཡིན་སྙམ།། བྱེད་དེ་བསྟན་པ་མཉམ་བྱེད་འཛིན།། དེ་ཡང་ཨ་ཡི་ངོ་བོར་གནས།། དེ་ལས་འཕྲོས་པས་འོད་དུ་སྣང།། འོད་ཀྱི་ལུས་ལ་ཡིད་ཀྱི་འཛིན། ། འོད་ཀྱི་གཟུགས་བརྙན་ཞེས་སུ་གྲགས།། དེ་ལས་རྟགས་པས་འོད་ཀྱི་སྐུ།། མཚན་དང་དཔེ་བྱད་རང་ཆས་ལ།། འཛིན་པ་བྲག་ཆའི་སྒྲ་ལྟར་འཁྲུལ།། འདོད་ཡོན་ལྔ་ལ་ལོངས་སྦྱད་པས།། ལྷ་དང་ལྷ་མ་ཡིན་དུ་འཁྲུལ། ། དེ་ལྟར་མ་ཤེས་ཆགས་པར་འཁྲུལ།། ཡི་དྭགས་དག་ཏུ་འཁྲུལ་པའོ།། དེ་ཡང་རང་ངོ་མ་ཤེས་སྡང་བས་ཆགས།། དམྱལ་བ་དག་ཏུ་འཁྲུལ་པའོ།། ད་ལྟ་ང་རྒྱལ་ཆེན་པོ་སྐྱེས།། དེས་ན་མི་རུ་འཁྲུལ་པའོ། ། དེས་ནི་ཆགས་ལྡང་རླུང་ཆེན་བྱུང།། ཆགས་སྡང་ལྔ་ཡང་ཨ་ལས་བྱུང།། བརྗོད་པ་ཀུན་གྱི་རྒྱུ་ཡི་མཆོག། ཅེས་གསུངས་སོ།། རྡོ་རྗེ་རྣལ་འབྱོར་མིའི་རྒྱུད་ལས་འགྲོ་དྲུག་ཏུ་འཁྲུལ་པའི་ལེའུ་སྟེ་གསུམ་པའོ། །།། དེ་ནས་རོལ་ལངས་བདེ་བ་ཡིས།། རྡོ་རྗེ་སེམས་དཔའ་ལ་ཞུས་པ།། ཀུན་ཏུ་བཟང་པའི་རྟོགས་ཚད་དང།། ཁམས་གསུམ་མ་ནུའི་དགོངས་པ་དེ།། གཅིག་གམ་ཐ་དད་ཇི་ལྟར་ལགས།། ཞེས་ཞུས་པས། རྡོ་རྗེ་སེམས་དཔས་བཀའ་རྩལ་པ། ། ཀུན་བཟང་གཞི་ནས་འཁྲུལ་པ་ནི།། བློ་གྲོས་བཟང་སྟེ་གྲོལ་བ་དང།། རྡོ་རྗེ་སེམས་དཔའ་སྒྱུ་མ་ལྔ་མཁྱེན་པ།། ཁམས་གསུམ་མ་ནུའི་འཁྲུལ་པ་གཉིས།། རྒྱུ་ལས་དབྱེར་མེད་ལྕགས་དང་འདྲ། ། རྒྱུ་ལས་དབྱེར་མེད་གསེར་དང་འདྲ།། འབྲས་བུ་ཐ་དད་རང་ཤར་དེ།། ཀུན་ཏུ་བཟང་པོ་རྣམས་གཉིས་ཡིན།། འབྲས་བུ་ཀུན་ཏུ་བཟང་པོ་དེ།། ཡིད་ཀྱི་གཟུགས་བརྙན་སྤྲུལ་སྐུ་ཤེས།། འོད་ཀྱི་གཟུགས་བརྙན་ལོངས་སྐུར་ཤེས། ། མཚན་དང་དཔེ་བྱད་ཆོས་སྐུར་ཤེས།། ཤེས་རིག་ཡུལ་ལས་འདས་པའི།། སྣང་ལ་རང་བཞིན་མེད་པས་ཡུལ་ལས་གྲོལ།། གསལ་ལ་རྟོགས་པ་མེད་པས་ཡིད་ལས་གྲོལ།། མི་སྣང་རང་བཞིན་མེད་པས་ལམ་ལས་གྲོལ། ། དབྱེར་མེད་རང་སར་གྲོལ་བས་ཐ་དད་ངང་དུ་གྲོལ།། ཡེ་ཤེས་སྐུ་སྟེར་རང་བྱུང་བས།། མཚན་མ་རང་སར་གྲོལ་པས་དབྱེ་བ་མེད།། རང་སར་གྲོལ་བ་ཐ་དད་ངང་དུ་གྲོ་ཞེས་དེ་ལ་བྱ། ། རྟོགས་པ་མངོན་དུ་གྱུར་ཞེས་དེ་ལ་བྱ།། འབྲས་བུ་ཀུན་ཏུ་བཟང་པོ་ལ་ངོ་སྤྲད་པའི་ལེའུ་སྟེ་བཞི་པའོ།།།། དེ་ནས་ལོངས་སྐུའི་ངོ་སྤྲད་བསྟན་དུ་གསོལ། ཞེས་ཞུས་པས། ཡང་བཀའ་སྩལ་པ། ། མཚན་དང་དཔེ་བྱད་རྫོགས་པ་ལ།། སྒྱུ་མ་ལྷུན་གྲུབ་ཡུལ་ལ་རོལ།། སྐུ་ནི་སྒྱུ་མ་ལྟ་འོ།། སྣང་ལ་རང་བཞིན་མེད་པའི་སྐུ།། ཀུན་ཏུ་ཞལ་ནི་ཕྱོགས་བཅུར་གཟིགས།། ཡེ་ཤེས་ལུས་ཅན་དེ་བཞིན་གཤེགས། ། གསུང་ནི་བྲག་ཆ་ལྟ་བུའི་གསུང།། ཚངས་པའི་གསུང་འདྲ་སྙན་པར་སྒྲོགས།། ཐུགས་ནི་སྒྱུ་མ་སྤྲུལ་པར་གསལ།། སྒྱུ་མ་རང་གསལ་གཞན་ཡང་གསལ།། ཇི་རྙེད་པ་དང་ཇི་ལྟ་མཁྱེན་པ་ཡིན།། ཤིན་ཏུ་འདུ་བ་རྣམས་པ་ཐམས་ཅད་མཁྱེན་པའོ། ། ཡུལ་ནི་སྣང་ལ་རང་བཞིན་མེད་པ་སྟེ།། ཁ་དོག་སྣ་ཚོགས་འབར་པའི་འོད།། སྒྱུ་མ་ལྟ་བུའི་ཞིང་ཁམས་གསལ།། བཏེག་ན་ཕར་ལ་མནན་ནེམ།། འཁོར་ནི་རང་སྣང་ཆེན་པོ་སྟེ། ། རྡོ་རྗེ་སྐྱིལ་ཀྲུང་རྫོགས་སངས་རྒྱས།། ཤར་ཕྱོགས་ཞལ་ནི་མཐིལ་ཁའི་རྩལ།། རྡོ་རྗེ་སེམས་དཔའ་ལ་སོགས་པ།། ཐམས་ཅད་མ་ལུས་མཐིང་ཁར་སྣང།། ལྷོ་ཕྱོགས་ཞལ་ནི་སེར་པའི་གདངས།། རིན་འབྱུང་ལ་སོགས་སེར་པོར་སྣང། ། ནུབ་ཕྱོགས་ཞལ་ནི་དམར་པོ་སྟེ།། སྣང་བ་མཐའ་ཡས་ལ་སོགས་པ།། ཐམས་ཅད་མ་ལུས་དམར་པོར་སྣང།། བྱང་དུ་ཞལ་ནི་ལྗང་ཁུར་གསལ།། ཀུན་ཏུ་ལྟ་བ་མཆོག་ཏུ་དགའ།། ཀུན་ཀྱང་འོད་ཀྱི་ཕུང་པོར་གནས། ། ཁ་དོག་སྣ་ཚོགས་འབར་བའི་འོད།། ཉི་ལྟར་གསལ་ཞིང་མཁའ་ལྟར་དྭངས།། ཞེས་གསུངས་སོ།། སྐུ་ཡི་འོད་ལ་བཞུགས་ཤིང་གསུང་གི་ཟེར་ལ་འཕྲོ།། ཞེས་གསུངས་སོ།། ལོངས་སྐུའི་ངོ་སྤྲད་པས་ཞིང་ཁམས་རྣམ་པར་དག་པར་རང་གྲོལ་དུ་བསྟན་པའོ། ། མ་བསྒོམས་ཐུག་ཕྲད་ཀྱི་ཞིང་ཁམས།། མ་བསྐྱེད་རང་འཁྲུངས་ཀྱི་སྐུ།། སྐུ་རྒྱན་གྱི་འཁོར་ལོ།། གསུང་རྒྱན་གྱི་འཁོར་ལོ།། ཐུགས་རྒྱན་གྱི་འཁོར་ལོ། ། ངོ་སྤྲད་པའི་ལེའུ་སྟེ་ལྔ་པའོ།།།། དེ་ནས་ཡང་བཀའ་སྩལ་པ།། རྒྱུ་ཡི་ཀུན་ཏུ་བཟང་པོ་དེ་ལ་ངོ་སྤྲད་བསྟན་པ་ནི།། དཔེ་མ་ནོར་བ་དང།། དོན་མ་ནོར་བ་དང།། རྟགས་མ་ནོར་བར་ངོ་སྤྲད་པའོ། ། དཔེ་མ་ནོར་བ་ནི་རྣམ་པ་གསུམ་སྟེ།། ཁྱུང་དང་སེང་གེ་རྣ་བ་ཡི།། རྣལ་འབྱོར་རྒྱུ་ཡི་དཔེ་གསུམ་ཡིན།། ཁྱུང་ཕྲུག་སྒོ་ངའི་ནང་དུ་ནི།། གཤོག་རུ་རྒྱལ་ཏེ་ཕྱིར་མ་འཐོན།། དཔེར་ན་རྣལ་འབྱོར་རྟོགས་ལྡན་དེ། ། འགྱུར་བ་འགྱུར་ཏེ་འགྱུར་བ་མེད།། དཔེར་ན་ཁྱུང་ཕྲུག་ཕྱིར་འཐོན་པས།། སྒོང་ང་བཅག་པས་མ་དང་མཉམ།། འོག་མ་རྣམས་ལ་ཉམ་མི་ང།། འབད་རྩོལ་མེད་པར་མཁའ་ལ་ལྡིང།། མ་དང་མཉམ་སྟེ་དབྱེ་བ་མེད། ། རྣོ་ཞིང་གསོ་ཡི་ཁར་མ་ལུས།། དཔེར་ན་ནོར་བས་དོན་དང་མཇལ།། ཞེས་གསུངས་སོ།། དཔེར་ན་རྟོགས་པའི་རྣལ་འབྱོར་དེ།། རྟགས་མ་ནོར་བ་འདི་ལྟ་སྟེ།། འོག་མའི་ཆོས་རྣམས་དོན་ལ་རྫོགས།། ཡང་དག་མཐའ་སྟེ་ཡི་གེ་མེད། ། མ་རིག་སྒོ་ངའི་སྦུབས་འབྱེད་པ།། རྟོགས་པ་ནང་ནས་རྒྱས་པ་ཡིས།། ཕུང་པོ་བོར་ནས་གཞི་དང་མཇལ།། ཞེས་གསུངས་སོ།། སེང་ཕྲུག་མངལ་ནས་མ་དང་མཉམ།། མཉམ་ཡང་སེང་གེར་མིང་མ་ཐོགས། ། རྟོགས་ལྡན་རིག་པ་ཁོང་ནས་གྲོལ།། གྲོལ་ཡང་མངའ་རྒྱས་མིང་མ་ཐོགས།། མངལ་སྒོར་འཐོན་ནས་སེང་གེར་བཏགས།། གཞི་ལ་སླེབ་པས་སངས་རྒྱས་གྲལ་དུ་ཐོབ།། ཅེས་གསུངས་སོ། ། དཔེན་ན་རྣ་ཕྲུག་མངལ་དུ་གནས།། བྲལ་ལ་ཐར་པའི་སྒྲ་མ་ཞུགས།། ཐར་ཏ་ཐར་ཏེ་ཕྱིན་པ་མེད།། མ་ཡི་མངལ་ནས་འཐོན་པ་དང།། མ་ཡིས་བྲག་ལ་ཕྱིན་པ་དང།། ཐུས་ཀྱང་ཐེ་ཚོམ་མེད་པར་ཐར།། དེས་ན་རྣལ་འབྱོར་ཆེན་པོ་དེ། ། རིག་པ་དོན་གྱི་ཐོ་གྲོལ་བས།། སངས་རྒྱས་སེམས་ཅན་མིང་ཡང་མེད།། རྟོག་པ་ཡོད་དེ་འགྱུར་པ་མེད།། སངས་རྒྱས་སེམས་ཅན་སྤྱི་ས་བ།། འཁོར་བ་མྱང་འདས་སྤྱི་ས་པ།། མངོན་འགྱུར་ལྷུན་གྲུབ་སྤྱི་ས་བ། ། དེ་ཡི་མིང་ནི་མ་ནིང་ཡིན།། རླུང་གི་མིང་ནི་མ་ནིང་རླུང།། སྣང་བ་མ་ནིང་འཛིན་པ་མ་ནིང་ཡིན།། སྣང་བ་མ་ནིང་འཛིན་པ་སྤྱི་ས་བ།། དགོངས་པ་སང་རྒྱས་ས་མ་སླེབ།། ལྟར་སྣང་ཕུང་པོ་ན་ཚ་ཡོད། ། ཐུགས་ཀྱི་རྩལ་གྱི་བདེ་སྡུག་འབྱུང།། གོ་བའི་ཡུལ་ན་བདེ་བ་ཆེ།། འདི་ཉིད་འཇིག་རྟེན་རྣམ་དག་ཡིན།། གྲོལ་ན་གྲོལ་བའི་ལམ་ཡང་སྟོན།། ཞེས་གསུངས་སོ།། རྡོ་རྗེ་མཁའ་འགྲོ་མའི་རྒྱུད་ལས།། རྒྱུའི་ཀུན་ཏུ་བཟང་པོ་ལ་ངོ་སྤྲད་པའི་ལེའུ་སྟེ་དྲུག་པའོ། །།། དེ་ནས་ཡང་རྡོ་རྗེ་སེམས་དཔས།། རིག་པ་ཁོང་གྲོལ་གྱི་དགོངས་པ་དང།། རིག་པ་གཞི་ཐོག་ཏུ་གྲོལ་བའི་དགོངས་པ་བསྟན་པ་ནི།། རིག་པ་ཁོང་དུ་གྲོལ་བའི་དགོངས་པ་བསྟན་པ་ནི། ། ད་ལྟར་རང་རིག་རང་གསལ་འདི།། ངོ་མ་ཤེས་པས་སངས་རྒྱས་དགྲར་ལངས།། རིག་པ་བདུད་དུ་བབས་ཏེ་རང་གསལ་ཞེ་སྔང།། དེ་ལ་ཆགས་པས་འདོད་ཆགས་གཉིས་མེད་དེ། ། ལས་གཉིས་སུ་སྣང་བས་གཏི་མུག། དེ་ལ་ངར་བཟུང་བས་ང་རྒྱལ།། ང་དེ་ལ་འགྱུར་པས་ཕྲག་དོག། དེས་སངས་རྒྱས་དགྲར་ལངས།། རིག་པ་བདུད་དུ་བབས།། ཆོས་སྐུ་རྒྱབ་ལོག་བྱས།། སྤྲུལ་སྐུས་བསླུས། ། ལོངས་སྐུར་གོལ་སར་ཆུད།། ཨེ་མ་ཧོ་སེམས་ཅན་སྙིང་རེ་རྗེ།། དེ་ནི་རིག་པ་ཁོང་གསལ་དུ་གྲོལ།། རང་གསལ་མ་བཅོས་ཆོས་ཀྱི་སྐུ།། རང་ཤར་དེ་ནི་ལོངས་སྤྱོད་སྐུ།། རང་གྲོལ་དེ་ནི་སྤྲུལ་སྐུ་ལ།། འདུ་འབྲལ་མེད་པས་ཐིག་ལེའོ། ། རིག་པ་རང་གསལ་ལྟ་བའི་མཆོག། རང་ཤར་གནད་དུ་གྲོལ་ན་སྒོམ་པའི་མཆོག། ཅིར་སྣང་རང་བྱུང་ཤེས་པས་སྦྱོད་པའི་མཆོག། རྒྱུན་ཆད་མེད་པ་འབྲས་བུའི་མཆོག། ཤུགས་འབྱུང་རང་ཤར་ཤེས་པས་རིག་པ་ཁོང་དུ་གྲོལ། ། ཞེས་མཁའ་འགྲོ་མའི་རྒྱུད་ལས།། རིག་པ་ཁོང་གྲོལ་དུ་བསྟན་པའི་ལེའུ་སྟེ་བདུན་པའོ།།།། དེ་ནས་ཡང་རིག་པ་གཞི་ཐོག་ཏུ་གྲོལ་བ་ནི།། ལུས་ཀྱི་མཐའ་དང་བྲལ་ཏེ་སྔོན་དུ་གྱུར་པའི་དུས། ། རྣམ་འབྱོར་རབ་ནི་རྣམ་གསུམ་སྟེ།། ཕུང་པོ་ལྷག་མ་མེད་པ་རུ།། སྒྲ་དང་ཆས་ཏེ་སངས་རྒྱས་སོ།། འབྲིང་ནི་འདི་རུ་གྲོལ་བ་སྟེ།། དབུགས་ཆད་པ་ཡིས་གྲོལ་པའོ།། ཐ་མ་བར་དོར་ཞག་གསུམ་གནས། ། ཆོས་ལས་འདས་ནས་གྲོལ་པའོ།། འབྲིང་ནི་རྣམ་པ་གསུམ་ཡིན་ཏེ།། རབ་ནི་རྒྱས་གདབ་རྣམ་གསུམ་སྟེ།། ཆོས་ཉིད་བར་དོར་གྲོལ་བའོ།། འབྲིང་ནི་སྲིད་པའི་འཁོར་ལོ་ལ།། སྣང་བ་འཁོར་ལོར་གྲོལ་བའོ། ། ཐ་མ་འོད་གསལ་འཁོར་ལོ་ལ།། རང་དབང་མེད་པར་གྲོལ་པའོ།། ཐ་མའི་རབ་ནི་སྣང་བ་ཆེན་པོ་ལ།། འོད་གསལ་མཐོང་ནས་གྲོལ་བའོ།། འབྲིང་ནི་འོད་གསལ་འཁོར་ལོ་ལ།། རང་དབང་མེད་པར་སངས་རྒྱས་པའོ། ། ཐ་མ་ཚེ་གཅིག་སུམ་ཅུ་རྩ་ལྔ་ལ།། རིག་པ་རང་གྲོལ་རང་རྡོལ་བས།། དེ་ཉིད་དུ་ནི་གྲོལ་བར་འགྱུར།། ཞེས་གསུངས་སོ།། རྡོ་རྗེ་མཁའ་འགྲོ་མའི་རྒྱུད་ལས།། རིག་པ་གཞི་ཐོག་ཏུ་གྲོལ་བའི་ལེའུ་སྟེ་བརྒྱད་པའོ། །།། དེ་ནས་རྡོ་རྗེ་སེམས་དཔས་བཀའ་སྩལ་པ།། སངས་རྒྱས་པ་ཡི་འབྲས་བུ་ནི།། ཉི་མའི་སྙིང་པོ་ལྟ་བུར་གནས།། ཟེར་ལ་སྤྲུལ་སྐུ་འགག་མེད་འབྱུང།། འོད་ལ་ལོངས་སྐུ་འགག་མེད་བྱུང།། དེ་བཞིན་ཐིག་ལེ་ཉག་གཅིག་དེ། ། གདངས་གསལ་ལོངས་སྐུར་གསལ་བའོ།། འོད་ལ་འདུ་འབྲལ་མེད་པར་རྩལ།། སྤྲུལ་སྐུ་ཟམ་མ་ཆད་པར་འགྱུར།། གཉིས་མེད་འདུ་འབྲལ་མེད་པ་ལས།། ཆོས་སྐུ་རྒྱུན་ཆད་མེད་པར་འགྱུར། ། ཐིག་ལེ་འདུ་འབྲལ་མེད་པ་ལས།། ཁམས་གསུམ་མ་ལུས་འཁྲུལ་པར་བཟུང།། ཨེ་མ་སེམས་ཅན་ལས་དང་བག་ཆགས་དང།། བདེ་གཤེགས་སྐུ་དང་ཡེ་ཤེས་མཉམ།། རྟོགས་པའི་རྣལ་འབྱོར་རྩལ་དུ་སྣང། ། ཐིག་ལེ་ཉག་གཅིག་རང་སྣང་བ།། ཐུགས་རྗེའི་འོད་ཟེར་སྐུ་རུ་སྣང།། ཞེས་གསུངས་སོ།། རྡོ་རྗེ་མཁའ་འགྲོ་མའི་རྒྱུད་ལས།། སའི་འབྲས་བུ་བྱུང་ཚུལ་བསྟན་པའི་ལེའུ་སྟེ་དགུ་པའོ།། དེ་ནས་རྗེ་བཙུན་རྣལ་འབྱོར་མས། ། རོ་ལངས་བདེ་བ་དང།། བྱང་ཆུབ་སེམས་དཔའ་བསམ་གྱིས་མི་ཁྱཔ་པ་དང།། ཐབས་གཅིག་པའི་བྱང་ཆུབ་སེམས་དཔའ་དང།། ཐམས་ཅད་དང་ལྡན་པའི་འཁོར་དེ་དག་ལ།། ཐིག་ལེའི་བརྟ་རྒྱུད་ཀྱི་ལེའུ་འདི་གསུངས་སོ། ། ཐོད་པ་ཚལ་གསུམ་འཕྲེང་བ་ལ།། རུ་ཏྲ་ཕོ་མའི་དབྱུག་པ་བཙུགས།། ཞག་གི་ཟོར་རིས་ཐིག་ལེར་བྲིས།། འཁོར་ལོ་འབར་བའི་རང་ནན་ཅན།། རལ་གྲེ+ི་ལྟ་བུའི་རྒྱན་ཆ་བཏགས།། ཁ་ཊྭཱཾ་ག་ཡིས་མཚོན་པར་བྱ། ། ཤིང་ལོ་སྐམ་པོས་ནམ་མཁའ་གཡོགས།། དུང་གིས་སེམས་ཅན་སྒྲོལ་བར་བྱེད།། ཉ་ཡིས་རྒྱ་མཚོ་ལམ་དུ་གཅོད།། མེ་ལོང་སྣང་སྲིད་གསལ་བར་བྱེད།། གདུགས་ཀྱིས་མེ་ཏོག་གསལ་བའོ། ། བུམ་པས་སེམས་ཅན་སྐོམ་པ་སེལ།། འཁོར་ལོས་ཐུགས་ཀྱི་དཔལ་བེའུ་གཅོད།། རྒྱལ་མཚན་གྱིས་ནི་བརྡ་སྟོན་ནོ།། བ་དན་གྱིས་ནི་སྐྱེལ་བར་བྱེད།། ཅེས་གསུངས་སོ།། རྡོ་རྗེ་མཁའ་འགྲོ་མའི་རྒྱུད་ལས། ། བརྟ་བསྟན་པའི་ལེའུ་སྟེ་བཅུ་པའོ།།།། དེ་ནས་བྱང་ཆུབ་སེམས་དཔའ་རབ་རྡོ་རྗེས་མཁའ་འགྲོ་མ་རྣམས་ལ།། ངའི་རྒྱུ་འདི་ཐམས་ཅད་གསལ་བའི་རྒྱུད་དུ་ཟུང།། སྣང་བ་ཟང་ཐལ་འཛིན་པ་བྱང་ཆུབ་སེམས་དཔའི་དགོངས་པ་སྟོན། ། དགོངས་པ་འདུས་པའི་རྒྱུད་དུ་བཟུང།། བར་དོའི་གདམས་ངག་སྟོན་པ་ལ།། འདའ་ཀ་འཆི་བྲོད་རྒྱུད་དུ་བཟུང།། སྣང་བ་ཟང་ཐལ།། འཛིན་པ་རང་གྲོལ། ། སེམས་རང་གྲོལ་ཡེ་ཤེས་རང་འབར།། སྐུ་གསུམ་ཐུག་ཕྲད།། ཡེ་ཤེས་རང་སྣང།། མངལ་ཁ་རྒྱས་འདེབས།། འཁོར་བ་དོང་སྤྲུགས།། སྲིད་གསུམ་རྣམ་དག། ཁམས་གསུམ་ཡོངས་སྒྲོལ་གྱི་རྒྱུད་གསུངས་པས། ། རྡོ་རྗེ་མཁའ་འགྲོ་མ་རྣམས་རྗེས་སུ་ཡི་རངས་སོ།། རྫོགས་སོ།། རྒྱ་གར་སྐད་དུ།། ཀཱ་ཡ་ཏྲི་དེ་ཀལྦ་པྲ་བྷ་ཏནྟ།། བོད་སྐད་དུ།། སྐུ་གསུམ་ཇ་ལོག་བསྐལ་པ་འོད་ལྡན་གྱི་རྒྱུད།། བཅོམ་ལྡན་འདས་རང་སྣང་དག་བའི་རྒྱལ་པོ་ལ་ཕྱག་འཚལ་ལོ། ། འདི་སྐད་བདག་གིས་བཤད་པའི་དུས་གཅིག་ན།། མཁའ་འགྲོ་ཉེ་བར་ཞི་བ་དང།། གསང་བའི་བདག་པོ་དང།། ཕྱག་ན་རྡོ་རྗེ་ལ་སོགས་རྣམས་ཀྱིས་བསྐོར་རོ། ། རང་སྣང་རྣམ་དག་པདྨ་བརྩེགས་པའི་གདན་ལ་ཞུགས་ཏེ།། སྣང་བ་ཐམས་ཅད་ཀྱང་རྣམ་དག་རང་སྣང་གི་མཁའ།། ནམ་མཁའ་ལྟ་བུ་རྒྱ་ཡོངས་ཆད་པ།། ཕྱི་ནང་མེད་བའི་གནས་ཆེན་པོ་པདྨ་བརྡལ་བའི་གཞལ་ཡས་ཁང་ཞེས་བྱ་བ་ན་ཞུགས་སོ། ། དེའི་ཚེ་དེའི་དུས་ན།། གཟིགས་སྣང་རྣམ་དག་གི་ཚལ་ཅེས་བྱའོ།། དེ་ནས་གསང་བའི་བདག་པོས།། བཅོམ་ལྡན་འདས་ལ་ཞུས་པ།། སྐུ་གསུམ་ཇ་ལོག་བསྐལ་པ་འོད་ལྡན་གྱི་རྒྱུ་བཤད་དུ་གསོལ། ། ཞེས་ཞུས་པས།། ཉིད་ཀྱིས་ཞུས་པ་ལེགས་སོ་ལེགས་སོ།། ཉོན་ཅིག་ངས་བཤད་དོ།། སྐུ་གསུམ་ཇ་ལོག་བསྟན་པ་དང།། ལྟ་སྒོམ་ཇ་ལོག་བསྟན་པ་དང། ཐོག་པ་ཇ་ལོག་བསྟན་པ་དང། ། ལུས་སེམས་ཇ་ལོགས་བསྟན་པ་ཐུགས་རྗེའི་བྱིན་རླབས་ཇ་ལོག་བསྟན་པར་བྱ།། ཞེས་གསུངས་སོ།། བསྐལ་པ་འོད་ལྡན་གྱི་རྒྱུད་ལས།། གླེང་གཞའི་རྩ་བའི་ལེའུ་སྟེ་དང་པོའོ།།།། དེ་ནས་སྐུ་གསུམ་ཇ་ལོག་བསྟན་པ་ཐུགས་ཞེས་གསུངས་སོ། ། སྟོན་པས་བཀའ་སྩལ་པ།། སེམས་ལ་རྟེན་པའི་སྐུ་གསུམ་དང།། ཆོས་ལ་རྟེན་པའི་སྐུ་གསུམ་དང།། རིག་པའི་ཡེ་ཤེས་སྐུ་གསུམ་མོ།། དེ་ལ་སེམས་ལ་རྟེན་པའི་ཆོས་སྐུ་ནི། ། བརྗོད་པ་དང་བྲལ་བ་ཡིས།། ངོ་བོ་ནམ་མཁའ་ལྟ་བུའོ།། ལོངས་སྐུ་འཇའ་ཚོན་ལྟ་བུ་ལ།། ངོ་བོ་རྣམ་པར་སྣང་མཛད་དོ།། སྤྲུལ་པའི་སྐུ་ནི་དེས་མེད་ལ།། ངོ་བོ་ཐུགས་པ་དྲུག་ཏུ་འདོད།། སྐུ་གསུམ་འདུ་འབྲལ་མེད་པ་ལ། ། སེམས་ཀྱི་གསུམ་པོ་རྒྱ་ཆད་པས།། ཕྱོགས་སུ་ལྷུང་བའི་གོལ་ས་ཡིན།། ཞེས་གསུངས་སོ།། བསྐལ་པ་འོད་ལྡན་གྱི་རྒྱུད་ལས།། སེམས་ཀྱི་སྐུ་གསུམ་འབྲེལ་བ་མེད་པའི་ལེའུ་སྟེ་གཉིས་པའོ། །།། ཡང་བཀའ་སྩལ་པའོ།།།། ཆོས་ཀྱི་གསུམ་འབྲལ་མེད་གསུམ་པོ་ཇ་ལོག་དགོས་ཏེ།། དེ་ཡང་ནམ་མཁའ་ལྟ་བུ་དག་ལ་ཇ་ལོག་པས།། ལྟ་བ་རང་བཞིན་མེད་དོ་ན།། སྐྱེ་འགག་མེད་ཅིང་དབྲི་བཀོལ་མེད། ། མཐའ་དང་དབུས་མེད་ཡེངས་པ་དེ།། དེ་ནི་ཆོས་ཀྱི་སྐུ་རུ་འདོད།། དེ་ནས་ཐབས་དང་ཤེས་རབ་ཀྱིས།། ཉམས་སུ་བླང་བའི་སྒོམ་སྣང་དེ།། རྣམ་སྣང་ཇ་ལོག་དག་ཏུ་འདོད། ། གཏན་ལ་འབེབས་པའི་ཤེས་རིག་དེ།། ངོ་བོ་ཐུབ་དྲུག་ཇ་ལོག་ཡིན།། གཉན་པོ་རྟག་པའི་ཆོས་ཡིན་པས།། དེ་ཡང་ཡིད་སྨོན་བློ་ཆོས་ཡིན།། ཡུལ་དང་ཡུལ་ཅན་ཡིན་པའི་ཕྱིར།། ཇི་ལྟར་སྦྱད་ཀྱང་འདུས་པར་འགྱུར། ། ཞེས་གསུངས་སོ།། བསྐལ་པ་འོད་ལྡན་གྱི་རྒྱུད་ལས།། ཆོས་ལས་བྱས་པའི་སྐུ་གསུམ་ཡིད་སྨོན་འདུས་བྱས་སུ་བསྟན་པའི་ལེའུ་སྟེ་གསུམ་པའོ།།།། དེ་ནས་བཀའ་སྩལ་པ།། འདུས་བྱས་འདུས་མ་བྱས་སུ་ཇ་ལོག་སྟེ། ། རིག་པའི་ངོ་བོ་ཆོས་གསུམ་ལ།། རྒྱུ་རྐྱེན་ཀ་ནས་མ་གྲུབ་བས།། ཆོས་སྐུ་ཇ་ལོག་ཆེན་པོ་ཡིན།། རིག་པའི་ཐིག་ལེ་ཆོས་མིན་སྐུ།། འགག་པ་མེད་པར་རང་ཤར་བས།། སྤྲུལ་སྐུ་ཇ་ལོག་ཆེན་པོ་ཡིན།། རིག་པ་ཐིག་ལེ་ཆོས་མིན་སྐུ། ། བསམ་ངོའི་ཡུལ་ལས་འདས་བས་གདངས།། རང་སྣང་གྲོལ་བའི་མེ་ལོང་འདི།། ལོངས་སྐུ་ཇ་ལོག་ཆེན་པོ་ཡིན།། ཅེས་གསུངས་སོ།། བསྐལ་པ་འོད་ལྡན་གྱི་རྒྱུད་ལས།། རིག་པའི་སྐུ་གསུམ་འདུས་མ་བྱས་སུ་ངོ་སྤྲད་པའི་ལེའུ་སྟེ་བཞི་པའོ། །།། དེ་ནས་ཡང་བཀའ་སྩལ་པ།། ལམ་པའི་སྐུ་གསུམ་བསྟན་པ་ཡི།། རང་གྲོལ་སྐུ་གསུམ་ཇ་ལོག་ནི།། སྣང་བ་མི་འགག་ལོངས་སྐུར་ཤར།། འཛིན་པ་མི་འགག་སྤྲུལ་སྐུར་ཤར།

CLOSE WINDOW