Wylie |
རྒྱ་གར་སྐད་དུ།། བཛྲ་ཀཱི་ལ་ཡ་གུ་ཧྱ་མནྟྲ་ཏནྟྲ་སརྦ་བྷུ་ཏ་བྷི་ན། བོད་སྐད་དུ། རྡོ་རྗེ་ཕུར་པ་གསང་བའི་སྔགས་རྒྱུད་འབྱུང་པོ་ཀུན་འདུལ། བཅོམ་ལྡན་འདས་དཔལ་རྡོ་རྗེ་གཞོན་ནུ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་ཞེ་སྡང་རྡོ་རྗེ་ཟག་པ་མེད་པའི་ཏིང་ངེ་འཛིན་ལས་བཞེངས་ནས། འཇིག་རྟེན་གྱི་ཁམས་ཀྱི་འོག་མིན་སུམ་ཅུ་རྩ་གསུམ་དུ་འབར་བའི་གཏུན་ཁུང་རྡོ་རྗེ་ཐོ་བ་རོལ་པའི་གཞལ་ཡས་ཁང་མངོན་པར་སྤྲུལ་ཏེ། ། འབྱུང་པོ་ཐམས་ཅད་ཟིལ་གྱིས་གནོན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས།། ཞལ་གསུམ་ལས། ཨོཾ་བཛྲ་ཀཱི་ལི་ཀཱི་ཡ་སརྦ་བིགྷྣཱཾ་བཾ་ཧཱུཾ་ཕཊ། ཞེས་བྱ་བ་བསྒྲགས་པ་ལས། འཇིག་རྟེན་གྱི་ཁམས་འདོད་པ་ཁམས་གསུམ་གྱི་གནས་རིས་སུ། འུར་འུར་དང།། མེར་མེར་དང། ཤིག་ཤིག་དང།། ཐོར་ཐོར་དུ་གྱུར་ཏོ། ཐུགས་ཀ་ནས་ཧཱུཾ་ཧཱུཾ་ཧཱུཾ། ཞེས་སྤྲོས་ཤིང་ཞལ་ནས་དྲག་པོའི་སྔགས་བརྗོད་པས། ཕྱོགས་བཅུ་ཕྱོགས་སྐྱོང་གི་གདན་ལ། འབར་བ་རོལ་པའི་ཁྲོ་བོ་ཆེན་པོ་བཅུ་གཤེགས་ཏེ་རྣམ་པར་གཏམས་སོ།། ཉིད་ཀྱི་སྙིང་པོ་བརྗོད་པས་སྤྲུལ་པ་དང་ཡང་སྤྲུལ་དང། སུམ་སྤྲུལ་བསམ་གྱིས་མི་ཁྱབ་པ་འཇིག་རྟེན་གྱི་ཁམས་ཁེངས་པར་སྤྲུལ་ཏེ། འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱང་ཁྲོ་མོ་འབར་བའི་གཏུན་ཁུང་སྲིད་པའི་ཁྱམས་ཁང་བང་རིམ་གསུམ་དང་ལྡན་པར་སྤྲུལ་ཏེ། ། འདི་ལྟར་གྱི་སྣང་བ་འདི་ཆགས་ས།། དེའི་ཚེ་དེ་མ་ཐག་རཱུ་ཏྲའི་སྡེ་དང་དམ་ལོག་དང། དམ་སྲི་ལ་སོགས་པ་ཁྱམས་ཁང་དུ་ཚུད་དེ། འབྲོས་བཞིན་དུ་ཐར་པའི་གནས་མེད་པར་ཐམས་ཅད་ཀྱང་ངུ་འབོད་ཆེན་པོའི་གནས་སུ་ལྷུང་སྟེ་གནས་སོ། ། རྡོ་རྗེ་ཁྲོ་བོ་ཆེན་པོ་རྣམས་ཀྱང་སྤྲུལ་པ་དང་ཡང་སྤྲུལ་སུམ་སྤྲུལ་དུ་བཅས་ཏེ། ཀུན་ནས་འཁྲིགས་པ་ལས་ཤིན་ཏུ་ཤའི་ཕུང་པོ་ལ་སྦྲང་བུ་ལྡིང་ཞིང་འདུ་བ་ལྟར་གནས་པར་བྱས་སོ།། དེ་ལྟར་ཆོ་འཕྲུལ་ཆེན་པོ་ཀུན་ནས་འཁྲུགས་པ་ལས་དེ་མ་ཐག་པར་ཀརྨ་ཧེ་རུ་ཀ་རྡོ་རྗེ་ལས་ཞེས་བྱ་བ། རང་གི་གནས་འཁོར་གྱི་ནང། ཕོ་བྲང་ནས་བཞེངས་ཏེ། ཞེ་སྡང་རྡོ་རྗེའི་དྲུང་དུ་འདུག་ནས་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་འཇིགས་བྱེད་ཆེན་པོ། འདོད་པའི་ཁམས་འདི་ལྟ་བུའི་ཆོ་འཕྲུལ་སྟོན་པ་ཅིའི་རྒྱུ། ཅིའི་རྐྱེན་ལགས། ཞེ་སྡང་གི་བདག་པོས་བཀའ་སྩལ་ཅིག་ཅེས་གསོལ་ཏོ། བཅོམ་ལྡན་འདས་འཇིགས་བྱེད་ཆེན་པོས་བཀའ་སྩལ་པ། སེམས་དཔའ་ཆེན་པོ་རྡོ་རྗེ་ལས། མ་འོངས་པ་རྣམས་ལ་དོན་ཡོད་པར་བྱ་བའི་ཕྱིར། འདི་ལྟར་ཆོ་འཕྲུལ་སྣང་བར་བྱས་ཏེ། འདྲི་བའི་དུས་ལ་བབ་པས་དྲིས་ཤིག། དྲིས་པ་ལེགས་སོ། ། འཇིག་རྟེན་གྱི་ཁམས་འདིར་གང་དགེ་བ་སྲོག་དང་འདྲ་བ་ལ་བར་དུ་གཅོད་ཅིང། དཀར་པོའི་ལས་རྣམ་པར་འགེགས་པར་བྱེད་པ་ཚར་གཅད་པའི་ཕྱིར། འཇིག་རྟེན་དུ་ཆོ་འཕྲུལ་བསྟན་པའོ།། སེམས་དཔའ་ཆེན་པོ་དམ་ལོག་དང། དམ་སྲི་དང། རཱུ་ཏྲའི་སྡེ་ཚར་གཅད་པའི་ཕྱིར་ཕུར་པ་གཏུན་ཁུང་རྡོ་རྗེ་ཐོ་བོའི་རྒྱུད་ཅེས་བྱ་བ། འབར་བའི་ཁྲོ་བོའི་རོལ་པའི་ལས་འདི་བཤད་པར་བྱ་སྟེ། དོན་ཡོད་པར་འགྱུར་བའི་ཕྱིར་གུས་པར་གྱིས་ལ་ཡིད་ལ་ཟུང་ཞིག། ཅེས་བཀའ་སྩལ་ཏོ།། རྡོ་རྗེ་ཕུར་པ་གསང་བའི་སྔགས་རྒྱུད་ལས་གླེང་གཞིའི་ལེའུ་སྟེ་དང་པོའོ།།།། དེ་ནས་སེམས་དཔའ་ཆེན་པོ་རྡོ་རྗེ་ལས་ཀྱིས་གསོལ་པ། ཀྱེ་བཅོམ་ལྡན་འདས། དམ་ལོག་དམ་སྲི་རཱུ་ཏྲའི་སྡེ།། ཁུངས་ཀྱི་རྩད་ནི་ཇི་ལྟར་གཅད།། སྒྲུབ་ལ་བར་ཆོད་ཇི་ལྟར་བསྒྲལ།། ཁྲོ་བོའི་སྔགས་དང་དཀྱིལ་འཁོར་གང།། གདུག་པ་བསྒྲལ་ཞིང་མནན་པའི་ལས།། འཇིགས་བྱེད་རོལ་པས་བསྟན་དུ་གསོལ། ། ཅེས་གསོལ་ཏེ་གུས་པས་འདུན་ནོ།། དེ་ནས་འཇིགས་བྱེད་ཆེན་པོ་ཞེ་སྡང་རྡོ་རྗེས་བཀའ་སྩལ་པ།། ང་སྔོན་དྲན་པ་ཐོག་མའི་ཚེ།། བསྐལ་པ་འབུམ་ཕྲག་འབུམ་སྔོན་དུ།། སངས་རྒྱས་འཇིག་རྟེན་སྒྲོན་མའི་དུས། ། དགེ་སློང་ཐུབ་པར་དཀའ་བ་ལ།། ནག་པོ་ཐར་བས་གསང་དོན་ཞུས།། དེ་ཚེ་རྐུན་པོ་རྐུན་མོ་ནི།། མིང་སྲིང་གཉིས་ཀྱིས་ཕ་གཉན་བྱས།། རང་གི་སྒྲར་ཞུགས་ལོག་པར་བསྒྲུབས། ། གཞན་ལ་ཚུལ་བརྗོད་ལོག་པར་སྨྲས།། དེ་ནས་ནག་པོ་རང་བག་པ།། དམ་ཚིག་ཉམས་པའི་སྒོར་ཞུགས་ནས།། གངས་ཀྱི་ཞུན་ཆུ་ཁོལ་མ་འཐུངས།། སྐྱེ་བ་དེ་འཕོས་སྡུག་བསྔལ་མྱོང།། ཐུབ་པ་ཆེན་པོའི་ཞིང་ཁམས་སུ། ། ལས་ཀྱི་དབང་གིས་འདོད་ཁམས་སྐྱེས།། རང་ཐག་རུ་དྲར་ནར་སོན་ཚེ།། མོས་པ་བྱས་ཤིང་འཁོར་དུ་འདུན།། རཱུ་ཏྲའི་སྐལ་པ་མ་མཆིས་ཏེ།། སྐལ་ངན་ཞིང་པས་སས་ཀྱང་དཔྱང་ཐག་ཆད།། འདི་དག་དྲང་བའི་སྐལ་བ་མེད། ། རྟག་ཏུ་འཁོར་འགྱུར་རྟག་ཏུ་གཞོམ།། འདི་དག་ལང་ཀའི་གྲོང་གདལ་དུ།། སྲིན་པོ་ལང་ཀ་མགྲིན་བཅུའི་བུ།། དུང་བུ་མགྲིན་དང་ཁ་འབར་མ།། ཞེ་སྡང་མ་རུངས་རགས་པ་ཅན། ། སྔོན་གྱི་ལས་ཀྱིས་མཚམས་སྦྱར་སྐྱེས།། བོང་བུ་ལྟ་བུའི་རྣ་བ་ཅན།། མི་ཡི་ཐོད་ཕོར་ལག་ན་ཐོགས།། སྤྲེའུ་པགས་པ་གོས་སུ་གྱོན།། ཁ་ནས་དུད་པ་སྔོ་དམར་ཕྱུང།། བུ་ཆུང་རྐུན་བུར་རྐུ་ཞིང་ཟ།། དུད་འགྲོ་ར་བརྐུས་ར་ཤ་ཟ། ། ར་ལྤགས་ར་མགོ་བྲུངས་སུ་འཚེར།། སྦྱོར་ཏེ་སྲིན་མོ་བྲག་ཕུག་སྡོད།། ལུས་དང་མཉམ་པའི་རལ་པ་ལ།། མགོ་གསུམ་སྤྲུལ་ཞིང་རོ་དག་སྤེད།། བུ་ཆུང་ཕྱི་བ་ཉ་ཡི་མགོ། ཕྲེང་བ་གྲང་ཞིང་རླུང་ནག་དང། ། ཁ་ནས་མེ་འཕྲོ་ཆུ་གཞུང་ཞོན།། སྲོག་ཆགས་ཕྲ་མོ་ཀུན་གསོད་ཅིང།། སྲོག་དང་དབུགས་ཀྱིས་འཚོ་བ་བྱེད།། སྔགས་ཀྱི་ནུས་པ་ལོག་པའི་མཐུས།། ལས་ཀྱི་སྲིན་པོའི་རིགས་སུ་གྲུབ།། གཤོག་པར་ལྡན་ཞིང་སོ་རྣོ་བ། ། སྡེར་མོར་ལྡན་ཞིང་མི་ཕྱུགས་རྐུ།། གསང་སྔགས་དམ་ལས་གཏན་ལོག་པ།། དམ་པའི་སྲི་ཅན་བྱེད་པའི་དགྲར།། སྨོ་ལམ་ལྡན་ཞིང་སྔགས་ཚུལ་སྤྱོད།། མིང་ཡང་འབྲོག་ཏེའུ་ནག་པོ་དང།། ནག་མོ་བྱ་ཡི་མགོ་ཅན་གྲགས། ། དེ་དག་བུ་ཚ་མིང་སྲིང་དྲུག། མི་ཕྱུགས་ཕྲ་མོ་ཀུན་ཡང་རྐུ།། དགེ་བའི་རྣ་ཉན་བར་ཆད་བྱེད།། སྲོག་ཆགས་ཟ་བྱེད་དགེ་སྦྱོང་བརྫུ།། མིང་ཡང་སྐོར་བེར་འབལ་ཏེའུ་འདྲེ་བྱུང་དཀར་པོ་བེག་འབའ་ཏེའུ་འདྲེ། ། ས་སྲིན་ཀླུ་སྲིན་དམ་སྲིར་གྲགས།། ཤོ?་གམ་ཡམས་ཀྱང་སྲིན་པོའི་ཡུལ་ཁམས་གནས།། འདོད་ཁམས་སྲིད་པ་ཐམས་ཅད་ཉུལ།། འཇིག་རྟེན་ཁམས་ཀུན་ཁྱབ་པར་འཚེ།། ཐོད་ཕྲེང་ཅན་དང་བཞིན་མི་སྡུག། བདུད་ཕོ་བདུད་མོའི་བུ་ཚ་ནི།། མིང་སྲིང་བཅུ་གཅིག་སྡེ་ཆེན་བཅས།། དེ་དག་སྤྲུལ་པ་བསམ་ཡས་པ།། འགོང་པོ་སྲོག་བདག་མངགས་པའི་ཕྱོགས།། སྤུན་དགུ་འགོང་པོའི་ཕྱོགས་སུ་བསྡུ།། འགོང་པོ་འགོང་མོ་དཔག་མེད་པས། ། དགེ་བའི་བར་ཆོད་བདུད་དུ་གྱུར།། སྲིད་པའི་བདེ་བ་ཕུང་བར་བསྒྱུར།། ཐར་ལམ་བགྲོད་པ་ལོག་པར་འདྲེན།། འདི་དག་ལོག་པ་རྣམ་གསུམ་སྟེ།། རྣལ་འབྱོར་བར་ལམ་གང་འདོད་པས།། འདི་དག་རྟག་ཏུ་གྲུབ་པར་བྱ། ། ངན་པའི་ལུས་ངག་ལས་གྲུབ་པས།། ཡང་འབྱུང་འབྱུང་པོ་སྡུག་བསྔལ་མྱོང།། ཐར་ལམ་གཏན་བྲལ་སྲིད་པར་དམྱལ།། རབ་ཏུ་སྙིང་རྗེ་དཔྱང་ཐག་ཆད།། བརླག་པར་བྱས་ན་ཡུད་ཙམ་བདེ། ། དེ་ལྟར་ཤེས་པས་གནན་པར་བྱ།། ཞེས་གསུངས་སོ།། རྡོ་རྗེ་ཕུར་པ་གསང་བའི་སྔགས་རྒྱུད་ལས་ལོག་པའི་ཁུངས་རྩད་བཅད་པའི་ལེའུ་སྟེ་གཉིས་པའོ།།།། དེ་ནས་ཡང་ཞེ་སྡང་གི་རྒྱལ་པོ་རྡོ་རྗེ་གཞོན་ནུས་བཀའ་སྩལ་པ། ། རུ་དྲ་དམ་ལོག་དམ་སྲིའི་སྡེ།། རིམ་པས་དབང་བསྡུ་བསྒྲལ་གནན་བྱ།། སྟེང་ནས་ཁྲོ་བོ་ཧཱུཾ་ཀཱ་ར།། སྒྲ་འབྱིན་ཕག་དང་སྨིག་བུར་བཅས།། སྟེང་གི་ཚངས་པ་ཕོ་མོ་ཡང།། གདན་དུ་བྱས་ནས་སྤྲུལ་པ་རྣམས། ། དབང་དུ་འདུ་ཞིང་ཟིལ་གྱིས་གནོན།། ཨོཾ་བཛྲ་ཀྲོ་དྷ་ཧཱུཾ་ཀ་ར་ཧཱུཾ་གརྫ་གརྫ་ཧཱུཾ་ཕཊ།། ཤར་ནས་ཁྲོ་བོ་རྣམ་པར་རྒྱལ།། རྣམ་སྙེམས་སྟག་དང་བྱ་རྒོད་བཅས།། ཤར་གྱི་དྲི་ཟ་ཕོ་མོའི་བདག། གདན་དུ་གཟིར་བས་སྤྲུལ་པ་རྣམས། ། དབང་དུ་འདུས་ཤིང་ཟིལ་གྱིས་གནོན།། ཨོཾ་བཛྲ་ཀྲོ་ཏ་བི་ཛ་ཡ་ཧཱུཾ་ཧ་ན་ཧ་ན་ཧཱུཾ་ཕཊ། ཤར་ལྷོར་ཁྲོ་བོ་དབྱུག་སྔོན་པོ།། སྡེར་མོ་གཡག་དང་བྱ་རོག་བཅས།། ཤར་ལྷོར་མེ་ལྷ་ཕོ་མོའི་བདག། གདན་དུ་གཟིར་བས་སྤྲུལ་པ་རྣམས།། དབང་དུ་འདུས་ཤིང་ཟིལ་གྱིས་གནོན།། ཨོཾ་བཛྲ་ཀྲོ་ཏ་ནཱི་ལ་དཎྜ་ཧཱུཾ་ད་ཧ་ད་ཧ་ཧཱུཾ་ཕཊ། ལྷོ་ནས་ཁྲོ་བོ་གཤིན་རྗེའི་གཤེད།། དུར་ཁྲོད་ཤ་བ་འུག་པར་བཅས།། ལྷོ་ཕྱོགས་གཤིན་རྗེའི་ཕོ་མོ་བདག། གདན་དུ་གཟིར་བས་སྤྲུལ་པ་རྣམས།། དབང་དུ་འདུས་ཤིང་ཟིལ་གྱིས་གནོན།། ཨོཾ་བཛྲ་ཀྲོ་དྷ་ཡ་མཱན་ཏ་ཀ་ཧཱུཾ་པ་ཙ་པ་ཧཱུཾ་ཕཊ།། ལྷོ་ནུབ་ཁྲོ་བོ་མི་གཡོ་མགོན།། གཏུན་ཁུང་གཟིག་དང་ཁྭ་ཏར་བཅས། ། ལྷོ་ནུབ་སྲིན་པོ་ཕོ་མོའི་བདག། གདན་དུ་གཟིར་བས་སྤྲུལ་པ་རྔམས།། དབང་དུ་འདུས་ཤིང་ཟིལ་གྱིས་གནོན།། ཨོཾ་བཛྲ་ཀྲོ་དྷ་ཨཱརྱ་ཨ་ཙ་ལ་ཧཱུཾ་བན་དྷ་བན་དྷ་ཧཱུཾ་ཕཊ།། ནུབ་ནས་ཁྲོ་བོ་རྟ་མཆོག་དཔལ། ། གཏུམ་མོ་བྱི་ལ་པུ་ཤུད་བཅས།། ནུབ་ཕྱོགས་ཀླུ་རྒྱལ་ཕོ་མོའི་བདག། གདན་དུ་གཟིར་བས་སྤྲུལ་པ་རྣམས།། དབང་དུ་འདུས་ཤིང་ཟིལ་གྱིས་གནོན།། ཨོཾ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་བ་ཧཱུཾ་ཧུ་ལུ་ཧཱུཾ་ལུ་ཧཱུཾ་ཕཊ།། ནུབ་བྱང་ཁྲོ་བོ་འདོད་པའི་རྒྱལ། ། མདའ་སྙེམས་སྤྱང་མོ་ཁྲ་དང་བཅས།། ནུབ་བྱང་རླུང་ལྷ་ཕོ་མོའི་བདག། གདན་དུ་གཟིར་བས་སྤྲུལ་པ་རྣམས།། དབང་དུ་འདུས་ཤིང་ཟིལ་གྱིས་གནོན།། ཨོཾ་བཛྲ་ཀྲོ་ཏ་ཨ་པ་ར་ཙི་ཏ་ཧཱུཾ་ཏིཥྛ་ཏིཥྛ་ཧཱུཾ་ཕཊ། བྱང་ནས་ཁྲོ་བོ་བདུད་རྩི་འཁྱིལ།། རླུང་འབྱིན་སེང་གེ་ཕ་ཝང་བཅས།། བྱང་ཕྱོགས་གནོད་ཅིང་ཕོ་མོའི་བདག། གདན་དུ་གཟིར་བས་སྤྲུལ་པ་རྣམས།། དབང་དུ་འདུས་ཤིང་ཟིལ་གྱིས་གནོན།། ཨོཾ་བཛྲ་ཀྲོ་དྷ་ཨ་མྲྀ་ཏ་ཀུཎྜ་ལི་ཧཱུཾ་ཙྪིན་དྷ་ཙྪིན་དྷ་ཧཱུཾ་ཕཊ། ། བྱང་ཤར་ཁྲོ་བོ་ཁམས་གསུམ་རྒྱལ།། གསོད་བྱེད་དྲོད་དང་སྲེ་མོར་བཅས། བྱང་ཤར་དབང་ལྡན་ཕོ་མོའི་བདག། གདན་དུ་གཟིར་བས་སྤྲུལ་པ་རྣམས།། དབང་དུ་འདུས་ཤིང་ཟིལ་གྱིས་གནོན། ། ཨོཾ་བཛྲ་ཀྲོ་ཏ་ཏྲཻ་ལོ་ཀྱ་བི་ཛ་ཡ་ཧཱུཾ་བྷིན་དྷ་བྷིན་དྷ་ཧཱུཾ་ཕཊ། འོག་ནས་ཁྲོ་བོ་སྟོབས་པོ་ཆེ།། བསྐྱོད་ཆེན་དོམ་དང་བྱི་བར་བཅས།། འོག་གི་ས་བདག་ཕོ་མོའི་བདག། གདན་དུ་གཟིར་བས་སྤྲུལ་པ་རྣམས། ། དབང་དུ་འདུས་ཤིང་ཟིལ་གྱིས་གནོན།། ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་པ་ལ་ཧཱུཾ་སྥོ་ཊ་སྥོ་ཊ་ཧཱུཾ་ཕཊ།། ཕྱོགས་བཞི་མཚམས་བཞི་སྟེང་འོག་བཅུ།། རྡོ་རྗེ་ཁྲོ་བོས་རྣམ་པར་གཏམས།། དབུས་སུ་མ་ཧཱ་དེ་བ་དང། ། རུ་དྲ་ཆེན་པོ་ཁྱོ་ཤུག་བསྣོལ།། བདག་ཉིད་རྡོ་རྗེ་གཞོན་ནུ་དང།། འཁོར་ལོ་རྒྱས་འདེབས་དག་ཏུ་བྱ།། ཁྲོ་བོ་བཅུ་གཅིག་དཀྱིལ་འཁོར་དུ།། ཀུན་ཀྱང་མཐིང་ནག་རྔམ་པའི་སྐུ།། རྡོ་རྗེ་ཕུར་པ་ཐོད་ཁྲག་བསྣམས། ། སྤྲུལ་པ་ལྕགས་ཀྱུ་ཕུར་པ་འདེབས།། རུ་དྲ་ཆེན་པོའི་སྡེ་དཔོན་རྣམས།། དབང་སྡུད་བྲན་དུ་གཟིར་ནས་ཀྱང།། དཔའ་རྟགས་དཔའ་བོའི་ཆས་བརྒྱད་ལྡན།། ས་གནོན་ཉི་ཟླ་པདྨ་ཚོགས།། ཉོན་མོངས་སྲེག་པའི་མེ་དཔུང་འབར། ། ཐབས་དང་ཤེས་རབ་ལྡན་པ་ལ།། མཚོན་ཆ་སྲས་མཆོག་ཕུར་པ་བསྐྱེད།། སྐུ་སྟོད་ཁྲོ་བོ་ཆེན་པོ་ལ།། སྐུ་སྨད་ཕུར་པ་ཟུར་གསུམ་མོ།། གཟས་པའི་སྙིང་དཀྱིལ་ཐེབས་པར་བསྐྱེད།། ཅེས་གསུངས་སོ། ། རྡོ་རྗེ་ཕུར་པའི་གསང་བའི་སྔགས་རྒྱུད་ལས་ལྷ་རྣམས་ཀྱི་རང་བཞིན་དང་རྩ་བའི་སྔགས་ཀྱི་ལེའུ་སྟེ་གསུམ་པའོ།།།། དེ་ནས་བཅོམ་ལྡན་འདས་ཁྲག་འཐུང་ཆེན་པོ་བཛྲ་ཀཱི་ལ་ཡས་བཀའ་སྩལ་པ། ། ཡིད་འོང་དབེན་པའི་གནས་བཙལ་ཏེ།། རྫས་དང་ཡོ་བྱད་འཁོར་ལྡན་པས།། ཕྱི་དང་ནང་གི་མཚམས་ཀྱང་གཅད།། མཚན་དང་ལྡན་པའི་བྷན་དྷ་རུ།། ནས་ནག་སྔོན་མོ་བླུག་པར་བྱ།། ཕུར་བུ་བཅོ་ལྔ་དར་གྱིས་གྲིལ། ། རྒྱུ་རྐྱེན་དབང་བསྐུར་བྱིན་བརླབ་བྱ།། ཐོག་མར་དངོས་གྲུབ་ཀུན་གྱི་གཞི།། བཞི་བཅུ་གཉིས་དང་ལྔ་བཅུ་བརྒྱད།། ཞི་དང་ཁྲོས་པ་རིགས་བརྒྱ་མཆོད།། འཛབ་དང་བསྟོད་པ་བསྐང་བཤགས་བྱ།། ཛ་གད་བདུད་རྩི་ལྷག་མ་ཡིས། ། རྡོ་རྗེ་སྲིན་པོའི་དཀྱིལ་འཁོར་བརྩམ།། སྒྲུབ་པའི་དཀྱིལ་འཁོར་རྣམ་པ་གཉིས།། གང་ལ་མོས་དང་ཤིས་པ་བྲིས།། ཡེ་ཤེས་ཁྲོས་པ་བཅོ་ལྔ་དང།། ཕོ་ཉ་དཔུང་ཚོགས་བཅས་པ་ཡི།། ཕུར་པ་དཀྱིལ་འཁོར་གནས་ལ་དགོད། ། གདུག་ཅིང་རྩུབ་པ་གཟས་པའི་གཟུགས།། འདྲ་འབག་རྩ་དང་གཟུགས་སུ་བཅའ།། ཟག་པའི་རྫས་དང་དམེ་ཁྲག་བྱུག། ཡང་ན་ཆུ་སྣའི་འཇིམ་པས་བྱ།། མིང་དང་རུས་དང་སྲོག་ཡིག་གཞུག། སྨུག་ནག་དང་ནི་ཐལ་དཀར་བྱ།། ལྕགས་ཐག་བཏགས་ལ་ཨེ་ལ་གཏོད།། རྟ་མགྲིན་སྐུར་གནས་དཔང་བཙུགས་ཏེ།། སྲིད་པའི་བགེགས་ལ་ཞལ་ལྕེ་བཅད།། མཐིང་ནག་མེ་འབར་དཀྱིལ་འཁོར་དུ། ། སྨུག་ནག་སྔོ་ནག་དམར་ནག་འབར།། འཇིགས་བྱེད་ཁྲོ་བོའི་སྤྲུལ་པས་དྲངས།། དཔལ་གྱི་ཕོ་ཉས་གནས་ནས་དགུག། སྒྲུབ་པའི་རྫས་དང་མཆོད་པ་དགོད།། བཅོ་ལྔ་ཁྲོ་བོ་མ་མོ་གསུམ།། བསྙེན་དང་བསྒྲུབ་པ་ཚུལ་བཞིན་བྱ། ། མཚན་མ་མཐོང་ངམ་དུས་བབ་ན།། ཕྲིན་ལས་དྲག་པོ་བརྩམ་པར་བྱ།། དྲག་པོའི་རྫས་དང་ཕུར་པ་དང།། ལྷ་དང་སྔགས་ཀྱི་དགོངས་མཚོ་སྡེབ།། རྟ་མཆོག་སྐུལ་གསལ་གནས་ནས་དགུག། དབང་དྲག་ཆས་སུ་ཞུགས་ནས་ཀྱང།། གསུར་ཆེན་དུད་པ་སྒྲ་བཅས་ནས།། མ་མོ་འབོད་ཅིང་དམ་ལ་བསྡུ།། བཀྲག་མདངས་དབྲོག་ཅིང་ཚེ་ལུང་བྱ།། གནད་སྒོར་གདབ་ཅིང་ཁྲག་ཐུན་དབབ།། བྱང་གི་ཕོ་ཉས་ཤ་ཁྲག་བསྟབ། ། བྱད་ཀྱི་མ་མོས་བྱད་དུ་གཞུག། ནུབ་ཀྱི་ཁྲོ་བོས་གནས་སྦར་ཏེ།། ལྷོ་སྒོ་སྲས་ཀྱི་སེམས་ལུང་བསྟན།། ཉོན་མོངས་བསད་ནས་གསོ་བ་ཤར།། རྟག་པ་རྒྱུན་གྱི་ཡེ་ཤེས་བསྒོམ།། དེ་ལྟར་ཕྲིན་ལས་མཐར་ཕྱུང་ན། ། ཚངས་པའི་ཚེ་ཡང་འཇིག་པར་འགྱུར།། ཞེས་གསུངས་སོ།། རྡོ་རྗེ་ཕུར་པ་གསང་བའི་སྔགས་རྒྱུད་ལས་ཁྲོ་བོ་གསང་བའི་ལས་ཉེ་བར་བསྒྲུབ་པའི་ལེའུ་སྟེ་བཞི་པའོ།།།། དེ་ནས་ཡང་ཞེ་སྡང་གི་བདག་པོ་དཔལ་རྡོ་རྗེ་གཞོན་ནུས་བཀའ་སྩལ་པ། ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ། ཛྭ་ལ་ཛྭ་ལ། པྲ་ཛྭ་ལ་པྲ་ཛྭ་ལ་སྤུ་ཊ་སྤུ་ཊ་ན་ས་པ་ན་ཡེ་ཧཱུཾ་ཕཊ།། སརྦ་དུཥྟཾན་ཧྲི་ད་ཡ་ཧཱུཾ་ཕཊ། ཙྪིནྡ་ཙྪིནྡ་ཧཱུཾ་ཕཊ། མཱ་ར་ཡ་མཱ་ར་ཡ་ཧཱུཾ་ཕཊ། སུ་རུ་སུ་རུ་པྲ་སུ་རུ་ཧཱུཾ་ཕཊ། བི་ད་ཡ་བིད་བིད་ཧཱུཾ་ཕཊ། ན་མཿས་མན་ཏ་བིང་བིང་ཧཱུཾ་ཕཊ། ཨུ་ཙུཥྨ་ཀྲོ་དྷ་ཧཱུཾ་ཕཊ། ན་མཿས་མན་ཏ་བི་ཤྭ་དྷ་ཡ་བེ་ར་བེ་ར་ཧཱུཾ་ཕཊ། ཨཾ་ཀུ་ཤ་ཙྪིནྡ་ཙྪིནྡ་ཧཱུཾ་ཕཊ།། བྱཱ་གྷྲི་པ་ལ་ཤོ་ད་ཧྲྀ་ད་ཡ་ཧཱུཾ་ཕཊ། ཅེས་གསུངས་སོ།། རྡོ་རྗེ་ཕུར་པ་གསང་བའི་སྔགས་རྒྱུད་ལས་སྲས་མཆོག་རྩ་བའི་སྙིང་པོའི་ལེའུ་སྟེ་ལྔ་པའོ།།།། དེ་ནས་ཞེ་སྡང་གི་རྒྱལ་པོས་བཀའ་སྩལ་པ། མཚམས་མེད་པ་ལ་མཚམས་ཀྱང་གཅད། ། ཁྲོ་བཅུས་ཕྱོགས་བཅུར་ཕུར་པས་གཏམས།། ཁྲོ་བོ་འབར་བའི་ཐུགས་ཀ་ནས།། འཁོར་ལོ་རྩིབས་བརྒྱད་རེ་མིག་ལ།། ཉི་ཟླ་པདྨའི་གདན་སྟེང་ན།། ཡེ་ཤེས་སེམས་དཔའི་ཐུགས་ཀ་ནས།། ཀཱི་ལ་ཡ་ཡི་འོད་ཟེར་གྱིས། ། ལྕགས་ཀྱི་ཚ་ཚ་བརྡབ་པ་ལྟར།། གང་ལ་བབ་པ་རྡུལ་དུ་རླག། སྐོར་མཚམས་བཞི་དང་སྐོར་ཚོམས་གསུམ།། སྨད་ཀྱི་དཀྱུས་ཚིག་དྲག་པོ་ལས།། རཀྟ་ཚར་གསུམ་ཚར་ལྔ་སྦྲེང།། རྔམ་པ་གློག་གི་དཀྱིལ་འཁོར་ནས། ། རྡོ་རྗེ་རྫུ་འཕྲུལ་རྣམ་པར་འཕྲུལ།། དཔའ་བོ་ཁྲོ་བོ་འཇིགས་པར་བཅས།། རིགས་སྔགས་དོན་ལ་ཡང་དག་སྦྱོར།། རཀྟའི་མཚོ་དང་ཀེང་རུས་རི།། མཱཾ་སའི་ཉོར་ཚོགས་ཞིང་ཆེན་གསུར།། རྔམ་པའི་མཁའ་འགྲོ་ཚོགས་ལ་བསྟབ། ། རྡོ་རྗེ་ཁྲོ་རྒྱལ་ཧེ་རུ་ཀས།། གཏུམ་ཁྲོ་གདུག་པ་ཐབས་ཀྱིས་འདུལ།། འབར་བའི་དཀྱིལ་འཁོར་ཀུན་ལ་མཆོད།། ཧཱུཾ་མཛད་ཧཱུཾ་ལ་ཧོ་སྟེ་རོལ།། ཧཱུཾ་མཛད་ཧཱུཾའུ་གིས་ཐུགས་དམ་བསྐང།། གར་དགུ་ཁྲོས་པའི་ཞལ་དུ་བསྟབ། ། སྟོང་གསུམ་ཐམས་ཅད་ཕུར་པའི་ལྷ།། བདུད་འདུལ་ཁྲོ་བོའི་སྐུར་བསྟན་པ།། ཕྱོགས་བཅུ་དགྲ་བགེགས་ཐམས་ཅད་ཀུན།། དེངས་པར་མི་བྱེད་འདུག་གྱུར་ན།། ཐམས་ཅད་མ་ལུས་ཐེབས་པར་གདབ། ། དམ་ལོག་དམ་སྲི་རཱུཏྲའི་སྡེ།། འདི་དག་ཚར་ནི་མ་བཅད་ན།། སྒྲུབ་ལ་བར་ཆོད་མ་རུངས་བྱེད།། ཉམས་པ་བདུད་ནི་འདི་རྣམས་ཏེ།། དགྲ་དང་བགེགས་དང་བདུད་ཚོགས་ཀྱང།། འདི་གསུམ་མ་ཐུལ་སྐུ་དགྲར་ལྡང། ། དེ་ཕྱིར་སྒྲུབ་པའི་རྣལ་འབྱོར་པས།། དམ་སྲི་གནན་ཅིང་དམ་ལོག་གསད།། རཱུ་ཏྲའི་སྡེ་རྣམས་གདུལ་བར་བྱ།། བཅུ་གཅིག་དཔལ་དང་ཕྱག་རྒྱ་བཞི།། ཡེ་ཤེས་ཁྲོ་བོ་བཅོ་ལྔའི་ཐུགས། ། སྲོག་དང་ལྡན་པའི་ཡེ་ཤེས་སེམས།། འཁོར་དང་བཅས་པའི་བདག་པོ་བསྐྱེད།། རང་བཞིན་དཀྱིལ་འཁོར་དབྱེར་མེད་བསྟིམ།། གཟིར་གནོན་སྒྲོལ་བའི་སྐུ་རུ་བསྒོམ།། སྐུ་དང་གསུང་ཐུགས་སྲོག་དབང་བསྐུར། ། ཞི་བ་བསྙེན་ཅིང་ཁྲོས་པ་བསྒྲུབ།། དངོས་གྲུབ་ཀུན་གྱི་གཞི་མ་ཡིན།། སྨན་རག་གཏོར་མ་ལ་སོགས་པ།། ཕྱི་ནང་གསང་བའི་མཆོད་པ་ཡིས།། ལོ་ཟླའི་དུས་སུ་བརྩོན་པར་འབད།། བསྙེན་པའི་བདུད་རྩིས་ཆག་ཆག་གདབ། ། དཀྱིལ་འཁོར་བྱིན་གྱིས་རློབ་པར་འགྱུར།། རྣལ་འབྱོར་གང་ལ་མོས་པ་ནི།། འཇིགས་བྱེད་ཨེ་ཡ་དཀྱིལ་འཁོར་བསྐྱེད།། རང་བཞིན་སྒྲུབ་ཕྱིར་བསྟོད་ཅིང་བསྐུལ།། ཞེས་གསུངས་སོ།། ཀཱི་ལ་ཡ་གསང་བའི་སྔགས་རྒྱུད་ལས་བསྙེན་པའི་ལེའུ་དྲུག་པའོ། །།། དེ་ནས་ཞེ་སྡང་གི་བདག་པོ་རྡོ་རྗེ་གཞོན་ནུས་བཀའ་སྩལ་པ།། གྲུ་གསུམ་མཐིང་ནག་འབར་བའི་དཀྱིལ་འཁོར་ནས།། བཅོམ་ལྡན་དཔལ་ཆེན་རྡོ་རྗེ་གཞོན་ནུ་ནི། ། དབུ་གསུམ་ཕྱག་དྲུག་ཞབས་བཞི་བརྐྱང་བསྐུམ་བགྲད།། རྒྱན་དང་ཆ་ལུགས་ལྡན་པས་སྒེག་སྒེག་འདྲ།། བདུད་བཞི་གཏན་དུ་བཅོམ་པས་དཔའ་དཔའ་འདྲ།། སྐུ་ཆེ་ཡན་ལག་རགས་པས་འཇིགས་འཇིགས་འདྲ། ། ཞལ་གཡས་དཀར་ལ་བཞད་པས་རྒོད་རྒོད་འདྲ།། གཡོན་པ་དམར་ལ་གདངས་པས་གཤེ་གཤེ་འདྲ།། ཞལ་དབུས་མཐིང་ལ་རྔམས་པས་ཁྲོ་ཁྲོ་འདྲ།། རྒྱུ་དྲུག་སྤྱན་གྱིས་གཟིགས་པས་སྙིང་རྗེ་ཆེ་ཆེ་འདྲ། ། དུག་གསུམ་ཞལ་དུ་རྡུབས་པས་རྔམ་རྔམ་འདྲ།། དེ་འདྲའི་ཁྲོ་བོ་འཇིགས་པའི་སྐུར་བསྟན་པས།། ཆོས་སྐུ་མཚན་མ་མེད་པས་ཞི་ཞི་འདྲ།། རྡོ་རྗེ་རྩེ་དགུས་ས་དགུའི་རྟོག་པ་འཇོམས།། རྡོ་རྗེ་རྩེ་ལྔས་རྒྱུད་ལྔ་གནས་སུ་སྒྲོལ། ། མེ་དཔུང་འབར་བས་ཁམས་གསུམ་ཉེས་པ་སྲེག། ཁ་ཊྭཱཾ་རྩེ་གསུམ་དུག་གསུམ་རྩད་ནས་གཅོད།། རི་རབ་ཕུར་བུས་ཁམས་གསུམ་རྡུལ་དུ་རློག། འཁོར་ལོ་རྒྱས་འདེབས་དཔལ་གྱི་སྐུ་ལ་འཁྲིལ། ། ཁྲོ་བོ་ཁྲོ་མོ་རབ་འཇིགས་འབར་བའི་སྐུ།། སྐུ་ནི་མེ་དཔུང་འབར་བའི་ཀློང་ན་བཞུགས།། གསུང་ནི་དྲག་པོའི་སྒྲ་སྐད་འབྲུག་སྟོང་ལྡིར།། ཐུགས་ནི་མི་རྟོག་རྣམ་རྟོག་ཐམས་ཅད་འཇོམས།། དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡབ་ཡུམ་ལ། ། ཁྲོ་བོ་ཁྲོ་མོའི་ཚོགས་ཀྱིས་བསྐོར་བ་ནི།། ཧཱུཾ་ཆེན་མཐིང་ག་རྡོ་རྗེ་ཐོད་ཁྲག་དང།། མདའ་གཞུ་རྡོ་རྗེ་རི་རབ་ཕུར་པ་འདྲིལ།། སྐུ་མདོག་མཐིང་ག་དཀར་དང་དམར་བའི་ཞལ།། ཞབས་བཞི་བྲག་སྟེང་ཉི་ཟླ་ཕོ་མོ་མནན། ། སྒྲ་འབྱིན་ཕག་དང་སྨིག་བུ་འཁོར་གྱིས་བསྐོར།། རྣམ་རྒྱལ་དཀར་པོ་རྡོ་རྗེ་ཐོད་ཁྲག་དང།། ཏྲི་ཤཱུལ་འཁོར་ལོ་རི་རབ་ཕུར་བུ་འདྲིལ།། ཞལ་མདོག་དཀར་དང་སྔོ་དང་དམར་བའི་ཞལ། ། ཞབས་བཞི་བྲག་སྟེང་བརྒྱ་བྱིན་ཕོ་མོ་མནན།། སྙེམས་མ་སྟག་དང་བྱ་རྒོད་འཁོར་གྱིས་བསྐོར།། གཤིན་རྗེ་སྔོན་པོ་རྡོ་རྗེ་ཐོད་ཁྲག་འཐུང།། ནརྀ་མགོ་དགྲ་སྟྭ་རི་རབ་ཕུར་བུ་འདྲིལ།། སྐུ་མདོག་སྔོན་པོ་དཀར་དང་དམར་བའི་ཞལ། ། ཞབས་བཞི་བྲག་སྟེང་གཤིན་རྗེ་ཕོ་མོ་གནོན།། དུར་ཁྲོད་ཤ་བ་འུག་པའི་འཁོར་གྱིས་བསྐོར།། རྟ་མགྲིན་དམར་པོ་རྡོ་རྗེ་ཐོད་ཁྲག་དང།། ཞགས་པ་སྤུ་གྲི་རི་རབ་ཕུར་བུ་འདྲིལ།། སྐུ་མདོག་དམར་པོ་སྔོ་དང་དཀར་བའི་ཞལ། ། ཞབས་བཞི་བྲག་སྟེང་ཀླུ་དབང་ཕོ་མོ་མནན།། གཏུམ་མོ་བྱི་ལ་པུ་ཤུད་འཁོར་གྱིས་བསྐོར།། བདུད་རྩི་ལྗང་ནག་རྒྱ་གྲམ་དབྱུག་ཐོ་ཐོགས།། སྐུ་མདོག་ལྗང་ནག་དཀར་དང་དམར་བའི་ཞལ། ། ཞབས་བཞི་བྲག་སྟེང་གནོད་སྦྱིན་ཕོ་མོ་མནན།། རླུང་འབྱིན་སེང་གེ་ཕ་ཝང་འཁོར་གྱིས་བསྐོར།། དབྱུག་པ་སྔོན་པོ་དཀར་དམར་སྔོ་བའི་ཞལ།། རྡོར་ཐོད་དབྱུག་པ་མེ་ཐབ་ཕུར་པ་འདྲིལ།། ཞབས་བཞི་བྲག་སྟེང་མེ་ལྷ་ཕོ་མོ་མནན། ། སྡེར་མོ་གཡག་དང་བྱ་རོག་འཁོར་གྱིས་བསྐོར།། མི་གཡོ་ལྗང་སྔོན་རྡོ་རྗེ་ཐོད་ཁྲག་དང།། རལ་གྲི་ཞགས་པ་རི་རབ་ཕུར་བུ་འདྲིལ།། སྐུ་མདོག་ལྗང་སྔོན་དཀར་དང་དམར་བའི་ཞིང། ། ཞབས་བཞི་བྲག་སྟེང་བདེན་བྲལ་ཕོ་མོ་མནན།། གཏུན་ཁུང་གཟིགས་དང་ཁྭ་ཏ་འཁོར་གྱིས་བསྐོར།། གཞན་གྱིས་མི་ཐུབ་དམར་སྐྱ་རྡོ་རྗེ་ཐོགས།། རྔ་ཡབ་བྷན་དྷ་རི་རབ་ཕུར་པ་འདྲིལ།། སྐུ་མདོག་དམར་སྐྱ་དཀར་དང་དམར་བའི་ཞལ། ། ཞབས་བཞི་བྲག་སྟེང་རླུང་ལྷ་ཕོ་མོ་མནན།། མདའ་སྟེམས་སྤྱང་ཀི་ཁྲ་ཡི་འཁོར་གྱིས་བསྐོར།། ཁམས་གསུམ་རྣམ་རྒྱལ་ཏྲི་ཤཱུལ་མདའ་དང་ཞུ།། སྐུ་མདོག་ལྗང་སེར་དཀར་དང་དམར་བའི་ཞལ། ། ཞབས་བཞི་བྲག་སྟེང་དབང་ལྡན་ཕོ་མོ་མནན།། གསོད་བྱེད་དྲེད་དང་སྲེ་མོ་འཁོར་གྱིས་བསྐོར།། སྟོབས་ཆེན་དུད་ཁ་རྡོ་རྗེ་ཐོད་ཁྲག་འཐུང།། ཞགས་པ་ཐོ་བ་རི་རབ་ཕུར་བུ་འདྲིལ།། སྐུ་མདོག་དུད་ཁ་དཀར་དང་དམར་བའི་ཞལ། ། ཞབས་བཞི་བྲག་སྟེང་ས་བདག་ཕོ་མོ་མནན།། སྐྱོད་བྱེད་དོམ་དང་བྱི་ལའི་འཁོར་གྱིས་བསྐོར།། ཁྲོ་རྒྱལ་ཀུན་ཀྱང་དུར་ཁྲོད་ཆས་ཀྱིས་བརྒྱན།། བསྐལ་པའི་མེ་ལྟར་འབར་བའི་ཀློང་ནཱ་བཞུགས། ། ཤར་གྱི་སྒོ་བ་དཀར་མོ་ལྷོ་སྒོ་སེར།། ནུབ་གྱི་སྒོ་བ་དམར་མོ་བྱང་སྒོ་ལྗང།། བྱ་ཕུར་སྐྱེར་ཕུར་མཆོག་ཕུར་ལྕགས་ཕུར་བསྣམས།། ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་གཡོན།། རང་བྱུང་ཁྲོ་བོ་རྣམས་ཀྱི་མཐུ་དང་རྩལ། ། བཛྲ་ཀཱི་ལ་ཡ་ཡི་དུས་ལ་བབ།། ལྷ་རྣམས་བསྟོད་ཅིང་ཐུགས་དམ་བསྐུལ།། སྲས་མཆོག་ཁྲོ་བོ་བཅོ་ལྔ་ཡིས།། བཏབ་ན་ལྷ་ཡང་རླག་པར་བྱེད།། སྲི་ཅན་རྡུལ་དུ་རློག་པའོ།། མི་བཟད་དྲུག་གི་འཁོར་དང་བཅས། ། སྤྲུལ་པས་སྲིད་གསུམ་གཏམས་པར་བསྒོམ།། དེ་ནས་ཤེས་པ་འདུ་སར་གདབ།། བཏབ་ནས་བདེ་བའི་ས་ལ་དགོད།། ཅེས་གསུངས་སོ།། རྡོ་རྗེ་ཕུར་པ་གསང་བའི་སྔགས་རྒྱུད་ལས་ཁྲོ་བོ་ལ་བསྟོད་པའི་ལེའུ་སྟེ་བདུན་པའོ། །།། དེ་ནས་ཞེ་སྡང་གི་རྒྱལ་པོ་རྡོ་རྗེ་གཞོན་ནུས་བཀའ་སྩལ་པ།། དེ་ནས་དཀྱིལ་འཁོར་ཡང་དག་བཤད།། ལུས་ནི་ལྷ་ཡི་དཀྱིལ་འཁོར་བསྒོམ།། ངག་ནི་གསང་སྔགས་དཀྱིལ་འཁོར་བསྒོམ། ། སེམས་ནི་ཆོས་ཉིད་དཀྱིལ་འཁོར་བསྒོམ།། དབེན་པར་ས་སྦྱངས་མཎྜལ་བཅའ།། འཁོར་གནས་ཡོ་བྱད་བློ་ལྡན་པས།། ཁྲོ་མོ་ཡུམ་གྱི་གཏུན་ཁུང་བྲི།། གྲུ་གསུམ་རྩ་གཅིག་འབར་བ་ཙམ། ། ཡང་ན་བཅུ་གཅིག་བདུན་ཡང་བྲི།། ལས་ཀྱི་དཀྱིལ་འཁོར་གྲུ་གསུམ་ཨེ།། རྡོ་བ་དག་གམ་ས་ལ་བྱ།། ལྕགས་སྣ་ལྗང་དང་དུག་ཤིང་དང།། མི་དང་བྱ་ཡི་རུས་པ་ལ།། སྲས་མཆོག་ཕུར་པ་གཟི་ལྡན་བྱ། ། གུ་གུལ་རཀྟ་ཡུངས་ཀར་གྱིས།། སྐུ་གསུང་ཐུགས་ཀྱི་གཟི་བྱིན་བསྐྱེད།། ཀ་པཱ་ལ་ཡི་གནས་བཞུགས་ནས།། རྡོ་རྗེ་ངག་གི་བཟླས་པ་རྩམ།། སྐུ་དང་ཆོས་ཉིད་གསལ་ལྡན་པས།། བསྙེན་པ་གདེང་དང་ལྡན་པར་བྱ། ། རྡོ་རྗེ་དཀྱིལ་འཁོར་མཆོད་བསྟོད་ཅིང།། རང་རྒྱུད་དག་པར་བཤགས་སྦྱང་བྱ།། འཕྲོ་འདུས་ཉེ་བར་བསྙེན་བྱ་སྟེ།། བདུན་འབུམ་ཉི་ཁྲིའི་གྲངས་རྫོགས་ནས།། རྡོ་རྗེ་ཁྲོ་བོ་རོལ་པ་སྒྲུབ།། འཕང་དང་ལྡེག་འཁྲབ་བྲོ་བརྡུང་དང། ། ཉམས་དང་རྨི་ལྟས་བཟང་མཐོང་ནས།། སྐུ་གསུང་ཐུགས་ཀྱི་དངོས་གྲུབ་བླང།། རང་རྒྱུད་བྱིན་དང་ལྡན་གྱུར་པས།། ཡེ་ཤེས་ལྔ་ཡི་དབང་བསྐུར་ཡང།། རང་དང་གཞན་ལ་རྒྱས་བཏབ་སྟེ།། དབང་དང་བྱིན་བརླབ་ཚུལ་བཞིན་བྱ། ། དེ་ནས་བདུད་དང་དགྲ་བགེགས་ལ།། རྡོ་རྗེ་ཁ་ཊྭཱཾ་རོལ་པ་རྩམ།། ཞེས་གསུངས་སོ།། རྡོ་རྗེ་ཕུར་པ་གསང་བའི་སྔགས་རྒྱུད་ལས་དཀྱིལ་འཁོར་སྒྲུབ་པའི་ལེའུ་སྟེ་བརྒྱད་པའོ། །།། དེ་ནས་ཡང་ཞེ་སྡང་གི་རྒྱལ་པོ་རྡོ་རྗེ་གཞོན་ནུས་བཀའ་སྩལ་པ།། གང་གིས་བར་གཅོད་ཚར་གཅད་ཕྱིར།། དམིགས་པའི་ཏིང་འཛིན་གསུམ་གསལ་བྱ།། ནརྀ་སྲོག་ཅན་དང་ནཱ་སྲོག་ཅན།། ཏྲི་སྲོག་ལྡན་པ་བསྟན་པའི་དགྲ། ། ཡིད་གཟུགས་ཅན་དང་གདོས་བཅས་གཟུགས།། དེ་ལ་དེ་བརྟེན་སྲོག་ཅེས་པས།། ཨ་ནརྀ་སུ་ཏྲི་པྲེ་དུ་ལྡན།། རིགས་དྲུག་ས་བོན་གཟུང་བར་བྱ།། གང་ལ་བྱ་བའི་དམིགས་རྟེན་ནི།། འབྱུང་བའི་སྙིགས་མ་ཟགས་ལ་བྱ། ། ཡང་ན་བླ་སྲོག་གནས་པ་དབབ།། གཙོ་བོ་འཇག་མ་དམེ་ཁྲག་སོགས།། སྲིན་མོའི་ཁང་ས་ལ་སོགས་དང།། ཤིང་ཤུན་ཞིང་རས་གང་ལྡན་ལ།། གང་ལ་བྱ་བའི་མིང་གཟུགས་བྲི།། སྲོག་གི་ཡི་གེ་གནད་སྔགས་བསྐོར། ། དབྱེ་དགུག་བསྟིམ་དང་བྱད་དུ་གཞུག། སྨྲ་སྨྱོ་རྡུལ་དུ་བརླག་པར་བྱ།། འབར་བའི་ཨེ་དང་ཞལ་དུ་བསྟབ།། དེ་ལྟར་བྱས་ན་རཱུ་ཏྲའི་སྡེ།། བསྟན་པའི་དགྲ་གསུམ་དྲུངས་ནས་འབྱིན།། ཨོཾ་བཛྲ་[(7[)]་ཀཱི་ལི་ཀཱི་ལ་ཡ་ཆེ་གེ་མོ་ཏ་ཐཱ་ཡ་ཏ་ཐཱ་ཡ་ཧཱུཾ་ཕཊ། ཧ་ས་ཡ་ར་ཧ་ཏ་ན་ཧཱུཾ་ཕཊ། ཤྲི་ཀྲིན་ཨཱ་ན་ཡ་ཧཱུཾ་ཕཊ། ཛྭ་ལ་པ་ཡ་ཛྭ་ལ་པ་ཡ་ཧཱུཾ་ཕཊ། ཨཱ་བེ་ཤ་ཡ་ཨཱ་བེ་ཤ་ཡ་ཧཱུཾ་ཕཊ། བི་ཏ་ཡ་བི་ཏ་ཡ་ཧཱུཾ་ཕཊ། ཅེས་གསུངས་སོ། ། ཕུར་པ་གསང་བའི་སྔགས་རྒྱུད་ལས་སྒྲུབ་པའི་བར་ཆོད་རཱུ་ཏྲ་བསྒྲལ་བའི་ལེའུ་སྟེ་དགུ་པའོ།།།། དེ་ནས་ཞེ་སྡང་གི་རྒྱལ་པོ་རྡོ་རྗེ་གཞོན་ནུས་དམ་ལོག་བསྒྲལ་བ་འདི་སྐད་ཅེས་བཀའ་སྩལ་ཏོ།། ཨོཾ་སུམ་ཏྲི་རཀྴ་མཱ་ར་ཡ་ནན་ས་དུ་རཀྴ་ནན། ། བི་བི་ཏྲི་དམ་སྲི་ནན། འགོང་པོ་ཡ་ན་མ་ཤོ་ནན། འབྱུང་པོ་ཡ་ན་མ་ཤོ་ནན། ཛ་དགྲ་ནན། ཤོ་དགྲ་ནན། ཤོ་ནན། ཛ་ཛ་དེ་བ་བཛྲ་ཡགྴོ་ནན། འབྱུང་པོ་དུཥྟཱན་མཱ་ར་ཡ་ཧ་ན་ཧ་ན་ཧཱུཾ་ཕཊ། པ་ར་བི་ཏ་ན་ཙྪིན་དྷ་ཙྪིན་དྷ་ཧཱུཾ་ཕཊ། བིན་དྷ་བིན་དྷ་ཧཱུཾ་ཕཊ། གྲྀཧྞ་གྲྀཧྞ་ཧཱུཾ་ཕཊ། ཧ་ན་ཧ་ན་ཧཱུཾ་ཕཊ། བན་དྷ་བན་དྷ་ཧཱུཾ་ཕཊ། ཨོཾ་བཛྲརགྴ་རཱ་ཙ་ཙིཏྟ་ཟུང་ཟུང། ཁ་ལ་རགྴ་ཙད་ཙད།། ཁ་རགྴ་རྨ་ཤ་ན་རྦད་སྟོ། འཁུ་ན་དུམ་བུ་ཤིག་ཤིག་འདའ་ན་རག་ཤ་ཙིཏྟ་ཕྱུང་རྦད། ལྡོག་ན་རག་ཤ་རྦད། སྡོམས་ཏིང་ཏིང་སྡོམས་ཟུང་ཟུང། གཏུབས་གཏུབས་སྡོམས། རག་ཤ་ཙིཏྟ་གཏུབས། རཱ་ཙ་ཤག་ཐུམ་ཁ་ཏྲི་རྦད།། ཙ་པུ་ཏྲི་ཏྲི་ཏྲི་ནན་སོད། བཛྲ་ཀྲོ་དྷ་རཱ་ཛ་སིདྡྷི་ཨ་མྲྀ་ཏ་ཧཱུཾ་ཕཊ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུཾ་ཕཊ། བདུད་ཏྲི་མ་ཏྲི་ཐ་ཏྲི། ཤུ་ལ་ཏྲི་བཾ་ཏྲི་ཡ་མ་ཏྲི། ནཱ་ག་ཏྲི་ས་མ་ཏྲི་སུམ་ཏྲི་པུ་ཏྲི་ཨ་ཤ་ཏྲི། ཨ་ཤ་ཏྲི་རཱ་ཙ་ཏྲི། ཏྲིག་ནན་ཧུར་ཐུམས་ཛ། བཛྲ་ཨངྐུ་ཤ་ཡ་ཛ་ཛ། བཛྲ་ཨཱ་བེ་ཤ་ཡ་ཨ། ཨ་པསྟ་ཡ་དྷ་རོ་ཨ་ཛྙཱ་པ་ཡ་ཏི་ཨ། ཧཱུཾ་སྙིང་ཁྲག་ཙིཏྟ་གུ་ལུ་ནན།། བཾ་ཙྪིན་ད་ཙྪིན་ད་སྲོག་རྦད། མཱ་ར་ཡ་སྙིང་རྩ་ཕྱུང་ཕྱུང། སོ་ཤིག་སྲོག་རྦད། ཁ་ཁ་ཧ་ཧ་མཱ་ར་ཡ་ཧཱུཾ་ཧཱུཾ་ཕཊ་ཕཊ་རྦད་རྦད། ཧ་ན་ཧ་ན་བཛྲ་རུ་ཏྲི། སྲོག་ལ་བྲེང་བྲེང་ཛ་ཛ་ཐུམས་རིལ་ཤག་ད་ཧ་ད་ཧ་བཛྲ་སྲོག་ལ་དུན་དུན་ཐུམས་རིལ་ཤག་པ་ཙ་པ་ཙ་བཛྲ། ཙིཏྟ་རྦད་ཐུམས་རིལ་ཤག། མ་ཏ་མ་ཏ་བཛྲ། རྩ་ལ་རྦད་ཐུམ་རིལ་ཤག་ཛྭ་ལ་ཛྭ་ལ་བཛྲ། སྲོག་ལ་ཧུར་ཐུམ་རིལ་ཤག་སུ་རུ་སུ་རུ་བཛྲ། ཁམ་ནན་ཐུམ་རིལ་ཤག། མུ་རུ་མུ་རུ་བཛྲ། མུ་རུ་མུ་རུ་བཛྲ། དུམ་ལིང་ཁས་ཐུམ་རིལ་ཤག། ཀ་ཏང་ཀ་ཡེ་བཛྲ་སྙིང་གཟིར་སྦུར་ནན་ཐུམ་རིལ་ཤག་ཛ་ཡི་བི་ཛ་ཡེ་བཛྲ་རཱ་ཛ་ཏྲི་ཤུ་ལ་གཟིར་ནན་ཐུམ་རིལ་ཤག་ཨ་ཙི་ཏི་ཨ་པ་ར་ཙི་ཏེ་བཛྲ་ཙ་ཏྲི་དུ་མེ་རུ་སྙིང་ལ་གཟིར། རྩ་སྤུར་ནན་སྲོག་ལ་བྲེང་བྲེང། རྩ་ལ་དུན་དུན་ཁམ་ཤག་རྦད། མཱ་ར་སེ་ན་པྲ་མརྡ་ནཱ་ཡ་བཛྲ་སརྦ་དུཥྟན་ཏྲིག་ནན་རཱ་ཛ་ཡ་མ་ཛ་ཧ་མ་ཤ་མ་ཏྲི་ཧུར་ཐུམ་ཛ། དུ་མེ་མ་མ་སྲོག་ལ་གཟེར་ཐུམས་རིལ་ཤག་ཨོཾ་རྣི་དུ་རྣི་དུ་ཧཱུཾ་ཧཱུཾ་ཕཊ་ཕཊ། རཱ་ཛ་ནི་ཧཱུཾ་ཧཱུཾ་ཕཊ་ཕཊ།། ཏྲི་ལིང་ཤམ། རོ་ལིང་ཤམ། ཁ་ཐུན་ཏྲི་ཐུན། བུར་ཏྲི་ཛ་རག་ཤ་ནི་ཛ་ཛ། ཧཱུཾ་མ་མ་པ་ཤཾ་ཀུ་རུ་མ་ཏཾ་ཉ་ཀ་ར་ཨི་དན་དྷ་ཏི་མ་མ་ཤཱི་གྷྲཾ་ཀརྨ་ཀཱ་ར་ཡ། ཏྲིའུ་ཏྲིའུ་ཡ་ན་མོ་ཤ་ཛ།། བཛྲ་མ་ད་ནི་ཏྲི་ཛ། ཏྲི་མཱ་ར་ཡ་ཛ། དམ་སྲི་ཏྲི་མཱ་ར་ཡ་ཛ། ནཱ་ག་རཱ་ཛ་སྟག་ཤ་ཛ། མ་ཉ་ཧི་ཀོ་ཤ་གརྠ་མ་ནི། མཱ་ར་ཡ་ཧཱུཾ་ཕཊ། ཤ་ལུང་ནི་ཏི་སྟ་པ་ལ་ཨ་ཤོ་མ་བྷྱོ་བྷྱོ་ཧཱུཾ་ཧཱུཾ་ཕཊ་ཕཊ་རཱ་ཛ་ཐུམ་ཨ་ཏི་རྦད། རཱ་ཛ་ཟུང་ཨ་ཏི་རྦད། རཱ་ཛ་ཁ་ཚིངས་ལུས་སྟོམས་དུན་ཏྲི་པ་རི་པ་རི་སྟོམས། ཙིཏྟ་ཀར་པ་ཤ་ཕག་པ་རཱ་ཛ་སྟོམས། རཱ་ཛ་ཤག་ཐུམ་ཁྲམ་ཁྲ་ནན། རཱ་ཛ་ཨ་ཀྲི་པ་ཀྲི་ན་སོད། ཐུམ་ཐུམ་རིལ་རིལ། པ་ཙང་ཤིག་པ་ཚང་ཤིག་ཆིངས་སྙོམས་ས་མ་ཡ། རིག་རུ་ཐུམ་རིལ། བུ་རུ་ལུ་རུ་ལུ་རུ་ལུ་ཧཱུཾ་ཕཊ། རཱ་ཛ་སི་ཏི་ས་མ་ཡ་བྱིང་ཧཱུཾ་ཕཊ། རཱ་ཛ་ཨ་ཧོ་ཧཱུཾ་ཕཊ། ཤ་མ་རུ་ཏྲི་མ་ཧོ་ཛ། ཐུམ་རི་ལི་ལི། རུ་ལུ་རུ་ལུ་ས་མ་ཡ་སྟྭཾ། རཱ་ཛ་ས་མ་ཡ་གིང་ག་རག་པྲ་མ་ཤང་ཀ་དུ་རི་སྟོམས། ཙཀྲ་མཱ་ར་ཡ་ཆིངས་སྟོམས། ཨོཾ་བཛྲ་རག་ཤ་རཱ་ཙའི་ཙིཏྟ་ཟུང་ཟུང། ཁམ་རག་ཤ་རྩད་རྩད། ཁ་རག་སྨ་ཤ་རྨད་སྟོམས། འཁུ་ན་དུམ་བུ་ཤིག་ཤིག་ཤིག་སྟོམས། འདའ་ན་རག་ཤ་ཙིཏྟ་ཕྱུང་རྦད། སྟོམས་ཟུང་བྷུཾ་སི་རག་ཤ་མ་ར་ཎ་བྷྱོ།། ཏྲི་རཱ་ཛ་ཨོཾ་ཨཾ་ཧཱུཾ་མཱ་ར་ཡ་སྟམ་བྷ་ནན་ནན། ། སྤྱི་ཏི་སྤྱི་ཏི་མ་སྙིང་ཁ་རག་ཛ་ཛ།། ཨོཾ་ལཾ་ཧཱུཾ་ལཾ་སྟཾ་བྷ་ནན། མོ་ཧ་གྷ་ཡ་བྷ་གཱ་ཝཱན།། ཤི་ཀྲི་བི་ཀྲི་བཛྲ་ཧཱུཾ་ཀཱ་ར་ཧཱུཾ་ཕཊ། བཛྲ་སུམ་ཏྲི་རག་ཤ་གཏུབས། ཙི་ཏྲི་མཱ་ར་ཡ་ཧཱུཾ་ཕཊ། ཁྱོད་དམ་ལས་ལྡོག་ན། སུ་ཏྲི་མཱ་ར་ཡ་ཧཱུཾ་ཕཊ། ས་རུ་ཀེ་པ་ཡ། སུ་ཏ་མཱ་ར་ཡ་ཧཱུཾ་ཕཊ།། བཛྲ་སིག་ནན་སིག་ནན། མཱ་ར་ཡ་ཧཱུཾ་ཕཊ། ཏྲིག་ནན་ཧཱུཾ་ཕཊ།། བཛྲ་དུག་ནན་ཧཱུཾ་ཕཊ། བཛྲ་ཙག་དུ་ཙག་དུ་སོད། ཙག་ཙག་ཡེར་ཡེར་སོད། ཐུམ་མྱོགས་སོད།། རཾ་ཡཾ་ཏིང་བུ་སོད། ། བཛྲ་ཀཱི་ལི་ཀཱི་ལ་ཡ།། ཛཿཧཱུཾ་བཾ་ཧོཿ། རཱ་ཛ་ཙིཏྟ་ཟུང་ཟུང་ཁུག་ནན། དུམ་བུ་ཤིག་ལྡོག་ན་རྦད། སྟྭཾ་པ་ནན། ཧེ་ལིང་ནན། ཙ་ཏྲི་རྦད། ཨ་ཏྲི་རྦད། མ་ཏྲི་རྦད། མ་ཧེ་ལ་རྦད། རཱ་ཛ་ཏྲིག་ནན་རཱ་ཛ་ཧུར་ཐུམས། པ་ཙང་འདྲི་མ་ཐིབ་ར་རཱ་ཛ་རྦ་སྦུར་སྲོག་ནན། སྙིང་གཟིར་བྲིང་ཤག་ཡ་མ་རྦད། སརྦ་བིགྷྣཱན། བཾ་ཧཱུཾ་ཕཊ།། བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུཾ་ཕཊ། བཛྲ་ཧཱུཾ་ཀཱ་ར་ཨ། དུ་མེ་ནཱ་ག་མོ་ཏྲིག་ནན་མེ་ཧུར་ཐུམས་ཛ། རུ་ཏྲི་ཏྲིག་ནན་རུ་ཧུར་ཐུམས་ཛ། དུན་ཏྲི་པ་རི་པ་རི་ཙིཏྟ་གརྦ་ཤ་ཡག་པ་སོད། ཏྲི་ཙིཏྟ་གརྦ་ཤ་ཡག་པ་སོད། སྙན་ཙིཏྟ་གརྦ་ཤ་ཡག་ཤ་སོད།། དུང་སྐྱོང་པ་ཏ་མཱ་ར་ཡ་ཧཱུཾ་ཕཊ། ཏིག་ཏིག་ཞོ་འཐུང་སྐྱུགས་སོད། ཚ་བང་མཛོད་བསྲེན་མཱ་ར་ཡ་ཧཱུཾ་ཕཊ། ། ཆུ་ཧ་ན་ཏྲི་ཛ་ཡ་མར་ན་བྱི་ཛ་ཡ་ཧཱུཾ་ཕཊ། ཤ་མ་ས་རུ་ཏྲི་རཱ་ཛ་ཨ་ཧོ་བྲུ་རྦད། རཱ་ཛ་ཆིངས་ཆིངས་གཏུབས་གཏུབས།། འཁུ་ན་དུ་ཙིཏྟ་ཤིག་རག་ཤ་ཙིཏྟ་ཟུང། རྨ་ན་རྦད། ཐུབ་རྦད། རྦད་ཏི་དུམ་རྦད། ཡ་རྦད་ཡ་ཁྲ་རི་བྷ་ཤ་ཡ་ཛ།། བཛྲ་ཤོ་ན་ས་མ་ཡ། ཡ་མ་ཤོ་ན་ས་མ་ཡ། ནཱ་ག་ཤོ་ན་ས་མ་ཡ། ཁ་རག་ཤོ་ན་ས་མ་ཡ། རྒྱལ་འགོང་རྒྱལ་ཚེ་ལ་མ་ཤ། དོམ་རོལ་ཁྲག་འཐུང། སྙིང་ཁྲག་འབྱུང་པོ་ས་མ་ཡ་ཛ། ། བཛྲ་ཛ་ར་ཏྲིག་རོག་ཏ་འབྱུང་པོ་མཱ་ར་ཡ་སྙིང་ཁྲག་ཛཿཧཱུཾ་བཾ་ཧོ། བཛྲ་ཨཾ་ཀུ་ཤ་ཛ། འབྱུང་པོ་ཚེ་ལ་མ་ཤ་དོམ་རོལ་ཁྲག་འཐུང།། སྙིང་ཁྲག་འབྱུང་པོ་འབྱུང་པོ་པྲ་ཏི་པྲི་མོ་མ་ཤ་དོམ་ལ་ཁྲག་འཐུང། རོ་ལ་ཁྲག་འཐུང། སྙིང་ཁྲག་མ་ལ་མ་ལ་ཡེས་ཡེས་བྷྱོ་བྷྱོ་ཏྲོཾ་ཏྲོཾ་སྭཱ་ཧཱ། ཨོཾ་སརྦ་དུཥྟན་ཏི་ར་ཏི་ནན། རཱ་ཛ་ནན། རྦད་ནན། ཏྲི་ཧུར་ཐུམ་ཛ། མཱ་ར་ཡ་རྦད།། ཏདྱ་ཐཱ་ཏདྱ་ཐཱ་ཧཱུཾ་ཕཊ།། སརྦ་ཨཱ་ན་ཡ་ཧཱུཾ་ཕཊ། ནི་ཤ་ཀུ་རུ་ཡཾ། ཁ་སོད་དབང་རོལ་ཡ་མ།། ཐོད་ཁྲག་སྤྱོས་ཤིག་ཙིཏྟ་ཀུ་ལུ་ནན། སྙིང་ཁྲག་སྤྱོས་ཤིག་ཙཀྲ་རཾ། རྣམ་ཤེས་སྤྱོས་ཤིག་ཤོ་ན་རཾ།། འདོད་ཆགས་སྤྱོས་ཤིག་སུ་ཏྲི་ཁ་རམ།། གཟུགས་ཕུང་ཤིག་ཤིག། སུ་ནི་ཏྲི་ནི་ཡན་ལག་ཆིངས་ཤིག། ཨོཾ་སརྦ་ཛ་ནི་ཧཱུཾ་ཛ། ནརི་ཏྲི་སུ་ཏྲི་ནརི་ཧཱུཾ་ཛ། ཤན་ཏྲི་ནི་ཧཱུཾ་ཛ། ཀ་ཏྲི་ནི་ཧཱུཾ་ཛ། གན་ཏྲི་ནི་ཧཱུཾ་ཛ། གུཾ་གུཾ་གུཾ་སྲི་ཅན་ཛ་ཛ་ཧཱུཾ་ཕཊ།། ཨོཾ་རྩ་ཧཱུཾ་ཀ་ཏེ་པུ་ར་ཙ་ཏེ་སྭཱ་ཧཱ། སྲི་ཅན་ནན་ར་ཛ་ནན། ཧེ་དུ་མ་བྷྱོ་ཀུ་ཀ་ཀ་རེ་ཛ་ཛ། ཧེ་དུ་པྲིད་པུ་ཀ་སྐྱེ་མི་སྐྱེ་སྭཱ་ཧཱ། ཨེ་ར་ལིག་ཤི་ན་ཤིག་ཧེ་རི་ཧ་ཏི་པྲ་མ་ལེ་ཤག་ཧེ་རི་ལིག་ཤ་ལི་ཤ་ལི་བྱི། ཐུཾ་ལེང་སྭཱ་ཧཱ། ཤ་ལི་བྷྱོ་ཐུཾ། ན་ག་ཚེ་ན་གུ་ཙེ་རྒུ་རུ་ཤད་ཏི་རྦད་རྦད།། བཛྲ་བཛྲ་བཛྲ་བཛྲ། བཛྲ་བཛྲ་བཛྲ་བཛྲ་བཛྲ་བཛྲ་བཛྲ། ཁ་ཐམ་ཁ་ཐམ་ཁ་ཐམ་ཁ་ཐམ་ཁ་ཐམ་ཁ་ཐམ་ཁ་ཐམ་ཁ་ཐམ་ཁ་ཐམ་ཁ་ཐམ་ཁ་ཐམ། བཛྲ་ཡག་ཤ་རག་ཤ་ཀྲོ་ཏ་ཁ་ཁ་ཁ། ཁཱ་ཧི་ཁཱ་ཧི་ཁཱ་ཧི། ཧ་ཧ་ཧ། ཧི་ཧི་ཧི། ཧཱུཾ་ཧཱུཾ་ཧཱུཾ། ཕཊ་ཕཊ་ཕཊ། ཅེས་གསུངས་སོ།། ཕུར་པ་གསང་བའི་སྔགས་རྒྱུད་ལས་དམ་ལོག་དམ་སྲི་རཱུ་ཏྲའི་སྡེ་བསྒྲལ་བའི་དྲག་སྔགས་ཀྱི་ལེའུ་སྟེ་བཅུ་པའོ།།།། དེ་ནས་ཞེ་སྡང་གི་རྒྱལ་པོ་རྡོ་རྗེ་གཞོན་ནུས་ལས་ཀྱི་སྦྱོར་ཐབས་བཀའ་སྩལ་པ། རྣལ་འབྱོར་དོན་དང་ལྡན་པ་ལ།། དམ་ལོག་དམ་སྲི་རཱུ་ཏྲའི་སྡེ།། གནས་དང་འཁོར་དང་ལོངས་སྤྱོད་དང།། ཆགས་ནས་དབང་བྱེད་ཤུལ་འབྲེང་དང།། འཁོར་དང་ལོངས་སྤྱོད་དབང་ཐང་དཔལ། ། རྒྱས་སུ་མི་སྟེར་འཕེལ་བ་འགྲིབ།། དཀར་སྒྱུར་སྲ་རྩི་བྲེ་སྲེ་སྙབ་བྱེད་པ།། དེ་དག་དྲག་པོའི་ལས་འདིས་འདུལ།། འཇིག་རྟེན་གཞན་དུ་འཕང་ལ་བཏང།། རྡོ་འམ་ས་ལ་འབྲུབ་ཁུང་བཅའ།། རྣོན་པོ་རྩང་གིས་བསྐོར་ནས་ཀྱང། ། ནང་དུ་འབྱུང་པོའི་གཟུགས་རྟེན་གཞག། ཁྱི་ཕག་སྤྲེའུ་དང་བྱི་ལའི་མགོ། བགེགས་དང་འགོང་པའི་རཱུ་པ་གཞུག། འབྲོག་ཏེ་ནག་པོ་མགོ་དགུ་དང།། དམ་སྲི་ནག་མོ་བྱ་མཆུ་མ།། བར་དུ་རྒྱལ་འགོང་སྤྲུལ་པ་བྲུབ། ། བྱི་ཆིངས་ཚུལ་དུ་ལྟོ་སྦྱར་ནས།། བླ་ཤིང་ཤོ་མང་ཁུད་དུ་དྲིལ།། བློ་རྡོ་ཕ་བོང་ལོང་བུ་ལ།། མཚལ་གྱིས་ཕྱོགས་བཞིར་སྲོག་ཡིག་བྲིས།། སེ་བ་ཉ་ཐོད་སྡིག་པའི་རྭ།། བྱི་བའི་སྙིང་དང་སྤྱང་ཀིའི་བྲུན། ། ལམ་ཆེན་རྒྱ་གྲམ་ས་དག་ནི།། ཞང་པོ་མ་དང་སྤྲུལ་པ་བུ།། འོག་གི་རྟ་དང་རྩེ་སའི་གནས།། བླ་གནས་ཡིན་ཏེ་བླ་ལ་དབབ།། རྒྱ་གྲོག་སྐེད་དམར་ཁང་ས་དང།། ཆུ་སྣའི་འདག་ལ་ན་ཚྭ་དང།། སྲུབ་ཀ་རྩཝ་ཡི་ལོ་མ་དང། ། གོང་གསུམ་ལུང་གནས་རྩི་འཇགས་ལ།། གཟུག་བཅས་ཤིང་ཤུན་མིང་རུས་གཞུག། ཐལ་དཀར་བྱས་ཏེ་བྱད་ཐག་གདགས།། གདབ་དང་སྲེག་དང་མནན་པ་ཡི།། རཱུ་པ་བྱེ་བྲག་སོ་སོར་སྦྱར།། འབྲུབ་ཁུང་ཐོད་པ་ཧོམ་ལ་གདགས། ། རེ་བ་ཤུག་ཤིང་ཚེར་མས་དགབ།། དུས་གསུམ་དང་ནི་དུས་བཞི་དྲུག། གཤེད་མར་གྱུར་པའི་མཚོན་ཆ་ནི།། ལྕགས་སྣ་ལྔ་ཡི་ཕུར་བུ་དང།། སྟག་པའི་བེང་དབྱུག་ཐོ་བ་དང། ། གོར་མ་ཤིང་ཕུར་རྡོ་རྗེ་དང།། རལ་གྲི་འཁོར་ལོ་ལ་སོགས་པས།། དྲག་ཏུ་བརྡུང་ཞིང་བརྣག་པ་བྱ།། མོ་ལ་མདའ་ཐུན་ཟོར་གྱིས་བརྡེག། ཕོ་ལ་ཁྲག་ཐུན་གྲི་མཚོན་གདབ།། བདུན་དང་བདུན་གསུམ་གང་ནུས་པར། ། མ་ཡེངས་བརྩོན་པས་བྲབ་པར་བྱ།། སྔགས་དྲུག་རྒྱལ་པོའི་ལས་སྦྱར་ཏེ།། གདབ་དང་མནན་བསྲེག་བཀར་བར་བྱེད།། ཅེས་གསུངས་སོ།། ཕུར་པ་གསང་བའི་སྔགས་རྒྱུད་ལས། ལས་སྦྱོར་ཐབས་ཀྱི་ལེའུ་སྟེ་བཅུ་གཅིག་པའོ། །།། དེ་ནས་ཡང་ཞེ་སྡང་གི་རྒྱལ་པོ་རྡོ་རྗེ་གཞོན་ནུས་གདོན་ངོས་བཟུང་བའི་དོན་དུ་བཀའ་སྩལ་པ།། སྲིད་པ་ཀུན་ལ་གནོད་པ་ཡི།། འགོང་པོ་ཕོ་མོ་འདི་དག་ནི།། རྣལ་འབྱོར་ཅན་ལ་ལྷ་སླུབས་འཇུག། ཕལ་པ་རྣམས་ལ་མི་སླུབ་འཇུག། བགེགས་དང་འབྲས་ལ་བགེགས་སླུབས་འཇུག། ཡུལ་བརྒྱུད་གང་ཟག་བརྒྱུད་པར་བྱེད།། སྐྱེ་བ་བརྒྱུད་དང་སྤྲུལ་པ་བརྒྱུད།། དངོས་པོ་བརྒྱུད་ནས་གནོད་པར་བྱེད། ། རྐུ་ཞིང་ངོ་སྦེད་སྣ་ཚོགས་སྟོན།། འདི་དག་དྲག་ཏུ་གདོན་གྱུར་ན།། ཀླུ་བདུད་ཀླུ་བཙན་མེས་པོ་དང།། མ་མོ་མཚོ་སྨན་མ་སྲུ་དང།། དཀར་ནག་རྒྱལ་འགོང་བཅོས་པ་ཤིས།། རྒྱབ་རྟེན་ཕྲལ་ནས་སྣ་འདྲེན་བསད། ། མི་དཀར་རྟ་དཀར་འབག་སེང་དང།། ལྷ་ཁང་བྱུང་ན་དཀར་པོ་བཅོས།། མི་ནག་རྟ་ནག་དར་ནག་དང།། ལྷ་ཁང་ནག་མཐོང་ནག་པོ་བཅོས།། རླན་དང་ན་ཀླུང་ཆུ་མིག་ཚན།། ཀོ་མོག་རྒྱ་མཚོ་ཀླུ་གཉན་བཅོས། ། དྲག་རི་གཟར་པོ་རི་རྩེ་ཟང།། བྲག་དམར་བཙན་བདུད་ཀླུ་ཡང་བཅོས།། གད་ཕུག་ཁང་སྟོང་ཐིགས་པ་ཅན།། ཁང་རུལ་དམ་ཅན་བསད་པ་རྩོམ།། སྦྲང་བུ་སྦུར་བ་བ་ལང་མཛོ།། གནག་མཐོང་ས་བདག་ས་སྲིན་བཅོས། ། བྱ་དང་བུད་མེད་རལ་པ་ཅན།། ཁྱི་མོ་ནག་མོ་དམ་ཅན་བསད།། རྟ་དང་བུ་ཆུང་སྤྲེའུ་དང།། བྱི་ལ་བཙུན་པ་རྒྱལ་འགོང་བསད།། མ་སྨད་མིང་སྲིང་བུ་ཆུང་ཅན།། ཕོ་མོའི་གྲོགས་དང་རོག་ས་འགྲས། ། རྒྱལ་འགོང་ཕོ་མོ་སྲོག་རྩ་གཅད།། བཙུན་པ་སྤྲང་པོ་ངན་པའི་བཙོས།། བེག་ཏེ་ལྟོག་འགོང་དྲུང་ནས་གདོན།། དེ་ལ་སོགས་པ་དུད་འགྲོའི་ཚོགས།། འབྱུང་པོ་ལ་སོགས་ཐ་དད་རྫུ།། ངེས་པར་བརྟག་ལ་གནད་སྲོག་གཏེམ། ། བེ་ཕུར་ཧོར་སྨུག་བྱ་ཡི་མཆུ།། སྤྲུལ་པར་བཅས་པ་རྡུལ་དུ་བརླག། སྤུན་གསུམ་སྤྲུལ་པར་བཅས་པ་ཡང།། རྒྱབ་དང་ཕྲལ་ནས་བརླག་པར་བྱ།། ཀླུ་གདོན་གཉན་སོགས་བྲིད་ཅིང་བསྡིག། དཀོར་དུ་མངའ་གསོལ་འགོང་པོ་རྣམས། ། དཀོར་འབོག་རྒྱལ་ཁྲིམས་ལ་ལ་བཀར།། བསྒྲུབ་པས་འཁོར་བྱུང་དམ་ལོག་བསླུས།། ཤི་སའི་འཁོར་ལོ་བསྐོར་ཞིང་མནན།། གསོ་བ་ཆུ་བོའི་གཞུང་ལ་བཏང།། རྦད་པ་ཕྱིར་བསད་ལོག་འཁོར་བསྐོར། ། སྨྱོ་འབོག་སྐར་ཆུ་ཡུངས་ཀར་དང།། གུ་གུལ་བདུག་ཅིང་བྲབ་པར་བྱ།། སྡེ་གནོད་ནང་ནུབ་དུས་གསུམ་བརྡུང།། དུས་དུས་གནད་ལ་ཕུར་བུ་གདབ།། ཕུང་པོ་བསྲེག་ཅིང་ཤ་ཁྲག་བསྟབ། ། འཁྲུལ་པའི་རྟོག་གཞི་གནན་པར་བྱ།། མཆོད་རྟེན་ལྷ་ཁང་རྒྱ་གྲམ་ལམ།། རྣལ་འབྱོར་མལ་འོག་ཐེམ་སྒོ་དང།། ཕྱུགས་ར་བྲེས་དང་མ་སྒྱེད་སོགས།། གང་ལ་གནོད་པའི་ལམ་གནས་སུ།། གནན་པ་བྱས་ན་ནུས་པ་འཇིག། ཅེས་གསུངས་སོ།། རྡོ་རྗེ་ཕུར་པ་གསང་བའི་སྔགས་རྒྱུད་ལས་རྟགས་ཀྱིས་ངོས་བཟུང་ཞིང་ལས་ཀྱི་གནད་བཅད་པའི་ལེའུ་སྟེ་བཅུ་གཉིས་པའོ།།།། དེ་ནས་ཡང་ཞེ་སྡང་གི་རྒྱལ་པོ་རྡོ་རྗེ་གཞོན་ནུས་བཀའ་སྩལ་པ། རས་སམ་གྲོ་ག་ཤོག་ཤོག་གམ།། ཞིང་རས་ལ་སོགས་འཁོར་ལོ་ཡི།། རྫས་ལ་སྲིད་པའི་ལྟོ་བ་བྲི།། གཅོད་པའི་འཁོར་ལོ་རྩིབས་བཞི་པ།། བསད་དང་མནན་དང་བཟློག་དང་བསྐྲད། ། གསོ་དང་སྲུང་དང་ཤི་ས་དང།། ཇི་ལྟར་དམིགས་པ་དེ་བཞིན་བྲི།། ཕོ་དང་མོ་ཡི་འཁོར་ལོ་བརྩམ།། སྔགས་དང་སྲོག་དང་མིང་ཡིག་དགོད།། བསྲུང་བ་རྡོ་རྗེ་ཁོང་པར་བྲི།། བུ་སྨད་ནོར་ཕྱུག་གང་དམིགས་གདགས། ། གུ་གུལ་མུ་ཟི་སྒོག་པ་སོགས།། སྨེ་རྫས་གདགས་ཤིང་དུད་པས་བསྐོར།། འབྱུང་པོ་ལྷ་ཡི་ཕྲ་མེན་བཅས།། སྲིད་གསུམ་ཁྱབ་ཅིང་ཉུལ་བྱེད་པ།། འདི་དག་མ་བཅོས་མ་བཀར་ན།། བྱས་པའི་ལས་རྣམས་དོན་མེད་འགྱུར། ། འདི་དག་བཅོས་བཀར་སྤྲུལ་པ་བསྒྲལ།། འཇིག་རྟེན་ཁྱབ་ཅིང་དབང་བྱེད་པ།། དམ་ལོག་སྡེ་གསུམ་དངོས་པོའི་སྲོག། ཤི་ནས་རང་སྲོག་རང་གིས་བཅད།། སྲོག་དང་མིང་དང་ཤེས་པའི་རྟེན། ། སྙིང་གི་དཀྱིལ་འཁོར་གནས་པ་དེ།། ཕོ་གཡས་མོ་གཡོན་བསྐོར་བར་བསྒོམ།། འགུགས་པར་བྱེད་པ་ཧུར་ཐུམས་ཛ།། ཡ་མ་ཏྲིག་ནན་འབྲུ་བཞིས་གཟིར།། མཱ་ར་ཡ་རྦད་གཅོད་པའི་མཚོན།། དགུག་དང་བཅིང་དང་བསྟིམ་དང་གཞུག། བྲུལ་དང་རྩེག་དང་གཏོར་དང་བསྐྲད།། བསད་དང་བསྲེག་དང་གནན་དང་བཀར།། སྔགས་ཀྱིས་སོ་སོར་གང་དམིགས་པ།། སྐྱེས་བུ་ཤེས་རབ་རིག་པས་ཟུང།། ཞེས་གསུངས་སོ།། རྡོ་རྗེ་ཕུར་པ་གསང་བའི་སྔགས་རྒྱུད་ལས་སྲོག་གི་འཁོར་ལོ་བསྐོར་བའི་ལེའུ་སྟེ་བཅུ་གསུམ་པའོ། །།། དེ་ནས་ཡང་ཞེ་སྡང་གི་རྒྱལ་པོ་དཔལ་རྡོ་རྗེ་གཞོན་ནུས། ལྷ་རྣམས་ལས་ལ་གཞུག་པ་འདི་གསུངས་སོ།། དང་པོ་དབྱིངས་ལས་ཡེ་ཤེས་བསྐྱེད། ། སྟོང་བདག་མེད་པའི་སྙིང་རྗེ་བསྒོམ།། རིག་པ་གནས་པའི་སྒྱུ་འཕྲུལ་ཧཱུཾ།། རྟོག་པ་གཞིལ་ཅིང་ཞལ་ཡས་བསྐྱེད།། འབྲུབ་ཁུང་བྷ་ག་ཁྲོ་མོའི་གཏུན།། གསང་བ་ཡུམ་གྱི་དཀྱིལ་འཁོར་དུ། ། འདི་ལྟར་སྣང་བ་རྣམ་པར་བསྒྱུར།། རྡོ་རྗེ་ཁྲོ་བོའི་གཏུན་ཚོགས་ཀྱང།། གསང་བ་ཡབ་ཀྱི་ཕུར་པ་བསྐྱེད།། རྡོ་རྗེ་འཁོར་ལོའི་མཁའ་གསང་ནས།། འབར་བའི་ཁྲོ་བོ་ཕྱུང་ནས་ཀྱང།། ཕྱོགས་བཅུར་དྲེགས་པའི་གདན་ལ་གདབ། ། ཁྲོ་བོ་ཁྲོ་མོའི་མཁའ་ཀློང་ནས།། ཟ་བྱེད་འགུག་པའི་ཕོ་ཉ་འགྱེད།། དཔའ་བོ་དཔའ་མོའི་སྦྱོར་མཚམས་ནས།། སྲས་མཆོག་རྡོ་རྗེ་ཁྲོ་བོ་བསྐྱེད།། དབང་བསྐུར་བྱིན་བརླབ་གཟི་བྱིན་བསྐྱེད། ། དཀྱིལ་འཁོར་རྣམ་གསུམ་ལྷ་ཚོགས་ལ།། སྤྱན་དྲང་བཞུགས་བསྟིམ་མཆོད་བསྟོད་བྱ།། སོ་སོའི་སྙིང་པོས་བསྙེན་བྱས་ཏེ།། ཐུགས་དམ་བསྐུལ་ཞིང་ཕོ་ཉ་འགྱེད།། ཡེ་ཤེས་སྤྲུལ་པ་ཕོ་ཉ་རྣམས།། མགྱོགས་བྱེད་ཐུགས་རྗེས་མངགས་པའི་གིང། ། སྲིད་གསུམ་ཐམས་ཅད་གང་བྱས་ཏེ།། སྲིད་པའི་ཁྱམས་ཁང་བཙོན་དོང་དུ།། རྡོ་རྗེ་ཕུར་པའི་གྲུ་ཆར་དབབ།། སྔགས་ཀྱི་འཁོར་ལོ་མེ་ལྟར་འབར།། ལྕགས་ཀྱི་ཚ་ཚ་བརྡབ་པ་བཞིན། ། དྲུག་གི་ཕོ་ཉས་ལས་ལ་སྦྱར།། ཕྱག་རྒྱ་རྣམ་བཞིས་ཀུན་ཏུ་ཁྱབ།། དྲག་པོའི་རྩལ་ལྡན་ཀུན་གྱིས་གྲུབ།། བསོད་ནམས་ཚོགས་ཆེན་རྫོགས་པ་དང།། སྔགས་གྲུབ་དབང་དང་ལྡན་པ་ལ།། འདུལ་སྡོམ་རྣམ་པར་དག་པས་ཀྱང། ། འདི་དག་ཚར་བཅད་དངོས་གྲུབ་ཐོབ།། དེ་དག་ལྡན་པར་མ་གྱུར་ཀྱང།། འདི་དག་བསྒྲལ་ལས་མ་བྱས་ན།། དངོས་གྲུབ་བདུད་ཀྱི་ལག་ཏུ་ཤོར།། ཤིན་ཏུ་བརྩོན་པས་བསྒྲལ་བར་བྱ།། དུས་གསུམ་རྒྱུན་དུ་གསད་ཅིང་གནན། ། དེ་ལྟར་བྱས་ན་འབྲས་བུ་ཐོབ།། ཅེས་གསུངས་སོ།། རྡོ་རྗེ་ཕུར་པ་གསང་བའི་སྔགས་རྒྱུད་ལས་ཕོ་ཉས་ཚར་བཅད་པའི་ལེའུ་སྟེ་བཅུ་བཞི་པའོ།།།། དེ་ནས་ཡང་ཞེ་སྡང་གི་རྒྱལ་པོ་རྡོ་རྗེ་གཞོན་ནུས། ། སྲི་ཅན་དྲུངས་ནས་འབྱིན་པའི་ལས་བཀའ་སྩལ་ཏོ།། མི་ཡི་སྲིད་པ་དང་པོ་ལ།། དབུས་ཀྱི་རི་བོ་མཆོག་རབ་སྲིད།། རི་རབ་ཀྱི་ནི་དབུས་ནས་ཡར།། དཔག་བསམ་ཤིང་གི་ལྗོན་ཤིང་སྲིད། ། དཔག་བསམ་ཤིང་གི་རྩེ་མོ་ལ།། བདུད་ཕོ་ཐོད་པའི་ཕྲེང་བ་དང།། བདུད་མོ་ནག་མོ་བཞིན་མི་སྡུག། ཚོགས་པའི་མིང་སྲིང་བཅུ་གཅིག་ནི།། གང་ན་དཀར་པོའི་ལས་དར་ལ།། དེ་ན་ཕུང་བའི་སྲི་ཅན་ཏེ།། འདི་དག་རྣལ་འབྱོར་ཅན་གྱིས་གདུལ། ། རྒྱལ་དང་བློན་དང་དམངས་དང་གསུམ།། དགྲ་སྲི་དམེ་སྲི་སྒོ་སྲི་དང།། ཆུང་སྲི་དུར་སྲི་གོད་སྲི་དང།། དམ་སྲི་དབྱལ་མོའི་གོང་སྲི་མནན།། རྒྱལ་པོ་ཕུང་བྱེད་ཕུང་སྲི་ནི།། རིགས་ངན་ཧོར་མོ་སྦྱི་རིངས་མགོར། ། ཆོས་འཁོར་དབུས་སུ་གནན་པར་བྱ།། བློན་པོ་ཕུང་བའི་ཕུང་སྲི་ནི།། ཕ་ཝང་ནེ་ཙོ་སྤྲེ་ཐོད་དུ།། མདུན་ས་ཆེན་པོར་གནན་པར་བྱ།། དམངས་རྣམས་ཕུང་བའི་ཕུང་སྲི་ནི།། སྤྲེའུ་མཛོ་རྟོལ་ཐོད་པ་རུ། ། ཡུལ་གྱི་དབུས་དང་ཡུལ་མདོར་མནན།། དགྲ་བོས་ཕུང་བའི་ཕུང་སྲི་ནི།། རྟ་དང་གཡག་དང་ར་ཐོད་ལ།། སོ་མཚམས་ལམ་གྱི་རྒྱ་གྲམ་གནན།། དམེ་ཡིས་ཕུང་བའི་ཕུང་སྲི་ནི།། གཡི་དང་གསའ་དང་སྤྱང་ཐོད་དུ། ། གྲོང་བརྡལ་ཆེན་པོའི་དབུས་སུ་མནན།། སྒོ་སྒོ་སྲི་ཅན་ལངས་པ་ནི།། ཁྱི་དང་ཕག་པའི་ཐོད་པ་རུ།། གནས་པའི་སྒོམ་པའི་ཐེམ་པར་མནན།། སྐྱེ་རྒྱུད་གཅོད་པའི་ཆུང་སྲི་ནི།། ཁྱི་ཕག་ཕྲུ་གུ་སྲེ་བྱའི་མགོར། ། མ་གནས་མལ་གྱི་འོག་ཏུ་མནན།། རིགས་ཚན་གནས་པའི་དུར་སྲི་ནི།། སེ་བྱ་གྲུན་པ་ཝ་ཐོད་དུ།། དུར་གྱི་འདབས་སུ་གནན་པར་བྱ།། རྣལ་འབྱོར་ཕོ་མོའི་དམ་སྲི་ནི།། མི་ཕག་ར་ཁྱིའི་སོག་པ་ལ། ། མཆོད་རྟེན་དཀྱིལ་འཁོར་འོག་ཏུ་མནན།། དབྱལ་མོ་གོང་གི་སྲི་ཅན་ནི།། ཁྱི་དཀར་ཤ་བའི་ཐོད་པ་རུ།། ལམ་དང་ལ་བཙས་ཆེན་པོར་མནན།། ནོར་ཕྱུགས་གོད་འགྲམས་གོད་སྲི་ནི།། ལུ་གུ་བེའུ་རིའུ་ཐོད་དུ། ། ནོར་ཕྱུགས་གནས་པའི་ར་བར་གནན།། ཕུང་བར་བྱེད་པའི་སྲི་ཅན་ནི།། ཚེ་རབས་སྔོན་གྱི་ལན་ཆགས་འདེད།། དུས་འདི་ཉིད་དུ་འབབ་པར་འགྱུར།། རྣལ་འབྱོར་རྣམས་ཀྱི་སྐུ་དགྲར་འགྱུར།། སྲི་ཅན་བསྒྲལ་བའི་ཞིང་ཡིན་པས། ། གསང་བའི་གནས་སུ་འདུས་ཚོགས་ནས།། སློབ་དཔོན་སྐུ་ལ་ཕྱག་འཚལ་ཏེ།། གནོད་པར་བྱེད་པའི་ཕུང་སྲི་དང།། སྡང་བར་བྱེད་པའི་དགྲ་བོ་གཉིས།། སྦྲགས་ཏེ་རྒྱ་གད་དྲག་པོས་བརྒལ། ། སངས་རྒྱས་བསྟན་པ་ཁྱོད་ཀྱིས་བཤིག། དཀོན་མཆོག་དབུ་འཕང་ཁྱོད་ཀྱིས་སྨད།། དགེ་ལ་རྒྱབ་ཀྱིས་ཁྱོད་ཀྱིས་ཕྱོགས།། ཡོན་བདག་རྣམས་ལ་གནོད་པ་བྱས།། སྔགས་འཆང་རྣམས་ཀྱི་སྐུ་ལ་བསྡོས།། ཚེ་རབས་སྔ་མའི་ལན་ཆགས་པ། ། སྡང་བར་བྱེད་དང་གནོད་པའི་བགེགས།། སྐད་ཅིག་ཙམ་གྱིས་ཕུང་བར་བྱ།། གྲུ་གསུམ་འབར་བ་འདིར་སྩོལ་བས།། ནོར་གྱིས་དོགས་པའི་མིང་རུས་འདི།། རྡོ་རྗེ་ཁྲོ་བོ་འཁོར་བཅས་ཀྱིས། ། ཁྱེད་ཀྱིས་བྱིན་གྱིས་བརླབ་ཏུ་གསོལ།། སྲི་ཅན་འདི་ལས་འདྲེ་ཆེ་མེད།། སྲི་ཅན་འདི་ལས་ཚེ་རིང་མེད།། ཚ་བའི་དབལ་དང་གསོན་གྱི་བདུད།། གཤིན་གྱི་ལྕགས་སུ་ཆེ་བའི་སྲི།། ཆུང་སྲི་རྒྱལ་བློན་དམངས་ཀྱི་སྲི། ། རྗེ་ཁོལ་ཞང་པོ་ཚ་ཡི་སྲི།། ཕ་སྲི་བུ་སྲི་ཕུ་ནུའི་སྲི།། དགྲ་སྲེ་དམེ་སྲི་ཡོད་མེད་སྲི།། དུར་སྲི་གོད་སྲི་སྒོ་སྲི་རྣམས།། སྲི་ཅན་མ་ལུས་གདུལ་བའི་ཕྱིར།། དཔལ་ཆེན་ཁྲོ་བོ་སྐུར་བསྒོམས་ནས།། ཐམས་ཅད་རྡུལ་དུ་བརླག་པར་བྱ། ། རྡོ་རྗེ་གཞོན་ནུས་ཕུར་གདབ་བྱ།། གཤིན་རྗེ་ནག་པོའི་ལྟོ་བར་གཞུག། ཡ་མ་རཱ་ཛའི་ཟས་སུ་སྦྱིན།། མ་མོ་རྣམས་ལ་མཆོད་པར་འབུལ།། ཕོ་ཉ་རྣམས་ཀྱིས་དགུག་འདྲེན་བྱ།། རི་རབ་ཆེན་པོའི་རྨང་དུ་སྦ། ། གཤིན་བུ་རྗེ་ཡི་ལག་ཏུ་གཏད།། རྒྱ་མཚོ་ཆེན་པོའི་གཏིང་དུ་སྒྱུར།། མཚོན་ཆེན་འབར་བའི་རྩེ་མོས་བཅད།། རྡོ་རྗེ་ཕུར་པའི་དཔལ་གྱིས་གདབ།། ཡེ་ཤེས་རྣོན་པོའི་རྩེ་ལ་གཏོང།། རག་ཏ་འབར་བའི་རྦ་ལ་གཡེངས། ། ཡུངས་ཀར་གསེར་མདེའུ་བེ་མདུ་གཟུག། གུ་གུལ་སྦྱར་བའི་དུད་པས་བདུག། དུག་གི་གཏོར་མས་མྱོས་སུ་གཞུག། ལྕགས་ཕྱེ་ཟངས་ཕྱེའི་དབལ་གྱིས་བཅད།། གཏུན་ཁུང་རྡོ་རྗེ་ཐོ་བས་བརྡུང།། ཁྲོ་བོ་རོལ་པའི་ཚོགས་སུ་དབུལ། ། ཕོ་མོའི་སྙིང་ལ་སྙིང་གཟིར་གདབ།། དེ་ལྟར་བྱས་ན་གདོན་མི་ཟ།། ལས་རྣམས་བརྩམ་པ་ཐམས་ཅད་འགྲུབ།། ཅེས་གསུངས་སོ།། རྡོ་རྗེ་ཕུར་པ་གསང་བའི་སྔགས་རྒྱུད་ལས་སྲི་གདོན་མནན་ཅིང་བྲུབ་པ་ལས་ཀྱི་ལེའུ་སྟེ་བཅོ་ལྔ་པའོ། །།། དེ་ནས་ཞེ་སྡང་གི་རྒྱལ་པོ་དཔལ་རྡོ་རྗེ་གཞོན་ནུས། སེམས་དཔའ་ཆེན་པོ་ལ། བསྟན་པ་བཟུང་བ་གཏད་པ་འདི་གསུངས་སོ།། ཀྱེ་ཀྱེ་གསང་བའི་བདག་པོ་དཔལ། ། སེམས་དཔའ་ཆེན་པོའི་རིག་འཛིན་རྣམས།། བསྟན་པ་དུས་ཀྱི་ཐ་མའི་ཚེ།། ལྔ་བརྒྱ་དུས་ཀྱི་སྙིགས་མ་ལ།། སེམས་ཅན་ཉོན་མོངས་སྙིགས་མ་རྒྱས།། དེ་རུ་ལོག་པ་རྣམ་གསུམ་གྱི། ། བསྟན་པ་དར་ཞིང་ཐར་ལམ་བགེགས།། རྣལ་འབྱོར་ཅན་རྣམས་སླུ་བར་བྱེད།། དངོས་གྲུབ་ཐོབ་པའི་བར་དུ་གཅོད། སེམས་ཅན་ཁ་ལོ་ལོག་པར་སྒྱུར།། ཀུན་ཀྱང་མ་རུངས་ཕུང་བར་བྱེད།། དེ་རུ་སྐལ་ལྡན་དོན་ཡོད་ཅིང། ། དངོས་གྲུབ་ཐོད་དང་རྟགས་ཕྱིན་དང།། དཔལ་འཕེལ་དབང་ཐང་དར་བ་དང།། འབྲུ་དང་བང་མཛོད་ལྡན་པ་དང།། བདེ་སྐྱིད་བསམ་པ་འགྲུབ་འདོད་པས།། རྡོ་རྗེ་ཕུར་པ་སྔགས་ཀྱི་རྒྱུད།། ཕྲིན་ལས་གསང་བ་རྫོགས་པའི་ལུང། ། འབར་བའི་ཁྲོ་བོ་རོལ་པ་འདི།། སྤྱད་ཅིང་ཟུང་དུ་གཟུང་བར་གྱིས།། ཞེས་གསུངས་ཏེ་ཅང་མི་གསུང་བར་བཞུགས་སོ།། སེམས་དཔའ་ཆེན་པོས་གསོལ་པ། བཅོམ་ལྡན་འདས་ཞེ་སྡང་གི་བདག་པོ་ཆེན་པོ། མ་འོངས་པ་དོན་ཡོད་པར་བྱ་བའི་ཕྱིར།། ཁྲོ་མོ་འབར་བའི་གཏུན་ཁུང་དང།། ཁྲོ་བོ་འབར་བའི་གཏུན་ཚོགས།། གཏུན་ཁུང་རྡོ་རྗེ་ཐོ་བ་བཀའ་སྩལ་པ་ངོ་མཚར་རོ།། ཨ་ལ་ལ་ཧོ།། རྗེས་སུ་ཡི་རང་ངོ། ། དོན་ཐམས་ཅད་ལྷུན་གྱིས་གྲུབ་པར་བྱའོ།། ཞེས་གསོལ་ཏེ་འཁོར་དང་བཅས་པ་རྗེས་སུ་ཡི་རངས་ཏེ་མངོན་པར་བསྟོད་དོ།། བཅོམ་ལྡན་འདས་ཟག་པ་མེད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། ཆོ་འཕྲུལ་སླར་བཏུལ་ཏེ་གནས་པར་གྱུར་ཏོ། ། རྡོ་རྗེ་ཕུར་པ་གསང་བའི་སྔགས་རྒྱུད་ལས་གཏད་ཅིང་བཟུང་བའི་ལེའུ་སྟེ་བཅུ་དྲུག་པའོ།།།། ཨུ་རྒྱན་གྱི་མཁན་པོ་པདྨ་ཐོད་ཕྲེང་གིས།། བི་དྱོཏྟ་མ་འབུམ་སྡེའི་ཏནྟྲ་ལས་ཕྱུང་བ། བོད་ཡུལ་དབུས་ཀྱི་བསམ་ཡས་བདུད་འདུལ་སྔགས་པའི་གླིང་དུ། ལྕེ་ཛྙཱ་ཀུ་ཀུ་ར་དང། བྲང་ཏི་ཛ་ཡ་རཀྵི་ཏས་བསྒྱུར་ཏེ། མཁར་ཆེན་བཟའ་འཚོ་རྒྱལ་ལ་གཏད་ཅིང་གདམས་པ། རྡོ་རྗེ་ཕུར་པ་གསང་བའི་སྔགས་རྒྱུད་ལས་གསང་བའི་ཕྲིན་ལས་རྫོགས་པ་འབྱུང་པོ་ཀུན་འདུལ་ཞེས་བྱ་བའི་རྒྱུད་རྫོགས་སོ། །།། རྒྱ་གར་སྐད་དུ། བཛྲ་ཀཱི་ལ་ཡ་གུ་ཧྱ་ཏནྟྲ་ཨུ་པ་དེ་ཤ། བོད་སྐད་དུ། རྡོ་རྗེ་ཕུར་པ་གསང་བ་གདམས་ངག་ཅན་གྱི་རྒྱུད།
CLOSE WINDOW