CLOSE WINDOW

Gpb028.002: ཕུར་པ་གསང་བའི་དགོངས་རྒྱུད་ཆེན་པོ
Wylie

། འཁོར་བ་མ་སྟོངས་བར་དུ་ན།། ཞལ་བསྲོ་བཀྲ་ཤིས་དབང་བསྐུར་མངའ་གསོལ་ནས།། སྐུ་གཟུགས་མཆོད་པའི་རྟེན་དུ་དེ་ཉིད་བྱའོ།། མཆོད་རྟེན་ཀྱི་དེ་ཁོ་ན་ཉིད་ནི། དང་པོར་དད་ལྡན་རྣལ་འབྱོར་དོན་སྤྱོད་པས། ། གཟུགས་བརྙན་མཆོད་རྟེན་མངོན་བཞེངས་ན།། སྔགས་མཁན་རབ་ཀྱི་བློ་ལྡན་པས།། རྩེ་གཅིག་ཏིང་འཛིན་བྱ་བ་ནི།། འོག་གི་འགྲམ་བཏིང་དགེ་བ་བཅུ།། བང་རིམ་དང་པོ་དྲན་པ་ཉེར་གཞག་བཞི།། གཉིས་པ་ཡང་དག་སྤོང་བ་བཞི། ། གསུམ་པ་རྫུ་འཕྲུལ་རྐང་པ་བཞི།། བཞི་པ་སྣང་བའི་དབང་པོ་བཞི།། བུམ་རྟེན་སྣང་བའི་དབང་པོ་ལྔ།། བུམ་པ་བྱང་ཆུབ་ལན་ལག་བདུན།། སྲོག་ཤིང་མཁྱེན་པ་བཅུ་ཡིན་ཏེ།། འཁོར་ལོ་བཅུ་གསུམ་སྟོབས་བཅུ་ཉེར་གཞག་གསུམ། ། ཆར་ཁེབས་སྐྱབས་ཆེན་ཐུགས་རྗེའི་བདག་ཉིད་དེ།། བྱ་རུ་ཐབས་དང་ཤེས་རབ་ལ།། ཏོག་ནི་མི་དམིགས་ཆོས་ཀྱི་སྐུ།། དྲིལ་བུ་ཆོས་ཉིད་སྟོང་པའི་སྒྲ།། དར་འཕྱངས་འཁོར་བའི་ཐབས་ལས་འདས། ། རྒྱུ་འབྲས་ཆོས་ལས་གྲུབ་པའི་སྐུ་མཆོག་ལ།། སྐུ་ཕྱི་སྐུ་ཁྲུས་གསོལ་ཏེ་གཞལ་ཡས་བསམ།། དེ་ཉིད་མ་ནོར་བསམ་པའི་གཞལ་ཡས་སུ།། སྐུ་གསུང་ངོ་བོ་གང་ཡང་རུང་བའམ།། འདི་ནི་སྤྲུལ་པའི་སྐུ་ཉིད་དེ། ། སྤྱན་དྲང་བསྟིམ་མཆོད་དོན་གསོལ་གདབ།། ཕྱི་མཐའ་མུ་ཡི་བར་དུའམ།། འཁོར་བ་མཐའ་བརླགས་བར་དུ་ནི།། སྐུ་གདུང་མཆོད་པའི་རྟེན་དུ་བཞུགས།། གླེགས་བམ་དེ་ཉིད་བསྟན་པ་ནི།། གླེགས་བམ་ཐབས་དང་ཤེས་རབ་ལ། ། ཤོག་བུ་ཐེག་པའི་ས་གཞི་སྟེ།། ཞི་གནས་ལྷག་མཐོང་ཞིང་ནི་རྒྱགས།། དབྱིངས་དང་ཡེ་ཤེས་ཁ་རྒྱགས་གཉིས།། ཐིག་ནི་མ་ནོར་བདེན་པའི་ལམ།། དམིགས་སྐོར་ཆོས་དབྱིངས་སྤྲོས་དང་བྲལ། ། སྙུག་གུ་རིག་པའི་ཡེ་ཤེས་ཏེ།། བྱང་ཆུབ་སེམས་རྟགས་སྣག་ཚ་ཡིས།། ཡི་གེ་གསུང་གི་ཕྱག་རྒྱ་བྲི།། བྱེད་པ་པོ་ནི་དམ་ཚིག་ཅན།། ལེགས་ཤིང་ཚད་དང་ལྡན་བྱས་ནས།། སྔགས་མཁན་དམ་ཚིག་བློ་ཅན་གྱིས། ། དུས་གསུམ་བཞུགས་པའི་སངས་རྒྱས་དེ།། གསུང་གི་དེ་ཉིད་བྱིན་བསྡུས་ནས།། གླེགས་བམ་ཉིད་ལ་བསྟིམ་པར་བྱ།། དེ་ཉིད་འཇིག་རྟེན་མ་སྟོངས་པར།། གནས་པར་བྱས་ཏེ་ཞལ་བསྲོས་ལ།། དེ་ཡི་དོན་བསྒྲགས་ཆོས་ཀྱི་ཆར་ཕབ་པས། ། འགྲོ་བའི་ཤེས་བཀྲོལ་བདེ་གཤེགས་གསུངས་བརྙེས་ཏེ།། གླེགས་བམ་དེ་ཉིད་དུས་གསུམ་མཆོད་པའི་རྟེན་དུ་བཞུགས།། བགྲང་ཕྲེང་དེ་ཉིད་བསྟན་པ་ནི།། རག་ཤའམ་ནི་རང་སུ་ཡིས། ། ཡང་ན་གདུག་པའི་ཚེར་མའི་ཤིང།། ཕྲེང་བ་ཆེན་པོ་བརྒྱད་ཉིད་ནི།། བ་སུ་ཏའམ་རྒྱུས་ཆེན་ལ།། དགུ་སྒྲིལ་དག་ཏུ་བྱས་ནས་ནི།། བརྒྱུས་པའི་མདོ་ལ་བསྙེན་ཕུར་གདགས།། མཐེ་བོང་མཐེ་ཆུང་གཉིས་ཀྱིས་བགྲང། ། བདག་ཉིད་མི་ཕྱེད་དཔལ་ཡིན་ཏེ།། ཕུར་པ་སྲས་མཆོག་ཀཱི་ལ་ཡ།། ཕྲེང་བ་ཡི་གེ་བཅུ་དགུ་སྟེ།། ཕྲེང་ཐག་དབུགས་ཀྱི་རྟ་ཉིད་དོ།། ཕར་འགྲོ་བ་དང་ཚུར་འདུས་པ།། མགལ་མེ་ཀླད་ལ་བསྐོར་བའམ། ། ལྕགས་ཀྱི་ཚ་ཚ་བརྡབས་པའམ།། གསེར་གྱི་བ་ཐག་གཟིངས་པ་བཞིན།། ཕར་འགྲོ་ཚུར་འདུ་རྒྱུན་མི་གཅད།། བགྲང་ཕྲེང་དེ་ཉིད་དོན་ལ་གནས་པར་བྱ།། རྡོ་རྗེའི་དེ་ཉིད་བསྟན་པ་ནི།། གནམ་ལྕགས་ཐོག་གི་ལྕགས་དག་གམ། ། ཕལ་པའི་ལྕགས་ནི་གང་རུང་ངམ་ཡང་ན།། ཤིར་ཤིང་ལ་སོགས་གདུག་པའི་ཤིང་ཉིད་ལ།། རྡོ་རྗེ་རྩེ་མོ་ལྔ་པ་ནི།། ལྟེ་བ་པདྨ་གཉིས་བསྐོར་བྱ།། དེ་ལ་ངེས་པའི་བློ་ཅན་གྱིས།། ཐབས་ཀྱི་ཕྱག་རྒྱར་གསལ་བར་བསམ། ། ལྟེ་བར་དཔལ་ཆེན་འབར་བ་ཉིད།། ཡར་གྱི་རྩེ་ལ་སྲས་མཆོག་ལྔ།། མར་གྱི་རྩེ་ལྔ་གསང་བའི་མཚན་ཉིད་དོ།། ཡར་འབུམ་མར་འབུམ་སྟེང་འོག་ཁྲོ་བོ་སྟེ།། པདྨ་བརྒྱད་ལ་ཕྱོགས་མཚམས་ཁྲོ་བོའོ། ། ཧཱུ~ཾ། ཡེ་ཤེས་འབར་བའི་རྡོ་རྗེ་འདི།། ཁྲོ་རྒྱལ་འབར་བའི་ཐབས་ཀྱི་སྐུ།། བདེ་ཆེན་ཡབ་ཡུམ་སྐུ་བཞུགས་པ།། དགྱེས་པ་མཆོག་གི་ཕྲིན་ལས་མཛད་དུ་གསོལ།། རྡོ་རྗེའི་དེ་ཉིད་རབ་ཏུ་གནས་པར་བརྟག། དྲིལ་བུའི་དེ་ཉིད་བསྟན་པ་ནི། ། འཁར་བ་དང་ནི་ལྗོན་དམར་ལ།། དྲིལ་བུ་ཚང་དང་ལྡན་པར་བྱ།། རྣལ་འབྱོར་ངེས་པའི་བློ་ཅན་གྱིས།། དེ་ཉིད་ཤེས་རབ་རིག་པའི་གཞལ་ཡས་ཁང།། རྣལ་འབྱོར་ཁྲོ་མོའི་དཀྱིལ་འཁོར་དགོད།། ལྟེ་བ་ཟླུམ་པོ་འཁོར་ལོ་རྒྱས་འདེབས་མ། ། རྭ་ལྔ་རྒྱས་འདེབས་ཡུམ་ལྔ་སྟེ།། ལུང་ནི་བྷ་གའི་མཚན་ཉིད་ཡིན། སྤྱི་ཡི་རྩེ་དང་ལྕེ་ལ་ནི།། སྟེང་འོག་ཁྲོ་མོ་རྣམ་པར་བསམ།། པདྨ་འདབ་མ་བརྒྱད་པོ་ལ།། ཕྱོགས་མཚམས་ཁྲོ་མོ་རྣམ་པར་བསམས། ། རང་བཞིན་ཤེས་རབ་ཁྲོ་ཚོགས་རྣམས།། རྡོ་རྗེ་དབྱུག་སྦྱུགས་པས་སྤྱན་དྲངས་ནས།། ཤེས་རབ་མ་ལ་བསྟིམ་མཆོད་བསྒྲུབ།། དེ་ཡི་སྒྲ་བསྒྲགས་དུས་གསུམ་རྒྱལ་བ་མཉེས།། འཁོར་བའི་སྒྲིབ་པ་དག་པར་འགྱུར། ། ཧཱུ~ཾ། ཤེས་རབ་ཆེན་པོའི་རང་བཞིན་དེ།། ཆོས་ཉིད་སྟོང་པ་ཆེན་པོའི་སྒྲས།། འཁོར་བའི་བག་ཆགས་ཟིལ་གྱིས་གནོན།། དུས་གསུམ་རྒྱལ་བ་ཀུན་ཀྱང་མཉེས།། དྲིལ་བུའི་དེ་ཉིད་མཆོག་ཏུ་བཤད།། མཆོད་རྫས་དེ་ཉིད་བསྟན་པ་ན། ། ཕྱི་ནང་གསང་བའི་མཆོད་རྫས་གང་ལ་ཡང།། དབུལ་གནས་འབུལ་བྱེད་དབུལ་བའི་རྫས།། ཕུལ་བས་སྒྲིབ་པ་གང་དག་འབྲས་བུ་གང་ཐོབ་དང།། སྔགས་དང་ཕྱག་རྒྱ་ཏིང་འཛིན་དང།། འདི་བརྒྱད་ལྡན་པ་མཆོད་པའི་དེ་ཉིད་དོན། ། མཆོད་པ་དེ་ཉིད་དོན་ལ་བརྩོན་པས་འབད་པར་བྱའོ།། རོལ་མོའི་དེ་ཉིད་བསྟན་པ་ནི།། རྩེ་འཇོ་བྱེད་སྤྱོད་ལ་སོགས་དང།། བླ་རེ་རྒྱལ་མཚན་འཕན་གདུགས་དང།། བ་དན་དར་གྱི་ལྡ་ལྡི་དང། ། བྲོ་གར་གླུ་ཚོགས་ལ་སོགས་དང།། འབུད་དང་བརྡུང་དང་གསིལ་དཀྲོལ་བརྡབ་པ་དང།། སྡུག་མཛེས་མི་སྡུག་འཇིགས་པའི་བྱེ་བྲག་རྣམས།། ཐ་དད་སྣ་ཚོགས་དབུལ་བ་ཡང།། ནམ་མཁའ་སྐྱེ་བ་མེད་པ་ལས། ། མཚན་མའི་ཆོ་འཕྲུལ་འབྱུང་བ་ཡང།། ཕུལ་བས་ཆོས་ཉིད་ངང་ལ་བཞེས།། རོལ་མོ་གཡེང་བའི་རྒྱུ་ཡིན་ཏེ།། མི་གཡེང་ཆོས་ཉིད་གླུར་གྱུར་ཡང།། རོལ་མོའི་དེ་ཉིད་དོན་དམ་རྟོགས་པའོ།། དེ་ཉིད་བཅུ་ཡི་དོན་དམ་གང་རྟོགས་པ། ། རྣལ་འབྱོར་དེ་ནི་ཤེས་རབ་ཅན།། མི་ཞེས་བྱ་བ་བདེར་གཤེགས་ཡིན།། ཞེས་གསུངས་སོ།། རྡོ་རྗེ་ཕུར་པ་གསང་བའི་རྒྱུད་ཆེན་པོ་ལས།། དེ་ཁོ་ན་ཉིད་བཅུའི་རིམ་པ་བསྟན་པའི་ལེའུ་སྟེ་བཞི་བཅུ་ཐམ་པའོ། །།། དེ་ནས་ཡང་རྡོ་རྗེ་འདུས་པས་འདི་སྐད་ཅེས་གསོལ་ཏོ།། དམ་ཆོས་གཞུང་སྤྱོད་རྣལ་འབྱོར་ལ།། བར་ཆད་སྐུ་དགྲ་བྱུང་གྱུར་ན།། གཞན་ཉིད་སྐྲག་པར་བྱ་བའི་ཕྱིར།། ཐོག་དང་སེར་བ་དབབ་པ་དང། ། མི་ནད་ཕྱུགས་ནད་རྒྱུན་མི་འཆད་པར་བཏང་བ་དང།། སྨྱོ་བ་དང་ནི་འབོག་པ་དང།། མྱོས་པ་དང་ནི་རྒྱུག་པ་དང།། འཐབ་ཏུ་གཞུག་དང་བསྐྲད་འགྱུར་ན།། ཐབས་དང་རིམ་པ་ཇི་ལྟར་ལགས། ། དཔའ་བོ་ཁྱོད་ཀྱིས་བཤད་དུ་གསོལ།། ཞེས་གསོལ་པས། གསོལ་བ་ཐུགས་སུ་ཆུད་ནས། གཞན་སྐྲག་པར་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་འདི་སྐད་ཅེས་བཀའ་སྩལ་ཏོ།། དེ་ལ་ཐོག་དབབ་པར་འདོད་པས། ལྕགས་སྣ་ལྔ་ལ་དྲག་པོའི་ཕུར་པ་བྱས་ཏེ།། ཀླུ་ནག་པོའི་གནས་སུ་དཀྱིལ་འཁོར་ནག་པོ་གྲུ་གསུམ་བྱས་ལ།། འབྲས་ཀྱི་ཟན་ལ་ཀླུ་ནག་པོའི་གཟུགས་བྱས་ལ། ཀླུ་ཡི་རྒྱལ་པོ་དགུག་གཞུག་བསྟིམས་ནས། ཕུར་པ་རྡོ་རྗེ་འདུས་པའི་བསྙེན་པ་འབུམ་བྱས་ཏེ། ཀླུའི་རྒྱལ་པོ་དེ་ལ་བཏབ་ནས་ཀླུ་གནད་ལ་བོར་ནས་ཐོག་དུས་སུ་ཕེབས་པར་འགྱུར་རོ།། སེར་བ་དབབ་པར་འདོད་པས། ཤིར་ཤིང་ནག་པོ་ལ་ཕུར་པ་བྱས་ཏེ། འབྲས་སེར་པོའི་ཟན་ལ་ཁྱབ་འཇུག་གཟའི་རྒྱལ་པོའི་གཟུགས་བྱས་ལ། བདག་ཉིད་ལྷ་ཡི་རྣལ་འབྱོར་གྱི་གདེང་དང་ལྡན་པར་བྱས་ལ། ལྕེ་པོག་ནག་པོའི་དུད་པས་བདུག་ཅིང།། ཁྱབ་འཇུག་རྒྱུ་བའི་དུས་སུ། ། ཁྱབ་འཇུག་ཉིད་གཟུགས་ལ་ཕབ་སྟེ། ཕུར་པས་བཏབ་ནས་གནད་ལ་ཕབ་ན།། སེར་བ་དུས་བཞིན་དུ་ཕེབས་པར་འགྱུར་རོ།། མི་ནད་གཏོང་བར་འདོད་པས།། མི་གང་རིམས་ཀྱིས་ཤི་བའི་མཆོག་ཕུར་གཡས་ཐོགས་ལ། དབང་གི་དཀྱིལ་འཁོར་ཟླ་གམ་དམར་པོར་བྱས་ཏེ། རིམས་ཀྱིས་ཤི་བའི་རོ་རས་ལ་བྲམ་ཟེ་ནག་མོའི་མངལ་ཁྲག་གིས་མིང་རུས་བྲིས་ཏེ། ཟི་ར་ནག་པོའི་དུད་པས་བདུག་སྟེ། དགྲ་བགེགས་བཀུག་ལ་བསྟིམས་ནས། པདྨ་འདུས་པའི་བསྙེན་པ་འབུམ་བྱས་ཏེ། ཕུར་པས་བཏབ་ནས་དགྲ་བོའི་ས་ལ་སར་སྦས་ན་མི་ནད་འབར་བར་འགྱུར་རོ།། ཕྱུགས་ནད་གཏོང་བར་འདོད་པས།། སེང་ལྡེང་གི་ཕུར་པ་ཐོགས་ཏེ་ཕྱུགས་ནད་ཀྱིས་ཤི་བའི་སྙིང་ཁྲག་གིས་མ་ཧེ་འམ། རྟ་མཆོག་གི་པགས་པ་ལ། ཕྱུགས་ནོར་གྱི་མིང་བྲིས་ནས་ཕུར་པ་བཏབ་སྟེ།། ཕྱུགས་ལྷས་སམ་བྲེས་སུ་བཏབ་ན། ཕྱུགས་ནད་འབར་བར་འགྱུར་རོ།། སྨྱོ་བར་འདོད་པས་བྲམ་ཟེའི་མཆོག་ཕུར་གཡས་པ་ཐོགས་ལ། ནགས་ཚལ་ཆེན་པོའི་གནས་སུ་དཀྱིལ་འཁོར་ཆེན་པོ་སེར་པོ་གྲུ་བཞི་པ་གཅིག་ཏུ་བྱས་ཏེ། རྩ་ཀུན་མའི་ལོ་མ་ལ་གཟུགས་བྱས་ལ། དྷ་དུ་ར་ཡི་དུ་བས་བདུག་སྟེ། གཟུགས་ལ་ཕན་ནས་ཕུར་པས་ལྕེ་ལ་བཏབ་སྟེ།། ཡི་དྭགས་གནས་པའི་སར་མནན་ན།། མི་དེ་སྨྱོ་བར་འགྱུར་རོ།། མྱོས་འབོག་པར་འདོད་ན། གསེར་ཤིང་ངམ་སྐྱེར་པའི་ཕུར་པ་ཐོགས་ཏེ། རས་སམ་གྲོ་ག་ལ་ཨ་གར་གྱི་ཁུ་བས་མིང་རུས་བྲིས་ལ། གོང་མ་བཞིན་ལས་བྱས་པས་འབྱུང་པོ་གནས་པའི་སར་སྦས་ན་མི་དེ་འབོག་པར་འགྱུར་རོ།། མྱོས་པར་བྱ་བ་འདོད་པས་རྒྱལ་རིགས་ཀྱི་མཆོག་ཕུར་གཡས་པ་ཐོགས་ཏེ། རི་བོ་འདུས་པའི་རྩེར་དཀྱིལ་འཁོར་དཀར་པོ་ཟླུམ་པོ་བྱས་ཏེ། དུག་ཤིང་གི་ལོ་མ་ལ་གཟུགས་བྱས་ཏེ།། ཙནྡན་དཀར་པོའི་ཐང་ཆུས་མིང་བྲིས་ཏེ། མི་ཚིལ་གྱི་དུ་བས་བདུག་སྟེ།། བུདྡྷ་འདུས་པའི་བསྙེན་པ་འབུམ་བྱས་ནས། གཟུགས་ལ་ཕབ་ན། སྤྱི་གཙུག་ཏུ་ཕུར་པས་བཏབ་ནས། མ་མོའི་གནས་སུ་སྦས་ན། མི་དེ་ཤིན་ཏུ་ཡང་མྱོས་པར་འགྱུར་རོ།། ལྐུགས་པར་འདོད་པས། ཤུག་པའམ་འཇག་གི་ཕུར་པ་ཐོགས་ཏེ། གྲོ་གའམ་ཤིང་ཤུན་ལ་སྔགས་ལྐུགས་ནས་ཤི་བའི་ཀླད་ཁྲག་གིས་མིང་བྲིས་ཏེ། གོང་བཞིན་དུ་ཕུར་པས་ལྕེ་ལ་བཏབ་ནས། ས་བདག་གནས་པའི་སར་སྦས་ན།། མི་དེ་ཤིན་ཏུ་ཡང་ལྐུགས་པར་འགྱུར་རོ།། གང་ཞིག་འཐབ་པར་འདོད་པས་ནི།། དམངས་རིགས་ཀྱི་ཕུར་པ་གཡོན་པ་ཐོགས་ལ། ཤིང་རྐང་གཅིག་གི་གནས་སུ། དཀྱིལ་འཁོར་ནག་པོ་གྲུ་གསུམ་བྱས་ཏེ།། འུག་པའི་པགས་པ་ལ། བྱ་རོག་གི་ཁྲག་གིས་ཁོ་དང་མཛའ་བའི་མིང་བྲིས་ཏེ།། སྦྲུལ་དང་སྨིག་པ་ལྟོ་སྦྱར་བའི་བར་དུ་བཅུག་ལ། ། ཚོན་སྐུད་ཀྱིས་བཅིངས་ནས། རྡོ་སོལ་ནག་པོའི་མེས་བསྲོས་ཏེ།། ལས་རབ་འདུས་པའི་བསྙེན་པ་འབུམ་བྱས་ལ། མིང་བྱང་གཉིས་ཀྱི་བར་དུ་ཕུར་པས་བཏབ་ལ།། དུར་ཁྲོད་ཀྱི་ཤིང་རིང་ས་ལ་བཏགས་ལ། རླུང་ཆེན་པོ་ལ་ཕྱར་ན།། མཛའ་བོ་དང་འཐབ་པར་འགྱུར་རོ།། བསྐྲད་པར་འདོད་པས། རྨ་ཤིང་གི་ཕུར་པ་ཐོགས་ཏེ། རླུང་གི་རྔ་མོའི་པགས་པ་ལ་རཀྟས་མིང་དང། རུས་ཡུལ་ཁྱིམ་གྱི་མིང་བྲིས་ལ། གོང་བཞིན་དུ་ལས་བྱས་ཏེ། ། ཁྱིམ་གྱི་རྩིགས་རྨང་དུ་སྦས་ན། མི་དེ་ཡུལ་དབྱུང་བར་འགྱུར་རོ།། གཞན་སྐྲག་པ་ལས་ཀྱི་རིམ་པ་འདི་ནི།། ལས་དང་པོ་པ་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་ནོ།། ཏིང་ངེ་འཛིན་ལས་སུ་རུང་ཞིང་རྟགས་མཐོང་དྲོད་ཚད་ཟིན་པ་རྣམས་ཀྱིས་ནི། གདོན་མི་ཟ་བར་འགྱུར་རོ།། ཞེས་གསུངས་སོ།། རྡོ་རྗེ་ཕུར་པ་གསང་བའི་རྒྱུད་ཆེན་པོ་ལས། གཞན་སྐྲག་པར་བྱེད་པའི་རིམ་པ་བསྟན་པའི་ལེའུ་སྟེ་བཞི་བཅུ་རྩ་གཅིག་པའོ།།།། དེ་ནས་ཡང་རྡོ་རྗེ་འདུས་པ་ཡིས། འདི་སྐད་ཅེས་གསོལ་ཏོ།། ཀྱེ་མ་ཧོ།། རྡོ་རྗེ་ཁྲོས་པའི་རྒྱལ། རྡོ་རྗེ་ཕུར་པའི་དོན་བསྒྲུབ་པའི་ཚེ། བདུག་དང་ཐུགས་སྐུལ་ཆགས་པ་རབ་བསྐྱེད་ཕྱིར།། ཉུང་དཀར་རྒྱལ་དང་གུ་གུལ་སྦྱར་དང་རཀྟ་བསྒྲུབ། ། རྫས་སུ་འཚལ་བའི་མཚན་ཉིད་དེ།། དེ་ཡི་ཐབས་ནི་ཇི་ལྟར་ལགས།། ཞེས་གསོལ་པས། གསོལ་བའི་དོན་ཐུགས་སུ་ཆུད་ནས། འདི་སྐད་ཅེས་གསུངས་སོ།། ཉུང་དཀར་རྒྱལ་པོ་སྒྲུབ་འདོད་པས། ། ཡིད་འོང་གནས་སུ་འདུག་ནས་ནི།། ཡ་ལག་མེད་པའི་བྷནྡྷ་བཤམས།། མཎྜལ་གྲུ་གསུམ་སྐྱང་ནུལ་བྱའོ།། གུ་གུལ་ཆུ་ཡི་ཁྱད་པར་སྦྱར།། ཡབ་ཡུམ་དྲི་ཆེན་དུར་ཁྲོད་ས།། ཁྲག་ཆེན་བཅས་པ་ས་བོན་བསྲེས། ། ཐབས་དང་ཤེས་རབ་ཆུས་བྲན་ཏེ།། མཐིང་ནག་དར་གྱིས་ཁ་བཀབ་ནས།། མཎྜལ་དབུས་སུ་དེ་བཞག་ནས།། མཆོད་པའི་བྱེ་བྲག་ཅི་འབྱོར་འབད།། བྷནྡྷ་ཁང་པ་ས་བོན་ལྷ། བསྐྱེད་དང་སྤྱན་དྲངས་རིམ་པར་མཆོད། ། མཐེབ་མཛུབ་ཉི་ཟླའི་དཀྱིལ་འཁོར་འབར།། ཁྲོ་བོ་སྔོ་ནག་མཚོན་ཆ་འཛིན།། ཐུགས་ལས་འཐོན་ཞིང་བསྐུར་བརླབས་ནས།། གསང་སྔགས་འདི་ཉིད་འབུམ་དུ་བཟླས།། ཨཱ+ོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་བཻ་ཏཱ་ཨུ0f84ལི་ཀྲོ་ཏཱི་མཎྜ་ལ་རཀྴ་རཀྴ་ཧཱུ~ཾ་ཕཊ། ཅེས་བཟླས་ཏེ། བྱུག་འདུག་དུས་དྲུག་ཚང་བར་བྱ།། བར་ཆད་བགེགས་རྣམས་དྲག་ཏུ་བསྐྲད།། ས་བོན་ཁ་འབུས་མྱུ་གུ་འཁྲུངས་པ་དང།། སྒྲུབ་པོའི་གཡས་སུ་ཉེ་བ་ཡིས།། གནས་སུ་གྲུ་གསུམ་ཐུར་དུ་བརྐོ། ། ས་ཡི་རོ་ལྔ་བསལ་བ་ཡི།། དབྱར་ཟླ་ར་བའི་ཉ་ལ་ནི།། བཟང་པོའི་མཚམས་སུ་བྷན་དྷ་སྦའོ།། ཟླ་བ་ངོ་དྲུག་བར་དུ་ནི།། གསལ་གདབ་བཟླས་བརྗོད་བར་མི་གཅད།། སྟོན་ཟླ་ཐ་ཆུང་ཉ་ལ་བརྡའོ། ། རུལ་དང་བམ་སུམས་མ་ཤོར་བར།། ཉི་གྲིབ་མཚམས་སུ་ལེགས་བསྐམས་ན།། གྲུབ་པའི་འབྲས་བུ་སྲན་མ་མ་ཤ་ཙམ།། དགུན་ཟླ་ར་བའི་ཉ་ལ་ཞལ་བསྲོ་དངོས་གྲུབ་བླང།། དེ་ཡིས་བདེར་གཤེགས་ཐུགས་བསྐུལ་ཞིང། ། སྡང་དགྲ་གདོན་བགེགས་རྡུལ་དུ་རློགས།། རྣལ་འབྱོར་ལུས་སེམས་མགུལ་དུ་གདགས།། རྟག་ཏུ་ལུས་ལ་བཅངས་པ་ལས།། གཡེལ་བར་བྱས་ན་མི་རུང་ངོ།། གུ་གུལ་སྦྱར་བར་འདོད་པ་ཡིས།། དུར་ཁྲོད་ཆེན་པོ་རབ་དབེན་པར། ། དཔྱིད་ཟླ་ར་བའི་ཉ་ལ་འཇུག། མཎྜལ་གྲུ་བཞི་གཅིག་བྱས་ལ།། བ་གླང་ལྕགས་ཀྱི་བྷན་དྷ་བཤམས།། རྭ་མིག་ཉ་མགོ་སྐྲ་སྤུའི་གཞོབ།། ཁྱི་སྤྱང་ཕག་གི་དྲི་ཆེན་དཀར།། སྐྱེ་སྣེ་འུ་ཡི་འབྲས་བུར་དུག་གི་ལྕེབ། ། ཟི་ར་དྷ་དུར་ལྕེ་པོག་མུ་ཟེ་ཁྲག་ཆེན་དང།། འཁྲིལ་ཤིང་དྲི་སྤོས་པུཥྤ་མེ་ཏོག་ཐང་ཆུ་དང།། འུག་མིག་ཁྲག་ཀླད་སྦྲང་རྩི་སྐེ་ཙེ་གཅན་གཟན་སྡེར་མོ་རྣམས།། ངེས་པར་བསགས་ཏེ་ཆ་སྙོམས་ལ།། ར་ཕོད་ལུག་ཕོད་པོང་རེང་བྱང་ཆུབ་སེམས་ཀྱིས་བྲན། ། ཚོན་གྱི་སྐུད་པས་དམ་བཅིངས་ལ།། ཁ་རལ་མ་ཡི་ཞབས་ནས་གྲིལ།། ཙནྡན་མེ་ལ་དྲོས་ཚད་བསྲོ།། མཎྜལ་དབུས་སུ་དེ་བཞག་ལ།། བ་སུ་ཏ་ཡི་གཟུངས་ཐག་གདགས། ། བདག་གཙོ་ལྷ་མོ་པེ་ཏ་ལི།། བསམ་གཏན་གསལ་བར་རབ་ཞུགས་ཏེ།། པེ་ཏ་དྲག་མོ་འཁོར་ལོ་ཅན།། ཉི་མ་ཧཱུ~ཾ་དང་ལྡན་པ་ལ།། སྤྱན་དྲང་བསྟིམས་མཆོད་རིམ་པར་བྱ།། དེ་ནས་བསྙེན་པ་འདི་བཟླས་ཏེ། ། མ་གྲུབ་བར་དུ་རྒྱུན་མི་གཅད།། ཨཱ+ོཾ་བཛྲ་ཀཱི་ལི་ཀཱི་ཡ་ལ་དྷུ་པེ་པེ་ཏཱ་ལི་མ་གུ་ལ་རྟ་ལ་རྟ་ལ་པྲ་རྟ་ལ་ཧཱུ~ཾ་ཕཊ། དལ་མེད་རྒྱུན་དུ་བཟླས་པར་བྱ།། ཏིང་འཛིན་འདྲིས་ཤིང་འཕྲོ་འདུ་གསལ་བ་དང། ། འོད་དང་དྲི་དང་དུ་བ་འབྱུང།། ཡང་ན་གྲོད་དྲོད་ཆ་གཟུང་སྟེ།། རྟགས་བྱུང་ནས་ནི་ངེས་བསམ་སྟེ།། ལྷ་མཆོད་དེ་ཐིག་ལེ་བྱ།། དེས་ནི་གཟི་བྱིན་ཐོབ་པར་བྱེད།། ལུས་ལ་བཅངས་ན་གདོན་བགེགས་འཇོམས། ། དུད་བཏང་དགྲ་ལ་བདུག་གྱུར་ན།། ལྷ་དང་རྒྱབ་བརྟེན་འབྲལ་བར་འགྱུར།། རྟགས་རྣམས་མངོན་དུ་བྱུང་ནས་ནི།། རུལ་དང་སུམས་དང་མ་བམ་པར།། རི་ལུ་བྱས་ཏེ་རྣལ་འབྱོར་བཅད།། གུ་གུལ་སྦྱར་བའི་རྫས་སུ་གསུངས། ། རཀྟ་སྒྲུབ་པར་འདོད་པ་ཡིས།། ཆུ་གླིང་གནས་སུ་འདུག་ནས་ནི།། མཎྜལ་དམར་པོ་ཟླ་གམ་བྱ།། དགུན་ཟླ་ར་བའི་ཉ་ལ་འཇུག། པདྨ་ཅན་གྱི་བྷན་དྷ་རུ།། གཞིའི་རཀྟ་དང། རིགས་ཀྱི་རཀྟ་དང། སྒྲོལ་བའི་རཀྟ་དང། མེ་ཏོག་གི་རཀྟ་ལྔ་དང། རྩིའི་རཀྟ་ལྔ་དང། འབྲས་བུའི་རཀྟ་ལྔ་དང། ཤིང་གི་རཀྟ་ལྔ་དང། ཆུ་ཡི་རཀྟ་ལྔ་དང། རཀྟ་སུམ་ཅུ་སོ་གསུམ་བསོག། དེ་ལ་སྦྱོར་བའི་རཀྟས་བྲན། ལེ་བརྒན་དར་གྱིས་ཁ་བཀབ་ནས། ། སེང་ལྡེང་མེ་ལ་དྲོས་བསྲོས་ནས།། མཎྜལ་དབུས་སུ་དེ་བཞག་སྟེ།། བདག་གསལ་ཆགས་པའི་དབང་ཅན་བསམ།། དགུག་བསྟིམ་མཉེས་ནས་བསྙེན་པ་བྱ།། ཨཱ+ོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་ཧཱ་རཀྟ་རཱ་ག་ས་མ་ཡ་པཱུ་ཛ་ཧཱུ~ཾ་ཕཊ། ཅེས་ནི་འབུམ་མམ་བྱེ་བ་བཟླས། མངོན་དུ་ཁོལ་ལམ་རླངས་པ་ཕྱུར།། ཡང་ན་ལུད་དམ་འཕགས་གས་ནས།། ལྷ་ལ་མཆོད་དེ་བདག་ཉིད་བཏུང།། ཆགས་པ་སྐྱེས་ཀྱིན་མདངས་ཀྱང་དམར།། ཁམས་གསུམ་མོ་ཡིས་པདྨའི་མདངས། ། ཆགས་སྐྱེས་ནས་ནི་འབུལ་དུ་འོང།། ཞེས་གསུངས་སོ།། རྡོ་རྗེ་ཕུར་པ་གསང་བའི་རྒྱུད་ཆེན་པོ་ལས། བྱུག་བརྡེག་བདུག་པའི་རྫས་བསྒྲུབ་པའི་ལེའུ་སྟེ་བཞི་བཅུ་གཉིས་པའོ། །།། དེ་ནས་ཡང་རྡོ་རྗེ་འདུས་པས། འདི་སྐད་ཅེས་གསོལ་ཏོ། ཀྱེ་མ་ཧོ།། བདེ་གཤེགས་བཅོམ་ལྡན་འདས། རྡོ་རྗེ་ཕུར་པ་གསང་བའི་རྒྱུད་འདི་ཉིད་བདག་ཅག་ལ་སོགས་པ་ཇི་ལྟར་གནས་པར་བགྱི། དེ་ལ་རྣལ་འབྱོར་དུ་བགྱི་བའི་གང་ཟག་དམ་པ་དེ་ལ་ཇི་ལྟར་བལྟ་བར་བགྱི། ། མ་དད་ཅིང་སྐུར་བའི་ཉེས་པ་ནི་གང། སྔར་འདས་པའི་སངས་རྒྱས་ནི་གང།། གང་གི་རིང་ལ་བཤད། དེ་ལྟར་གྱི་བསྟན་པ་འདི་ཉིད་ལ། སྲིད་པ་གསུམ་ལ་དད་པ་ཅན་གང་གི་རིང་ལ་དར་བར་འགྱུར། ཕྱིའི་དུས་ན་སངས་རྒྱས་གང་གི་རིང་ལ་སྟོན་པར་འགྱུར།། བདེ་བར་གཤེགས་པས་ལུང་བསྟན་ཅིང་བཤད་དུ་གསོལ།། བཀའ་སྩལ་པ་ནི། རྡོ་རྗེ་འདུས་པའི་རྒྱལ་པོ། རྡོ་རྗེ་ཕུར་པ་གསང་བའི་རྒྱུད་ཆེན་པོ་འདི་རྒྱུད་ཐམས་ཅད་ཀྱི་རྒྱལ་པོའོ།། ལུང་ཐམས་ཅད་ཀྱི་སྤྱི་བོ། མན་ངག་ཐམས་ཅད་ཀྱི་འབྱུང་ཁུངས་སོ།། ལྟ་བ་ཀུན་གྱི་ཡང་རྩེའོ།། སྤྱོད་པ་ཐམས་ཅད་ཀྱི་ལམ་མོ། ། དམ་ཚིག་ཅན་གྱི་སྲུང་གནས་སོ།། ཕྲིན་ལས་ཐམས་ཅད་ཀྱི་རིམ་པའོ།། དཀྱིལ་འཁོར་ཐམས་ཅད་ཀྱི་ངོ་བོ་ཡིན་ཏེ།། འོན་ཏང་ན་རྡོ་རྗེ་འདུས་པ་ཆེན་པོ།། དཔེར་ན་ཡིད་བཞིན་གྱི་ནོར་བུ་དང་མཚུངས་སོ། ། འོན་ཏང་ན་གསང་བའི་ཡི་གེ་འདི། གང་ན་གནས་པའི་ཕྱོགས་དེ་ན་ནི། རྡོ་རྗེ་ཁྲོས་པའི་རྒྱལ་པོ་ང་ཉིད་གནས་པར་ཤེས་པར་བྱའོ།། གནས་འཁོར་དེ་ཉིད་ན་འཇིག་རྟེན་པའི་དགོས་པ་ཕུན་སུ་ཚོགས་པར་འབྱུང་བ་ཤེས་པར་བྱའོ། ། དེ་བཞིན་གཤེགས་པའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཡིན་པརཤེས་པར་བྱའོ།། འོན་ཏང་ན་གསང་བའི་རྒྱུད་ཆེན་པོ་འདི། རྒྱལ་མཚན་གྱི་རྩེ་མོ་ལ་བཏགས་ལ། རིམ་གྲོ་དང་བཀུར་སྟི་དང། མཆོད་པ་ཕུ་དུད་དུ་བྱས་ཏེ། རྗེས་སུ་འཇུག་པའི་རྣལ་འབྱོར་པ་རྣམས་ཀྱིས། བྲི་བར་བྱའོ། བཀླག་པར་བྱའོ།། མཉན་པར་བྱའོ།། བཅང་བར་བྱའོ། མཆོད་པར་བྱའོ། སེམས་པར་བྱའོ། བསྒོམ་པར་བྱ། བསྒྲུབ་པར་བྱ། བཤད་པར་བྱ། ཀུན་ཆུབ་པར་བྱ། རྡོ་རྗེ་འདུས་པ་ཡང་རྡོ་རྗེ་ཕུར་པ་གསང་བའི་རྒྱུད་འདི་ལ་འདི་རྣལ་འབྱོར་དུ་བགྱི་བའི་གང་ཟག་དམ་པ་དེ་ནི།། ཁྱེད་ལ་སོགས་པ་རྣམས་ཀྱིས། དེ་སེམས་ཅན་ལྟ་བུར་མི་བལྟ་སྟེ། ཡང་དག་པར་རྫོགས་པའི་སངས་རྒྱས་ཉིད་དུ་བལྟའོ། ། རྡོ་རྗེ་ཁྲོས་པ་ཉིད་དུ་བལྟའོ།། དེ་ཅིའི་ཕྱིར་ཞེ་ན། ཡང་དག་པར་རྫོགས་པའི་སངས་རྒྱས་ང་ཉིད་དང། སོ་སོར་མ་ཡིན་ཐ་མི་དད་པའི་ཕྱིར་རོ།། གཞན་ཡང་རྡོ་རྗེ་འདུས་པ་ཁྱེད་ཉིད་དང་འདྲ་བ་སྟེ། ། དེ་བཞིན་དུ་འདས་པ་དང་ད་ལྟ་དང་མ་འོངས་པ་རྣམས་དང་ཚུལ་མཐུན་དབྱེ་བ་མེད་པའོ།། ཡང་རྡོ་རྗེ་འདུས་པ་མ་དད་ཅིང་སྐུར་བའི་གང་ཟག་དེ་ནི། སྔོན་གྱི་རྒྱལ་བ་ལ་བྱ་བ་མ་བྱས་པར། ལུང་མ་བསྟན་པར་མ་ངེས་པའི་བསམ་པ་ཅན།། ཤིན་ཏུ་འཇོམས་པའི་སེམས་ཀྱི་བླ་མ་ལ་བཀུར་སྟི་མི་བྱེད་ཅིང། ཟབ་མོའི་དོནལ་འགྲིབ་པས། དོན་དུ་གཉེར་བ་ཆུད་གསོན་ཅིང་ཕྱི་གྱིས་སྡེ་པའི་ཁར་གཏོང་བ། སྒྲིབ་པ་སྟུག་ཅིང་བསམ་པ་ལོག་པ་ཅན། ཡིད་གཉིས་ཟ་ཞིང་འཛུམས་པའི་བསམ་པ་ཅན། དེ་ལྟ་བུའི་རྣ་ལམ་དུ། འགྲོ་ཞིང་རྟོགས་པར་མི་འགྱུར་བས་སྐུར་ཅིང་སྨོད་དོ།། དེ་ཡིས་ལས་ཀྱི་རྣམ་པར་སྨིན་པ་མི་བཟད་དེ།། རྡོ་རྗེ་གསང་བའི་རྒྱུད་འདི་ལ་མ་དད་ཅིང། སྐུར་པའི་དབང་གིས། དམྱལ་བའི་གནས་ན་ཡང་རྡོ་རྗེ་མི་བཟད་པར་བསྐལ་པ་གསུམ་དུ་སྐྱེས་སོ།། དེ་ཡང་ཚེ་འཕོས་ན་བྱོལ་སོང་གི་གནས་ནས་ཀྱང། བཀོལ་སྤྱོད་ཅན་དུ་བསྐལ་པ་གསུམ་དུ་གནས་སོ། ། དེ་ནས་ཚེ་འཕོས་ནས་ཡི་དྭགས་ཀྱི་ནང་ན་ཡང། སྒྲིབ་པ་ཅན་གྱི་སྒྲིབ་པ་ཅན་དུ་བསྐལ་པ་གསུམ་དུ་གནས་སོ།། དེ་ནས་ཚེ་འཕོས་ནས་མིའི་ནང་ན་མཐའ་འཁོབ་སྡིག་པ་ཅན་སྤྱོད་པའི་གནས་སུ་བསྐལ་པ་གསུམ་དུ་གནས་སོ། ། དེ་ནས་ཚེ་འཕོས་ནས་ལྷ་མ་ཡིན་གྱི་ནང་ན་ཡང་འཐབ་ཅིང་རྩོད་པ་ཅན་དུ་བསྐལ་པ་གསུམ་དུ་སྐྱེས་སོ།། དེ་ནས་ཚེ་འཕོས་ནས་ཀྱང་ལྷ་དབུལ་པོ་ཚེ་རིང་པོའི་གནས་སུ་བསྐལ་པ་གསུམ་དུ་སྐྱེས་ཏེ། བསྐལ་པ་ཆེན་པོ་བཅོ་བརྒྱད་དུ་རྒྱུད་དྲུག་འཁོར་བའི་གནས་སུ་འཁྱམས་ནས། སངས་རྒྱས་ཀྱི་བསྟན་པ་ལ་མི་དད་པའི་ཚུལ་ཛིན་ཅིང། དེ་ལྟ་བུ་དེ་ནི་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོས། ཐུགས་རྗེ་ཐབས་མཁས་པས་མཛད་སྤྱོད་ཀྱིས་བསྒྲལ་བར་བྱའོ།། རྡོ་རྗེ་འདུས་པའི་རྒྱལ་པོས། གསང་བའི་ཐེག་པ་འདི་འབྱུང་བ་ནི་ཤིན་ཏུ་ཡང་དཀོན་ནོ།། དཔེར་ན་ཨུ་དུམ་ཝ་རའི་མེ་ཏོག་འཇིག་རྟེན་དུ་བརྗོད་པ་དང་མཚུངས་ཏེ་གསང་བའི་ཐེག་པ་འདི་ནི་སྔོན་བྱུང་བའི་སངས་རྒྱས་འོད་སྲུང་ཆེན་པོས། འབྲས་བུ་རྡོ་རྗེ་ཐེག་པའི་ཆོས་ཉིད་ཀྱི་འཁོར་ལོ་བསྐོར་བ་དེའི་དུས་སུ། གསང་བའི་ཐེག་པ་འདི་ཡང་མ་བརྗོད་དོ།། དེ་ཅིའི་ཕྱིར་ཞེ་ན། དུས་དེའི་འགྲོ་བ་རྣམས་གསང་བའི་ཐེག་པ་འདི་ཡི་སྣོད་དུ་གྱུར་པ་མེད་པའི་ཕྱིར་རོ།། དེ་བཞིན་དུ་སྔར་འདས་པའི་སངས་རྒྱས་བྱེ་བ་ཕྲག་དྲུག་ཅུ་རྩ་བཞིས་ཀྱང་གསང་བའི་ཐེག་པ་འདི་མ་བཤད་དོ།། སྔོན་ཐོག་མའི་བསྐལ་པ་ཀུན་བཀོད་ཅེས་བྱ་བ་བྱུང་བའི་ཚེ། ། སངས་རྒྱས་སྔོན་བྱུང་གི་རྒྱལ་པོ་བྱ་བ་དེའི་བསྟན་པ་ལ་རྒྱ་ཆེར་བསྒྲགས་ཏེ། ངེས་པའི་དོན་རྒྱ་ཆེར་སྤྱོད་དོ།། དེའི་ཚེ་འགྲོ་བ་རྣམས་གསང་བའི་ཐེག་པ་འདི་ལ་ཤིན་ཏུ་དད་པར་གྱུར་ཏེ། རྣམ་པར་གྲོལ་བའི་ལམ་ཆེན་པོ་ལ་བཀོད་དོ།། རྡོ་རྗེ་འདུས་པ་ཆེན་པོ། ད་ལྟར་གྱི་བསྟན་པ་འདི་ཉིད་ཀྱང། ལུང་བསྟན་པའི་དད་པ་ཅན་ནི། ལྷའི་གནས་སུ་ནི་ལྷའི་དབང་པོ་བརྒྱ་བྱིན་ལ་སོགས་པས་སྤྱོད་པ་ལ། ཀླུའི་གནས་སུ་ནི་ཀླུའི་རྒྱལ་པོ་འཇོག་པོ་ལ་སོགས་པ་ལ། འཇམ་དཔལ་དང་སྤྱན་རས་གཟིགས་ཀྱིས་ལུང་བསྟན་ཅིང་རྒྱ་ཆེར་གྲགས་པར་འགྱུར་ལ། མིའི་གནས་སུ་ནི་འཛམ་བུའི་གླིང་གི་རྒྱལ་པོ་ཛ་ཞེས་བྱ་བ་ཚོགས་བསགས་པ་དེ་ལ། རི་མ་ལ་ཡ་ཞེས་བྱ་བར་ཕྱག་ན་རྡོ་རྗེས་ལུང་བསྟན་ཅིང། དེས་ནི་མིའི་གནས་སུ་རྒྱ་ཆེར་སྤྱོད་པར་འགྱུར་རོ།། དེ་ཡང་སྐལ་བ་དང་ལྡན་པ་རྣམས་ཀྱིས་སྤྱོད་པར་འགྱུར་ཏེ། ཆེད་འགའ་ནི་དར། ཆེད་འགའ་ནི་ནུབ། ཆེད་འགའ་ནི་མངོན་དུ་བྱུང། ཆེད་འགའ་ནི་གབ་ཅིང་སྦས། ལ་ལས་ནི་ཚུལ་བཞིན་དུ་སྤྱད་དེ་སྔགས་ཀྱི་མཐུ་སྟོབས་ཀྱང་རྙེད། ཕལ་ཆེར་འདྲ་ཚུལ་ལོག་པར་སྤྱོད་པས་ལྟུང་གནས་སུ་འགྱུར་བས། འགྲོ་བ་ལ་ལ་ནི་དད། ལ་ལ་ནི་མ་དད་སྟེ། དུས་ནམ་ཞིག་ན་སྙིགས་མ་ལྔའི་དུས་འོང་སྟེ། སྤྲུལ་པའི་སྐུས་བསྟན་པའི་ཚེ་ན་དར་ཞིང་རྒྱས་པར་འགྱུར་རོ།། རྡོ་རྗེ་འདུས་པའི་རྒྱལ་པོ་གསང་བའི་ཐེག་པ་འདི་ཉིད། ད་སྟེ་བསྐལ་པ་བྱེ་བ་འདས་པའི་འོག་ཏུ་བསྐལ་པ་མེ་ཏོག་བཀོད་པ་ཞེས་བྱ་བ་འབྱུང་བའི་ཚེ་ན། སངས་རྒྱས་འཇམ་པའི་དབྱངས་ཞེས་བྱ་བ། ད་ལྟར་དང་ཚུལ་མཐུན་པ་ཞིག་འབྱུང་སྟེ། དེས་གསང་བའི་ཐེག་པ་འདི་རྒྱ་ཆེར་སྟོན་པར་གྱུར་རོ། ། སངས་རྒྱས་གཞན་གང་གིས་ཀྱང་གསང་བའི་ཐེག་པ་འདི་སྟོན་པར་མི་འགྱུར་ཏེ།། དེ་ཅིའི་ཕྱིར་ཞེ་ན།། འགྲོ་བ་རྣམས་གསང་བའི་འདི་ཉིད་ཀྱི་སྣོད་དུ་མ་གྱུར་པའི་ཕྱིར་རོ།། རྡོ་རྗེ་འདུས་པ་གསང་བའི་རྒྱུད་ཆེན་པོ་ལས། བཅངས་ཤིང་བསྐུར་བའི་སྐྱོན་ཡོན་དང། དུས་གསུམ་ཀྱི་སངས་རྒྱས་གང་གིས་དུས་གང་ལ་གསུངས་པ་ཞུས་ལན་དུ་བསྟན་པའི་ལེའུ་སྟེ་བཞི་བཅུ་རྩ་གསུམ་པའོ།།།། དེ་ནས་ཡང་འདུས་པའི་འཁོར་ཚོགས་དང། འཇིག་རྟེན་པའི་ཆོས་ཉན་པའི་འཁོར་རྣམས་ཀྱིས། མཆོད་པ་དུས་མས་ནི་མངོན་པར་མཆོད་ཅིང་ལན་སྟོང་དུ་བརྐྱང་ཕྱག་འཚལ་ནས། འདི་སྐད་ཅེས་གསོལ་ཏོ། ཨེ་མ་ཧོ། བཞི་བཅོམ་དྲུག་ལྡན་འཁོར་བ་མྱ་ངན་འདས། ། བདག་གཞན་གཉིས་ཀྱི་དཔལ་མངའ་ཞིང།། ཕྱིན་ཅི་ལོག་བཞི་སྤངས་པས་ཁྱབ་པར་མཐུ་བྱིན་ཆེ།། གཟུང་འཛིན་རྣམ་སྤངས་མ་གཡོས་རྡོ་རྗེ་དེ།། དོན་རྟོགས་དྲང་དོན་ངེས་པའི་དོན་ཁྲོས་པའི་སྐུ་གསུང་ཐུགས། ། སྟོན་པའི་བདག་ཉིད་དེ་ལ་ཕྱག་འཚལ་བསྟོད།། ཨེ་མ་ཧོ། དགྱེས་པ་ཆེན་པོ་ཡུམ་གྱི་མཁའ་ཀློང་ནས།། དུས་གསུམ་འདུ་འབྲལ་མེད་པར་སྦྱོར།། གཉིས་མེད་ཐེག་ལེ་བྱང་ཆུབ་དག་པའི་སྐུ། ། གཉིས་མེད་བྱང་ཆུབ་སེམས་ཀྱི་འཕྲོ་འདུ་ལས།། བཀའ་ཡི་འཁོར་ལོ་གསང་བའི་འཁོར་ལ་བསྟོད།། ཨེ་མ་ཧོ། སངས་རྒྱས་ཀུན་གྱི་ཐུགས་ཀྱི་ཐུགས།། མི་ནུབ་ཆོས་སྲོག་དབང་པོ་འཛིན་བྱེད་པ།། སྨྲ་བའི་སེང་གེ་ཞུ་བའི་སྤོབས་པར་ལྡན། ། སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་རྡོ་རྗེ་ཉིད་ལ་འདུས།། རྡོ་རྗེ་འདུས་པ་དེ་ལ་ཕྱག་འཚལ་བསྟོད།། ཨེ་མ་ཧོ།། སྐུ་གསུང་ཐུགས་ཀློང་གསུང་གི་ཆོས་མཆོག་བདུད་རྩི་ཆེ་དང་མཚུངས། ། རྒྱུད་དང་ལུང་དང་མན་ངག་ཀུན་གྱི་མཛོད་དུ་བཞུགས།། འདས་དང་མ་བྱོན་ད་ལྟ་རྣལ་འབྱོར་བགྲོད་པའི་ལམ།། ཐེག་པ་ཀུན་ལས་འཕགས་པས་འོག་མ་ཟིལ་གྱིས་གནོན།། དོན་དམ་བདེན་པའི་མཛོད་ནི་དམིགས་པའི་སྒྲོན་མར་སྣང། ། བསྟན་པ་རྒྱ་མཚོའི་ཆོས་ལ་ཕྱག་འཚལ་བསྟོད།། སྟོན་པའི་བཞུགས་པའི་གནས་མཆོག་ཁྱད་པར་ཅན།། བཀའ་ཡི་དམ་ཆོས་མ་ལུས་འབྱུང་བའི་གནས།། ཤེས་རབ་བྷ་ག་དུས་གསུམ་བཞུགས་པའི་གནས། ། ཕྱི་ནང་གསང་གནས་དེ་ལ་ཕྱག་འཚལ་བསྟོད།། སྟོན་པ་གནས་འཁོར་དམ་ཆོས་འབྱུང་བའི་དུས།། འདས་དང་མ་བྱོན་ད་ལྟ་དང།། མ་ངེས་དུས་ན་གང་འཚམས་པའི།། ཕུན་སུམ་ཚོགས་པའི་དུས་ལ་ཕྱག་འཚལ་བསྟོད། ། ཅེས་མངོན་པར་བསྟོད་དོ།། དེ་ནས་ཡང་སངས་རྒྱས་འདུས་པ་ལ་སོགས་འཁོར་རྣམས་ཀྱིས། རྡོ་རྗེ་འདུས་པ་ལ་བསྒོ་བ་མཛད་དེ། རྡོ་རྗེ་འདུས་པ་ཁྱོད་ནི། བདེ་བར་གཤེགས་པས་བཀའ་སྩལ་པ། ཞུ་བ་སྦོབས་པ་དང་ལྡན་པ་སྟེ། ཕྱི་རབས་ཀྱི་རྣལ་འབྱོར་པའི་ཕྱིར། རྒྱུད་ཀྱི་དོན་བསྡུ་བར་གསོལ་ལོ།། ཞེས་རྣམ་པར་བསྐུལ་ལོ།། དེ་ནས་རྡོ་རྗེ་འདུས་པས་བསྐུལ་བའི་དོན་ཐུགས་སུ་ཆུད་དེ། གསོལ་བ་ནི། ཨེ་མ་ཧོ། བདེ་བར་གཤེགས་པ་བཅོམ་ལྡན་འདས། ཕྱི་རབས་རྣལ་འབྱོར་དོན་གྱི་ཕྱིར། རྡོ་རྗེ་གསང་བ་ཆེན་པོའི་རྒྱུད་ཀྱི་དོན་ཉིད་རབ་བསྡུས་ནས། གནས་ཤིང་རྟོགས་པར་ཇི་ལྟར་བགྱི། ཞེས་གསོལ་པས། འདིའི་བར་ཚིག་དམ་སྙམ། ཞེས་བཀའ་སྩལ་པ།། རྡོ་རྗེ་འདུས་པས་བརྒྱད་ཁྲི་བཞི་སྟོང་སྒོ་མོ་དང། ཡན་ལག་བཅུ་གཉིས་སྡེ་སྣོད་དང། བསྡུས་པའི་སྡེ་སྣོད་རྣམ་པ་གསུམ་དང། ཐེག་པའི་བྱེ་བྲག་བསྟན་པ་ཡང། བཀྲི་བའི་དོན་དུ་བསྟན་པ་སྟེ། ངེས་དོན་བསྡུས་པ་རྡོ་རྗེ་གསང་བའི་རྒྱུད་འདི་ཉིད། ཁྱོད་ལ་སོགས་དང་ད་ལྟར་ཕྱིས་འབྱུང་ཡང། ལྟ་སྤྱོད་སྒྲུབ་དང་ཕྲིན་ལས་དཀྱིལ་འཁོར་དབང་དང་དམ་ཚིག་ཏིང་འཛིན་རྣམས། རྡོ་རྗེ་གསང་བའི་རྒྱུད་ལས་གསལ་བས་ན། ། ལམ་གྱི་ནང་ན་ཉེ་ལམ་དང་པོ་སྟེ།། རྡོ་རྗེ་འདུས་པ་ཁྱོད་ལ་གཏད།། གསང་བའི་རྒྱུད་འདི་ནུབ་པར་གྱུར་ཏ་རེ། ཞེས་གསུངས་སོ།། དེ་ནས་རྡོ་རྗེ་འདུས་པ། ཤིན་ཏུ་ཡང་དགའ་བའི་ཡིད་གཡོས་ནས། རང་གི་གསང་བའི་རྡོ་རྗེ་གནས་སུ་གསོར་ཞིང། འདི་སྐད་ཅེས་དམ་བཅས་སོ།། ཨེ་མ་ཧོ། བདེ་གཤེགས་ཀུན་གྱི་གཙོ། ཀུན་གྱི་དོན་བསྡུས་ཏེ་རྡོ་རྗེ་གསང་བ་རྒྱུད་འདི་ལ། བདག་ལ་སོགས་པས་ད་ལྟ་ཕྱིས་སྤྱོད་པས། ལམ་གྱི་ནང་ན་ཉེ་ལམ་དམ་པ་བགྱིས་ཏེ། གང་དག་བལྟ་བ་ལ་དང་བས་རྒྱུད་འདིའི་བལྟ་བའི་ལམ་ལ་བལྟ་བར་བགྱིའོ།། གང་དག་སྤྱོད་པ་ལ་དགའ་བས། རྒྱུད་འདི་ཉིད་ཀྱི་སྤྱོད་པའི་ལམ་ལ་མངོན་པར་སྤྱོད་པར་བགྱིའོ། ། གང་དག་སྒྲུབ་པ་ལ་མོས་པས། རྒྱུད་འདི་ཉིད་ཀྱི་སྒྲུབ་པའི་ལམ་ལ་མངོན་པར་བསྒྲུབ་པར་བགྱིའོ།། གང་དག་ཕྲིན་ལས་ལ་གུས་པས། རྒྱུད་འདི་ཉིད་ཀྱི་ཕྲིན་ལས་ཀྱི་ལམ་ལ་ཕྲིན་ལས་སུ་བྱའོ། ། གང་དག་དཀྱིལ་འཁོར་བརྩམ་པས། རྒྱུད་འདི་ཉིད་ཀྱི་དཀྱིལ་འཁོར་གྱི་ལམ་ལ་མངོན་པར་རྟོགས་པར་བྱའོ།། གང་དག་དབང་ནོད་པར་སེམས་པས། རྒྱུད་འདི་ཉིད་དབང་གི་ལམ་ལ་མངོན་པར་ནོད་དོ། ། གང་དག་དམ་ཚིག་བསྲུང་བའི་སེམས་ཡོད་པས་རྒྱུད་འདིའི་དམ་ཚིག་གི་ལམ་ལ་མངོན་པར་དཀའ་ཐུབ་ཏུ་གནས་པར་བྱའོ།། གང་དག་ཏིང་ངེ་འཛིན་ལ་མཉམ་པར་འཇོག་པར་འདོད་པས། རྒྱུ་འདིའི་ཏིང་ངེ་འཛིན་གྱི་ལམ་ལ་མངོན་པར་བསྒོམ་པར་བྱའོ། ། འོན་ཏང་ན་བདག་དང་ཕྱིས་འབྱུང་བའི་རྣལ་འབྱོར་རྣམས་ཀྱིས། རྡོ་རྗེ་གསང་བའི་རྒྱུད་འདིའི་ཆོས་ཀྱི་སྲོག་ཤིང་མངོནཔར་གཟུག་གོ། ཆོས་ཀྱི་རྔ་མངོན་པར་རྡུང་ངོ། ། ཆོས་ཀྱི་དུང་མངོན་པར་འབུད་དོ།། ཆོས་ཀྱི་ཆར་མངོན་པར་དབབ་པོ། ཆོས་ཀྱི་འཁོར་ལོ་རྒྱུན་འཆད་མེད་པར་བསྐོར་བ་སྟེ།། མི་ནུབ་པའི་རྒྱལ་མཚན་ཆེན་པོར་གནས་པར་བགྱིའོ།། ཞེས་དམ་བཅས་སོ། ། དེ་ནས་འདུས་པའི་འཁོར་རྣམས་ཀྱིས།། ཆོས་ཉིད་ལ་ཆོས་ཉིད་ཀྱི་རྩལ་བསྡམས་ཏེ། བཅོམ་ལྡན་འདས་ཉིད་ཀྱི་སྐུ་གསུང་ཐུགས་ལ་ཞུགས་ཏེ།། མི་སྣང་བར་གྱུར་ཏོ།། བཅོམ་ལྡན་འདས་ཉིད་ནི་དགོངས་པ་ཆོས་ཀྱི་དབྱིངས་ལ་མནལ་ལོ། ། རྒྱུད་ཀྱི་དོན་བསྡུས་པ་དེ་དེ་དག་ནི་རིན་པོ་ཆེན་པོ་གསེར་གྱི་གླེགས་བམ་ལ་བཻཌཱུརྱ་ཞུན་མས་བྲིས་ནས། སྐུ་གསུང་ཐུགས་ཀྱི་སྤྲུལ་པ་གསུམ་གྱིས།། སྲིད་པ་གསུམ་དུ་ཆོས་ཀྱི་ཆར་མངོན་པར་བབ་པས། ལྷ་དང་ཀླུ་དང་མིའི་རྣལ་འབྱོར་རྣམས། ཚོམ་བུའི་ལས་ལ་མ་ཆགས་པར་རིག་འཛིན་བྱང་ཆུབ་ཀྱིས་བླངས་སོ།། རྡོ་རྗེ་ཕུར་པ་གསང་བའི་རྒྱུད་ཆེན་པོ་ལས། རྒྱུད་ཡོངས་སུ་བཟུང་ཞིང་གཏད་པའི་ལེའུ་སྟེ་བཞི་བཅུ་རྩ་བཞི་པའོ། །།། རྡོ་རྗེ་ཕུར་པ་གསང་བའི་རྒྱུད་ཆེན་པོ་རྫོགས་སོ།།།། རྒྱ་གར་སྐད་དུ། ཀཱི་ལ་ཡ་གུ་ཧྱ་ཨཱ་ཤ་ཡ་མ་ཧཱ་ཏནྟྲ། བོད་སྐད་དུ། ཕུར་པ་གསང་བའི་དགོངས་རྒྱུད་ཆེན་པོ། བཅོམ་ལྡན་འདས་རིགས་ལྔ་བདེ་བར་གཤེགས་པ་ཐམས་ཅད་ཀྱི་སྲས་འཇིགས་བྱེད་ཆེན་པོ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་ཁྲོ་བོ་འཇིགས་བྱེད་ཀྱི་རྒྱལ་པོ་བཛྲ་ཀཱི་ལ་ཡ་དྲག་པོ་མཐིང་ནག་འབར་བའི་ནང་ནས་བཞེངས་ནས། གདུག་པ་ཅན་ཐམས་ཅད་འདུལ་བ་དང། དྲེགས་པ་ཅན་དང། སངས་རྒྱས་ཀྱི་བསྟན་པ་ལ་གནོད་པར་བྱེད་པ་ཐམས་ཅད་ཚར་གཅད་པའི་ཕྱིར་རབ་ཏུ་དྲག་པོ་མི་གཡོ་བའི་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་ནས། ཆོས་ཉིད་ཞི་བས་འདུལ་བའི་སྐབས་ལ་མ་བབ་སྟེ། ཐབས་མཁས་པའི་སྐུ་དྲག་པོའི་ཕྲིན་ལས་ཀྱིས་འདུལ་བར་གཟིགས་ནས། སྐུ་རབ་ཏུ་ཁྲོས་པ་མི་བཟད་པར་བསྟན་པའི་ཕྱིར། སྐུ་གསུང་ཐུགས་ལས་གསང་བའི་སྔགས་འདི་ཕྱུང་ངོ།། ཨཱ+ོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ། སརྦ་བིགྷྣཱཾ་བཾ་ཧཱུཾ་ཕཊ། ཅེས་བརྗོད་པས། རབ་ཏུ་ཁྲོས་པའི་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་ཏེ། སྐྱེ་བ་མེད་པ་ལས་སྐྱེ་བའི་ཆོ་འཕྲུལ་དབུ་དགུ་ཕྱག་བཅཝ་བརྒྱད། ཞབས་བགྲད་པ། སྤྱན་བཟློག་པ། མཆེ་བ་གཙིག་པ། སྐུ་གསུང་ཐུགས་ཤིན་ཏུ་མི་བཟད་པ་གཅིག་ཏུ་གྱུར་ཏོ།། རབ་ཏུ་མི་བཟད་པའི་ཐུགས་ཀ་ནས། ། ཐུགས་ཡེ་ཤེས་ཀྱི་ས་བོན་ལས། གསང་བའི་སྔགས་འདི་ཕྱུང་ངོ།། ཨེ་རཾ་ཡཾ་ཁཾ། ཨེ་རཾ་ཡཾ་སུ་ཀེཾ། བྷྲཱུཾ་བྷནྡྷ་བྷྲཱུཾ། ཞེས་འདི་ལྟ་བུའི་ཆོ་འཕྲུལ་གྱི་སྣང་བ་ཆགས་ཤིང། ཡེ་ཤེས་ཀྱི་ཆོ་འཕྲུལ་དུ་བསྒྱུར་ཏོ། ཉིད་ཀྱིས་བྱིན་གྱིས་བརླབས་ནས། ཀརྨ་ཤྲཱི་ཧེ་རུ་ཀ་ཞེས་བརྗོད་པས། ཁྲོ་བོ་ཀརྨ་ཧེ་རུ་ཀ་སྐུ་མདོག་ལྗང་ནག། སྐུ་ཤིན་ཏུ་མི་བཟད་པ་འཐོན་ཏོ།། དེ་ནས་ཁྲོ་བོ་ཀརྨ་ཧེ་རུ་ཀས། བཅོམ་ལྡན་འདས་ལ་བཛྲ་ཀཱི་ལ་ཡ་འདི་སྐད་ཅེས་གསོལ་ཏོ། ། ཨེ་མ་ཧོ།། བཅོམ་ལྡན་འདས་བཛྲ་ཀཱི་ལ་ཡ།། དཔྱང་ཐག་ཆད་པའི་ངན་སོང་འཁོར་བ་ལ།། ཐུགས་རྗེ་བཟུང་ནས་ཆོ་འཕྲུལ་བསྟན་པ་འདི།། འདི་ལྟ་བུ་ཡི་ཆོ་འཕྲུལ་ངོ་མཚར་ཆེ།། འདི་ཡི་རྗེས་སུ་བསྒྲུབ་པའི་རྣལ་འབྱོར་པས། ། སྟོང་པའི་དོན་རྟོགས་ཇི་ལྟར་ལགས།། ཨེ་ཞེས་བྱ་བ་ཇི་ལྟར་ལགས།། རཾ་ཡཾ་ཁཾ་ར་སུ་ཀེཾ། བྷཱུཾ་བྷནྡྷ་བྷྲཱུཾ། འདི་ལྟ་བུའི་རྫུ་འཕྲུལ་ངོ་མཚར་ཅན། ཀཱི་ལ་ཡ་ཡིས་ལུང་འདི་བསྟན་དུ་གསོལ།། བདེ་བར་གཤེགས་པས་ལུང་བསྟན་དུ་གསོལ། ། ཞེས་གསོལ་པ་དང། དེ་ནས་བཛྲ་ཀཱི་ལ་ཡས། ཀརྨ་ཧེ་རུ་ཀའི་ཚིག་གསན་ནས། འདི་སྐད་བཀའ་སྩལ་ཏོ།། ཉོན་ཅིག་ཀརྨ་ཧེ་རུ་ཀ། ང་ཡི་རྗེས་སུ་སྒྲུབ་པའི་རྣལ་འབྱོར་རྣམས། ། དང་པོ་སྟོང་པ་ཉིད་དུ་བསྒོམ།། རྡོ་རྗེ་ཁྲོས་པས་ཞེ་སྡང་གཅོད།། ཐུགས་ནི་ཡང་དག་རྡོ་རྗེ་ཉིད།། སྟོང་པ་ཉིད་ཀྱི་ཡེ་ཤེས་ནི།། རྣམ་པར་མི་རྟོག་རྟོག་ལས་འདས།། དེ་བཞིན་ཉིད་དུ་བསྒོམ་པར་བྱ།། དེ་ནི་ཆོས་ཀྱི་སྐུ་ཉིད་ལ། ། བཞིན་ནི་མ་ནོར་པ་ཡང་ཡིན།། ཉིད་ནི་བཅོས་སུ་མེད་པའོ།། མ་ཧཱ་ཤཱུ་ནྱ་ཏཱ་ཡིས་ནི།། རྟོག་པའི་དངོས་པོ་ཟིལ་གྱིས་གནོན།། མཚོན་ཆེན་སྔོན་པོ་འབར་བ་ཡི།། སྐུ་མི་མཚོན་པ་རྒྱུའི་ཏིང་འཛིན། ཧཱུཾ་ཉིད་བྱང་ཆུབ་སེམས་རང་བཞིན། ། རཾ། རཾ་ལས་མེ་ཡི་དཀྱིལ་འཁོར་གྱིས།། དངོས་པོར་སྣང་བའི་སྡུག་བསྔལ་བསལ།། དངོས་པོ་རྟག་པ་ཐེར་ཟུག་བསྲེག། ཡཾ། ཡཾ་ལས་རླུང་གི་དཀྱིལ་འཁོར་གྱིས།། ཉོན་མོངས་སྡུག་བསྔལ་ཡེ་ཤེས་རླུང་གིས་བསྐྱོད། ། ཕྲིན་ལས་ཐོགས་པ་མེད་པས་དོན་ཡང་མཛད།། ཁཾ།། ཁཾ་ལས་ཡེ་ཤེས་ཆུ་ཡི་དཀྱིལ་འཁོར་གྱིས།། ཉོ་མོངས་འཁོར་བའི་བག་ཆགས་ལྗན་ལྗིན་རྣམས།། དག་པ་ཡེ་ཤེས་ཆེན་པོའི་ཀློང་དུ་བཀྲུ། ། ཨེ། ཨེ་ལས་ནམ་མཁའི་རང་བཞིན་དམིགས་པ་མེད།། བསྐལ་པ་འཁྲུག་ཞིག་འཁོར་བ་སྟོངས་པ་ལྟར།། ཆོས་ཉིད་མཉམ་པ་ཆེན་པོའི་ངང་དུ་བསྒོམ།། ཡཾ།། ཡཾ་ལས་ཡེ་ཤེས་རླུང་གི་དཀྱིལ་འཁོར་གྱིས།། སྲ་མཁྲེགས་ཡེ་ཤེས་རྡོ་རྗེ་རྒྱ་གྲམ་གྱིས། ། ཐམས་ཅད་འདེགས་པའི་སྟོབས་ཀྱིས་ཤུགས་དང་ལྡན།། ར། ར་ལས་རཀྟ་ཁྲག་གི་རྒྱ་མཚོ་སྟེ།། འཁྲུགས་པའི་ཀློང་དཀྱིལ་ཐུགས་རྗེ་ཆེན་པོའི་ངང།། སྡུག་བསྔལ་དབང་འདུས་འབྲས་བུ་གཅིག་ཏུ་ཤར་བར་མཛད། ། སུ། སུ་ལས་གསེར་གྱི་ས་གཞི་ཡིས།། ཐམས་ཅད་བརྟེན་ཅིང་འདེགས་པར་བྱེད།། ཀེཾ། ཀེཾ་ལས་རུས་པ་འབར་བའི་རི་རབ་སྤུངས་པ་ལ།། རྒྱུད་དྲུག་རུས་པའི་ཕུང་པོ་རི་རབ་ལ། ། འཁོར་བ་གནས་སུ་དག་ནས་ཆོ་འཕྲུལ་དངོས་གྲུབ་བསྟན།། ཀེང་རུས་འབར་བའི་རི་རབ་བསྐྱེད་པར་བྱ།། བྷྲཱུཾ། བྷྲཱུཾ་ལས་ཡེ་ཤེས་འབར་བའི་གཞལ་ཡས་ཁང།། ཕྱོགས་བཞི་མཚམས་བརྒྱད་བླ་འོག་ཁྱབ་པར་ནི། ། ཕྱི་དང་ནང་མེད་ཁ་དོག་སོ་སོར་གསལ།། བྷནྡྷཱ་བྷྲཱུཾ། ཐོད་པ་སྐམ་རློན་ཡེ་ཤེས་དཀྱིལ་འཁོར་ལ།། མཐིང་ནག་རབ་ཏུ་འབར་བའི་གཞལ་ཡས་ཁང།། ཡེ་ཤེས་ཆོ་འཕྲུལ་རྟོག་པ་གཞིལ་བའི་ལུང།། དུར་ཁྲོད་དཀྱིལ་འཁོར་ཆེན་པོ་བསྐྱེད་པར་བྱ། ། བྷནྡ་ཛྙཱ་ན་ཙཀྲ་མཎྜ་ལ་ཧཱུཾ། ཞེས་པས་བྷནྡའི་གཞལ་ཡས་ཁང།། མཐིང་ནག་རབ་ཏུ་འབར་བ་ལ།། འབྲས་བུ་ལྷ་ལ་མངོན་དུ་ཤར་བར་མཛད་དོ།། དེ་ནས་ཡང་ཨོཾ་བཛྲ་ཀཱི་ལི་ཀཱི་ཡ། དཱིཔྟ་ཙཀྲ་ཧ་ན་ཧ་ན་ཧཱུཾ། ཞེས་བརྗོད་པས། དེ་བཞིན་ཉིད་ཀྱི་ངང་ལས། ཡུམ་འཁོར་ལོ་རྒྱས་འདེབས་མ་མངོན་དུ་ཕྱུང་སྟེ། ཉིད་ཀྱི་སྐུ་ལ་འཁྲིལ་པའི་ཚུལ་དུ་བཞུགས་པར་གྱུར་ཏོ།། ནམ་མཁའི་དཀྱིལ་ནས་ཐིགས་པ་ཤར། ། སྲོག་གི་གོ་རུ་ཤར་བ་དང།། སྙིང་གི་དཀྱིལ་དུ་བསྒོམ་པར་བྱ།། སྟོང་གསུམ་ཡེ་ཤེས་གཞལ་ཡས་ཁང།། ཐུགས་རྗེ་རྣམ་དག་མུན་སེལ་སྐྱོན་མི་གོས།། ཉི་ཟླ་པདྨའི་གདན་སྟེང་དུ།། བྱང་ཆུབ་སེམས་ཀྱི་ཐིགས་པར་ཤར། ། སྲོག་སེམས་གོ་རུ་ཤར་བས་རྡོ་རྗེ་གཞོན་ནུར་ཤར།། ཙིཏྟའི་གཞལ་ཡས་ཁང་དུ་ཡེ་ཤེས་སེམས་དཔའི་ཐུགས།། རྡོ་རྗེའི་ཆང་གཟུང་བཟླས་པའི་ཡི་གེས་བསྐོར་བར་བསྒོམ།། སྙིང་རྗེས་བསྒྲལ་བའི་དམ་ཚིག་ནི། ། བསད་ཅིང་མནན་པ་མ་ཡིན་ཏེ།། ཕུང་པོ་རྡོ་རྗེས་གཏམ་བྱས་ནས།། རྣམ་པར་ཤེས་པ་རྡོ་རྗེར་བསྒོམ།། ཁམས་གསུམ་འཁོར་བའི་ཉོན་མོངས་སྡུག་བསྔལ་རྣམས།། ཐུགས་རྗེ་བྱང་ཆུབ་སེམས་སུ་བདག་དང་གཉིས་སུ་མེད་པར་བསྒྲལ། ། དམ་ཚིག་སྙིང་རྗེ་བསྒྲལ་བས་བསད་མནན་མ་ཡིན་ནོ།། བདག་དང་ཁམས་གསུམ་བསྒྲལ་བའི་ལུས་ངག་ཡིད་གསུམ་ནི།། རྡོ་རྗེ་གཞོན་ནུའི་སྐུ་གསུང་ཐུགས་སུ་གཏམས།། བདག་དང་སྣང་སྲིད་རྣམ་པར་ཤེས་པའི་ཚོགས། ། འདུས་མ་བྱས་ཉིད་རྡོ་རྗེ་དབྱེར་མེད་བསྒོམ།། དེ་ནས་དྲེགས་པ་ཅན་ཐམས་ཅད་གཏི་མུག་གི་དབང་གིས། རྒྱུ་འབྲས་ཀྱི་དོན་མ་རྟོགས་ཤིང། མཚན་མ་མེད་པའི་དོན་དང་རྣམ་པར་བྲལ། མཚན་མ་ཅན་ལ་ཞེན་ཅིང་ཆགས་པས། ངན་སོང་གསུམ་དུ་བསྐལ་པ་མང་པོར་སྡུག་བསྔལ་མི་བདེ་བ་སྣ་ཚོགས་ཉམས་སུ་མྱོང་ནས།། ལས་ཀྱི་འབྲས་བུ་སྨིན་པས།། ལས་ཀྱི་སྲིན་པོར་སྐྱེས་ནས་རྒྱུ་མཐུན་པའི་འབྲས་བུས་ཤིན་ཏུ་འཇིགས་ཤིང་རྨོངས། སེམས་ཅན་ཐམས་ཅད་ལ་གནོད་པར་བྱེད་པ། སྡུག་བསྔལ་དང་ཡིད་མི་བདེ་བ་དང། སྲོག་དང་བྲལ་བར་བགྱིད། དེའི་དོན་ལ་ཐུགས་རྗེས་དགོངས་ནས། ཡབ་ཡུམ་གཉིས་སུ་མེད་པའི་བྱང་ཆུབ་ཀྱི་སེམས་ལས། ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ།། ཧཱུ~ཾ་ཧཱུ~ཾ་ཧཱུ~ཾ། ཛཿཛཿཛཿ། ཕཊ་ཕཊ་ཕཊ། ཀཱི་ལ་ཡ་ཏི་ར་བཾ། ཧཱུ~ཾ་ཛཿཀཱི་ལ་ཡ་སོད་ཆོམ་གཏོགས། ཞེས་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི་ཐུགས་དམ་རྗེས་སུ་དྲན་པར་གྱུར། ཉིད་ཀྱི་སྐུ་ལས་ཀྱང་སྲས་མཆོག་གྲངས་མེད་པ་ཐོན་པར་གྱུར་ཏེ། ཕྱོགས་བཅུའི་དྲེགས་པ་ཅན་ཐམས་ཅད་བསྡུས་ནས་བསྒྲལ་བར་གྱུར་ཏོ།། ཡབ་ཡུམ་གཉིས་སུ་མེད་པའི་བྱང་ཆུབ་སེམས་ཀྱི་རང་བཞིན་ལས། ཧཱུཾ་ཀཱ་ར་དང་སྒྲ་འབྱིན་མ།། རྣམ་པར་རྒྱལ་དང་རྣམ་སྙེམས་མ།། དབྱུག་པ་སྔོན་པོ་སྡེར་མོ་དང།། གཤིན་རྗེའི་གཤེད་པོ་དུར་ཁྲོད་མ།། མི་གཡོ་མགོན་པོ་གཏུན་ཁུང་མ།། རྟ་མགྲིན་རྒྱལ་པོ་གཏུམ་མོ་དང། ། ཏ་ཀི་རཱ་ཙ་མདའ་སྙེམས་མ།། བདུད་རྩི་འཁྱིལ་པ་རླུང་འབྱིན་མ།། ཁམས་གསུམ་རྣམ་རྒྱལ་གསོད་བྱེད་མ།། སྟོབས་པོ་ཆེ་དང་རྡོ་རྗེ་བསྐྱོད་མ་དང།། གཉིས་སུ་མེད་པའི་སྤྲུལ་པའི་ཕྲ་མེན་ཡང།། ཕག་མགོ་སྟག་མགོ་གཡག་མགོ་དང། ། ཤ་བ་གཟིག་དང་བྱི་ལའི་མགོ། སྤྱང་མོའི་མགོ་དང་སེང་གེའི་མགོ། དྲེད་དང་དོམ་གྱི་མགོ་རུ་བསྟན།། སྨིག་བུ་བྱ་རོག་བྱ་རྒོད་མགོ། འུག་པ་ཁཱ་དང་པུ་ཤུད་མགོ། ཁྲ་ཡི་མགོ་དང་ཕ་ཝང་མགོ། སྲེ་མོའི་མགོ་དང་བྱི་བའི་མགོ། ཡང་སྤྲུལ་པ་སུམ་སྤྲུལ་གྲངས་མེད་ཀྱིས།། སྲིད་པའི་རླུང་ཡང་མི་ཐར་གཏམས།། དེ་ནས་བཅོམ་ལྡན་འདས་བཛྲཀཱི་ལ་ཡས། འཇིག་རྟེན་གྱི་དྲེགས་པ་ཅན་གྱི་འབྲས་བུ་རྒྱ་མཚོ་ཙམ་དུ་རྔུབས་ནས་བཛྲ་ཀཱི་ལ་ཡ་ཡི་འོད་ཟེར་སྐུ་ལ་བསྟིམ། དྲན་པ་རྙེད་དེ། བཛྲ་ཀཱི་ལ་ཡའི་ཡང་དག་པའི་བདེན་པ་མཐོང་ངོ།། དེའི་ཚེ་བཛྲ་ཀཱི་ལ་ཡའི་འབངས་སུ་དམ་བཅས་མནའ་བོར་ནས། ལུས་ཁྲོ་བོ་རྣམས་ཀྱི་གདན་དུ་ཕུལ། ཕྱི་རབས་ཀྱི་རྣལ་འབྱོར་རྗེས་སུ་འཇུག་པའི་གྲོགས་དང་ཚོགས་བསྐྱང་བར་དམ་བཅས་སོ།། རྒྱལ་རྣམས་བཙོན་དུ་བཟུང་བ་ཡིས། འབངས་རྣམས་ཆམས་ལ་ཕེབས་པར་འགྱུར། དེའི་ཚེ་ཕྱོགས་སྐྱོང་བ་རྣམས། ། ཁྲོ་བོའི་ཞབས་འོག་ཏུ་ཞུགས་སོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་གསང་བ་ཀཱི་ལ་ཡ། གསང་བའི་དགོངས་རྒྱུད་ཆེན་པོ་ལས། དྲེགས་པ་ཅན་བཏུལ་བའི་ལེའུ་སྟེ་དང་པོའོ། །།། དེ་ནས་ཡང་བཅོམ་ལྡན་འདས་བཛྲ་ཀཱི་ལ་ཡ་ལ། འཁོར་རྣམས་ཀྱིས་འདི་སྐད་ཅེས་གསོལ་ཏོ།། རྡོ་རྗེ་གཞོན་ནུའི་རིག་འཛིན་རྣམས།། སྲིད་པའི་རྡོ་རྗེ་གྲུབ་མཛོད་ཅིག། སྲིད་པ་རྡོ་རྗེ་ཕུར་པའི་ལྷ།། ཡེ་ཤེས་ཁྲོ་བོ་གྲུབ་པར་མཛོད། ། སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ།། ངང་ཉིད་རྡོ་རྗེ་ཆོས་དབྱིངས་ལས།། འབར་བའི་ཁྲོ་བོ་མི་བཟད་པ།། སྐུ་ཡི་དབྱིག་ཏུ་བདག་སྐྱེད་ཅིག། གསུང་དང་ཐུགས་ཀྱང་དེ་བཞིན་ནོ།། ཐབས་ཀྱི་སྤྱོད་པས་འགྲོ་དོན་དུ། ། བྱམས་དང་སྙིང་རྗེས་གང་འདུལ་བ།། སངས་རྒྱས་ཕྲིན་ལས་རྫོགས་མཛད་ནས།། དབང་དང་བྱིན་རླབས་སྩལ་དུ་གསོལ།། ཞེས་འཁོར་རྣམས་ཀྱིས་ཕྱི་ནང་གསང་བའི་མཆོད་པ་ཕུལ་ནས། ཕྱི་ནང་གསང་བའི་དབང་གསུམ་དང། ། སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཀྱིས།། སྟོང་གསུམ་མ་ལུས་འོད་ཟེར་འཕྲོ།། ཐམས་ཅད་བྱང་ཆུབ་སེམས་སུ་གྱུར།། བསྡུས་པས་སྐུ་གསུང་སྟོབས་ཆེན་པོ།། སྐུ་གསུང་ཐུགས་སུ་དབང་བསྐུར་རོ། ། ཀཱི་ལ་ཡ་གསང་བའི་དགོངས་རྒྱུད་ཆེན་པོ་ལས་དབང་གི་ལེའུ་སྟེ་གཉིས་པའོ།།།། དེ་ནས་ཡང་ཁྲོ་བོ་ཀརྨ་ཧེ་རུ་ཀས། བཅོམ་ལྡན་འདས་བཛྲ་ཀཱི་ལ་ཡ་ལ་འདི་སྐད་ཅེས་ཞུས་སོ།། ཀྱེ་བཅོམ་ལྡན་འདས་བཛྲ་ཀཱི་ལ་ཡ། རྗེས་སུ་བསྒྲུབ་པའི་རྣལ་འབྱོར་པས།། གནས་ནི་གང་དུ་གང་དུ་བགྱི།། དཀྱིལ་འཁོར་རྣམ་གསུམ་སྐུ་གསུང་ཐུགས།། འདི་ཡི་དོན་རྣམས་ཇི་ལྟར་ལགས།། ཞེས་གསོལ་པ་དང། དེ་ནས་བཛྲ་ཀཱི་ལ་ཡས། གནས་ཀྱི་ཁྱད་པར་འདི་གསུངས་སོ།། ཉོན་ཅིག་ཀརྨ་ཧེ་རུ་ཀ། གནས་ཀྱི་ཁྱད་པར་བསྟན་པ་ནི།། ཕུར་བུ་བསྒྲུབ་པའི་གནས་རྣམས་ནི།། དུར་ཁྲོད་གནས་དང་ཤིང་གཅིག་དྲུང།། རྒྱ་གྲམ་ལམ་དུ་བྱ་བ་དང།། ངམ་གྲོག་གནས་དང་ཁང་སྟོང་དུ། ། རྡོ་རྗེ་དྲག་པོའི་དཀྱིལ་འཁོར་བྱ།། ལས་ལ་ཕན་འདོགས་ཡོད་པ་དང།། བསྒྲིམ་ཞིང་ཤུགས་ཀྱིས་ཏིང་འཛིན་གསལ།། དེ་ལ་ཐབས་དང་རྟགས་མེད་ན།། བདག་གི་གཟུགས་ཕུང་བརླག་པ་དང། ། ཚེ་དང་སྲོག་ལ་བར་ཆད་འོང།། ནགས་ཚལ་ཆེན་པོ་ག་ན་བར།། དེར་ནི་ལེགས་པར་དཔྱད་པ་ནི།། ཀླུ་ཡི་མིག་དང་འབྱུང་པོའི་སྲང།། ས་ཡི་བགེགས་དང་མ་རུངས་ས།། མི་ཤིས་པ་ཡི་ས་མིན་པར། ། ལས་ཀྱི་བྱ་བའི་གཞུང་བརྩམས་ན།། བཀྲ་ཤིས་དོན་གྱི་གནས་ཡིན་པས།། ཡུན་རིང་བསྒྲུབ་ན་འགྲུབ་པར་འགྱུར།། མེ་ཏོག་གླིང་དང་རིན་ཆེན་རི།། དཔག་བསམ་ཤིང་དང་སྐད་སྙན་བྱ།། འབྲུ་སྣ་ཚོགས་དང་གནམ་ས་ལེགས། ། དབྱིབས་ལེགས་ལུང་པ་རན་པ་ནི།། བཀྲ་ཤིས་གཞུང་བཟང་གནས་ཡིན་པས།། གནས་ཀྱི་དམ་པ་ཡིན་ཞེས་བཤད།། དྲག་པོའི་ལས་སུ་བྱ་བ་ལ།། དང་པོར་ཕུར་སྒྲུབ་པའི་གནས།། ནགས་རི་ཚེར་མ་ཅན་གྱི་ཤིང། ། གཅན་གཟན་གདུག་པ་སྣ་ཚོགས་ཡོད།། གནམ་ནི་གྲི་མདའ་རལ་གྲིའི་ཤུལ།། ས་ནི་གྲུ་གསུམ་མེ་དཔུང་འདྲ།། ལོགས་ལ་དུར་ཁྲོད་གླིང་ཡོད་པ།། མཁས་པས་བརྟགས་ཏེ་བཙལ་བྱས་ན།། འདི་ནི་ཕུར་པའི་སྒྲུབ་གནས་ཡིན། ། ཚེར་མ་ཅན་གྱི་ཤིང་དག་དང།། དུག་ཤིང་གདུག་པ་ཡོད་པ་དང།། བྲག་ལ་རད་རོད་མེད་པ་དང།། གྲོག་པོ་གཏིང་ཟབ་ངན་པ་དང།། སྟག་གི་སོ་འདྲ་སྦྲུལ་གྱི་ལྕེ།། སྡིག་པའི་རྭ་འདྲ་ཆུ་སྲིན་ཁ། བན་གླང་སྣ་འཐབ་བྲག་ཆུའི་བར།། རྐང་གཅིག་ཤིང་དང་མ་རུངས་ས།། འདི་ནི་ཕུར་པ་གདབ་གནས་ཡིན།། བསད་པའི་གནས་སུ་བསྟན་པ་ནི།། སྔོན་ཆད་ལྷ་མི་ཕུང་ས་དང།། གཡུལ་བཀྱེ་བ་དང་མཚོན་འཐབ་དང། ། བསད་བཅད་ས་དང་མ་རུངས་ཤུལ།། སྲིན་པོ་བསྒྲལ་བའི་བཤའ་གཞི་དང།། སྲོག་བཅད་བསད་པའི་ཁྲག་རྗེས་དང།། གཡུལ་ངོ་བཤམས་པའི་ས་མཁར་བསྙིལ།། མང་པོ་བསད་པའི་ཕུང་བའི་ས།། བྲག་ནི་སྲིན་མོ་ངུ་བ་འདྲ། ། རི་ནི་ཐལ་ཕུང་བསྙིལ་བ་འདྲ།། ལུང་པ་མེ་ཡིས་བསྲེགས་པ་འདྲ།། ཤིང་རྩི་རྐང་ཐང་འབྲོས་པ་འདྲ།། སྒང་གཤོངས་མི་རོ་སྦས་པ་འདྲ།། འདི་ནི་བརྡེག་ཅིང་བསྒྲལ་གནས་ཡིན།། སེམས་ལ་ཆོས་ཉིད་མི་གསལ་ཞིང། ། ཉམས་དང་ཏིང་འཛིན་གཡེལ་བས་ནི།། གནས་འདི་དག་ཏུ་ཡོངས་མི་བྱ།། ནམ་ཕུགས་རྣལ་འབྱོར་བདག་ལ་གནོད།། དེ་བས་གཞུང་དང་མཐུན་པ་ཡི།། བཀྲ་ཤིས་ས་ཡི་གནས་དག་ཏུ།། ཡིན་རིང་བསྲེངས་ན་གདོན་གཏོལ་མེད། ། དམ་ཚིག་མ་ཉམས་ངེས་ཐུབ་དང།། ཏིང་འཛིན་བརྟན་པའི་བློ་ཅན་གྱིས།། གནས་ནི་དེ་དང་དེ་དག་ཏུ།། ཆོ་གའི་ལས་འདི་བརྩམ་པར་བྱ།། ངེས་པར་འགྲུབ་པར་གདོན་མི་ཟ།། དེ་ལྟ་བུ་ཡི་ས་རྙེད་ནས། ། ཡུལ་ས་དེ་ཡི་བདག་པོ་ལ།། བདེན་པས་བཀྲོལ་ལམ་ས་རིན་བཅལ།། དེ་ནས་ཞག་གྲངས་འདི་ཙམ་མམ།། དྲག་པོའི་ལས་འདི་མ་གྲུབ་པར།། གནས་འདི་རྣལ་འབྱོར་བདག་ཡར་བས།། གཏོར་མ་བྱིན་པ་འདི་ལོང་ལ། ། མ་གྲུབ་བར་དུ་གཞན་སུ་དེངས།། བཀྲ་ཤིས་པ་ཡི་སྨོན་ལམ་གདབ།། དེ་སྐད་བྱས་ལ་གཏོར་མ་སྦྱིན།། བསྒོ་བའི་ལས་རྣམས་གཉེར་ཡང་གཏད།། དེ་ནས་གཞུང་བཞིན་དཀྱིལ་འཁོར་བརྩིག། ཁམས་གསུམ་སྲིད་གསུམ་དབང་དུ་བསྡུ་བའི་ཕྱིར། ། རཀྟ་ཆགས་པའི་དབང་གིས་ཆག་ཆག་གདབ།། སྲིད་གསུམ་ཡེ་ནས་ཡེ་ཤེས་ཆེན་པོ་ལྔ།། གཏི་མུག་སོགས་པའི་དུག་ལྔ་གནས་སུ་གཞོམ་ཕྱིར་དུ།། དམ་རྫས་བདུད་རྩི་ལྔ་ཡིས་ཆག་ཆག་གདབ། ། རིན་ཆེན་སྣ་ལྔའི་ཁ་དོག་ཚོན།། འབྲུ་ལྔས་བྱིན་གྱིས་བརླབ་ཅིང་བྲི་བར་བྱ།། ཐབས་དང་ཤེས་རབ་གཉིས་མེད་པའི།། བྱང་ཆུབ་སེམས་ཀྱི་ཐིག་གདབ་པོ།། འཁོར་ལོ་རྩིབས་བརྒྱད་ཐིག་ཏུ་གདབ། ། དབུས་སུ་དྲག་པོ་གྲུ་གསུམ་ལ།། ཟླ་གམ་དམར་པོ་དབང་གི་ཚུལ།། ཟླུམ་པོ་གྲུ་བཞི་ཞི་རྒྱས་སོ།། གྲུ་ཆད་བཞིས་ནི་རབ་ཏུ་བརྒྱན།། གྲུ་བཞི་སྒོ་ཁྱུད་བཞི་དང་ལྡན།། དྲེགས་པ་བཅུ་གཅིག་བསྣོལ་མར་བསྒོམ། ། ཉི་ཟླ་པདྨའི་གདན་སྟེང་དུ།། དབུས་སུ་དྲེགས་པའི་གདན་དག་ལ།། བཛྲ་ཀུ་མཱ་ར་ཡང་བསྐྱེད།། ཤར་གྱི་འཁོར་ལོའི་རྩིབས་དག་ལ།། དྲི་ཟ་བསྣོལ་བའི་གདན་སྟེང་དུ།། རྣམ་པར་རྒྱལ་བ་ཡབ་ཡུམ་བསྐྱེད། ། ཤར་ལྷོའི་འཁོར་ལོའི་རྩིབས་སྟེང་དུ།། མེ་ལྷ་བསྣོལ་བའི་གདན་དག་ལ།། དབྱུག་པ་སྔོན་པོ་ཡབ་ཡུམ་བསྐྱེད།། ལྷོ་ཕྱོགས་འཁོར་ལོའི་རྩིབས་སྟེང་དུ།། གཤིན་རྗེ་བསྣོལ་བའི་གདན་སྟེང་དུ།། གཤིན་རྗེ་གཤེད་པོ་ཡབ་ཡུམ་བསྐྱེད། ། ལྷོ་ནུབ་འཁོར་ལོའི་རྩིབས་སྟེང་དུ།། བདེན་བྲལ་བསྣོལ་བའི་གདན་སྟེང་དུ།། མི་གཡོ་མགོན་པོ་ཡབ་ཡུམ་བསྐྱེད།། ནུབ་ཕྱོགས་འཁོར་ལོའི་རྩིབས་སྟེང་དུ།། ཀླུ་དབང་བསྣོལ་བའི་གདན་སྟེང་དུ། ། རྟ་མགྲིན་རྒྱལ་པོ་ཡབ་ཡུམ་བསྐྱེད།། ནུབ་བྱང་འཁོར་ལོའི་རྩིབས་སྟེང་དུ།། རླུང་ལྷ་བསྣོལ་བའི་གདན་སྟེང་དུ།། གཞན་གྱིས་མི་ཐུབ་ཡབ་ཡུམ་བསྐྱེད།། བྱང་ཕྱོགས་འཁོར་ལོའི་རྩིབས་སྟེང་དུ།། གནོད་སྦྱིན་བསྣོལ་བའི་གདན་སྟེང་དུ། ། བདུད་རྩི་འཁྱིལ་པ་ཡབ་ཡུམ་བསྐྱེད།། བྱང་ཤར་འཁོར་ལོའི་རྩིབས་སྟེང་དུ།། དབང་ལྡན་བསྣོལ་བའི་གདན་སྟེང་དུ།། ཁམས་གསུམ་རྣམ་རྒྱལ་ཡབ་ཡུམ་བསྐྱེད།། མདུན་དུ་ཚངས་པའི་གདན་སྟེང་དུ། ། ཧཱུཾ་མཛད་ཡབ་ཡུམ་བསྐྱེད་པར་བྱ།། རྒྱབ་ཏུ་ས་བདག་གདན་ལ་ནི།། སྟོབས་ཆེན་ཡབ་ཡུམ་བསྐྱེད་པར་བྱ།། དེ་དག་གཡས་གཡོན་གཉིས་སུ་ནི།། ཕྲ་ཐབས་གཡས་ལ་ཕྲ་མེན་གཡོན།། ཡང་སྤྲུལ་གསུམ་སྤྲུལ་བསྐྱེད་པར་བྱ། ། སྒོ་བཞིར་སྒོ་མ་བཞི་དག་དགོད།། མཚན་དང་ལྡན་པའི་བྷན་དྷ་རུ།། སོ་སོའི་སྙིང་པོ་བྲིས་ལ་ནི།། དངོས་གྲུབ་རྟེན་ནི་ནུབ་ཏུ་གཞག། ཐོད་པའི་ཚལ་བུ་བཅུ་གཅིག་ཏུ།། ཚིལ་ཆེན་མེ་མར་བཅུ་གཅིག་བཏང། ། ཚིགས་སུ་བཅད་པའི་བསྟོད་པ་བྱ།། མཆོད་པའི་སྨོན་ལམ་བརྒྱ་དང་སྟོང།། རཀྟ་མང་པོ་མཚོ་ལྟར་རློབས།། མཱཾ་ས་མང་པོ་རི་ལྟར་སྤུང།། ཤུན་ཆེན་ས་གཞི་སྤྲིན་ལྟར་གཏིབ།། ཞི་བྲན་མང་པོ་འཕན་དུ་བཀྲམ། ། གཞན་ཡང་རྒྱན་རྣམས་གཞུང་བཞིན་དགྲམ།། དེ་ལྟར་གསལ་བའི་དཀྱིལ་འཁོར་ནི།། སྒྲུབ་པའི་དཀྱིལ་འཁོར་དམ་པ་ཡིན།། མཎྜལ་འདོམ་གང་གྲུ་བཞི་ལ།། ཐིག་བཞི་བཏབ་པས་ལིང་ཚེ་དགུ། དབུས་སུ་ཕོ་བྲང་དཀར་ཟླུམ་པོར། ། ཡིག་འབྲུ་ཨ་རེ་ཚོན་གྱིས་བྲི།། སྙིང་པོའི་ཞབས་ལ་ཨ་རེ་གདགས།། ཞི་བའི་དཀྱིལ་འཁོར་དམ་པའོ།། མཎྜལ་འདོམ་གང་གྲུ་བཞི་ལ།། སྒོ་རྣམས་ཟུར་ལ་གཏད་པར་བྱ།། དབུས་སུ་འཁོར་ལོ་རྩིབས་བརྒྱད་ལ། ། གྲུ་བཞི་སྒོ་རྣམས་སྒོ་ལ་གཏད།། ཡིག་འབྲུ་ཏྲཱཾ་སྭཱ་གང་རུང་དགོད།། ལྷ་སྙིང་ཞབས་ལ་ཏྲཱཾ་སྭཱ་གདགས།། རྒྱས་པའི་དཀྱིལ་འཁོར་དམ་པ་ལགས།། མཎྜལ་འདོམ་གང་གྲུ་བཞི་ལ།། པདྨ་འདབ་བརྒྱད་ཐིག་ཏུ་གདབ། ། པདྨ་རེ་ལ་ཟླ་གམ་རེ།། སྟེང་དུ་ཡི་གེ་ཨཾ་རེ་དགོད།། ལྷ་སྙིང་ཞབས་ལ་ཨཾ་རེ་གདགས།། དབང་གི་དཀྱིལ་འཁོར་དམ་པའོ།། མཎྜལ་གྲུ་བཞི་འདོམས་གང་ལ།། འཁོར་ལོ་རྩིབས་བརྒྱད་ཐིག་ཏུ་གདབ། ། འཁོར་ལོ་རེ་ལ་གྲུ་གསུམ་རེ།། ཡིག་འབྲུ་ཡིག་ཚོན་ཕཊ་རེ་དགོད།། ལྷ་སྙིང་ཞབས་ལ་ཕཊ་རེ་གདགས།། དྲག་པོའི་དཀྱིལ་འཁོར་དམ་པའོ།། སྒོ་རྣམས་སྒོ་ཁྱུད་ཀུན་དང་མཐུན།། བསྒྲུབ་པའི་དཀྱིལ་འཁོར་འབུར་དུ་གདོན། ། ཁ་དོག་རིགས་དང་མཐུན་པར་བྲི།། སྒོ་ཡི་ཕྱི་ལོགས་སྣམ་བུ་ལ།། གྲུ་གསུམ་བརྒྱ་དང་རྩ་བརྒྱད་བྲི།། དུག་དང་གདུག་པ་ཚེར་མ་ཅན།། ལྕགས་ཐག་ནག་པོས་བསྡམས་ལ་ནི།། ཡིག་འབྲུ་ཛྭ་ལ་རཾ་རྣམས་དགོད། ། ཧོམ་ནག་དཀྱིལ་འཁོར་དམ་པའོ།། རྒྱུད་ཀྱི་རྒྱལ་པོ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་གསང་བ། ཀཱྀ་ཡ་ལ་གསང་བའི་དགོངས་རྒྱུད་ལས། གནས་ཀྱི་མཚན་ཉིད་བསྟན་པ་དང་དཀྱིལ་འཁོར་གཏན་ལ་དབབ་པའི་ལེའུ་སྟེ་གསུམ་པའོ། །།། དེ་ནས་ཡང་ཁྲག་འཐུང་གི་རྒྱལ་པོ་བཛྲ་ཀཱི་ལ་ཡ་ལ། ཀརྨ་ཧེ་རུ་ཀས་འདི་སྐད་ཅེས་གསོལ་ཏོ།། ཀྱེ། བཅོམ་ལྡན་བཛྲ་ཀཱི་ལ་ཡ།། ལྷ་ལ་དབང་བསྐུར་མི་འཚལ་ལམ། ། བྱིན་གྱིས་བརླབ་ན་ཇི་ལྟར་བརླབ།། ཅེས་གསོལ་པ་དང། བཛྲ་ཀཱི་ལ་ཡས་འདི་སྐད་ཅེས་བཀའ་སྩལ་ཏོ།། ཉོན་ཅིག་ཀརྨ་ཧེ་རུ་ཀ། ཕྱོགས་བཅུའི་སངས་རྒྱས་སྤྱན་དྲངས་ལ།། མཆོད་བསྟོད་ཕྱག་འཚལ་གཞུང་བཞིན་བྱ། ། གསོལ་གདབ་དབང་ཡང་ནོད་པར་བྱ།། སྐུ་དང་གསུང་དང་ཐུགས་དང་ནི།། ཡོན་ཏན་ཕྲིན་ལས་ལྔ་རུ་བསྐུར།། ཕྱོགས་བཅུའི་སྲོག་ལ་དབང་བསྐུར་ནས།། སྲོག་ནི་ཡེ་ཤེས་གྱུར་ནས་ནི།། ཁམས་གསུམ་སྒྲོལ་བའི་དབང་བསྐུར་རོ། ། ཡ།། ཕྱོགས་བཅུའི་སངས་རྒྱས་སྤྱན་དྲངས་ནས།། གཉིས་སུ་མེད་པར་བསྟིམ་བྱས་ནས།། བདག་ཉིད་གྲུབ་པའི་དཀྱིལ་འཁོར་ལ།། ཕྱི་ནང་གསང་བའི་མཆོད་པ་བརྩམ།། བདག་ཉིད་ཐུགས་ཀའི་འོད་ཟེར་ལས། ། ལྷ་མོ་མང་པོ་སླར་འཐོན་ནས།། བདག་ལ་མཆོད་པ་བྱེད་པར་བསམ།། སྐུ་དང་གསུང་དང་ཐུགས་གསུམ་དུ།། རྣམ་སྣང་མི་བསྐྱོད་སྣང་མཐའ་ཡས།། འཁོར་ལོ་པདྨ་རྡོ་རྗེ་བུམ།། འབྲུ་གསུམ་པོ་ལ་ཡིག་འབྲུས་བསྐོར། ། སྐུ་གསུང་ཐུགས་ཀྱི་ས་བོན་ལས།། བྱང་ཆུབ་སེམས་ཀྱི་འོད་ཟེར་འཕྲོས།། སྲིད་གསུམ་བྱང་ཆུབ་སེམས་སུ་བསྒྲལ།། བདེ་བར་གཤེགས་པའི་ཐུགས་དམ་བསྐང།། སླར་འདུས་བདག་གི་གནས་སུ་ཐིམ། ། ཐུགས་ནས་རིམ་པར་དབང་བསྐུར་བས།། བདག་ཉིད་ལྷུན་གྲུབ་སྐུ་གསུང་ཐུགས།། བདག་ཉིད་ཁྲོ་རྒྱལ་ཡིན་པའི་ཕྱིར།། སྐུ་ལས་ཡེ་ཤེས་འོད་ཟེར་འཕྲོ།། ཁམས་གསུམ་ཡེ་ནས་སངས་རྒྱས་ཡིན། ། རྟོག་པའི་དབང་གིས་འཁོར་བ་རྣམས།། གཉིས་མེད་བྱང་ཆུབ་སེམས་སུ་བསྒྲལ།། སླར་འདུས་བདག་ལ་དབང་བསྐུར་རོ།། དར་གྱི་དེ་ནི་གཟུངས་ཐག་ལ།། དཀར་དམར་མཐིང་སེར་རིན་པོ་ཆེ། ། བདག་དང་ཁྲོ་བོ་ཕུར་པ་རྫས།། སྐུ་གསུང་ཐུགས་ཀྱི་གནས་རྣམས་སུ།། རིགས་དང་སྦྱར་ཏེ་སྤྲོ་བསྡུ་བྱ།། རིན་པོ་ཆེ་ཡི་སྦུ་གུ་རུ།། རེ་རེ་ལ་ཡང་གསུམ་གསུམ་དགུར།། དབང་བསྐུར་བྱིན་གྱིས་བརླབ་པར་བྱའོ། ། བུམ་པ་ལྔ་ལ་རྒྱན་ཆས་བརྒྱན།། སོ་སོའི་ལྷ་ཡི་སྙིང་པོ་ཡི།། ཞབས་ལ་དཔའ་བོ་འབྲུ་ལྔ་གདགས།། ཉུང་དཀར་བཟླས་ལ་བསྟིམ་པར་བྱ།། རྡོ་རྗེ་དྲིལ་བུ་རིན་པོ་ཆེ།། པོ་ཏི་ལ་སོགས་སོ་སོའི་སྔགས་ཀྱིས་བསྟིམ། ། ཕྱི་དབང་དུས་སུ་སོ་སོའི་ཞབས་ལ་གདགས།། ཡུངས་ཀར་བཟླས་ལ་བསྟིམ་པར་བྱ།། རྣ་བའི་དབུས་ཀྱི་བཅུད་བསྡུས་རྩ་ལ་ནི།། ཡིག་འབྲུ་ཏྲཱཾ་བསྒོམ་སྤྲོ་བསྡུས་པས།། ཡེ་ཤེས་རིན་ཆེན་འབྱུང་ལྡན་བསྐྱེད་པར་བྱ། ། པོ་ཏིས་དབང་བསྐུར་ཉན་པའི་དབང།། ཐུགས་ནི་རིན་ཆེན་གཞལ་ཡས་ཁང།། ཡི་དམ་ལྷ་ནི་གསལ་བསྒོམ་ལ།། ཡེ་ཤེས་ལྔ་ཡིས་དབང་བསྐུར་བས།། ཡི་དམ་ལྷ་ཉིད་ཞུ་བར་གྱུར།། གང་གིས་དབང་བསྐུར་སྒོམ་པའི་དབང། ། ལག་མཐིལ་ཉིད་ཀྱི་རྩ་ཉིད་ལ།། ལག་པའི་འཁོར་ལོ་གཞལ་ཡས་ཁང།། ཡེ་ཤེས་ཚོན་གང་དོན་ཡོད་གྲུབ།། ཐུགས་ཀའི་རྒྱ་གྲམ་ཡིག་འབྲུ་ཧཱ།། ལས་ཀྱི་རིགས་ཀྱི་བཟླས་པས་བསྐོར།། རྡོ་རྗེ་རྒྱ་གྲམ་དབང་བསྐུར་ཡེ་ཤེས་སེམས་དཔའ་ཞུ། ། ཕྲིན་ལས་དབང་བསྐུར་དམ་པ་ཡིན།། ལྕེ་དབུས་པདྨ་འདབ་བརྒྱད་ལ།། དབུས་སུ་སྣང་བ་མཐའ་ཡས་བསྐྱེད།། པདྨ་ཨཱཾ་ལ་བཟླས་པའི་ཡིག་འབྲུས་བསྐོར།། གསུང་རབ་དྲིལ་བུས་དབང་བསྐུར་ཡེ་ཤེས་སེམས་དཔའ་ཞུ། ། བཤད་བཟླས་གཉིས་ཀྱི་དབང་བསྐུར་མཆོག་ཡིན་ནོ།། དབང་རྫས་རྣམས་ཀྱང་དེ་བཞིན་དུ།། མཁས་གོམས་གྲུབ་པས་དབང་བསྐུར་བྱ།། བསྙེན་པའི་དཀྱིལ་འཁོར་གཞུང་བཞིན་བྲི། ། མཁས་པས་ལྷ་ཕུར་རིམ་པས་འགོད།། བྷན་དྷའི་ནང་དུ་བཟླས་ཉུང་བསགས།། ཕུར་པ་བཅུ་ལ་ཁྲོ་བཅུའི་སྙིང་པོ་བྲི།། ལོགས་ལ་སྙིང་པོ་དཔལ་ལ་ལས་བསྔགས་སོ།། བརྒྱ་མཚམས་སྟོང་མཚམས་མཆོད་བསྟོད་གཞུང་བཞིན་བྱ། ། ཉུང་དཀར་རྒྱལ་པོས་དབང་བསྐུར་བྱིན་གྱིས་བརླབ།། བདག་ཉིད་རྩ་བའི་དཀྱིལ་འཁོར་གསལ་བསྒོམས་ལ།། ཕུར་པ་དར་གྱི་ཅོད་པན་གཟུངས་ཐག་གདགས།། རིན་པོ་ཆེ་ཡིས་སྦུ་གུ་ཁོང་སྟོང་བྱང་ཆུབ་སེམས། ། ལོགས་ལ་སྐུ་གསུང་ཐུགས་ཀྱི་ཡིག་འབྲུ་འཁྲིགས།། དེ་ཡི་རྩ་བ་ཡན་ལག་གསུམ་དུ་སྦྲེལ།། བྱང་ཆུབ་སེམས་རྩ་དང་ནི་ངག་དག་རྩ།། སེམས་གནས་དྲན་གཞི་ཙིཏྟའི་རྩ་ལ་འབྲལ།། སྐུ་གསུང་ཐུགས་ཀྱི་འཕྲོ་འདུ་གྲངས་མེད་སྤྲོ། ། རེ་རེ་ལ་ཡང་གསུམ་གསུམ་མོ།། ཕྲ་མོའི་ཏིང་འཛིན་གསལ་བར་བྱ།། སྲན་མ་སྲན་ཆུང་ཉུང་དཀར་ཏིལ།། ཏིང་འཛིན་མི་གསལ་བཟླས་པ་བྱ།། བདུན་འབུམ་ཉི་ཁྲི་ཐེམ་པ་དང། ། ཕུར་པའི་རྟགས་རྣམས་དུས་སུ་འབྱུང།། རྣལ་འབྱོར་དད་དང་ལྡན་པར་འགྱུར།། དེ་ཡིས་དབང་རྣམས་རིམ་བཞིན་བསྐུར།། རྗེས་འཇུག་དབང་མཆོག་འདོད་པ་དེས།། དཀྱིལ་འཁོར་དམ་པ་བསྟན་པའི་ཕྱིར། ། སློབ་དཔོན་ལུང་དང་ལྡན་པ་དེས།། བདུད་རྩི་ཁར་བླུག་མནའ་ཡིས་བསྒག། ཨ་མྲྀ་ཏ་ཡིས་ན་ར་ཀན།། བཟླས་པའི་ཆུ་ནི་ཁ་རུ་བླུག། གསང་བའི་དཀྱིལ་འཁོར་འདིར་ཞུགས་ནི།། ཁྱོད་ཀྱིས་གཞན་ལ་མ་སྨྲ་ཞིག། གལ་ཏེ་གཞན་ལ་སྨྲས་གྱུར་ན།། སྡུག་བསྔལ་ཆེན་པོས་ཐར་མི་འགྱུར།། སྲོག་ལ་བར་ཆད་མྱུར་དུ་འོང།། སེམས་ཅན་དམྱལ་བ་ཆེན་པོར་སྐྱེ།། དེ་ལས་ཐར་པའི་དུས་མེད་འགྱུར།། ཁྱོད་ལ་དམ་ཚིག་དཔོག་པ་ནི། ། ཡི་དམ་ལྷ་ལ་རྟག་པར་གནས།། སྔགས་དང་ཕྱག་རྒྱ་རྒྱུན་མི་གཅོད།། བླ་མ་མིག་གི་འབྲས་ལྟར་བལྟ།། རྡོ་རྗེ་སྤུན་ལ་བརྩེ་གདུང་ཆེ།། གསང་བའི་མན་ངག་ཐབས་མཆོག་འདི།། སྣོད་ངན་གཞན་ལ་མི་སྤེལ་ལོ། ། རྒྱུད་འབྲེལ་བློ་ཞེན་སྒྲུབ་ལ་ཞུགས།། སྦྱོར་སྒྲོལ་མཆོད་པ་རྒྱུན་མི་གཅོད།། རྫས་དང་ལག་ཆ་རྟག་ཏུ་ཆོངས།། བལྟ་བ་ནམ་མཁའ་བཅོས་པ་མེད།། སྤྱོད་པ་ས་གཞི་བཞིན་དུ་གྱིས།། དམ་ཚིག་འཇིགས་པའི་མཁར་བཞིན་སྲུངས། ། གསང་བའི་སྡོམ་པ་འདའ་དཀའ་བ།། གསང་སྔགས་ཟབ་མོ་སྟོན་པའི་སློབ་དཔོན་ལ།། སྨད་སེམས་འཕྱ་སེམས་བྱས་ན་ནི།། དངོས་གྲུབ་མེད་ཅིང་དམྱལ་བར་ལྟུང།། སྲོག་ལ་བར་ཆད་མྱུར་དུ་འོང།། དེ་ལྟར་དམ་ཚིག་ཕོག་པ་དང། ། གསང་སྔགས་ཟབ་མོའི་དབང་མཆོག་འབྲས་བུ་ལ།། ལས་འཕྲོ་སྐལ་བར་ལྡན་དང་མི་ལྡན་པ།། ལུས་བཀྲུས་གོས་གཙང་བསྐོན་ལ་ཉལ་དུ་གཞུག། གསང་སྔགས་ཟབ་མོའི་སྒོར་ཞུགས་དབང་མཆོག་ཐོབ། རྡོ་རྗེ་སློབ་དཔོན་ཕྱག་ཆ་གནང་གི་རྨི།། ཐུགས་ཀྱི་དངོས་གྲུབ་ཐོབ་པའི་རྟགས།། ལག་ཏུ་བ་དན་ཐོགས་པ་དང།། ཀུན་གྱི་དམག་དཔོན་བྱེད་ཅིང་རྨི།། སྐུ་ལ་རྒྱན་ཆ་འདོགས་ཤིང་རྨི། སྐུ་ཡི་དངོས་གྲུབ་ཐོབ་པའི་རྟགས། ། གསེར་གཡུ་ལུས་ལ་བཏགས་ཤིང་རྨི།། གཞན་ཡང་ཟངས་ལྕགས་རིན་པོ་ཆེ།། བདག་གིས་བཏགས་དང་འཆང་བ་རྨི།། ཡོན་ཏན་དངོས་གྲུབ་ཐོབ་པའི་རྟགས།། ལག་ཏུ་པདྨ་མེ་ཏོག་ཐོགས། ། ཉི་དྲོ་ཟླ་གསལ་མི་མཐོང་བ།། རྒྱ་མཚོ་ཆེན་པོ་བརྒལ་གྱིན་རྨི།། བདག་གི་ལུས་ཀྱང་བཤས་ནས་ནི།། ཤ་ཁྲག་མི་ཡིས་བགོས་ཀྱིན་རྨི།། གསུང་གི་དངོས་གྲུབ་ཐོབ་པའི་རྟགས།། མདའ་གཞུ་གོ་མཚོན་ཐོགས་པ་དང། ། རྩི་ཤིང་མང་པོ་བསྲེལ་བ་དང།། ནམ་མཁའ་ལ་ནི་འཕུར་གྱིན་ནི།། ཕྲིན་ལས་དངོས་གྲུབ་ཐོབ་པའི་རྟགས།། གསང་སྔགས་ཟབ་མོ་དབང་གི་འབྲས་བུ་ལ།། ལས་དང་སྐལ་བར་ལྡན་པའི་རིགས་ཀྱི་བུ་མཆོག་དེ། ། བདག་ལུས་སྲོག་དང་ནོར་ལ་སོགས།། བུ་དང་ཆུང་མར་བཅས་པ་རྣམས།། ཞུམ་པ་མེད་པའི་སེམས་ཀྱིས་དབུལ།། རྡོ་རྗེ་རིགས་ཀྱི་ཡོན་ཡིན་ནོ།། བྲན་དང་བཅས་པའི་འདོད་ཡོན་ལྔ། ། འཁོར་ལོ་ཅན་གྱི་ཡོན་ཡིན་ནོ།། རིན་ཆེན་སྣ་ལྔ་ལ་སོགས་དང།། གླང་པོ་རྟ་དང་མ་ཧེར་བཅས།། རིན་ཆེན་རིགས་ཀྱི་ཡོན་ཡིན་ནོ།། མ་སྲིང་བུ་མོ་ཆུང་མ་དང།། རབ་ཏུ་བརྒྱན་པ་དག་དང་ནི།། རྒོད་མ་ལ་སོགས་མོ་ཆགས་རྣམས། ། པདྨའི་རིགས་ཀྱི་ཡོན་དུ་དབུལ།། རྟ་དང་མ་ཧེ་གླང་ཆེན་དང།། རྫས་ཀྱི་བྱེ་བྲག་མང་པོ་བཀལ་བ་ནི།། ལས་ཀྱི་རིགས་ཀྱི་ཡོན་དུ་དབུལ།། སློབ་དཔོན་པདྨའི་ཁྲི་ལ་བཞུགས་སུ་གསོལ། ། གསེར་ལ་སོགས་པ་རིན་པོ་ཆེ།། དར་གྱི་ཐུམ་པོར་བཅུག་ལ་ནི།། གཞན་ཡང་རྫས་རྣམས་ཅི་འབུལ་བ།། སློབ་དཔོན་ཉིད་ལ་གཏོར་དེ་དབུལ།། རྡོ་རྗེ་སློབ་དཔོན་ཐུགས་ཀ་ཡི།། ཡེ་ཤེས་སེམས་པ་ཉིད་ལ་ཕོག། འོད་ཟེར་དུ་ནི་འཕྲོས་པ་ལས།། སློབ་མ་ཡི་ནི་ཐུགས་ཀ་རུ།། ཡེ་ཤེས་སེམས་དཔའ་ཉིད་ལ་ཐིམ།། ཐིམ་པས་འོད་དུ་ཞུ་བར་གྱུར།། ཨ་ཁཾ་བཱི་ར་པཱུ་ཛ་ཧཱུ~ཾ། དེ་སྐད་བརྗོད་ལ་བསྐོར་བ་བྱ།། དེ་ནས་དཀྱིལ་འཁོར་ཆེན་པོ་རུ། ། དབང་གི་རིམ་པ་བསྐུར་བར་བྱ།། དང་པོ་རྒྱུ་འབྲས་མི་བསླུ་བསྟན།། དེ་ལྟར་འབུལ་བྱེད་སློབ་མ་ལ།། རྫོགས་པའི་རིམ་པའི་དབང་བསྐུར་བྱ།། བུ་མོ་ལོ་གྲངས་ཉི་ཤུ་ལ།། ཕྱག་རྒྱའི་དཀྱིལ་འཁོར་གསལ་བཀོད་དེ། ། ལན་གསུམ་ཚུལ་དུ་ནན་ཏན་བྱ།། གཉིས་སུ་མེད་པའི་བྱང་ཆུབ་སེམས།། ཞལ་བུ་ཀ་པཱ་ལ་རུ་བསམ།། ཐབས་དང་ཤེས་རབ་གཉིས་ཀྱིས་བླང།། སྐུ་གསུང་ཐུགས་སུ་བསྐུལ་བར་བྱའོ།། དངོས་གྲུབ་ཆེན་པོ་ཐོབ་པར་ངེས། ། དངོས་གྲུབ་རྣམ་གཉིས་མི་ལྡོག་པ།། ཤེས་རབ་མ་ཡི་མཚན་བརྟག་པ། སྐྲ་ནི་སེར་ལ་ལི་བ་དང།། མིག་ལ་ཀྲི་ཀ་ཆགས་པ་དང།། འབྲས་བུ་དཀར་ནག་ཕྱེད་པ་དང།། སོ་ལ་སོ་ཞོ་ཆགས་པ་དང། ། རྐང་པའི་བྱིན་པ་ཕྲ་བ་དང།། ལུས་ལ་དྲི་ཞིམ་ནད་ཀྱང་ཉུང།། ནུ་མ་ཆུང་ལ་སྐེད་སྐབས་དོད།། སྐད་ཀྱང་ངང་པ་གཞོན་ནུ་འདྲ།། ལྕེ་འཇིབས་མ་མཆུ་སོ་ཡིས་འདྲད།། ནུ་མ་མཉེ་ཞིང་ཁ་གཉིས་སྦྱར། ། མཁའ་གསང་གཉིས་ནི་བྱིན་བརླབས་ལ།། ཨེ་སྟེང་ཉི་མ་པདྨ་བརྒྱད།། ཟླ་བ་རྡོ་རྗེ་རྩེ་ལྔ་ཨཱཿ།། སྟྭཾ་དང་ཧོ་ཡིས་བསྐུལ་ལ་ནི།། དེ་ལ་གཉིས་མེད་སྦྱོར་བར་བྱ།། པདྨ་ལ་ནི་རྡོ་རྗེ་ཞུགས།། རྡོ་རྗེའི་ལམ་ནས་པདྨར་འཁྱིལ། ། བདེ་བ་གསལ་ཞིང་མི་དམིགས་པ།། བྱང་ཆུབ་སེམས་ཆུ་རབ་ཕབ་ནས།། གསང་བའི་ཕོ་བྲང་དབུས་སུ་ནི།། བདེ་བར་གཤེགས་པའི་སྐུ་རྣམས་བསྐྱེད།། སྐད་ཅིག་མ་ཡི་སྤྲོ་བསྡུས་ཞུ།། དཀར་འཚེར་བྱང་ཆུབ་སེམས་སུ་གྱུར། ། བྱང་ཆུབ་སེམས་ནི་སྤྱན་དྲངས་ནས།། བྱང་ཆུབ་སེམས་ནི་བསག་པའི་སྣོད།། མཚན་དང་ལྡན་པའི་ཀ་པཱ་ལ།། སྐུ་གསུང་ཐུགས་ཀྱི་གནས་རྣམས་སུ།། དབང་བསྐུར་དངོས་གྲུབ་བསྟིམ་པར་བྱའོ། ། གང་ཟག་རྣམས་ལ་སྐུར་བ་ནི།། དུས་འདི་ཕན་ཆད་རྒྱལ་བའི་སྲས།། ངན་སོང་གསུམ་དུ་ལྟུང་མི་སྲིད།། ལྷ་དང་མི་ཡི་དབང་པོར་འགྱུར།། བསྐྱེད་རིམ་ལ་ནི་སེམས་ཞུགས་ནས།། བུམ་པའི་དབང་ཐོབ་སེམས་ཟིན་ནས། ། ཐར་པའི་ལམ་ལས་ལྡོག་མི་སྲིད།། ཟབ་མོའི་དབང་ནི་ཐོབ་གྱུར་ནས།། རྡོ་རྗེ་སེམས་དཔའི་མཚན་ཡོངས་སུ་རྫོགས་པའི་ས་ནོན་པ་ཞེས་པའོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་གསང་བ། ཀཱི་ལ་ཡ་གསང་བའི་དགོངས་རྒྱུད་ལས་དབང་གི་ལེའུ་སྟེ་བཞི་པའོ།།།། དེ་ནས་ཡང་ཀརྨ་ཧེ་རུ་ཀས།། བཅོམ་ལྡན་འདས་བཛྲ་ཀཱི་ལ་ཡ་འདི་སྐད་ཅེས་གསོལ་ཏོ།། ཀྱེ་གསང་མཆོག་བཛྲ་ཀཱི་ལ་ཡ། ། སྲས་མཆོག་ཕུར་པའི་དཀྱིལ་འཁོར་གང།། གསང་བ་ལས་ཀྱི་དཀྱིལ་འཁོར་གང།། ཞེས་གསོལ་པ་དང། ཀཱི་ལ་ཡས་བཀའ་སྩལ་པ། ཉོན་ཅིག་ཀརྨ་ཧེ་རུ་ཀ། སྲས་མཆོག་ཕུར་པའི་དཀྱིལ་འཁོར་ནི། ། ཡང་དག་ཉིད་དུ་ངས་བཤད་ཀྱི།། ལུས་ངག་ཡིད་ཀྱིས་གུས་པར་ཉོན།། ལས་ལ་སྦྱོར་བའི་དུས་སུ་ནི།། གསང་བ་ཡུམ་གྱི་དཀྱིལ་འཁོར་ལ།། མེ་འོད་འབར་བས་བསྐོར་བ་བྲི།། དབུས་སུ་གྲུ་གསུམ་མཐིང་ནག་ལ། ། ཕྱི་རིམ་སྒོ་རྣམས་ཉིས་བརྩེགས་སུ།། ནང་རྣམས་ཕྱོགས་བཞི་མཚམས་བརྒྱད་ལ།། གྲུ་གསུམ་ཉི་ཤུ་རྩ་གཅིག་ལ།། སྲས་མཆོག་ཉི་ཤུ་རྩ་གཅིག་དགོད།། ཕྱི་རྣམས་ཕྱོགས་བཞི་མཚམས་བརྒྱད་དུ།། གྲུ་གསུམ་བརྒྱ་ནི་རྩ་བརྒྱད་ལ། ། གནན་ཕུར་བརྒྱ་དང་རྩ་བརྒྱད་དགོད།། འདི་ནི་སྲས་མཆོག་དཀྱིལ་འཁོར་རོ།། གསད་པ་ལས་ཀྱི་དཀྱིལ་འཁོར་ནི།། དཀྱིལ་འཁོར་བྱང་ཤར་མཚམས་སུ་ནི།། འབྲུབ་ཁུང་ལས་ཀྱི་དཀྱིལ་འཁོར་བྲི། ། ཧོམ་ཁུང་གྲུ་གསུམ་གདེངས་པ་ལ།། རྩེ་མོ་ལྷོ་ཡི་ཕྱོགས་སུ་བསྟན།། དུག་གི་ཆུ་ཡིས་ཆག་ཆག་གདབ།། རོ་བསྲེགས་སོལ་བས་ནག་པོར་བྱུག། བང་རིམ་གསུམ་དང་ལྡན་པར་བྱ།། ཧཱུཾ་དང་ཕཊ་ཀྱིས་བསྐོར་བ་བྲི། ། ཉི་ཤུ་རྩ་བརྒྱད་རྩང་གིས་བསྐོར།། རྒྱ་གྲོག་དམར་པོའི་ཚད་དང་ནི།། མཚལ་ཁམས་ཆུ་ཡིས་ཁྱེར་བ་དང།། སྲུབས་མའི་ལོ་མ་གངས་ཀྱི་དུམ་བུ་དང།། དྲི་ཆེན་དྲི་ཆུ་བསེ་ཡི་རས་མ་དང།། སོ་དོག་གཞི་བླང་ལིངྒ་ཐལ་སྐྱའི་མདོག། དཔྲལ་བར་དུས་བྲིས་སྙིང་གར་མིང་བྲིའོ།། མགོ་ནི་ལྷོ་ནུབ་མཚམས་སུ་བསྟན།། རྐང་པ་བྱང་ཤར་མཚམས་སུ་བསྟན།། ཧོམ་ཁུང་ནང་དུ་མགོ་བསྟན་ལ།། སྐྲ་བཤིག་སྒྲེན་མོར་ཕྱུང་བར་བསམ། ། དེ་ནས་རྣལ་འབྱོར་ཏིང་འཛིན་ཅན།། སྲིད་པའི་ཕུར་བུ་བསྒྲུབ་པ་དང།། དབང་དང་དངོས་གྲུབ་བླང་བའི་ཕྱིར།། ཡེ་ཤེས་ཁྲོ་བོ་གཤེགས་སུ་གསོལ།། ཁྲོ་བོ་ཆེན་པོ་གཤེགས་ནས་ཀྱང།། རྟགས་དང་མཚན་མ་བསྟན་པ་དང། ། ཀཱི་ལ་ཡ་ཡི་དངོས་གྲུབ་སྩོལ།། སྲིད་གསུམ་ཕུར་བུར་བསྒྲུབ་པའི་ཕྱིར།། སློབ་དཔོན་འཁོར་གནས་ཕུན་སུམ་ཚོགས།། འཚོ་བ་ཟས་དང་སྒྲུབ་རྫས་རྐྱེན་བཟློག་སྨན།། ཕྱི་ནང་རྒྱུ་འགྲུལ་མཚམས་ཀྱང་བཅད། ། རྒྱུ་ལས་བྱུང་དང་རྐྱེན་ལས་བྱུང།། བར་གཅོད་དངོས་གྲུབ་ཐོབ་ཏུ་མི་སྟེར་བར།། ཏིང་འཛིན་བསར་ལ་ཕྱི་མཚམས་ནང་མཚམས་བཅད།། དབང་དང་དངོས་གྲུབ་བླང་བའི་ཕྱིར། ། ཡེ་ཤེས་ཁྲོ་བོ་སྤྱན་དྲངས་ནས།། ཕྲ་ཐབས་ཡང་སྤྲུལ་སུམ་སྤྲུལ་དང།། དམ་ལ་བཏགས་པའི་དམ་ཅན་རྣམས།། སྤྱན་དྲང་མཆོད་བསྟོད་གཞུང་བཞིན་བྱ།། བསྙེན་པ་བདུན་འབུམ་ཉི་ཁྲི་གདོན།། བྱི་བ་ས་ཡས་གདོན་མི་ཟ། ། མཆོད་པ་དུས་དྲུག་རྒྱུན་མི་གཅད།། དམ་ཅན་སྲུང་མ་འཁོར་བཅས་ལ།། དྲག་པོའི་གཏོར་མ་བྱིན་ནས་ནི།། གང་ལ་བྱ་བའི་ཕྲིན་ལས་བཅོལ།། མགྱོགས་བྱེད་ཡེ་ཤེས་ཕོ་ཉ་ཡིས།། ཏིང་འཛིན་བསར་ཏེ་གནས་ནས་དགུག། གཟིར་གནོན་དྲག་པོས་བསྣུན་པར་བྱ།། ལྷ་རྣམས་དྲག་པོའི་ལས་ལ་བསྐུལ།། ཐུགས་ལས་སྤྲུལ་པའི་ཕོ་ཉ་ནི།། ཕྲ་མེན་དྲག་པོའི་ལས་ལ་བསྐུལ།། ཏིང་འཛིན་བསར་ཏེ་ལས་ལ་བསྐུལ། ། བཀའ་ཉན་ཕྲིན་ལས་ཕོ་ཉ་ཡིས།། དམ་ཅན་གནད་ཕབ་བསྐུལ་བ་ཡིས།། ཏིང་འཛིན་བསར་ཏེ་གནས་ནས་དགུག། གཟིར་གནོན་དྲག་པོས་བརྡུང་བར་བྱའོ།། སྔགས་དང་ཏིང་འཛིན་ཕྲིན་ལས་གསུམ། ། དཀྱུས་དང་ཕྲིན་ལས་སྦྱར་བ་ནི།། སྐོར་ཚོམས་གསུམ་དུ་སྦྱར་བར་བྱའོ།། དུག་གཏོར་ཁྲག་དང་ཉུང་དཀར་གྱིས།། ལིངྒ་ལ་ནི་ཐུན་དུ་བྲབ།། འགོ་བའི་ལྷ་དང་བྲལ་བར་བྱའོ།། གུ་གུལ་ནག་པོའི་དུད་པས་བདུག། འབྲོས་ཀྱིས་མི་ཐར་གནད་གཟིར་བྱ།། སྟེང་ན་ཕུར་བུའི་སེར་བ་དབབ།། དྲོད་ཚད་གཏན་ལ་ཕེབས་པ་དང།། བརྟུལ་ཞུགས་བསྐྱེད་དེ་གདབ་པར་བྱ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ། ཀཱི་ལ་ཡ་གསང་བའི་དགོངས་རྒྱུད་ལས། སྲས་མཆོག་ཕུར་པའི་དཀྱིལ་འཁོར་གྱི་ལེའུ་སྟེ་ལྔ་པའོ།།། དེ་ནས་ཡང་ཀརྨ་ཧེ་རུ་ཀས་འདི་སྐད་ཅེས་གསོལ་ཏོ།། ཀྱེ་བཅོམ་ལྡན་བཛྲ་ཀཱི་ལ་ཡ།། འཁོར་བ་དབྱིངས་སུ་བསྒྲལ་བའི་ཕྱིར། ། སྲིད་གསུམ་ཕུར་པས་གདབ་པ་ལ།། ཕུར་པའི་རྒྱུ་ནི་ཅི་ལ་བགྱི།། དེ་ཡི་ཚད་ནི་ཇི་ལྟར་ལགས།། དེ་ཡི་ཡོན་ཏན་འབྱུང་བ་ཇི་ལྟར་ལགས།། གསང་བའི་བདག་པོས་ལུང་བསྟན་དུ་གསོལ།། བདེ་བར་གཤེགས་པས་ལུང་བསྟན་དུ་གསོལ། ། ཞེས་ཞུས་པས། བཅོམ་ལྡན་འདས་བཛྲ་ཀཱི་ལ་ཡས་འདི་སྐད་ཅེས་བཀའ་སྩལ་ཏོ།། ཉོན་ཅིག་ཀརྨ་ཧེ་རུ་ཀ། ཕུར་པའི་རྒྱུ་རྣམས་ངས་བཤད་ཀྱི།། དྲག་པོ་ལྕགས་ཀྱི་ཕུར་པ་ལ། ། གྲི་ལྕགས་མདེའུ་རྙིང་རྟགས་ཕྱིན་དང།། གནམ་ལྕགས་ཐོག་གི་ལྕགས་དག་དང།། གཅོད་དང་རྣོ་དང་སྲ་ལ་སོགས།། སྟེང་དུ་སོར་གཅིག་རྒྱ་མདུད་བྱ།། རྐེད་པར་སོར་གཅིག་རྒྱ་མདུད་དོ།། ངོས་བརྒྱད་རིན་ཆེན་ཟུར་བརྒྱད་ལ། ། ཁྲོ་རྒྱལ་གནས་པའི་གཞལ་ཡས་ཁང།། བར་གྱི་རྒྱ་མདུད་བརྩེགས་མ་ལ།། ཐབས་དང་ཤེས་རབ་དབྱེར་མེད་དོ།། གཞལ་ཡས་རང་བཞིན་བརྩེགས་མར་གནས།། རྩེ་མོ་ཟུར་གསུམ་དྲག་པོར་བཤད། ། དབང་ལ་ཟངས་ཀྱི་ཕུར་པའོ།། རྒྱས་པར་གསེར་ལ་སོགས་པ་སྟེ།། ཞི་བ་དངུལ་དང་ཙནྡན་ནོ།། རྩེ་མོའི་དབྱིབས་ནི་སོ་སོར་བསྟན།། གཞན་ཡང་ཚེར་མ་ཅན་གྱི་ཤིང།། རབ་ཏུ་མི་སྲུན་གནས་དག་ནས། ། གང་དག་སྐྱེས་པ་གང་ཡིན་དང།། དུག་དང་གཅན་གཟན་གདུག་པ་ཅན།། རབ་ཏུ་གདུག་པའི་གནས་དག་ན།། སྐྱེས་པའི་ཤིང་མཆོག་ཚེར་མ་ཅན།། སྐྱེར་པ་དང་ནི་སེང་ལྡེང་དང།། གང་དག་སྐྱེར་ལྡེང་མཛོ་མོ་ཤིང། ། རྩ་བའི་ལོགས་སུ་རྒྱ་མདུད་ལ།། རྩེ་མོའི་ལོགས་སུ་ཟུར་གསུམ་བྱ།། དབྱིབས་དང་ཁ་དོག་གོང་དང་མཐུན།། གཞན་ཡང་གདུག་པའི་ཚེར་མ་ཅན།། གོང་མ་དེ་རྣམས་མ་འབྱོར་ན།། གདུག་པའི་ཤིང་མཆོག་གང་རྙེད་པ། ། ཏིང་ངེ་འཛིན་གྱིས་དཀྱིལ་འཁོར་ལ།། ཡིད་ལ་དྲན་ཞིང་གསལ་བསྒོམ་བྱ།། སྔགས་དང་བྱ་བ་མ་ནོར་ན།། དེས་ཀྱང་གྲུབ་པར་གཞུང་ལས་བཤད།། འདི་དག་རིང་ཐུང་ཚད་བསྟན་པ། ། སོར་བཞི་པ་དང་སོར་བརྒྱད་པ།། བཅུ་གཉིས་པ་དང་བཅཝ་བརྒྱད་པ།། དེ་ལས་ཐུང་བར་མ་གསུངས་ཏེ།། དེ་ལས་རིང་བར་ཡོངས་མ་བཤད།། སོར་བཞི་འབྱུང་བ་བཞི་ཡི་ཚད།། སོར་བརྒྱད་རྣམ་ཤེས་བརྒྱད་ཀྱི་ཚད། ། བཅུ་གཉིས་སྐྱེ་མཆེད་བཅུ་གཉིས་ཚད།། བཅཝ་བརྒྱད་ཁམས་ནི་བཅཝ་བརྒྱད་ཚད།། རྟགས་དང་སྦྱར་ཏེ་དེ་རྣམས་བཤད།། རྟགས་ཕྱིན་པ་ཡི་ལྕགས་རྣམས་ལ།། དེ་ཡི་ཡོན་ཏན་བཤད་པ་ནི།། དཔེར་ན་ནགས་ཀྱི་སྡོང་པོ་ལ། ། སྔོན་ཆད་བཅད་པའི་སྟྭ་རེ་དག། དེ་དག་ཆོད་པར་གྱུར་ན་ནི།། ཆོད་མི་ཆོད་ཀྱི་ཐེ་ཚོམ་མེད།། དེ་དག་སྔོན་ཆད་མ་བཅད་ན།། ཆོད་དམ་མི་ཆོད་ཡོངས་མ་ངེས།། དེ་བཞིན་རྒྱུ་ཡང་དེ་དང་འདྲ།། མདོར་ན་རྣལ་འབྱོར་རྩལ་མཆོག་གཅེས། ། རེ་རེ་ལ་ཡང་སྐྱོན་མེད་དེ།། ཡོན་ཏན་ཡོད་པར་འདི་ལས་བསྟན།། ནག་པོ་ཤིང་གི་དུག་ཅན་ལ།། ཕུར་པ་བྱས་པའི་ཡོན་ཏན་ནི།། ནག་པོ་གཞན་གྱིས་མི་ཚུགས་ལ།། དུག་གིས་ཕ་རོལ་གསོད་པར་བྱེད། ། ཚེར་མ་ཅན་གྱི་ཤིང་རྣམས་ལ།། ཕུར་པ་བྱས་པའི་ཡོན་ཏན་ནི།། སྐྱེར་པས་ཚེ་དང་ལོངས་སྤྱོད་འཕེལ།། མཛོ་མོས་དབང་དུ་བྱ་བ་འགྲུབ།། གཞན་ཡང་ཁ་དོག་རིགས་དང་སྦྱར།། མདོར་ན་བདེ་གཤེགས་ས་བོན་གྱི། ། བྱིན་གྱིས་བརླབས་པ་གཅེས་པར་བཤད།། དེ་བས་ཀྱང་ནི་དམ་ཚིག་གཙོ།། རྣལ་འབྱོར་རྣམས་ལ་དམ་པ་བསྔགས།། དང་པོ་གཞུང་ལས་བྱུང་བ་བཞིན།། དེ་དག་མ་ནོར་བཤམས་པར་བྱ། ། ཚོགས་པས་ཐེ་ཚོམ་མེད་ཅེས་བྱ།། བཤམ་པས་བྱ་བ་ཆུད་མ་ཟོས།། ཀུན་གྱི་རྒྱུ་ནི་བྱང་ཆུབ་སེམས།། བྱང་ཆུབ་སེམས་ནི་བསྔགས་པ་སྟེ།། རྒྱུ་ཡི་རྒྱལ་པོ་རང་ཤར་བའོ།། གཞན་ཡང་ཕུར་པའི་རྒྱུ་བསྟན་པ། ། ཟངས་ལྕགས་འཁར་བ་གང་ཡོད་པ།། དེ་ཡང་དོད་ཅིང་ལེགས་པར་བྱ།། མ་དོད་པ་ཡི་སྐྱོན་རྣམས་ནི།། གར་དགར་བྱས་པས་ཚུལ་ལས་ཉམས།། སྟབ་ཆོལ་བྱས་པས་བཀའ་ལས་འགལ།། རྙེད་བཙན་བྱས་པས་བྱིན་རླབས་ཆུང། ། ཡོད་བཙན་བྱས་པས་བསྒོམ་མི་བདེ།། ངན་དགུར་བཤམས་ན་རྟོག་པར་འགྱུར།། ལེགས་པར་བཤམས་པ་ཡི་རང་ཞིང།། ཚོགས་པར་བཤམས་པ་གཞུང་དང་མཐུན། ། དོད་པར་བྱས་ན་དང་བ་སྐྱེ།། བཀའ་བཞིན་བྱས་ན་བྱིན་རླབས་ཡོད།། མདོར་ན་རྟོགས་པ་གཙོ་བོ་ཡང།། རྟོགས་པའི་དོན་ལ་མཐར་ཕྱིན་ན།། རྣམ་པར་མི་རྟོགས་ཡོངས་མི་དགོས།། མ་རྟོགས་པ་ལ་འདི་དགོས་པས། ། ལོག་པའི་ཕྱོགས་རྣམས་འདུལ་སླད་དུ།། འདི་ལ་རྒྱུ་བཤམས་འབྱུང་བ་ཡིན།། མི་རྟོག་པ་ལ་རྟོག་མི་དགོས།། རྣམ་པར་རྟོག་ལ་ཁྲོ་འདུལ་བཟང།། ཉོན་མོངས་པ་ལ་གཉིས་པོས་འཇོམས།། རྟོག་པ་བསལ་བར་བཤམས་པ་གཅེས། ། གཞན་ལ་ཚུགས་འདོད་གྲངས་མ་ལྟོས།། རྟགས་ཕྱིན་འདོད་ན་ཡུན་དུ་བསྲིངས།། དོན་ལ་རུབ་འདོད་མ་གཡེལ་གྱིས།། རིངས་པར་འདོད་ན་བརྩོན་འགྲུས་སྐྱེད།། དོན་འདི་ཡིད་ལ་བཞག་ནས་ཀྱང། ། སྔགས་པས་དེ་ལ་ནན་ཏན་སྐྱེད།། ཅེས་གསུངས་སོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་གསང་བ། ཀཱི་ལ་ཡ་གསང་བའི་དགོངས་རྒྱུད་ལས། ཕུར་པའི་རྒྱུ་བསྟན་པའི་ལེའུ་སྟེ་དྲུག་པའོ། །།། དེ་ནས་ཡང་ཀརྨ་ཧེ་རུ་ཀས། འདི་སྐད་ཅེས་ཞུས་སོ།། ཀྱེ་བཅོམ་ལྡན་འདས་བཛྲ་ཀཱི་ལ་ཡ།། ཕུར་པ་བསྐྱེད་པ་ཇི་ལྟར་བགྱི།། བྱིན་གྱིས་བརླབ་ན་ཇི་ལྟར་བརླབ།། བལྟ་བ་ཅི་ལ་དམིགས་པ་ལགས། ། བདེ་བར་གཤེགས་པས་ལུང་བསྟན་དུ་གསོལ།། ཞེས་གླེངས་པས། བཅོམ་ལྡན་འདས་བཛྲ་ཀཱི་ལ་ཡས་འདི་སྐད་གསུངས་སོ།། ཉོན་ཅིག་ཀརྨ་ཧེ་རུ་ཀ། ཕུར་པ་དང་པོ་བསྐྱེད་པ་ནི།། མཚོན་པའི་ཕུར་པ་གཞལ་ཡས་ཁང། ། བདེ་གཤེགས་སྤྱན་དྲངས་གནས་ན་བཞུགས།། ཕྱི་ནང་གསང་བའི་མཆོད་པ་དབུལ།། འོད་ཞུ་བདག་གི་ཐུགས་ཀར་ཐིམ།། བྱང་སེམས་ཧཱུཾ་ནི་ཡུངས་འབྲུ་ཙམ།། ངག་དག་ལམ་ནས་གསུང་འཕྲོས་པས། ། ལས་གཉིས་བྱས་ནས་རླུང་སྒྲོམ་ཞུགས།། སྐུ་ནས་རིམ་པར་དེ་བཞིན་དུ།། དུང་ཁང་ནང་ནས་གསང་ལམ་བརྒྱུད།། པདྨ་ལས་འཕྲོ་འོད་ཕུང་ལས།། སོ་སོའི་ཡིག་འབྲུ་ཕྱག་མཚན་གྱུར།། ཀཱི་ལ་ཡ་ཡི་སྔགས་བརྗོད་པས། ། སྐྱེ་མེད་རྣམ་དག་ཆོས་དབྱིངས་ལས།། སྐྱེ་བའི་ཆོ་འཕྲུལ་འཇིགས་པར་བསྟན་པ་ནི།། སངས་རྒྱས་འདུས་པའི་སྲས་མཆོག་ཀཱི་ལ་ཡ།། སྐུ་སྟོད་ཞལ་གསུམ་ཕྱག་དྲུག་ལ།། སྐུ་སྨད་ལྕགས་ཕུར་ཟུར་གསུམ་པོ། ། རལ་པ་ཁམ་ནག་གྱེན་དུ་འབར།། སྟྭ་རེ་རྒྱ་གྲམ་ཁ་ཊཱཾ་ཕུར་པ་འཛིན།། དེ་ནི་སྲས་མཆོག་བསྐྱེད་པའོ།། བྱིན་གྱིས་བརླབ་པ་བསྟན་པ་ནི།། ཆོས་སྐུའི་དབྱིངས་ནས་སྤྲུལ་སྐུར་བཞེངས།། ཐུགས་ཀྱི་རྡོ་རྗེ་མི་འགྱུར་བ། ། ཞེ་སྡང་རྩེ་གཅིག་ལྡན་པར་བརླབ།། དེ་ནས་ལོངས་སྤྱོད་རྫོགས་པའི་སྐུ།། རིགས་ཀྱི་ཁྲོ་ཚོགས་འཁོར་བཅས་བསྐྱེད།། ལྷ་གྲངས་བརྒྱད་ཅུ་རྩ་དྲུག་ལ།། སོ་སོའི་སྙིང་པོས་དབང་སྐུར་བས།། རང་རང་སྐུ་ལ་འཇུག་པར་ནུས། ། ལོངས་སྤྱོད་རྫོགས་སྐུར་བྱིན་གྱིས་བརླབ།། དེ་ནས་རིགས་ལྔར་བྱིན་བརླབས་ཏེ།། གནས་ལྔར་འབྲུ་ལྔ་བསྐྱེད་པ་ནི།། སོ་སོའི་སྙིང་པོ་གནས་སུ་བསྟིམ།། རིགས་ལྔའི་དབང་བསྐུར་བྱིན་གྱིས་བརླབ། ། སྐུ་གསུང་ཐུགས་སུ་བྱིན་བརླབས་པ།། རིགས་རྣམས་འདུས་པའི་ཁོངས་སུ་བརླབ།། དེ་ནས་ཐུགས་ཉིད་མི་འགྱུར་བར།། ཡེ་ཤེས་རྩེ་གཅིག་བྱིན་གྱིས་བརླབ།། ཟུར་གསུམ་ཕཊ་གསུམ་དྲག་པོའི་རྟགས། ། ལོགས་གསུམ་ཧཱུཾ་གསུམ་དྲག་དལ་སྙོམས།། རི་རབ་ཚུལ་དུ་རབ་བརྗིད་པ།། སྐུ་ཡི་རྡོ་རྗེ་སྐུ་ཡི་སྟོབས།། སྐུ་སྟོབས་བརྗིད་པར་བྱིན་གྱིས་བརླབ།། གསུང་གི་རྡོ་རྗེ་གསུང་གི་སྟོབས།། གདངས་སྐད་དྲག་པོར་བྱིན་གྱིས་བརླབ། ། ཐུགས་ཀྱི་རྡོ་རྗེ་ཐུགས་ཀྱི་སྟོབས།། འདོད་དགུར་བསྒྱུར་བར་བྱིན་གྱིས་བརླབ།། ཉུང་དཀར་ཁྲག་དང་གུ་གུལ་གྱིས།། བདུག་ཅིང་བྱུགས་ལ་གཟི་བྱིན་བསྐྱེད།། དེ་ནས་བདག་ཉིད་ཆེན་པོར་བྱིན་གྱིས་བརླབ། ། ལག་པ་གཡས་པའི་མཐིལ་དུ་མ།། ཉི་མའི་དཀྱིལ་འཁོར་གྱུར་པའི་སྟེང།། ཧཱུཾ་གཞག་ཀུན་ཏུ་བཟང་པོའི་མཁའ།། གཡོན་པའི་ཨ་ལས་ཟླ་དཀྱིལ་འཁོར།། ཨ་བཞག་ཀུན་ཏུ་བཟང་མོའི་མཁའ། ། ཡབ་ཡུམ་ཐབས་དང་ཤེས་རབ་ལས།། གཉིས་མེད་བྱང་ཆུབ་སེམས་ལས་ནི།། གཡས་པའི་གུང་མོའི་སྟེང་དུ་ཨཱ+ོཾ།། དེ་ལས་རྣམ་པར་སྣང་མཛད་དོ།། མཐེ་བོང་སྟེང་དུ་ཧཱུཾ་བསམས་ལ།། དེ་ལས་རྡོ་རྗེ་སེམས་དཔའི་སྐུ། ། མཛུབ་མོའི་སྟེང་དུ་ཏྲཱཾ་བསམ་སྟེ།། དེ་ལས་རིན་ཆེན་འབྱུང་ལྡན་སྐུ།། སྲིན་ལག་སྟེང་དུ་ཧཱ་བསམས་ལ།། དོན་ཡོད་གྲུབ་པའི་སྐུ་རུ་བསྐྱེད།། མཐེའུ་ཆུང་སྟེང་དུ་ཨཱཾ་བསམས་ལ།། དེ་ལས་སྣང་བ་མཐའ་ཡས་སྐུ། ། སོ་སོའི་སྙིང་པོས་སྐུ་བསྐྱེད་ལ།། ཡབ་ཡུམ་ཐབས་དང་ཤེས་རབ་ལས།། ཐལ་མོ་མཉམ་སྦྱོར་བྱས་ལ་ནི།། ཨཱ+ོཾ་དང་བཛྲ་ཨན་ཛ་ལི།། ཧཱུཾ་ཞེས་ཡོངས་སུ་བརྗོད་ནས་ནི།། སོར་མོ་ཅུང་ཟད་བསྣོལ་ནས་ནི།། བཛྲ་བན་དྷ་ཧཱུཾ་ཞེས་པས། ། སོར་མོ་རབ་ཏུ་བསྣོལ་ཏེ་བསྡམ།། ས་མ་ཡ་ཧོ་སྟྭཱཾ་ཀྱིས་བསྐུལ།། ཕུར་པ་ལག་གཉིས་བར་དུ་གཞུག། དབུས་སུ་ཕུར་བུ་བཅུག་ལ་དྲིལ།། ཨཱ+ོཾ་དང་བཛྲ་ཨཱ་བེ་ཤ་ཡས་བསྟིམ།། བདེ་གཤེགས་སྐུ་ནི་ཉུང་འབྲུ་ཙམ། ། གྲངས་མེད་སྤྲོ་བསྡུས་ཕུར་ལ་ཐིམ།། བཛྲ་ས་ཏྭ་རཱ་ཛ་ཧཱུཾ།། སྲས་མཆོག་རྡོ་རྗེ་ཕུར་པའི་ཐུགས།། རིགས་ལྔ་ཡབ་ཡུམ་སྦྱོར་བ་ཡིས།། བྱང་སེམས་སྲས་མཆོག་ཉིད་ལ་བསྟིམ།། སྟོང་གསུམ་ཁེངས་པའི་འོད་ཟེར་སྤྲོ། ། གུ་གུལ་ནག་པོའི་དུད་པས་བདུག། ཁྱི་ཁྲག་ར་ཁྲག་རྣམས་ཀྱིས་བྱུག། དུག་སྣ་མང་པོ་རྣམས་ཀྱིས་བྱུག། བྱིན་བརླབ་གཟི་བྱིན་བསྐྱེད་ལ་ནི།། ཕུར་པ་སྲས་མཆོག་ཆེན་པོར་བསམ།། གྱེན་དུ་གསོར་ཞིང་འདི་སྐད་དོ། ། ཧཱུཾ་བཞི་གསལ་འཕྲོ་ཧཱུཾ་བཞིའི་ཚོགས་ལས་བསྐྱེད།། དབུ་ལ་རྒྱ་མདུད་བསྟན་པ་ཐབས་ཀྱི་རྟགས།། རྩིབས་ལ་ཟུར་བརྒྱད་བསྟན་པ་ཁྲོ་བོ་བརྒྱད།། རིན་ཆེན་ཟུར་བརྒྱད་བསྟན་པ་ཁྲོ་མོ་བརྒྱད། ། དབུས་སུ་རྒྱ་མདུད་བསྟན་པ་ཤེས་རབ་རྟགས།། རྩེ་མོ་ཟུར་གསུམ་བསྟན་པ་སྐུ་གསུང་ཐུགས་ཀྱི་རྟགས།། སྟེང་འོག་གཉིས་སུ་བསྟན་པས་ཁྲོ་བོ་གཉིས།། ཁོང་སྟོང་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ནས། ། ཁྲོ་རྒྱལ་འདུས་པའི་སྲས་མཆོག་ཀཱི་ལ་ཡ།། མ་གཡོས་ཆེ་མཆོག་སྐུ་གསུང་ཐུགས་ཀྱི་བདག། སྡུག་བསྔལ་ལོག་པར་འཁྱམ་པའི་སེམས་ཅན་རྣམས།། ཐུགས་རྗེས་དབྱེར་མེད་དབྱིངས་སུ་སྒྲོལ་མཛད་པའི། ། ཐབས་ཀྱིས་བསྒྲལ་བའི་སྐལ་དང་མི་ལྡན་ཀྱང།། ཤུགས་ཀྱིས་བསྒྲལ་བའི་ཕྲིན་ལས་མཛད་དུ་གསོལ།། ཕྱི་ནང་གསང་བའི་མཆོད་པ་དབུལ།། ལྟ་བ་གང་ལ་དམིགས་པ་ནི།། ཕུར་པ་སྲས་མཆོག་དམ་པའི་མཆོག། ཕུར་ནི་ཆོས་ཀྱི་དབྱིངས་ཉིད་ལ།། པ་ནི་རིག་པའི་ཡེ་ཤེས་ཡིན།། ཕུར་ནི་བདེ་བ་ཆེན་པོའི་ཀློ?ང།། པ་ནི་ཕ་རོལ་ཕྱིན་པ་ཉིད།། ཕུར་ནི་སྐུ་དང་ཐུགས་ཀྱི་དབྱིངས།། པ་ནི་སྐུ་གསུང་ཐུགས་སུ་ཤར།། ཕུར་ནི་མ་བཅོས་པ་ཡི་དབྱིངས། ། པ་ནི་ཡེ་ཤེས་ཆེན་པོའོ།། ཕུར་ནི་སྐྱེ་བ་མེད་པའི་དབྱིངས།། པ་ནི་འགག་པ་མེད་པའི་དོན།། ཕུར་ནི་ཤེས་རབ་ཆགས་མེད་ཀློང།། པ་ནི་ཐབས་མཆོག་འདོད་དགུར་བསྒྱུར།། ཕུར་ནི་ཀུན་ཏུ་བཟང་མོའི་མཁའ། ། པ་ནི་རྒྱལ་བ་ཀུན་གྱི་ཡབ།། ཕུར་ནི་ཀུན་གཞི་བདེ་ཆེན་ཉིད།། པ་ནི་རྣམ་ཤེས་ཡེ་ཤེས་གསལ།། ཕུར་ནི་ཐིག་ལེ་ཆེན་པོ་ལ།། པ་ནི་ཡེ་ནས་མ་བཅོས་པའོ།། ལྟ་བའི་རྒྱལ་པོ་ངེས་པའི་དོན། ། གདོད་ནས་མ་སྐྱེས་ཆོས་ཀྱི་དབྱིངས།། རྣམ་དག་མ་སྐྱེས་ཤེས་རབ་དབྱིངས།། དོན་ལ་དགོངས་པའི་ཆོ་འཕྲུལ་ནི།། སྙིང་རྗེ་ཆེན་པོའི་ཆོ་འཕྲུལ་ལོ།། རིག་པའི་རྒྱལ་པོ་རང་གནས་པས།། ཕྱི་ནང་སྣོད་བཅུད་རྣམ་པར་དག། ཐབས་ཀྱི་རྒྱལ་པོར་བདག་གྱུར་པས།། སྲིད་གསུམ་འཁོར་བ་དབྱིངས་སུ་སྒྲོལ།། ཞེས་གསུངས་སོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་ཐུགས་ཀྱི་གསང་བ། ཀཱི་ལ་ཡ་གསང་བའི་དགོངས་རྒྱུད་ལས། སྲས་མཆོག་གི་ཕུར་པ་བྱིན་གྱིས་བརླབ་པ་དང་ཕུར་པའི་ལྟ་བའི་ལེའུ་སྟེ་བདུན་པའོ།།།། དེ་ནས་ཀརྨ་ཧེ་རུ་ཀས། བཅོམ་ལྡན་འདས་བཛྲ་ཀཱི་ལ་ཡ་ལ་འདི་སྐད་ཅེས་གསོལ་ཏོ།། ཀྱེ་བཅོམ་ལྡན་བཛྲ་ཀཱི་ལ་ཡ། ། སངས་རྒྱས་ཀུན་གྱི་ལམ་ཆེན་པོ།། སྔོན་ཚེ་དྲེགས་པ་བཏུལ་བའི་དོན།། དེ་ལྟར་རྗེས་འཇུག་རྣལ་འབྱོར་པས།། དམིགས་ནི་གང་དང་གང་ལ་བགྱི།། བསྒྲལ་བའི་དམིགས་རྣམས་ཇི་ལྟར་ལགས། ། གཉིས་མེད་གཙོ་ལ་བདག་ཞུ་འཚལ།། ཞེས་གསོལ་པ་དང། བཅོམ་ལྡན་འདས་བཛྲ་ཀཱི་ལ་ཡས་འདི་སྐད་ཅེས་བཀའ་སྩལ་ཏོ།། ཉོན་ཅིག་ཀརྨ་ཧེ་རུ་ཀ། བསྒྲལ་བའི་དམིགས་རྣམས་བསྟན་པ་ནི།། ཀུན་ལ་བྱ་བར་གཞུང་ལས་མེད། ། ཉམས་པར་གྱུར་པ་བདུན་ཡོད་དེ།། དམ་ལས་ཉམས་དང་བཀའ་ལས་ཉམས།། དོན་ལས་ཉམས་དང་ལས་ཀྱིས་ཉམས།། མཚན་མས་ཉམས་དང་འདོད་པས་ཉམས།། ལོག་པས་ཉམས་པ་བདུན་པོ་ལ། ། འདི་ལ་ཉམས་པ་ཞེས་བྱ་སྟེ།། དེ་དག་སོ་སོའི་མཚན་ཉིད་ནི།། དེ་ཡི་དོན་རྣམས་ངས་བཤད་ཀྱི།། སྲོག་ལས་ཉམས་པའི་མཚན་ཉིད་ནི།། ཕ་དང་མ་དང་མཁན་པོ་གསོད།། སློབ་མ་གསོད་དང་ངན་སེམས་ཅན། ། འདི་ནི་ནམ་ཡང་ལྟུང་བས་ན།། བསྒྲལ་བའི་དམིགས་གཅིག་འདི་ཡིན་ནོ།། དོན་ལས་ཉམས་པའི་མཚན་ཉིད་ནི།། རྡོ་རྗེ་སློབ་དཔོན་བཀའ་བསླུས་དང།། ངན་སེམས་དཔྱ་སེམས་བྱེད་པ་དང། ། སྔགས་དང་ཕྱག་རྒྱ་རྒྱུན་གཅོད་དང།། གསང་བའི་མན་ངག་སྦས་པ་རྣམས།། སྣོད་མེད་རྣམས་ལ་སྟོན་པ་དང།། འདི་ནི་ཉམས་པ་ཆེན་པོ་སྟེ།། འདི་ཡང་བསྒྲལ་བའི་དམིགས་གཅིག་ཡིན།། བཀའ་ལས་ཉམས་པའི་མཚན་ཉིད་ནི། ། དམ་ལ་བཏགས་ན་སྐུ་མཚང་འདྲུ།། སྒྲུབ་ཟླར་སྦྲན་ན་ཁ་ཡོགས་འདོགས།། མན་ངག་བསྟན་ན་སྐུར་པ་འདེབས།། བདེན་པར་བསྟན་ན་ལོག་པར་ཁྲིད།། དོན་རྟགས་བསྟན་ན་གོལ་སར་འཛིན། ། འདི་ནི་ཉམས་པ་ཆེན་པོ་སྟེ།། འདི་ལ་བསྒྲལ་བ་ལྷུར་ཡང་བརྩམ།། དོན་ལས་ཉམས་པའི་མཚན་ཉིད་ནི།། བྱ་རུ་མི་རུང་སྣ་ཚོགས་བྱེད།། རྫས་དང་ལག་ཆ་མངོན་དུ་འབྱིན།། ཏན་གཎ་སྦྱོར་བ་དངོས་སུ་བྱེད། ། ལྟ་བ་ཏིང་འཛིན་རྒྱབ་ཏུ་བོར།། སྤྱོད་པ་བརླང་པོ་དང་དུ་ལེན།། ཁྲོ་གཏུམ་ང་རྒྱལ་རང་གར་གཏོང།། དོན་གྱི་མན་ངག་ལོག་པར་གོ། ཕ་རོལ་འདྲེན་ལ་ལོག་པའི་ཆོས།། ཕྱིན་ཅི་ལོག་གི་དོན་ལ་མཁས། ། བཀའ་གཞུང་བོར་བས་རྩོམ་པ་ཆེ།། ལོག་པར་སྤྱོད་པ་མཐའ་དག་ཡོད།། འདི་ནི་རཱུ་ཏྲ་དངོས་ཡིན་ཏེ།། མངོན་སྤྱོད་བསྒྲལ་ཀྱང་སྒྲིབ་མི་འོང།། ལས་ཀྱིས་ཉམས་པའི་མཚན་ཉིད་ནི།། བདག་དང་སྐྱེས་གནས་མི་གཅིག་པར། ། བསྒྲལ་བའི་ལས་ཀྱི་གློར་འོངས་ནས།། སྔོན་ཆད་འཁོན་འགྲས་ཡོངས་མེད་པར།། ཀླག་ལ་བབ་པར་དྲན་ནས་ཀྱང།། ཞི་བ་དྲང་པོས་མི་ཉན་པར།། ཉེས་མེད་གཞན་ལ་འཛུགས་པ་དང། ། དཔུང་པས་བསྙེམས་ནས་ཀླན་ཀ་ཚོལ།། ཁ་ལྕེ་རྒོད་ཅིང་བཞིན་ལྡོག་ནས།། བརྒལ་བ་མེད་པར་བདག་ལ་རྒོལ།། དཔྲོག་རྙེད་མེད་པར་བདག་ལ་འཕྲོག། བདག་གིས་ཉེས་པ་མ་དྲན་ཅིང།། བདག་གིས་བརྒལ་བར་མ་བསམས་ཀྱང། ། ལས་ཀྱི་བདག་ལ་གནད་འཛུགས་ཤིང།། བདག་ལ་མཐུ་དང་རྩལ་འདེད་པ།། ལས་ཀྱི་ཉམས་པ་འདི་ཡིན་པས།། འདི་ནི་བསྒྲལ་བའི་དམིགས་གཅིག་ཡིན།། གཞན་ཡང་ལས་ཀྱིས་ཉམས་པ་ནི། ། གལ་མི་ཆེ་བར་ཡ་ག་ཚོལ།། ཕན་པ་མེད་པར་བདག་ལ་འཚེ།། འོང་རྒྱུ་མེད་པར་སྒྲུབ་པར་འོང།། ལས་ཀྱིས་ཉམས་པའི་རྟགས་ཡིན་པས།། འདི་ལ་བསྒྲལ་བ་ལྷུར་ཡང་བརྩམ།། ལས་ཀྱི་འཁོར་བ་སྡིག་མེད་བཤད། ། མཚན་མས་ཉམས་པའི་མཚན་ཉིད་ནི།། ཆོས་ལ་ཕྱོགས་ཆར་འཛིན་པས་ཉམས།། ལྟ་བས་སྒོ་ཁུང་ཁྱུད་ཀྱང་བྱེད་པས་ཉམས།། རྣལ་འབྱོར་ཆེན་པོའི་ཐུགས་དཀྲུགས་ཉམས།། རང་བཞིན་མེད་པའི་ཆོས་བཤད་ཀྱང། ། མཚན་མ་ཅན་གྱི་ཆོས་བཟུང་ནས།། ལྷ་སྲིན་བྲན་དུ་ངས་འཁོལ་ལོ།། མཐུ་འགྲན་བྱེད་པ་སུ་ཞིག་ཡོད།། ང་ཡི་ཉམས་སུ་དཔལ་ཆེན་བྱུང།། ང་ནི་ཁྲོ་བོའི་རྒྱལ་པོ་ཡིན།། གཞན་ཡང་ཁྲོ་ཞིང་འཚེ་ལ་སོགས། ། འདི་ནི་མཚན་མས་ཉམས་པ་སྟེ།། བསྒྲལ་བར་བྱས་ཀྱང་དམ་མི་ཉམས།། ལོག་པར་གྱུར་པས་ཉམས་པ་ནི།། མཉན་ནས་གོ་རྟོགས་མེད་པ་རུ།། ལ་ལར་མཐུ་ཆེ་རྩལ་འདོད་པས།། ལས་ཀྱི་དོན་དུ་མཚན་མ་སྤྱོད། ། སྡིག་པའི་ཕྱག་རྒྱ་མི་མགོ་ཐོགས།། རལ་པ་གསིག་ཅིང་སོ་གཙིགས་ནས།། དམར་གྱི་ཨརྒྷ་གློ་ལ་འདོགས།། ཞིང་གི་པགས་པ་ཕྲག་ལ་བཀལ།། སྒྲོ་བ་ནག་པོ་ཤ་དང་ཚིལ།། སྣོད་གང་ཁུར་ཞིང་ལོག་ཆོས་སྤྱོད། ། སྤྱོད་པ་མ་ནོར་གཞུང་བོར་ནས།། བྱ་བར་མི་འཚམས་སྣ་ཚོགས་བྱེད།། ངོ་དང་གདོང་པ་ཁྲག་གིས་བྱུག། ཚུལ་འཆོས་དམ་འདྲལ་སྣ་ཚོགས་བྱེད།། ཐོ་ཆོར་སྤྱོད་ཅིང་དམ་མི་བསྲུང།། སྤྱོད་པ་བརླང་པོས་བཀའ་གཞུང་སྨོད། ། སངས་རྒྱས་ཀུན་གྱི་ཞབས་འདྲེན་བྱེད།། རྣལ་འབྱོར་སྔགས་པའི་རྐང་ནས་འདྲེན།། དཔལ་ཆེན་ཁྲག་འཐུང་ཐུགས་ཁྲེལ་བསྐྱེད།། མ་མོ་མཁའ་འགྲོའི་གཟན་ཚོགས་བཀྲམ།། རྣལ་འབྱོར་ཡོངས་ཀྱི་སྨེ་བཙོག་བྱས། ། འདི་ཡང་བསྒྲལ་བའི་དམིགས་གཅིག་ཡིན།། འདོད་པས་ཉམས་པའི་མཚན་ཉིད་ནི།། འདོད་ཆགས་ནོར་གྱིས་སྙིང་བྲུས་ནས།། ཤི་བར་ཤེས་ཀྱང་འདོད་པས་བརྒྱལ།། ཕུང་བར་རྟོགས་ཀྱང་སྔགས་འཆང་འཇོམས། ། དུག་ཏུ་སྣང་ཡང་ལྟོ་རུ་ཟ།། གཉེན་པ་ཡིན་ཀྱང་ཐབས་ཀྱིས་སྨོད།། ཐོབ་ཏུ་འདོད་ནས་གསང་སྔགས་བརྐུ།། བཟའ་རུ་འདོད་ནས་རྣལ་འབྱོར་ཟ།། ཟས་སུ་སྒྲུབ་པོའི་ལོངས་སྤྱོད་རྐུ། ། ནོར་དུ་གཞུང་སྤྱོད་རྣལ་འབྱོར་འཇོམས།། འདི་དག་འདོད་པས་ཉམས་པ་སྟེ།། འདི་དག་བསྒྲལ་ན་རྣལ་འབྱོར་བཙུན།། བཏུལ་ཞིང་ཚར་བཅད་བསྟན་པ་གཉན།། མེད་ཅིང་སྟོངས་ན་བར་ཆད་ཉུང། ། འདི་དག་བསྒྲལ་བར་མ་བྱས་ན།། མཐོ་རིས་འགྲིབ་ལ་དམྱལ་ཁམས་འཕེལ།། རྣལ་འབྱོར་དམ་ཅན་སྒྱིད་ལུག་ནས།། ཐེག་པ་ཆེན་པོའི་ཆོས་སྒོ་འགག། འདི་དག་བསྒྲལ་བར་བྱས་ན་ནི།། རྣལ་འབྱོར་བསྒྲུབ་ལ་བར་ཆད་མེད། ། ཐེག་པ་ཆེན་པོའི་མཐུ་དར་བས།། ལེགས་པའི་ཡོན་ཏན་བརྗོད་ལས་འདས།། ཐབས་ཀྱི་ཐ་མ་ཐ་མ་ན།། ཏིང་ངེ་འཛིན་གྱི་རྩལ་ཆུང་ཡང།། འདི་དག་བསྒྲལ་བ་བྱས་པ་ནི།། དམྱལ་བའི་གནས་སུ་ཡུན་ཐུང་འགྱུར། ཀཱི་ལ་ཡ་གསང་བའི་དགོངས་རྒྱུད་ལས། བསྒྲལ་བའི་དམིགས་བསྟན་པའི་ལེའུ་སྟེ་བརྒྱད་པའོ།།།། དེ་ནས་ཡང་ཀརྨ་ཧེ་རུ་ཀས། འདི་སྐད་ཅེས་གསོལ་ཏོ།། ཀྱེ་བཅོམ་ལྡན་བཛྲ་ཀཱི་ལ་ཡ། ། བསྒྲལ་བའི་དམིགས་ནི་དེ་ལགས་ན།། བརྡེག་པའི་དུས་ཚོད་ཇི་ལྟར་ལགས།། བདེ་བར་གཤེགས་པས་ལུང་བསྟན་དུ་གསོལ།། ཞེས་གསོལ་པ་དང།། བཛྲ་ཀཱི་ལ་ཡས་འདི་སྐད་ཅེས་བཀའ་སྩལ་ཏོ།། ཉོན་ཅིག་ཀརྨ་ཧེ་རུ་ཀ། བརྡེག་པའི་དུས་ཚོད་བསྟན་པ་ནི།། གནམ་སྟོང་དང་ནི་ཚེས་བརྒྱད་དང།། བཅཝ་ལྔ་ཉི་ཤུ་གཉིས་ལ་བྱ།། མིག་དམར་ཕུར་བུའི་གཟའ་རྣམས་ཀྱང།། བརྡེག་པའི་དུས་ལ་བབ་པར་བྱ། ། དང་པོ་དཀྱིལ་འཁོར་གཞུང་བཙུག་ནས།། བསྙེན་བསྒྲུབ་ཆོ་ག་ཚང་བྱས་ལ།། འཛབ་གྲངས་བདུན་འབུམ་ཉི་ཁྲི་འདོན།། བཟླས་བརྗོད་ཉིན་མཚན་རྒྱུན་མི་གཅད།། རྟགས་དང་མཚན་མ་ཕྱིན་པ་དང།། བརྡེག་པའི་དུས་ལ་བབ་པར་ཤེས། ། ནམ་གྱི་གུང་དང་ཉི་མ་དྲོས།། དེ་ལ་བརྡེག་པར་རབ་ཏུ་ཤེས།། དུར་ཁྲོད་ཆེན་པོ་གང་ན་བར།། བསྒྲལ་བ་ལ་སོགས་གཞུང་བཞིན་བྱ།། རྒྱ་གྲམ་ཡམ་ནི་གང་ན་བར།། བརྡེག་པ་ལ་སོགས་གཞུང་བཞིན་བྱ། ། འདི་དག་བརྡེག་པའི་དུས་ཚོད་ཀྱང།། སྲོད་ལ་ཞུགས་ནས་ཐོ་རངས་ཁ།། འདི་དག་བརྡེག་པར་ཡོངས་མི་བྱ།། འདི་དག་བརྡེག་པར་བྱ་བ་ནི།། ཡུན་ནི་ལོ་ཟླ་ཙམ་དུ་བསྲིང།། གྲངས་ནི་བྱེ་བ་འབུམ་དུ་བཟླས། ། མཆོད་པ་དུས་དྲུག་རྒྱུན་མི་གཅད།། ཆོ་ག་བཟླས་བརྗོད་ཚང་བྱས་ནས།། དབང་པོ་མངོན་སུམ་ཁུགས་ན་རབ།། ཐ་མ་མིག་རྣོན་ལ་སོགས་པས།། དེར་ནི་ངེས་པར་འོང་བ་ཡིན།། གཞན་ཡང་བརྡེག་པའི་དུས་ཚོད་ནི། ། དང་པོར་བསྒྲུབ་པར་ཁས་བླངས་ནས།། མ་ཐོན་བར་དུ་དུས་ཚོད་ཡིན།། གཞན་ཡང་བརྡེག་པའི་དུས་ཚོད་ནི།། ཏིང་འཛིན་འཕྲོ་འདུ་གསལ་བ་ཡིས།། བསྙེན་པ་བདུན་འབུམ་ཉི་ཁྲི་གདོན། ། རབ་འབྲིང་གསུམ་གྱི་རྟགས་རྣམས་ཀུན།། དུས་དེར་མི་འབྱུང་མི་སྲིད་དོ།། བརྡེག་པའི་དུས་ཚོད་རབ་མཆོག་ཡིན།། བརྡེག་མི་དགོས་པར་ལྷུན་གྱིས་གྲུབ།། ཡང་ན་བརྡེག་པའི་དུས་ཚོད་ནི།། དམ་ཚིག་ཆེན་པོའི་དུས་ལ་བབ། ། ལྷ་རྣམས་དྲག་པོའི་ལས་ལ་བསྐུལ།། ལྷ་སྙིང་གདགས་སྔགས་གཟིར་གནོན་དང།། དྲང་ཞིང་བཀུག་ལ་དབབ་པ་དང།། མཁས་ཤིང་གོམས་པས་མན་ངག་སྦྱར།། སྤྲུལ་པ་ཆེན་པོའི་དུས་ལ་བབ། ། ཕྲ་མེན་དྲག་པོའི་ལས་ལ་བསྐུལ།། ལྷ་སྙིང་གདགས་སྔགས་གཟིར་གནོན་བྱ།། དྲང་ཞིང་བཀུག་ན་དབབ་པ་དང།། མཁས་ཤིང་གོམས་པས་མན་ངག་སྦྱར།། བཀའ་ཉན་ཆེན་པོའི་དུས་ལ་བབ།། དམ་ཅན་གནད་དབབ་ལས་ལ་བསྐུལ། ། ལྷ་སྙིང་གདགས་སྔགས་གཟིར་གནོན་བྱ།། མཁས་ཤིང་གོམས་པས་མན་ངག་སྦྱར།། རྣལ་འབྱོར་རྒྱུད་གྲོལ་བློ་ཞེན་པས།། ཏིང་འཛིན་སྔགས་དང་ཕྲིན་ལས་ཀྱི།། གབ་སྦས་མན་ངག་སྦྱོར་ཤེས་ཤིང། ། མན་ངག་གསུམ་པོ་སྐོར་ཚོམས་ཀྱིས།། རིམ་གྱིས་དབང་མེད་གནད་ཕབ་ནས།། ཐུགས་རྗེ་ཆེན་པོའི་བྱིན་རླབས་ཀྱིས།། བསྒོ་བའི་བཀའ་རྣམས་ཉན་པར་བྱེད།། གལ་ཏེ་བཀའ་བཞིན་མ་བྱས་ན། ། ཁོ་རང་མགོ་གས་སྙིང་ཚིག་གོ།། དེ་ཕྱིར་བླ་དགུག་ཕོ་ཉ་གཏང།། ཞག་བདུན་གྱིས་ནི་ཁུག་པར་འགྱུར།། འདི་དག་བཏང་ནས་བརྡེག་པར་བྱ།། བླ་དགུག་ཕོ་ཉ་གཏང་བྱ་སྟེ།། ཧཱུཾ་དཔལ་གྱི་ཕོ་ཉ་ལས་མཁན་[(0[)]་མོ། ། དཀར་མོ་དུང་གི་མཆེ་བ་ཅན།། མཁའ་ལ་འབྱུང་བའི་མཛོད་འཁྱིལ་མ།། ལག་ན་སྤུ་གྲིས་སེམས་ཅན་སྒྲོལ།། ཞལ་དུ་སེམས་ཅན་སྙིང་ཁྲག་རྔུབ།། སྤྲུལ་པ་ཐོག་ཐོག་སེར་ཆེན་འབེབས།། ཕོ་ཉ་སུམ་བརྒྱ་དྲུག་ཅུ་འགྱེད། ། སུམ་བརྒྱ་དྲུག་ཅུའི་གཙོ་མོ་སྟེ།། བསྐལ་པ་བརྒྱད་ཁྲིའི་ཕ་རོལ་ནས།། དམ་ལས་འདས་པའི་བླ་འདྲེན་མ།། ཉམས་པའི་བླ་ལ་ནན་མ་ཆུང།། ལྷོ་ཡི་ཕྱོགས་ནས་འབྱུང་བ་ནི།། ནག་མོ་ལྕགས་ཀྱི་ལན་ཚར་ཅན། ། ཁྱུང་གི་ཁྲ་ཐོགས་གཡས་པ་ན།། བྷནྡྷ་གྲི་ཐོགས་གསོད་ལ་རྔམས།། ཚངས་པ་འཁྱིལ་བའི་ཆ་ལུགས་ཅན།། མི་སྡུག་མགོ་ལ་གཅེར་བུའི་ལུས།། ཕོ་ཉ་སུམ་བརྒྱ་དྲུག་ཅུ་འགྱེད།། སུམ་བརྒྱ་དྲུག་ཅུའི་གཙོ་མོ་སྟེ། ། བསྐལ་པ་བརྒྱད་ནས་བླ་འཚོལ་མ།། དཔག་ཚད་བྱེ་བར་སྲོག་དབུགས་འགུགས།། ཉམས་པའི་བླ་དང་སྲོག་ལ་ཡ།། ནུབ་ཀྱི་ཕྱོགས་ནས་འབྱུང་བ་ནི།། དམར་པོ་ཉི་མའི་འོད་འཕྲོ་མ།། གདུག་པ་འདུལ་བ་གྲང་བ་སེལ། ། གསོད་ལ་རྔམ་པའི་ལས་ལ་བརྩོན།། མཆེ་གཙིགས་གཡང་གཞི་གོས་སུ་གོན། ཕོ་ཉ་སུམ་བརྒྱ་དྲུག་ཅུ་འགྱེད།། སུམ་བརྒྱ་དྲུག་ཅུའི་གཙོ་མོ་སྟེ།། རབ་ཏུ་མི་སྲུན་བླ་འགུག་མ།། ཉམས་པའི་བླ་དང་སྲོག་ལ་ཡ། ། བྱང་གི་ཕྱོགས་ནས་འབྱུང་བ་ནི།། ལྗང་ནག་འཁྱིལ་པའི་ཐོད་གདེངས་ཅན།། སེར་མོ་རལ་ཅན་འབུམ་གྱིས་བསྐོར།། ཕྱག་ན་རལ་གྲི་ནག་པོ་བསྣམས།། ཕོ་ཉ་སུམ་བརྒྱ་དྲུག་ཅུ་འགྱེད།། སུམ་བརྒྱ་དྲུག་ཅུའི་གཙོ་མོ་སྟེ། ། སྔོན་ནས་དགྲ་བོའི་བླ་འགུག་མ།། ཉམས་པའི་བླ་དང་སྲོག་ལ་ཡ།། ནམ་མཁའི་ལྷ་མོ་ཕུར་པའི་ལྷ།། ལག་བརྒྱ་ལྕགས་ཀྱི་ཕུར་པ་འདྲིལ།། སྤྱན་བརྒྱ་ཁྲག་གིས་མཆི་མ་འཛག། ཞལ་བརྒྱ་གདུག་པའི་ངན་སྔགས་ཟློས། ། ཚེམས་ཀྱིས་སྐྱེ་ཤི་རྩ་བ་ཆོད།། ཕུར་བུའི་ལས་མཁན་ཆེན་མོ་ལ།། རབ་ཏུ་མི་སྲུན་ལས་ལ་བརྩོན།། ཕོ་ཉ་མང་པོ་ཕྱོགས་བཅུར་འགྱེད།། རྡོ་རྗེ་སྐུ་གསུང་ཐུགས་ལས་སྤྲུལ།། ཉམས་པའི་བླ་དང་སྲོག་ལ་ཡ། ། གཞན་ཡང་དམ་ལ་བཏགས་པ་རྣམས།། དེ་དག་ལས་ལ་སྐུལ་བར་བྱའོ།། དེ་དག་མངོན་པར་ཁུགས་པ་དང།། བསད་པའི་ལས་ལ་སྦྱར་བར་བྱའོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་གསང་བ། ཀཱི་ཡ་ལ་གསང་བའི་དགོངས་རྒྱུད་ལས། བརྡེག་པའི་དུས་ཚོད་ཀྱི་ལེའུ་སྟེ་དགུ་པའོ།།།། དེ་ནས་ཡང་ཀརྨ་ཧེ་རུ་ཀས་བཅོམ་ལྡན་འདས་བཛྲ་ཀཱི་ལ་ཡ་ལ་འདི་སྐད་ཅེས་གསོལ་ཏོ། ། ཀྱེ་བཅོམ་ལྡན་བཛྲ་ཀཱི་ཡ་ལ།། དྲག་པོའི་ལས་ལ་འཇུག་བྱེད་པ།། དྲེགས་པ་ཉམས་པ་བདུན་པོ་ལ།། གང་དང་གང་དུ་གདབ་པར་བྱ།། ཞེས་ཞུས་པས།། བཅོམ་ལྡན་བཛྲ་ཀཱི་ལ་ཡས་འདི་སྐད་ཅེས་བཀའ་སྩལ་ཏོ། ། ཉོན་ཅིག་ཀརྨ་ཧེ་རུ་ཀ། གང་གིས་གང་ལ་གདབ་བསྟན་པ།། མཐིང་ནག་གྲུ་གསུམ་འབར་བའི་དཀྱིལ་འཁོར་ནས།། བུདྡྷ་འདུས་པའི་སྲས་མཆོག་ཀཱི་ལ་ཡ།། གཏི་མུག་བདུད་བདུལ་ཁྲོས་པའི་རྒྱལ་པོ་དབྱིངས་ནས་བཞེངས། ། མཐིང་ནག་གཅེར་བུ་ཁྲོ་གཏུམ་རལ་པ་ཅན།། དབུས་ཀྱི་དགྲ་བགེགས་ཁུག་ལ་རྡོ་རྗེ་ཕུར་པ་ཡིས།། ངག་འཁྱལ་རྫུན་དུ་སྨྲ་བའི་སྙིང་ལ་རྒྱོབ།། གྲུ་གསུམ་མཐིང་ནག་འབར་བའི་དཀྱིལ་འཁོར་ནས། ། རྡོ་རྗེ་འདུས་པའི་སྲས་མཆོག་ཀཱི་ལ་ཡ།། ཞེ་སྡང་བདུད་འདུལ་ཁྲོས་པའི་རྒྱལ་པོ་དབྱིངས་ནས་བཞེངས།། དཀར་ནག་གཅེར་བུ་ཁྲོ་གཏུམ་རལ་པ་ཅན།། ཤར་གྱི་དགྲ་བགེགས་ཁུག་ལ་རྡོ་རྗེ་ཕུར་པ་ཡིས། ། ཞེ་སྡང་འདོད་ཆགས་ཅན་གྱི་སྙིང་ལ་རྒྱོབ།། མཐིང་ནག་གྲུ་གསུམ་འབར་བའི་དཀྱིལ་འཁོར་ནས།། རཏྣ་འདུས་པའི་སྲས་མཆོག་ཀཱི་ལ་ཡ།། ང་རྒྱལ་བདུད་འདུལ་ཁྲོས་པའི་རྒྱལ་པོ་དབྱིངས་ནས་བཞེངས། ། སེར་ནག་གཅེར་བུ་ཁྲོ་གཏུམ་རལ་པ་ཅན།། ལྷོ་ཡི་དགྲ་བགེགས་ཁུག་ལ་རྡོ་རྗེ་ཕུར་པ་ཡིས།། སྲོག་གཅོད་ལོག་པར་ལྟ་བའི་སྙིང་ལ་རྒྱོབ།། མཐིང་ནག་གྲུ་གསུམ་འབར་བའི་དཀྱིལ་འཁོར་ནས།། པདྨ་འདུས་པའི་སྲས་མཆོག་ཀཱི་ལ་ཡ། ། འདོད་ཆགས་བདུད་འདུལ་ཁྲོས་པའི་རྒྱལ་པོ་དབྱིངས་ནས་བཞེངས།། དམར་ནག་གཅེར་བུ་ཁྲོ་གཏུམ་རལ་པ་ཅན།། ནུ?བ་ཀྱི་དགྲ་བགེགས་ཁུག་ལ་རྡོ་རྗེ་ཕུར་པ་ཡིས།། ཕྲ་མ་མ་བྱིན་ལེན་པའི་སྙིང་ལ་ཐོབ། ། མཐིང་ནག་གྲུ་གསུམ་འབར་བའི་དཀྱིལ་འཁོར་ནས།། ཀརྨ་འདུས་པའི་སྲས་མཆོག་ཀཱི་ལ་ཡ།། ཕྲག་དོག་བདུད་འདུལ་ཁྲོས་པའི་རྒྱལ་པོ་དབྱིངས་ནས་བཞེངས།། ལྗང་ནག་གཅེར་བུ་ཁྲོ་གཏུམ་རལ་པ་ཅན། ། བྱང་གི་དགྲ་བགེགས་ཁུག་ལ་རྡོ་རྗེ་ཕུར་པ་ཡིས།། ངག་རྩུབ་གནོད་སེམས་ཅན་གྱི་སྙིང་ལ་རྒྱོབ།། ལྷ་རྣམས་དྲག་པོའི་ལས་ལ་བསྐུལ།། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ།། དུས་གསུམ་རྒྱལ་བའི་གདུང་འཚོབ་པའི། ། རིག་འཛིན་བདག་ཅག་རྣམས་ལ་ནི།། གནོད་ཅིང་གདུག་པའི་དགྲ་དང་བགེགས།། བདུད་དང་བར་དུ་གཅོད་པ་དང།། དངོས་གྲུབ་འཕྲོག་ཅིང་འཚེ་བ་རྣམས།། ཁྲོ་བོ་ཆེན་པོའི་བྱིན་རླབས་ཀྱིས། ། ཡུད་ཙམ་གྱིས་ནི་འདིར་བཀུག་ནས།། མངོན་སྤྱོད་ཚུལ་བཞིན་བསྒྲལ་བ་དང།། ལུས་ངག་རྡུལ་དུ་བཤིགས་ནས་ཀྱང།། སྡུག་བསྔལ་ཉམས་སུ་མྱོང་བར་མཛོད།། ཕྲ་མེན་དྲག་པོ་ལས་ལ་བསྐུལ།། དངོས་གྲུབ་བར་དུ་གཅོད་པའི་བགེགས། ། གདུག་ཅིང་སྡང་སེམས་ལྡན་པ་རྣམས།། ཟུང་ཞིག་རྒྱོབ་ཅིག་རྣམ་པར་ཆིངས།། གཏོགས་ཤིག་གྲོགས་དང་བྲལ་བར་གྱིས།། རེངས་པར་ཁུག་པ་སྨྲར་ཆུག་ཅིག། ཕོབ་ཅིག་རྣམ་པར་གཟིར་བར་གྱིས། ། ང་ཡི་དབང་དུ་གྱུར་ནས་ནི།། བསྒོ་བའི་བཀའ་རྣམས་ཉན་པར་གྱིས།། དམ་ཅན་གནད་དབབ་ལས་ལ་བསྐུལ།། བྲན་དང་ཕོ་ཉ་བཀའ་ཉན་ཚོགས།། སྔོན་ཆད་ཇི་ལྟར་དམ་བཅས་པའི། ། ཁྱེད་ཀྱི་ཐུགས་དམ་དུས་ལ་བབ།། མངོན་སྤྱོད་ཕྲིན་ལས་མྱུར་དུ་མཛོད།། ལས་སྔགས་སོ་སོས་གཟིར་གནོན་བྱ།། རྡོ་རྗེ་གསང་བའི་བཀའ་ལས་ནི།། སྡིག་ཅན་གང་ཞིག་འདའ་བྱེད་པ།། སྟོབས་ཆེན་ཁྲོ་བོ་ཆེན་པོ་ཡིས། ། ཀླད་པ་ཚལ་པ་བརྒྱ་རུ་ཁོས།། ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས།། ང་ཡི་བཀའ་ལས་འདའ་མ་བྱེད།། བཏབ་པའི་རྟིང་གནོན་མཚོན་གྱིས་གཏུབ།། ཁྲོ་བོས་མཚོན་ཆའི་ཆར་ཕབ་བསམ། ། གདུག་ཅིང་སྡང་སེམས་ལྡན་པ་རྣམས།། ལྷའམ་འོན་ཏེ་བདུད་ཀྱང་རུང།། ང་ལ་བར་ཆད་བྱེད་པ་རྣམས།། མཐུ་དང་རྫུ་འཕྲུལ་མེད་པར་བྱོས།། བསྒྲལ་བ་རྣམས་ཀྱི་མཐུ་རྣམས་དང།། རྫུ་འཕྲུལ་ལྡང་མི་ནུས་པར་བྱ། ། རྡུངས་ཤིག་རྡོ་རྗེ་འབར་བའི་གཏུན།། བཀའ་ལས་འགལ་བྱེད་སྡིག་ཅན་དག། རྡོ་རྗེ་མེ་དབལ་སྙིང་བསྲེགས་ནས།། ལུས་ངག་རྡུལ་ཕྲན་བཞིན་དུ་རློགས།། ཁྲོ་མོ་འབར་བའི་གཏུན་ཁུང་དུ།། རྡོ་རྗེ་ཐོ་བས་བརྡུངས་བྱས་ནས། ། ལྷ་ཡང་རུང་སྟེ་བསྒྲལ་བར་བྱའོ།། ཡཀྴ་ཀྲོ་ཏའི་ཞལ་དུ་ནི།། ཁམས་གསུམ་བསྒྲལ་བའི་མཆོད་པ་འབུལ།། ལྷ་རྣམས་དཀྱིལ་འཁོར་དམ་ཅན་ལྷ་སྲིན་རྣམས།། མ་ཉེས་དཔང་གཟུགས་བདེན་པ་བདར་ལ་ནི། ། ཆོས་ཉིད་བདེན་པ་གསང་སྔགས་བྱིན་རླབས་དང།། སངས་རྒྱས་མཐུ་ཡིས་ཨ་བྷི་ཙརྻ་ཡི།། བརྣག་པ་དེ་དག་དཀར་ནག་མཚམས་སུ་གདབ།། སེམས་གནས་དྲན་གཞི་ཙིཏྟའི་དཀྱིལ་ན་ནི། ། ཚོན་གང་འོད་ཀྱི་ཀུན་གཞི་ལུང་མ་བསྟན།། ཕྱི་རྩ་ནང་རྩ་ཕྱི་ནང་གཉིས་ཀྱི་རྩ།། ཉོན་མོངས་ཡིད་དང་རྣམ་ཤེས་ཀུན་གཞི་གསུམ།། ཕྱི་རྒྱུ་ནང་གནས་ཕྱི་ནང་གཉིས་ཀར་རྒྱུ།། ཁྲག་རླངས་བྱིའུ་ནི་ལེབ་མའི་མགོ་ཙམ་ལ། ། དེ་དཀྱིལ་ནརྀ་དུད་ཏིལ་འབྲུ་ཙམ་ཡང་གནས།། རྩ་ཞོན་ཁྲག་རྒྱུ་དབུགས་ཀྱི་རྟ་བྱས་ནས།། དཀར་ནག་མཚམས་ཀྱི་རྩ་ཆེན་གསུམ་ལ་ནི།། དྲོད་ཚད་གཏན་ལ་ཕབ་པར་གདབ་བྱས་ནས།། སྲིད་པ་གསུམ་དང་ཁམས་གསུམ་དུ། ། ཉོན་མོངས་འཁོར་བའི་ཆུ་རྒྱུན་འབབ།། མ་རིག་གནས་སུ་བསྒྲལ་ན་ཇི་ལྟར་བསྒྲལ།། བསྒྲལ་ཚེ་བ་རྒྱ་འདྲ་བས་གཏུམས་གནས་པ།། དུག་གསུམ་རྒྱུ་ལ་ཨ་ཡི་གནས་ལེན་གདབ།། ཡེ་ཤེས་དྲག་པོའི་ལས་སྔགས་གནད་ལ་ཐེབས། ། ཉོན་མོངས་རྒྱུ་ཉིད་གཏོར་གྱིས་འཕྲོས་པ་ལས།། ཡེ་ཤེས་འོད་ཟེར་ཆེན་པོར་གྱུར་འཕྲོས་ནས།། བདེ་གཤེགས་ཐུགས་དམ་བསྐངས་ནས་འགྲོ་བའི་དོན་ཀྱང་བྱས།། ཐམས་ཅད་ཨ་དཀར་བྱང་ཆུབ་སེམས་སུ་གྱུར། ། བསྡུས་པས་གསེར་དངུལ་ཞིག་གར་བླུགས་པ་བཞིན།། ཕུར་པའི་རྩེ་ཡི་ཨ་ནི་གནས་ལེན་དེས།། ཁབ་ལེན་རྡོ་ལ་ལྕགས་རྣམས་འདུ་བ་བཞིན།། བྱང་ཆུབ་སེམས་ཀྱི་རང་བཞིན་དཀར་ལ་འཚེར། ། སྐུ་གསུང་ཐུགས་ཀྱི་གནས་སུ་བསྟིམ་པར་བྱ།། སྣང་སྲིད་ཚེ་བཅུད་ཚེ་ཡི་དངོས་གྲུབ་ཐོབ།། ཁམས་གསུམ་འཁོར་བའི་བག་ཆགས་གདར་ཤ་བཅད།། ཉོན་མོངས་འཁོར་བ་ཐམས་ཅད་དབྱིངས་སུ་བསྒྲལ། ། རྡོ་རྗེ་ཕུར་པས་སྐྱེ་ཤི་རྩད་ནས་ཆོད།། དཔེར་ན་དྲི་མ་ཆུ་ཡིས་བཀྲུས་པ་བཞིན།། ཁམས་གསུམ་ཡེ་ཤེས་བྱང་ཆུབ་ཆུ་ཡིས་བཀྲུ།། ཚེ་ལུང་ཁྲུས་ལུང་སྒྲོལ་མཆོག་དམ་པ་ཡིན།། གཞན་ཡང་ཕུར་པའི་གནས་བསྟན་པ། ། རྩ་གཅིག་བཅཝ་བརྒྱད་བཅུ་གཉིས་དང།། བརྒྱད་དང་ལྔ་གསུམ་གཅིག་ཏུ་བསྟན།། གདབ་པའི་དམིགས་ནི་རེ་རེ་ལ།། རྩ་བྲན་རྟ་རྔ་ཙམ་གྱི་མགོ།། སྲན་ཙམ་འོད་ནག་དཀྱིལ་དུ་ནི། ། ཁྲག་གི་ནརྀ་ནི་ཏིལ་འབྲུ་ཙམ།། དེ་ལ་དམིགས་ལ་གདབ་པར་བྱ།། གཟུགས་མཐོང་ཉོན་མོངས་ཕྲ་དོག་སྐྱེས།། མཐོང་བྱེད་རྟེན་དང་དབྲལ་བའི་ཕྱིར།། མིག་གཉིས་ལ་ཡང་སྲས་མཆོག་སྟེ།། རྣ་ཐོས་ཉོན་མོངས་ཞེ་སྡང་སྐྱེས། ། ཉན་བྱེད་རྟེན་དང་དབྲལ་བའི་ཕྱིར།། རྣ་བ་གཉིས་ལ་སྲས་མཆོག་རེ།། དྲི་ཚོར་ཉོན་མོངས་ང་རྒྱལ་སྐྱེས།། སྣོམ་བྱེད་རྟེན་དང་དབྲལ་བའི་ཕྱིར།། སྣ་བུག་གཉིས་ལ་སྲས་མཆོག་རེ།། རོ་ཚོར་ཉོན་མོངས་འདོད་ཆགས་སྐྱེ། ། རོ་མྱོང་རྟེན་དང་དབྲལ་བའི་ཕྱིར།། ལྕེ་ཡི་དཀྱིལ་དུ་སྲས་མཆོག་རེ།། དབང་པོ་རྟེན་བྱེད་གཏི་མུག་གནས།། ཚེ་གནས་རྟེན་དང་དབྲལ་བའི་ཕྱིར།། དཔྲལ་བའི་དབྱེས་སུ་སྲས་མཆོག་གཅིག། ང་རྒྱལ་རྩད་ནས་གཅད་པའི་ཕྱིར། ། ཚིག་ཆད་དམ།། བྱ་བྱེད་རྟེན་དང་དབྲལ་བའི་ཕྱིར།། དཔུང་པ་གཉིས་ལ་སྲས་མཆོག་རེ།། སྲིད་པ་རྩད་ནས་གཅད་པའི་ཕྱིར།། གསང་བའི་གནས་སུ་སྲས་མཆོག་རེ།། གཏི་མུག་འཁོར་རྒྱུ་རྟེན་དབྲལ་ཕྱིར། ། ལྟེ་བའི་དཀྱིལ་དུ་སྲས་མཆོག་རེ།། ཐམས་ཅད་སྙེགས་པར་བྱེད་པའི་རྒྱུ།། ཉོན་མོངས་སྙེགས་བྱེད་རྟེན་དབྲལ་ཕྱིར།། རྐང་དབྱི་གཉིས་ལ་སྲས་མཆོག་རེ།། ཁམས་གསུམ་འཁོར་བ་སྐྱེད་པའི་རྒྱུ། ། འདོད་ཆགས་རྩད་ནས་གཅད་པའི་ཕྱིར།། ཕོ་མཚན་དཀྱིལ་དུ་སྲས་མཆོག་གཅིག། ཞེ་སྡང་རྩད་ནས་གཅད་པའི་ཕྱིར།། སྙིང་གི་དཀྱིལ་དུ་སྲས་མཆོག་གཅིག། སྲིད་གསུམ་རྩད་ནས་གཅད་པའི་ཕྱིར།། རྩེ་ཆེན་གསུམ་ལ་སྲས་མཆོག་གསུམ། ། དབང་པོའི་དངས་མ་མགོ་ཡིན་པས།། ཁྲོ་བོ་མཚོན་ཆའི་ཆར་ཕབ་ལ།། སྤྱི་བོའི་གཙུག་ཏུ་སྲས་མཆོག་གཅིག། མཐུ་དང་རྫུ་འཕྲུལ་འཕྲོག་པའི་ཕྱིར།། སྤྱི་བོའི་གཙུག་ནས་རྐང་མཐིལ་དུ། ། སྲས་མཆོག་ཕུར་པ་ཕྱུང་ལ་ནི།། ཁམས་གསུམ་བསྒྲལ་བའི་མཆོད་པ་བྱའོ།། སྲན་ཙམ་འོད་ནག་དཀྱིལ་དུ་ནི།། ཁྲག་གི་ནརྀ་ནི་ཏིལ་འབྲུ་ཙམ།། གནད་ས་དེ་རུ་ཀུན་ཁྱབ་པས།། ཀུན་ལ་དེ་གཞིན་དམིགས་ལ་གདབ། ། གནད་སར་བཏབ་པ་རེ་རེ་ལ།། ཚེ་ལུང་ཁྲུས་ལུང་རྫོགས་པ་རེ།། བདག་དང་ཕུར་བུ་གཟས་པ་པོ།། སྐུ་གསུང་ཐུགས་སུ་གཉིས་མེད་བསྟིམ།། ཏིང་འཛིན་སྔགས་དང་ཕྲིན་ལས་གསུམ།། གབ་པའི་གདམས་པ་ཁོང་བཀྲར་བཤད། ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་གསང་བ། ཀཱི་ལ་ཡ་གསང་བའི་དགོངས་རྒྱུད་ལས། སྲས་མཆོག་ཕུར་པ་གདབ་པའི་ལེའུ་སྟེ་བཅུ་པའོ།།།། དེ་ནས་ཡང་ཀརྨ་ཧེ་རུ་ཀས། བཅོམ་ལྡན་འདས་བཛྲ་ཀཱི་ལ་ཡ་འདི་སྐད་ཅེས་གསོལ་ཏོ།། ཀྱེ་བཅོམ་ལྡན་བཛྲ་ཀཱི་ལ་ཡ།། བདེ་བར་གཤེགས་པ་ཐམས་ཅད་ཀྱི།། སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ནས།། གསང་སྔགས་དམ་པ་ཇི་ལྟར་ལགས། ། བསྐྱེད་པའི་སྔགས་ནི་ཇི་ལྟར་ལགས།། གསོད་པའི་སྔགས་ནི་ཇི་ལྟར་ལགས།། ཕྲིན་ལས་སྔགས་ནི་གང་དང་གང།། གསང་སྔགས་བདག་པོས་ལུང་བསྟན་དུ་གསོལ། ཞེས་གསོལ་པ་དང། བཅོམ་ལྡན་འདས་བཛྲ་ཀཱི་ལ་ཡས། འདི་སྐད་ཅེས་བཀའ་སྩལ་ཏོ།། ཉོན་ཅིག་ཀརྨ་ཀཱི་ལ་ཡ།། དང་པོ་སྟོང་པ་ཉིད་དུ་བསྒོམ།། རྡོ་རྗེ་མཚོན་པའི་ཡི་གེ་ཧཱུཾ།། འོད་འཕྲོས་བདེ་གཤེགས་དཀྱིལ་འཁོར་གསལ།། སྤྱན་དྲང་ཕྱག་འཚལ་བཞུགས་སུ་གསོལ། ། དེ་ནས་ཕྱི་ནང་མཆོད་པ་འབུལ།། ཨཱ+ོཾ་མ་ཧཱ་ཤུ་ནྱ་ཏཱ་ཛྙཱ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོུ྅་ཧཾ། དེ་རྗེས་མཚོན་པའི་ཡི་གེ་ཧཱུཾ། ཧཱུཾ་སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུཾ། ཨཱ+ོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ། སརྦ་བིགྷྣཱིན་བཾ་ཧཱུཾ་ཕཊ། ། རྩ་བས་དོན་བཞི་རིག་པར་བྱ།། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་དཱིཔྟ་ཙཀྲ་ཧ་ན་ཧཱུཾ་ཕཊ། ཡུམ་བསྐྱེད་པའི་སྔགས་སོ།། ས་མ་ཡ་སྟྭཾ། ས་མ་ཡ་ཧོ།། ཛཿཧཱུཾ་བཾ་ཧོཿ།། ཡབ་ཡུམ་བསྐུལ་བའི་སྔགས་སོ།། ཨེ་མ་སཱུརྱ་མཎྜ་ལ།། ཡཾ་པདྨ་མཎྜ་ལ། ཨཾ་ཡུམ་གྱི་མཁའ་དབྱིངས་བྱིན་གྱིས་རློབས་པའི་སྔགས་སོ།། ཨ་ཙནྡྲ་མཎྜ་ལ།། ཧཱུཾ་ཨཱ+ོཾ་བཛྲ་ཨོཾ་ཨཱཿཧཱུཾ་སྭཱ་ཧཱ།། ཡབ་ཀྱི་མཁའ་བྱིན་གྱིས་རློབས་པའི་སྔགས་སོ། ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ། ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ།། ཁྲོ་བོ་བསྐྱེད་པའི་ས་བོན་བྱང་ཆུབ་ཀྱི་སེམས་ཀྱི་སེམས་ཀྱི་སྔགས་སོ། ། ཨཱ+ོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱཾ་བཾ་ཧཱུཾ་ཕཊ།། ཕཊ་ཕཊ་ཕཊ། ཧཱུཾ་ཧཱུཾ་ཧཱུཾ། སྒྲོལ་ཆོམ་ཀཱི་ལ་ཡ་སོད་ཆོམ།། ཛཿཧཱུཾ་བཾ་ཧོཿ།། ཀཱི་ལི་ཀཱི་ལ་ཡ། སཱུརྱ་ཙནྡྲ་ཏི་ར་བཾ། ཨིནྡྲ་ཡ་ཏི་ར་བཾ། ཨགྣ་ཡེ་ཏི་ར་བཾ། ཡ་མཱ་ཡ་ཏི་ར་བཾ། ནཻར་རྀཏཱ་ཡ་ཏི་ར་བཾ། བ་རུ་ཎཱ་ཡ་ཏི་ར་བཾ། པཱ་ལ་བེ་ཏི་ར་བཾ། ཀུ་བེ་རཱ་ཡ་ཏི་ར་བཾ། ཨཱི་ཤ་ནཱ་ཡ་ཏི་ར་བཾ། ཨ་དྷཱ་པྲཾ་ཐི་བི་ཏི་ར་བཾ། དྲེགས་པ་བཅུ་བསྒྲལ་བའི་སྔགས་སོ།། མ་སཱུརྱ་མཎྜ་ལ། པཾ་པདྨ་མཎྜ་ལ། ཨ་ཙནྡྲ་མཎྜ་ལ། དྲེགས་པ་ཅན་རྣམས་ཉི་ཟླ་པདྨ་སུམ་བརྩེགས་ཀྱིས་མནན་པའི་སྔགས་སོ།། ཨཱ+ོཾ་བཛྲ་ཀྲོ་དྷ་ཧཱུཾ་ཀཱ་ར་ཧཱུཾ། ཨཱ+ོཾ་བཛྲ་ཀྲོ་ཏ་བི་ཛ་ཡ་ཧཱུཾ།། ཨཱ+ོཾ་བཛྲ་ཀྲོ་ཏ་ནཱི་ལ་དཎྜ་ཧཱུཾ།། ཨཱ+ོཾ་བཛྲ་ཀྲོ་ཏ་ཡ་མཱནྟ་ཀ་ཧཱུཾ། ཨཱ+ོཾ་བཛྲ་ཀྲོ་ཏ་ཨརྱ་ཨ་ཙ་ལ་ཧཱུཾ། ཨཱ+ོཾ་བཛྲ་ཀྲོ་ཏ་ཧ་ཡ་གྲཱི་ཝ་ཧཱུཾ། ཨཱ+ོཾ་བཛྲ་ཀྲོ་ཏ་ཨ་པཱ་ར་ཇི་ཏ་ཧཱུཾ། ཨཱ+ོཾ་བཛྲ་ཀྲོ་ཏ་ཨ་མྲྀ་ཏ་ཀུཎྜ་ལི་ཧཱུཾ། ཨཱ+ོཾ་བཛྲ་ཀྲོ་ཏ་ཏྲཻ་ལོ་ཀྱ་བི་ཛ་ཡ་ཧཱུཾ། ཨཱ+ོཾ་བཛྲ་ཀྲོ་ཏ་མ་ཧཱ་བ་ལ་ཧཱུཾ།། ཁྲོ་བོ་བཅུ་བསྐྱེད་པའི་སྔགས་སོ། ། ཨཱ+ོཾ་བཛྲ་ཀྲོ་ཏཱི་ཤ་ཡ་ཏཱི་ཧཱུཾ། ཨཱ+ོཾ་བཛྲ་ཀྲོ་ཏ་ལཱ་སེ་ཀི་ཧཱུཾ། ཨཱ+ོཾ་བཛྲ་ཀྲོ་ཏཱའ་ཏཱ་ཛ་ཧཱུཾ།། ཨཱ+ོཾ་བཛྲ་ཀྲོ་ཏཱི་ཤྨ་ཤཱ་ན་པ་ཏི་ཧཱུཾ། ཨཱ+ོཾ་བཛྲ་ཀྲོ་ཏཱི་མུ་ས་ལཱི་ཧཱུཾ། ཨཱ+ོཾ་བཛྲ་ཀྲོ་ཏཱི་ཙཎྜ་ལི་ཧཱུཾ། ཨཱ+ོཾ་བཛྲ་ཀྲོ་ཏཱི་ཤ་བྱ་ཏི་ཧཱུཾ། ཨཱ+ོཾ་བཛྲ་ཀྲོ་ཏཱི་ས་བྱཱཾ་མི་ཏ་ཧཱུཾ། ཨཱ+ོཾ་བཛྲ་ཀྲོ་ཏཱི་མ་ར་ཎཱི་ཧཱུཾ། ཨོཾ་བཛྲ་ཀྲོ་ཏི་ཙུན་ད་ཡ་ཏཱི་ཧཱུཾ། ཁྲོ་མོ་རྣམས་བསྐྱེད་པའི་སྔགས་སོ།། བཛྲ་སཱུ་ཀ་ར་མུ་ཁཱ་ཧེ། བཛྲ་ཨུ་པི་ཥ་མུ་ཁ་ཧེ། བཛྲ་བྱ་གྷྲ་མུ་ཁ་ཧེ། བཛྲ་གྲ་ཌྷ་མུ་ཁཱི་ཧེ། བཛྲ་ཙ་མ་ར་མུ་ཁ་ཧེ། བཛྲ་དྲོ་ཎ་མུ་ཁཱི་ཧེ། བཛྲ་ཧ་རི་ཎ་ཀ་མུ་ཁ་ཧེ། བཛྲ་ཨཱུ་ལུ་ཀ་མུ་ཁཱི་ཧེ། བཛྲ་བྱ་གྷྲ་མུ་ཁཱ་ཧེ། བཛྲ་ཀཱ་ཀ་མུ་ཁཱི་ཧེ། བཛྲ་པི་ཌཱ་ལ་མུ་ཁ་ཧེ། བཛྲ་བཀྵ་ཏི་མུ་ཁཱ་ཧེ། བཛྲ་ཤྭ་ན་མུ་ཁ་ཧེ། བཛྲ་བ་ཏྲི་མུ་ཁཱི་ཧེ། བཛྲ་སིང་ཧ་མུ་ཁ་ཧེ། བཛྲ་ཏི་ཏཱི་ལ་མུ་ཁཱི་ཧེ། བཛྲ་ཏཀྵུ་མུ་ཁ་ཧེ། བཛྲ་ན་ཀུ་ལ་མུ་ཁ་ཧེ། བཛྲ་ཧ་རྀཀྵ་མུ་ཁ་ཧེ། བཛྲ་མཱུ་ཥི་ཀ་མུ་ཁཱི་ཧེ། དེ་ནི་ཕྲ་ཐབས་བསྐྱེད་པའི་སྔགས་སོ། ཨཱ+ོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ། ཛྭ་ལ་ཛྭ་ལ་པྲ་ཛྭ་ལ་པྲ་ཛྭ་ལ་སྤུ་ཏ་སྤུ་ཏ་སརྦ་ན་ཤ་ས་ན་ཧཱུཾ་ཕཊ། ། དེ་ནི་སྐུའི་སྔགས་སོ། ཨཱ+ོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་དུཥྟཱན་པཱ་ཀ་ཤྲི་ཏ་ཤོ་དྷ་ཡ་ཧཱུཾ་ཕཊ། གསུང་གི་སྔགས་སོ། ཨཱ+ོཾ་བཛྲ་ཀཱི་ལ་ཡ། ཙིཏྟ་ཙིཏྟ་ཧཱུཾ་ཕཊ། དེ་ནི་ཐུགས་ཀྱི་སྔགས་སོ།། གརྫ་གརྫ་ཧཱུཾ་ཕཊ། ཧ་ན་ཧ་ན་ཧཱུཾ་ཕཊ། པ་ཙ་པ་ཙ་ཧཱུཾ་ཕཊ། ད་ཧ་ད་ཧ་ཧཱུཾ་ཕཊ། བནྡྷ་བནྡྷ་ཧཱུཾ་ཕཊ། ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ། ཏི་སྟ་ཏི་སྟ་ཧཱུཾ་ཕཊ། ཙྪིནྡྷ་ཙྪིནྡྷ་ཧཱུཾ་ཕཊ། བྷིནྡྷ་བྷིནྡྷ་ཧཱུཾ་ཕཊ། སྥོ་ཏ་སྥོ་ཏ་ཧཱུཾ་ཕཊ། ཁྲོ་བོ་བཅུའི་ཕྲིན་ལས་ཀྱི་སྔགས་སོ། ། ཏ་ཐཱ་ཡ་ཏ་ཐཱ་ཡ་ཧཱུཾ་ཕཊ། ཧ་ས་ར་ཡ་ཧ་ཏ་ན་ཧཱུཾ་ཕཊ། ཤཱི་གྷྲིན་ཨཱ་ན་ཡ་ཧཱུཾ་ཕཊ། ཛྭ་ལ་པ་ལ་ཛྭ་ལ་པ་ལ་ཧཱུཾ་ཕཊ། ཨཱ་བེ་ཤ་ཡ་ཨཱ་བེ་ཤ་ཡ་ཧཱུཾ་ཕཊ། བི་ད་ཡ་བི་ད་ཡ་ཧཱུཾ་ཕཊ། ཕྲ་ཐབས་ཡང་སྤྲུལ་རྣམས་ཀྱི་ཕྲིན་ལས་ཀྱི་སྔགས་སོ། ། ཨཱ+ོཾ་ན་མཿས་མནྟ་ཀཱ་ཡ་ཝཱ་ཀ་ཙིཏྟ་བཛྲ་ནཱན། ཨཱ+ོཾ་གྷ་གྷ་གྷ་ཏ་ཡ་གྷཱ་ཏ་ཡ། སརྦ་དུཥྟཱན་མཱ་ར་ཡ་ཧཱུཾ་ཕཊ། ཀཱི་ལི་ཀཱི་ལ་ཡ། སརྦ་པཱ་པཾ། ཧཱུཾ་ཧཱུཾ་ཕཊ་ཕཊ། ཧཱུཾ་ཧཱུཾ་ཧཱུཾ། ཕཊ་ཕཊ་ཕཊ། བཛྲ་ཀཱི་ལ་ཡ་དྷ་རོ་ཨཱ་ཛྙཱ་པ་ཡ་ཏི། ཀཱ་ལ་ཝཱཀ་ཙིཏྟ། བཛྲ་ཀཱི་ལ་ཡ་ཧཱུཾ་ཕཊ། རྡོ་རྗེ་སྡེར་མོའི་སྔགས་སོ། ཨཱ+ོཾ་ལཾ་ཧཱུཾ་ལཾ་སྟྭཾ་བྷ་ནན་མོ་ཧ་གྷ་ཡ། བྷ་ག་བཱན། ཧྲིཿཥྟཱྀ་བི་ཀྲི། བཛྲ་ཧཱུཾ་ཀཱ་ར་ཧཱུཾ་ཕཊ། ཀཱི་ལི་ཀཱི་ལ་ལ། ཛཿཧཱུཾ་བཾ་ཧོཿ། སརྦ་བིགྷྣཱན། བཛྲ་ཀཱི་ལི་ཀཱི་ལ་ཡ། བཛྲ་ཧཱུཾ་ཀཱ་ར་ཨ། ཕྲིན་ལས་ཐམས་ཅད་གྲུབ་པར་བྱེད་པའི་སྔགས་སོ།། ཧཱུཾ་པ་ར་བིདྱན། ཙྪིནྡ་ཙྪིནྡ་ཧཱུཾ་ཕཊ། བནྡྷ་བིནྡྷ་ཧཱུཾ། གྲྀཧྞ་གྲྀཧྞ་ཧཱུཾ་ཕཊ། ཧ་ན་ཧ་ན་ཧཱུཾ་ཕཊ། བནྡྷཱ་བནྡྷཱ་ཧཱུཾ་ཕཊ། ཧ་ན་ཧ་ན་བཛྲ། ད་ཧ་ད་ཧ་བཛྲ། པ་ཙ་པ་ཙ་བཛྲ། མ་ཐ་མ་ཐ་བཛྲ། ཛྭ་ལ་ཛྭ་ལ་བཛྲ། སུ་རུ་སུ་རུ་བཛྲ། མུ་རུ་མུ་རུ་བཛྲ། ཀ་ཏང་ཀ་ཏེ། ཛ་ཡེ་བེ་ཛ་ཡེ། ཨ་ཙིད་ཏེ། ཨ་པ་ར་ཛི་ཏ། མ་ར་སཻ་ན་པྲ་མརྡྷ་ན་ཡེ་ཧཱུཾ་ཕཊ། གདབ་པའི་སྔགས་སོ།། ཨཱ+ོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་དུཥྟཱཾ་མཱ་ར་ཡ་ཧཱུཾ་ཕཊ། བདེ་བར་གཤེགས་པས་ལྕགས་ཕུར་དྲག་པོའི་ཕྲིན་ལས་ཀྱི་མི་བཟད་པ་དྲག་པོས་དབང་བསྐུར་བའི་སྔགས་སོ།། ཨཱ+ོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སུ་རུ་སུ་རུ་ཨུ་ཙུསྨ་ཀྲོ་ཏ་ཡ་ཧཱུཾ་མཱ་ར་ཡ་ཧཱུཾ་ཕཊ། བདེ་བར་གཤེགས་པས་སྐྱེར་པའི་ཕུར་པ་རྒྱས་པ་མི་བཟད་པ་བསད་པ་དྲག་པོས་དབང་བསྐུར་བའི་སྔགས་སོ། ། ཨཱ+ོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ། བིང་བིང་མཱ་ར་ཡ་ཧཱུཾ། བདེ་བར་གཤེགས་པས་མཆོག་ཕུར་ཞི་བའི་ཕྲིན་ལས་མི་བཟད་པ་བསད་པ་དྲག་པོས་དབང་བསྐུར་བའི་སྔགས་སོ། ། ཨཱ+ོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཨཾ་ཀུ་ཤ་ཙནྡྷི་ཙནྡྷི་མཱ་ར་ཡ་ཧཱུཾ་ཕཊ། བདེ་བར་གཤེགས་པས་སེང་ལྡེང་གི་ཕུར་པ་དབང་གི་ཕྲིན་ལས་མི་བཟད་པ་བསད་པ་དྲག་པོས་དབང་བསྐུར་བའི་སྔགས་སོ། ། ཨཱ+ོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་བྱཱ་གྲི་ཁ་མཱ་ར་ཡ་ཧཱུཾ་ཕཊ། བདེ་བར་གཤེགས་པས་བྱ་ཕུར་མངག་པའི་ཕྲིན་ལས་མི་བཟད་པ་བསད་པ་དྲག་པོས་དབང་བསྐུར་བའི་སྔགས་སོ།། ཨཱ+ོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ན་མ་ས་མནྟ་བི་ཤུདྡྷེ་བྷཻ་ར་བེ་མཱ་ར་ཡ་ཧཱུཾ་ཕཊ། བདེ་བར་གཤེགས་པས་ཙནྡན་གྱི་ཕུར་པ་ཟིལ་གྱིས་གནོན་པའི་མི་བཟད་པའི་བསད་པ་དྲག་པོས་དབང་བསྐུར་བའི་སྔགས་སོ།། ཨཱ+ོཾ་མཱ་མ་པ་ཤཾ་ཀུ་རུ་མ་ཏམ་ཛྙཱ་ཀ་ར་ཨི་དཾ་དྷ་ཏི་མ་མ་ཀ་ར་མ་ཤཱི་གྷྲཾ་ཀཱ་ར་ཡ། ཁྲོ་བོ་མཚོན་ཆའི་སྔགས་སོ།། སརྦ་ཨཱ་ན་ཡ་ཧཱུཾ་ཕཊ། མཐུ་འཕྲོག་པའི་སྔགས་སོ།། ཏ་ཐཱ་ཡ་ཏ་ཐ་ཡ་ཧཱུཾ་ཕཊ། ཟིལ་གྱིས་གནན་ཅིང་ལྡང་མི་ནུས་པར་བྱ་བའི་སྔགས་སོ།། ཨཱ+ོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ། ། བཛྲ་ཀྲོ་ཏ། ཁ་ཐམ་ཁ་ཐམ་ཁ་ཐམ།། ཧཱུཾ་ཧཱུཾ་ཧཱུཾ། ཕཊ་ཕཊ་ཕཊ། བཛྲ་ཀཱི་ལི་ཀཱི་ལ་ཡ་བཛྲ་ཡཀྴ་ཀྲོ་ཏ་ཁཱ་ཧི་ཁཱ་ཧི་བཛྲ་ཀྲོ་ཏ་ཁཱ་ཧི། ཧ་ཧ་ཧ། གཏུན་དུ་བརྡུང་ཞིང་བསྟབ་པའི་སྔགས་སོ།། ཨཱ+ོཾ་ལཾ་ཧཱུཾ་ལཾ་ལ་སོགས་པ་ནི་གནན་པའི་སྔགས་སོ། ། ཨཱ+ོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་བཛྲ་ཀྲོ་ཏ་ཕྱི་ནན། ཧ་ན་ཧ་ན་བཛྲ་ལ་སོགས་མིག་གི་རྣམ་པར་ཤེས་པ་གནན་པའི་སྔགས་སོ།། ཨཱ+ོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་བཛྲ་ཀྲོ་ཏ་སེད་སཱུ་ནན། ག་ཤ་ཏྲག་ནན། ད་ཧ་ད་ཧ་བཛྲ་རྣ་བའི་རྣམ་པར་ཤེས་པ་གནན་སྔགས་སོ། ། ཨོཾ་བཛྲཀཱི་ལི་ཀཱི་ལ་ཡ། བཛྲ་ཀྲོ་ཏ་ཤུ་ལ་ཁ་ས་མེ་ནན།། པ་ཙ་པ་ཙ་བཛྲ། ཨཱ+ོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ། ཨ་ར་ལི་ཚལ་པ་ཁ་ནན། ཛྭ་ལ་ཛྭ་ལ་བཛྲ། ཉོས་ཉོས་འབྱུང་བ་བཞིན་དུ་ཡང་བྱུང། ཉོན་མོངས་པ་འབྱུང་བའི། ཁུབ་ཀུམ་ནན་མ་ཐ་མ་ཐ་བཛྲ། བན་དྷ་བན་དྷ་བཛྲ། གོ་རོ་ཙ་ན་ནན། ཚལ་པ་ནན། ཚལ་པ་ནན། ཙྪིནྡྷ་ཙྪིནྡྷ་བཛྲ། ཙ་ན་ཐིལ་ནན། མུ་རུ་མུ་རུ་བཛྲ། ཁ་ར་ཕྲ་ཐུམ་ཁུམ་ནན། གྲྀ་ཧྞ་གྲྀ་ཧྞ་ཧཱུཾ་ལཾ། ལྷུ་གདུམ་ཤིག་ནན། བིནྡ་བིནྡ་ཧཱུཾ་ལཾ། ས་ཏ་སུ་ཧ་སུ་ཏ་ནན། སུ་རུ་སུ་རུ་ཧཱུཾ་ལཾ། ཀ་ཏང་ཀ་ཡེ་ཛ་ཡེ་བི་ཛ་ཡེ། ཨ་ཛི་ཏེ་ཨ་པ་ར་ཛི་ཏི་མཱ་ར་སཻ་ན་པྲ་མརྡྷ་ནི་ཧཱུཾ་ཕཊ། ཨོཾ་ལཾ་ཧཱུཾ་ལཾ། མནན་ཕུར་བརྒྱ་རྩ་བརྒྱད་ཀྱིས་གནན་པའི་སྔགས་སོ། ། ཨཱ+ོཾ་བཛྲ་སཏྭ་ས་མ་ཡ་ཀཱི་ལི་ཀཱི་ལ་ཡ་ཧཱུཾ་ཕཊ། ས་མ་ཡ་ཧཱུཾ། ཐམས་ཅད་བཀའ་ཉན་པར་བྱེད་པའི་སྔགས་སོ།། དེ་ནས་ཨཱ+ོཾ་ལཾ་ལ་སོགས་པའི་སྔགས་ནི་རི་བོ་ཆེན་པོའི་འོག་རྒྱ་མཚོ་ཆེན་པོའི་གཏིང་དུ་གནན་པའི་སྔགས་སོ། ། ཀརྨ་ས་ཏྭ་སཱུརྻ་ཙནྟྲ་ནན། བཅོམ་ལྡན་འདས་དོན་ཐམས་ཅད་གྲུབ་པར་བྱེད་པའི་སྔགས་སོ།། རཾ་ཛྭ་ལ་རཾ་སྥ་ར་ན་ཕཊ། ཅེས་མེ་བསྐྱེད་པའི་སྔགས་སོ།། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ། བཛྲ་ཀྲོ་ཏ་ཛྙཱ་ན་ཛྭ་ལ་རཾ། ཛཿཧཱུཾ་བཾ་ཧོཿ། ཨེ་ཧྱེ་མ་ཧཱ་ཀ་རུ་ཎི་ཥ་དྲྀ་ཤྱཧོ།། ས་མ་ཡ་ཧོ།། ས་མ་ཡ་སྟྭཾ། ཡེ་ཤེས་ཀྱི་མེ་ལྷ་སྤྱན་དྲང་བའི་སྔགས་སོ།། བཛྲ་ཀཱི་ལི་ཀཱི་ཀ་ཡ་ཛྙཱ་ན་ཨགྣེ་དྷེ་བ་ཛྭ་ལ་རཾ་ཧཱུཾ་ཕཊ། མེ་ལྷ་བསྐྱེད་པའི་སྔགས་སོ། ། སྥ་ར་ན་ཕཊ། སྤྲོ་བའོ།། སཾ་ཧ་ར་ན་ཧཱུཾ། བསྡུ་བའོ།། རཾ་སྐུ་སད་ཕཊ་ཀྱང་བྱ་སད་ཧཱུཾ་ཀུར་ཡེ་མོ་སད་སྐུ། མེ་བསྐྱིལ་བའི་སྔགས་སོ།། མན་མན་མན་ཏི་ཕུས། རྒྱུང་ལེ་ཕུས་སྤྱི་ཏི་ཁ་ལ་ཕུས། སརྦ་ས་ཕུས། མུ་ལེ་ཕུས། མེ་སྦར་བའི་སྔགས་སོ།། ཨོཾ་ཨཱཿཧཱུཾ་ཏྲི་དྷི་དྲིས་ཤི་རཾ། མ་མ་རཾ། ཉེར་ཉེར་རཾ། ཛྭ་ལ་རཾ། ཛྙཱ་ན་རཾ། ཨགྣེ་རཾ། ཨཱ+ོཾ་བ་ཡ་བ་ཡུ། ས་ར་ན་ཡ། སྥ་ར་ན་ཡ། ལམ་ཕུ་ཡེ་སྭཱ་ཧཱ།། མེའི་སྙིང་པོ་དྲང་བའི་སྔགས་སོ།། མེ་གཟི་བྱིན་བསྐྱེད་པའོ། ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་བཛྲ་ཀྲོ་ཏ་ཨགྣེ་ཡེ་ཛྙཱ་ན་ཛྭ་ལ་རཾ། ས་མ་ཡ་སྟྭཾ། བཞུགས་སུ་གསོལ་བའི་སྔགས་སོ།། ཨཱ+ོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ། ཛྙཱ་ན་དེ་ཝ་ཨགྣེ་རཱ་ཙ། མཱ་ར་ཡ་ཛྭ་ལ་རཾ་ཁཱ་ཧི། ཨཱ+ོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་མཱ་ར་ཡ་ཕཊ། ཁ་རཾ་ཌཱ་ཀི་ཛྭ་ལ་རཾ་ཁཱ་ཧི། ཀྲོ་དྷ་རཾ་ཛྭ་ལ་རཾ་ཁཱ་ཧི། ཧ་ལ་རཾ་ཛྭ་ལ་རཾ་ཁཱ་ཧི། ཏོ་ཤ་རཾ་ཛྭ་ལ་རཾ་ཁཱ་ཧི། མ་མ་ཛྭ་ལ་རཾ་ཁཱ་ཧི། སྟམ་ཤམ་ཛྭ་ལ་རཾ་ཁཱ་ཧི། ཀྲོ་ཏཱི་ཁ་རཾ་ཛྭ་ལ་རཾ་ཁཱ་ཧི། ཡོ་གཱི་ཁ་རཾ་ཛྭ་ལ་རཾ་ཁཱ་ཧི། ཉོན་མོངས་པ་བསྒྲལ་བའི་ཕུང་པོ་ནི། དཀྱིལ་འཁོར་ལྷའི་ཞལ་དུ། ཀྲྀ་ཀྲོ་ཏི་ཁ་རཾ་ཛྭ་ལ་རཾ་ཁ་ཧི། མི་བཟད་པའི་རྫས་གདུག་པ་ཅན་དང། རྣམ་རྟོག་གིས་མི་མཐུན་པའི་ཕྱོགས་བསྲེག་པའི་སྔགས་སོ།། བདེ་གཤེགས་སྐུ་གསུང་ཐུགས་ཀྱི་སྔགས། ། བསྐྱེད་དང་རྫོགས་དང་ཡོངས་སུ་རྫོགས་པ་དང།། དགུག་དང་དེ་བཞིན་བསྟིམ་པ་དང།། བཅིང་དང་མཐུ་འཕྲོག་གཟིར་བ་དང།། ཏིང་འཛིན་སྔགས་དང་ཕྲིན་ལས་གསུམ།། གབ་པའི་སྡོམ་པ་མན་ངག་འདིའི། ། རྒྱུད་དཀྲུག་ལུང་གཅུས་བྱེ་བྲག་རྣམས།། བླ་མའི་ཐུགས་ལ་རག་ལུས་པས།། བླ་མ་མཉེས་ན་རིན་ཆེན་རྙེད།། རས་ཆོད་ཅན་ལ་རྒྱུད་ལུང་གཅུས།། རང་ཤེས་རིག་པ་མི་གཞུག་པ།། རྟོག་གེ་བ་ཡིས་ལས་སྐལ་མིན། ། ལྟ་བ་ཟབ་མོ་རྒྱང་དུ་བོར།། སྤྱོད་པ་བརླང་པོ་དང་དུ་བླངས།། གསང་སྔགས་ཟབ་མོ་བོན་དུ་གྱེར།། ང་རྒྱལ་གཏུམ་ཁྲོ་རང་གར་བྱེད།། བྱ་རུ་མི་རུང་སྣ་ཚོགས་བྱེད།། དམ་ཚིག་ཡིད་ལ་མི་དྲན་པས། ། གང་ལ་བསམ་པ་མི་འགྲུབ་ཅིང།། བར་དུ་སྲོག་ལ་བར་ཆད་འབྱུང།། དེ་ནས་རྡོ་རྗེ་དམྱལ་བར་ལྟུང།། དེ་ལྟ་བུ་ནི་མ་ཡིན་ཏེ།། མང་དུ་ཐོས་ལ་ལས་ལ་མཁས།། རྒྱུད་འགྲེལ་བློ་ཞེན་སྒྲུབ་ལ་ཞུགས།། གདེང་ཅན་ལྡོག་མེད་སེམས་དང་ལྡན། ། ཕྲག་དོག་མེད་ཅིང་ཁོང་ཁྲོ་མེད།། གཞན་ལ་རེ་བ་མི་འཇོག་ཅིང།། རྩ་བ་ཡན་ལག་དམ་ཚིག་རྣམས།། མ་ཉམས་ངེས་ཐུབ་གཞུང་བཞིན་བསྲུང།། དེ་ལྟ་བུ་ཡི་རྣལ་འབྱོར་དེས།། ལས་སུ་བྱ་བ་ཐམས་ཅད་འགྲུབ། ། དང་པོར་ཤེས་རབ་རྣམ་གསུམ་གྱིས།། གཏན་ཚིགས་དོན་ལ་ཡིད་ཆེས་ནས།། དེ་ནས་དབང་གསུམ་རྫོགས་པ་དང།། སྙིང་རྗེའི་སེམས་དང་ལྡན་པ་ཡིས།། ཁམས་གསུམ་འཁོར་བ་གཟུང་བར་བྱའོ། ། སྦྱོར་སྒྲོལ་མ་བྱིན་ལེན་པ་དང།། རྫུན་ཚིག་བརླང་པོ་སྤྱད་པར་བྱ།། འདོད་ཆགས་ཞེ་སྡང་གཏི་མུག་དང།། ང་རྒྱལ་ཕྲག་དོག་མི་སྤང་ངོ།། དྲི་ཆེན་དྲི་ཆུ་རཀྟ་དང།། ཟིལ་པ་མཱཾ་ས་དང་དུ་བླང།། ཕུང་པོ་ལྷ་དང་གཉིས་སུ་མེད། ། སེམས་ནི་ཆོས་ཉིད་ངང་དུ་གནས།། ཐེག་པ་བསམ་ཡས་སེམས་ལ་གསལ།། ལྟ་བ་མི་འགྱུར་གདེང་དུ་འཇོག། སྒོམ་པ་མ་ཡེངས་དོན་རབ་གསལ།། དམ་ཚིག་ཉན་ཐོས་ཁྲིམས་བཞིན་བསྲུངས།། རྒྱུད་འགྲེལ་སྒྲུབ་ཐབས་ཀུན་ལ་མཁས། ། རྫས་དང་ལག་ཆ་རྟག་ཏུ་འཆང།། དོན་དང་མན་ངག་གཞུང་དུ་བསྒྲུབ།། ཐ་མ་ཕྱོགས་རབ་འཛིན་ལ་མཁས།། ཚུལ་དང་ངང་ཚུལ་བཟང་ལ་ཤིས།། སྦྱོར་སྒྲོལ་མཆོད་པ་རྒྱུན་མི་གཅོད། རྣལ་འབྱོར་རྟོགས་ལྡན་དམ་པ་དེས།། ལས་སུ་བྱ་བ་ཀུན་རྫོགས་ནས།། འཛབ་ཟློས་གྲངས་མེད་རྒྱུན་འདོན་པས།། སྔགས་དང་ཕྱག་རྒྱ་མཐུ་བྱིན་ཆེ།། ལས་དང་བྱ་བ་གདོན་མི་ཟ།། ངེས་པར་བརྩམས་པས་ཅི་འདོད་འགྲུབ། ། ལས་སུ་གཏོར་མ་གཞུང་སྲོང་ཞིང།། ཅི་བགྱིས་བཀའ་ཉན་འཁོལ་མཁས་པས།། ཅི་བགོལ་ཕྲིན་ལས་སྒྲུབ་པར་བྱེད།། དྲག་ཤུལ་ཐབས་ཀྱི་ཕོ་ཉ་ནི།། རྫུ་འཕྲུལ་ཕྲིན་ལས་ཤུགས་ཀྱིས་འགྱེད། ། རྣམ་རྟོག་མཚན་མ་ཐབས་ཀྱིས་འཇོམས།། དེ་ལྟར་བྱས་ན་འགྲུབ་པར་འགྱུར།། ཤེས་པའི་ནང་ན་དམ་པ་ནི།། རྒྱུད་འགྲེལ་བློ་ཞེན་སྒྲུབ་ལ་ཞུགས།། ཡི་དམ་ལྷ་ལ་རྟག་གནས་པས།། དེ་ལ་རས་ཆོད་འབྱུང་མི་སྲིད། ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་གསང་བ། ཀཱི་ལ་ཡ་གསང་བའི་དགོངས་རྒྱུད་ལས། གསང་བའི་སྔགས་བསྟན་པའི་ལེའུ་སྟེ་བཅུ་གཅིག་པའོ།།།། དེ་ནས་ཀརྨ་ཧེ་རུ་ཀས་བཅོམ་ལྡན་འདས་བཛྲ་ཀཱི་ལ་ཡ་འདི་སྐད་ཅེས་གསོལ་ཏོ། ། ཀྱེ་བཅོམ་ལྡན་ཁྲག་འཐུང་བཛྲ་ཀཱི་ལ་ཡ།། ཕྱག་རྒྱའི་བྱིན་རླབས་ཡོན་ཏན་དང།། སྔགས་ཟློས་ཕྱག་རྒྱ་ཇི་ལྟར་ལགས།། ངེས་པའི་དོན་རྣམས་ཇི་ལྟར་འགྲུབ།། གསང་བའི་བདག་པོས་བསྟན་དུ་གསོལ། ། ཞེས་གསོལ་པ་དང།། བཛྲ་ཀཱི་ལ་ཡས་བཀའ་སྩལ་པ། ཉོན་ཅིག་ཀརྨ་ཧེ་རུ་ཀ། ཁྲོ་བོ་རྣམས་ཀྱི་ཕྱག་རྒྱ་དང།། ཕྱག་རྒྱའི་ཡོན་ཏན་བཤད་པ་ནི།། ལག་གཡས་རྡོ་རྗེའི་ཕྱག་རྒྱར་བཅས། ། གཡོན་པས་ཕུར་པ་བཅངས་ནས་སུ།། བརྐྱང་བསྐུམ་བགྲད་ནས་ཁྲོ་ཚུལ་གནས།། སྤྱན་བཟློག་མཚེ་གཙིགས་ཞལ་ཡང་གཉེར།། ཀུ་མཱ་ར་ཡི་ཕྱག་རྒྱ་ཡིན།། རྩ་བའི་སྔགས་ནི་དྲག་ཏུ་བཟླས།། ལས་སྔགས་ཞབས་ལ་བཏགས་པས་ནི། ། མ་མོ་མཁའ་འགྲོ་དབང་དུ་སྡུད།། ལྷ་སྲིན་སྡེ་བརྒྱད་བྲན་དུ་འཁོལ།། སྲིད་པ་གསུམ་ཡང་ཟིལ་གྱིས་གནོན།། ཕན་གནོན་སྨོན་ལམ་འགྱུར་ཤོག་འགྲུབ།། འཁོར་ལོ་རྒྱས་འདེབས་ཕྱག་རྒྱ་ནི། ། གཡས་པ་ཐབས་ཀྱིས་གཙོ་ལ་འཁྱུད།། གཡོན་པ་དུང་དམར་གཙོ་ལ་སྟོབ།། འཁྲིལ་བའི་ཚུལ་གྱིས་སྟངས་སྟབས་མཛད།། ཡུམ་གྱི་གསང་སྔགས་དྲག་ཏུ་བཟླས།། བདེ་བར་གཤེགས་པ་ཐམས་ཅད་མཉེས།། དངོས་གྲུབ་ཆེན་པོ་ཐོབ་པར་ངེས། ། གཡས་པ་དོར་ཞིང་གཡོན་པ་བགྲད།། ལག་གཡས་སྟྭ་རེ་གྱེན་དུ་ཕྱར།། གཡོན་པ་ཕུར་བུ་འདེབས་པའི་ཚུལ།། གཟུགས་ཕུང་གཅུ་ཞིང་ཟུར་མིག་བལྟ།། སྤྱན་བཟློག་མཆེ་བ་གཙིགས་ནས་ནི། ། གསང་སྔགས་དྲག་པོ་བཟླས་པ་ནི།། སྲས་མཆོག་ཕུར་པའི་ཕྱག་རྒྱ་ཡིན།། སངས་རྒྱས་ཉིད་ཀྱང་བརྒྱལ་བར་འགྱུར།། དགྲ་བགེགས་གཞན་ལྟ་སྨོས་ཅི་དགོས།། གཡོན་པ་མཛུབ་བསྒྲེང་སྙིང་གར་གཏད།། གཡས་པ་ཐལ་མོ་གྱེན་དུ་བསྒྲེང། ། གཟུགས་ཕུང་གཅུ་ཞིང་བརྐྱང་བསྐུམ་བགྲད།། ཧཱུཾ་ཀཱ་ར་ཡི་ཕྱག་རྒྱ་ཡིན།། གསང་སྔགས་དྲག་ཏུ་བཟླས་པས་ནི།། དགྲ་བགེགས་གཞན་ལྟ་སྨོས་ཅི་དགོས།། སྲིད་གསུམ་མ་ལུས་དབང་དུ་སྡུད། ། རྣམ་པར་རྒྱལ་བའི་ཕྱག་རྒྱ་ནི།། གཡོན་པ་མཛུབ་བསྒྲེང་སྙིང་གར་གཏད།། གཡས་པ་མཛུབ་བཀུག་ལྕགས་ཀྱུའི་ཚུལ།། གཟུགས་ཕུང་གཅུ་ཞིང་བརྐྱང་བསྐུམ་བགྲད།། སྤྱན་བཟློག་མཆེ་བ་གཙིགས་ནས་ནི། ། གསང་སྔགས་དྲག་ཏུ་བཟླས་བྱས་ན།། རླུང་དང་ཐོག་སེར་ཆུ་ཆེན་དང།། གང་ལྟར་འདོད་པ་ཟློག་པར་བྱེད།། དབྱུག་པ་སྔོན་པོའི་ཕྱག་རྒྱ་ནི།། གཡོན་པ་མཛུབ་བསྒྲེང་སྙིང་གར་གཏད།། གཡས་པ་རྩེ་གསུམ་གྱེན་དུ་ཕྱར། ། གཟུགས་ཕུང་གཅུ་ཞིང་བརྐྱང་བསྐུམ་བགྲད།། སྤྱན་བཟློག་མཆེ་བ་གཙིགས་ནས་ནི།། གསང་སྔགས་དྲག་ཏུ་བཟླས་བྱས་ན།། རི་རབ་ཡུལ་མཁར་འཇིགས་པ་དང།། གང་ལ་དམིགས་པ་ཆོམ་པར་འགྱུར། ། གཤིན་རྗེ་གཤེད་པོའི་ཕྱག་རྒྱ་ནི།། ལག་གཉིས་ཁུ་ཚུར་བཅངས་ལ་ནི།། གུང་གཉིས་སྤྲད་དེ་བསྒྲེང་བར་བྱ།། རྒྱབ་ཀྱི་ཚིགས་པ་མཛུབ་མོས་དཀྲི།། མཐེབ་གཉིས་གཤིབས་ཏེ་མདུན་བཞག་ལ།། ཁ་ཡི་ཚུལ་དུ་བྱས་ལ་ནི། ། གཟུགས་ཕུང་གཅུ་ཞིང་བརྐྱང་བསྐུམ་བགྲད།། སྤྱན་བཟློག་མཆེ་བ་གཙིགས་ནས་ནི།། གསང་སྔགས་དྲག་ཏུ་བཟླས་བྱས་ན།། གཞན་གྱི་སྨྱོ་འབོག་ཐུལ་བར་འགྱུར།། བསད་བཅད་དགུག་པ་ཐོགས་པ་མེད། ། མི་གཡོ་མགོན་པོའི་ཕྱག་རྒྱ་ནི།། གཡས་པའི་མཐེ་བོང་མཐེ་ཆུང་བཀུག། མཛུབ་མོ་གུང་མོའི་སྲིན་ལག་བསྒྲེང།། གཡོན་པ་ཕུར་པ་འདེབས་པའི་ཚུལ།། གཡས་པ་རལ་གྲི་འདེབས་པའི་ཚུལ།། གཟུགས་ཕུང་གཅུ་ཞིང་བརྐྱང་བསྐུམ་བགྲད། ། སྤྱན་བཟློག་མཆེ་བ་གཙིགས་ནས་ནི།། གསང་སྔགས་དྲག་ཏུ་བཟླས་བྱས་ན།། འཇིག་རྟེན་ལྷ་འདྲེ་འདར་ཞིང་སྔངས།། གང་ལ་མངགས་པའི་ཕྲིན་ལས་བྱེད།། གནོད་པ་བསྐྲད་ན་མྱུར་དུ་ཞི། ། རྟ་མགྲིན་རྒྱལ་པོའི་ཕྱག་རྒྱ་ནི།། མཐེའུ་ཆུང་གཉིས་ནི་ལུ་གུ་རྒྱུད།། མཛུབ་མོ་གཉིས་ནི་གཤིབས་བསྒྲེང་ལ།། གཟུགས་ཕུང་གཅུ་ཞིང་བརྐྱང་བསྐུམ་བགྲད།། སྤྱན་བཟློག་མཆེ་བ་གཙིགས་ནས་ནི།། གསང་སྔགས་དྲག་ཏུ་བཟླས་བྱས་ན། ། གདུག་པ་ཀླུ་ཡི་འཇིགས་ལས་ཐར།། མཛུབ་རིས་བྱས་པས་སེར་བ་བཟློག། བཟློག་པ་གང་ཡང་ཐོགས་ཆགས་མེད།། གཞན་གྱིས་མི་ཐུབ་ཕྱག་རྒྱ་ནི།། ལག་གཉིས་ཁུ་ཚུར་སོ་སོར་བཅངས། ། རྒྱབ་སྤྲད་མཐེའུ་ཆུང་ལུ་གུ་རྒྱུད།། མཛུབ་གཉིས་རྩེ་མོ་སྤྲད་ནས་ནི།། གཟུགས་ཕུང་གཅུ་ཞིང་བརྐྱང་བསྐུམ་བགྲད།། སྤྱན་བཟློག་མཆེ་བ་གཙིགས་ནས་ནི།། གསང་སྔགས་དྲག་ཏུ་བཟླས་བྱས་ན།། དམ་ཅན་གནད་ལ་ཕེབས་པ་དང། ། ལྷ་སྲིན་སྡེ་བརྒྱད་འདར་ཞིང་བྲེད།། མ་བཅོལ་བར་ཡང་ཕྲིན་ལས་མཛད།། བདུད་རྩི་འཁྱིལ་པའི་ཕྱག་རྒྱ་ནི།། ལག་པ་གཉིས་ཀྱི་མཐེ་བོང་གིས།། མཐེའུ་ཆུང་གཉིས་ཀྱི་རྩེ་མོ་མནན།། ལྷག་མ་གསུམ་པོ་དཔུང་མགོར་བསྣོལ། ། གཟུགས་ཕུང་གཅུ་ཞིང་བརྒྱང་བསྐུམ་བགྲད།། སྤྱན་བཟློག་མཆེ་བ་གཙིགས་ནས་ནི།། གསང་སྔགས་དྲག་ཏུ་བཟླས་བྱས་ན།། སངས་རྒྱས་འགྲོ་བའི་དོན་ལ་བསྐྱོད།། ལྷ་སྲིན་རྣམས་ནི་ལས་ལ་བསྐྱོད། ། བགེགས་དང་འབྱུང་པོའི་གནོད་པ་བསྐྱོད་ཀྱང་སྐྱོབ།། ངན་སོང་འཁོར་བ་གནས་ནས་བསྐྱོད་སྐྱོབ།། ལས་དང་བྱ་བ་ཐམས་ཅད་འགྲུབ།། ཁམས་གསུམ་རྣམ་རྒྱལ་ཕྱག་རྒྱ་ནི།། ལག་གཉིས་ཁུ་ཚུར་བཅངས་ལ་ནི། ། མཛུབ་གཉིས་བསྒྲེང་སྟེ་སྡིགས་མཛུབ་འཕྱར།། གཟུགས་ཕུང་གཅུ་ཞིང་བརྐྱང་བསྐུམ་བགྲད།། སྤྱན་བཟློག་མཆེ་བ་གཙིགས་ནས་ནི།། གསང་སྔགས་དྲག་ཏུ་བཟླས་བྱས་ན།། བྲག་ལ་དམིགས་ན་བྲུལ་བར་འགྱུར། ། ཆུ་ལ་དམིགས་ན་སྐམས་པར་འགྱུར།། མེ་ལ་དམིགས་ན་འཆི་བར་འགྱུར།། རླུང་ལ་དམིགས་ན་འཆད་པར་འགྱུར།། ཁམས་གསུམ་འཁོར་བ་ལས་རྒྱལ་འགྱུར།། སྟོབས་པོ་ཆེ་ཡི་ཕྱག་རྒྱ་ནི། ། གཡོན་པ་ཕུར་བུ་འདེབས་པའི་ཚུལ།། གཡས་པ་གཏུན་ཤིང་བརྡེག་པའི་ཚུལ།། གཟུགས་ཕུང་གཅུ་ཞིང་བརྐྱང་བསྐུམ་བགྲད།། སྤྱན་བཟློག་མཆེ་བ་གཙིགས་ནས་ནི།། གསང་སྔགས་དྲག་ཏུ་བཟླས་བྱས་ན།། ཐ་ནང་བྱུང་ན་ཆར་པ་འབེབས། ། ཆར་པ་ཆེས་ན་གཅོད་པར་བྱེད།། ཕན་གནོན་འགྱུར་ཤོག་སྟོབས་དང་ལྡན།། ཁྲོ་མོ་རྣམས་ཀྱི་ཕྱག་རྒྱ་ནི།། གཡས་པ་ཐབས་ཀྱིས་གཙོ་ལ་འཁྱུད།། གཡོན་པ་དུང་དམར་གཙོ་ལ་སྟོབ།། གཙོ་ལ་འཁྲིལ་བའི་ཚུལ་དུ་གནས། ། གསང་སྔགས་དྲག་ཏུ་བཟླས་བྱས་ན།། རྣལ་འབྱོར་རྗེས་འཇུག་དངོས་གྲུབ་ཐོབ།། ཐར་པའི་ལམ་ལས་ལྡོག་མི་སྲིད།། ལག་གཉིས་སོར་མོ་ནང་དུ་བསྣོལ།། ནང་དུ་ཕུར་པ་བཅུག་པ་ནི། ། ཕུར་པ་བསྐྱེད་པའི་ཕྱག་རྒྱ་ཡིན།། མཐེབ་མཛུབ་གཉིས་ཀྱི་བར་དུ་ནི།། ཕུར་པ་བཅུག་ལ་ཡས་མར་མངག། ཕུར་པ་བསྐུལ་བའི་ཕྱག་རྒྱ་ཡིན།། ལག་གཉིས་ཐལ་མོ་སྦྱར་ནས་ནི།། ཕུར་པ་བཅུག་སྟེ་དྲིལ་བྱས་ན། ། ཕུར་པ་འདྲིལ་བའི་ཕྱག་རྒྱ་ཡིན།། གཡོན་པ་ཁུ་ཚུར་བཅངས་ནས་གཏད།། གཡས་པ་ཐོ་བ་བརྡེག་པའི་ཚུལ།། ཕུར་པ་བརྡེག་པའི་ཕྱག་རྒྱ་ཡིན།། ལག་པ་གཉིས་ཀྱི་རྟིང་སྦྱར་ནས།། གུང་མོའི་རྩེ་མོ་སྤྲད་པ་ནི།། ཕུར་པ་དམ་ཚིག་ཕྱག་རྒྱ་ཡིན། ། ལག་གཉིས་ཁུ་ཚུར་བཅངས་ནས་ནི།། མཛུབ་བཀུག་ལྕགས་ཀྱུའི་ཚུལ་དུ་བྱས།། འགུགས་ཤིང་འདྲེན་པའི་ཕྱག་རྒྱ་ཡིན།། གཡས་གཡོན་ལག་པ་སོར་མོ་སྦྲེལ་ཡང་བསྒྲེང།། ཚིགས་ཆེན་བཀུག་ནས་ཟུར་དུ་བྱ། ། མཐེ་བོང་གཤིབས་ནས་མདུན་བཞག་པ།། རི་རབ་ཀྱིས་གཟིར་ཕྱག་རྒྱ་ཡིན།། ལག་གཉིས་ཁུ་ཚུར་བཅངས་ནས་ནི།། མཛུབ་བསྒྲེང་དམིགས་ལ་གཏད་པ་ནི།། གཡས་པ་ཞགས་པ་འཕེན་ཚུལ་བྱ། ། ཡན་ལག་བཅིངས་པའི་ཕྱག་རྒྱ་ཡིན།། གཡས་གཡོན་སོར་མོ་བསྣོལ་ལ་ནི།། བརྐྱང་སྟེ་ཁ་ནི་སྦུབ་པ་ནི།། གཟུགས་ལ་འབེབས་པའི་ཕྱག་རྒྱ་ཡིན།། ལག་གཉིས་ཁུ་ཚུར་བཅངས་ནས་ནི།། གུང་མོ་བསྒྲེང་ནས་རྩེ་སྤྲད་པ། ། བརྡེག་པའི་ཚུལ་དུ་བྱས་པ་ནི།། བཀའ་བསྒོ་བྲན་བཞིན་ཉན་པའི་ཕྱག་རྒྱ་ཡིན།། ལག་གཉིས་མཐེ་བོ་མཐེའུ་ཆུང་མནན།། སོར་མོ་གསུམ་པོ་གཤིབས་བསྒྲེང་ནས།། རལ་གྲི་འདེབས་པའི་ཚུལ་དུ་བྱས། ། དགྲ་བགེགས་རྩད་ནས་གཅོད་པའི་ཕྱག་རྒྱ་ཡིན།། ཕྲ་ཐབས་ཡང་སྤྲུལ་སོ་སོ་རྣམས།། གཙོ་བོའི་ཕྱག་རྒྱ་ཇི་བཞིན་བྱ།། ངེས་པ་མེད་པ་རྒྱལ་བས་གསུངས།། གཞན་ཡང་ཕྱག་རྒྱ་ལ་སོགས་པ། ། ཡང་དག་རྟོགས་ན་ཀུན་ཀྱང་རྒྱ།། མ་རྟོགས་པ་ལ་རྟོག་པ་གཞིལ།། སྔགས་དང་ཏིང་འཛིན་མ་ནོར་ན།། ལས་དང་བྱ་བ་དེ་ཡིས་འགྲུབ།། ཏིང་འཛིན་ཞན་ན་གཞུང་དུ་བྱའོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་གསང་བ། ཀཱི་ལ་ཡ་གསང་བའི་དགོངས་རྒྱུད་ལས། ཕྱག་རྒྱའི་ལེའུ་སྟེ་བཅུ་གཉིས་པའོ།།།། དེ་ནས་ཀརྨ་ཧེ་རུ་ཀས། བཅོམ་ལྡན་འདས་བཛྲ་ཀཱི་ལི་ཡ་ལ་འདི་སྐད་ཅེས་གསོལ་ཏོ།། ཀྱེ་བཅོམ་ལྡན་བཛྲ་ཀཱི་ལ་ཡ། ། བདེ་གཤེགས་ཕྱག་རྒྱ་དེ་ལགས་ན།། རྣལ་འབྱོར་རྗེས་སུ་འཇུག་པ་ལ།། སྐུ་མདོག་ཕྱག་མཚན་ཇི་ལྟར་ལགས།། སོ་སོའི་བྱེ་བྲག་བསྟན་དུ་གསོལ།། བདེ་བར་གཤེགས་པས་ལུང་བསྟན་དུ་གསོལ། ། ཞེས་གསོལ་བ་དང།། བཅོམ་ལྡན་འདས་བཛྲ་ཀཱི་ལ་ཡས།། འདི་སྐད་ཅེས་བཀའ་སྩལ་ཏོ།། ཉོན་ཅིག་ཀརྨ་ཧེ་རུ་ཀ། རྣལ་འབྱོར་ང་ཡི་རྗེས་འཇུག་རྣམས།། བསྐྱེད་རིམ་ཏིང་འཛིན་ཐབས་ནི་འདི་ཡིན་གྱི། ། མཐིང་ནག་གྲུ་གསུམ་འབར་བའི་དཀྱིལ་འཁོར་ནས།། ཀུ་མཱ་ར་ལ་བསྟོད་ཕྱག་འཚལ།། ང་ནི་ཁམས་གསུམ་འཁོར་བའི་ཡབ།། ཁམས་གསུམ་སྙིང་རྗེ་སྒྲོལ་མཆོག་སྟེ།། དབུ་གསུམ་གཡས་དཀར་གཡོན་དམར་དབུས་མཐིང་ནག། སྒེག་པ་དཔའ་བ་འཇིགས་སུ་རུང་བ་དང།། རྒོད་དང་གཤེ་དང་འཇིགས་པར་བྱེད་པ་དང།། སྙིང་རྗེ་རྔམས་དང་ཞི་བ་ལ་སོགས་པ།། སྐུ་ཡི་དངོས་པོ་ཤིན་ཏུ་བསྒྱུར་བ་ཡིས།། བདུད་བཞི་གཏན་ནས་འཇོམས་པས་དཔའ་དཔའ་འདྲ། ། རྒྱན་དང་ཆ་ལུགས་ལྡན་པས་སྒེག་སྒེག་འདྲ།། སྐུ་ཆེ་ཡན་ལག་རགས་པས་འཇིགས་འཇིགས་འདྲ།། ཞལ་གཡས་དཀར་ལ་བཞད་པས་རྒོད་རྒོད་འདྲ།། ཞལ་གཡོན་དམར་ལ་གདངས་པས་གཤེ་གཤེ་འདྲ། ། ཞལ་དབུས་མཐིང་ལ་གནག་པས་ཁྲོ་ཁྲོ་འདྲ།། ཞལ་ནས་གདུག་རྩུབ་འབྱིན་པས་རྔམ་རྔམ་འདྲ།། རྒྱུད་དྲུག་ཐུགས་རྗེས་འཛིན་པས་སྙིང་རྗེ་ཆེ་ཆེ་འདྲ།། ཆོས་སྐུ་མཚན་མ་མེད་པས་ཞི་ཞི་འདྲ།། དེ་འདྲའི་ཁྲོ་བོ་འཇིགས་སྐུ་གཤེགས་སུ་གསོལ། ། དེ་འདྲའི་ཁྲོ་བོ་འཇིགས་སྐུ་གཤེགས་ནས་ཀྱང།། རྟགས་དང་མཚན་མ་བསྟན་པའི་ཕྱིར།། རྡོ་རྗེ་རྩེ་དགུས་ས་དགུའི་རྟོག་པ་འཇོམས།། རྡོ་རྗེ་རྩེ་ལྔས་རྒྱུད་ལྔའི་རྟོག་པ་སྒྲོལ། ། མེ་དཔུང་འབར་བས་ཁམས་གསུམ་ཉོན་མོངས་བསྲེག། ཁ་ཊྭཱཾ་རྩེ་གསུམ་དུག་གསུམ་རྩད་ནས་གཅོད།། རི་རབ་ཕུར་བུས་ཁམས་གསུམ་དབང་དུ་སྡུད།། འཁོར་ལོ་རྒྱས་འདེབས་ཆོས་ཀྱི་དབྱིངས།། གཡས་པ་ཐབས་ཀྱིས་གཙོ་ལ་འཁྱུད། ། གཡོན་པ་དུང་དམར་གཙོ་ལ་སྟོབ།། གཙོ་ལ་འཁྲིལ་བའི་ཚུལ་དུ་གནས།། ཁྲོ་བོ་ཆེན་པོ་ཧཱུཾ་ཀཱ་ར།། དབུ་གསུམ་ཕྱག་ཀྱང་དྲུག་པ་སྟེ།། གཡས་དཀར་གཡོན་དམར་དབུས་སྔོན་ཞལ།། ཕྱག་དྲུག་གཡས་གཡོན་ཕྱག་མཚན་ནི། ། དང་གཉིས་རྡོ་རྗེ་བྷནྡྷ་བསྣམས།། བར་གཉིས་བེ་ཅོན་སོགས་ལེ་བསྣམས།། མཐའ་གཉིས་རི་རབ་ཕུར་བུ་བསྣམས།། ཐོད་པ་སྐམ་རློན་ཕྲེང་བས་བརྒྱན།། རྡོ་རྗེ་སྒྲ་འབྱིན་ཆོས་ཀྱི་དབྱིངས། ། གཡས་པ་ཐབས་ཀྱིས་གཙོ་ལ་འཁྱུད།། གཡོན་པ་དུང་དམར་གཙོ་ལ་སྟོབ།། གཙོ་ལ་འཁྲིལ་བའི་ཚུལ་དུ་གནས།། ཁྲོ་བོ་ཆེན་པོ་རྣམ་པར་རྒྱལ།། དབུ་གསུམ་ཕྱག་དྲུག་ཞབས་བཞི་བགྲད། ། གཡས་སྔོ་གཡོན་ལྗང་དབུས་དཀར་ཞལ།། ཕྱག་དྲུག་གཡས་གཡོན་ཕྱག་མཚན་ནི།། དང་གཉིས་རྡོ་རྗེ་བྷནྡྷ་བསྣམས།། བར་གཉིས་རྡོ་རྗེ་ལྕགས་ཀྱུ་བསྣམས།། མཐའ་གཉིས་རི་རབ་ཕུར་བུ་འདྲིལ།། རྡོ་རྗེ་མདའ་སྙེམས་ཆོས་ཀྱི་དབྱིངས། ། གཡས་པ་ཐབས་ཀྱིས་གཙོ་ལ་འཁྱུད།། གཡོན་པ་དུང་དམར་གཙོ་ལ་སྟོབ།། གཙོ་ལ་འཁྲིལ་བའི་ཚུལ་དུ་བཞུགས།། ཁྲོ་བོ་ཆེན་པོ་དབྱུག་པ་སྔོ།། གཡས་དཀར་གཡོན་དམར་དབུས་སྔོ་ཞལ། ། ཕྱག་དྲུག་གཡས་གཡོན་ཕྱག་མཚན་ནི།། དང་གཉིས་རྡོ་རྗེ་བྷནྡྷ་བསྣམས།། བར་གཉིས་མེ་དབལ་དབྱུག་ཏོ་བསྣམས།། མཐའ་གཉིས་རི་རབ་ཕུར་པ་འདྲིལ།། རྡོ་རྗེ་སྡེར་མོ་ཆོས་ཀྱི་དབྱིངས།། གཡས་པ་ཐབས་ཀྱིས་གཙོ་ལ་འཁྱུད། ། གཡོན་པ་དུང་དམར་གཙོ་ལ་སྟོབ།། གཙོ་ལ་འཁྲིལ་བའི་ཚུལ་དུ་གནས།། ཁྲོ་བོ་ཆེན་པོ་གཤིན་རྗེ་གཤེད།། གཡས་སྔོ་གཡོན་ལྔང་དབུས་སྔོ་ཞལ།། ཕྱག་དྲུག་གཡས་གཡོན་ཕྱག་མཚན་ནི།། དང་གཉིས་རྡོ་རྗེ་བྷནྡྷ་བསྣམས། ། བར་གཉིས་དགྲ་སྟྭ་བེ་ཅོན་བསྣམས།། མཐའ་གཉིས་རི་རབ་ཕུར་པ་འདྲིལ།། རྡོ་རྗེ་དུར་ཁྲོད་ཆོས་ཀྱི་དབྱིངས།། གཡས་པ་ཐབས་ཀྱིས་གཙོ་ལ་འཁྱུད།། གཡོན་པ་དུར་དམར་ཡབ་ལ་སྟོབ། ། གཙོ་ལ་འཁྲིལ་བའི་ཚུལ་དུ་གནས།། ཁྲོ་བོ་ཆེན་པོ་མི་གཡོ་མགོན།། གཡས་སྔོ་གཡོན་སྨུག་དབུས་ལྗང་ཞལ།། ཕྱག་དྲུག་གཡས་གཡོན་ཕྱག་མཚན་ནི།། དང་གཉིས་རྡོ་རྗེ་བྷནྡྷ་བསྣམས།། བར་མ་གཤོལ་དང་རལ་གྲི་བསྣམས། ། མཐའ་གཉིས་རི་རབ་ཕུར་བུ་འདྲིལ།། རྡོ་རྗེ་གཏུན་ཁུང་ཆོས་ཀྱི་དབྱིངས།། གཡས་པ་ཐབས་ཀྱིས་གཙོ་ལ་འཁྱུད།། གཡོན་པ་དུང་དམར་གཙོ་ལ་སྟོབ།། གཙོ་ལ་འཁྲིལ་བའི་ཚུལ་དུ་གནས།། ཁྲོ་བོ་ཆེན་པོ་རྟ་མགྲིན་ནི། ། གཡས་དཀར་གཡོན་སྔོ་དབུས་དམར་ཞལ།། ཕྱག་དྲུག་གཡས་གཡོན་ཕྱག་མཚན་ནི།། དང་གཉིས་རྡོ་རྗེ་བྷནྡྷ་བསྣམས།། བར་གཉིས་སྦྲུལ་ཞགས་ཁྲ་ཡང་བསྣམས།། མཐའ་གཉིས་རི་རབ་ཕུར་པ་འདྲིལ། ། རྡོ་རྗེ་གཏུམ་མོ་ཆོས་ཀྱི་དབྱིངས།། གཡས་པ་ཐབས་ཀྱིས་གཙོ་ལ་འཁྱུད།། གཡོན་པ་དུང་དམར་གཙོ་ལ་སྟོབ།། གཙོ་ལ་འཁྲིལ་བའི་ཚུལ་དུ་བཞུགས།། ཁྲོ་བོ་གཞན་གྱིས་མི་ཐུབ་པ།། གཡས་སེར་གཡོན་དམར་དབུས་དམར་སྐྱ། ། ཕྱག་དྲུག་གཡས་གཡོན་ཕྱག་མཚན་ནི།། དང་གཉིས་རྡོ་རྗེ་བྷནྡྷ་བསྣམས།། བར་གཉིས་བ་དན་རྔ་ཡབ་བསྣམས།། མཐའ་གཉིས་རི་རབ་ཕུར་པ་འདྲིལ།། རྡོ་རྗེ་མདའ་སྙེམས་ཆོས་ཀྱི་དབྱིངས། ། གཡས་པ་ཐབས་ཀྱིས་གཙོ་ལ་འཁྱུད།། གཡོན་པ་དུང་དམར་གཙོ་ལ་སྟོབ།། གཙོ་ལ་འཁྲིལ་བའི་ཚུལ་དུ་བཞུགས།། ཁྲོ་བོ་ཆེན་པོ་བདུད་རྩི་འཁྱིལ་བ་ནི།། གཡས་སེར་གཡོན་དུད་དབུས་ལྗང་ཞལ། ། ཕྱག་དྲུག་གཡས་གཡོན་ཕྱག་མཚན་ནི།། དང་གཉིས་རྡོ་རྗེ་བྷནྡྷ་བསྣམས།། བར་མ་རྒྱ་གྲམ་དབྱུག་ཏོ་བསྣམས།། མཐའ་གཉིས་རི་རབ་ཕུར་པ་འདྲིལ།། རྡོ་རྗེ་རླུང་འབྱིན་ཆོས་ཀྱི་དབྱིངས།། གཡས་པ་ཐབས་ཀྱིས་གཙོ་ལ་འཁྱུད། ། གཡོན་པ་དུང་དམར་གཙོ་ལ་སྟོབ།། གཙོ་ལ་འཁྲིལ་བའི་ཚུལ་དུ་བཞུགས།། ཁྲོ་བོ་ཁམས་གསུམ་རྣམ་པར་རྒྱལ།། གཡས་དཀར་གཡོན་དམར་དབུས་ལྗང་སེར།། ཕྱག་དྲུག་གཡས་གཡོན་ཕྱག་མཚན་ནི། ། དང་གཉིས་རྡོ་རྗེ་བྷནྡྷ་བསྣམས།། བར་མ་ཏྲི་ཤཱུལ་མདའ་གཞུ་བསྣམས།། མཐའ་གཉིས་རི་རབ་ཕུར་པ་འདྲིལ།། རྡོ་རྗེ་གསོད་མ་ཆོས་ཀྱི་དབྱིངས།། གཡས་པ་ཐབས་ཀྱིས་གཙོ་ལ་འཁྱུད།། གཡོན་པ་དུང་དམར་གཙོ་ལ་སྟོབ། ། གཙོ་ལ་འཁྲིལ་བའི་ཚུལ་དུ་བཞུགས།། ཁྲོ་བོ་ཆེན་པོ་སྟོབས་པོ་ཆེ།། གཡས་ནག་གཡོན་དམར་དབུས་དུད་ཀ། ཕྱག་དྲུག་གཡས་གཡོན་ཕྱག་མཚན་ནི།། དང་གཉིས་རྡོ་རྡོ་བྷནྡྷ་བསྣམས།། བར་གཉིས་གཏུན་ཤིང་མདུང་ཐུང་བསྣམས། ། མཐའ་གཉིས་རི་རབ་ཕུར་པ་འདྲིལ།། རྡོ་རྗེ་བསྐྱོད་མ་ཆོས་ཀྱི་དབྱིངས།། གཡས་པ་ཐབས་ཀྱིས་གཙོ་ལ་འཁྱུད།། གཡོན་པ་དུང་དམར་གཙོ་ལ་སྟོབ།། གཙོ་ལ་འཁྲིལ་བའི་ཚུལ་དུ་བཞུགས། ། ཕྲ་ཐབས་ཉི་ཤུའི་སྐུ་མདོག་ནི།། གཡས་གཡོན་རིགས་དང་སྦྱར་བར་བྱ།། ཕྲ་ཐབས་ཉི་ཤུའི་ཕྱག་རྒྱ་ནི།། གཙོ་བོ་རྣམས་ཀྱི་བར་མ་བྱིན།། ཤར་གྱི་སྒོ་མ་ལྕགས་སྐུ་མདོག་དཀར།། ལྷོ་ཡི་སྒོ་མ་ཞགས་པ་སྐུ་མདོག་སྔོ། ། ནུབ་ཀྱི་སྒོ་མ་ལྕགས་སྒྲོག་སྐུ་མདོག་དམར།། བྱང་གི་སྒོ་མ་དྲིལ་བུ་སྐུ་མདོག་ལྗང།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་གསང་བ་ཀཱི་ལ་ཡ་གསང་བའི་དགོངས་རྒྱུད་ལས། སྐུ་མདོག་དང་ཕྱག་མཚན་བསྟན་པའི་ལེའུ་སྟེ་བཅུ་གསུམ་པའོ། །།། དེ་ནས་ཡང་ཀརྨ་ཧེ་རུ་ཀས། བཅོམ་ལྡན་འདས་བཛྲ་ཀཱི་ལ་ཡ་ལ།། འདི་སྐད་ཅེས་གསོལ་ཏོ།། ཀྱེ་བཅོམ་ལྡན་འདས་བཛྲ་ཀཱི་ལ་ཡ།། ལུས་འདི་དངོས་པོར་བལྟ་བ་ལ། ། དངོས་པོ་གཞིལ་ན་ཇི་ལྟར་ལགས།། ཐུགས་ཉིད་ཡེ་ནས་མ་བཅོས་ཉིད།། གདུག་པ་འདུལ་བའི་སྐུར་བསྟན་པ།། བསྐྱེད་པའི་རིམ་པ་ཇི་ལྟར་ལགས།། ཞེས་གསོལ་པ་དང།། བཅོམ་ལྡན་འདས་བཛྲ་ཀཱི་ལ་ཡས་འདི་སྐད་ཅེས་གསུངས་སོ། ། ཉོན་ཅིག་ཀརྨ་ཧེ་རུ་ཀ། ལུས་འདི་དངོས་པོར་འཛིན་པ་ལ།། བདེ་གཤེགས་དཀྱིལ་འཁོར་བསྐྱེད་པར་བྱ།། གཡེང་བའི་སེམས་ཅན་དོན་དུ་བསྡུ།། བདེ་གཤེགས་དཀྱིལ་འཁོར་ལུས་ལ་བསྐྱེད། ། ཕུང་པོ་ལྔ་ནི་གནས་སུ་དག། གཟུགས་ཀྱི་ཕུང་པོ་གནས་སུ་དག་པའི་ཕྱིར།། ནམ་མཁའི་རྩ་ལ་བུདྡྷ་ཧེ་རུ་བསྐྱེད།། རྣམ་ཤེས་ཕུང་པོ་གནས་སུ་དག་པའི་ཕྱིར།། ས་ཡི་རྩ་ལ་བཛྲ་ཧེ་རུ་བསྐྱེད།། ཚོར་བའི་ཕུང་པོ་གནས་སུ་དག་པའི་ཕྱིར། ། ཆུ་ཡི་རྩ་ལ་རཏྣ་ཧེ་རུ་བསྐྱེད།། འདུ་ཤེས་ཕུང་པོ་གནས་སུ་དག་པའི་ཕྱིར།། མེ་ཡི་རྩ་ལ་པདྨ་ཧེ་རུ་བསྐྱེད།། འདུ་བྱེད་ཕུང་པོ་གནས་སུ་དག་པའི་ཕྱིར།། རླུང་གི་རྩ་ལ་ཀརྨ་ཧེ་རུ་བསྐྱེད། ། འབྱུང་བ་ལྔ་ནི་རྒྱལ་བའི་ཡུམ་ལྔའི་མཁའ།། དངོས་པོར་འཛིན་པ་གནས་སུ་དག་པའི་ཕྱིར།། བཅོམ་ལྡན་རྡོ་རྗེ་གཞོན་ནུའི་སྐུ་རུ་བསྐྱེད།། ཞེ་སྡང་གནས་སུ་དག་པའི་ཕྱིར།། རྣ་བའི་གནད་ཀྱི་རྩ་ལ་ནི།། ཁྲོ་བོ་ཆེན་པོ་རྣམ་པར་རྒྱལ་བ་བསྐྱེད། ། ང་རྒྱལ་གནས་སུ་དག་པའི་ཕྱིར།། དཔུང་པའི་གནད་ཀྱི་རྩ་ལ་ནི།། ཁྲོ་བོ་གཤིན་རྗེའི་གཤེད་པོ་བསྐྱེད།། འདོད་ཆགས་གནས་སུ་དག་པའི་ཕྱིར།། ཕོ་མཚན་གནད་ཀྱི་རྩ་ལ་ནི།། ཁྲོ་བོ་རྟ་མགྲིན་བསྐྱེད་པར་བྱ། ། ཕྲ་དོག་གནས་སུ་དག་པའི་ཕྱིར།། མིག་འབྲས་གནད་ཀྱི་རྩ་ལ་ནི།། ཁྲོ་བོ་བདུད་རྩི་འཁྱིལ་པ་བསྐྱེད།། རྫུན་དུ་སྨྲ་བ་གནས་སུ་དག་པའི་ཕྱིར།། ལྕེ་ཡི་གནད་ཀྱི་རྩ་ལ་ནི།། ཁྲོ་བོ་དབྱུག་པ་སྔོན་པོ་བསྐྱེད། ། སྲོག་གཅོད་གནས་སུ་དག་པའི་ཕྱིར།། དཔུང་གཡོན་གནད་ཀྱི་རྩ་ལ་ནི།། ཁྲོ་བོ་མི་གཡོ་མགོན་པོ་བསྐྱེད།། མ་བྱིན་ལེན་པ་གནས་སུ་དག་པའི་ཕྱིར།། རྐང་མཐིལ་གནད་ཀྱི་རྩ་ལ་ནི།། ཁྲོ་བོ་གཞན་གྱིས་མི་ཐུབ་བསྐྱེད། ། གནོད་སེམས་གནས་སུ་དག་པའི་ཕྱིར།། རྐང་གཡོན་གནད་ཀྱི་རྩ་ལ་ནི།། ཁྲོ་བོ་ཁམས་གསུམ་རྣམ་རྒྱལ་བསྐྱེད།། ལོག་ལྟ་གནས་སུ་དག་པའི་ཕྱིར།། མིག་གཡོན་གནད་ཀྱི་རྩ་ལ་ནི།། ཁྲོ་བོ་ཧཱུཾ་ཀཱ་ལ་ཡ་བསྐྱེད། ། གཏི་མུག་གནས་སུ་དག་པའི་ཕྱིར།། ལྟེ་བ་གནད་ཀྱི་རྩ་ལ་ནི།། ཁྲོ་བོ་ཆེན་པོ་སྟོབས་ཆེན་བསྐྱེད།། བཏང་སྙོམས་བྱང་ཆུབ་སེམས་དང་ལྡན།། ཕྲ་མེན་ཕག་གི་མགོ་ཅན་བསྐྱེད།། གཡོ་སྒྱུ་བྱང་ཆུབ་སེམས་དང་ལྡན། ། ཕྲ་མེན་སྨིག་བུའི་མགོ་ཅན་བསྐྱེད།། དཔའ་རྩལ་བྱང་ཆུབ་སེམས་དང་ལྡན།། ཕྲ་མེན་སྟག་གི་མགོ་ཅན་བསྐྱེད།། ཐོགས་མེད་བྱང་ཆུབ་སེམས་དང་ལྡན།། ཕྲ་མེན་བྱ་རྒོད་མགོ་ཅན་བསྐྱེད།། གཟི་བརྗིད་བྱང་ཆུབ་སེམས་དང་ལྡན། ། ཕྲ་མེན་གཡག་གི་མགོ་ཅན་བསྐྱེད།། རང་རིག་བྱང་ཆུབ་སེམས་དང་ལྡན།། ཕྲ་མེན་བྱ་རོག་མགོ་ཅན་བསྐྱེད།། གཙང་མ་སྲོང་བྱེད་བྱང་ཆུབ་སེམས་དང་ལྡན།། ཕྲ་མེན་ཤ་བའི་མགོ་ཅན་བསྐྱེད། ། ཕྲ་ལ་གཏིང་ཟབ་དོན་རྟོགས་བྱང་ཆུབ་སེམས་དང་ལྡན།། ཕྲ་མེན་འུག་པའི་མགོ་ཅན་བསྐྱེད།། འཁོར་བ་རྔམ་འཇོམས་བྱང་ཆུབ་སེམས་དང་ལྡན།། ཕྲ་མེན་གཟིག་གི་མགོ་ཅན་བསྐྱེད།། མི་ཚོར་འཇོམས་བྱེད་བྱང་ཆུབ་སེམས་དང་ལྡན། ། ཕྲ་མེན་ཁཱ་ཡི་མགོ་ཅན་བསྐྱེད།། གཟི་མྱུར་འཇོམས་བྱེད་བྱང་ཆུབ་སེམས་དང་ལྡན།། ཕྲ་མེན་བྱི་ལའི་མགོ་ཅན་བསྐྱེད།། ཐབས་མཁས་རྫུ་འཕྲུལ་བྱང་ཆུབ་སེམས་དང་ལྡན།། ཕྲ་མེན་པུ་ཤུད་མགོ་ཅན་བསྐྱེད། ། རྔམ་མགྱོགས་གསོད་བྱེད་བྱང་ཆུབ་སེམས་དང་ལྡན།། ཕྲ་མེན་སྤྱང་མོའི་མགོ་ཅན་བསྐྱེད།། འཛིན་ཅིང་མགྱོགས་བྱེད་བྱང་ཆུབ་སེམས་དང་ལྡན།། ཕྲ་མེན་ཁྲ་ཡི་མགོ་ཅན་བསྐྱེད།། གཉེན་པོ་གཞལ་[(1[)]་མེད་བྱང་ཆུབ་སེམས་དང་ལྡན། ། ཕྲ་མེན་སེང་གེའི་མགོ་ཅན་བསྐྱེད།། ཤེས་རབ་ཐབས་མཁས་བྱང་ཆུབ་སེམས་དང་ལྡན།། ཕྲ་མེན་ཕ་ཝང་མགོ་ཅན་བསྐྱེད།། གཏུམ་ཤིང་གདུག་པ་བྱང་ཆུབ་སེམས་དང་ལྡན། ། ཕྲ་མེན་དྲོད་ཀྱི་མགོ་ཅན་བསྐྱེད།། མགྱོགས་ཤིང་གཟེ་བ་བྱང་ཆུབ་སེམས་དང་ལྡན།། ཕྲ་མེན་ཟེར་མོའི་མགོ་ཅན་བསྐྱེད།། རྩལ་ཆེན་ཐོགས་མེད་བྱང་ཆུབ་སེམས་དང་ལྡན།། ཕྲ་མེན་དོམ་གྱི་མགོ་ཅན་བསྐྱེད།། རྐུ་མཁས་སྒྲོལ་བྱེད་བྱང་ཆུབ་སེམས་དང་ལྡན། ། ཕྲ་མེན་བྱི་བའི་མགོ་ཅན་བསྐྱེད།། ཡང་སྤྲུལ་སུམ་སྤྲུལ་རང་རང་གིས།། སྲིད་པ་རླུང་ཡང་མི་ཐར་གཏམས།། སྙིང་རྗེ་བྱང་ཆུབ་སེམས་དང་ལྡན།། རྐང་མཐིལ་གཡས་པ་ལྕགས་ཀྱུ་མ། ། བྱམས་པ་བྱང་ཆུབ་སེམས་དང་ལྡན།། ལག་མཐིལ་གཡས་ལ་ཞགས་པ་མ།། དགའ་བ་བྱང་ཆུབ་སེམས་དང་ལྡན།། ལག་མཐིལ་གཡོན་པ་ལྕགས་སྒྲོག་མ།། བཏང་སྙོམས་བྱང་ཆུབ་སེམས་དང་ལྡན། ། རྐང་མཐིལ་གཡོན་པ་དྲིལ་བུ་མ།། ལུས་འདི་དངོས་པོར་འཛིན་པ་རྣམས།། རྟོག་པའི་དབང་གིས་འཛིན་པ་ལས།། ལུས་འདི་ཡེ་ནས་མངོན་སངས་རྒྱས།། ཡེ་ནས་རྒྱལ་བའི་དཀྱིལ་འཁོར་ཡིན།། བསྐྱེད་ཀྱང་མི་དགོས་རང་བཞིན་གནས། ། སྔགས་དྲན་སྙིང་པོ་བརྗོད་པ་ཙམ།། བདེ་གཤེགས་སྐུ་གསུང་ཐུགས་སུ་རྟོགས།། རྒྱ་མཚོར་ཉི་ཟླ་གཟའ་སྐར་ལྟར།། སྣང་ལ་རང་བཞིན་མེད་པར་སྟོགས།། ཐུགས་ནི་ཡེ་ནས་སྟོང་པ་ཉིད། ། སྟོང་པ་ཉིད་ཀྱི་ཆོ་འཕྲུལ་ནི།། འགྲོ་བའི་དོན་ལ་དེ་བཞིན་གནས།། སྤྱན་དྲང་མཆོད་བསྟོད་བྱ་རུ་མེད།། ལྷངས་ཀྱིས་རྟོགས་ན་སྤྱན་དྲང་ཡིན།། གཉིས་སུ་མེད་ན་མཆོད་པ་ཡིན།། དེ་ཉིད་གུས་བརྩོན་བསྟོད་པ་ཡིན། ། ཏིང་འཛིན་མི་གཏོང་སངས་རྒྱས་ཡིན།། སངས་རྒྱས་གཞན་ནས་བཙལ་དུ་མེད།། ཅེས་གསུངས་སོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་གསང་བ། ཀཱི་ལ་ཡ་གསང་བའི་དགོངས་རྒྱུད་ལས། ། ལུས་དངོས་པོར་བལྟ་བ་གནས་སུ་དག་པར་བྱ་བ་དང།། གདུག་པ་ཅན་བཏུལ་བའི་ལེའུ་སྟེ་བཅུ་བཞི་པའོ།།།། དེ་ནས་ཡང་ཀརྨ་ཧེ་རུ་ཀས།། བཅོམ་ལྡན་འདས་བཛྲ་ཀཱི་ལ་ཡ་ལ་འདི་སྐད་ཅེས་གསོལ་ཏོ། ། ཀྱེ་བཅོམ་ལྡན་བཛྲ་ཀཱི་ལ་ཡ།། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ལ།། མཆོད་བྱིན་མཆོད་པ་མི་འཚལ་ལམ།། ཕྱི་མཆོད་ནང་མཆོད་གསང་མཆོད་གསུམ།། འདི་ཡི་དོན་རྣམས་ཇི་ལྟར་ལགས།། ཞེས་གསོལ་པ་དང། ། བཅོམ་ལྡན་བཛྲ་ཀཱི་ལ་ཡས་འདི་སྐད་ཅེས་གསུངས་སོ།། ཉོན་ཅིག་ཀརྨ་ཧེ་རུ་ཀ། ཕྱི་མཆོད་ནང་མཆོད་གསང་མཆོད་གསུམ།། རྨད་དུ་བྱུང་བའི་མཆོད་སྦྱིན་ཞེས།། ཐོག་མར་བདག་ཉིད་རྟོགས་གོམས་བསྒྲལ། ། ཏིང་འཛིན་བརྟན་པ་ཐོབ་ནས་ནི།། དེ་ནས་གཉིས་མེད་བློ་ཡིས་ནི།། བློ་ངན་སེམས་ཅན་སྙིང་རེ་རྗེ།། ཞིང་བཅུ་རྒྱུ་འབྲས་མི་ཤེས་པ།། བློ་ངན་འཇིག་རྟེན་ཡུན་དུ་འཁོར།། སྙིང་རྗེས་བཟུང་ཞིང་བསྒྲལ་བའི་ཐབས། ། གཉིས་སུ་མེད་པར་བསྒྲལ་བར་བྱ།། གནས་ནི་ཡབ་ཡུམ་མཁའ་ལ་འཕང།། གཉིས་མེད་བྱང་ཆུབ་སེམས་ཀྱི་དབང་བསྐུར་ཕྱིར།། འཁྲིལ་བའི་མཆོད་ཆེན་མཉམ་སྦྱོར་བས།། བསྒྲལ་བའི་རྣམ་ཤེས་ཧཱུཾ་གསལ་བསྒོམ། ། ཡཾ་ལས་རླུང་གི་དཀྱིལ་འཁོར་བཏེག། ཛ་ཡི་ལྕགས་ཀྱུས་དགུག་བསྟིམ་བྱ། བདག་གི་ཐུགས་ནས་ཁར་བཏོན་ལ།། ཤངས་ཀྱི་རླུང་སྒྲོམ་དུང་ཁང་ནང།། སྐུ་གསུང་ཐུགས་ཀྱི་དབང་བསྐུར་བྱ། ། སྒལ་ཚིགས་རྟ་བརྒྱུད་རྡོ་རྗེའི་ལམ།། ཡུམ་གྱི་གསང་བའི་མཁའ་ལ་སྤྲོས།། བདེ་གཤེགས་དཀྱིལ་འཁོར་བསྐྱེད་པར་བྱའོ།། ཡུམ་གྱི་མཁའ་གསང་དཀྱིལ་འཁོར་ལས།། སྤྲོས་པས་ཕྱོགས་བཅུའི་རྒྱལ་བ་མཆོད། ། བསྡུས་པས་བདག་གི་ཐུགས་ཀར་ཐིམ།། སྐུ་དང་གསུང་དང་ཐུགས་གསུམ་དུ།། གནས་ནས་ཐིམ་ནས་རྡོ་རྗེའི་ལམ།། ཡུམ་གྱི་མཁའ་ལ་གང་བར་སྤྲོས།། ཡུམ་གྱི་མཁའ་གསང་དཀྱིལ་འཁོར་ལས།། རྒྱལ་བ་མཆོད་ཅིང་བདག་མཆོད་ལ། ། དེ་ནས་མགལ་མེ་བསྐོར་བ་བཞིན།། ཡང་ནས་ཡང་དུ་སྤྲོ་བསྡུས་མཆོད།། བདག་ཉིད་མཉེས་པས་ཐམས་ཅད་མཉེས།། གསང་མཆོད་རྨད་དུ་བྱུང་ཞེས་པའོ།། ནང་མཆོད་རྨད་དུ་བྱུང་བ་ནི། ། མཚན་དང་ལྡན་པའི་བྷནྡྷ་ལྔར།། དྲི་ཆེན་དྲི་ཆུ་རཀྟ་དང།། མཱཾ་ས་བྱང་ཆུབ་སེམས་བཀོད་ལ།། དཔའ་བོ་འབྲུ་ལྔའི་འཕྲོ་འདུ་ཡིས།། སོ་སོའི་བཅུད་བསྡུས་ཕྱོགས་ཕྱོགས་བསྟིམ།། ཐིམ་པས་འོད་དུ་ཞུ་བ་ལས།། ཨཱ+ོཾ་ཨ་མྲྀ་ཏ་ཧྲཱི་ཧཱུཾ་ཐ་ཞེས་བརྗོད་པས། ། དཀར་འཚེར་བྱང་ཆུབ་སེམས་སུ་གྱུར།། ཡེ་ཤེས་ལྔ་རྫོགས་གྲུབ་པའི་རྫས།། བདེན་པའི་སྔགས་དང་བྱིན་བརླབས་རྫས།། ནུས་མཐུ་ངེས་པར་འབྱུང་བར་འགྱུར།། མཉམ་པའི་གྲུབ་རྫས་ཆེན་པོ་དག། འཁོར་གསུམ་ཡོངས་སུ་དག་པར་བསྔོ།། བདག་དང་མཉམ་པའི་ཚོགས་ལ་འབུལ།། གང་དང་གང་གིས་ཕུལ་མཆོད་ན།། རིགས་ལྔའི་དངོས་གྲུབ་ཐོབ་པར་ངེས།། རྡོ་རྗེའི་རིགས་ལ་སོགས་པ་ཡི།། རིགས་ལྔའི་དངོས་གྲུབ་ཐོབ་པར་འགྱུར། ། ནང་མཆོད་རྨད་དུ་བྱུང་བའོ།། ཕྱི་མ་མཆོད་རྨད་དུ་བྱུང་བ་ནི།། བདག་ཉིད་ལྷ་ཡི་སྐུར་བསྒོམས་ལ།། རིན་པོ་ཆེ་ཡི་སྣོད་དག་ཏུ།། འཚོ་བའི་ཟས་རིགས་ཅི་ཡང་རུང།། འོག་ཏུ་ཡི་གེ་ཡཾ་བསམས་ལ། ། རླུང་གི་དཀྱིལ་འཁོར་གཞུ་ལྟ་བུས།། རྒྱ་གྲམ་བ་དན་ཕྱར་པའོ།། རླུང་གི་ས་བོན་འཁྲིགས་པར་བསམ།། དེ་སྟེང་རཾ་ལས་མེའི་དཀྱིལ་འཁོར།། ཁ་དོག་དམར་པོ་འབར་བ་ལ།། མེ་ཡིས་ས་བོན་འཁྲིགས་པར་བསམ། ། དེ་སྟེང་ཨོཾ་ཨཱཿཧཱུཾ་སྭཱ་ཧཱ་ལྔ།། སྥ་ར་ཎ་ཕཊ་ཀྱིས་རླུང་གཡོས་པས།། མེ་སྤར་ཐམས་ཅད་དངོས་པོ་བསྲེགས།། ཧཱུཾ་ཉིད་དཀར་པོར་ཡོངས་སུ་གྱུར།། རྡོ་རྗེ་དཀར་པོ་གཅིག་གྱུར་ཏེ།། རྫས་ཀྱི་སྐྱོན་རྣམས་དག་པར་གྱུར། ། དེ་ནས་ཨ་དཀར་གཅིག་ཏུ་གྱུར།། ཨ་ལས་འོད་ཟེར་སྤྲོས་པས་ནི།། སོ་སོའི་གནས་རྣམས་རིན་ཆེན་ཁང།། དེ་དག་བྱིན་གྱིས་བརླབ་པར་བྱ།། རི་བོ་ཕང་ཕུང་རིན་ཆེན་ཕུང་པོར་བརླབ།། ཆུ་རྣམས་བདུད་རྩི་ཆེན་པོར་བརླབ། ། རྩི་ཤིང་དཔག་བསམ་འདོད་དགུར་བརླབ།། སྒྲ་སྐད་མཆོད་མཆོད་བསྟོད་བྱེད་པར་བརླབ།། གོས་རྣམས་ལྷབ་ལྷུབ་བྱིན་གྱིས་བརླབ།། འགྲོ་བ་མཆོད་པའི་ལྷ་མོ་རྣམས།། རྒྱན་གྱིས་མཛེས་ཤིང་མཆོད་རྫས་ཐོགས། ། བདེར་གཤེགས་རྣམས་ལ་མཆོད་བྱེད་བསམ།། སྔོན་དུ་ཅི་འཕྲད་ལ་སོགས་པ།། མེ་ཏོག་ཕུང་པོར་བྱིན་གྱིས་བརླབ།། མེ་ཏོག་ཕྲེང་བ་རབ་མཆོག་སྟེ།། བདེ་གཤེགས་རྣམས་ལ་མཆོད་པར་བསྔོ། ། རྨད་དུ་བྱུང་བའི་གཏོར་མ་ཡང།། མཆོད་པའི་ལྷ་མོ་བཞི་རྣམས་སུ།། ཐམས་ཅད་བྱིན་གྱིས་བརླབ་པར་བྱ།། བྱིན་གྱིས་བརླབ་པའི་སྔགས་འདི་བརྗོད།། པཱུ་ཛ་སྥ་ར་ཎ་ཕཊ། བ་ལིཾ་བྷུཉྫ། ཛི་གྷྲ་ཕུལླ། དྷུཔྤེ་དུཥྤེ་ཨཱ་ལོ་ཀེ་གྷནྡྷེ། པཱུཙྪ་སྥ་ར་ཎ་ཧཱུཾ། མཾ་ས་བིཾ་ག། ཨམྦ་སསྤ་ཀཛྫ་སཱ་དཱ། ཁནྟི་ཁུ་ཎི། ཕེ་ཌ་ག་ད་ཨ་ཀཱ་རོ་མུ་ཁཾ། སརྦ་དྷརྨཱ་ཎཱཾ། ཨཱདྱ་ནུཏྤནྣ་ཏྭ་ཏ་ཨོཾ་ཨཱཿཧཱུཾ་སྭཱ་ཧཱ།། ཏིང་འཛིན་སྔགས་དང་ཚིགས་སུ་བརྗོད།། སྐད་ཅིག་མི་དམིགས་ཆོས་ཉིད་བསྟིམ། ། དེ་ལྟར་གཞུང་བྱེད་རྣལ་འབྱོར་དེ།། སྦྱིན་པའི་ཕ་རོལ་ཕྱིན་པར་འགྱུར།། དེ་ལ་དམ་དུ་བཅས་པ་ནི།། ཚུལ་ཁྲིམས་ཕ་རོལ་ཕྱིན་པར་འགྱུར།། དེ་ལ་བསམ་པ་ཡོངས་སུ་དག། བསམ་གཏན་ཕ་རོལ་ཕྱིན་པར་འགྱུར། ། རྣལ་འབྱོར་དེ་ལ་བརྩོན་པ་ནི།། བརྩོན་འགྲུས་ཕ་རོལ་ཕྱིན་པར་འགྱུར།། དེ་ལ་ཡང་དག་དོན་དགོངས་པ།། ཤེས་རབ་ཕ་རོལ་ཕྱིན་པར་འགྱུར།། འཇིག་རྟེན་འདི་ལ་ཚེ་རིང་ཞིང། ། ནད་མེད་གནོད་པ་ཞི་བར་འགྱུར།། བུ་ལོན་ལན་ཆགས་བྲལ་བ་དང།། ཕས་ཀྱི་རྒོལ་ཚར་ཆོད་འགྱུར།། ལོངས་སྤྱོད་འབྱོར་པ་འཕེལ་བ་དང།། འཇིག་རྟེན་འདི་ལ་བདེ་སྐྱིད་ཚོགས།། བསམ་པ་ཐམས་ཅད་འགྲུབ་པར་འགྱུར། ། འཇིག་རྟེན་པ་དང་འཇིག་རྟེན་འདས།། དངོས་གྲུབ་ཆེན་པོ་ཐོབ་པར་འགྱུར།། དེ་ལྟ་བུ་ཡི་མཆོད་པ་དེ།། ཕྱི་ཡི་མཆོད་པ་དམ་པའོ།། ཀཱི་ལ་ཡ་གསང་བའི་དགོངས་རྒྱུད་ལས། ཕྱི་ནང་གསང་བའི་མཆོད་པ་བསྟན་པའི་ལེའུ་སྟེ་བཅཝ་ལྔ་པའོ། །།། དེ་ནས་ཡང་ལས་ཀྱི་རྒྱལ་པོ་ཀརྨ་ཧེ་རུ་ཀས། བཅོམ་ལྡན་འདས་བཛྲ་ཀཱི་ལ་ཡ་ལ་འདི་སྐད་ཅེས་གསོལ་ཏོ།། ཀྱེ་བཅོམ་ལྡན་བཛྲ་ཀཱི་ལ་ཡ།། དཔྱང་ཐག་ཆད་པའི་ངན་ཁུང་འཁོར་བ་ལ། ། ཐུགས་རྗེས་བཟུང་ནས་རྫུ་འཕྲུལ་བསྟན་པ་འདི།། འདི་ལྟ་བུ་ཡི་རྫུ་འཕྲུལ་ངོ་མཚར་ཆེ།། འདི་ཡི་རྗེས་སུ་བསྒྲུབ་པའི་རྣལ་འབྱོར་པས།། ལུང་བདུན་བསྐྱེད་པའི་དོན་ནི་ཇི་ལྟར་ལགས། ། བདེ་བར་གཤེགས་པས་ལུང་བསྟན་དུ་གསོལ།། ཞེས་གསོལ་པ་དང། དེ་ནས་ཡང་བཛྲ་ཀཱི་ལ་ཡས་འདི་སྐད་ཅེས་གསུངས་སོ།། ཉོན་ཅིག་ཀརྨ་ཧེ་རུ་ཀ། ང་ཡི་རྗེས་སུ་སྒྲུབ་པའི་རྣལ་འབྱོར་པས།། དང་པོ་ཀུན་གཞི་སྟོང་པ་ཉིད། ། རྡོ་རྗེ་ཁྲོས་པས་ཞེ་སྡང་གཅོད།། ཐུགས་ནི་ཡང་དག་རྡོ་རྗེ་ཉིད།། སྟོང་པ་ཉིད་ཀྱི་ཡེ་ཤེས་ནི།། རྣམ་པར་མི་རྟོག་པ་ལས་འདས།། དེ་བཞིན་ཉིད་དུ་བསྒོམ་པར་བྱ།། དེ་རྗེས་མཚོན་པའི་རྒྱུ་བསྟན་པ། ། ཡེ་ཤེས་མཚོན་པ་རྒྱུ་ཡི་ལུང།། མཚོན་ཆེན་སྔོན་པོ་འབར་བ་ཡིས།། ཐུགས་ཀྱི་མཚོན་པ་རྒྱུ་ཡི་ཏིང་ངེ་འཛིན།། རང་རིག་ཅི་ཡང་མ་ཡིན་པ།། ཧཱུཾ་ཉིད་བྱང་ཆུབ་སེམས་སུ་བསྒོམ།། ཡེ་ཤེས་རྟོག་པ་གཞིལ་བའི་ལུང། ། ས་བོན་དགུ་ཡིས་སྦྱོང་བྱེད་བསྐྱེད་ཡང་བྱ།། ནམ་མཁའི་དཀྱིལ་ནས་ཐིགས་པ་ཤར།། དེ་རྗེས་རྩ་བའི་དཀྱིལ་འཁོར་ནི།། དཀྱིལ་འཁོར་གཏན་ལ་དབབ་པའི་ལུང།། སྲོག་གི་གོ་རུ་ཤར་བ་དང། ། ཀུན་རྫོབ་སྒྱུ་མར་སྣང་བ་ཡིས།། རིག་པ་སོ་སོར་གནས་གྱུར་པ།། སྲོག་སེམས་གོ་རུ་ཤར་བས་རྡོ་རྗེ་གཞོན་ནུར་ཤར།། ཐུགས་ནི་ཡེ་ཤེས་ལྔ་དང་ལྡན།། སྙིང་གི་གོ་རུ་བསྒོམ་པར་བྱའོ།། ཙིཏྟའི་གཞལ་ཡས་ཁང་དུ་ཡེ་ཤེས་སེམས་དཔའི་ཐུགས། ། རྡོ་རྗེའི་ཆང་ཟུང་བཟླས་པའི་འབྲས་བུས་བསྐོར་བར་བསྒོམ།། སྙིང་རྗེས་བསྒྲལ་བའི་དམ་ཚིག་ནི།། བསད་ཅིང་མནན་པ་མ་ཡིན་ཏེ།། རང་རིག་ཡེ་ཤེས་སྒྱུ་མར་སྣང་བ་དང། ། རིག་པ་སོ་སོར་སྣང་བ་ཀུ་མཱ་རར་བསྒོམས་ལ།། སྙིང་རྗེ་བྱང་ཆུབ་སེམས་ནི་གཉིས་སུ་མེད།། ཤེས་རབ་དབྱིངས་ཀྱི་རྟགས་སུ་ཡུམ་ཉིད་བསྒོམ།། དམ་ཚིག་སྙིང་རྗེས་བསྒྲལ་བས་བསད་མནན་མ་ཡིན་ནོ། ། ཕུང་པོ་རྡོ་རྗེས་གཏམས་བྱས་ནས།། བདག་དང་སྣང་སྲིད་བསྒྲལ་བའི་ལུས་ངག་ཡིད་གསུམ་ནི།། རིག་པ་སོ་སོར་སྣང་བ་སྐུ་གསུང་ཐུགས་སུ་ཤེས།། ཡེ་ཤེས་སྐུ་ལ་ཕྲ་མོ་མང་པོས་གཏམས།། རྣམ་པར་ཤེས་པ་རྡོ་རྗེར་བསྒོམ། ། ལོག་རྟོག་སྒྱུ་མར་སྣང་བའི་བདག་དང་སེམས་ཅན་རྣམས།། བདག་དང་སྣང་སྲིད་རྣམ་པར་ཤེས་པའི་ཚོགས།། འདུས་མ་བྱས་ཀྱི་རྡོ་རྗེ་དབྱེར་མེད་བསྒོམ།། ཀཱི་ལ་ཡ་གསང་བའི་དགོངས་རྒྱུད་ལས། བདག་རྩ་བའི་དཀྱིལ་འཁོར་གྱི་ལེའུ་སྟེ་བཅུ་དྲུག་པའོ།།།། དེ་ནས་ཡང་ཀརྨ་ཧེ་རུ་ཀས། བཅོམ་ལྡན་འདས་བཛྲ་ཀཱི་ལ་ཡ་ལ་འདི་སྐད་ཅེས་ཞུས་སོ།། ཀྱེ་བཅོམ་ལྡན་བཛྲ་ཀཱི་ལ་ཡ།། སྣང་སྲིད་ཁྲོ་བོའི་དཀྱིལ་འཁོར་དུ། ། ངོ་མཚར་ཆོ་འཕྲུལ་བསྟན་པ་འདི།། རྣལ་འབྱོར་རྗེས་སུ་འཇུག་པ་ལ།། བདེ་བར་གཤེགས་པས་ལུང་བསྟན་དུ་གསོལ།། ཞེས་གསོལ་པ་དང། དེ་ནས་བཛྲ་ཀཱི་ལ་ཡས་འདི་སྐད་ཅེས་བཀའ་སྩལ་ཏོ།། ཉོན་ཅིག་ཀརྨ་ཧེ་རུ་ཀ། རྗེས་སུ་འཇུག་པའི་རྣལ་འབྱོར་རྣམས།། ཀུ་མཱ་ར་རུ་ཡབ་ཡུམ་བསྒོམ།། མཁའ་གསང་གཉིས་ནི་བྱིན་བརླབས་ལ།། ཨེ་སྟེང་ཉི་མ་པདྨ་བརྒྱད།། ཟླ་བ་རྡོ་རྗེ་རྩེ་ལྔ་ཨཱ།། ཛཿཡིས་དཔུང་པ་གཡས་གཡོན་བཟུང། ། ཧཱུཾ་གིས་སྟོད་སྨད་འཁྱུད་ལ་ནི།། བཾ་གྱིས་ཐུགས་མཚན་སྦྱར་བའོ།། ཧོཿཡིས་དགྱེས་པ་བསྐྱེད་པར་བྱའོ།། སྟྭཾ་དང་ཧོ་ཡིས་བསྐུལ་བ་ནི།། དེ་ནས་གཉིས་མེད་སྦྱོར་བ་བྱ།། པདྨ་ལ་ནི་རྡོ་རྗེ་གཞུག། རྡོ་རྗེའི་ལམ་ནས་པདྨོར་འཁྱིལ།། བདེ་བ་གསལ་ཞིང་མི་དམིགས་པ།། བྱང་ཆུབ་སེམས་སུ་རབ་ཕབ་ནས།། ཡབ་ཡུམ་གཉིས་མེད་བསྟབ་པས་དགྱེས།། ཐབས་དང་ཤེས་རབ་གཉིས་སུ་མེད།། མཉམ་པ་ཆེན་པོའི་ངང་ལ་བཞུགས། ། བྱང་ཆུབ་སེམས་ནི་དཀར་ལ་འཚེར།། ཡུམ་གྱི་མཁའ་ལ་གང་བར་ལུད།། ཐོགས་མེད་འོད་ཟེར་ལན་གཅིག་སྤྲོས།། རྡོ་རྗེའི་བྲག་ཆེན་གཏམས་པའོ།། གཉིས་པ་སྲས་མཆོག་གྲངས་མེད་སྤྲོས། ། ཞལ་གཅིག་ཕྱག་ཀྱང་གཉིས་པ་ལ།། ཐོ་བ་གཡས་ན་ལྕགས་ཀྱུ་གཡོན།། དྲེགས་པ་ཕོ་མོ་བཟུང་ཞིང་ནི།། གསང་སྔགས་དྲག་ཏུ་བཟླས་ལ་བརྡེག། ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་བཅུར།། དྲེགས་པ་སྤྱི་ཆིངས་བསྣོལ་མར་དབབ། ། གསུམ་པ་མེ་ཡི་འོད་ཟེར་སྤྲོ།། བཞི་པ་ཨ་ཡི་འོད་ཟེར་སྤྲོ།། ལྔ་པ་བཾ་གྱི་འོད་ཟེར་སྤྲོ།། དྲུག་པ་བྱང་སེམས་ཧཱུཾ་སྒྲིལ་བཅུ།། སྤྲོ་བ་ཡུམ་གྱི་མཁའ་ལ་སྤྲོ།། སྐྱེད་པ་ཡབ་ཀྱིས་བསྐྱེད་པར་བྱ། ། རང་རང་གསང་སྔགས་སྐུར་རྫོགས་པའོ།། སྣང་སྲིད་ཁྲོ་བོའི་དཀྱིལ་འཁོར་ལ།། ཡང་སྤྲུལ་སུམ་སྤྲུལ་གྲངས་མེད་ཀྱིས།། རླུང་ཡང་མི་ཐར་གཏམས་པའོ།། ཡེ་ཤེས་གཉིས་མེད་སྤྱན་དྲངས་བསྟིམ།། ཀཱི་ལ་ཡ་ཡི་སྒྲ་ཆེན་ནི། ། གསང་སྔགས་རབ་ཏུ་འབྲུག་སྟོང་ལྡིར།། ཁམས་གསུམ་སྲིད་གསུམ་དབང་དུ་སྡུད།། སྐྱེ་ཤི་འཁོར་བ་དབྱིངས་སུ་བསྒྲལ།། དྲེགས་པ་ཐམས་ཅད་མངོན་སྤྱོད་བསྒྲལ།། ཉོམ་མོངས་བག་ཆགས་གདར་ཤ་བཅད། ། ཀཱི་ལ་ཡ་གསང་བའི་དགོངས་རྒྱུད་ལས། ཕྱོགས་བཅུ་ཁྲོ་བོའི་དཀྱིལ་འཁོར་གཏན་ལ་དབབ་པའི་ལེའུ་སྟེ་བཅུ་བདུན་པའོ།།།། དེ་ནས་ཡང་བཛྲ་ཀརྨ་ཧེ་རུ་ཀས། བཅོམ་ལྡན་འདས་བཛྲ་ཀཱི་ལ་ཡ་ལ་འདི་སྐད་ཅེས་གསོལ་ཏོ། ། ཀྱེ་བཅོམ་ལྡན་བཛྲཀཱི་ལ་ཡ།། སྲིད་པ་གསུམ་དང་ཁམས་གསུམ་དུ།། ཉོན་མོངས་འཁོར་བའི་ཆུ་རྒྱུན་འབབ།། མ་རིག་གནས་སུ་བསྒྲལ་ན་ཇི་ལྟར་བསྒྲལ།། བདེ་བར་གཤེགས་པས་ལུང་བསྟན་དུ་གསོལ། ། ཞེས་གསོལ་པ་དང། བཅོམ་ལྡན་འདས་བཛྲ་ཀཱི་ལ་ཡས་འདི་སྐད་ཅེས་བཀའ་སྩལ་ཏོ།། ཉོན་ཅིག་ཀརྨ་ཧེ་རུ་ཀ། སྲིད་པ་གསུམ་དང་ཁམས་གསུམ་དུ།། ཉོན་མོངས་འཁོར་བའི་ཆུ་རྒྱུན་བབས། ། མ་རིག་གནས་སུ་བསྒྲལ་བ་ངས་བསྟན་གྱི།། རྣལ་འབྱོར་རྗེས་སུ་འཇུག་པ་རྣམས།། ཀུ་མཱ་ར་རུ་བདག་བསྒོམས་པས།། སྐུ་གསུང་ཐུགས་ཀྱི་འོད་ཟེར་བསྐུལ།། དབྱིངས་ལས་ཡེ་ཤེས་གཟུགས་ཀྱི་སྐུར་བཞེངས་ལ། ། སྐུ་སྟོད་ཞལ་གསུམ་ཕྱག་དྲུག་ལ།། སྐུ་སྨད་ལྕགས་ཀྱི་ཕུར་པ་ཟུར་གསུམ་པ།། རྩེ་མོ་ཡེ་ཤེས་འོད་ཟེར་འཕོ།། གསལ་བ་རྣམ་གསུམ་ལྡན་པར་བྱ།། ཁྲུས་ལུང་རྣམ་གསུམ་རྫོགས་བྱས་ལ།། རྣམ་ཤེས་རྟེན་ནི་དག་པར་བྱ། ། བྱང་ཆུབ་སེམས་ཀྱི་ཕུར་པ་ཡིས།། གབ་པའི་མན་ངག་སྡོམ་པ་ཀློང་བཅུ་ཡིས།། གནད་ཆེན་བདུན་ལ་གདབ་པར་བྱ།། རེ་རེ་ལ་ཡང་རྩ་བརྒྱད་དོ།། ཐ་མ་རྩ་གཅིག་བདུན་དུའོ།། འབྱུང་བ་བཞི་དང་རྒྱུ་བཞི་ལ། ། ཐོག་བརྫིས་ཀློང་ཕབ་འགྱུར་མེད་ཀྱིས།། བཞིའི་མདོའི་དངས་མ་ཞེ་སྡང་རྩད་ནས་བཅད།། དབུགས་ཀྱི་རྟ་བསྒྲལ་ཕྲག་དོག་རྩད་ནས་བཅད།། སེམས་ཀྱི་ཡུལ་ཕྱུང་ང་རྒྱལ་རྩད་ནས་བཅད།། དངས་མའི་གནས་སླེབས་འདོད་ཆགས་རྩད་ནས་བཅད། ། ཚེ་ཡི་རྟེན་དབྲལ་གཏི་མུག་རྩད་ནས་བཅད།། ཀུན་གྱི་གནས་བཅོམ་རྟེན་འབྲེལ་གཏིང་བྱུང་ལ།། ཁབ་ལེན་རྡོ་ལ་ལྕགས་རྣམས་འདུ་བ་ལྟར། ། བཀྲག་མདངས་ཕྲོགས་ནས་ཚེ་ལུང་བསྟན་པར་བྱའོ།། ཚེ་ལུང་ལ་ཡང་རྣམ་གཉིས་ཏེ།། དུག་ལྔ་གནས་སུ་དག་པ་ཡེ་ཤེས་ལྔ།། རྣམ་ཤེས་གནས་སུ་དག་པས་རྒྱལ་བའི་སྲས་སུ་བྱ།། དེ་ཀ་ཁོ་ཡི་ཚེ་ལུང་བསྟན་པ་ཞེས་བྱའོ། ། ཞེས་ཀཱི་ལ་ཡ་གསང་བའི་དགོངས་རྒྱུད་ལས། མན་ངག་ཕུར་གཅིག་མའི་ལེའུ་སྟེ་བཅཝ་བརྒྱད་པའོ།།།། དེ་ནས་ཡང་ཀརྨ་ཧེ་རུ་ཀས།། བཅོམ་ལྡན་འདས་བཛྲ་ཀཱི་ལ་ཡ་ལ་འདི་སྐད་ཅེས་གསོལ་ཏོ། ། ཀྱེ་བཅོམ་བཛྲ་ཀཱི་ལ་ཡ།། ཆོས་རྣམས་ཐམས་ཅད་དངོས་མེད་པས།། གསལ་བ་རྣམ་གསུམ་གསལ་བྱས་ལ།། མངོན་སྤྱོད་བསྒྲལ་བ་མི་འགལ་ལམ།། ཞེས་གསོལ་པས། བཅོམ་ལྡན་འདས་བཛྲ་ཀཱི་ལ་ཡས་འདི་སྐད་ཅེས་བཀའ་སྩལ་ཏོ། ། ཉོན་ཅིག་ཀརྨ་ཧེ་རུ་ཀ། རྣལ་འབྱོར་རྗེས་སུ་འཇུག་པ་ལ།། དེ་ཡི་དོན་རྣམས་ངས་བཤད་ཀྱི།། གསང་བ་མཆོག་གི་ཕྲིན་ལས་ཟབ་མོ་ལ།། ཉོན་མོངས་ཕྱིན་ཅི་ལོག་གི་དབང་བྱས་ཏེ།། སྙིང་རྗེ་བྱང་ཆུབ་སེམས་དང་མ་ལྡན་པར། ། ཞེ་སྡང་དབང་གིས་ཁྲོ་བོའི་དཀྱིལ་འཁོར་བསྐྱེད།། ཐོས་བསམ་ཤེས་རབ་གསལ་བར་མ་གྱུར་པར།། གཏི་མུག་དབང་གིས་གསང་བའི་དོན་མ་རྟོགས།། གསང་སྔགས་གཉིས་མེད་ཡོན་ཏན་མ་རྟོགས་པར། ། ང་རྒྱལ་དབང་གིས་བདག་ཉིད་གཅིག་པུར་བཟུང།། ཁེངས་དྲག་དབང་གིས་སློབ་དཔོན་སྐུ་ལ་བསྡོས།། སྲི་ཞུ་ཆུང་བས་རྩ་བའི་དམ་ཚིག་ཉམས།། དཀྱིལ་འཁོར་གཅིག་པའི་རྣལ་འབྱོར་དམ་བསྲུང་ལ། ། ཕྲག་དོག་དབང་གིས་བདག་བསྟོད་གཞན་ལ་སྨོད།། ཁེ་རྔམ་དབང་གིས་རས་ཆོད་འདོད་དགར་སྤྱོད།། གཞན་མཐོང་ཙམ་ན་སྙིང་ནས་སྐུར་འདེབས་ཤིང།། གཉིས་མེད་དོན་དམ་ཟབ་མོ་རྒྱབ་ཏུ་བོར། ། རྒྱུ་འབྲས་དོན་མ་རྟོགས་པས་ཞེ་སྡང་ཆེན་པོ་བསྐྱེད།། ང་ནི་ཐེག་ཆེན་ཁྲོ་བོའི་རྒྱལ་པོ་ཟེར།། སྤྱོད་པ་དཔའ་བརླངས་དང་དུ་བླངས།། ང་རྒྱལ་ཁྲོ་གཏུམ་རང་ཁར་གཏོང།། གསང་སྔགས་ཟབ་མོའི་དོན་ལ་བོན་དུ་གྱེར། ། ཐུགས་རྗེ་བྱང་ཆུབ་སེམས་དང་མི་ལྡན་པས།། ཁ་ལ་གནས་སྦྱོང་ཟེར་ཞིང་སྦྱོར་སྒྲོལ་བྱེད།། རྒྱུ་མཐུན་འབྲས་བུས་ལས་ཀྱི་སྲིན་པོར་སྐྱེས།། སྔགས་ཀྱི་བྱིན་གྱིས་བརླབས་ཀྱི་ལྷ་སྲིན་མཐུ་བོ་ཆེ།། འཇིག་རྟེན་ཁམས་སུ་མདངས་འཕྲོག་སྲོག་བཅད་ནས། ། དེ་ཡི་རྣམ་སྨིན་རྡོ་རྗེ་དམྱལ་བར་སྐྱེ།། དེ་རྣམས་རྒྱུ་མཐུན་རྣམ་སྨིན་དེ་འདྲ་བས།། གསང་སྔགས་རྡོ་རྗེའི་རྣལ་འབྱོར་དེ་མ་ཡིན།། གསང་སྔགས་རྡོ་རྗེའི་རྣལ་འབྱོར་ཡང་དག་དོན། ། ད་ལྟ་ཉིད་དུ་སྐུ་གསུང་ཐུགས་འདོད་ན།། ང་ཡི་ལུང་ཟབ་འདི་ལ་ཐོས་བསམ་ན།། མུན་པའི་ནང་དུ་རིན་ཆེན་སྟོར་བ་ནི།། སྒྲོན་མེ་བཏེགས་པས་རིན་ཆེན་རྙེད་པར་འགྱུར།། ང་ཡི་ལུང་ཟབ་འདི་ལ་ཐོས་བསམ་ན། ། ད་ལྟ་ཉིད་དུ་སྐུ་གསུང་ཐུགས་ཉིད་དོ།། ལྟ་སྤྱོད་བརླང་པོ་སྤྱད་ན་ཚོགས་སུ་འགྱུར།། ང་ཡི་ལུང་ཟབ་འདི་ལ་ཐོས་བསམ་ན།། ལྕགས་ཀྱི་རིམ་བུ་ཆུར་བསྒྱུར་གཏིང་དུ་འགྲོ།། དེ་ཉིད་སྣོད་དུ་བྱས་པས་ཁ་རུ་ཕྱོ། ། ལྟ་སྤྱོད་བརླང་པོ་སྤྱད་པས་ཚོགས་སུ་འགྱུར།། ང་ཡི་ལུང་ཟབ་འདི་ལ་ཐོས་བསམ་ན།། ནམ་མཁའ་སྟོང་པ་ཉིད་ལས་སྤྲིན་དང་ན་བུན་འབྱུང།། འབྲུག་དང་ཁུ་རླངས་བདུད་རྩིའི་ཆར་པ་འབབ། ། ས་གཞི་སྣུམ་ནས་ལོ་ཏོག་རྒྱས་པ་དང།། འབྲས་བུ་སྨིན་ནས་སེམས་ཅན་གསོས་སུ་འགྱུར།། ལྟ་སྤྱོད་བརླང་པོ་སྤྱད་པས་ཚོགས་སུ་འགྱུར།། ང་ཡི་ལུང་ཟབ་འདི་ལ་ཐོས་བསམ་ནས།། སྐྱེ་མེད་རྣམ་དག་ཆོས་ཀྱི་དབྱིངས་ཉིད་ལས། ། སྐྱེ་བའི་ཆོ་འཕྲུལ་ཅིར་ཡང་བསྟན་པ་ནི།། ཐུགས་ཉིད་ཞི་བའི་ངང་ཉིད་ལས།། སྐུ་ཉིད་ཁྲོ་བོའི་ཆ་ལུགས་བསྟན།། སྣང་སྲིད་དཀྱིལ་འཁོར་རྣམ་གསུམ་ཡང།། གཙོ་བོའི་དབྱིངས་ལས་ཡེ་ཤེས་གཅིག། རང་རིག་ཉིད་དུ་ཤེས་སྤྱད་ན།། མཐོ་ཡོར་ལས་ནི་མིར་ཤེས་བཞིན།། སྒྱུ་མ་ལྟ་བུའི་བློ་དང་ལྡན།། སྤྱོད་བཞི་མ་ཆགས་ཆུ་ལ་ཉ།། མཁའ་ལ་བྱ་ལྟ་བུ་ཡི་ཚུལ་གྱིས་ནི།། སྐྱོན་མ་གོས་པར་ཚོགས་གཉིས་འགྱུར། ། གདུལ་བྱའི་དབང་གིས་སངས་རྒྱས་བསྟན།། རང་རིག་ཡེ་ཤེས་གཉིས་མེད་གཞན་ནས་བཙལ་དུ་མེད།། རིག་པ་ཡུལ་གྱིས་མི་འཕྲོགས་རིག་འཛིན་ས།། རྒྱུ་དང་འབྲས་བུ་མཉམ་པས་མཐོང་གྲོལ་རྫོགས། སྒ་མ་རྫས་ཀྱང།། ནུས་མཐུ་གོ་ཕྱེ་རིག་པས་ཁྱབ་པའི་ཕྱིར།། གང་དུ་ནུས་པའི་མཐུར་ལྡན་མཐར་ཕྱིན་ཁོ་ནའོ།། རྒྱུ་འབྲས་དྲག་ཞན་མེད་པས་རོ་གཅིག་པས།། རྒྱ་མཚོ་ཆེན་པོར་ཉི་ཟླ་གཟའ་སྐར་ལྟར།། སྣང་ལ་རང་བཞིན་མེད་པས་གཞན་གྱི་གཟུགས། ། དང་པོ་གང་ལ་བྱུང་བ་ཐ་དད་མ་ཡིན་ཏེ།། གཟུགས་སྣང་ཐམས་ཅད་དཀྱིལ་འཁོར་རྣམ་གསུམ་སྐུ།། གྲག་པ་ཐམས་ཅད་དཀྱིལ་འཁོར་རྣམ་གསུམ་གསུང།། ཤེས་རིག་ཐམས་ཅད་དཀྱིལ་འཁོར་རྣམ་གསུམ་ཐུགས། ། ང་ཡི་ལུང་ཟབ་འདི་ལ་ཐོས་བསམ་ན།། གཉིས་མེད་དོན་དེ་ཤེས་ན་ཡང་དག་དོན།། གསལ་བ་རྣམ་གསུམ་བཞིན་གྱི་གཟུགས་བརྙན་ལྟར།། ནམ་མཁའི་སྤྲིན་དང་ལུང་སྟོང་བྲ་ཆ་བཞིན། ། གཉིས་མེད་སོ་སོ་མ་ཡིན་ཐ་དད་མེད།། དོན་དེ་ཤེས་ན་ཡིད་བཞིན་ནོར་བུ་རིན་པོ་ཆེ།། དེ་ཉིད་རྣལ་འབྱོར་གཉིས་མེད་དངོས་མེད་བསྒྲལ། ཀཱི་ལ་ཡ་གསང་བའི་དགོངས་རྒྱུད་ལས། ལྟ་སྤྱོད་དངོས་མེད་ཀྱི་ལེའུ་སྟེ་བཅུ་དགུ་པའོ། །།། དེ་ནས་ཡང་ཀརྨ་ཧེ་རུ་ཀས། བཅོམ་ལྡན་འདས་བཛྲ་ཀཱི་ལ་ཡ་ལ་འདི་སྐད་ཅེས་གསོལ་ཏོ།། ཀྱེ་བཅོམ་ལྡན་བཛྲ་ཀཱི་ལ་ཡ།། བདེ་བར་གཤེགས་པའི་ལུང་ཟབ་ཐོས་བསམ་པས། ། དེ་ཉིད་སངས་རྒྱས་སྐུ་གསུང་ཐུགས་ཉིད་དམ།། ཞེས་གསོལ་པ་དང། བཅོམ་ལྡན་འདས་བཛྲ་ཀཱི་ལ་ཡས་འདི་སྐད་ཅེས་བཀའ་སྩལ་ཏོ།། ཉོན་ཅིག་ཀརྨ་ཧེ་རུ་ཀ། རྣལ་འབྱོར་རྗེས་སུ་འཇུག་པ་རྣམས། ། ནད་པ་ནད་ཀྱིས་ཉེན་པའི་སྡུག་བསྔལ་བ།། སྨན་པ་མཁས་བརྩོན་ཕྲད་ན་ནད་སེལ་ལྟར།། སྨན་པ་མཁས་མཆོག་གསོ་བར་བརྩོན་པ་ཡིས།། ནད་ཀྱི་གཉེན་པོ་བརླང་པོར་བསྟན་པ་ལས། ། ནད་པས་མ་སྤྱད་ནད་ཀྱང་སེལ་མི་འགྱུར།། སྔགས་ཀྱི་བརྟུལ་ཞུགས་བསྒོམས་བསྒྲུབ་དེ་བཞིན་ནོ།། སྐྱེས་བུས་འགྲོས་ཀྱིས་རྟ་ཡི་ལམ་བཙལ་ན།། མདུར་གྱི་དཀྱུས་ཀྱི་རྟ་ཡི་ལམ་བསྟན་ཀྱང།། མ་བརྒྱུག་བར་དུ་དུས་སར་སླེབ་མི་འགྱུར། ། སྔགས་ཀྱི་བརྟུལ་ཞུགས་བསྒོམ་བསྒྲུབ་དེ་བཞིན་ནོ།། དཔེར་ན་མི་གཅིག་སོ་ཀའི་ནགས་ཚལ་བསྲེག་འདོད་པས།། རྩ་དང་གཙུབ་ཤིང་ལག་གི་འདུ་བྱེད་ཤེས།། མ་བསྲུབས་བར་དུ་མེ་ནི་འབྱུང་མི་འགྱུར། ། བསྲུབས་ནས་མེ་མཐོང་བར་དུ་འཕྲོ་མི་གཅད།། རྟགས་ཕྲན་ཙམ་ལ་ཡེངས་ནས་མེ་ཉིད་ཆད་པར་འགྱུར།། སྔགས་ཀྱི་བརྟུལ་ཞུགས་བསྒོམ་བསྒྲུབ་དེ་བཞིན་ནོ།། རི་ཀླུང་ཤོད་ནས་རི་བོ་ཆེན་པོའི་རྩེ་མོ་རུ། ། ཀ་ལ་པིང་ཀའི་ཕྲུ་གུའི་སྒྲ་དབྱངས་ལྟར།། ཡུད་ཙམ་གྱིས་ནི་ནམ་འཕང་བཅད་ནས་སླེབས།། སྔགས་ཀྱི་བསྒོམས་སྒྲུབ་བརྟུལ་ཞུགས་དེ་བཞིན་ནོ།། དཔེ་མང་རིགས་པས་བཙུད་ན་ལུང་དང་འགལ།། དེ་བས་བླ་མའི་ལུང་དང་གདམས་ངག་ལ། ། གདོང་ཅན་བཟློག་མེད་བསྒྲུབ་ན་འབྲས་བུ་མྱུར་དུ་རྙེད།། མཚན་མའི་བསྙེན་པའི་དུས་ཚོད་ནི།། རབ་ཀྱིས་ཟླ་བ་གཅིག་ན་འགྲུབ།། འབྲིང་གིས་ལོ་གཅིག་དག་ན་འགྲུབ། ། ཐ་མས་ལོ་གསུམ་དག་ན་འགྲུབ།། ཕྱི་མའི་དུས་ལ་མི་སྡོད་པར།། ཚེ་གཅིག་འདི་ཉིད་དངོས་གྲུབ་རྣམ་གཉིས་ཐོབ།། བསྐྱེད་དང་རྫོགས་དང་རྫོགས་པ་ཆེན་པོ་ཡི།། མན་ངག་རྩེག་མ་གསུམ་གྱི་དོན་རྟོགས་རྣལ་འབྱོར་དེ། ། ཏིང་འཛིན་མི་གཏོང་ད་ལྟར་སངས་རྒྱས་ཉིད།། གྲངས་ཀྱི་བསྙེན་པ་འབྲིང་ནི་བདུན་འབུམ་མམ།། རབ་ནི་ཉིན་ཞག་རེ་ལ་བཅུ་ཕྲག་བཅུ།། མི་ཚེ་གཉིས་ཀྱིས་ཕྱག་རྒྱའི་རིག་འཛིན་ས།། དངོས་གྲུབ་རྣམ་གཉིས་དུས་དེར་ཐོབ་པར་འགྱུར། ། དུས་ཀྱི་བསྙེན་པ་ལོ་ཟླ་མ་ཡོལ་བར།། ཡང་གསང་ཐུགས་ཀྱི་དཀྱིལ་འཁོར་ཞལ་ཕྱེ་ནས།། ཕྱི་ནང་གསང་བའི་དབང་གསུམ་རྫོགས་བྱས་ཤིང།། བསྙེན་པ་གཞུང་བཞིན་དམ་ཚིག་མ་ཉམས་ན། ། མི་ཚེ་གསུམ་གྱིས་ཕྱག་རྒྱའི་རིག་འཛིན་ས།། དངོས་གྲུབ་རྣམ་གཉིས་དུས་དེར་ཐོབ་པར་འགྱུར།། མཆོད་པ་ལོ་ཟླ་འདས་ན་ཉམས་པ་དང།། རྡོ་རྗེ་སྤུན་གྱི་ནང་དུ་ཁོང་ཁྲོ་མནར་སེམས་ཉམས། ། ངན་སེམས་དཔྱ་སེམས་ཁྲོ་སེམས་ཉམས་པ་ལ།། ལོ་ཟླ་དུས་སུ་ཉམས་སྐོངས་བཤགས་བརྩོན་བྱ།། ཕྱི་བཤགས་ནང་བཤགས་ཚོགས་ནི་བརྒྱ་རྩ་དབུལ།། དེ་ཡིས་ཉམས་སྐོངས་སོར་གསོལ་གོང་བཞིན་འགྱུར། ། དུས་ལས་འདས་པས་ཉམས་པ་སྐོང་མི་འགྱུར།། འབྲས་བུ་མེད་ཅིང་དེ་ཉིད་བརླག་པར་འགྱུར།། རྡོ་རྗེ་སྤུན་ལ་ངན་སེམས་དཔྱ་སེམས་པས།། དབུལ་པོའི་ནང་ནས་ལྐུགས་པ་མཛེ་ཅན་དག། ཁ་མིག་ཡོན་པོ་ཡན་ལག་མ་ཚང་པ། ། དེ་ཉིད་བོར་ནས་དམྱལ་ཁམས་བཅུ་པོ་དག། ཡང་དག་དོན་དམ་གཉིས་མེད་མི་ཤེས་པས།། ད་ནི་ཐེག་ཆེན་སྦྱོར་སྒྲོལ་དངོས་པོར་བལྟ།། རྒྱུ་མཐུན་པ་ཡིས་གནོད་སྦྱིན་མཐུ་བོ་ཆེ། ། མདངས་འཕྲོག་སྲོག་གཅོད་དེ་ཡི་ལས་རྫོགས་ནས།། དེ་ཉིད་བོར་ནས་དམྱལ་ཁམས་བཅུ་པོ་དག། དམ་ལོག་རྡོ་རྗེ་འཁུས་པའི་ཁོང་ཁྲོ་ཅན།། རྐྱེན་ལས་བྱུང་བའི་དམ་སྲིའི་ལུས་ལེན་དྲོད་ཉུལ་མ།། དངོས་གྲུབ་བར་དུ་གཅོད་པའི་བགེགས་བྱས་ནས། ། བྲག་བར་ཕྱིར་མི་ཐོན་པའི་སྦྲུལ་དུ་སྐྱེ།། དེ་ཉིད་བོར་ནས་དམྱལ་ཁམས་བཅུ་པོ་དག། རྡོ་རྗེ་དམྱལ་བ་ཆེན་པོར་སྐྱེ་བར་འགྱུར།། ཀཱི་ལ་ཡ་གསང་བའི་དགོངས་རྒྱུད་ལས། སྔགས་ཀྱི་བརྟུལ་ཞུགས་ཀྱི་ལེའུ་སྟེ་ཉི་ཤུ་པའོ།།།། དེ་ནས་ཡང་ཀརྨ་ཧེ་རུ་ཀས། བཅོམ་ལྡན་འདས་བཛྲ་ཀཱི་ལ་ཡ་ལ་འདི་སྐད་ཅེས་གསོལ་ཏོ།། ཀྱེ་བཅོམ་ལྡན་བཛྲ་ཀཱི་ལ་ཡ།། རྣལ་འབྱོར་ལས་ནི་དང་པོ་ལ། ། གཟུགས་བརྙན་དཀྱིལ་འཁོར་མི་འཚལ་ལམ།། བདེ་བར་གཤེགས་པས་ལུང་བསྟན་དུ་གསོལ།། ཞེས་གསོལ་པ་དང། ཉོན་ཅིག་ཀརྨ་ཧེ་རུ་ཀ། དེ་ཡི་དོན་རྣམས་ངས་བཤད་ཀྱི།། རྣལ་འབྱོར་རྗེས་སུ་འཇུག་པ་རྣམས། ། དཀྱིལ་འཁོར་འདོམ་གང་གྲུ་བཞི་ལ།། གྲུ་གསུམ་མཐིང་ནག་དྲག་པོའི་དབུས།། ཟླ་གམ་དམར་པོ་དབང་གི་རྟེན།། ཟླུམ་པོ་དཀར་པོ་ཞི་བ་ཉིད།། སེར་པོ་གྲུ་བཞི་རྒྱས་པའོ།། བར་ཁྱམས་སྒོ་བཞི་སྒོ་ཁྱུད་དང། ། དུག་ལྔའི་རྟེན་གྱི་རྫས་རྣམས་ལ།། ཡང་སྤྲུལ་རྟོད་ཅིང་ཟ་བའི་ཚུལ།། ཕྱོགས་བཞི་མཚམས་སུ་བྲི་བར་བྱ།། དར་མཚོན་སྣ་ལྔའི་འཕན་ཕྲན་གདགས།། མཆོད་པའི་ལྷ་མོ་བརྒྱད་ཀྱི་རྟགས།། སྒོ་རྣམས་དག་ལ་བྲི་བར་བྱ། ། སྟོང་གསུམ་ཡེ་ཤེས་གཞལ་ཡས་ཁང།། མཐིང་ནག་མེ་འབར་ཕུར་བུའི་ལྷ།། འོད་ཟེར་འབུམ་ཕྲག་བསམ་མི་ཁྱབ།། དེ་ལྟ་བུ་རུ་བསྐྱེད་པར་བྱ།། ཀཱི་ལ་ཡ་གསང་བའི་དགོངས་རྒྱུད་ལས། གཟུགས་བརྙན་གྱི་དཀྱིལ་འཁོར་ཀྱི་ལེའུ་སྟེ་ཤུ་གཅིག་པའོ། །།། ཡང་ཀརྨ་ཧེ་རུ་ཀས། ཀྱེ་བཅོམ་ལྡན་བཛྲ་ཀཱི་ལ་ཡ།། ཕུང་པོ་ལྷ་ཡི་དཀྱིལ་འཁོར་ཡེ་ནས་མངོན་སངས་རྒྱས།། བརྙན་མའི་དཀྱིལ་འཁོར་དེ་ཉིད་མི་འགལ་ལམ། ། ཞེས་གསོལ་པ་དང། བཅོམ་ལྡན་འདས་བཛྲ་ཀཱི་ལ་ཡས། འདི་སྐད་ཅེས་བཀའ་སྩལ་ཏོ།། ཕྲིན་ལས་རྣམ་བཞི་གཞལ་ཡས་ཁང།། ཡོན་ཏན་ཡིད་བཞིན་དཀྱིལ་འཁོར་འདི།། བདེ་གཤེགས་ཐུགས་རྗེ་འབྱུང་བའི་ཤུལ། ། སྣང་སྲིད་འཁོར་བ་བསྒྲལ་བའི་གནས། རྣལ་འབྱོར་དངོས་གྲུབ་ཐོབ་པའི་ས།། དགྲ་བགེགས་དབང་དུ་སྡུད་པའི་ས།། བསྐྱེད་དང་སྤྱན་དྲང་གཉིས་མེད་བསྟིམ།། མཆོད་བསྟོད་ཡན་ལག་རྫོགས་བྱས་ན། ། དངོས་གྲུབ་ཅི་འདོད་ཐོབ་པར་འགྱུར།། ཀཱི་ལ་ཡ་གསང་བའི་དགོངས་རྒྱུད་ལས། གཟུགས་བརྙན་དཀྱིལ་འཁོར་གྱི་ཡོན་ཏན་བསྟན་པའི་ལེའུ་སྟེ་ཉི་ཤུ་གཉིས་པའོ།།།། དེ་ནས་ཡང་ཀརྨ་ཧེ་རུ་ཀས། བཅོམ་ལྡན་འདས་བཛྲ་ཀཱི་ལ་ཡ་ལ་འདི་སྐད་ཅེས་གསོལ་ཏོ།། ཀྱེ་བཅོམ་ལྡན་བཛྲ་ཀཱི་ལ་ཡ།། སྣང་སྲིད་ཡེ་ནས་སྐུ་གསུང་ཐུགས།། བདག་ཉིད་ཕུང་པོ་ཡེ་སངས་རྒྱས།། གཞན་ནས་སྤྱན་དྲངས་མཆོད་བསྟོད་མི་འགལ་ལམ། ཞེས་གསོལ་པ་དང། བཅོམ་ལྡན་འདས་བཛྲ་ཀཱི་ལ་ཡས་འདི་སྐད་ཅེས་བཀའ་སྩལ་ཏོ།། སྲིད་པའི་ཕུར་བུ་སྒྲུབ་པ་དང།། དབང་དང་དངོས་གྲུབ་བླང་བའི་ཕྱིར།། ཡེ་ཤེས་ཁྲོ་བོ་གཤེགས་སུ་གསོལ། ། གང་ལ་གང་ནས་ཇི་ལྟར་དུ།། གང་དུ་གང་ཕྱིར་གཤེགས་སུ་གསོལ།། ཁྲོ་བོ་ཆེན་པོ་གཤེགས་ནས་ཀྱང།། རྟགས་དང་མཚན་མ་བསྟན་པའི་ཕྱིར།། ཀཱི་ལི་ཡ་ཡི་དངོས་གྲུབ་སྩོལ།། ཀཱི་ལ་ཡ་གསང་བའི་དགོངས་རྒྱུད་ལས། སྦྱན་དྲང་བའི་ལེའུ་སྟེ་ཉི་ཤུ་གསུམ་པའོ།།།། དེ་ནས་ཡང་ཀརྨ་ཧེ་རུ་ཀས། འདི་སྐད་ཅེས་གསོལ་ཏོ།། ཀྱེ་བཅོམ་ལྡན་བཛྲ་ཀཱི་ལ་ཡ།། བདེ་གཤེགས་ཐུགས་ཀྱི་གསང་སྔགས་འདི། ། རྣལ་འབྱོར་རྗེས་སུ་འཇུག་པ་ལ།། འདི་ཡི་དོན་རྣམས་ཇི་ལྟར་ལགས།། བདེ་བར་གཤེགས་པས་ལུང་བསྟན་དུ་གསོལ།། ཞེས་གསོལ་པ་དང། བཅོམ་ལྡན་འདས་བཛྲ་ཀཱི་ལ་ཡས་འདི་སྐད་ཅེས་བཀའ་སྩལ་ཏོ། ། ཉོན་ཅིག་ཀརྨ་ཧེ་རུ་ཀ། རྣལ་འབྱོར་རྗེས་སུ་འཇུག་པ་རྣམས།། རིག་པའི་རྒྱལ་པོ་གསང་སྔགས་འདི།། ཆོས་ཀྱི་སྐུ་ཡི་ངོ་བོ་ཡིན་པས་ན།། ཡེ་ཤེས་ལྔ་ཡི་སྒྲ་ཡིས་དུག་ལྔ་གནས་སུ་བསྲེག། དྲེགས་པ་འདུལ་མཛད་དུག་འདུལ་སྔགས་ཀྱི་སྒྲ། ། སྔགས་ནི་བྱིན་རླབ་ཆེ་བས་སངས་རྒྱས་མཐུ།། ཆོས་ཉིད་བདེན་པའི་བྱིན་རླབ་གསང་སྔགས་འདིས།། སྨྲ་བཞིན་མ་ཡིན་ཡིད་ལ་བཟླས་མི་ཆད།། བུམ་པའི་ནང་དུ་མར་མེ་བཏང་བ་བཞིན། ། རང་ལ་གསལ་ཞིང་གཞན་གྱིས་མཐོང་བ་མིན།། གླེན་པའི་རྟུལ་ཞུགས་བརྩོན་འགྲུས་དྲག་པོ་ཡིས།། རྣམ་གསུམ་གསལ་ཞིང་སྔགས་སྒྲ་མ་ཉམས་པར།། མི་ཚིག་བར་མ་ཆོད་ཅིང་སེམས་གཡེང་མིན།། ཤེས་རབ་མེ་ལ་བརྩོན་འགྲུས་རླུང་གིས་བསྐྱོད། ། དུག་གསུམ་གནས་སུ་བསྲེག་པས་སྐུ་གསུམ་འགྲུབ།། ཚེ་གཅིག་ཉིད་ལ་སྐུ་གསུང་ཐུགས་ཉིད་དོ།། མཚམས་མེད་རིགས་པས་ལོག་པས་དམྱལ་བར་ལྟུང་ངེས་པ།། རྣམ་གསུམ་གསལ་ཞིང་སྔགས་ཀྱི་འོད་ཟེར་སྤྲོ། ། ཚུར་འདུས་གཉིས་སུ་མེད་པར་བསྟིམ་བྱས་ན།། གཞན་གྱི་རིག་པ་སྦྱོར་བ་ལྟ་ཅི་སྨོས།། ངན་སོང་དེ་ཡི་གནས་སུ་ལྟུང་མི་སྲིད།། ཐར་པའི་ལམ་ལ་རིག་པའི་མེ་ཏོག་བོར་འབར་ཡང། ། སྔགས་ཀྱི་སྒྲ་ལ་ཡན་ལག་བསམ་མི་ཁྱབ།། སྔགས་ཀྱི་སྒྲ་བཤད་བྱིན་ཉམས་དངོས་གྲུབ་ཡལ།། གསུང་གི་སྡོམ་པ་འཛིན་པའི་གསང་སྔགས་འདི།། དཀྱིལ་འཁོར་རྣམ་གཉིས་གཉིས་སུ་མེད།། བསྐྱེད་མི་དགོས་པར་རྫོགས་པའི་ལུང། ། མཐུ་དཔུང་འོད་ཟེར་རབ་ཏུ་འབར།། བདེ་བར་གཤེགས་པའི་མཐུ་ནི་རང་གི་རིག་པའི་མཐུ།། གཞན་ལ་རེ་བ་འཇོག་པས་མཐུ་མི་རྙེད།། ཀཱི་ལ་ཡ་གསང་བའི་དགོངས་རྒྱུད་ལས། ཐུགས་ཀྱི་གསང་བ་སྔགས་ཀྱི་ལེའུ་སྟེ་ཉི་ཤུ་བཞི་པའོ།།།། དེ་ནས་ཡང་ཀརྨ་ཧེ་རུ་ཀས། བཅོམ་ལྡན་འདས་བཛྲ་ཀཱི་ལ་ཡ་ལ་འདི་སྐད་ཅེས་གསོལ་ཏོ།། ཀྱེ་བཅོམ་ལྡན་བཛྲ་ཀཱི་ལ་ཡ། ། ཉམས་པ་བདུན་པོ་བསྒྲལ་བ་ལ།། རྣལ་འབྱོར་རྗེས་སུ་འཇུག་པ་རྣམས།། རྣམ་ཤེས་རྟེན་ནི་ཇི་ལྟར་ལགས།། བདེ་བར་གཤེགས་པས་ལུང་བསྟན་དུ་གསོལ། ཞེས་གསོལ་པ་དང། བཅོམ་ལྡན་འདས་བཛྲ་ཀཱི་ལ་ཡས་འདི་སྐད་ཅེས་བཀའ་སྩལ་ཏོ། ། རྣལ་འབྱོར་རྗེས་སུ་འཇུག་པ་ལ།། དེ་ཡི་དོན་རྣམས་ངས་བསྟན་གྱི།། འབྱུང་བ་བཞི་ནི་པདྨ་བཞི།། རྒྱུ་བཞི་རྩ་ཆེན་བཞི་པོ་དག། རྣམ་པར་ཤེས་པའི་རྟེན་ཅན་ཡིན།། དཀར་པོ་དམར་ནག་མཐིང་ག་སེར། ། ཆོས་ཉིད་བྱང་ཆུབ་སེམས་ཀྱི་རྩ།། གཉིས་སུ་མེད་པའི་ཡེ་ཤེས་རྩ།། གློ་བུར་རྒྱུད་ལ་འཛིན་པའི་རྩ།། སྐྱོན་ཡོན་དབང་པོ་དང་བྱེད་རྩ།། ཁྲག་དངས་དབུགས་དངས་དབང་པོ་དངས།། རྩ་དངས་ཉིད་ལ་ཞེ་སྡང་རྒྱུ། ། དེ་བཞིན་རིམ་པས་རྒྱུ་བའོ།། ཀུན་གཞི་ཡིད་དང་རྣམ་པར་ཤེས།། དབང་པོ་ལ་སོགས་དེ་བཞིན་རྒྱུ།། བཞི་མདོའི་དངས་མ་དག་ལ་ནི།། རྟ་རྔ་བཅུར་གཤགས་དཀར་པོ་ལ།། ཁྲག་དངས་དམར་པོ་བྱིའུ་ལེབ་མགོ། དེ་ལ་དབུགས་དངས་དྲོད་གནས་པ།། ཡོད་དེ་མི་མངོན་སེར་རླངས་ཙམ།། དེ་ལ་འོད་ཀྱི་དངས་མ་ཆགས།། ཁ་དོག་ལྔ་ཡི་སེམས་ཡུལ་རྒྱས།། དེ་ལ་ཚེ་ཡི་རྟེན་གནས་པ།། དཀར་པོ་བ་རྒྱ་བཅིངས་པའི་ཚུལ། ། དེ་རྣམས་དབུས་ན་རྣམ་ཤེས་བཅུད།། སེམས་གནས་དྲན་གཞིའི་དངས་མ་ལ།། སེམས་ཅན་དྲན་གཞི་ཙིཏྟའི་དཀྱིལ།། ཚོན་གང་འོད་ཀྱི་ཐིག་ལེར་གནས།། ཀུན་གཞི་ཆ་ཕྲ་ཡིད་རིག་དང།། རྣམ་ཤེས་བརྒྱ་དང་ཉོན་མོངས་ལྔ། ། རྟོག་པ་ཐམས་ཅད་དེ་ཡི་ཆ་ལས་བྱུང།། རྣམ་ཤེས་བཅུད་དང་དྲན་པའི་དངས་མ་ནི།། དབྱིངས་དང་ཡེ་ཤེས་དབྱེར་མེད་རང་བཞིན་གནས།། གློ་བུར་རྒྱུད་ལས་འཛིན་པའི་ལོག་རྟོག་གིས། ། སྲིད་པ་གསུམ་དུ་འཁོར་ཞིང་རྒྱུད་དྲུག་སྨིན།། ཐོག་མ་མེད་པར་བསགས་པའི་བག་ཆགས་སྒྲིབ།། ཉོན་མོངས་རྒྱུ་མཐུན་རྣམ་སྨིན་འབྲས་བུ་ནི།། གོས་དྲེག་གང་བཞིན་རྩེགས་ནས་མ་གྱག་གནས།། དེ་ཡི་ས་བོན་ལས་རྣམས་རིམ་བཞིན་འབྱུང། ། ལས་དབང་བཙན་པའི་མཐུ་ནི་ཟློག་པར་དཀའ།། གལ་ཏེ་ལས་དབང་བཙན་ཏེ་བཟློག་མེད་མིན།། དེ་བས་རྣལ་འབྱོར་རྗེས་འཇུག་བཟློག་མེད་མཐུས།། རྩ་ཁའི་མེ་ཤོར་ནགས་རི་བཅོམ་པ་བཞིན། ། རྣམ་གསུམ་ཨ་ཡི་གནས་ལེན་བྱང་སེམས་ཀྱིས།། ཉོན་མོངས་རྟེན་ཅན་གནས་ནི་དུས་གཅིག་བཅོམ།། བསྐུལ་བ་ལས་ཀྱི་གསང་སྔགས་འདི།། གབ་པའི་མན་ངག་ཀློང་བཅུ་ཡིས། ། གནད་ཆེན་བདུན་ལ་ཕུར་གཅིག་མས།། ཏིང་འཛིན་སྔགས་དང་ཕྲིན་ལས་ཀྱིས།། གསང་སྔགས་རབ་ཏུ་བཟླས་ཤིང་གདབ།། རེ་རེ་ལ་ཡང་རྩ་བརྒྱད་དོ།། ཐ་ན་རྩ་གཅིག་བདུན་དུའོ།། རྣམ་ཤེས་རྟེན་ནི་བརྟག་པར་གཅེས། ། བསྐུལ་བ་ལས་ཀྱི་གསང་སྔགས་ལ།། ཡོན་ཏན་ཉི་ཤུ་གཅིག་རྫོགས་པ།། དྭངས་མ་བདུན་པོ་རིམ་བཞིན་དུ།། གབ་པའི་སྡོམ་པ་རིམ་བཞིན་བཟུང།། གཟས་པའི་ཚེ་ཡི་རྟེན་ནི་ཕྲལ། ། ཉོན་མོངས་ཀུན་གྱི་གནས་ཀྱང་བཅོམ།། གསང་སྔགས་རབ་ཏུ་བཟླས་པའི་གབ་སྦས་དང།། རྣམ་གསུམ་ཨ་ཡི་གནས་ལེན་བྱང་སེམས་ཀྱིས།། བླ་ཆེན་རྒྱུ་བའི་དྲོད་ཚད་དག་སྦྱར་ལ།། རྣམ་ཤེས་རྟེན་རྟོགས་ཚེ་རྟེན་ཕུར་བཏབ་ན། ། དེ་ལ་མི་ཐེབས་མི་སྲིད་འགྱུར་བ་མེད།། ཚངས་པའི་ཚེ་དང་ལྡན་པ་མོད་ལ་འཇིག། མིན་མདའ་བཞིན་དུ་ཕྱོགས་ཚོད་འཕངས་པ་ཡིས།། ཐེབས་པར་མི་འགྱུར་རང་རྒྱུད་བསྲེག་པ་ལས། ། གོང་མའི་དོན་དེ་དེ་ལྟར་དེ་བཞིན་ན།། སྐྱེ་བའི་སྒོ་ལྔ་རྣམ་ཤེས་ཚོགས་བརྒྱད་དང།། དབང་པོའི་རྟེན་དང་མཐུ་ཕྲོག་ཟིལ་གནོན་རྣམས།། དྲག་པོའི་གདབ་དམིགས་དེར་འདུས་མང་ན་སྐྱོན།། ཀཱི་ལ་ཡ་གསང་བའི་དགོངས་རྒྱུད་ལས། ཉམས་པ་བདུན་པོ་བསྒྲལ་བའི་ལེའུ་སྟེ་ཉི་ཤུ་ལྔ་པའོ།།།། དེ་ནས་ཡང་ཀརྨ་ཧེ་རུ་ཀས། བཅོམ་ལྡན་འདས་བཛྲ་ཀཱི་ལ་ཡ་ལ་འདི་སྐད་ཅེས་གསོལ་ཏོ།། ཀྱེ་བཅོམ་ལྡན་བཛྲ་ཀཱི་ལ་ཡ། ། ཉམས་པ་བསྒྲལ་བ་དེ་ལགས་ན།། བླ་ཆེན་རྒྱུ་བའི་དྲོད་ཚད་མི་འཚལ་ལམ།། ཞེས་གསོལ་པ་དང། བཛྲ་ཀཱི་ལ་ཡས་འདི་སྐད་གསུངས་སོ།། རྣལ་འབྱོར་རྗེས་སུ་འཇུག་པ་རྣམས།། དེ་ཡི་དོན་རྣམས་ངས་བཤད་ཀྱི། ། བླ་ཆེན་རྒྱུ་བའི་དྲོད་ཚད་དག་སྦྱར་བ།། འུ་ཁམས་ཇི་ཁམས་ཤང་ཁམས་དང།། ཀུང་ཀེག་ཁམས་ལ་སོགས་ཏེ་བླ་ཆེན་རྣམས།། བ་གླང་ཤ་བ་ལུག་དང་ཉ།། དེ་རྣམས་སོ་སོར་རྒྱུ་བར་བཤད།། གཡག་དང་ར་དང་གླ་བ་གསུམ། ། དེ་རྣམས་བླ་ཆེན་ཕྱི་རུ་རྒྱུ་བར་བཤད།། དེ་ཡི་དྲོད་ཚད་དག་སྦྱར་བ།། དང་པོའི་བླ་ནི་འཁོར་ཉུལ་བ།། བར་མའི་བླ་ནི་ཁུག་པའོ།། གསུམ་པའི་བླ་ནི་བུ་ལི་དྷ་ར་ཡ།། དང་པོ་གཉིས་པ་གསུམ་པ་ཡི། ། ཁུགས་མ་ཁུགས་ཀྱི་དྲོད་ཚད་སྦྱར།། གཅིག་པ་གཉིས་པའི་དྲོད་ཚད་ལ།། ལྷ་དབྲལ་དགུག་བསྟིམ་བྱད་འཇུག་གོ།། གབ་སྦས་ཀློང་གི་མན་ངག་སྦྱར།། གསུམ་པའི་དྲོད་ཚད་རབ་བསླེབ་ན།། བླ་ཕུར་བསྟུན་ལ་གདབ་པར་བྱ། ། དྲོད་ཚད་ཞན་ན་བཏབ་ཕན་མེད།། རབ་ཏུ་སླེབ་ན་མ་བཏབ་འཆོར།། ཁུགས་མ་ཁུགས་ཀྱི་དྲག་ཞན་དྲོད།། སྦྱར་ཏེ་དེ་བཞིན་བླ་ཕུར་གདབ།། ཞེས་ཀཱི་ལ་ཡ་གསང་བའི་དགོངས་རྒྱུད་ལས། བླ་ཆེན་རྒྱུ་བའི་དྲོད་ཚད་ཀྱི་ལེའུ་སྟེ་ཉི་ཤུ་རྩ་དྲུག་པའོ། །།། དེ་ནས་ཡང་ཀརྨ་ཧེ་རུ་ཀས། བཅོམ་ལྡན་འདས་བཛྲ་ཀཱི་ལ་ཡ་ལ་འདི་སྐད་ཅེས་གསོལ་ཏོ།། ཀྱེ་བཅོམ་ལྡན་བཛྲ་ཀཱི་ལ་ཡ།། བླ་ཆེན་རྒྱུ་བ་དེ་ལགས་ན།། ལྷ་བྲལ་དགུག་བསྟིམ་བྱད་གཞུག་གི། གབ་སྦས་ཀློང་གི་མན་ངག་འདི།། དེ་ཡི་དོན་རྣམས་ཇི་ལྟར་ལགས།། ཞེས་གསོལ་པ་དང། བཅོམ་ལྡན་འདས་བཛྲ་ཀཱི་ལ་ཡས་འདི་སྐད་ཅེས་བཀའ་སྩལ་ཏེ།། ཉོན་ཅིག་ཀརྨ་ཧེ་རུ་ཀ། རྣལ་འབྱོར་རྗེས་སུ་འཇུག་པ་ལ།། དེ་ཡི་དོན་རྣམས་ངས་བཤད་ཀྱི།། བླ་ཆེན་རྒྱུ་བའི་དྲོད་ཚད་སླེབ།། ལུས་ལ་ལྷ་དབྲལ་གནས་ནས་དགུག། རྣམ་ཤེས་གཟུགས་བསྟིམ་བྱད་དུ་གཞུག། སྨྲ་སྨྱོ་ཐལ་བར་རློག་པར་བརྡེག། ཕུང་པོ་ཞལ་དུ་སྟོབ་དང་དྲུག། རེ་རེ་ལ་ཡང་དྲུག་དྲུག་སྟེ།། དང་པོ་ལྷ་དང་དབྲལ་བར་བྱ།། དམ་ཚིག་ཆེན་པོའི་དུས་ལ་བབ།། ལྷ་རྣམས་དྲག་པོའི་ལས་ལ་བསྐུལ།། སྤྲུལ་པ་ཆེན་པོའི་དུས་ལ་བབ། ། ཕྲ་མེན་དྲག་པོའི་ལས་ལ་བསྐུལ།། ཕྱག་བརྙན་ཆེན་པོའི་དུས་ལ་བབ།། དམ་ཅན་གནད་དབབ་ལས་ལ་བསྐུལ།། དངོས་གྲུབ་བར་དུ་གཅོད་པའི་བགེགས།། གདུག་ཅིང་སྡང་སེམས་ལྡན་པ་རྣམས།། རེངས་པར་ཁུག་ལ་གྲོགས་དང་བྲལ་བར་གྱིས། ། ཕོ་ཉས་ལྷ་དབྲལ་དམ་པའོ།། ཕོ་ཉ་དྲག་པོ་དེ་བཞིན་བསྐུལ།། དངོས་གྲུབ་བར་དུ་གཅོད་པའི་བགེགས།། གདུག་ཅིང་ལྡང་སེམས་ལྡན་པ་རྣམས།། ཟུང་ཞིག་རྒྱོབ་ཅིག་རྣམ་པར་ཆིངས། ། ཕོབ་ཅིག་རྣམ་པར་གཟིར་བར་གྱིས།། ཕོ་ཉ་བཀུག་བསྟིམ་དམ་པའོ།། ཕོ་ཉ་དྲག་པོ་དེ་བཞིན་བསྐུལ།། དངོས་གྲུབ་བར་དུ་གཅོད་པའི་བགེགས།། གདུག་ཅིང་སྡང་སེམས་ལྡན་པ་རྣམས།། ཟུང་ཞིག་ཆིངས་ཤིག་རྣམ་པར་སྡོམས། ། ཕོ་ཉས་བྱད་གཞུག་དམ་པའོ།། ཕོ་ཉ་དྲག་པོ་དེ་བཞིན་བསྐུལ།། དངོས་གྲུབ་བར་དུ་གཅོད་པའི་བགེགས།། གདུག་ཅིང་ལྡང་སེམས་བྱེད་པ་རྣམས།། རྣམ་པར་གཟིར་ལ་སྨྱོ་ཆུག་ཅིག། ཕོ་ཉས་སྨྱོར་གཞུག་དམ་པའོ།། ཕོ་ཉ་དྲག་པོ་དེ་བཞིན་བསྐུལ།། དངོས་གྲུབ་བར་དུ་གཅོད་པའི་བགེགས།། གདུག་ཅིང་སྡང་སེམས་བྱེད་པ་རྣམས།། རྒྱོབ་ཅིག་གཏོགས་ཤིག་ཐལ་བར་རློགས།། ཕོ་ཉས་རྟོགས་བྱེད་དམ་པའོ། ། ཕོ་ཉ་དྲག་པོ་དེ་བཞིན་བསྐུལ།། དངོས་གྲུབ་བར་དུ་གཅོད་པའི་བགེགས།། གདུག་ཅིང་སྡང་སེམས་བྱེད་པ་རྣམས།། བསྟབ་པོ་དཔལ་ཆེན་ཞལ་དུ་བསྟབ།། བསྟིམ་མོ་ཡུམ་ཆེན་དབྱིངས་སུ་སྟིམ། ། འཁོར་རྣམས་རོལ་ཅིག་ཁ་རཾ་ཁཱ་ཧི།། ཞེས་ཀཱི་ལ་ཡ་གསང་བའི་དགོངས་རྒྱུད་ལས། ལྷ་བྲལ་དགུག་སྟིམ་བྱད་གཞུག་གི་ལེའུ་སྟེ་ཉི་ཤུ་བདུན་པའོ།།།། དེ་ནས་ཡང་ཀརྨ་ཧེ་རུ་ཀས།། འདི་སྐད་ཅེས་གསོལ་ཏོ། ། ཀྱེ་བཅོམ་ལྡན་བཛྲ་ཀཱི་ལ་ཡ།། ཕོ་ཉས་དགུག་བསྟིམ་དེ་ལགས་ན།། དྲག་པོ་རྫས་ཀྱི་དགུག་བསྟིམ་གང།། ཞེས་གསོལ་པ་དང། བཅོམ་ལྡན་འདས་བཛྲ་ཀཱི་ལ་ཡས་འདི་སྐད་ཅེས་བཀའ་སྩལ་ཏོ། ། ཉོན་ཅིག་ཀརྨ་ཧེ་རུ་ཀ། བླ་ཡི་དྲོད་ཚད་རབ་སླེབ་པ།། གུ་གུལ་སྦྱར་བའི་དུད་པས་བདུག། རྫས་དྲག་ལྷ་བྲལ་དམ་པའོ།། ཉུང་དཀར་རྡོ་རྗེ་རྒྱལ་པོ་ལ།། བདུན་འབུམ་ཉི་ཁྲི་བཟླས་ཉུང་བྲབ།། དགུག་བསྟིམ་རྫས་དྲག་དམ་པའོ། ། ཟངས་ཐག་མཉེན་པས་བཀྱིག་པ་དང།། ལྕགས་སྒྲོག་དམ་པོར་གཞུག་པ་དང།། སྔོན་དམར་རྫས་ཀྱིས་བཅིངས་པ་ནི།། རྫས་དྲག་བྱད་གཞུག་དམ་པའོ།། ཨ་ཤོག་པ་ཡི་འབྲས་བུ་དང།། ལུག་མིག་གྲིབ་སྐམས་བྱས་པ་དང། ། བཟླས་ཉུང་གསུམ་དུ་བརྡེག་པ་ནི།། སྨྲ་སྦྱོར་གཞུག་པའི་རྫས་དྲག་དམ་པའོ།། ཁ་ཐམ་གྱིས་ནི་ཐོ་བ་དང།། ཨཾ་ཀུ་ཤ་ཡིས་དཀར་ནག་དང།། རྡོ་རྗེ་ཐོ་བས་བརྡུངས་པ་ནི། ། རྟོག་བྱེད་རྫས་དྲག་དམ་པའོ།། ལོ་ཟླ་ལོན་པའི་གཏོར་མ་དང།། ལྕགས་ཕྱེ་ཟངས་ཕྱེ་རྡོ་ཕྱེ་དང།། ཉུང་དཀར་ཁྲག་དང་སྙིང་སྣ་ཤ། དམ་རྫས་དྲག་པོ་བསྲེག་པ་ནི།། ལིངྒ་དག་དང་སྦྱར་ལ་བསྟབ།། སྟོབ་བྱེད་རྫས་དྲག་དམ་པའོ། ། ཞེས་ཀཱི་ལ་ཡ་གསང་བའི་དགོངས་རྒྱུད་ལས། རྫས་དྲག་པོས་ལྷ་དབྲལ་དགུག་བསྟིམ་བྱད་གཞུག་གི་ལེའུ་སྟེ་ཉི་ཤུ་བརྒྱད་པའོ།།།། དེ་ནས་ཡང་ཀརྨ་ཧེ་རུ་ཀས།། བཛྲ་ཀཱི་ལ་ཡ་ལ་འདི་སྐད་ཅེས་གསོལ་ཏོ། ། ཀྱེ་བཅོམ་ལྡན་བཛྲ་ཀཱི་ལ་ཡ།། རྫས་དྲག་དགུག་བསྟིམ་དེ་ལགས་ན།། དྲག་པོ་སྔགས་ཀྱི་དགུག་བསྟིམ་གང།། ཞེས་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ། ། ཉོན་ཅིག་ཀརྨ་ཧེ་རུ་ཀ། བླ་ཡི་དྲོད་ཚད་རབ་ཏུ་སླེབ་པ་དང།། ལྷ་དབྲལ་དྲག་པོའི་གསང་སྔག་བཟླས།། རྩ་བརྒྱད་རྩ་གཅིག་ལྷ་བདུན་དུ།། གསང་སྔགས་ལྷ་དབྲལ་དམ་པའོ།། དགུག་བསྟིམ་དྲག་པོའི་གསང་སྔགས་ལ། ། གོང་མ་དེ་བཞིན་དྲག་ཏུ་བཟླས།། གསང་སྔགས་དགུག་བསྟིམ་དམ་པའོ།། བྱད་གཞུག་དྲག་པོའི་གསང་སྔགས་ལ།། གོང་མ་དེ་བཞིན་དྲག་ཏུ་བཟླས།། གསང་སྔགས་བྱད་གཞུག་དམ་པའོ།། སྨྲ་སྨྱོ་དྲག་པོའི་གསང་སྔགས་ལ། ། གོང་མ་དེ་བཞིན་དྲག་ཏུ་བཟླས།། གསང་སྔགས་སྨྲ་སྨྱོ་དམ་པའོ།། གཏོག་བྱེད་དྲག་པོ་གསང་སྔགས་ལ།། གོང་མ་དེ་བཞིན་དྲག་ཏུ་བཟླས།། གསང་སྔགས་གཏོག་བྱེད་དམ་པའོ། ། སྟོབ་བྱེད་དྲག་པོའི་གསང་སྔགས་ལ།། གོང་མ་དེ་བཞིན་དྲག་ཏུ་བཟླས།། གསང་སྔགས་སྟོབ་བྱེད་དམ་པའོ།། ཀཱི་ལ་ལ་གསང་བའི་དགོངས་རྒྱུད་ལས། གསང་སྔགས་དྲག་པོ་ལྷ་དབྲལ་དགུག་བསྟིམ་བྱད་གཞུག་གི་ལེའུ་སྟེ་ཉི་ཤུ་དགུ་པའོ། །།། དེ་ནས་ཡང་ཀརྨ་ཧེ་རུ་ཀས།། བཅོམ་ལྡན་འདས་བཛྲ་ཀཱི་ལ་ཡ་ལ་འདི་སྐད་ཅེས་གསོལ་ཏོ།། ཀྱེ་བཅོམ་ལྡན་བཛྲ་ཀཱི་ལ་ཡ།། གསང་སྔགས་དགུག་བསྟིམ་དེ་ལགས་ན། ། སྨོན་ལམ་དྲག་པོའི་དགུག་བསྟིམ་གང།། ཞེས་གསོལ་པ་དང།། བཅོམ་ལྡན་འདས་བཛྲ་ཀཱི་ལ་ཡས།། འདི་སྐད་ཅེས་བཀའ་སྩལ་ཏོ།། བླ་ཡི་དྲོད་ཚད་རབ་སླེབ་པ།། ལྷ་དབྲལ་སྨོན་ལམ་དྲག་པོ་གདབ།། རྣལ་འབྱོར་རྗེས་སུ་འཇུག་པ་ཡིས། ། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང།། དོན་དམ་ཀུན་རྫོབ་དེ་བཞིན་དུ།། མ་ནོར་བདེར་གཤེགས་རིགས་བཟུང་ནས།། དངོས་གྲུབ་བར་གཅོད་དགྲ་བགེགས་རྣམས།། རྣམ་གསུམ་དྲག་དལ་མངོན་སྤྱོད་སྒྲོལ། ། བྲན་དང་ཕོ་ཉ་བཀའ་ཉན་ཚོགས།། སྔོན་ཆད་དམ་བཅས་མྱུར་དུ་སྒྲོལ།། ཁྱེད་རྣམས་འཚོ་བའི་ལྷ་ལྔ་དང་ཕྲོལ་ཅིག། ལྷ་དབྲལ་སྨོན་ལམ་དམ་པའོ།། དགུག་བསྟིམ་སྨོན་ལམ་དྲག་པོས་གདབ། ། རྣལ་འབྱོར་རྗེས་སུ་འཇུག་པ་ཡིས།། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང།། དོན་དམ་ཀུན་རྫོབ་དེ་བཞིན་དུ།། མ་ནོར་བདེ་གཤེགས་རིགས་བཟུང་ནས།། དངོས་གྲུབ་བར་ཆད་དགྲ་བགེགས་རྣམས། ། རྣམ་གསུམ་དྲག་དལ་མངོན་སྤྱོད་སྒྲོལ།། བྲན་དང་ཕོ་ཉ་བཀའ་ཉན་ཚོགས།། སྔོན་ཆད་དམ་བཅས་མྱུར་དུ་སྒྲོལ།། ཁྱེད་རྣམས་རིངས་པར་ཛཿཧཱུཾ་བཾ་ཧོཿཡིས།། རྣམ་ཤེས་ལིངྒར་ཕོབ་ཅིག་གཉིས་མེད་བསྟིམ། ། དགུག་བསྟིམ་སྨོན་ལམ་དྲག་པོས་གདབ། བྱད་གཞུག་སྨོན་ལམ་དྲག་པོ་དགབ།། རྣལ་འབྱོར་རྗེས་སུ་འཇུག་པ་ཡིས།། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང།། དོན་དམ་ཀུན་རྫོབ་དེ་བཞིན་དུ།། མ་ནོར་བདེ་གཤེགས་རིགས་བཟུང་ནས། ། དངོས་གྲུབ་བར་ཆད་དགྲ་བགེགས་རྣམས།། རྣམ་གསུམ་དྲག་དལ་མངོན་སྤྱོད་སྒྲོལ།། བྲན་དང་ཕོ་ཉ་བཀའ་ཉན་ཚོགས།། སྔོན་ཆད་དམ་བཅས་མྱུར་དུ་སྒྲོལ།། ཡན་ལག་སྨད་ལྔ་གྲུ་གུར་སྐོང། ། གཟས་པ་མ་ནོར་བྱད་དུ་ཆུག། སློན་ལམ་བྱད་གཞུག་དྲག་པོ་དམ་པའོ།། གཟིར་ཏེ་སྨྱོར་གཞུག་སྨོན་ལམ་དྲག་པོས་གདབ།། རྣལ་འབྱོར་རྗེས་སུ་འཇུག་པའི་ས།། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང། ། དོན་དམ་ཀུན་རྫོབ་དེ་བཞིན་དུ།། མ་ནོར་བདེར་གཤེགས་རིགས་བཟུང་ནས།། དངོས་གྲུབ་བར་ཆོད་དགྲ་བགེགས་རྣམས།། རྣམ་གསུམ་དྲག་དལ་མངོན་སྤྱོད་སྒྲོལ།། བྲན་དང་ཕོ་ཉ་བཀའ་ཉན་ཚོགས། ། སྔོན་ཆད་དམ་བཅས་མྱུར་དུ་སྒྲོལ།། ཉམས་པ་བདུན་པོ་གཟས་པ་འདི།། སྨྱོ་རུ་སྨྲ་རུ་མྱོས་སུ་ཆུག། ཁོང་ནས་མེ་འབར་ཁ་ནས་ཁྲག། དྲག་ཏུ་སྐྱུག་ཅིང་ལྐུགས་སུ་ཆུག། སྨྲ་སྨྱོ་སྨོན་ལམ་དྲག་པོ་དམ་པའོ། ། རྟོག་བྱེད་སྨོན་ལམ་དྲག་པོ་གདབ།། རྣལ་འབྱོར་རྗེས་སུ་འཇུག་པ་ཡིས།། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང།། དོན་དམ་ཀུན་རྫོབ་དེ་བཞིན་དུ།། མ་ནོར་བདེ་གཤེགས་རིགས་བཟུང་ནས།། དངོས་གྲུབ་བར་ཆོད་བྱེད་པའི་བགེགས། ། རྣམ་གསུམ་དྲག་དལ་མངོན་སྤྱོད་སྒྲོལ།། བྲན་དང་ཕོ་ཉ་བཀའ་ཉན་ཚོགས།། སྔོན་ཆད་དམ་བཅས་མྱུར་དུ་སྒྲོལ།། ཁྱེད་ཀྱིས་ཉམས་པའི་གཟས་པ་འདི།། ཕུང་པོ་ཐུལ་ཅིག་ལུས་ངག་རྡུལ་དུ་རློག། རྟོག་བྱེད་སྨོན་ལམ་དྲག་པོ་དམ་པའོ།། སྟོབ་བྱེད་སྨོན་ལམ་དྲག་པོས་གདབ།། རྣལ་འབྱོར་རྗེས་སུ་འཇུག་པ་ཡི།། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང།། དོན་དམ་ཀུན་རྫོབ་དེ་བཞིན་དུ།། མ་ནོར་བདེ་གཤེགས་རིགས་བཟུང་ནས། ། དངོས་གྲུབ་བར་ཆོད་དགྲ་དང་བགེགས།། རྣམ་གསུམ་དྲག་དལ་མངོན་སྤྱོད་སྒྲོལ།། བྲན་དང་ཕོ་ཉ་བཀའ་ཉན་ཚོགས།། སྔོན་ཆད་དམ་བཅས་མྱུར་དུ་སྒྲོལ།། གཟས་པའི་ཤ་ཁྲག་གཟུགས་ཕུང་གསོལ། ། བྷ་ག་བཱན་བཛྲ་ཀུ་མཱ་ར་སརྦ་པཱུ་ཛ་ཁཱ་ཧི་བུདྡྷ་ས་མ་ཡ། ཀཱ་ཡ་ཝཱ་ཀ་ཙིཏྟ་སིདྡྷི་ཧཱུཾ།། སྟོབ་བྱེད་སྨོན་ལམ་དྲག་པོ་དམ་པའོ།། ཞེས་ཀཱི་ལ་ཡ་གསང་བའི་དགོངས་རྒྱུད་ལས། སྨོན་ལམ་དྲག་པོའི་ལེའུ་སྟེ་སུམ་ཅུ་པའོ། །།། དེ་ནས་ཡང་ཀརྨ་ཧེ་རུ་ཀས།། བཅོམ་ལྡན་འདས་བཛྲ་ཀཱི་ལ་ཡ་ལ་འདི་སྐད་ཅེས་གསོལ་ཏོ།། ཀྱེ་བཅོམ་ལྡན་བཛྲ་ཀཱི་ལ་ཡ།། དྲག་པོའི་སྨོན་ལམ་དེ་ལགས་ན། ། ཏིང་འཛིན་དྲག་པོ་མི་འཚལ་ལམ།། ཞེས་གསོལ་པ་དང། བཅོམ་ལྡན་འདས་བཛྲ་ཀཱི་ལ་ཡས། འདི་སྐད་ཅེས་བཀའ་སྩལ་ཏོ།། རྣལ་འབྱོར་རྗེས་སུ་འཇུག་པ་རྣམས།། ཏིང་འཛིན་དྲག་པོ་ངས་བསྟན་གྱིས།། ལྷ་དབྲལ་ཏིང་འཛིན་བསྟན་པ་ནི། ། བདག་ཉིད་རྩ་བའི་ཐུགས་ཀ་ནས།། ཛཿཧཱུཾ་བཾ་ཧོཿའི་ཕྱག་རྒྱ་བཞིས།། ཡེ་ཤེས་འོད་ཟེར་དྲག་པོ་ཕོབ།། ལྷ་རྣམས་བྱ་ནག་རྡོས་བདས་བཞིན།། ཕྱོགས་བཞི་དག་ཏུ་འཐོར་བར་བསམ། ། ལྷ་དབྲལ་ཏིང་འཛིན་དྲག་པོ་དམ་པའོ།། དེ་རྗེས་རྣམ་ཤེས་བཀུག་བསྟིམ་ཏིང་འཛིན་བྱ།། བདག་ཉིད་རྩ་བའི་ཐུགས་ཀ་ནས།། ཛཿཧཱུཾ་བཾ་ཧོཿའི་ཕྱག་རྒྱ་བཞིས།། འོད་ཟེར་དྲག་པོའི་ཚ་ཚར་བརྡབས།། གཟས་པའི་རྣམ་ཤེས་མི་འཆོར་བཀུག། ཆུ་དང་འོ་མ་འདྲེས་པའམ།། ཕྱེ་མ་མར་དཀར་ཐིམ་པ་བཞིན།། རྣམ་ཤེས་ལིངྒར་གཉིས་མེད་ཐིམ་པར་བསམ།། རྣམ་ཤེས་བཀུག་བསྟིམ་ཏིང་འཛིན་དྲག་པོ་དམ་པའོ།། བྱད་དུ་གཞུག་པའི་ཏིང་འཛིན་དྲག་པོ་ནི། ། བདག་ཉིད་རྩ་བའི་ཐུགས་ཀ་ནས།། ཡེ་ཤེས་འོད་ཟེར་དྲག་པོ་འཕྲོས།། ཛཿཧཱུཾ་བཾ་ཧོའི་ཕྱག་རྒྱ་བཞིས།། ཟངས་ཐག་ལྕགས་ཐག་བྱད་དུ་བཞུགས།། འགྱུར་མི་ཤེས་པར་གྲུ་གུ་ཐུལ། ། འབྲུབ་ཁུང་དཀྱིལ་འཁོར་ནང་དུ་ནི།། གྲུ་གུ་བཞིན་དུ་བསྐོངས་པར་བསྒོམ།། བྱད་གཞུག་ཏིང་འཛིན་དྲག་པོ་དམ་པའོ།། གཟིར་གནོན་སྨྲ་སྨྱོའི་ཏིང་འཛིན་དྲག་པོ་ནི།། བདག་ཉིད་རྩ་བའི་ཐུགས་ཀ་ནས། ། ཛཿཧཱུཾ་བཾ་ཧོའི་ཕྱག་རྒྱ་བཞིས།། འོད་ཟེར་ཚ་ཚ་བརྡབས་བཞིན་གཟིར།། སྨྱོ་བ་སྨྲ་བ་མཚམས་མེད་པ།། ཐ་མར་མྱོས་ཤིང་ལྐུགས་པ་དང།། ཁོང་ནས་མེ་འབར་ཁ་ནས་ཁྲག། འཕོངས་ནས་ངན་ཁྲག་འཛག་པར་བསྒོམ། ། སྨྲ་སྨྱོའི་ཏིང་འཛིན་དྲག་པོ་དམ་པའོ།། གཏོགས་བྱེད་ཏིང་འཛིན་དྲག་པོ་ནི།། བདག་ཉིད་རྩ་བའི་ཐུགས་ཀ་ནས།། ཡེ་ཤེས་འོད་ཟེར་དྲག་པོ་ཡིས།། ཛཿཧཱུཾ་བཾ་ཧོའི་ཕྱག་རྒྱ་བཞིས།། ཕོ་ཉ་ཐོ་བ་ཅན་དག་ནི། ། གྲངས་མེད་འོད་ཟེར་བཅས་པ་བྱུང།། གཟས་པའི་གཟུགས་ཀྱི་ཕུང་པོ་ནི།། ལུས་ངག་རྡུལ་དུ་སོང་བར་བསམ།། གཏོགས་བྱེད་ཏིང་འཛིན་དྲག་པོའོ།། སྟོབ་བྱེད་ཏིང་འཛིན་དྲག་པོ་ནི།། བདག་ཉིད་རྩ་བའི་ཐུགས་ཀ་ནས། ། སྤྲུལ་པའི་ཕོ་ཉ་བསམ་མི་ཁྱབ།། དཀྱིལ་འཁོར་རྣམ་གསུམ་དེ་བཞིན་དུ།། འོད་ཟེར་སྤྲུལ་པ་གྲངས་མེད་ཀྱིས།། གཟས་པའི་དབང་པོ་བསྡུས་པ་དང།། ཤ་ཁྲག་རུས་འཆང་རྒྱུ་མ་གཟེར།། བསྟབ་པས་དེ་བཞིན་རོལ་པར་བསམ། ། སྟོབ་བྱེད་ཏིང་འཛིན་དྲག་པོ་དམ་པའོ།། ཞེས་ཀཱི་ལ་ཡ་གསང་བའི་དགོངས་རྒྱུད་ལས།། ལྷ་དབྲལ་དགུག་སྟིམ་ཏིང་འཛིན་གྱི་ལེའུ་སྟེ་སུམ་ཅུ་གཅིག་པའོ།།།། དེ་ནས་ཡང་ཕྲིན་ལས་ཀྱི་རྒྱལ་པོ་ཀརྨ་ཧེ་རུ་ཀས། ། བཅོམ་ལྡན་འདས་བཛྲ་ཀཱི་ལ་ཡ་ལ་འདི་སྐད་ཅེས་གསོལ་ཏོ།། ཀྱེ་བཅོམ་ལྡན་བཛྲ་ཀཱི་ལ་ཡ།། ལྷ་རྣམས་དགུག་བསྟིམ་བྱད་གཞུག་དེ་ལགས་ན།། རྫས་དྲག་སྔགས་ཀྱི་ནུས་མཐུའི་བྱེ་བྲག་ནི། ། སོ་སོའི་ནུས་མཐུ་བདེ་གཤེགས་བསྟན་དུ་གསོལ།། ཞེས་གསོལ་པ་དང།། བཅོམ་ལྡན་འདས་བཛྲ་ཀཱི་ལ་ཡས་འདི་སྐད་ཅེས་བཀའ་སྩལ་ཏོ།། ཉོན་ཅིག་ཀརྨ་ཧེ་རུ་ཀ། དེ་ཡི་དོན་རྣམས་ངས་བཤད་ཀྱི། ། ཉུང་དཀར་རྒྱལ་པོ་རྫས་དྲག་དོན།། ཉུང་དཀར་ནང་ནས་ཟུར་བཞི་པ།། ཕྲིན་ལས་རྣམ་བཞི་རྫོགས་པའི་རྟགས།། ཕོ་མོ་གཉིས་ཀྱི་ཐོད་པ་རུ།། གོ་རོ་ཙ་ན་མ་བྲལ་བར།། ཐབས་དང་ཤེས་རབ་ཁ་སྦྱར་ལ། ། བྷན་དྷའི་སྤྱི་བོ་བརྟོལ་ལ་ནི།། དེ་ཡི་ནང་དུ་ས་བཞག་ལུད།། མི་རོ་བསྲེགས་པའི་ཐལ་ཆེན་དང།། ཉུང་དཀར་ས་བོན་གསུམ་དུ་སྦལ།། དཀྱིལ་འཁོར་རྣམ་གསུམ་རྩ་བའི་སྔགས།། བསྙེན་པ་ཞག་བདུན་བཟླས་བརྗོད་བྱ། ། བརྒྱ་མཚམས་སྟོང་མཚམས་མཆོད་པ་ཡིས།། ཆུ་ལུད་དུ་ནི་བྲན་བཞིན་དབུལ།། ཏིང་འཛིན་སྔགས་དང་ཕྲིན་ལས་ཀྱིས།། ཁྱད་པར་མཆོད་པ་བདུད་རྩི་དང།། ཕྱག་རྒྱའི་མཆོད་པ་གཞུང་བཞིན་བྱ།། འབྲས་བུ་མ་སྨིན་བར་དུ་དབུལ། ། ཉུང་དཀར་ཁྱད་པར་ཐོབ་པར་འགྱུར།། ཉུང་དཀར་རྒྱལ་པོ་རྫས་དྲག་འདི།། གསང་སྔགས་བརྒྱའམ་སྟོང་ཙམ་དུ།། དམ་བཅས་ལུས་ལ་བཅངས་གྱུར་ན།། ལས་དབང་དག་ཀྱང་བཟློག་འགྱུར་ཅིང། ། བར་ཆད་རྐྱེན་གྱིས་ཚུགས་མི་འགྱུར།། ཡིད་ལ་དྲན་པས་སྨོན་ལམ་བཙན།། རིག་འཛིན་བྱང་ཆུབ་ས་གནོན་ཅིང།། གང་ལ་མངགས་པས་ནུས་མཐུར་འགྱུར།། ཞེས་ཀཱི་ལ་ཡ་གསང་བའི་དགོངས་རྒྱུད་ལས།། ཉུང་དཀར་རྒྱལ་པོའི་ལེའུ་སྟེ་སུམ་ཅུ་གཉིས་པའོ། །།། དེ་ནས་ཡང་ཕྲིན་ལས་ཀྱི་རྒྱལ་པོས།། ཀྱེ་བཅོམ་ལྡན་བཛྲ་ཀཱི་ལ་ཡ།། ཉུང་དཀར་རྫས་དྲག་དེ་ལགས་ན།། གུ་གུལ་སྦྱར་བའི་རྫས་དྲག་ཇི་ལྟར་ལགས། ། ཞེས་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ།། སུན་ཏྲི་ཀ་ཡི་ཐང་ཆུ་དང།། མི་ཁྱི་གཉིས་ཀྱི་དྲི་མ་དང།། སྤྱང་ཀིའི་ལ་དུ་རྟ་ཕུར་མོ།། སྨེ་བ་ལྔ་དང་ཟ་འོག་དང།། འབོབ་ཚངས་མི་གཙང་སྣ་ཚོགས་སྦྱར། ། འབྲང་རུ་གཡས་ཀྱི་ནང་དུ་བླུག། ལམ་པོ་ཆེ་ཡི་བཞིན་མདོ་རུ།། སྦྲ་ནག་ཕུབ་ལ་ཞག་བདུན་དུ།། གསང་སྔགས་བཟླས་ཤིང་མཆོད་པ་འབུལ།། ཁྱད་པར་འཕགས་པའི་དྲི་འབྱུང་སྟེ།། ཁྲོ་བོ་རྣམས་ཀྱིས་སྔོན་བྱུང་དྲན། ། སྒྲུབ་རྫས་སེམས་བསྐྱེད་ཡིད་དྲན་གྱིས།། སྲས་མཆོག་ཁྲོ་བོ་གཟི་མདངས་བསྐྱེད།། བར་གཅོད་རྟེན་དང་དབྲལ་བར་འགྱུར།། རྣལ་འབྱོར་དམིགས་པ་གྲུབ་པའི་རྫས།། ཀཱི་ལ་ཡ་གསང་བའི་དགོངས་རྒྱུད་ལས། ། གུ་གུལ་སྦྱར་བ་རྫས་དྲག་གིས་ལེའུ་སྟེ་སུམ་ཅུ་གསུམ་པའོ།།།། དེ་ནས་ཀརྨ་ཧེ་རུ་ཀས། བཅོམ་ལྡན་འདས་བཛྲ་ཀཱི་ལ་ཡ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ཀྱེ་བཅོམ་ལྡན་བཛྲ་ཀཱི་ལ་ཡ།། གུ་གུལ་རྫས་དྲག་དེ་ལགས་ན། ། རཀྟའི་རྫས་དྲག་ཇི་ལྟར་ལགས།། ཞེས་གསོལ་པ་དང།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། མཱུ་ལ་རཀྟ་རྩ་བའི་ཁྲག། རྡོ་ཤིང་རྩི་ཐོག་དམར་པོ་བརྒྱ།། པདྨ་རཀྟ་ལྔ་བརྒྱ་དང། ། བསྒྲལ་བའི་མ་ཧཱ་རཀྟ་སྟོང།། ན་ཆུང་མཚན་དང་ལྡན་པ་ཡི།། བྷནྡྷའི་ནང་དུ་རྫས་བླུག་ལ།། མཚན་ལྡན་གཞོན་ནུའི་པདྨས་བཅད།། བསྙེན་པ་ཞག་བདུན་བར་དུ་ནི།། སྐྱེས་པ་དར་མའི་རྡོ་རྗེ་ཡིས།། དཀྲུག་ཅིང་གསང་སྔགས་རྒྱུན་དུ་བཟླས། ། འབྲུ་བཅུད་བདུད་རྩིའི་མཆོད་པ་འབུལ།། རཀྟ་ཁོལ་བའི་རྟགས་འབྱུང་སྟེ།། རྣལ་འབྱོར་རྣམས་ལ་རྒྱས་བཏབ་ན།། དངོས་གྲུབ་མྱུར་དུ་ཐོབ་པར་འགྱུར།། ལྷ་སྲིན་རྣམས་ཀྱང་བྲན་དུ་ཁོལ། ། མ་མོ་མཁའ་འགྲོ་དབང་དུ་སྡུད།། དངོས་གྲུབ་སྒྲུབ་ལ་བར་མི་གཅོད།། སྲས་མཆོག་རྣམས་ཀྱང་དེ་བཞིན་དུ།། ཐུགས་དམ་རྗེས་དྲན་གཟི་མདངས་བསྐྱེད།། གང་ལ་ནུས་མཐུ་མཐར་ཕྱིན་པའོ།། དབང་དུ་བསྡུས་པའི་རྫས་དྲག་སྟེ། ། གང་ལ་དམིགས་པ་འགུགས་པར་བྱེད།། ཀཱི་ལ་ཡ་གསང་བའི་དགོངས་རྒྱུད་ལས། རཀྟ་རྫས་དྲག་གི་ལེའུ་སྟེ་སུམ་ཅུ་བཞི་པའོ།།།། དེ་ནས་ཡང་ཀརྨ་ཧེ་རུ་ཀས། བཅོམ་ལྡན་འདས་བཛྲ་ཀཱི་ལ་ཡ་ལ་འདི་སྐད་ཅེས་གསོལ་ཏོ། ། ཀྱེ་བཅོམ་ལྡན་བཛྲ་ཀཱི་ལ་ཡ།། དཀྱིལ་འཁོར་རྣམ་པ་གསུམ་པོ་ལ།། ཕྱི་ནང་མཎྜལ་གསུམ་གྱི་དོན།། འདི་ཡི་དོན་རྣམས་ཇི་ལྟར་ལགས།། ཞེས་གསོལ་པ་དང།། བཅོམ་ལྡན་འདས་བཛྲ་ཀཱི་ལ་ཡས་འདི་སྐད་ཅེས་བཀའ་སྩལ་ཏོ། ། རྣལ་འབྱོར་རྗེས་སུ་འཇུག་པ་རྣམས།། བྱིན་རླབ་གཞུང་བཞིན་གོང་ནས་འབྱུང།། གཟུགས་བརྙན་དཀྱིལ་འཁོར་གཞུང་བཞིན་བྲྀ།། ཕུར་པ་བཅུ་གཅིག་སོ་སོ་ཡི།། ལོགས་ལ་ཐུགས་ཀྱི་སྙིང་པོ་བྲི། ། དཔལ་ལ་ཕྲིན་ལས་གསང་སྔགས་བྲི།། སྔགས་དང་ཏིང་འཛིན་ཕྲིན་ལས་ཀྱི།། རྫས་དྲག་གསུམ་གྱིས་བྱིན་གྱིས་བརླབ།། སོ་སོའི་གནས་ནས་བཀོད་ལ་ནི།། སྤྱན་དྲང་མཆོད་བསྟོད་གཉིས་མེད་བསྟིམ། ། རྟགས་དང་དངོས་གྲུབ་ནོད་པའི་ཕྱིར།། འདི་རྣམས་སྒྲུབ་ཕུར་དམ་པ་ཡིན།། ཕུར་པ་ཉི་ཤུ་གོང་བཞིན་དུ།། ལོགས་དང་དབལ་ལ་སྙིང་པོ་བྲི།། སྔགས་དང་ཏིང་འཛིན་རྫས་དྲག་གསུམ།། བྱིན་བརླབ་སོ་སོའི་གནས་སུ་དགོད། ། བྲན་དང་ཕོ་ཉ་དེ་བཞིན་དུ།། གོང་དུ་མངགས་པར་འགྲོ་བའི་ཕྱིར།། འདི་རྣམས་མངག་ཕུར་དམ་པ་ཡིན།། སེང་ལྡེང་ཕུར་པ་སོར་བརྒྱད་ལ།། ལོགས་ལ་བཛྲ་གུ་ཡ་མནྟྲ་བྲི།། དཔལ་ལ་ཀརྨ་གུ་ཡ་མནྟྲ་བྲི། ། ཐུགས་ཀྱི་སྲས་མཆོག་དངོས་ལ་བསྟིམ།། མཚན་དང་ལྡན་པའི་བྷནྡྷ་རུ།། གྲུ་གསུམ་ཁ་རུ་བཞུགས་སུ་གསོལ།། ཏིང་འཛིན་སྔགས་དང་རྫས་དྲག་གསུམ།། འོག་མིན་གནས་ནས་སྤྱན་དྲང་བསྟིམ།། རྒྱུན་དུ་བསྙེན་པ་འབྲལ་མི་བྱ། ། སྐུ་གསུང་ཐུགས་སུ་རྟག་པར་བསྙཻན།། འདི་ནི་བསྙེན་ཕུར་དམ་པ་ཡིན།། གཞན་ཡང་རྩ་གཅིག་རྩ་བརྒྱད་དམ།། སྔགས་དང་ཏིང་འཛིན་སྙིང་པོ་བྲི།། གོང་བཞིན་གྲུ་གསུམ་མཁའ་ལ་དགོད།། ལོག་པར་བལྟ་བའི་ཉམས་པ་ལ། ། ཐུགས་རྗེ་དབྱེར་མེད་འདེབས་པའི་ཕྱིར།། འདི་ནི་གདབ་ཕུར་དམ་པ་ཡིན།། དཀྱིལ་འཁོར་རྣམ་གསུམ་དེ་བཞིན་ལ།། བདག་གི་ཐུགས་ཀའི་འོད་ཟེར་བསྐུལ།། སྔོན་གྱི་ཐུགས་དམ་རྗེས་དྲན་ཏེ། ། རྔམ་པའི་ཚུལ་གྱིས་སྤྱན་དྲངས་ནས།། དཀྱིལ་འཁོར་རྣམ་གསུམ་གཉིས་མེད་བསྟིམ།། ཕྱི་ནང་གསང་བའི་མཆོད་བསྟོད་ནས།། ཏིང་འཛིན་མི་གཏོང་ཡུན་དུ་བསྲིངས།། སྐྱོ་ངལ་མེད་ན་སངས་རྒྱས་ཡིན། ། སྔགས་དང་སྨོན་ལམ་མཐུ་བྱིན་ཆེ།། ལས་དང་བྱ་བ་གདོན་མི་ཟ།། ངེས་པར་བརྩམས་པས་ཅི་འདོད་འགྲུབ།། དངོས་གྲུབ་རྣམ་གཉིས་ཐོབ་པར་འགྱུར།། སྐུ་གསུང་ཐུགས་ཀྱི་དངོས་གྲུབ་འདི།། མ་བྱིན་པར་ཡང་རྒྱུན་དུ་བླང། ། རྡོ་རྗེ་གཞོན་ནུའི་རིག་འཛིན་ཡིན།། ཕྱི་ཡི་དཀྱིལ་འཁོར་རྣམ་གསུམ་དམ་པའི་མཆོག། ནང་གི་དཀྱིལ་འཁོར་རྣམ་གསུམ་ནི།། རྣལ་འབྱོར་རྗེས་སུ་འཇུག་པ་རྣམས།། དང་པོ་ཀུན་གཞི་སྟོང་པ་ཉིད་ཀྱི་ལུང། ། གཉིས་པས་འགྲོ་དོན་རྒྱུ་འབྲས་མཚམས་སྦྱོར་ལུང།། གསུམ་པས་ཡེ་ཤེས་མཚོན་པ་རྒྱུ་ཡི་ལུང།། དེ་རྗེས་ཡེ་ཤེས་རྟོག་པ་གཞིལ་བའི་ལུང།། སྣང་སྲིད་དཀྱིལ་འཁོར་རྣམ་གསུམ་གཏན་ལ་དབབ།། བདག་གིས་བསྐྱེད་པའི་དཀྱིལ་འཁོར་རྣམ་གསུམ་དང། ། རང་བཞིན་དཀྱིལ་འཁོར་རྣམ་གསུམ་སྤྱན་དྲངས་ནས།། སྔགས་དང་ཏིང་འཛིན་གཉིས་སུ་མེད་པར་བསྟིམ།། ཕྱི་ནང་གསང་བའི་མཆོད་པ་རྒྱུན་དུ་འབུལ།། བཟླས་བརྗོད་བསྙེན་པ་རྒྱུན་དུ་དྲང། ། སྣང་སྲིད་དཀྱིལ་འཁོར་རྣམ་གསུམ་ཡང།། གཙོ་བོའི་དབྱིངས་སུ་ཡེ་ནས་གཅིག། སོ་སོ་མ་ཡིན་གཉིས་སུ་མེད།། དེ་བཞིན་གཞུང་བྱེད་རྣལ་འབྱོར་ཡིན།། དེ་ལས་ལྡོག་མེད་སངས་རྒྱས་ཡིན། ། ནང་གི་དཀྱིལ་འཁོར་རྣམ་གསུམ་དམ་པའོ།། ཀཱི་ལ་ཡ་གསང་བའི་དགོངས་རྒྱུད་ལས། ཕྱི་ནང་གི་དཀྱིལ་འཁོར་རྣམ་གསུམ་གྱི་ལེའུ་སྟེ་སུམ་ཅུ་སོ་ལྔ་པའོ།།།། དེ་ནས་ཀརྨ་ཧེ་རུ་ཀས། བཅོམ་ལྡན་འདས་བཛྲ་ཀཱི་ལ་ཡ་ལ་འདི་སྐད་ཅེས་གསོལ་ཏོ། ། ཀྱེ་བཅོམ་ལྡན་བཛྲ་ཀཱི་ལ་ཡ།། རྣལ་འབྱོར་གང་ཞིག་དངོས་གྲུབ་མྱུར་འདོད་པས།། ནང་རྟོགས་ནུབ་ཏུ་སྐུ་གསུང་ཐུགས་ཀྱི་དོན།། གསང་བའི་དཀྱིལ་འཁོར་རྣམ་གསུམ་དོན་ཅི་ལགས། ། ཞེས་གསོལ་པས།། བཅོམ་ལྡན་འདས་བཛྲ་ཀཱི་ལ་ཡས།། འདི་སྐད་ཅེས་བཀའ་སྩལ་ཏོ།། རྣལ་འབྱོར་རྗེས་སུ་འཇུག་པ་རྣམས།། ནང་རྟོགས་ནུབ་ཏུ་སྐུ་གསུང་ཐུགས་ཀྱི་དོན།། གསང་བའི་དཀྱིལ་འཁོར་རྣམ་གསུམ་ངས་བསྟན་གྱི། ། ལོག་པར་མ་གཡེལ་དོན་ལ་གུས་པར་ཉོན།། དང་པོར་ཤེས་རབ་རྣམ་གསུམ་གྱིས།། གཏན་ཚིགས་གཏན་ལ་མ་ཕེབས་པར།། རང་བཞིན་མེད་པར་མི་ཤེས་པས།། དངོས་པོ་མཚན་མའི་ཆོས་བཟུང་ནས། ། ཐེག་ཆེན་ཁྲོ་བོའི་རྒྱལ་པོ་ཟེར།། དོན་དམ་ཟབ་མོ་རྒྱབ་ཏུ་བོར།། གསང་སྔགས་ཟབ་མོའི་དོན་ལ་བོན་དུ་གྱེར།། སྤྱོད་པ་འབའ་བརླང་དང་དུ་བླངས།། གཏི་མུག་དབང་བཙན་རྒྱུ་འབྲས་དོན་མ་རྟོགས། ། ང་རྒྱང་དབང་གིས་རློམ་སེམས་ཆེན་པོ་བསྐྱེད།། ཕྲག་དོག་དབང་གིས་བདག་བསྟོད་གཞན་སྨོད་བྱེད།། འདོད་ཆགས་དབང་གིས་སླུས་འདེབས་ཁྲེལ་འཛེམ་མེད།། ཞེ་སྡང་དབང་གིས་ཁྲོ་བོའི་དཀྱིལ་འཁོར་བསྐྱེད། ། རྒྱུད་དང་སྒྲུབ་ཐབས་མན་ངག་བློར་མ་ཞན།། རས་ཆོད་ཐོད་རྒལ་ཚོགས་ཀྱི་དཔོན་བྱས་ནས།། ཚོགས་འདུས་རྫས་ལ་མི་ཡིན་མཆོད་རྫས་བསྒྲལ་བ་ཞེས། བསྒྲལ་བ་དེ་ལ་ཕན་ཞེས་པཱུ་ཛ་ཁཱ་ཧི། ། ལོང་བས་ལོང་བ་ཁྲིད་པས་ངམ་གྲོག་གཡང་སར་ལྷུང།། རྣམ་སྨིན་ཟློག་པར་དཀའ་བ་སྙིང་རེ་རྗེ།། དེ་ལྟར་དེ་བཞིན་རྣལ་འབྱོར་དེ་མ་ཡིན།། གབ་སྦས་གུ་རུའི་གདམས་ངག་མེད་པ་རུ།། བཀའ་རྐུན་བཀའ་འཁྱལ་དཀྲུག་ཅིང་དམ་མི་བསྲུང། ། གཡོ་སྒྱུ་ཚུལ་འཆོས་བྱེད་པས་ཡོད་ཚུལ་སྟོན།། བསོད་ནམས་ཆེ་བ་དག་ལ་ཁུངས་ཕྱུང་ནས།། ཕ་རོལ་འདྲེན་ལ་བསླུས་འདེབས་ལོག་པའི་ཆོས།། རང་ལ་ཡིད་ཆེས་མེད་པར་སྒྲུབ་གཞུང་ཕར་ལ་སྟོན། ། བསྒྲུབས་ཀྱང་མགོ་འཁོར་དོན་མེད་ས་བོན་བསྲེགས།། རླན་ལ་མེ་བཙལ་མེ་ཉིད་སོས་མི་འགྱུར།། དེ་ལྟར་དེ་བཞིན་རྣལ་འབྱོར་དེ་མ་ཡིན།། ཚིག་གི་ཐེག་ཆེན་དོན་དུ་མི་སྤྱོད་པར།། ཚོགས་སོགས་ཕྲ་མོ་རྣམས་ལ་སུན་འབྱིན་སྐུར་བ་འདེབས། ། སྔ་རབས་འདས་པའི་བདེ་བར་གཤེགས་པ་ཡང།། དང་པོར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས།། བར་དུ་ཚོགས་བསགས་ཐ་མར་མངོན་སངས་རྒྱས།། འདབ་ཅན་རྗེས་སུ་འདབ་མེད་མཁའ་ལ་འཕྱོ་འདོད་པས། ། ནུས་པའི་མཐུ་མེད་གཡང་ལ་ལྟུང་བར་འགྱུར།། དེ་ལྟར་དེ་བཞིན་རྣལ་འབྱོར་དེ་མ་ཡིན།། གསང་སྔགས་ཐེག་ཆེན་ཉིད་ལ་རིག་པའི་རྒྱུན་བཅད་ནས།། ཐེག་པ་འོག་མའི་ཆོས་ལ་ས་ཟིན་འཐས། ། དེ་ལ་གསང་བ་བཤད་ན་སྐུར་འདེབས་དད་མི་སྐྱེ།། རྣམ་སྨིན་དབང་གིས་ཐེག་ཆེན་འཕྲད་མི་སྲིད།། བསྐལ་པ་ཆེན་པོར་འབད་རྩོལ་སངས་མི་རྒྱ།། སྣང་སྲིད་ཡེ་ནས་སངས་རྒྱས་ཡིན་པ་ལ།། མི་རྒོད་ལྟ་བུར་ལྕགས་སྒྲོག་བཅུག་པས་བསྡམས། ། རང་གིས་རང་བཅིངས་འཁོར་རྒྱུ་སྨིན་པའི་ཆོས།། རྫ་བེའུ་སོ་མ་བཏང་བས་རླན་ཕྲད་འཇིག་པའི་ཉན།། དེ་ལྟར་དེ་བཞིན་རྣལ་འབྱོར་དེ་མ་ཡིན།། ཐེག་པ་འོག་མའི་ཆོས་ལ་ལྕེ་སྦྱངས་ནས། ། ལམ་དྲང་རྗེས་ཞུགས་པ་ཡི་རྣལ་འབྱོར་ལ།། སྒྲ་དང་ཚིག་གི་རིག་པ་བཙུད་ནས་ནི།། གསང་སྔགས་ཟབ་མོའི་ཆོས་ལ་སུན་ཕྱུང་ནས།། འབྲས་བུ་རྡོ་རྗེའི་ཆོས་ལ་སྐུར་པ་འདེབས།། གསང་སྔགས་དོན་ལ་མ་བརྟེན་འབྲས་བུ་ཐོབ་ཐབས་མེད། ། བསྐལ་པ་སྟོང་དུ་རང་དོན་ཕྱལ་པར་གཏོང།། རྩོད་པའི་ཚིག་རྒྱལ་རློམ་སེམས་འབྲས་བུ་མེད།། ཞབས་རྡོལ་སྣོད་དུ་བླུགས་ཀྱང་ཆགས་མི་སྲིད།། རྟོག་གེ་བ་དང་མིག་རྣོན་མཁན། ། གསང་སྔགས་དངོས་གྲུབ་སྒྲུབ་པའི་བར་ཆོད་ཡིན།། དེ་ལྟར་དེ་བཞིན་རྣལ་འབྱོར་དེ་མ་ཡིན།། དེ་ལ་གསང་སྔགས་བཤད་ན་ཉམས་ཆེན་ཡིན།། དེ་ལྟར་དེ་བཞིན་རྣལ་འབྱོར་དེ་མ་ཡིན།། ནང་རྟོགས་ནུབ་ནི་སྐུ་གསུང་ཐུགས་ཉིད་ནི། ། རྣལ་འབྱོར་ཆེན་པོ་གདེང་ཆེན་ཟློག་མེད་ཀྱིས།། རྩ་བ་ཡན་ལག་དམ་ཚིག་མ་ཉམས་ངེས་ཐུབ་ན།། དབང་གསུམ་རྫོགས་པས་གཞན་ལ་རེ་མི་འཇོག། རེ་དོགས་གཉིས་དང་བྲལ་བའི་བྱང་སེམས་ཀྱིས། ། བུདྡྷ་རང་ཉིད་གཞན་ནས་བཙལ་དུ་མེད།། ཕུང་པོ་བྷྲཱུཾ་ལས་རིན་ཆེན་གཞལ་ཡས་ཁང།། ཁོག་པ་དུར་ཁྲོད་ཆེན་པོའི་དཀྱིལ་འཁོར་རོ།། རིགས་ལྔ་འདུས་པའི་རྩ་ཆེན་ཙིཏྟ་ནི།། དངས་མ་དག་ནི་ཡེ་ནས་རྡོ་རྗེའི་ཐུགས། ། རྡོ་རྗེ་གཞོན་ནུ་གདོད་ནས་རང་བྱུང་གནས།། སྲོག་དང་མ་བྲལ་ཡེ་ཤེས་སེམས་དཔའི་ཐུགས།། གློ་བ་མ་གཉིས་བུ་གཉིས་བཞི་ལ་ནི།། རྩ་བཞི་དག་ལ་འབྱུང་བའི་དངས་མ་བཞི།། གསང་བའི་ཡུམ་བཞི་གདོད་ནས་རང་བྱུང་གནས། ། སུམ་མདོའི་རྩ་ལ་དེ་བཞིན་རིགས་ཀྱི་དངས།། ཁྲཽ་བོའི་རྒྱལ་པོ་རྣམ་རྒྱལ་རང་བྱུང་གནས།། གཡས་ན་འབད་རྩོལ་བྱང་ཆུབ་སེམས།། གཡོན་ན་ཐོགས་མེད་བྱང་ཆུབ་སེམས། ། མཆིན་པའི་རྩ་ལ་པདྨ་རིགས་ཀྱི་དངས།། ཁྲོ་ཆེན་རྟ་མགྲིན་རང་བྱུང་གནས།། གཡས་ན་གཟེ་མྱུར་བྱང་ཆུབ་སེམས།། གཡོན་ན་གསལ་བཀྲ་བྱང་ཆུབ་སེམས།། མཁྲིས་པའི་རྩ་ལ་ཡོན་ཏན་རིགས་ཀྱི་དངས། ། གཤིན་རྗེའི་གཤེད་པོ་རང་བྱུང་གནས།། གཡས་ན་གཙང་མ་བྱང་ཆུབ་སེམས།། གཡོན་ན་མུན་མཐོང་བྱང་ཆུབ་སེམས།། གསང་བའི་རྩ་ལ་ཕྲིན་ལས་རིགས་ཀྱི་དངས།། བདུད་རྩི་འཁྱིལ་པ་རང་བྱུང་གནས། ། གཡས་ན་གཉེན་པོ་བྱང་ཆུབ་སེམས།། གཡོན་ན་ཤེས་རིག་བྱང་ཆུབ་སེམས།། མཐོང་བྱེད་རྩ་ཡི་དངས་མ་ལ། ཁམས་གསུམ་རྣམ་རྒྱལ་རང་བྱུང་གནས།། གཡས་ན་དཔའ་འདུལ་བྱང་ཆུབ་སེམས།། གཡོན་ན་གསོད་བྱེད་བྱང་ཆུབ་སེམས། ། ཐོས་བྱེད་རྩ་ཡི་དངས་མ་ལ།། དབྱུག་པ་སྔོན་པོ་རང་བྱུང་གནས།། གཡས་ན་གཟི་བརྗིད་བྱང་ཆུབ་སེམས།། གཡོན་ན་རང་རིག་བྱང་ཆུབ་སེམས།། ཚོར་བྱེད་རྩ་ཡི་དངས་མ་ལ།། མི་གཡོ་མགོན་པོ་རང་བྱུང་གནས། ། གཡས་ན་རྔམ་འཇོམས་བྱང་ཆུབ་སེམས།། གཡོན་ན་མི་ཚོར་བྱང་ཆུབ་སེམས།། མྱོང་བྱེད་རྩ་ཡི་དངས་མ་ལ།། ཏ་ཀི་རཱ་ཙ་རང་བྱུང་གནས།། གཡས་ན་རྔམ་མགྱོགས་བྱང་ཆུབ་སེམས། ། གཡོན་ན་སྒྲོལ་བྱེད་བྱང་ཆུབ་སེམས།། འདི་འཇམ་དཔལ་དབྱངས་ཕྲིན་ལས་ཆེ།། ཚངས་པའི་རྩ་ཡི་དངས་མ་ལ།། ཁྲོ་བོ་ཧཱུཾ་ཆེན་རང་བྱུང་གནས།། གཡས་ན་བཏང་སྙོམས་བྱང་ཆུབ་སེམས།། གཡོན་ན་གཡོ་སྒྱུ་བྱང་ཆུབ་སེམས། ། སྲིད་ལེན་རྩ་ཡི་དངས་མ་ལ།། ཁྲོ་བོ་སྟོབས་ཆེན་རང་བྱུང་གནས།། གཡས་ན་གཏུམ་བྱེད་བྱང་ཆུབ་སེམས།། གཡོན་ན་རྐུ་མཁས་བྱང་ཆུབ་སེམས།། རྩ་ཆེན་རྣམས་ཀྱི་དངས་མ་ནི།། ཤ་ཁྲག་རུས་པ་ཆུ་བ་ལེན། ། རིན་ཆེན་གསེར་གྱི་སྦུ་གུའི་ནང།། གསང་བའི་དཀྱིལ་འཁོར་རྣམ་གསུམ་རང་བྱུང་གནས།། མགོ་གཞུག་རྩ་བ་ན་འཛམ་པ་ལ་གཡེངས།། སྲས་མཆོག་ཚོན་གང་གྲངས་མེད་ཀྱིས།། འོད་ཟེར་རྣོ་མྱུར་ཆས་པར་གཏམས། ། གསང་བའི་དཀྱིལ་འཁོར་རང་བྱུང་གནས།། མེ་མདག་བུས་པའི་འདབ་མ་བཞིན།། ལྷམ་མེ་ལྷང་ངེ་འོད་ཟེར་བཅས།། གུ་ཡ་མན་ཏྲའི་སྒྲ་ཆེན་སྒྲོགས།། ཤེལ་གྱི་བུམ་པར་རིན་ཆེན་བཅུག་པ་བཞིན། ། ཕྱི་དང་ནང་མེད་ཀུན་ཏུ་མ་བསྒྲིབས་པར།། སྣང་ལ་རང་བཞིན་མེད་པ་བཞིན་གྱི་གཟུགས།། ད་ལྟར་དེ་བཞིན་རྟོགས་པའི་རྣམ་འབྱོར་དེས།། བདག་མཆོད་ཀུན་མཉེས་ཐམས་ཅད་འགྲངས།། ཀུན་ལ་ཕན་པའི་ཟས་མཆོག་འདི། ། ཐམས་ཅད་གཟའ་ཞིང་བརྒྱན་པར་བྱའོ།། གསོལ་བའི་ཟས་ནི་ཅི་ཡང་རུང།། དང་པོ་རཾ་ཡཾ་ཁཾ་གིས་སྦྱངས།། ཨ་དཀར་འོད་དང་བཅས་པ་ལས།། གཡས་ཕྱོགས་འཁྱིལ་ཞིང་འཁོར་བར་བསམ། ། འོད་ཟེར་དོན་གཉིས་བྱང་ཆུབ་སེམས།། ཡེ་ཤེས་བདུད་རྩི་གཉིས་མེད་བསྟིམ།། ཨ་མྲྀ་ཏ་ཡི་གསང་སྔགས་ཀྱིས།། འོད་ཞུ་བདུད་རྩི་ཆེན་པོར་གྱུར།། ཨཱ+ོཾ་ས་མ་ཡ་ཨ་མྲྀ་ཏ་ཨོཾ་ཨཱཿཧཱུཾ་སྭཱ་ཧཱ།། ཞེས་ལག་པ་ཡེ་ཤེས་ཕྲིན་ལས་ཧོམ་གཟར་གྱིས། ། ཁ་ཡི་ཧོམ་ཁུང་དབྱིངས་ཀྱི་གཞལ་ཡས་སུ།། དབྱིངས་དང་ཡེ་ཤེས་གཉིས་མེད་མཆོད་པ་དབུལ།། མཉམ་པའི་གྲུབ་རྫས་ཡོངས་སུ་དག། བདག་དང་མཉམ་པའི་ཚོགས་ལ་དབུལ། ། ལོངས་སྤྱོད་ལྔ་ལྡན་བདུད་རྩིའི་མཆོག། གཉིས་མེད་ཡོངས་སུ་དག་པར་བསྔོ།། དཀྱིལ་འཁོར་ལ་ཡང་དཀྱིལ་འཁོར་ཐིམ།། ཆོས་ཉིད་ལ་ཡང་ཆོད་ཉིད་ཐིམ།། ཡེ་ཤེས་བདུད་རྩིས་དགྱེས་ཤིང་ཐིམ།། གཉིས་སུ་མེད་པའི་མཆོད་པ་ཡིས། ། སྐུ་གསུང་ཐུགས་སུ་རྣམ་པར་དག། དམན་པའི་ཟས་ལ་བཟའ་མི་བྱ།། དེ་ལ་ལྡོག་མེད་མ་གཡེལ་ན།། ནང་རྟོགས་ནུབ་ནི་སྐུ་གསུང་ཐུགས།། དངོས་གྲུབ་ཆེན་པོའི་མཚན་ཆེན་པོ།། ཕ་རོལ་སྐྱེ་བ་ལེན་པ་པོར། ། གསང་སྔགས་ཏིང་འཛིན་མ་གཡེངས་ན།། སྐུ་དང་གདུང་དང་འོད་དང་སྒྲ།། དོན་གྱི་རྟགས་དང་མཚན་མ་ཡང།། སངས་རྒྱས་རྟགས་རྣམས་དུས་སུ་འབྱུང།། གསང་བའི་དཀྱིལ་འཁོར་དམ་པ་ཡིན། ། གཞན་ཡང་གསོལ་བའི་ལྷག་མ་ལ།། དང་པོ་སྦྱང་སྤེལ་གོང་བཞིན་དུ།། ཀུ་མཱ་ར་ཉིད་གསལ་བསྒོམས་ལ།། སྣང་སྲིད་དཀྱིལ་འཁོར་རྣམ་གསུམ་དུ།། ཏིང་འཛིན་སྔགས་ཀྱིས་རིམ་བཞིན་བསྐྱེད།། ཡེ་ཤེས་འོད་ཟེར་བསྐུལ་བས་ནི། ། ངམས་པའི་ཚུལ་གྱིས་སྤྱན་དྲངས་ནས།། གསང་བའི་སྔགས་ཀྱིས་གཉིས་མེད་བསྟིམ།། བྲན་དང་ཕོ་ཉ་དེ་བཞིན་དུ།། རང་རང་སྙིང་པོས་སྤྱན་དྲངས་ནས།། བདུད་རྩི་གཏོར་མ་དབུལ་བར་བྱ། ། དབུལ་བའི་གསང་སྔགས་རབ་བརྗོད་པས།། བདུད་རྩི་རྣམ་གསུམ་ཚིམ་པར་བསམ།། མཐིང་ནག་གྲུ་གསུམ་འབར་བའི་མཎྜལ་ན།། བཅོམ་ལྡན་རྡོ་རྗེ་གཞོན་ནུ་ཡབ་ཡུམ་དང།། ཕྱོགས་བཅུ་ཁྲོ་རྒྱལ་ཡབ་ཡུམ་སྲས་མཆོག་ཟ་བྱེད་ཚོགས། ། འཁོར་གྱི་དམ་ཅན་བྲན་དང་ཕོ་ཉ་ཚོགས།། དམ་རྫས་བདུད་རྩིའི་གཏོར་མ་འདི་འབུལ་བས།། བར་ཆད་མེད་ཅིང་གནོད་པ་ཞི་བ་དང།། ལས་ཀྱི་འབྲས་བུ་བསམ་པ་འགྲུབ་པར་མཛོད།། དངོས་གྲུབ་རྣམ་གཉིས་ཚོགས་གཉིས་རྫོགས་གྱུར་ཅིག། བདེ་བར་གཤེགས་སོ་གཏན་དུ་མ་ལགས་པར།། ཐུགས་རྗེ་འགྲོ་དོན་རྩེ་གཅིག་མཛད་པར་ཧཱུཾ། དངོས་གྲུབ་ཐོབ་པར་སྐད་ཅིག་མི་དམིགས་སམ།། རྣལ་འབྱོར་གང་ཞིག་ཚེ་རིང་འདོད་པ་དང། ། ན་ཉུང་གནོད་པ་ཞི་ཞིང་ལན་ཆགས་ཁྱེར་བར་འདོད།། ཕས་གྱི་རྒོལ་བ་ཚར་གཅོད་གནོད་པ་ཞི་བ་དང།། ལོངས་སྤྱོད་འབྱོར་པ་འཕེལ་ཞིང་བསམ་པ་འགྲུབ་པ་དང།། བར་ཆད་མེད་པར་དངོས་གྲུབ་རྣམ་གཉིས་ཐོབ། ། ལེ་ལོ་མེད་པར་བརྩོན་པས་ཚོགས་གཉིས་རྫོགས་པར་འགྱུར།། ཞི་རྒྱས་དབང་དང་མངོན་སྤྱོད་དང།། དགྲ་བགེགས་བསྐྲད་དང་དགུག་པ་དང།། དེ་ལྟར་དེ་བཞིན་རྣལ་འབྱོར་དེས། ། ཐོགས་པ་མེད་པར་ཐམས་ཅད་འགྲུབ།། ཀཱི་ལ་ཡ་གསང་བའི་དགོངས་རྒྱུད་ལས། རྒྱུན་གྱི་ཏིང་ངེ་འཛིན་གསང་བའི་དཀྱིལ་འཁོར་རྣམ་གསུམ་གྱི་ལེའུ་སྟེ་སུམ་ཅུ་དྲུག་པའོ།།།། དེ་ནས་ཡང་ཀརྨ་ཧེ་རུ་ཀས། བཅོམ་ལྡན་འདས་བཛྲ་ཀཱི་ལ་ཡ་ལ་འདི་སྐད་ཅེས་གསོལ་ཏོ།། ཀྱེ་བཅོམ་ལྡན་བཛྲ་ཀཱི་ལ་ཡ།། བསྐུལ་བ་ལས་ཀྱི་གསང་སྔགས་ལ།། ཡོན་ཏན་ཉི་ཤུ་གཅིག་རྫོགས་པ།། དེ་ཡི་དོན་རྣམས་ཇི་ལྟར་ལགས།། བདེ་བར་གཤེགས་པས་ལུང་བསྟན་དུ་གསོལ། ། ཞེས་གསོལ་པ་དང།། བཅོམ་ལྡན་འདས་བཛྲ་ཀཱི་ལ་ཡས་འདི་སྐད་ཅེས་བཀའ་སྩལ་ཏོ།། ཉོན་ཅིག་ཀརྨ་ཧེ་རུ་ཀ། རྣལ་འབྱོར་རྗེས་སུ་འཇུག་པ་ལ།། དེ་ཡི་གསང་དོན་ངས་བསྟན་གྱི། ། བཛྲ་གུ་ཡ་མནྟྲ་ལ།། གི་ཏི་ཝ་ཏི་དྷ་ར་ཡ།། ཀརྨ་གྷུ་ཡ་མནྟྲ་སྦྱར།། གསུམ་པ་མངོན་སྤྱོད་མ་ར་དགུག། འགུག་བྱེད་མན་ངག་ཀློང་དུ་སྦྱར།། འགུག་པ་དག་ཀྱང་ཐོགས་པ་མེད།། བཛྲ་གྷུ་ཡ་མནྟྲ་ལ།། ཙིཏྟ་ས་མ་དྷ་ར་ཡ། ། ཀརྨ་གུ་ཡ་མནྟྲ་སྦྱར།། དངས་མ་གནས་ཀྱི་དྷཱ་ར་ཡ།། བཛྲ་གྷུ་ཡ་མནྟྲ་ལ།། ཏ་སུ་ཀོ་ར་དྷ་ར་ཡ།། ཀརྨ་གུ་ཡ་མནྟྲ་ལ།། དབུགས་ཀྱི་དངས་མ་དྷ་ར་ཡ།། བཛྲ་གྷུ་ཡ་མནྟྲ་ལ།། གི་རྟི་ཝི་ཏི་དྷ་ར་ཡ།། ཀརྨ་གུ་ཡ་མནྟྲ་སྦྱར། ། འོད་ཀྱི་དངས་མ་དྷ་ར་ཡ།། བཛྲ་གྷུ་ཡ་མནྟྲ་ལ།། ཀུ་སཱ་ལ་ཧི་དྷ་ར་ཡ།། ཀརྨ་གུ་ཡ་མནྟྲ་སྦྱར།། ཁྲག་གི་དངས་མ་དྷ་ར་ཡ།། བཛྲ་གྷུ་ཡ་མནྟྲ་ལ།། ཀུ་ལི་ཁད་དེ་དྷ་ར་ཡ།། ཀརྨ་གྷུ་ཡ་མནྟྲ་སྦྱར།། དྲོད་ཀྱི་དངས་མ་དྷ་ར་ཡ། ། བཛྲ་གྷུ་ཡ་མནྟྲ་ལ།། སུ་ཏྲི་ཀུ་ཏེ་ཤ་དྷ་ར་ཡ།། ཀརྨ་གྷུ་ཡ་མནྟྲ་སྦྱར།། འབྱུང་བའི་དངས་མ་དྷ་ར་ཡ།། བཛྲ་གྷུ་ཡ་མནྟྲ་ལ།། ལོ་མ་བུ་ཧི་དྷ་ར་ཡ།། ཀརྨ་གྷུ་ཡ་མནྟྲ་སྦྱར།། དབང་དུ་སྡུད་པ་དྷ་ར་ཡ།། བཛྲ་གུ་ཧྱ་མནྟྲ་ལ། ། སེ་འབྲུ་ར་ཤི་དྷ་ར་ཡ།། ཀརྨ་གུ་ཧྱ་མནྟྲ་སྦྱར།། དགུག་པ་མི་འཆོར་དྷ་ར་ཡ།། བཛྲ་གྷུ་ཡ་མནྟྲ་ལ།། ཀ་པ་ལ་དྷ་ར་ཡ།། ཀརྨ་གྷུ་ཡ་མནྟྲ་སྦྱར།། དབང་པོ་འདུ་རྟེན་དྷ་ར་ཡ།། བཛྲ་གུཧྱ་མནྟྲ་ལ། གུ་ཧྱ་ནརེ་བུ་དྷ་ར་ཡ། ། ཀརྨ་གུ་ཧྱ་མནྟྲ་སྦྱར།། བསྐྱེད་པར་བྱེད་པ་དྷ་ར་ཡ།། བཛྲ་གུ་ཡ་མནྟྲ་ལ།། ཀརྨ་གུ་ཡ་མནྟྲ་སྦྱར།། བསྐྱེད་པ་བྱེད་དང་རྟེན་འབྲེལ་དྷ་ར་ཡ།། བཛྲ་གུ་ཡ་མནྟྲ་ལ།། ཨུ་པ་ཏི་ཀོ་དྷ་ར་ཡ།། ཀརྨ་གུ་ཡ་མནྟྲ་སྦྱར། ། འཁོར་བ་རྩད་གཅོད་དྷ་ར་ཡ།། བཛྲ་གྷུ་ཡ་མནྟྲ་ལ།། རྟེན་འབྲེལ་ཀརྨ་གྷུ་ཡ་མནྟྲ་ཡིས།། ལྷ་དབྲལ་དག་གི་ཀློང་དང་སྦྱར།། བཛྲ་གྷུ་ཡ་མནྟྲ་ལ།། ཀརྨ་འབེབས་པའི་གུ་ཡ་མནྟྲ་ཡིས།། དགུག་བསྟིམ་དག་གི་ཀློང་དང་སྦྱར། ། བཛྲ་གྷུ་ཡ་མནྟྲ་ལ།། ཀརྨ་བྱད་གཞུག་གུ་ཡ་མནྟྲ་ཡིས།། བཅིང་བ་དག་གི་ཀློང་དང་སྦྱར།། བཛྲ་གྷུ་ཡ་མནྟྲ་ལ།། ཀརྨ་སྨྲ་སྨྱོ་གུ་ཡ་མནྟྲ་ཡིས།། སྨྲ་སྨྱོ་དག་ནི་ཀློང་དང་སྦྱར།། བཛྲ་གྷུ་ཡ་མནྟྲ་ལ། ཀརྨ་གཏོགས་བྱེད་གྷུ་ཡ་མནྟྲ་ཡིས།། གཏོགས་བྱེད་དྲག་པོ་ཀློང་དང་སྦྱར།། བཛྲ་གྷུ་ཡ་མནྟྲ་ལ།། སྟོབ་བྱེད་ཀརྨ་གྷུ་ཡ་མནྟྲ་ཡིས།། སྟོབ་བྱེད་དྲག་པོའི་ཀློང་དང་སྦྱར།། བཛྲ་གུ་ཧྱ་མནྟྲ་ལ།། བྷི་ཧི་ར་དྷེ་ཙོ་ཕྲ་ལི་ཧི་ཏི།། ཀརྨ་དྷ་དྷེ་ཧེ་ཙུ་ན་དྷ་ཧི། ། ཀརྨ་གྷུ་ཡ་མནྟྲ་སརྦ་མཱ་ར་ཡ། ཝི་ཧི་ཝི་ཧཱི་ལི། དེ་དག་ཀློང་དུ་སྦྱར་བ་ཡིས།། ཞག་བདུན་ཞག་བདུན་ཝི་ཧི་ལི་ཝི་ཧི་ལི། ཀློང་དྲུག་དེ་ལྟར་གདོན་མི་ཟ།། ཀ་པ་ལ་གྷུ་ཡ་མནྟྲ་ཡིས།། ཙིཏྟ་དུ་ཧི་དེ་ལ་ཏྲི་ཧཱུཾ། དུན་ཏྲི་ཧ་ཏྲི་མཱ་ར་ཡ། ཞག་ཉི་ཤུ་རྩ་གཅིག་གིས་གདོན་མི་ཟ།། བཛྲ་གྷུ་ཡ་མནྟྲ་ལ། ཀརྨ་གྷུ་ཡ་མནྟྲ། འདུ་ཧི་རི་འདུ་ཧི་རི་ཏ། གཞན་གྱི་རིག་པ་སྦྱོར་བ་ཚུར་ཕྲོག་པ།། ཞག་གསུམ་དག་ན་གདོན་མི་ཟ།། བཛྲ་གུ་ཡ་མནྟྲ་ལ་ཀརྨ་གུ་ཡ་མནྟྲ་འབའ་ཧུ་ལ་དྷྲིམ་པ་ཧུ་ལ་ཧྲིམ། གུ་ཡ་མནྟྲ་སྟོང་གིས་ནི།། ཏྲི་དྷི་ལམ་ཏྲི་ཧྲི་ལ་མ།། མཱ་ར་ཡ་སྲེག་པར་འགྱུར་རོ།། བཛྲ་གྷུ་ཡ་མནྟྲ་ལ།། ཀརྨ་གུ་ཡ་མནྟྲ་ལ་མ་ལུ་ཧྲི་ནི་ཏི་ཧཱུཾ་ཧཱུཾ། ཉི་ཤུ་རྩ་གཅིག་མནྟྲ་ཡིས།། བྷི་ཏ་ཧྲི་བྷི་ཏ་རི། ། ཕྱིས་ཀྱི་རྒྱུད་གཅོད་གདོན་མི་ཟ།། ཧཱུཾ་ཧཱུཾ་ཧཱུཾ། བཛྲ་གུ་ཡ་མནྟྲ།། ཀརྨ་གུ་ཡ་མནྟྲ་ཀ་པ་ཙ།། ལན་གསུམ་བརྗོད་པས་གདོན་མི་ཟ།། ཕཊ་ཕཊ་ཕཊ། ཛ་བི་ཏ། མོད་ལ་སྲོག་འཕྲོག་པར་འགྱུར། བྷུ་ཛ་དྷོ་བི་བ་དྷོ། དགྱེས་པར་དོན་གྲུབ་པའོ།། ཧཱུཾ་ཕཊ་གྲྀ་བ་ས་མ་ཡ། ཀརྨ་གྷུ་ཡ་མནྟྲ། ཨོཾ་ལཾ་ཛྷ་བིདྷ་ར་ཡ། ཧཱུཾ་ལཾ་བཛྲ་མ་ཏི་ཛ། སྟྭམ་བྷ་ནན། རེངས་པར་འགྱུར་བར་གདོན་མི་ཟ།། མོ་ཧ་གྷ་ཡ་མཱ་ར་ཏུ་དྷ་ར་ཡ། མྱུར་བར་སྦྱར་བའོ། བྷ་གྷ་ཝཱན་ད་ཐིམ་མ།། མྱུར་བར་བཀའ་བསྒོ་བའོ།། ཧྲཱི་ཥྟཱྀ་ཝི་ཀྲི་ཤི་ཧི་གུང་བ། ཤྲཱི་བཛྲ་ཧཱུཾ་ཀ་ར། ཕུར་པ་འདུ་ཝི་ར་དྷི་འདུ་ཝི་རི་དྷ། དེ་ལ་སེམས་ཅན་ཐམས་ཅད་ཀྱི་ཚེ་ནི་སྲོག་ཡིན། སྲོག་གི་དབང་པོ་ནི་དངས་མ་ཡིན། ། དངས་མ་ནི་དབུགས་སོ།། དབུགས་ནི་གནད་བདུན་ནོ།། དེ་ནི་གཞིའོ།། དེ་རྣམས་ཀྱི་རྟ་ནི་དབུགས་སོ།། དབུགས་ཀྱི་རྟ་ནི་ཁྲག་ཡིན། ཁྲག་གི་རྟ་ནི་རྩའོ།། རྩ་ཐམས་ཅད་གཞི་ནི་སྙིང་ངོ།། སྙིང་གི་སྙིང་པོ་དངས་མ་བདུན་ནོ། ། གུ་ཡ་མནྟྲ་བཛྲ་ཀརྨ་མནྟྲ་བྷ་ཧུ་དྷ་ལ་དེ་ཧེ།། ཧུ་ཧྱ་མནྟྲ་ཚེ་ཡི་དངས་མ་དྷ་ར་ཡ། གུ་ཡ་མནྟྲ་སྲོག་གི་དངས་མ་དྷ་ར་ཡ། གུ་ཡ་མནྟྲ་དབུགས་ཀྱི་དངས་མ་དྷ་ར་ཡ། གུ་ཡ་མནྟྲ་འོད་ཀྱི་དངས་མ་དྷ་ར་ཡ། ། གུ་ཡ་མནྟྲ་ཁྲག་གི་དངས་མ་དྷ་ར་ཡ། གུ་ཡ་མནྟྲ་རྩ་ཡི་དངས་མ་དྷ་ར་ཡ། གྷུ་ཡ་མནྟྲ་འབྱུང་བའི་དངས་མ་དྷ་ར་ཡ། བཛྲ་གྷུ་ཡ་མནྟྲ་ལ། ཀརྨ་གྷུ་ཡ་མནྟྲ་སྦྱར།། གསང་སྔགས་ཡོན་ཏན་ཉི་ཤུ་གཅིག་རྫོགས་པས།། དངས་མ་བདུན་ལ་སྦྱོར་བ་མེས། ། ཞག་གསུམ་དག་གིས་གཟས་པ་འཇིག། ཀ་བ་ཙ་ས་ལུས་ངག་ཡིད་ཏྲི་དྷ་ར་ཡ། སེས་ནི་དྷ་ར་ཡ། ནས་ནི་དྷ་ར་ཡ། སྲས་ནི་དྷ་ར་ཡ། མར་གྱིས་ནི་དྷ་ར་ཡ། རྡས་ཀྱིས་རྡ་ར་ཡ། སྦྱོར་བ་གསུམ་གྱི་དྷ་ར་ཡ། སྒྲ་ཡི་ཡི་གེ་བཅུ་དྲུག་གིས། ཛྭ་ལ་རཾ་ཝི་ཧི་ལི། ཞག་བདུན་གྱིས་ནི་དྷ་ར་ཡ།། སྒྲ་ཡི་ཡི་གེ་དགུ་དག་གིས། དོན་གསུམ་དུ་ནི་ཤེས་པར་བྱ།། སྒྲ་ཡི་ཡི་གེ་བཅུ་གཅིག་གིས།། མནན་ཕུར་གྱིས་ནི་དྷ་ར་ཡ། བཅུ་དྲུག་དག་གིས་ནི། བཛྲ་ཡཀྴ་ཀྲོ་ཏ་ཁཱ་ཧི་ནི་དྷ་ར་ཡ། ཛྭ་ལ་རཾ་ཝི་ཧི་ལཾ། བཅུ་དྲུག་དག་གི་ནི་དང་སྦྱར་ཏེ། མུ་ཀ་ཧེ་ཡི་ཚོགས་རྣམས། ཛྭ་ལ་རཾ་བཛྲ་ཡཀྴ་ཀྲོ་དྷ་ཁཱ་ཧི་ནི་དྷ་ར་ཡ། ཡི་གེ་དྲུག་པའི་བྱིན་བརླབས་སྙིང་པོ་ཉི་ཤུ་གཅིག་གིས་འཕང་པ་དྷ་ར་ཡ། གནན་པ་དྷ་ར་ཡ། གདབ་པ་རྣམས་ཏྲི་ཨ་ས་ད་དུ་ལས་དྷ་རུ་དྷ་ར་ཡ། ཀཱི་ལ་ཡ་གསང་བའི་དགོངས་རྒྱུད་ལས། བསྐུལ་བ་ལས་ཀྱི་གསང་སྔགས་ཀྱི་ལེའུ་སྟེ་སུམ་ཅུ་བདུན་པའོ། །།། དེ་ནས་ཡང་ཀརྨ་ཧེ་རུ་ཀས། བཅོམ་ལྡན་འདས་བཛྲ་ཀཱི་ལ་ཡ་ལ་འདི་སྐད་ཅེས་གསོལ་ཏོ།། ཀྱེ་བཅོམ་ལྡན་བཛྲ་ཀཱི་ལ་ཡ།། ཕྲིན་ལས་གསང་སྔགས་དེ་ལགས་ན།། དྲག་པོ་ཧོམ་ནག་གིས་ནརྀ་ཏྲི་བསྲེགས་པ་ཇི་ལྟར་ལགས། ལུང་བསྟན་དུ་གསོལ་ཞེས་པ་དང། བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ།། རྣལ་འབྱོར་རྗེས་སུ་འཇུག་པ་ལ།། དེ་ཡི་དོན་རྣམས་ངས་བཤད་ཀྱི།། སྟོང་གསུམ་ཡེ་ཤེས་གཞལ་ཡས་ཁང། ། ཡེ་ཤེས་མེ་དཔུང་དབྱིངས་ནས་བཞེངས།། མེ་ཡི་སྙིང་པོ་སྐུ་དང་ཕྱག་རྒྱར་གསལ།། དཀྱིལ་འཁོར་རྣམ་གསུམ་མེ་སྐུ་དམར་པོ་ལ།། མེ་ཞལ་དམར་པོ་ཆོས་ཉིད་ཆེན་པོར་བརྡལ།། མེ་སོ་དམར་པོ་མི་མཐུན་ཕྱོགས་ལ་གཙིགས། ། མེ་མིག་དམར་པོ་རྡུལ་གྱི་ཆ་དང་མཉམ།། མེ་ལག་དམར་པོ་ནམ་མཁའ་ཁྱབ་པ་ལ།། མེ་ཕུར་དམར་པོ་སྲིད་པ་གསུམ་ལ་འདེབས།། མེ་ཞལ་དམར་པོ་སྟོང་གསུམ་ཁྱབ་པ་ལ།། མེ་དཔུང་འབར་བས་འཁོར་བ་དབྱིངས་སུ་བསྲེག། མེ་སྐད་འབར་བ་འུར་འུར་ཆེམས་ཆེམས་སྒྲོག། ཐམས་ཅད་མ་ལུས་ཡེ་ཤེས་རྡོ་རྗེའི་མེ།། རྡོ་རྗེ་མེ་དཔུང་འབར་བ་ལ།། ལུས་ངག་ཡིད་གསུམ་བག་ཆགས་བསྲེག། རྡོ་རྗེ་ས་ཡི་མི་ནི་དཀར་ནག་འབར། ། ཞེ་སྡང་འཁོར་བའི་ཤ་རུས་བསྲེག་པར་བྱའོ།། རྡོ་རྗེ་ཆུ་ཡི་མེ་ནི་སྔོ་ནག་འབར།། ང་རྒྱལ་འཁོར་བའི་ཁྲག་ནི་ཛྭ་ལ་རཾ།། རྡོ་རྗེ་མེ་ཡི་མེ་ནི་དམར་ནག་འབར།། འདོད་ཆགས་འཁོར་བའི་དྲོད་ནི་ཛྭ་ལ་རཾ། ། རྡོ་རྗེ་རླུང་གི་མེ་ནི་ལྗང་ནག་འབར།། ཕྲག་དོག་འཁོར་བའི་དབུགས་ནི་ཛྭ་ལ་རཾ།། རྡོ་རྗེ་ནམ་མཁའི་མེ་ནི་མཐིང་ནག་འབར།། གཏི་མུག་འཁོར་བའི་ཡིད་ནི་ཛྭ་ལ་རཾ།། ཡེ་ཤེས་ཀློང་ཡངས་ཧོམ་ཁུང་དུ།། ཐུགས་རྗེ་འབར་བའི་མེ་སྦར་ནས། ། རས་སམ་གྲོ་ག་ཤིང་ཤུན་ལ།། མཚན་མ་མིང་དུ་བཅས་ནས་བྲི།། དབང་པོ་མངོན་སུམ་བཅས་པ་གཏམ།། ཀློང་དྲུག་དག་གི་དགུག་བསྟིམ་བྱ།། སྟོད་ཀྱི་ཀློང་དང་སྨད་ཀྱི་ཀློང།། འབྲུ་དགུ་དགོངས་དོན་གསུམ་དང་སྦྱར། ། དངོས་གྲུབ་བར་དུ་གཅོད་པའི་བགེགས།། གདུག་ཅིང་སྡང་སེམས་བྱེད་པ་རྣམས།། བཀའ་ལས་འགལ་བྱེད་སྡིག་ཅན་འདི།། རྡོ་རྗེ་མེ་དབལ་སྙིང་བསྲེག་ནས།། ལུས་ངག་རྡུལ་ཕྲན་བཞིན་དུ་རློགས། ། བཅུ་དྲུག་དང་ནི་བསྒྲགས་ལ་ནི།། དྲག་པོའི་སྔགས་ཀྱིས་བསྲེག་པར་བྱ།། བསོད་ནམས་ཚོགས་སུ་བསྲེག་པ་དང།། བསྟན་པ་གཉེན་པོ་འཇིག་པ་བསྲེག། ཅེས་ཀཱི་ལ་ཡ་གསང་བའི་དགོངས་རྒྱུད་ལས། དྲག་པོ་ཧོམ་ནག་ནརྀ་ཏྲི་རྣམ་གསུམ་གྱིས་བསྲེག་པའི་ལེའུ་སྟེ་གསུམ་ཅུ་བརྒྱད་པའོ།།།། དེ་ནས་ཡང་ཕྲིན་ལས་ཀྱི་རྒྱལ་པོས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། ཀྱེ་བཅོམ་ལྡན་བཛྲ་ཀཱི་ལ་ཡ། ། དྲག་པོ་ཧོམ་ནག་བསྲེག་པ་དེ་ལགས་ན།། ཧོམ་གྱི་དཀྱིལ་འཁོར་ཇི་ལྟར་ལགས།། ཞེས་གསོལ་པ་དང།། ཉོན་ཅིག་ཀརྨ་ཧེ་རུ་ཀ། ཧོམ་གྱི་དཀྱིལ་འཁོར་གྲུ་བཞི་ལ།། ཧོམ་ལྔ་ཡ་ཐོག་བརྩེགས་མར་བརྩིགས། ། གྲུ་བཞི་ཕྲིན་ལས་རྒྱས་པའི་ཧོམ།། ཚེ་དང་དབང་ཐང་རྒྱས་པའི་ཕྱིར།། བྷ་ག་ཡུམ་གྱི་མཁའ་ལ་བརྩིགས།། ཟླུམ་པོ་ཞི་བ་ཆེན་པོའི་ཧོམ།། དགྲ་བགེགས་མ་ལུས་ཞི་བའི་ཕྱིར།། མ་སྐྱེས་ཐིག་ལེ་ཆེན་པོར་བརྩིགས། ། ཟླ་གམ་དམར་པོ་དབང་གི་ཧོམ།། དགྲ་བགེགས་དབང་དུ་བསྡུ་བའི་ཕྱིར།། སྟོང་གསུམ་ཡུམ་གྱི་མཁའ་ལ་བརྩིགས།། གྲུ་གསུམ་མཐིང་ནག་དྲག་པོའི་ཧོམ།། དགྲ་བགེགས་དུག་གསུམ་བསྲེག་པའི་ཕྱིར། ། དུར་ཁྲོད་ཆེན་པོའྀ་ཀློང་དུ་བརྩིགས།། མེ་རི་ཁྲོ་བོ་འབར་བའི་ཧོམ།། དགྲ་བགེགས་མ་ལུས་བསྲེག་པའི་ཕྱིར།། དཀྱིལ་འཁོར་ལ་ནི་བྲི་བར་བྱ།། ཚེར་མ་ཅན་གྱི་ཤིང་རྣམས་དང།། དུག་ཤིང་གདུག་པ་ཅན་རྣམས་དང། ། གསང་བའི་ཤག་པ་བཅུ་གསུམ་ལ།། མཎྜལ་རྣམ་གསུམ་གསང་སྔགས་ལ།། ནརྀ་ནི་བར་དུ་བཅུག་ལ་ནི།། མོ་ཧ་གྷ་ཡ་བྲི་བར་བྱ།། ལྕགས་ཐག་གིས་ནི་བསྡམས་ལ་ནི།། གྲུ་གསུམ་ནང་དུ་བཞུགས་སུ་གསོལ། ། བཅུ་དྲུག་ནི་དང་བཅས་པ་ཡིས།། བརྒྱད་དང་སྟོང་དུ་སྲེག་ཕྱིར་བཤམས།། ཞེས་ཀཱི་ལ་ཡ་གསང་བའི་དགོངས་རྒྱུད་ལས། དྲག་པོ་ཧོམ་ནག་གི་ལེའུ་སྟེ་སུམ་ཅུ་དགུ་པའོ།།།། དེ་ནས་ཡང་ཀརྨ་ཧེ་རུ་ཀས། བཛྲ་ཀཱི་ལ་ཡ་ལ་འདི་སྐད་ཅེས་གསོལ་ཏོ།། ཀྱེ་བཅོམ་ལྡན་བཛྲ་ཀཱི་ལ་ཡ། དྲག་པོ་ཧོམ་ནག་དཀྱིལ་འཁོར་དེ་ལགས་ན། སྲེག་རྫས་བཅུ་དྲུག་གིས་བསྲེག་པ་ཡི། དེ་ཡི་དོན་ནི་ཇི་ལྟར་ལགས། ལུང་བསྟན་དུ་གསོལ། ། ཞེས་གསོལ་པ་དང། འདི་སྐད་ཅེས་བཀའ་སྩལ་ཏོ།། རྣལ་འབྱོར་རྗེས་སུ་འཇུག་པ་ལ།། དེ་ཡི་དོན་རྣམས་ངས་བཤད་ཀྱི།། བྷ་ཡི་སྒྲ་ནི་བྷི་ཤ་སྟ།། མི་ཤ་ཁྱི་ཤ་ར་དང་རྟ།། ནརྀ་དང་གཉིས་སུ་བསྲེག་པ་ནི།། མོད་ལ་ཨ་སྲོག་ནི་ཕྲོག་པར་འགྱུར། ། ཧེ་ནི་ཧེ་ཆེའི་ཚིལ་དང་རྐང།། མི་ཁྱི་རྟ་སྤྱང་གླང་དྲེད་ཚིལ།། ནརྀ་དང་གཉིས་སུ་བསྲེག་པས་ནི།། ཆོས་ཉིད་བདེན་པའི་བྱིན་རླབ་སངས་རྒྱས་མཐུས།། ཨ་བྷི་ཙཨཱརྱའི་གནག་པ་འདི་ཁོ་ན།། རྩ་བ་ཁ་སྐོང་མི་སྐོང་བར། ། སྐོར་ཚོམས་དཀྱུས་སུ་མན་ངག་སྡེབས།། བདེ་གཤེགས་ཐུགས་དམ་སྐོང་བ་དང།། རྣལ་འབྱོར་དངོས་གྲུབ་ཐོབ་པ་དང།། དགྲ་བགེགས་གག་པས་མོད་ལ་འཆི།། ནརྀ་དང་ཐལ་བ་སྦྲགས་ནས་ནི། ཆུ་བདག་དག་ལ་གཏད་ན་ནི།། མཛེ་རིམས་དག་ཏུ་འགྲོ་བར་འགྱུར།། རྡོ་རྗེ་མེ་དབལ་སྙིང་བསྲེག་ནས།། ལུས་ངག་རྡུལ་ཕྲན་བཞིན་དུ་རློག། ར་ནི་རཀྟ་ཆེན་པོ་སྟེ།། མི་ཁྱི་ར་སྤྱང་འཕར་བ་སྤྲེའུ།། ཆེན་པོ་གསུམ་ནི་རབ་མཆོག་སྟེ། ། ནརྀ་དང་སྦྲགས་ཏེ་བསྲེག་ནས་ནི།། དེ་ལྟར་དེ་བཞིན་རྗེས་སུ་བྱ།། ཁྲག་ནད་གཟིར་ནད་དག་གིས་འཆིའོ།། ཏེ་ནི་ཏི་ལའི་མར་ཁུ་སྟེ།། གང་གི་རྐང་མར་འབྲུ་མར་དང།། ཚ་མར་ནི་དང་སྦྲགས་ལ་བསྲེག་དེ་ལྟར་དེ་བཞིན་རྗེས་སུའོ། ། ཚ་བའི་རིམས་གྱིས་འཆི་བར་འགྱུར།། རྩོ་ནི་རྩོ་མོ་ཉུང་མོ་དང།། ཉུར་དཀར་ཉུང་ནག་སྐྱེ་ཚེ་ཏིལ།། ནརྀ་དང་སྦྲགས་ཏེ་བསྲེག་ལ་ནི།། དེ་ལྟར་དེ་བཞིན་རྗེས་སུ་བྱའོ།། སྙིང་ནི་གས་ནས་འཆི་བར་འགྱུར། ། ཕྲ་ནི་ཕྲ་དུག་དག་ཡིན་ཏེ།། ར་དུག་སྤྱང་དུག་རེ་དུག་བོང་དུག། བསེ་ཞོ་དང་ནི་སྦྲགས་ལ་བསྲེག། ལྐུགས་ནས་འཆི་བ་དག་ཏུ་འགྱུར།། ལི་ནི་ལི་ཁྲི་མཚལ་རྣམས་ཏེ།། ནརྀ་དང་སྦྲགས་ལ་བསྲེག་པ་ནི། ། དེ་ལྟར་དེ་བཞིན་རྗེས་སུ་བྱ།། སྐྱེ་བའི་རྒྱུ་སྦྱང་འཆད་པར་འགྱུར།། ཧི་ནི་ཧི་སྨན་ཆེན་པོ་སྟེ།། བདུད་རྩི་དབུལ་ཞིང་བསྲེག་པས་ནི།། དངོས་གྲུབ་ཆེན་པོ་ཐོབ་པར་འགྱུར།། ཀན་ནི་ཀན་རྡོ་ཆེན་པོ་ཞེས་བྱ་སྟེ།། ནརྀ་དང་སྦྲགས་ཏེ་བསྲེག་པས་ནི། ། ལུས་བསྲེག་གཏི་མུག་སངས་ནས་སུ།། སྐུ་ཡི་དངོས་གྲུབ་ཐོབ་པར་འགྱུར།། དེ་ལྟར་དེ་བཞིན་རྗེས་སུ་བྱའོ།། གཏལ་ནི་གཏའ་གཏོར་གཏོར་མ་སྟེ།། དམ་རྫས་ཚངས་པའི་གཏོར་མ་ལ།། ལོ་ཟླ་མཆོད་པའི་བྱེ་བྲག་རྫོགས། ། བསྲེག་པས་སྦྱིན་པའི་ཕ་རོལ་ཕྱིན།། དེ་ལྟར་དེ་བཞིན་རྗེས་སུ་བྱ།། ཧེ་ནི་ཧེ་ཟ་ཟངས་ཕྱེ་སྟེ།། ནརྀ་དང་སྦྲགས་ཏེ་བསྲེག་པས་ནི།། ངག་བསྲེག་བཀྲེས་སྐོམ་སངས་ནས་ནི།། གསུང་གི་དངོས་གྲུབ་ཐོབ་པར་འགྱུར། ། དེ་ལྟར་དེ་བཞིན་རྗེས་སུ་བྱའོ།། བཙུན་ནི་བཙུན་ཆ་ལྕགས་ཕྱེ་སྟེ།། ནརྀ་དང་སྦྲགས་ཏེ་བསྲེག་པས་ནི།། ཡིད་དང་ཚ་གྲང་བསྲེག་སངས་ནས།། ཐུགས་ཀྱི་དངོས་གྲུབ་ཐོབ་པར་འགྱུར།། དྷ་ནི་དྷ་ལ་གུ་གུལ་ཏེ།། བདུན་འབུམ་ཐོན་པའི་བཟླས་ཉུང་དང།། ནརྀ་དང་སྦྲགས་ཏེ་བསྲེག་པས་ནི།། དགྲ་བགེགས་རྟེན་དང་བྲལ་བར་འགྱུར།། དེ་ལྟར་དེ་བཞིན་རྗེས་སུ་བྱའོ།། ཧི་ནི་ཧི་ཤོག་པ་ཞེས་བྱ།། དྷ་དུ་ར་ཡི་འབྲས་བུ་དང། ། ལུག་མིག་པ་ཡི་མེ་ཏོག་དང།། ནརི་དང་སྦྲགས་ནས་བསྲེག་པས་ནི།། སྨྱོ་དང་བརྒྱལ་དང་འབོག་ནས་འཆི།། ཀ་ནི་ཀཱ་པཱ་ལ་ཞེས་བྱ།། ཀ་པཱ་ལ་ཡི་སྣོད་དག་ཏུ། ཀ་ནི་ཕྲིན་ལས་ཆེན་པོ་སྟེ།། ཏིང་འཛིན་སྔགས་དང་ཕྲིན་ལས་གསུམ། ། བརྟུལ་ཞུགས་བསྐྱེད་དེ་ཕྲིན་ལས་བྱ།། དེ་ལྟར་དེ་བཞིན་རྗེས་སུ་བྱ།། ཀློང་དྲུག་དེ་ལྟར་གདོན་མི་ཟ།། ཞག་བདུན་ཙམ་གྱིས་ཝི་ཧི་ལི།། ཞེས་ཀི་ལ་ཡ་གསང་བའི་དགོངས་རྒྱུད་ལས། བསྲེག་རྫས་བཅུ་དྲུག་གིས་ནརྀ་བསྲེག་པའི་ལེའུ་སྟེ་བཞི་བཅུ་པའོ། །།། དེ་ནས་ཡང་ཀརྨ་ཧེ་རུ་ཀས།། བཛྲ་ཀཱི་ལ་ཡ་ལ་འདི་སྐད་ཅེས་གསོལ་ཏོ།། ཀྱེ་བཅོམ་ལྡན་བཛྲ་ཀཱི་ལ་ཡ།། སྒྲ་ནི་ཡི་གེ་དགུ་དག་ལ། ། དོན་གསུམ་འགྲོ་ལ་ཇི་ལྟར་གསལ།། ཞེས་གསོལ་པ་དང། རྣལ་འབྱོར་རྗེས་སུ་འཇུག་པ་ལ།། དེ་ཡི་དོན་རྣམས་ངས་བཤད་ཀྱི།། ཀ་ནི་ཕྲིན་ལས་ཆེན་པོ་སྟེ།། སྐུ་ཡི་སྙིང་པོ་དག་ཏུ་བཤད།། ཛ་ནི་འཛིན་ཅིང་འགུག་པར་བྱེད། ། གསུང་གི་སྙིང་པོ་དག་ཏུ་བཤད།། ཨ་ནི་འདེབས་པར་བྱེད་པ་ཡིན།། ཐུགས་ཀྱི་སྙིང་པོ་དག་ཏུ་བཤད།། མཱ་ར་བསད་པ་དྲག་པོའི་སྔགས།། ནརྀ་ནི་སྒྲོལ་བར་བྱེད་པའོ།། ས་ནི་ནུས་པའི་མཆོག་ཡིན་ཏེ། ། མཐུ་དབྲོག་སྲས་མཆོག་སྙིང་པོ་ཡིན།། ར་ནི་ཆགས་པ་དབང་དུ་སྡུད།། དབང་གི་སྲས་མཆོག་སྙིང་པོ་ཡིན།། པྲ་ནི་གཟིར་ཞིང་སྡིག་པ་སྟེ།། བསྡིགས་པའི་སྲས་མཆོག་སྙིང་པོ་ཡིན།། མར་ནི་སླར་ཡང་མི་ལྡང་སྟེ། ། ཟིལ་གནོན་སྲས་མཆོག་སྙིང་པོ་ཡིན།། རྡ་ནི་མངག་པའི་ཕྲིན་ལས་ཏེ།། དགུག་པའི་སྲས་མཆོག་སྙིང་པོ་ཡིན།། སྟོད་གྱི་དྲུག་དང་སྨདཀྱི་དགུ།། དགུག་བསྟིམ་བསྲེག་དང་འཕང་བའོ།། དྲུག་དང་དགུ་དང་བཅུ་གཅིག་དང། ། ཡོན་ཏན་ཉི་ཤུ་གཅིག་ལས་སོགས།། ཁ་སྐོང་བ་དང་བསྐང་མི་དགོས།། སྙིང་པོ་ཉི་ཤུ་གཅིག་གིས་ནི།། འདོད་པའི་བྱ་བ་དོན་སྒྲུབ་པའོ།། ཞེས་ཀཱི་ལ་ཡ་གསང་བའི་དགོངས་རྒྱུད་ལས། སྒྲའི་ཡི་གེའི་དོན་དགྲོལ་བའི་ལེའུ་སྟེ་བཞི་བཅུ་གཅིག་པའོ། །།། དེ་ནས་ཡང་ཀརྨ་ཧེ་རུ་ཀས། བཅོམ་ལྡན་འདས་བཛྲ་ཀཱི་ལ་ཡ་ལ་འདི་སྐད་ཅེས་གསོལ་ཏོ།། དྲག་པོ་ཧོམ་ནག་དེ་ལགས་ན།། ཟོར་གྱི་ཕྲིན་ལས་ཇི་ལྟར་ལགས།། ཞེས་གསོལ་ནས། རྣལ་འབྱོར་རྗེས་སུ་འཇུག་པ་ལ།། དེ་ཡི་དོན་རྣམས་ངས་བཤད་ཀྱི།། དྲག་པོ་ཟོར་གྱི་དཀྱིལ་འཁོར་ལ།། ཐིག་དང་ཆག་ཆག་གཞུང་བཞིན་བྱ།། དྲག་པོའི་མཎྜལ་གཞུང་བཞིན་བྲི།། མཐིང་ནག་གྲུ་གསུམ་འབར་བའི་དཀྱིལ་འཁོར་ནས། ། བཅོམ་ལྡན་དཔལ་ཆེན་རྡོ་རྗེ་གཞོན་ནུ་ལ།། སྤྲུལ་པའི་ཁྲོ་བོ་རྣམས་བྱུང་བ།། དམ་ཚིག་ཆེན་པོའི་དུས་ལ་བབ།། སྤྲུལ་པ་ཆེན་པོའི་དུས་ལ་བབ།། ཕྱག་བརྙན་མོའི་དུས་ལ་བབ།། ཁྲོ་བོ་བཅུ་ཡི་ཕྱག་བརྙན་ཏེ། ། མོན་མོ་འདི་ལྟར་ཡ་མཚན་ཅན།། མོན་མོའི་ལུས་ལ་ཕྲ་ཐབས་མགོ། གཡས་པ་ཐབས་ཀྱི་ཕྱག་མཚན་ལ།། གཡོན་པ་ཟོར་གྱི་མདའ་འཕེན་མ།། ཕུར་བུའི་ཟོར་འཕེན་ཀྲོལ་ལོ་ལོ།། ཉུང་མོའི་ཟོར་འཕེན་སི་ལི་ལི། ། མཚོན་ཟོར་མང་པོ་ཟངས་སེ་ཟང།། དུག་ཟོར་མང་པོ་ཐིབས་སེ་ཐིབ།། ནད་ཁྲག་ཁྲག་ཟོར་ཆི་ལི་ལི།། ཁྲག་ཟོར་ཆེན་པོ་དགྲ་ལ་ཡ།། གནག་པའི་ཁོང་དུ་དུག་མདའ་སྤྱཽས།། ཁྲོ་བོ་བཅུ་ཡི་ཕྱག་བརྙན་ཏེ། ། མོན་མོ་འདི་ལྟར་ཡ་མཚན་ཅན།། མོན་མོའི་ལུས་ལ་ཕྲ་མེན་མགོ། གཡས་པ་རྟགས་ཀྱི་ཕྱག་མཚན་ལ།། གཡོན་ན་ཟོར་གྱི་མདའ་འཕེན་མ།། དེ་ལྟར་དེ་བཞིན་རྗེས་སུ་བྱའོ།། དམ་ཚིག་དྲུག་གི་དུས་ལ་བབ།། བྲན་དང་ཕོ་ཉ་བཀའ་ཉན་ཚོགས། ། སྔོན་ཆད་ཇི་ལྟར་དམ་བཅས་པ།། ཁྱེད་ཀྱི་ཐུགས་དམ་དུས་ལ་བབ།། མངོན་སྤྱོད་ཕྲིན་ལས་མྱུར་དུ་མཛོད།། དམ་ཅན་གནད་ལ་ཕབ་ལ་བསྐུལ།། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང། ། དེ་ལྟར་དེ་བཞིན་རྗེས་སུ་བྱ།། རྡོ་རྗེ་གསང་བའི་བཀའ་ལས་ནི།། དེ་ལྟར་དེ་ཡི་རྗེས་སུ་བྱ།། སྨད་ཀྱི་སྟོད་དང་སྨད་ཀྱི་སྨད།། སྨད་ཀྱི་སྨད་ཀྱི་དང་པོ་དང།། སྨད་ཀྱི་སྟོད་ཀྱི་དང་པོའི་སྨད།། དཀྱིལ་འཁོར་གསུམ་གྱི་སྦྱོར་ཁའོ། ། ཞེས་ཀཱི་ལ་ཡ་གསང་བའི་དགོངས་རྒྱུད་ལས། དྲག་པོ་ཟོར་གྱི་ལས་ཀྱི་ལེའུ་སྟེ་བཞི་བཅུ་གཉིས་པའོ།།།། དེ་ནས་ཡང་ཀརྨ་ཧེ་རུ་ཀས།། བཅོམ་ལྡན་འདས་ལ་གསོལ་པ།། ཀྱེ་བཅོམ་ལྡན་བཛྲ་ཀཱི་ལ་ཡ། ། དྲག་པོ་ཟོར་གྱི་ཕྲིན་ལས་དེ་ལགས་ན།། དྲག་པོ་ཟོར་གྱི་དྲག་སྔགས་གང།། ཞེས་གསོལ་པ་དང།། རྣལ་འབྱོར་རྗེས་སུ་འཇུག་པ་ལ།། དེ་ཡི་དོན་རྣམས་ངས་བསྟན་གྱི།། ཀ་ནི་སྐུ་ཡི་སྙིང་པོ་ཡིན། ། གཟུགས་ཅན་སྒྲོལ་བའི་དྲག་སྔགས་ཡིན།། ཛ་ནི་གསུང་གི་སྙིང་པོ་སྟེ།། ངག་ནི་སྒྲོལ་བའི་དྲག་སྔགས་ཡིན།། ཨ་ནི་ཐུགས་ཀྱི་སྙིང་པོ་ཡིན།། ཡིད་ནི་སྒྲོལ་བའི་དྲག་སྔགས་ཡིན།། མུ་ནི་མུ་ཀ་ཧེ་ཞེས་བྱ།། ཤྭ་ན་མ་ཡི་དྲག་སྔགས་ཡིན། ། རུ་ནི་རཀྴ་སྲིན་མོ་སྟེ།། བདག་ཉིད་མ་ཡི་དྲག་སྔགས་ཡིན།། ས་ནི་བདུད་ཀྱི་བུ་མོ་ཡིན།། ནི་ནི་སྒྲོལ་བའི་དྲག་སྔགས་ཡིན།། ར་ནི་བཙན་གྱི་བུ་མོ་ཡིན།། ནི་ནི་སྒྲོལ་བའི་དྲག་སྔགས་ཡིན།། པྲ་ནི་གཟའ་ཡི་བུ་མོ་ཡིན། ། ནི་ནི་སྒྲོལ་བའི་དྲག་སྔགས་ཡིན།། མར་ནི་ཀླུ་ཡི་བུ་མོ་ཡིན།། ནི་ནི་སྒྲོལ་བའི་དྲག་སྔགས་ཡིན།། རྡ་ནི་མིང་པོ་དག་ཡིན་ཏེ།། ནི་ནི་སྒྲོལ་བའི་དྲག་སྔགས་ཡིན།། སྨད་ཀྱི་སྟོད་ཀྱི་དྲག་སྔགས་དང། ། སྟོད་ཀྱི་བར་གྱི་དྲག་སྔགས་དང།། སྒྲ་ཡི་ཡི་གེ་དགུ་དག་དང།། དགྲ་ཡི་ཡི་གེ་བཅུ་གཅིག་གིས།། བསྐུལ་བ་ལས་ཀྱི་གསང་སྔགས་སྦྱར།། ཕུར་པ་ཟོར་གྱི་དྲག་སྔགས་སོ།། ཞེས་ཀཱི་ལ་ཡ་གསང་བའི་དགོངས་རྒྱུད་ལས། དྲག་པོ་ཟོར་གྱི་དྲག་སྔགས་ཀྱི་ལེའུ་སྟེ་བཞི་བཅུ་གསུམ་པའོ།།།། དེ་ནས་ཡང་ཀརྨ་ཧེ་རུ་ཀས། བཅོམ་ལྡན་འདས་བཛྲ་ཀཱི་ལ་ཡ་ལ་གསོལ་པ།། དྲག་པོ་ཟོར་གྱི་དྲག་སྔགས་དེ་ལ་ལགས་ན།། དྲག་པོ་ཟོར་གྱི་རྫས་རྣམས་ཇི་ལྟར་ལགས། ། ཞེས་གསོལ་པ་དང། རྣལ་འབྱོར་རྗེས་སུ་འཇུག་པ་ལ།། དེ་ཡི་དོན་རྣམས་ངས་བསྟན་གྱི།། ཉུང་དཀར་ཉུང་ནག་སྐེ་ཚེ་མཚེ།། གཉན་པོའི་ཁྲག་ཐུན་ཟོར་དག་ལ།། མཆེ་བ་ཅན་དང་མཆུ་གུག་ཁྲག། ཐུན་དུ་བྲབ་སྟེ་ཟོར་འཕངས་ན།། ཁྲག་གཟེར་ནད་ཀྱིས་འཆི་བར་འགྱུར།། ཉུང་དཀར་ནག་སྐེ་ཚེ་མཚེ།། མཛེ་ཕོའི་ཁྲག་ཐུན་ཟོར་འཕངས་ན།། མཛེ་རིམས་ནད་ཀྱིས་འཆི་བར་འགྱུར།། ཉུང་དཀར་ལ་སོགས་མི་ར་ཁྱི། ། སྣ་ཚོགས་དུག་དང་ཁྲག་ཐུན་གྱིས།། ཁྱིམ་མམ་ཡུལ་ཕྱོགས་ཟོར་འཕངས་ན།། མྱོས་དང་རླབས་དང་ལྐུགས་ནས་འཆི།། ཉུང་དཀར་ལ་སོགས་མི་ར་ཁྱི།། དྷ་དུ་ར་དང་ལུག་མིག་དང།། སྣ་ཚོགས་དུག་དང་ཁྲག་ཐུན་གྱིས། ། ཁྱིམ་མམ་ཡུལ་ཕྱོགས་ཟོར་འཕངས་ན།། སྨྱོ་འབོག་བརྒྱལ་ནད་འཆི་བར་འགྱུར།། འབྲུམ་ནག་ནད་ཀྱིས་ཤི་བའི་ཁྲག། ཉུང་དཀར་དུག་དང་སྦྱར་བ་ཡིས།། ཁྱིམ་མམ་ཡུལ་ཕྱོགས་ཟོར་འཕངས་ན། ། ཡུལ་ཁམས་འབྲུམ་ནག་ནད་ཀྱིས་འཆི།། མཁྲིས་ནད་རྩ་ཡི་ཁྲག་དང་ནི།། ཉུང་དཀར་ཉུངས་ནག་དུག་སྣ་ཚོགས།། ཁྱིམ་མམ་ཡུལ་ཕྱོགས་ཟོར་འཕངས་ན།། མཁྲིས་ནད་རིམས་ཀྱིས་འཆི་བར་འགྱུར། ། ཉུང་དཀར་ཉུངས་ནག་སྐེ་ཚེ་མཚེ།། མུ་ཟི་ནག་པོ་ཁྲག་སྣ་ཚོགས།། ཁྱིམ་མམ་ཡུལ་ཕྱོགས་ཟོར་འཕངས་ན།། ཕོ་ལོག་གླང་ཐབས་ནད་ཀྱིས་འཆི་བར་འགྱུར།། མྱོས་རིམས་ཙིཏྟའི་ཁྲག་དང་ནི།། ཉུང་དཀར་ལ་སོགས་དུག་སྣ་ཚོགས། ། ཁྱིམ་མམ་ཡུལ་ཕྱོགས་ཟོར་འཕངས་ན།། རིམས་ནད་ཆེན་པོས་འཆི་བར་འགྱུར།། ཡུལ་མཁར་ས་དང་མཚོན་ཕྱེ་དང།། ལོ་ཟླར་བཤམས་པའི་གཏོར་མ་དང།། ཉུང་དུག་ལ་སོགས་དམེ་ཁྲག་དང། ། ཁྱིམ་མམ་ཡུལ་ཕྱོགས་ཟོར་འཕངས་ན།། ཡུལ་མཁར་ཤོར་དང་དམེ་ཡིས་འཆི།། ཞེས་ཀཱི་ལ་ཡ་གསང་བའི་དགོངས་རྒྱུད་ལས། དྲག་པོ་ཟོར་གྱི་རྫས་ཀྱི་ལེའུ་སྟེ་བཞི་བཅུ་བཞི་པའོ།།།། དེ་ནས་ཡང་ཀརྨ་ཧེ་རུ་ཀས། ། བཅོམ་ལྡན་འདས་བཛྲ་ཀཱི་ལ་ཡ་ལ་འདི་སྐད་ཅེས་གསོལ་ཏོ།། ཀྱེ་བཅོམ་ལྡན་བཛྲ་ཀཱི་ལ་ཡ།། དྲག་པོ་ཟོར་གྱི་རྫས་རྣམས་དེ་ལགས་ན།། གནན་ཕུར་བརྒྱ་རྩ་བརྒྱད་ཀྱི་དོན་ནི་ཇི་ལྟར་ལགས།། ཞེས་གསོལ་པ་དང། བཅོམ་ལྡན་འདས་བཛྲ་ཀཱི་ལ་ཡས་འདི་སྐད་ཅེས་བཀའ་སྩལ་ཏོ།། རྣལ་འབྱོར་རྗེས་སུ་འཇུག་པ་ལ།། དེ་ཡི་དོན་རྣམས་ངས་བསྟན་གྱི།། དམ་ཚིག་དྲུག་གི་དུས་ལ་བབ།། སྨད་ཀྱི་སྟོད་ཀྱི་སྐོར་ཚོམས་དང།། སྨད་ཀྱི་སྟོད་ཀྱི་བར་གྱི་སྐོར་ཚོམས་ཀྱིས། ། བཛྲ་གུ་ཡ་མནྟྲ། ཀརྨ་གུ་ཡ་མནྟྲ། འདུ་ཧི་རི་ཏ་འཕྲོགས་བ་ཧུ་ལ་དྷི་མ། ལུས་ངག་ཡིད་གསུམ་ཝ་ཧི་ལི།། སྙིང་ཚིགས་ནས་ནི་འཆི་བར་འགྱུར། ཧཱུཾ་བི་ཏ།། ཕྱིས་གཞན་གྱི་རིགས་རྒྱུན་འཆད་དོ། ། སྟོད་ཀྱི་སྐོར་ཚོམས་བར་དག་གིས།། བཅུ་གཅིག་དང་ནི་ཉི་ཤུ་དང།། སྨད་ཀྱི་སྟོད་ཀྱི་ལས་སྔགས་དང།། དུས་ལ་བབ་ནི་དྲུག་པོ་ཡིས།། གནད་ཆེན་རེ་ལ་བདུན་ཚོ་རེ།། སྟོད་ཀྱི་གུ་ཡ་མནྟྲ་བཅུ་གཅིག་དང། ། སྨད་ཀྱི་སྟོད་ཀྱི་བར་གྱི་གུ་ཡ་མནྟྲ་ནི།། དྲུག་པོ་དག་ནི་བཏུ་བར་བྱ།། སྨད་ཀྱི་སྟོད་གྱི་ཀརྨ་མནྟྲ་ཡི།། བཅཝོ་བརྒྱད་དག་གིས་བྱིན་གྱིས་བརླབས།། ཁ་སྐོང་བ་དང་ཁ་མི་བསྐང།། མན་ངག་གིས་ནི་བཏུ་བར་བྱ། ། སྟོད་ཀྱི་སྨད་ཀྱི་བར་གྱི་མཐའ་བཏུལ་བྱ།། ཞེས་ཀཱི་ལ་ཡ་གསང་བའི་དགོངས་རྒྱུད་ལས།། མནན་ཕུར་བརྒྱ་རྩ་བརྒྱད་ཀྱི་གདབ་པའི་ལེའུ་སྟེ་བཞི་བཅུ་ལྔ་པའོ།།།། དེ་ནས་ཡང་ཕྲིན་ལས་ཀྱི་རྒྱལ་པོས། ། བཅོམ་ལྡན་འདས་ལ་གསོལ་པ།། བརྒྱ་རྩ་བརྒྱད་གདབ་པ་དེ་ལགས་ན།། རྩ་བརྒྱད་མནན་ས་ཇི་ལྟར་ལགས།། ཞེས་གསོལ་པས། དེ་ཡི་དོན་རྣམས་ངས་བཤད་ཀྱི།། མནན་པ་རྩ་བརྒྱད་བཏབ་པ་དེ།། གཉེན་པའི་ཐོད་ཆེན་དག་ཏུ་ནི། ། མནན་ཕུར་བརྒྱ་ནི་རྩ་བརྒྱད་ཀྱིས།། སྦྱོར་བ་གསུམ་གྱི་གུ་ཡ་མནྟྲ་ཡིས།། ཆུ་ཡི་མིག་ཏུ་མནན་ནས་ནི།། གནག་པ་དུ་ཚུད་མཛེ་རིམས་ཀྱིས།། རྩ་གཅིག་བདུན་གྱིས་ཐེ་ཚོམ་མེད། ། ཕ་མེས་ཐོད་ཆེན་དག་ཏུ་ནི།། མནན་ཕུར་བརྒྱ་ནི་རྩ་བརྒྱད་ཀྱིས།། གུ་ཡ་མནྟྲ་སྦྱོར་བ་གསུམ།། ཆུ་ཡི་མིག་ཏུ་མནན་ན་ནི།། གནག་པ་དུ་ཚུད་མཛེ་རིམས་ཀྱིས།། རྩ་གཅིག་བདུན་གྱིས་ཐེ་ཚོམ་མེད།། རབས་ཆད་གླེན་ལྐུགས་ཐོད་པ་རུ། ། མནན་ཕུར་བརྒྱ་ནི་རྩ་བརྒྱད་ཀྱིས།། གུ་ཡ་མནྟྲ་སྦྱོར་བ་གསུམ།། ཆུ་ཡི་མིག་གི་རྒྱ་མཚོའི་གཏིང།། མནན་པར་དུ་ཚུད་བདུན་རྒྱུད་ཆད།། རྩ་གཅིག་བདུན་གྱིས་ཐེ་ཚོམ་མེད།། གཤེད་པོའི་ཐོད་པ་དག་ཏུ་ནི། ། མནན་ཕུར་བརྒྱ་ནི་རྩ་བརྒྱད་ཀྱིས།། གུ་ཡ་མནྟྲ་སྦྱོར་བ་གསུམ།། དུར་གྱི་དཀྱིལ་དུ་མནན་ན་ནི།། མནན་པ་དུ་ཚུད་བདུན་རྒྱུད་ཆད།། རྩ་གཅིག་བདུན་གྱིས་ཐེ་ཚོམ་མེད།། གཉེན་པོའི་ཐོད་པ་དག་ཏུ་ནི། ། མནན་ཕུར་སྦྱོར་བ་གསུམ་གྱིས་གདབ།། མནན་པ་མཚེར་གྱི་འོག་ཏུ་མནན། སྨས་ཕུང་འབྱུང་ཞིང་འཆི་བར་འགྱུར།། ཤི་མ་ཐོག་གི་མཛེ་ཅན་གྱི།། ཡ་མཁལ་མ་མཁལ་མ་བྲུལ་བ།། ཁ་ཡི་ནང་དུ་གནག་པ་ལ། ། སྦྱོར་བ་གསུམ་གྱིས་ཐེམ་བར་གཞུག་དེ་ལྟར་དེ་བཞིན་རྗེས་བྱས་ནས།། རྩིག་རྨང་ནང་དུ་བཅུག་མནན་ན།། སྨས་ཕུང་ཆེན་པོ་བྱུང་ནས་འཆི།། ཕོ་རོག་འུག་པའི་ཐོད་པ་རུ།། མནན་ཕུར་རྣམས་ལ་དེ་བཞིན་དུ། ། སྐོར་ཚོམས་རྣམས་ཀྱི་མནྟྲ་ལ།། གནག་པའི་ཐེམ་ཡིག་བཅུག་ལ་ནི།། མནན་པའི་གནས་སུ་བཅུག་པས་ནི།། ཕྱིས་ཀྱི་རིགས་པ་རྒྱུན་བཅད་ནས།། དེ་ཡི་མཐུ་ཡང་ཐོབ་ནས་ནི།། གནག་པའི་སྔགས་པ་འཆི་བར་འགྱུར། ། མཛེ་ཅན་ཐོད་པའི་ནང་དུ་ནི།། སྦྲུལ་གྱི་པགས་པ་ཐོད་པ་ལ།། སྐོར་ཚོམས་རྣམས་ཀྱི་མནྟྲ་ལ།། གནག་པའི་ཐེམ་ཡིག་བཅུག་ནས་ནི།། གནན་ཕུར་དེ་ལྟར་དེ་བཞིན་དུ།། ཀླུ་བཙན་གནས་སར་གནན་ན་ནི། ། མཛེ་དང་ཕོ་ལོག་རྫིངས་པའི་ནད།། སྔགས་པའི་གནག་པ་འཇིགས་པར་འགྱུར།། གླ་བ་ཝ་ཡི་ཐོད་པ་རུ།། གནན་ཕུར་རྣམས་ཀྱང་དེ་བཞིན་དུ།། སྐོར་ཚོམས་རྣམས་ཀྱི་མནྟྲ་ལ།། བཙུན་པ་གནག་པ་ཐེམ་ཡིག་གཞུག། དམུ་བདུད་གནས་པའི་སར་མནན་ན།། གནག་པའི་བཙུན་པ་བདུན་ཆད་འགྱུར།། སེང་གེ་དག་གི་ཐོད་པ་རུ།། གནན་ཕུར་རྣམས་ཀྱང་དེ་བཞིན་དུ།། སྐོར་ཚོམས་རྣམས་ཀྱི་མནྟྲ་ལ།། རྒྱལ་པོ་གནག་པ་ཐེམ་ཡིག་གཞུག། གསང་བདུད་གཡའ་བདུད་སར་མནན་ན།། རྒྱལ་པོའི་ཆད་པ་བཟློག་གྱུར་ནས།། རྒྱལ་པོའི་ལུས་ཀྱང་འཇིག་པར་འགྱུར།། སྤྱང་ཀི་གཅན་གྱི་ཐོད་པ་རུ།། གནག་ཕུར་རྣམས་ཀྱང་དེ་བཞིན་དུ།། སྐོར་ཚོམས་གསུམ་གྱི་མནྟྲ་ཡིས། ། བློན་པོ་གནག་པ་ཐེམ་པར་གཞུག། ལྷ་ཁང་མཆོད་རྟེན་དུར་དཀྱིལ་དུ།། གནག་པའི་བློན་པོ་འཆི་བར་འགྱུར།། བྱི་ལ་འཕར་བ་ཁྲ་ཡི་ཐོད་པ་རུ།། མནན་ཕུར་དེ་ལྟར་དེ་བཞིན་དུ།། སྐོར་ཚོམས་རྣམས་ཀྱི་མནྟྲ་ལ། ། སྐྱེས་པ་གནག་པའི་ཐེམ་ཡིག་གཞུག། མཛེ་ཅན་མགོ་ལྤགས་གྲིལ་ལ་ནི།། ཆུ་བདག་དག་ལ་གཏད་བྱས་ན།། སྐྱེས་པའི་ལུས་ཀྱང་མོད་ལ་འཇིག། དྲེའུ་དང་ཁྱི་ཡི་ཐོད་པ་རུ། ། གནན་ཕུར་དེ་ལྟར་དེ་བཞིན་དུ།། སྐོར་ཚོམས་རྣམས་ཀྱི་མནྟྲ་ཡིས།། རྗེའུ་རིགས་གནག་པ་ཐེམ་ཡིག་གཞུག། ཁྱི་ལྤགས་མི་ལྤགས་གྲིལ་ནས་ནི།། ཀླུ་བདུད་ཀླུ་བཙན་སར་གནན་ན།། དེ་ཡི་ལུས་རྫིངས་འཆི་བར་འགྱུར། ། གྲུམ་པ་ཁྱི་ནག་མི་ཡི་ཐོད་པ་རུ།། གནན་ཕུར་དེ་ལྟར་དེ་བཞིན་དུ།། སྐོར་ཚོམས་རྣམས་ཀྱི་མནྟྲ་ལ།། བུད་མེད་གནག་པ་ཐེམ་ཡིག་གཞུག། ས་བདག་གནས་པའི་སར་མནན་ན།། ཞ་གྲུམ་སྨད་རྫིངས་འཆི་བར་འགྱུར། ། སྤྲེའུ་ཟེར་མོའི་ཐོད་པ་རུ།། གནན་ཕུར་དེ་ལྟར་དེ་བཞིན་དུ།། སྐོར་ཚོམས་རྣམས་ཀྱིས་མནྟྲ་ལ།། བྱིས་པ་གནག་པ་ཐེམ་ཡིག་གཞུག། ཀླུ་སྲིན་གནས་པའི་སར་གནན་ན།། གནག་པའི་བྱིས་པའི་སྲག་འཕྲོག་འགྱུར། ། སྲིན་བྱ་སྲེག་པའི་ཐོད་པ་རུ།། གནན་ཕུར་དེ་ལྟར་དེ་བཞིན་དུ།། སྐོར་ཚོམས་རྣམས་ཀྱིས་མནྟྲ་ལ།། ཕྲ་མ་གནག་པའི་ཐེམ་ཡིག་གཞུག། མཛེ་ཅན་ཐོད་པར་བཅུག་ལ་ནི།། མཛེ་ཅན་པགས་པས་གྲིལ་ནས་ནི། ། རྒྱ་མཚོའི་གཏིང་ངམ་ཆུ་མིག་ཏུ།། ནག་པོ་ཀླུ་ལ་གཏད་བྱས་ནས།། ཁ་འཐམས་ལྕེ་ལྡེབས་རྗིངས་ནད་ཀྱིས།། གནག་པའི་ཕྲ་མ་མཛེ་ནད་ཀྱིས།། མྱུར་བར་འཆི་བ་ཐེ་ཚོམ་མེད། སྟོད་ཀྱི་སྟོད་ཀྱི་སྐོར་ཚོམས་དང། ། སྨད་ཀྱི་དཀྱུས་ཀྱི་སྐོར་ཚོམས་ལ།། དེ་ལ་གསུམ་གསུམ་དབྱེ་བ་ཡི།། ཏིང་འཛིན་སྔགས་དང་ཕྲིན་ལས་ཀྱི།། སྒྲ་ཡི་ཡི་གེ་བཏུ་བར་བྱ།། གདབ་དང་བསྲེག་དང་འཕང་དང་གནན།། གདམས་ངག་གི་ནི་བཏུས་ནས་ནི། ། སྒྲ་ཡི་བོད་ཅིང་དགུག་པ་དང།། སྒྲ་ཡི་གདབ་དང་བསྲེག་པ་དང།། སྒྲ་ཡི་འཕངས་ཤིན་མནན་པ་དང།། དགོངས་པ་རླབས་ཆེན་འཁྲུགས་པ་དང།། ཕྲིན་ལས་ཟབ་མོ་ཐོག་བརྫིས་དང།། བལྟ་བ་ཟབ་མོ་ཁྱབ་གདལ་དང། ། བསྒོམས་པའི་ཁོག་དང་དགོངས་པ་འདོད།། དོན་ནི་སོ་སོའི་བྱ་བ་སྒྲུབ།། ཁ་བསྐང་བ་དང་སྐོང་མི་དགོས།། ཁ་བསྐང་སྒྲུབ་ཐབས་བཅུ་བཞི་པ།། རེ་རེ་ལ་ཡང་ཐ་དད་སྟེ།། དེ་ཡིད་འདོད་པའི་བྱ་བ་སྒྲུབས། ། སྒྲ་ཡི་ཡི་གེའི་ནང་ནས་ནི།། བསྐང་མི་དགོས་པའི་བྱ་བ་སྒྲུབ།། འདོད་པའི་བྱ་བ་ཟབ་མོ་ཡིན།། རྡོ་བ་གཉིས་ལས་བྲུས་ནས་ནི།། ཐོད་པ་ལ་སོགས་ཤོང་བར་བྲུ།། དེ་ཡི་ནང་དུ་རྫས་རྣམས་གཞུག། ཐོད་ཆེན་ལ་སོགས་ཐེམ་ཡིག་བྲི།། རྡོ་བ་དག་ལ་ཐེམ་ཡིག་བྲི།། སྦྱོར་བ་རྣམ་གསུམ་ཐེམ་པར་གཞུག། རྒྱ་སྐྱེགས་མཚལ་ཆེན་སྦྱར་ལ་ནི།། རྡོ་ཡི་གཟུགས་ནི་སྦལ་པར་བྱ།། སྦལ་པ་ནག་པོ་དམར་ཐིག་ཅན། ། ལ་ཆ་བསེ་ཡིས་བསྐུལ་བར་བྱ།། ལྕགས་གཟེར་དག་གིས་གདབ་པར་བྱ།། ཀླུ་ཆེན་གནས་པའི་རྒྱ་མཚོའམ།། བྱང་དུ་བལྟས་པའི་ཀླུ་ཆེན་ལ།། དེ་ཡི་ནང་དུ་གནན་པར་བྱ།། ཏིང་འཛིན་སྔགས་དང་ཕྲིན་ལས་གསུམ། ། སྨོན་ལམ་དྲག་པོས་གདབ་པར་བྱ།། གནག་པའི་གཟས་པ་དུ་ཚུད་པ།། དེ་རྣམས་ཐར་མེད་ལུས་སྲོག་འཇིག། རྡོ་རྗེ་སློབ་དཔོན་སྐུ་དགྲ་དང།། རྣལ་འབྱོར་ཡོངས་ཀྱི་སྤྱི་དགྲ་དང།། དཀོན་མཆོག་བསྟན་པ་འཇིག་པ་དང། ། དམ་ཚིག་ཉམས་པ་བདུན་པོ་དག། དེ་རྣམས་བསྒྲལ་ན་བསྟན་པ་གཉན།། ལྟ་སྤྱོད་བརླང་པོ་སྤྱད་ན་ཚོགས་སུ་འགྱུར།། ཕྲན་ཚེགས་ཙམ་ལ་བརླང་པོ་སྤྱད་རྒྱུར་ན།། རང་གི་སྲོག་ཟད་དམྱལ་བར་སྐྱེ། ། ཞེས་ཀཱི་ལ་ཡ་གསང་བའི་དགོངས་རྒྱུད་ལས། མནན་ཕུར་རྩ་བརྒྱད་ཀྱི་ལེའུ་སྟེ་བཞི་བཅུ་དྲུག་པའོ།།།། དེ་ནས་ཡང་ཕྲིན་ལས་ཀྱི་རྒྱལ་པོས།། བཅོམ་ལྡན་འདས་འདི་སྐད་ཅེས་གསོལ་ཏོ། ། མནན་ཕུར་བརྒྱ་ནི་རྩ་བརྒྱད་དེ་ལགས་ན།། དཀྱུས་ནི་སྨད་ཀྱི་སྟོད་དང་ནི།། སྨད་ཀྱི་སྨད་དང་སྐོར་ཚོམས་སུ།། གདབ་ཅིང་མནན་པ་དེ་ལགས་ན།། དཀྱུས་ནི་དབུ་ཞབས་དག་ཏུ་ནི།། གདབ་ཅིང་མནན་པ་ཇི་ལྟར་ལགས། ། ཞེས་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ།། རྣལ་འབྱོར་རྗེས་སུ་འཇུག་པ་ལ།། དེ་ཡི་དོན་རྣམས་ངས་བཤད་ཀྱི།། ཕུར་པ་བདུན་ཚོ་རེ་རེ་ལ།། གུ་ཡ་མནྟྲ་གྲངས་ནི་ཐེམ་པ་དང། ། རྡོ་རྗེ་ཁྲོས་པ་ཞེས་སོགས་པས།། དངས་མ་གསང་སྒོ་ཆེན་པོ་ལ།། སྙིང་གི་གོ་རུ་བསྒོམ་པར་བྱ།། དེ་ལྟར་དེ་བཞིན་དེ་རྗེས་ལ།། སྙིང་རྗེས་བསྒྲལ་བའི་དམ་ཚིག་ནི།། དེ་སོགས་ཕུང་པོ་རྡོ་རྗེས་གཏམས། ། ལུས་ངག་ཡིད་གསུམ་ཕུང་པོ་ལ།། རྣམ་པར་ཤེས་པ་རྡོ་རྗེར་བསྒོམ།། ཞེས་ཀཱི་ལ་ཡ་གསང་བའི་དགོངས་རྒྱུད་ལས།། དཀྱུས་དབུ་ཞབས་ཀྱི་ཕུང་པོ་མགོ་ཞབས་སུ་མནན་ཕུར་གདབ་པའི་ལེའུ་སྟེ་བཞི་བཅུ་བདུན་པའོ། །།། དེ་ནས་ཡང་ཕྲིན་ལས་ཀྱི་རྒྱལ་པོས།། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། ཀྱེ་བཅོམ་ལྡན་འདས་བཛྲ་ཀཱི་ལ་ཡ།། ཕུང་པོ་མགོ་གཞུག་མནན་ཕུར་བཏབ་པ་དེ་ལགས་ན།། དཀྱུས་ནི་དབུ་ཞབས་དག་གིས་ནི། ། སོ་སོར་གདབ་པ་ཇི་ལྟར་ལགས།། ཞེས་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ།། རྣལ་འབྱོར་རྗེས་སུ་འཇུག་པ་ལ།། དེ་ཡི་དོན་རྣམས་ངས་བསྟན་གྱི། ། མནན་ཕུར་བདུན་ཚོ་རེ་རེ་ལ།། གུ་ཡ་མནྟྲ་དག་གིས་གཏེམ།། རྡོ་རྗེ་གཞོན་ནུའི་རིག་སོགས་ནས།། ལུས་ངག་ཡིད་གསུམ་ཕུང་པོ་ལ།། ཡེ་ཤེས་ཁྲོ་བོ་གྲུབ་པར་བསྒོམ།། དེ་ལྟར་དེ་བཞིན་དེ་རྗེས་ལ།། ཁྲོ་བོ་ཧཱུཾ་མཛད་དག་གིས་ནི། ། གྷི་ཏེ་ཝ་རི་དག་ཏུ་གདབ་མནན་བསྒོམ།། ཁྲོ་བོ་རྣམ་པར་རྒྱལ་བས་ནི། ཀུ་ས་ལ་ཧི་གདབ་མནན་བསྒོམ།། ཁྲོ་བོ་དབྱུག་སྔོན་དག་གིས་ནི།། ཨུ་པ་རི་ཀ་ར་ཏ་གདབ་མནན་བསྒོམ།། ཁྲོ་བོ་གཤིན་རྗེ་གཤེད་པོ་ཡིས། ། ཀུ་བེ་ར་ལ་གདབ་མནན་བསྒོམ།། ཁྲོ་བོ་ཁམས་གསུམ་རྣམ་རྒྱལ་གྱིས།། ཏ་སུ་ཀོ་ར་གདབ་མནན་བསྒོམ།། ཁྲོ་བོ་མི་གཡོ་མགོན་པོ་ཡིས།། སུ་འུ་ར་ཤི་སེའུ་ཤ་རི་གདབ་མནན་བསྒོམ། ། ཁྲོ་བོ་རྟ་མགྲིན་དག་གིས་ནི།། ཀུ་ལི་ཁ་ཏེ་གདབ་མནན་བསྒོམ།། ཁྲོ་བོ་ཏ་ཀཱི་རཱ་ཙ་ཡིས།། སུ་ཏྲི་ཀུ་ཏྲེ་ཤ་ལ་གདབ་མནན་བསྒོམ།། ཁྲོ་བོ་བདུད་རྩི་འཁྱིལ་པ་ཡིས།། ཙིཏྟ་དག་ལ་གདབ་མནན་བསྒོམ། ། ཁྲོ་བོ་སྟོབས་ཆེན་དག་གིས་ནི།། གུ་ཡ་པྲེ་པུ་གདབ་མནན་བསྒོམ།། སྲིན་མོ་རཀྴ་དག་གིས་ནི།། ལམ་བུ་ཧི་ལ་གདབ་མནན་བསྒོམ།། འདུས་པའི་གདབ་བྱ་གསུམ་གྱིས་ནི།། ཀ་པཱ་ལ་ཧཱུཾ་ཏུན་ཏྲི་ཏྲི་མཱ་ར་ཡ། གནག་པ་ཉི་ཤུ་རྩ་གཅིག་ནི། ཀ་པཱ་ལ་ནི་གདབ་མནན་བསྒོམ།། གུ་ཡ་མནྟྲ་གཉིས་པོ་ཡིས།། བྷན་དྷ་སུ་ཏྲི་གདབ་མནན་བསྒོམ།། འདུ་ཧི་རི་ཏ་འདུ་ཧི་རི་ཏ།། བ་ཧུ་ལ་ཧཱུ་བ་ཧཱུ་ལ་དྷྲྀ། སྨད་ཀྱི་སྨད་ཀྱི་གཏན་འཕོ་བ། ། དེ་ལྟར་དེ་བཞིན་ཕྱག་རྒྱས་མནན།། ཡོན་ཏན་ཉི་ཤུ་གཅིག་རྫོགས་ཀྱི།། བྷི་ཏ་ཧྲི་མ་བྷི་ཏ་ཧྲི་མ། རྒྱུན་ཆོད་ཕྱིས་ནི་ལྡང་མི་སྲིད།། འབྲས་བུ་གསུམ་ནི་འཕངས་པ་ཡིས།། ཛ་བྷི་ཏ་ནི་མོད་ལའོ།། བི་ཧོ་གཉིས་པས་དོན་གྲུབ་པའོ། ། དེ་ལྟར་དེ་བཞིན་པཱུཙྪ་ཧོ།། པཱུཙྪ་ལ་ཡང་རྣམ་གསུམ་དོན།། ཁམས་གསུམ་དུས་གཅིག་བསྒྲལ་མཆོད་དང།། ཁམས་གསུམ་མ་དག་པ་ཡི་དོན།། གྲུབ་དག་རྡོ་རྗེ་སྨོན་ལམ་སེམས།། དྲག་པོ་ཧོམ་གྱི་མཆོད་པ་ནི། ། སྒྲ་ཡི་ཡི་གེ་བཅུ་དྲུག་ལ།། མཚན་མའི་མིང་དུ་བསྡུས་ལ་ནི།། རྡོ་རྗེ་མེ་དབལ་སྙིང་བསྲེག་གོ།། སྨད་ཀྱི་སྟོད་ཀྱི་དང་པོའི་དཀྱུས་ཚིག་དྲུག། སྨད་ཀྱི་སྟོད་ཀྱི་དཀྱུས་མཐར་གནས་བཞི།། སྨད་ཀྱི་སྟོད་ཀྱི་དཀྱུས་བར་དྲུག། སྙིང་པོ་ཉི་ཤུ་གཅིག་གི་དོན།། དགུག་བསྟིམ་དྲག་པོའི་ཕྲིན་ལས་བྱ།། མཐར་གནས་དཀྱུས་ཚིག་སྨོན་ལམ་གདབ།། སྨད་ཀྱི་སྟོད་ཀྱི་དང་པོའི་དཀྱུས་ཚིག་དྲུག། སྨད་ཀྱི་སྟོད་ཀྱི་དང་པོ་དཀྱུས་ཚིག་བཅུ་གཅིག། སྨད་ཀྱི་སྟོད་ཀྱི་བར་པའོ།། གསང་སྔགས་དཀྱུས་ཚིག་གཉིས་པ་ལ།། སྦྱོར་བ་གསུམ་གྱིས་གདབ་པར་བྱ།། གནད་བདུན་གཅིག་ཏུ་མན་ངག་སྦྱར།། སྨད་ཀྱི་སྨད་ཀྱི་མཐར་གནས་དཀྱུས་ཚིག་གསུམ། ། སྔགས་དང་ཏིང་འཛིན་ཕྲིན་ལས་གསུམ།། འབྲས་བུ་གསུམ་ནི་འཕངས་པ་ཡིས།། ཛ་བི་ཏོ་ན་རྨོད་པ་ལོ་བི་ཏོ།། མཉེས་པར་དོན་གྲུབ་པའོ།། དེ་ལྟར་དེ་བཞིན་དུ་སྡུད་པའི་སྨད་ཀྱི་སྟོད་ཀྱི་སྟོད་ཀྱི་དཀྱུས་ཚིག་དྲུག། སྨད་ཀྱི་སྟོད་ཀྱི་དཀྱུས་ཚིག་བབ་མ་དང་པོ་གཉིས།། སྨད་ཀྱི་སྨད་ཀྱི་དཀྱུས་ཚིག་མཐར་གནས་གཞི།། སྟོད་ཀྱི་སྐོར་ཚོམས་གསུམ་གསུམ་དག་ལ།། གསང་སྔགས་བཅུ་གཅིག་རེ་རེ་ལ།། སྐོར་ཚོམས་ལྔ་ཡི་གསང་སྔགས་ལ། ། མཚན་མའི་མིང་དུ་བཅས་ལ་ནི།། རེ་རེ་ལ་ཡང་བཅུ་དྲུག་གོ། བཅུ་དྲུག་རེ་ལ་བརྒྱ་ནི་རྩ་བརྒྱད་རྡོ་རྗེ་མེ་དབལ་སྙིང་བསྲེག་གོ། སྨད་ཀྱི་སྨད་ཀྱི་དཀྱུས་ཚིག་ལྔ།། སྨོན་ལམ་དྲག་པོ་དེ་བཞིན་ནོ། ། སྨད་ཀྱི་སྟོད་ཀྱི་དཀྱུས་ཚིག་དྲུག། སྟོད་ཀྱི་སྟོད་གསུམ་དཀྱུས་ཚིག་བཅུ་གཅིག་དང།། སྟོད་ཀྱི་སྨད་གསུམ་སྟོད་ཀྱི་མཐར་གནས་བཞི།། རེ་རེ་ལ་ཡང་བཞི་བཞིར་སྦྲེལ།། ཟོར་གྱི་ཕྲིན་ལས་དེ་བཞིན་མན་ངག་སྦྱར། ། སྟོད་ཀྱི་སྟོད་གསུམ་གསང་སྔགས་སོ་སོ་ལ།། དྲུག་དང་ཉི་ཤུ་གཅིག་རྫོགས་ཟོར།། དེ་ལྟར་དེ་བཞིན་མན་ངག་སྦྱར།། ཐུགས་ཀྱི་གསང་སྔགས་སྐུ་གསུང་ཐུགས།། དྲུག་ནི་གསང་སྔགས་དྲིལ་བ་ཡིས། ། དེ་ལྟར་དེ་བཞིན་གདམས་ངག་བཞིན།། སྨད་ཀྱི་སྨད་ཀྱི་མཐར་གནས་མཚོན་པ་ནི།། དང་པོ་ཐུགས་ཀྱི་ས་བོན་དང།། ཁམས་གསུམ་བསྒྲལ་བ་བྱང་སེམས་མཆོད་པ་དང།། རྣམ་གསུམ་རྫོགས་པའི་ཆེར་གསང་བྱང་སེམས་ལུང། ། གཉིས་པ་ཐུགས་ཀྱི་ས་བོན་ནི། གསང་རྒྱུད་རྫོགས་རྒྱུད་བྱང་སེམས་རིན་པོ་ཆེ།། གསུམ་པ་ཐུགས་ཀྱི་ས་བོན་ནི།། སྐུ་མཆོག་རྒྱུན་གྱི་ཏིང་འཛིན་བྱང་ཆུབ་སེམས།། ལས་ཀྱི་མཐའ་བརྟུལ་དགུག་ཅིང་གདབ། ། མནན་པ་རྩ་བརྒྱད་གདམས་ངག་སྦྱར།། དེ་ལྟར་དེ་བཞིན་ཟོར་ཁ་སྦྱར།། བྷ་ཧེ་ར་ཏེ་ཙོ་ལ་སོགས་རྡོ་རྗེ་མེ་དབལ་སྙིང་བསྲེག་གོ། སྨད་ཀྱི་ཡི་གེ་དྲུག་དང་དགུ།། སྟོད་ཀྱི་ཡི་གེ་དྲུག་པ་དང།། སྦྱོར་བ་གསུམ་གྱི་མནྟྲ་ཡིས། ། དོན་གསུམ་ལྔ་རུ་གཞུག་པར་བྱ།། སྨད་ཀྱི་སྟོད་ཀྱི་ཡི་གེ་དྲུག། ཀར་མའི་ཡི་གེ་རྒྱུན་དུ་དྲང།། ཞེས་ཀཱི་ལ་ཡ་གསང་བའི་དགོངས་རྒྱུད་ལས།། དཀྱུས་དབུ་ཞབས་སུ་གདབ་པའི་ལེའུ་སྟེ་བཞི་བཅུ་བརྒྱད་པའོ། །།། དེ་ནས་ཡང་ཀརྨ་ཧེ་རུ་ཀས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། ཀྱེ་བཅོམ་ལྡན་བཛྲ་ཀཱི་ལ་ཡ།། དཀྱུས་ནི་དབུ་ཞབས་འདེབས་པ་དེ་ལགས་ན།། དཀྱུས་ནི་དབུ་ཞབས་གདབ་མནན་ཞེ་སྡང་རྒྱུ། ། འབྲས་བུ་དམྱལ་བར་སྐྱེ་བ་མི་འགལ་ལམ།། ཞེས་གསོལ་པ་དང།། བཅོམ་ལྡན་འདས་བཛྲ་ཀཱི་ལ་ཡས་འདི་སྐད་ཅེས་བཀའ་སྩལ་ཏོ།། ཉོན་ཅིག་ཀརྨ་ཧེ་རུ་ཀ། རྣལ་འབྱོར་རྗེས་སུ་འཇུག་པ་ལ། ། དེ་ཡི་དོན་རྣམས་ངས་བཤད་ཀྱི།། མཛད་སྤྱོད་ཐམས་ཅད་དངོས་པོ་མེད་པའི་ལུང།། རྡོ་རྗེ་ཁྲོས་པས་ཞེ་སྡང་གཅོད།། དུག་སྡོང་རྩད་ནས་གཅོད་པའོ།། མཚོན་ཆེན་སྔོན་པོ་འབར་བ་ཡིས།། སྣང་སྲིད་ལུས་ངག་ཡིད་གསུམ་རྟོག་པ་ལ། ། སྐུ་གསུང་ཐུགས་ཀྱི་མཚོན་ཆེན་སྔོན་པོ་འབར་བ་ཡིས།། ནམ་མཁའི་དཀྱིལ་ནས་ཐིགས་པ་ཤར།། ནམ་མཁའ་གཏིང་མཐའ་མེད་པ་ཆོས་དབྱིངས་གཞལ་ཡས་ཁང།། ཐིགས་པ་ལྟ་བུར་སྣང་སྲིད་དངོས་མེད་ཤར། ། སྲོག་གི་གོ་རུ་ཤར་བ་དང།། སྲིད་པའི་ལུས་ངག་ཡིད་གསུམ་སྐུ་གསུང་ཐུགས།། སེམས་རིག་ཕྱག་རྒྱའི་དཀྱིལ་འཁོར་ཡེ་ནས་ཡིན་པར་ཤར།། སྙིང་གི་དཀྱིལ་དུ་བསྒོམ་པར་བྱའོ། ། སྲིད་པའི་རྟོག་ཚོགས་ཕུང་པོ་ནི།། ལུང་ནི་གསུམ་རྒྱུད་རྡོ་རྗེ་བསྒོམ།། སྲིད་པའི་ལུས་ངག་ཡིད་གསུམ་སྐུ་གསུང་ཐུགས་སུ་བསྒྲལ།། འདོད་ཆགས་ཞེ་སྡང་སྐྱེས་ནས་གསད་གནན་མ་ཡིན་ནོ།། ཕུང་པོ་རྡོ་རྗེ་གཏམས་བྱས་ནས། ། སྲིད་པའི་ལུས་ངག་ཡིད་གསུམ་ཕུང་པོ་ནི།། ཡེ་ནས་རྡོ་རྗེའི་ཐུགས་ནི་ཡང་དག་གཏམས།། རྣམ་པར་ཤེས་པ་རྡོ་རྗེར་བསྒོམ།། བདག་དང་སྣང་སྲིད་རྣམ་པར་ཤེས་པའི་ཚོགས།། ཡེ་ནས་འདུས་མ་བྱས་ཀྱི་རྡོ་རྗེ་དབྱེར་མེད་བསྒོམ། ། སངས་རྒྱས་མཛད་སྤྱོད་མ་འགགས་དབྱིངས་དང་ཡེ་ཤེས་ཉིད།། བལྟ་བ་ཟབ་མོ་ཁྱབ་གདལ་ནམ་མཁའ་ལྟར།། དགོངས་པ་ཟབ་མོ་བསྐལ་པའི་མེ་དཔུང་ཁྲུགས། ། ཕྲིན་ལས་ཟབ་མོ་ཐོག་རྫིས་ཀློང་ཕབ་ནས།། མཚཽ་ལ་རླང་བྱུང་ཆུ་ཡི་ངོ་བོར་གཅིག། ལྟ་སྤྱོད་བརླང་པོར་སྤྱད་ན་ཚོགས་སུ་འགྱུར།། ཞེས་ཀཱི་ལ་གསང་བའི་དགོངས་རྒྱུད་ལས། མཛད་སྤྱོད་དངོས་མེད་ཀྱི་ལུང་གི་ལེའུ་སྟེ་བཞི་བཅུ་དགུ་པའོ། །།། དེ་ནས་ཡང་ཕྲིན་ལས་ཀྱི་རྒྱལ་པོས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། ཀྱེ་བཅོམ་ལྡན་བཛྲ་ཀཱི་ལ་ཡ།། གཙོ་བོ་མཛད་སྤྱོད་དངོས་མེད་ལུང་གི་ལེའུ་དེ་ལགས་ན། ། ཕྱོགས་བཅུ་ཁྲོ་བོའི་མཛད་སྤྱོད་དངོས་མེད་ཇི་ལྟར་ལགས།། ཞེས་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ།། རྣལ་འབྱོར་རྗེས་སུ་འཇུག་པ་ལ།། དེ་ཡི་དོན་རྣམས་ངས་བཤད་ཀྱི། ། གརྫས་གདུག་པ་ཏི་ར་བམ།། གཙོ་བོ་བཛྲ་ཛྙཱ་ན་ཡིས།། གདུག་པའི་ཕྲིན་ལས་ཆགས་པ་མ་བཏང་བས།། དབྱིངས་དང་ཡེ་ཤེས་གཉིས་མེད་བྱང་ཆུབ་སེམས།། ཧ་ནས་ཨཱིནྡྲ་གདུག་པ་ཏི་ར་བམ།། གཙོ་བོ་བཛྲ་ཛྙཱ་ན་ཡིས། ། གདུག་པའི་འཁོར་བ་བག་ཆགས་རྣམ་པར་རྒྱལ།། གདུག་པའི་དབྱིངས་དང་ཡེ་ཤེས་གཉིས་མེད་བྱང་ཆུབ་སེམས།། ད་ཧས་གདུག་པ་ཨགྣི་ཏི་ར་བམ།། གཙོ་བོ་བཛྲ་ཛྙཱ་ན་ཡིས།། གདུག་པའི་འཁོར་བ་བག་ཆགས་དབྱུག་པས་འཇོམས། ། དབྱིངས་དང་ཡེ་ཤེས་གཉིས་མེད་བྱང་ཆུབ་སེམས།། པ་ཙས་གདུག་པ་ཡ་མ་ཏི་ར་བམ།། གཙོ་བོ་བཛྲ་ཛྙཱ་ན་ཡིས།། གདུག་པ་འཁོར་བའི་བག་ཆགས་གཤིན་རྗེ་གཤེད། ། དབྱིངས་དང་ཡེ་ཤེས་གཉིས་མེད་བྱང་ཆུབ་སེམས།། བན་དྷས་གདུག་པ་ནིརྡྀ་ཏི་ར་བམ།། གཙོ་བོ་བཛྲ་ཛྙཱ་ན་ཡིས།། གདུག་པའི་འཁོར་བ་བག་ཆགས་མི་གཡོ་མགོན།། དབྱིངས་དང་ཡེ་ཤེས་གཉིས་མེད་བྱང་ཆུབ་སེམས། ། ཧུ་ལུས་གདུག་པ་བ་རུ་ཏི་ར་བམ།། གཙོ་བོ་བཛྲ་ཛྙཱ་ན་ཡིས།། གདུག་པའི་བག་ཆགས་མྱུར་དྲག་འཇོམས།། རེངས་པའི་རྟ་མཆོག་ཕྲིན་ལས་བཞི།། དབྱིངས་དང་ཡེ་ཤེས་གཉིས་མེད་བྱང་ཆུབ་སེམས། ། ཏིཥྛས་གདུག་པ་བ་ཡ་ཏི་ར་བམ།། གཙོ་བོ་བཛྲ་ཛྙཱ་ན་ཡིས།། གདུག་པའི་བག་ཆགས་བར་གཅོད་གཞན་མི་ཐུབ།། དབྱིངས་དང་ཡེ་ཤེས་གཉིས་མེད་བྱང་ཆུབ་སེམས།། ཧ་ནས་གདུག་པ་ཀུ་བེ་ཏི་ར་བམ། ། གཙོ་བོ་བཛྲ་ཛྙཱ་ན་ཡིས།། གདུག་པའི་བག་ཆགས་ཡེ་ཤེས་བདུད་རྩིར་འཁྱིལ།། དབྱིངས་དང་ཡེ་ཤེས་གཉིས་མེད་བྱང་ཆུབ་སེམས།། ཙྪིནྡས་གདུག་པ་ཨིནྟྲ་ཏི་ར་བམ།། གཙོ་བོ་བཛྲ་ཛྙཱ་ན་ཡིས།། གདུག་པའི་བག་ཆགས་ཁམས་གསུམ་རྣམ་པར་རྒྱལ། ། དབྱིངས་དང་ཡེ་ཤེས་གཉིས་མེད་བྱང་ཆུབ་སེམས།། སྥོ་ཊས་གདུག་པ་ཨུ་ཏི་ཏི་ར་བམ།། གཙོ་བོ་བཛྲ་ཛྙཱ་ན་ཡིས།། གདུག་པའི་བག་ཆགས་གནས་སྟོབས་སྟོབས་པོ་ཆེ། ། དབྱིངས་དང་ཡེ་ཤེས་གཉིས་མེད་བྱང་ཆུབ་སེམས།། གཙོ་བོ་བཛྲ་ཛྙཱ་ན་ཡིས།། མུ་ཁ་ཧེ་ཡི་རྟགས་དང་དོན།། བྱང་སེམས་ལུས་དང་ཡན་ལག་ཚུལ།། སྲིད་པ་ཡེ་ནས་སྐུ་གསུང་ཐུགས།། ཞེས་ཀཱི་ལ་ཡ་གསང་བའི་དགོངས་རྒྱུད་ལས། ། ཕྱོགས་བཅུ་ཁྲོ་བོ་མཛད་སྤྱོད་དངོས་མེད་ཀྱི་ལེའུ་སྟེ་ལྔ་བཅུ་པའོ།།།། དེ་ནས་ཡང་ཕྲིན་ལས་ཀྱི་རྒྱལ་པོས། བཅོམ་ལྡན་འདས་བཛྲ་ཀཱི་ལ་ཡ་ལ་འདི་སྐད་ཅེས་གསོལ་ཏོ། ། ཀྱེ་བཅོམ་ལྡན་བཛྲ་ཀཱི་ལ་ཡ།། ཁྲོ་བོ་མཛད་སྤྱོད་དངོས་མེད་དེ་ལགས་ན།། ཐེག་པ་འོག་མའི་དངོས་མེད་སྒྱུ་མར་འདོད།། གཟུགས་སྟོང་སྟོང་གཟུགས་གཞན་ནི་མ་ཡིན་འདོད།། རང་བཞིན་མེད་པས་སྣང་སྟོང་དབྱེར་མེད་འདོད། ། གཟུགས་ནས་རྣམ་པ་ཐམས་ཅད་མཁྱེན་པའི་བར།། ཆོས་ཉིད་སྟོང་པ་ཉིད་དུ་འོག་མས་འདོད།། སྣང་བ་སེམས་ཉིད་ཆོས་ཉིད་རང་རིག་འདོད།། བརྟགས་པས་དབེན་པའི་བཞིན་ལྟར་འདོད། ། ཆོས་ཉིད་ཡོངས་སུ་གྲུབ་པ་འོག་མ་འདོད།། ཅེས་གསོལ་པས། བཅོམ་ལྡན་འདས་བཛྲ་ཀཱི་ལ་ཡས་འདི་སྐད་ཅེས་བཀའ་སྩལ་ཏོ།། ཐེག་པ་འོག་མའི་སྒྱུ་མ་དེ་ཡིན་ཏེ།། བདེན་པ་གཉིས་ཀྱིས་སེམས་ཉིད་གཏན་ལ་དབབ། ། སྒྱུ་མའི་བློ་ལྡན་བདེན་པ་དབྱེར་མེད་འདོད།། གཟུགས་སྟོང་སྟོང་གཟུགས་བདེན་པ་གཉིས།། གཟུགས་སྐུ་སྒྲ་རྟོག་སྐུ་གསུང་ཐུགས་ཉིད་དེ།། དེ་ཉིད་བདེན་པ་དབྱེར་མེད་ཡེ་ཡིན་འདོད།། རང་བཞིན་མེད་པས་སྣང་སྟོང་དབྱེར་མེད་པ། ། དེ་ལྟར་དེ་བཞིན་བདེན་པ་དབྱེར་མེད་འདོད།། བདེན་པ་གཉིས་ཀྱིས་སྟོང་པའི་དོན་ཚོལ་བ།། མཉམ་པར་གནས་པའི་ཏིང་འཛིན་དབྱིངས་སུ་ལྟུང།། ལངས་པས་ཀུན་རྫོབ་གང་དང་ཐ་དད་འདོད། ། སྣང་བའི་སེམས་ཉིད་ཆོས་ཉིད་རང་རིག་པ།། ཆོས་ཉིད་སྐད་ཅིག་གྲངས་གྲགས་པ་ཡང་མའི་རྫས་ཉིད་དོ།། བརྟགས་པས་བདེན་པའི་ཆོས་ཉིད་ཡོངས་སུ་གྲུབ།། མ་བརྟག་ཉམས་དགའི་ཆོས་ཉིད་ང་མི་འདོད། ། སྣང་བའི་ཆོས་ཉིད་རང་རིག་ཡེ་ཤེས་ཡིན།། རང་རིག་བདེན་པ་དབྱེར་མེད་སྐུ་གསུང་ཐུགས།། གཟུགས་ནས་རྣམ་པ་ཐམས་ཅད་མཁྱེན་པའི་བར།། བདེན་པ་གཉིས་ཀྱིས་སྟོང་པའི་དོན་ཚོལ་བ། ། བསྐལ་པ་གྲངས་མེད་ཀུན་ཏུ་འོད་ཀྱི་ས།། ང་ཡི་ལུང་འདི་གསང་བ་ཆེར་གསང་ཡང་གསང་ཐུགས།། སྣང་ཙམ་ཉིད་ན་རང་བཞིན་མེད་པ་དེ།། བདེན་པ་རང་བཞིན་མེད་པ་དབྱེར་མེད་དོ།། སྣང་སྲིད་ཡེ་ནས་སྐུ་གསུང་ཐུགས་ཉིད་དེ། ། དེ་བཞིན་ཉིད་ཀྱི་གཟུགས་བརྙན་བདེན་པ་དབྱེར་མེད་དོ།། སྣང་སྲིད་ཡེ་ནས་གཙོ་བོའི་ཐུགས་ཉིད་དོ།། སྣང་ཙམ་ཉིད་ནས་བདེན་པ་དབྱེར་མེད་ཡིན།། སྣང་སྲིད་ཡེ་ནས་མཉམ་པ་ཆེན་པོ་སྟེ། ། མཉམ་ཉིད་ཙམ་ན་བདེན་པ་དབྱེར་མེད་ཡིན།། ཞེས་ཀཱི་ལ་ཡ་གསང་བའི་དགོངས་རྒྱུད་ལས། བདེན་པ་དབྱེར་མེད་ཀྱི་ལེའུ་སྟེ་ལྔ་བཅུ་གཅིག་པའོ།།།། དེ་ནས་ཡང་ཕྲིན་ལས་ཀྱི་རྒྱལ་པོས།། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། བདེན་པ་དབྱེར་མེད་དེ་ལགས་ན། གདབ་དང་གནན་བསྲེག་འཕང་བ་འདི།། ཞེ་སྡང་ལ་སོགས་ཉོན་མོངས་ལྔ།། དེ་ཡི་ཆ་ལས་གཏོགས་གྱུར་ན།། དངོས་པོ་དབྱེར་མེད་མི་འགལ་ལམ། ། ཞེས་གསོལ་པས།། བཅོམ་ལྡན་འདས་བཛྲ་ཀཱི་ལ་ཡས།། འདི་སྐད་ཅེས་བཀའ་སྩལ་ཏོ།། ཉོན་ཅིག་ཀརྨ་ཧེ་རུ་ཀ། རྣལ་འབྱོར་རྗེས་སུ་འཇུག་པ་ལ།། དེ་ཡི་དོན་རྣམས་ངས་བསྟན་གྱི། ། ཞེ་སྡང་ལམ་དུ་ཞུགས་ནས་ནི།། ཞེ་སྡང་མ་སྤངས་གནས་སུ་དག། གཏི་མུག་ལམ་དུ་ཞུགས་ནས་ནི།། གཏི་མུག་མ་སྤངས་གནས་སུ་དག། ང་རྒྱལ་ལམ་དུ་ཞུགས་ནས་ནི།། ང་རྒྱལ་མ་སྤངས་གནས་སུ་དག། འདོད་ཆགས་ལམ་དུ་ཞུགས་ནས་ནི།། འདོད་ཆགས་མ་སྤངས་གནས་སུ་དག། ཕྲག་དོག་ལམ་དུ་ཞུགས་ནས་ནི།། ཕྲག་དོག་མ་སྤངས་གནས་སུ་དག། དེ་ལྟར་དེ་བཞིན་ལམ་ཞུགས་མ་སྤངས་གནས་སུ་དག། དངོས་མེད་བདེན་པ་དབྱེར་མེད་དོ།། རྩ་དངས་ཁྲག་དངས་དབུགས་དངས་དང།། འོད་དངས་ཚེ་དངས་འབྱུང་བ་དངས།། ཞེ་སྡང་ལ་སོགས་དེ་བཞིན་རྒྱུ།། བྱང་ཆུབ་སེམས་སུ་གཉིས་མེད་བསྟན།། མ་སྤངས་གནས་སུ་དུག་ལྔ་དག། གཉེན་པོ་ལ་ནི་ལྟོས་མ་ཡིན།། དུག་ལྔ་ཁྲོ་བོའི་ཕུར་པ་ཡིས།། དུག་ལྔ་བྱང་སེམས་ཡེ་ཤེས་ལྔ།། ཞེ་སྡང་གཉེན་པོ་བྱམས་པ་ཡིན།། ཞེ་སྡང་ལ་སོགས་བདོ་བའི་དུས།། མཐོ་ཡོར་ལ་ནི་མིར་ཤེས་ཚུལ། ། མཛད་སྤྱོད་བདེན་པ་དབྱེར་མེད་དོན།། ཞེས་ཀཱི་ལ་ཡ་གསང་བའི་དགོངས་རྒྱུད་ལས། མཛད་སྤྱོད་བདེན་པ་དབྱེར་མེད་ཀྱི་ལེའུ་སྟེ་ལྔ་བཅུ་གཉིས་པའོ།།།། དེ་ནས་ཡང་ཕྲིན་ལས་ཀྱི་རྒྱལ་པོས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། མཛད་སྤྱོད་བདེན་པ་དབྱེར་མེད་དེ་ལགས་ན།། གསང་བ་རྒྱུད་ཀྱི་བསྒོམ་རྫོགས་ཇི་ལྟར་ལགས།། ཞེས་གསོལ་པ་དང། བཅོམ་ལྡན་འདས་ཀྱི་འདི་སྐད་ཅེས་བཀའ་སྩལ་ཏོ། ། བསྐྱེད་པའི་རིམ་པ་བྱང་ཆུབ་སེམས།། བྱང་ཆུབ་སེམས་ནི་སེམས་ཉིད་དོན།། རྟག་དང་ཆད་དང་སེམས་ཉིད་ལ།། གཟུང་འཛིན་དྲན་རྟོག་སྟོང་ལྡན་དང།། ཁ་དོག་དབྱིབས་བྲལ་ནམ་མཁའ་ལ།། དཀར་པོ་དམར་སེར་མཐིང་ལྗང་དང། ། གཟུང་དང་གདགས་སུ་ཡོང་མེད་དེ།། སེར་བུ་དང་ནི་འཇའ་ཚོན་ལྟར།། སྣང་བ་ཐབས་ལ་གཏིང་མཐའ་མེད་པ་ཡུམ།། ཐམས་ཅད་ཐབས་དང་ཤེས་རབ་མ་གྱུར་མེད།། མ་ལུས་མེད་པ་གཏན་ལ་ཇི་ལྟར་འབེབས། ། ཡུལ་དང་རིག་པ་ཕར་ཤར་ཚུར་འཇུག་གཉིས།། ཕུང་པོ་ལྔ་དང་སངས་རྒྱས་ལྔ།། ཁམས་དང་སྐྱེ་མཆེད་དེ་བཞིན་དུ།། འགྲོ་ཉལ་འདུག་སྡོད་སྤྱོད་ལམ་རྣམ་བཞི་ལ།། སྤྱོད་དང་རོལ་དང་ལྷ་ཐིམ་དཀྱིལ་འཁོར་རོ། ། ཏིང་འཛིན་གསུམ་དང་ཆོ་ག་གསུམ།། ཆོས་རྣམས་ཐམས་ཅད་སྐྱེ་མེད་གཅིག། ཐུགས་རྗེ་ཆེན་པོ་ཁྱབ་པ་ཆེ།། ཆོ་ག་གསུམ་ནི་སྤྲུལ་པའི་སྐུ།། འཇིག་དང་ཆགས་དང་སྲིད་པའི་ཚུལ། ། མཐའ་དབུས་མེད་པའི་གཞལ་ཡས་ཁང།། བཅས་དང་བཅོས་དང་སངས་རྒྱས་རྣམས།། གཞན་ནས་བྱུང་བ་མ་ཡིན་ཏེ།། ཁ་དོག་ལྔ་དང་ཕྲིན་ལས་ལྔ།། ཐམས་ཅད་སེམས་ཉིད་གཅིག་པ་སྟེ། ། སེམས་ལས་ཇི་སྐྱེས་སངས་རྒྱས་སོ།། ཞེས་ཀཱི་ལ་ཡ་གསང་བའི་དགོངས་རྒྱུད་ལས། གསང་བ་རྒྱུད་ཀྱི་བསྒོམ་རྫོགས་ཀྱི་ལེའུ་སྟེ་ལྔ་བཅུ་གསུམ་པའོ།།།། དེ་ནས་ཕྲིན་ལས་ཀྱི་རྒྱལ་པོས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། གསང་བ་རྒྱུད་ཀྱི་བསྒོམ་རྫོགས་དེ་ལགས་ན།། ཆེར་གསང་ལུང་གི་བསྒོམ་རྫོགས་ཇི་ལྟར་ལགས།། ཞེས་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ། ། རྒྱལ་བའི་སྐུ་དང་འཇིག་ཚོགས་དང།། མཚན་མར་སྣང་བའི་སྣང་སྲིད་ལས།། ཀུན་གཞི་ཀུན་ཏུ་བཟང་མོའི་མཁའ་ཀློང་དུ།། ཡིད་བྱུང་ཀུན་ཏུ་བཟང་པོའི་རོལ་པར་ཤར།། གཟུགས་སུ་སྣང་བའི་ལུས་ནི་སྐུ་རུ་ཤར། ། སྒྲ་རུ་གྲག་པའི་ངག་གི་གསུང་དུ་ཤར།། དྲན་རྟོག་གཤེས་རིག་ཡིད་ནི་ཐུགས་སུ་ཤར།། ནམ་མཁའ་ཡངས་པའི་མཁའ་དབྱིངས་ལ།། ཉི་ཟླ་གཟའ་སྐར་ཤར་བ་བཞིན།། ཀུན་གཞི་དབྱིངས་ལ་ཡིད་ནི་སྐུ་གསུང་ཐུགས། ། ལུས་དང་ཡན་ལག་ཚུལ་དུ་ཤར།། སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ།། ངང་ཉིད་རྡོ་རྗེ་ཆོས་དབྱིངས་ལ།། འབར་བའི་ཁྲོ་བོ་མི་བཟད་པ།། སྐུ་ཡི་དབྱིག་ཏུ་བདག་གྱུར་ཤར།། སངས་རྒྱས་ཀུན་གྱི་ཡེ་ཤེས་གསུང། ། ངང་ཉིད་རྡོ་རྗེ་ཆོས་དབྱིངས་ལ།། འབར་བའི་ཁྲོ་བོ་མི་བཟད་པ།། གསུང་གི་དབྱིག་ཏུ་བདག་གྱུར་ཤར།། སངས་རྒྱས་ཀུན་གྱི་ཡེ་ཤེས་ཐུགས།། ངང་ཉིད་རྡོ་རྗེ་ཆོས་དབྱིངས་ལ།། འབར་བའི་ཁྲོ་བོ་མི་བཟད་པ། ། ཐུགས་ཀྱི་དབྱིག་ཏུ་འདག་གྱུར་ཤར།། ཀུན་གཞི་མེ་ལོང་ལྟ་བུ་ལ།། ཡིད་ནི་བཞིན་གྱི་གཟུགས་བརྙན་ཤར། ཀུན་གཞི་རྒྱ་མཚོ་ལྟ་བུ་ལ།། ཡིད་ནི་ཉི་ཟླ་གཟའ་སྐར་ཤར།། ཀུན་གཞི་ཀུན་ཏུ་བཟང་མོའི་མཁའ་དབྱིངས་ལ། ། ཡིད་ནི་ཀུན་ཏུ་བཟང་པོའི་ཐུགས་ཀྱི་སྐུ་རུ་ཤར།། ཐུགས་ཀྱི་གསུང་དང་ཐུགས་ཀྱི་ཐུགས།། འཁོར་བ་མྱ་ངན་འདས་པའི་ཆོས།། བཀག་པ་མེད་པར་དུས་གཅིག་ཏུ།། སྐུ་གསུང་ཐུགས་སུ་རང་ལས་ཤར། ། སྣང་བའི་རང་བཞིན་མེད་པར་ཤར།། ཡིད་དྲན་སྔགས་བརྗོད་ཙམ་ཡང་ལྟ་བར་མ་བསྙེགས་སོ།། ཀུན་གཞི་དབྱིངས་ལ་ཡིད་ནི་ཡེ་ཤེས་ཤར།། ཅི་སྤྱོད་རྣམ་རྟོག་མཚན་མ་ཅི་བྱུང་ཡང།། འཁོར་བ་མྱ་ངན་འདས་པས་བྱང་ཆུབ་སེམས། ། དབྱིངས་དང་ཡེ་ཤེས་གཉིས་མེད་སྐུ་གསུང་ཐུགས།། ཐུགས་ཀྱི་སྐུ་དང་ཐུགས་ཀྱི་གསུང་དུ་ཤར།། ཐུགས་ཀྱི་ཐུགས་ནི་ཐབས་ཅད་དབྱེར་མེད་ཤར།། ཞེས་ཀཱི་ལ་ཡ་གསང་བའི་དགོངས་རྒྱུད་ལས། ཆེར་གསང་ལུང་གི་བསྒོམ་རྫོགས་ཀྱི་ལེའུ་སྟེ་ལྔ་བཅུ་བཞི་པའོ།།།། དེ་ནས་ཡང་ཕྲིན་ལས་ཀྱི་རྒྱལ་པོས།། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། ཆེར་གསང་ལུང་གི་བསྒོམ་རྫོགས་དེ་ལགས་ན། ། མན་ངག་ཡང་གསང་ཐུགས་ཀྱི་དཀྱིལ་འཁོར་ཇི་ལྟར་ལགས།། ཞེས་གསོལ་ཏོ།། བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ།། སྣང་བ་ཐམས་ཅད་ཡུལ་ཡིན་ཏེ།། ཡུལ་གྱི་རྣམ་པ་སེམས་ཡིན་ནོ། ། ཅིར་སྣང་ཅིར་མཐོང་སེམས་ཡིན་པས།། སེམས་ལས་མ་གཏོགས་གང་ཡང་མེད།། སེམས་ནི་ཡང་གསང་ཐུགས་ཀྱི་དཀྱིལ་འཁོར་ཡིན།། ཡང་གསང་ཐུགས་ནི་ཆོས་ཀྱི་སྐུ། སྣང་བའི་སེམས་ཉིད་ཡང་གསང་ཐུགས། རྣམ་རྟོག་སྐྱེ་བའི་གཞི་མེད་པར།། རྣམ་རྟོག་གཉིད་ཀྱང་ཡང་གསང་ཐུགས།། རྣམ་རྟོག་ཡང་གསང་ཐུགས་ལ་འཆར་ནུབ་མེད།། སེམས་ཉིད་ཡང་གསང་ཐུགས་ལ་ཡུལ་དང་ཡུལ་ཅན་མེད། ། སེམས་ཀྱི་ངོ་བོ་ཡང་གསང་གཉིས་མེད་པ།། ཉམས་སུ་ལེན་པའི་བསྒོམ་བྱ་སྒོམ་བྱེད་མེད།། ཡང་གསང་ཐུགས་ནི་རྡོ་རྗེ་ཕུར་པའོ།། ཕུར་ནི་ཀུན་གཞི་ཀུན་ཏུ་བཟང་མོ་ལ།། པ་ནི་ཡིད་དེ་ཀུན་ཏུ་བཟང་པོའོ། ། ཕུར་ནི་ཀུན་གཞི་ཀུན་ཏུ་བཟང་མོ་ལ།། བུ་ནི་ཡིད་དེ་ཀུན་ཏུ་བཟང་པོའོ།། ཕུར་ནི་ཀུན་གཞི་ཀུན་ཏུ་བཟང་མོ་ལ།། བུ་ནི་ཡིད་དེ་ཀུན་ཏུ་བཟང་པོ་དཀྱིལ་འཁོར་རྣམ་གསུམ་མོ།། ཕུར་ནི་ཀུན་གཞི་ཐུགས་ཉིད་ལ། ། བུ་ནི་སྐུ་དང་གསུང་ཉིད་དོ།། རྡོ་རྗེ་ཀུན་གཞི་ཀུན་ཏུ་བཟང་མོ་ལ།། ཁྲོས་པ་ཡིད་དེ་ཀུན་ཏུ་བཟང་པོའོ།། གཉིས་མེད་དུག་སྡོང་རྩད་གཅོད་ཞེ་སྡང་གཅོད།། སྣང་སྲིད་དཀྱིལ་འཁོར་རྣམ་གསུམ་ཡེ་ནས་ཐུགས་སུ་མཚོན། ། གཉེན་པོ་མེད་པས་ཡེ་ནས་བསྲེགས།། ཀུན་གཞི་ཀུན་བཟང་ནམ་མཁའི་དཀྱིལ།། ཡིད་ནི་སྣང་སྲིད་ཡེ་ནས་ཐིགས་པ་ཤར།། ལུས་དང་ཡན་ལག་ཚུལ་དུ་སྲོག་གི་གོ་རུ་ཤར།། ཀུན་གཞི་སྟོང་པ་སྙིང་གི་དཀྱིལ་དུ་བསྒོམ་པར་བྱ། ། དམ་ཚིག་ཀུན་ཏུ་བཟང་མོ་ཡིས།། ཡིད་ནི་སྙིང་རྗེ་ཐུགས་སུ་བསྒྲལ།། ཀུན་ཏུ་བཟང་པོ་ཡབ་ཡུམ་ཐུགས།། རོལ་བསད་མནན་པ་མ་ཡིན་ནོ།། སྣང་སྲིད་ལུས་ངག་ཡིད་གསུམ་ཕུང་པོ་ནི། ། ཀུན་གཞི་ཀུན་ཏུ་བཟང་མོ་རྡོ་རྗེར་གཏམས།། རྣམ་པར་ཤེས་པ་ཡིད་ནི་ཀུན་ཏུ་བཟང།། ཀུན་གཞི་ཀུན་ཏུ་བཟང་མོ་རྡོ་རྗེ་དབྱེར་མེད་བསྒོམ།། སྲིད་པ་ཡེ་ནས་ཕུར་བུ་རུ།། ཡང་གསང་ཐུགས་སུ་རྟོགས་པས་བསྒྲུབ། ། ཡང་གསང་ཕུར་བུ་རྟོགས་པས་དབང་དང་དངོས་གྲུབ་བླངས།། རང་གི་སེམས་ཉིད་རྟོགས་པས་ཡེ་ཤེས་ཁྲོ་བོ་དག། རང་ལ་རང་ཉིད་སྤྱན་དྲངས་དྲང་དུ་མེད།། གཞན་ནས་སྤྱན་དྲང་མེད་པར་སེམས་ཉིད་རྟོགས་ནས་ནི། ། རྟགས་དང་མཚན་མའི་བྱིན་རླབས་བཅུ་བཞི་འབྱུང།། ཀི་ལ་ཡ་ཡི་དངོས་གྲུབ་མངོན་ཤེས་དྲུག་དག་འབྱུང།། ཞེས་ཀཱི་ལ་ཡ་གསང་བའི་དགོངས་རྒྱུད་ལས། མན་ངག་ཡང་གསང་ཐུགས་ཀྱི་དཀྱིལ་འཁོར་གྱི་ལེའུ་སྟཻ་ལྔ་བཅུ་ལྔ་པའོ། །།། དེ་ནས་ཡང་ཕྲིན་ལས་ཀྱི་རྒྱལ་པོས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། མན་ངག་ཡང་གསང་ཐུགས་ཀྱི་དཀྱིལ་འཁོར་དེ་ལགས་ན།། དམན་པ་རྣམས་ལ་དོན་འདི་ཇི་ལྟར་བསྟན། བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ།། བྱ་བ་སྤྱོད་པ་རྣལ་འབྱོར་གསུམ།། དམན་པ་རྣམས་ཀྱིས་ཡང་དག་དོན།། གསང་སྔགས་ལྟ་བ་མར་སྙོགས་པས། ། དངོས་གྲུབ་སྟེར་བ་མྱུར་དུ་ཐོབ།། བདེ་གཤེགས་ཐུགས་རྗེ་མི་འབྱུང་ན།། སེམས་ཅན་དོན་ནི་འབྱུང་མི་སྲིད།། བདེ་གཤེགས་བྱིན་རླབས་མི་འབྱུང་ན།། སེམས་ཅན་དངོས་གྲུབ་མི་ཐོབ་པས།། བསྐྱེད་དང་སྤྱན་དྲང་ཕྱག་འཚལ་དང། ། མཆོད་བསྟོད་ཆོ་ག་གཞུང་བཞིན་བྱ།། སྦྱིན་དང་ཚུལ་ཁྲིམས་བཟོད་བརྩོན་འགྲུས།། བསམ་གཏན་ཤེས་རབ་ཕ་རོལ་ཕྱིན།། དེ་ལ་བཟློག་མེད་མ་ཡེངས་པས།། དངོས་གྲུབ་མྱུར་དུ་ཐོབ་པར་ངེས། ། དེ་ཕྱིར་རྣལ་འབྱོར་གདེང་ཅན་བཟློག་མེད་ཀྱིས།། རྡོ་རྗེ་ཁྲོས་པ་འཁོར་བཅས་ཀྱིས།། དཀྱིལ་འཁོར་གསུམ་གྱི་བསྐྱེད་པ་ནི།། དེ་ལ་ཐབས་དང་ཐབས་ལ་བརྟེན།། དངོས་གྲུབ་རྣམ་པ་གཉིས་ཀྱི་དོན།། ཟླ་གཅིག་ལོ་གཅིག་ལོ་གསུམ་དང། ། རབ་འབྲིང་གསུམ་གྱི་རྟགས་རྣམས་ནི།། དུས་དེར་མི་འབྱུང་མི་སྲིད་དོ།། ཞེས་ཀཱི་ལ་ཡ་གསང་བའི་དགོངས་རྒྱུད་ལས། ཐབས་དམན་པ་ལ་བསྙེགས་པས་དངོས་གྲུབ་མྱུར་དུ་ཐོབ་པའི་ལེའུ་སྟེ་ལྔ་བཅུ་དྲུག་པའོ། །།། དེ་ནས་ཡང་ཕྲིན་ལས་ཀྱི་རྒྱལ་པོས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། ཐབས་དམན་པ་ལ་སྙེགས་པས་དངོས་གྲུབ་མྱུར་དུ་ཐོབ་པ་དེ་ལགས་ན།། དེ་ཡི་བསྐྱེད་པའི་རིམ་པ་ཇི་ལྟར་ལགས། ། ཞེས་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ།། རྡོ་རྗེ་ཁྲོས་པ་ཞེས་སོགས་པས།། རྣམ་པར་ཤེས་པ་རྡོ་རྗེ་བསྒོམ།། ཏིང་འཛིན་གསུམ་དང་ཆོ་ག་གསུམ། ། བཞི་དག་གིས་བསྐྱེད་པར་བྱ།། ཡབ་ཡུམ་མཁའ་གསང་བྱིན་བརླབས་ནས།། བསྒུལ་བསྐྱོད་བདེ་བའི་དྲོད་ཚད་ལས།། འོད་ཟེར་དྲུག་གིས་བྱ་བ་བསྒྲུབས།། ཨཱ+ོཾ་དང་ཧཱུཾ་གཉིས་ཕཊ་དང་བཞི།། བར་དུ་མཚན་ཉིད་སོ་སོར་བཅུག། ཆོ་ག་གསུམ་གྱིས་བཞི་པ་བསྐྱེད།། ཀརྨ་གུ་ཡ་མནྟྲ་ཡིས།། འདོད་པའི་བྱ་བ་སོ་སོར་བསྒྲུབ།། སྲིད་པའི་ཕུར་བུ་ཞེས་སོགས་པས།། བྱིན་བརླབས་བཅུ་གཅིག་བཞི་ཡང་སྲས་མཆོག་བསྐྱེད།། འོད་ཟེར་བཀུག་ནས་སྐུ་གསུང་ཐུགས། ། གསང་ལམ་པདྨ་ལས་འཕྲོས་པས།། འོད་ཕུང་གུ་ཡ་ཐ་མར་གཏད།། དཀྱིལ་འཁོར་གསུམ་གྱི་བསྐྱེད་རིམ་ནི།། དང་པོ་ཐུན་དུ་བཅད་དེ་བསྒོམ།། ནུས་པ་གཞུག་དང་ནུས་པ་བསྐྱེད། ། ནུས་པ་བརྟས་དང་ནུས་པ་ཐོབ།། ནུས་པ་བཞི་པ་ཐོབ་ནས་ནི།། གར་མཁན་ལག་པ་དེ་བཞིན་དུ།། གང་ལྟར་བྱས་པ་དེ་བཞིན་སྣང།། སྣང་བའི་ནུས་པ་ཐོབ་པ་ནི།། གདམས་ངག་རིན་ཆེན་དག་ལས་འབྱུང། ། བྱིན་རླབས་བཅུ་བཞི་འབྱུང་བར་འགྱུར།། ཞེས་ཀཱི་ལ་ཡ་གསང་བའི་དགོངས་རྒྱུད་ལས། ཐབས་དམན་པ་ལ་བསྙེགས་པས་དངོས་གྲུབ་མྱུར་དུ་ཐོབ་པའི་བསྐྱེད་པའི་རིམ་པའི་ལེའུ་སྟེ་ལྔ་བཅུ་བདུན་པའོ། །།། དེ་ནས་ཡང་ཕྲིན་ལས་ཀྱི་རྒྱལ་པོས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། ཐབས་དམན་པ་ལ་བསྙེགས་པའི་བསྐྱེད་པའི་རིམ་པས།། དངོས་གྲུབ་མྱུར་དུ་ཐོབ་པ་དེ་ལགས་ན། ། དེ་ཡི་ཆོ་གའི་རིམ་པ་ཇི་ལྟར་ལགས།། ཞེས་གསོལ་པས། བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ།། རྡོ་རྗེ་ཁྲོས་པས་ཞེས་སོགས་ནས།། རྣམ་པར་ཤེས་པ་རྡོ་རྗེར་བསྒོམ།། རྩ་བའི་ཆོ་གའི་རིམ་པའོ། ། ཨཱ+ོཾ་དང་ཧཱུཾ་ཉིད་ཕཊ་དང་བཞི།། བར་དུ་མཚན་ཉིད་སོ་སོར་གཞུག། ཀརྨ་གུ་ཡ་མནྟྲ་ཡིས།། འདོད་པའི་བྱ་བ་དོན་གྲུབ་པས།། རྡོ་རྗེ་ཧེ་ཡིས་བར་དུ་ནི།། མཚན་ཉིད་སོ་སོར་བཅུག་པ་དང།། ཕྱོགས་བཅུ་ཆོ་གའི་རིམ་པའོ། ། སྲིད་པའི་ཕུར་བུ་བསྒྲུབ་པ་ནས།། གཤེགས་སུ་གསོལ་བའི་བར་དུ་ནི།། བཅུ་གཅིག་རྩ་གཅིག་ཆོ་ག་ནི།། རྫས་ཀྱི་ཆོ་གའི་རིམ་པའོ།། སྲིད་པའི་ཕུར་བུ་བསྒྲུབ་པ་ནས།། གཤེགས་སུ་གསོལ་བའི་བར་གྱིས་ནི། ། གང་ལ་གང་ནས་གང་དག་གང་དུ་གང་ཕྱིར་དུ།། སྤྱན་དྲང་ཆོ་གའི་རིམ་པའོ།། ཁྲོ་བོ་ཆེན་པོ་གཤེགས་ནས་ཀྱང།། དངོས་གྲུབ་གསོལ་བའི་བར་གྱིས་ནི།། དངོས་གྲུབ་རྣམ་པ་གཉིས་ཀྱི་དོན།། བསྟིམ་པའི་ཆོ་གའི་རིམ་པའོ། ། དབང་དང་བྱིན་རླབ་འདིར་སྩོལ་ཅིང།། འདོད་པའི་དོན་ལ་གསོལ་བཏབ་དང།། དབང་དང་བྱིན་རླབ་ནོད་པའི་ཆོ་གའི་རིམ་པའོ།། ཐབས་ཀྱི་སྤྱོད་པས་འགྲོ་དོན་དུ།། བྱམས་དང་སྙིང་རྗེས་གང་འདུལ་བ། ། སངས་རྒྱས་ཕྲིན་ལས་རྫོགས་མཛད་ནས།། བུདྡྷའི་མཛད་སྤྱོད་ཕྲིན་ལས་ནི།། ཚད་མེད་བཞི་ནི་སྔོན་དུ་འགྲོ།། ཐེག་པ་ཆེན་པོར་མི་ཚུད་བཞིན།། བྱ་བ་སྤྱོད་པ་རྣལ་འབྱོར་དང།། ཐབས་ཆེ་ཐབས་མང་ཐབས་མཁས་དང། ། ཐབས་མྱུར་ཆོ་གའི་རིམ་པའོ། རྡོ་རྗེ་གཞོན་ནུའི་རིག་འཛིན་རྣམས།། སྲིད་པ་རྡོ་རྗེ་གྲུབ་མཛོད་ཅིག། སྲིད་པ་རྡོ་རྗེ་ཕུར་པའི་ལྷ།། ཡེ་ཤེས་ཁྲོ་བོ་གྲུབ་པར་མཛོད།། འདོད་པའི་བྱ་བ་དོན་གྲུབ་གསོལ་གདབ་པ། ། ལོངས་སྐུ་གཉིས་ཐིམ་སྲིད་པའི་ལྷ།། དབབ་པའི་ཆོ་གའི་རིམ་པའོ།། བཛྲ་ཡཀྴ་ཀྲོ་ཏ་ཁཱ་ཧི། རྩ་བ་གུ་ཡ་མནྟྲ་ལ།། མཆོད་པའི་བྱེ་བྲག་ཐམས་ཅད་ཀྱིས།། འདོད་བྱ་གཉིས་སུ་དབུལ་བར་བྱའོ། ། མཆོད་པའི་ཆོ་གའི་རིམ་པའོ།། ཞེས་ཀཱི་ལ་ཡ་གསང་བའི་དགོངས་རྒྱུད་ལས།། ཐབས་དམན་པ་ལ་བསྙེགས་པའི་དངོས་གྲུབ་མྱུར་དུ་ཐོབ་པའི་ཆོ་གའི་རིམ་པའི་ལེའུ་སྟེ་ལྔ་བཅུ་བརྒྱད་པའོ།།།། དེ་ནས་ཡང་ཕྲིན་ལས་ཀྱི་རྒྱལ་པོས། ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། ཆོ་གའི་རིམ་པ་དེ་ལགས་ན།། གཞལ་ཡས་ཁང་དུ་གསལ་བ་ཡི།། འདི་ཡི་དོན་རྟགས་ཇི་ལྟར་ལགས།། ཞེས་གསོལ་པས། བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ། ། གཞལ་ཡས་གསལ་བའི་དོན་རྟགས་ནི།། གཞལ་ཡས་གྲུ་བཞིར་འབྱུང་བ་ནི།། ཚད་མེད་བཞི་ཡི་དོན་རྟགས་ཡིན།། ཕྱོགས་བཞིར་སྒོ་བཞི་འབྱུང་བ་ནི།། རྣམ་ཐར་ཡེ་ཤེས་དོན་རྟགས་ཡིན། ། རྟ་བབས་ཡང་དག་སྤང་བ་བཞི། ཡེ་ནས་རྣམ་པར་དག་པའི་དོན་རྟོགས་ཡིན།། དྲ་བ་དྲ་ཕྱེད་བརྒྱན་པ་ནི།། ཉོན་མོངས་ཆེ་ཆུང་གནས་སུ་དག་པའི་དོན་རྟགས་ཡིན།། ཞིང་སྨུག་ཀ་བ་བརྒྱད་བཏེགས་པ། ། འཕགས་པའི་ལམ་བརྒྱད་དོན་རྟགས་ཡིན།། ཚངས་པའི་གདུང་ལྔ་བཀྱེ་བ་ནི།། དུག་ལྔ་གནས་སུ་དག་པའི་དོན་རྟགས་ཡིན།། ཉི་ཟླའི་ཀ་གདན་ཀ་ཞུ་བྱས་པ་ནི།། ཐབས་དང་ཤེས་རབ་དོན་རྟགས་ཡིན། ། ཞིང་གི་ཡ་མཁལ་མ་མཁལ་གྱིས།། ཡ་ཐེམ་མ་ཐེམ་བྱས་པ་ནི།། ཕ་མ་གནས་སུ་བསད་པའི་དོན་རྟགས་ཡིན།། སྦྲུལ་ནག་སྐྱེས་བུ་བྱས་པ་ནི།། འཁོར་བ་ཞེ་ལ་སྡང་བའི་དོན་རྟགས་ཡིན། ། དུར་ཁྲོད་ཆེན་པོས་བརྒྱན་པ་ནི།། ཉོན་མོངས་ཆོ་འཕྲུལ་མངོན་དུ་ཕྱུང།། ཡང་སྤྲུལ་སུམ་སྤྲུལ་སྟོད་ཅིང་ཟ་བའི་དོན་རྟོགས་ཡིན།། འདོད་ཡོན་ལྷ་མོས་བརྒྱན་པ་ནི།། ལོངས་སྤྱོད་ལྔ་ལྡན་དོན་རྟགས་ཡིན། ། རིན་ཆེན་ཕ་གུ་ལ་སོགས་བརྒྱན།། ཚུལ་ཁྲིམས་རྣམ་པར་དག་པའི་རྟགས།། རིན་ཆེན་ལྔ་ཡི་བརྩིགས་པས་བརྒྱན་པ་ནི།། ཡེ་ཤེས་ལྔ་ཡི་དོན་རྟགས་ཡིན།། ཟུར་སྒོར་རྒྱལ་མཚན་བཞིས་བརྒྱན་ནི། རྣམ་རྟོག་བདུད་ལས་རྒྱལ་བའི་དོན་རྟགས་ཡིན། ། དཔག་བསམ་ཤིང་གིས་བརྒྱན་པ་ནི།། ཐུགས་རྗེ་ཡོངས་ལ་ཁྱབ་པའི་དོན་རྟགས་ཡིན།། རི་དྭགས་སཱ་རས་བརྒྱན་པ་ནི།། བྱང་ཆུབ་སེམས་དཔས་བསྐོར་བའི་དོན་རྟགས་ཡིན། ། ཆོས་ཀྱི་འཁོར་ལོ་བསྐོར་བ་ནི།། ས་བཅུའི་བྱང་ཆུབ་སེམས་ཀྱིས་ནི།། ཆོས་ཀྱི་འཁོར་ལོ་བསྐོར་བའི་དོན་རྟགས་ཡིན།། ཞིང་གི་གདུགས་དང་འཕན་གྱིས་བརྒྱན་པ་ནི།། ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་ལ། ། སོ་སོ་ཡང་དག་དོན་ནི་སྟོན་པའི་རྟགས།། ནང་ནི་ཐོད་པའི་གཞལ་ཡས་ཁང།། གཟུང་འཛིན་གཉིས་དང་བྲལ་བའི་དོན་རྟགས་ཡིན།། དབུས་སུ་གྲུ་གསུམ་མཐིང་ནག་བྱུང་བ་ནི།། ཆོས་ཀྱི་དབྱིངས་ཉིད་སྐྱེ་མེད་ལ། ། སྐུ་གསུང་ཐུགས་གསུམ་འབྱུང་བའི་དོན་རྟགས་ཡིན།། ཟླ་གམ་དམར་པོ་གསུམ་དུ་བྱུང་བ་ནི།། སྲིད་གསུམ་དབང་དུ་སྡུད་པའི་དོན་རྟགས་ཡིན།། འཁོར་ལོ་རྩིབས་བརྒྱད་འབྱུང་བ་ནི།། དོན་གྱི་འཁོར་ལོ་རྒྱས་པར་བསྐོར་བའི་དོན་རྟགས་ཡིན། ། དབུས་ཀྱི་ཕོ་བྲང་ཟླུམ་པོ་འབྱུང་བ་ནི།། སྐྱེ་མེད་ལྷུན་གྱིས་གྲུབ་པའི་དོན་རྟགས་ཡིན།། དཀར་པོ་ཟླུམ་པོ་བྱུང་བ་ནི།། ཞི་བ་ཆེན་པོའི་དོན་རྟགས་ཡིན།། སེར་མོ་གྲུ་བཞི་བྱུང་བ་ནི། ། རྒྱས་པ་ཆེན་པོའི་དོན་རྟགས་ཡིན། རྡོ་རྗེ་ར་བས་བསྐོར་བ་ནི།། ཐུགས་ནི་ཡང་དག་དོན་རྟགས་ཡིན།། ཞེས་ཀཱི་ལ་ཡ་གསང་བའི་དགོང་རྒྱུད་ལས། དཀྱིལ་འཁོར་གཞལ་ཡས་ཁང་གི་དོན་རྟགས་ཀྱི་ལེའུ་སྟེ་ལྔ་བཅུ་དགུ་པའོ། །།། དེ་ནས་ཕྲིན་ལས་ཀྱི་རྒྱལ་པོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། དཀྱིལ་འཁོར་གཞལ་ཡས་ཁང་གི་དོན་རྟགས་དེ་ལགས་ན།། འོད་ཟེར་བསྐུལ་བའི་དོན་རྟགས་ཇི་ལྟར་ལགས། ། ཞེས་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ།། རྣལ་འབྱོར་རྗེས་སུ་འཇུག་པ་རྣམས།། དམ་ཚིག་སེམས་དཔས་འོད་ཟེར་སྤྲོ།། ཡེ་ཤེས་སེམས་དཔའི་ཐུགས་དམ་བསྐུལ། ། ཐུགས་བསྐྱེད་ཐུགས་དམ་རྗེས་དྲན་ནས།། ངམས་པའི་ཚིལ་གྱིས་འོད་ཟེར་བཀྱེ།། དམ་ཚིག་མཁའ་ལ་རི་དྭགས་འགྲོག་པ་བཞིན།། འོག་མིན་གནས་ནས་འོད་ཟེར་བསྐུལ་སྤྱན་དྲངས། ། དམ་ཚིག་སེམས་དཔས་འོད་ཟེར་སྤྲོ།། ཡེ་ཤེས་སེམས་དཔའི་ཐུགས་དམ་བསྐུལ།། ཐུགས་བསྐྱེད་ཐུགས་དམ་རྗེས་དྲན་ནས།། ངམས་པའི་ཚུལ་གྱིས་འོད་ཟེར་བཀྱེ།། དམ་ཚིག་མཁའ་ལ་རི་དྭགས་འགྲོགས་པ་དང། ། མར་མེ་གཉིས་དག་གཅིག་ཏུ་བསྡོམ་པ་བཞིན།། དམ་ཚིག་འོད་ཟེར་བསྐུལ་བས་གཉིས་མེད་གཅིག་ཏུ་བབ།། དམ་ཚིག་སེམས་དཔས་འོད་ཟེར་སྤྲོ།། བདེ་བར་གཤེགས་པའི་ཐུགས་དམ་བསྐུལ།། ཐུགས་བསྐྱེད་ཐུགས་དམ་རྗེས་དྲན་ནས། ། ངམས་པའི་ཚུལ་གྱིས་འོད་ཟེར་བཀྱེ།། སྔ་ཆུའི་སྟེང་དུ་ཕྱི་ཆུ་བབ་པ་བཞིན།། གཉིས་སུ་མེད་པར་མ་ཐོབ་བར་དུ་བསྐུལ།། དམ་ཚིག་སེམས་དཔས་འོད་ཟེར་སྤྲོ།། བདེ་བར་གཤེགས་པའི་ཐུགས་དམ་བསྐུལ། ། ཐུགས་བསྐྱེད་ཐུགས་དམ་རྗེས་དྲན་ནས།། ངམས་པའི་ཚུལ་གྱིས་འོད་ཟེར་བཀྱེ།། དཀར་དམར་མཐིང་གསུམ་གནས་རྣམས་སུ།། སོ་མལ་ལྕགས་ལ་ངར་བླུད་བཞིན།། ཡོན་ཏན་གསུམ་དུ་བྱིན་རླབ་བསྐུལ། ། དམ་ཚིག་སེམས་དཔས་འོད་ཟེར་སྤྲོ།། བདེ་བར་གཤེགས་པའི་ཐུགས་དམ་བསྐུལ།། ཐུགས་བསྐྱེད་ཐུགས་དམ་རྗེས་དྲན་ནས།། ངམས་པའི་ཚུལ་གྱིས་འོད་ཟེར་བཀྱེ།། སོ་མལ་ལྕགས་ལ་ངར་བླུད་བཞིན། ། དབང་དང་བྱིན་བརླབས་ནུས་པ་ཐོབ་པར་གྱུར།། དམ་ཚིག་སེམས་དཔའི་འོད་ཟེར་སྤྲོ།། བདེ་བར་གཤེགས་པའི་ཐུགས་དམ་བསྐུལ།། ཐུགས་བསྐྱེད་ཐུགས་དམ་རྗེས་དྲན་ནས།། ངམས་ནས་ཐུགས་ཀྱི་དཔལ་བེའུ་ནས། ། བྱང་ཆུབ་སེམས་ཀྱི་འོད་སྤྲོས་པས།། སྲིན་མཐེབ་ཐབས་དང་ཤེས་རབ་ཀྱིས།། འབྲུ་གསུམ་སྒྲུབ་མཆོག་དངོས་གྲུབ་བླང།། དམ་ཚིག་སེམས་དཔའི་འོད་ཟེར་སྤྲོ།། དེ་ལྟར་དེ་བཞིན་བདེ་གཤེགས་བསྐུལ། ། བདེ་མཆོག་བདེ་སྦྱོར་བྷ་གའི་ཀློང་ཡངས་ནས།། རབ་དགྱེས་བྱང་ཆུབ་སེམས་ཀྱི་དངོས་གྲུབ་བསྐུལ།། དམ་ཚིག་སེམས་དཔས་འོད་ཟེར་སྤྲོ།། དེ་ལྟར་དེ་བཞིན་བྱང་སེམས་དགྱེ།། ཡེ་ཤེས་བདུད་རྩི་དམ་ཚིག་བདུད་རྩིར་ཐིམ། ། འོད་ཞུ་གཉིས་མེད་ཁ་དོག་ལྔ་རུ་སྤྲོས།། འདོད་པའི་ཡོན་ཏན་ལྔ་ནི་ཆར་བཞིན་ཕབ། དམ་རྫས་བདུད་རྩི་འབར་བའི་མཆོད་པ་དམ་པ་འདིས།། མཆོད་པའི་བྱེ་བྲག་རྣམས་ལ་མཆོད་པར་འབུལ། ། ཞེས་ཀཱི་ལ་ཡ་གསང་བའི་དགོངས་རྒྱུད་ལས། འོད་ཟེར་བསྐུལ་བས་དངོས་གྲུབ་ཀྱི་ནུས་པ་མྱུར་དུ་ཐོབ་པའི་ལེའུ་སྟེ་དྲུག་ཅུ་པའོ།།།། དེ་ནས་ཕྲིན་ལས་ཀྱི་རྒྱལ་པོས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། འོད་ཟེར་བསྐུལ་བས་དངོས་གྲུབ་ཀྱི།། ནུས་པ་མྱུར་དུ་ཐོབ་པ་དེ་ལགས་ན།། སངས་རྒྱས་ཀུན་གྱི་ཡབ་ཆེན་པོ།། རྣལ་འབྱོར་ལས་ནི་དང་པོ་ཡིས།། བདེ་བར་གཤེགས་བའི་ཞལ་མཐོང་བའི། ། སྣང་བའི་ནུས་པ་ཇི་ལྟར་ཐོབ་པར་འགྱུར།། ཞེས་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ།། རྣལ་འབྱོར་ལས་ནི་དང་པོ་ཡིས།། རྣལ་འབྱོར་སྣང་བའི་ནུས་པ་དང་པོ་ལ། ། རེ་རེ་ལ་ཡང་བརྒྱ་བརྒྱ་ཡི།། དབུགས་དང་སྦྱར་ཏེ་འཕྲོ་འདུ་བྱ།། ཏིང་འཛིན་གསལ་བའི་གནས་གསུམ་དུ།། རྣལ་འབྱོར་སྣང་བའི་ནུས་པ་འཇུག་པར་འགྱུར།། རྣལ་འབྱོར་སྣང་བའི་ནུས་པ་གཉིས་པ་ལ།། རེ་རེ་ལ་ཡང་གསུམ་གསུམ་མོ། ། དབུགས་དང་སྦྱར་ཏེ་འཕྲོ་འདུ་བྱ།། ཏིང་འཛིན་གསལ་བས་གནས་གསུམ་དུ།། རྣལ་འབྱོར་སྣང་བའི་ནུས་པ་བསྐྱེད་པར་འགྱུར།། རྣལ་འབྱོར་སྣང་བའི་ནུས་པ་གསུམ་པ་ལ།། རེ་རེ་ལ་ཡང་རེ་རེའོ། ། དབུགས་དང་སྦྱར་ཏེ་འཕྲོ་འདུ་བྱ།། ཏིང་འཛིན་གསལ་བའི་གནས་གཅིག་ཏུ།། རྣལ་འབྱོར་སྣང་བའི་ནུས་པ་བརྟས་པར་འགྱུར།། རྣལ་འབྱོར་སྣང་བའི་ནུས་པ་བཞི་པ་ལ།། ཕྱོགས་བཞི་མཚམས་བརྒྱད་བླ་འོག་བཅུར། ། རེ་རེ་ལ་ཡང་གཏིང་མཐའ་མེད།། དབུགས་དང་སྦྱར་ཏེ་འཕྲོ་འདུ་བྱ།། ཏིང་འཛིན་གསལ་བ་རྒྱུན་མི་འཆད།། རྣལ་འབྱོར་སྣང་བའི་ནུས་པ་ཐོབ་པར་འགྱུར།། རིན་ཆེན་གླིང་དུ་ཕྱིན་པས་ས་རྡོ་ནུབ་པར་འགྱུར། ། སྣང་བའི་ནུས་པ་ཐོབ་པས་སྣང་བ་ནུབ་པར་འགྱུར།། རྡོ་རྗེ་གཞོན་ནུའི་རིག་འཛིན་པས།། ཕྱིར་མི་ལྡོག་པའི་ས་ཡང་གནོན།། ཡིད་བཞིན་ནོར་བུ་འདྲ་ལ་ཕྱག་འཚལ་བསྟོད།། ཅེས་ཀཱི་ལ་གསང་བའི་དགོངས་རྒྱུད་ལས། བདེ་བར་གཤེགས་པ་ཞལ་མཐོང་བའི་སྣང་བའི་ནུས་པ་ཇི་ལྟར་ཐོབ་པའི་ལེའུ་སྟེ་དྲུག་ཅུ་གཅིག་པའོ།།།། དེ་ནས་ཕྲིན་ལས་ཀྱི་རྒྱལ་པོས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། བདག་ཉིད་བདེ་བར་གཤེགས་པའི་སྐུ་གསུང་ཐུགས་སུ་བྱས་ནས་དབང་དང་དངོས་གྲུབ་སླད་ཀྱིས་ཕ་རོལ་ལས་ནོད་པའི་དོན་ཇི་ལྟར་ལགས། ཞེས་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ། ། བདེ་གཤེགས་སྣང་བའི་ནུས་པ་མ་ཐོབ་པར།། སྔོན་གྱི་ཐུགས་དམ་ཐུགས་བསྐྱེད་པས།། བདེ་གཤེགས་ཐུགས་རྗེའི་བྱིན་རླབ་འབྱུང།། མར་མེ་གཅིག་ལས་གཉིས་ཀྱི་ཚུལ།། དཔལ་བེའུ་གསུམ་བརྒྱུད་གསང་ལམ་ནས། ། པདྨ་ལས་འཕྲོས་སྲས་མཆོག་བྱུང།། གཞལ་ཡས་ཁང་ལ་ལན་གསུམ་དུ།། བསྐོར་བ་བྱས་ཏེ་ཕྱག་བྱས་ལ།། པདྨ་དབང་གི་སྒོར་ཞུགས་ལ། བསྐལ་པའི་མཐའ་ནས་བསྒྲུབས་པའི་ལྷ། ། རིང་བའི་དུས་ནས་བསྙེན་པའི་ལྷ།། ཐུགས་དམ་གཅིག་ཅིང་དབྱར་དམ་སྐོང།། སྐུ་གསུང་ཐུགས་ཀྱི་དངོས་གྲུབ་དང།། གཉིས་སུ་མེད་པའི་དངོས་གྲུབ་སྩོལ།། མཆོད་པ་ལན་གྲངས་བརྒྱ་སྟོང་དང།། ཁྲི་འབུམ་བྱེ་བ་དབུལ་བར་བྱ། ། གསང་སྔགས་ལན་གྲངས་བརྒྱ་སྟོང་དང།། ཁྲི་འབུམ་བྱེ་བ་དབུལ་བར་བྱ།། དངོས་གྲུབ་བྱེ་བ་བརྒྱ་སྟོང་དང།། ཁྲི་འབུམ་བྱེ་བ་བླངས་བྱས་ན།། བདེ་བར་གཤེགས་པའི་ཐུགས་རྗེ་འབྱུང། ། བདག་སྲས་གཞན་སྲས་དེ་བཞིན་དུ།། ཐབས་མཁས་ཐབས་མང་ཐབས་མྱུར་བས།། ཐབས་ཀྱི་སྤྱོད་པས་འགྲོ་དོན་དུ།། དབང་དང་བྱིན་རླབ་འདིར་གསོལ་བས།། ཡེ་ཤེས་ཁྲོ་བོ་གྲུབ་པར་འགྱུར།། སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ། ། བདག་ལ་བསྡུ་ཞིང་འོད་དུ་ཐིམ།། དབང་དང་བྱིན་རླབས་དངོས་གྲུབ་འབྱུང།། ཞེས་ཀཱི་ལ་ཡ་གསང་བའི་དགོངས་རྒྱུད་ལས། དབང་དང་དངོས་གྲུབ་བླང་བའི་ལེའུ་སྟེ་དྲུག་ཅུ་གཉིས་པའོ། །།། དེ་ནས་ཡང་ཕྲིན་ལས་ཀྱི་རྒྱལ་པོས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། དབང་དང་དངོས་གྲུབ་བླང་བ་དེ་ལགས་ན།། དབང་དང་དངོས་གྲུབ་བླང་བའི་དུས།། དེ་ལ་བར་ཆོད་འཕྲོག་འཚེ་མི་འབྱུང་ངམ། ། ཞེས་གསོལ་པས། བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ།། རྒྱུ་སྐར་མགོ་དང་རྒྱལ་སྐག་དང།། བྱང་སེམས་ཕུར་པ་པ་ཝ་སངས།། ར་བ་བཞི་ཡི་སྐྱ་རེངས་གསུམ། ། བདེ་བཤེགས་རིག་འཛིན་ཕོ་ཉ་གསུམ།། བདེ་བར་གཤེགས་པའི་རིག་འཛིན་གང་ན་གནས་པར་ཡང།། དབང་དང་དངོས་གྲུབ་དུས་དེར་འབྱུང་བར་འགྱུར།། དབང་དང་དངོས་གྲུབ་སྒྲུབ་པའི་རྣལ་འབྱོར་ལ། ། དམ་ལོག་དམ་སྲི་རུ་དྲ་ཡིས།། ཡེ་ཤེས་རྩལ་འཕང་འཐོན་པོ་སྒྲིབ།། དངོས་གྲུབ་འཕྲོག་ཅིང་འཚེ་བར་བྱེད།། དགེ་བའི་བསམ་པར་བར་ཆོད་བྱེད།། ཁྲོ་བོ་ཆེན་པོའི་ཆ་ལུགས་ཀྱིས།། བར་ཆད་དྲག་ཏུ་བསྒྲལ་བར་བྱའོ། ། ཞེས་ཀཱི་ལ་ཡ་གསང་བའི་དགོངས་རྒྱུད་ལས། དབང་དང་དངོས་གྲུབ་བླང་བའི་དུས་ཚོད་དང། དམ་སྲི་བར་ཆོད་བསྒྲལ་བའི་དུས་ཀྱི་ལེའུ་སྟེ་དྲུག་ཅུ་གསུམ་པའོ།།།། དེ་ནས་ཡང་ཕྲིན་ལས་ཀྱི་རྒྱལ་པོས། བཅོམ་ལྡན་འདས་ལ་གསོལ་པ། དབང་དང་དངོས་གྲུབ་སྒྲུབ་པའི་རྣལ་འབྱོར་ལ།། དམ་སྲིད་དམ་ལོག་རུ་དྲས་བར་ཆོད་བྱེད།། འདི་ཉིད་ཅི་ལས་གྱུར་པ་ཡིན་ཞེས་གསོལ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྣལ་འབྱོར་རྗེས་སུ་འཇུག་པ་ལ།། འདི་ཡི་དོན་རྣམས་ངས་བསྟན་གྱི།། ལྷ་སྐུ་ཕྱག་རྒྱ་ཆེན་པོ་བསྒོམ་ལས་གྱུར།། སངས་རྒྱས་མཛད་སྤྱོད་སྔོན་དུ་མ་བཟུང་བར།། དངོས་པོ་ཁྲོ་བོའི་དཀྱིལ་འཁོར་ཆེན་པོ་བསྐྱེད། ། བདེ་གཤེགས་ཡི་དམ་གཅིག་བཟུང་བདེ་གཤེགས་ཀུན་གྱི་ངང།། ཡི་དམ་བཟང་ངན་བདེ་བར་གཤེགས་ལ་ཕྱེ།། ཆོས་ལ་ཕྱོགས་ཆར་བཟུང་བས་དམ་ལོག་ཕྱོགས་ཆད་ཉམས།། ལྟ་བ་སྒོས་ཁུར་བཅད་པས་སངས་རྒྱས་དགོངས་མ་ལོངས། ། ང་ནི་ཐེག་ཆེན་ཁྲོ་བོའི་རྒྱལ་པོ་ཡིན།། སྐུ་དང་ཡན་ལག་རགས་པས་འཇིགས་པར་བསྟན།། ཏིང་ངེ་འཛིན་གྱིས་སྟོང་གསུམ་ཁེངས་པར་སྤྲུལ།། དགུག་དང་བསྟིམས་དང་གཟིར་གནོན་དྲག་པོས་བརྡུང། ། འདྲེ་སྲིན་རྣམས་ཀྱང་ལྷ་རུ་བཟུང་སྟེ་བྲན་དུ་ཁོལ།། འདོང་ངོ་གཟས་པའི་ཤ་དང་ཁྲག་ལ་འདོང།། སྲོག་ཆོད་དབུགས་ཕྲོགས་རྟགས་ནི་མྱུར་དུ་སྟོན།། མགོ་སྤྲུགས་སོ་གཙིགས་མིག་བཟློག་བྲང་བརྡུང་ཅིང། ། སངས་རྒྱས་མཛད་སྤྱོད་བོར་བས་དོན་མི་འགྲུབ།། འཇིག་རྟེན་འདི་ལ་ཕར་བས་ཚུར་གནོད་ཆེ།། ས་བོན་མེ་ཡིས་ཚིག་པ་ལ།། འབྲས་བུ་སྐྱེ་བ་ག་ལ་སྲིད།། སངས་རྒྱས་དགོངས་སྤྱོད་བོར་བ་ལས། ། དངོས་གྲུབ་ཐོབ་པ་ག་ལ་སྲིད།། དེ་ཡི་རྒྱུ་མཐུན་འབྲས་བུ་འབྱུང་བ་ནི།། དམ་ལོག་དམ་སྲི་རཱུ་དྲ་གསུམ་དུ་སྨིན།། འཇིག་རྟེན་ཁམས་གསུམ་མདངས་འཕྲོག་སྲོག་གཅོད་ཅིང། རྣལ་འབྱོར་དངོས་གྲུབ་འཕྲོག་དང་བར་ཆོད་བྱེད། ། སྔོན་གྱི་ལས་དབང་བཙན་པའི་མཐུ་ཡིས་ནི།། གཅིག་ལ་སྟོང་གསུམ་ཁེངས་པར་སྤྲུལ་ནས་ནི།། ཡི་དྭགས་འདྲེ་སྲིན་མཐུ་བོ་ཆེར་གྱུར་ནས།། འཇིག་རྟེན་ཁམས་གྱི་སྲོག་དང་དབུགས་ཀྱི་བདག། དགེ་བའི་ཕྱོགས་ལ་དད་པའི་བར་ཆོད་བྱེད།། འཇིག་རྟེན་ཁམས་ལ་གནོད་པ་ཤ་སྟག་གོ། དེ་ཡི་རྣམ་སྨིན་དམྱལ་ཁམས་རྡོ་རྗེར་བཅུ། ཞེས་ཀཱི་ལ་ཡ་གསང་བའི་དགོངས་རྒྱུད་ལས། ལྷའི་སྐུ་ཕྱག་རྒྱ་ཆེན་པོ་བསྒོམ་པས། ། དམ་སྲི་དམ་ལོག་རཱུ་ཏྲ་གསུམ་དུ་གྱུར་བའི་ལེའུ་སྟེ་དྲུག་ཅུ་བཞི་པའོ།།།། དེ་ནས་ཕྲིན་ལས་ཀྱི་རྒྱལ་པོས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། ལྷའི་སྐུ་ཕྱག་རྒྱ་ཆེན་པོ་བསྒོམ་པ་ལས། ། རཱུ་ཏྲ་དང་ནི་དམ་སྲིར་སྐྱེ་བ་དེ་ལགས་ན།། རྣལ་འབྱོར་རྗེས་སུ་འཇུག་པ་རྣམས།། ལྷ་སྐུ་ཕྱག་རྒྱ་ཆེན་པོ་བསྒོམ་པ་ཡིས།། སངས་རྒྱས་དགོངས་པ་བླང་བའི་དོན་ཇི་ལྟར་ལགས།། ཞེས་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ།། རྣལ་འབྱོར་རྗེས་སུ་འཇུག་པ་རྣམས།། སངས་རྒྱས་དགོངས་པ་བླང་བའི་དོན།། ལྷ་སྐུ་ཕྱག་རྒྱ་ཆེན་པོར་བསྒོམ།། རྒྱུད་དང་ལུང་དང་མན་ངག་དང། ། བསྐྱེད་དང་རྫོགས་དང་རྫོགས་པ་ཆེ།། གསང་བ་ཆེར་གསང་ཡང་གསང་ཐུགས།། གཅིག་ལ་གསུམ་རྫོགས་མ་རྟོགས་པར།། མུན་མདའ་བཞིན་དུ་ཕྱོགས་ཚོད་ཀྱིས།། སངས་རྒྱས་དགོངས་པ་ལོངས་མི་འགྱུར། ། དང་པོར་ཤེས་རབ་རྣམ་གསུམ་གྱིས།། གཏན་ཚིགས་དོན་ལ་ཕེབས་པར་དཔྱད།། དེ་ནས་བླ་མ་དམ་པ་ལས།། གདམས་ངག་རིན་ཆེན་ཐོབ་བྱས་ལ།། ཐབས་མང་ཐབས་ཆེན་ཐབས་མཁས་ཐབས་མྱུར་བས། ། ཐབས་ཀྱི་སྤྱོད་པས་འགྲོ་དོན་དུ།། ཚད་མེད་བཞི་ནི་སྔོན་དུ་འགྲོ།། བྱམས་དང་སྙིང་རྗེས་གང་འདུལ་བས།། སངས་རྒྱས་དགོངས་པ་ལོངས་པར་བྱ།། སངས་རྒྱས་ཕྲིན་ལས་རྫོགས་མཛད་ནས།། སངས་རྒྱས་དགོངས་པ་ལོངས་པ་དང། ། དབང་དང་དངོས་གྲུབ་འབྱུང་བ་ཡིན།། སངས་རྒྱས་དགོངས་པ་ལོངས་པ་ལ།། ལྔ་བཅུ་གཅིག་ནས་ལྔ་ཡི་བར།། བཞི་པོ་དག་ནས་བླང་བར་བྱའོ།། ཞེས་ཀཱི་ལ་ཡང་གསང་བའི་དགོངས་རྒྱུད་ལས། སྐུ་ཕྱག་རྒྱ་ཆེན་པོ་བསྒོམ་པས། སངས་རྒྱས་ཀྱི་དགོངས་པ་ལོངས་པའི་ལེའུ་སྟེ་དྲུག་ཅུ་ལྔ་པའོ།།།། དེ་ནས་ཡང་ཕྲིན་ལས་ཀྱི་རྒྱལ་པོས། བཅོམ་ལྡན་འདས་ལ་གསོལ་པ། རྣལ་འབྱོར་རྗེས་སུ་འཇུག་པ་ཡིས། ། བདེ་བར་གཤེགས་པ་ཐམས་ཅད་ལ།། ལོངས་སྤྱོད་ཚོགས་འབུལ་ཇི་ལྟར་བགྱི།། འདི་ཡི་དོན་རྣམས་བཤད་དུ་གསོལ།། ཞེས་གསོལ་པས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ། རྣལ་འབྱོར་རྗེས་སུ་འཇུག་པ་ཡིས།། གསང་བ་ཆེར་གསང་ཡང་གསང་ཐུགས།། བསྒོམ་པའི་ཁོག་གསུམ་དགོངས་དོན་སྦྱར།། ཀུན་ཏུ་བཟང་མོ་ཡུམ་གྱི་བྷ་ག་ལ།། རཀྟ་ཆགས་པ་ཆེན་པོ་མཚོ་ལྟར་འཁྱིལ། ། དཔལ་ཆེན་རྡོ་རྗེ་གཞོན་ནུ་དབྱིངས་ནས་བཞེངས།། ཡུམ་ཆེན་འཁོར་བ་རྒྱས་འདེབས་སྐུ་ལ་འཁྲིལ།། ཕྱོགས་བཅུའི་ཁྲོ་རྒྱལ་ཚོགས་ནི་སྤྲིན་ལྟར་གཏིབས།། པྲ་ཐབས་ཡང་སྤྲུལ་ཚོགས་ནི་སྐར་ལྟར་འཁྲུག། ཅི་བགྱི་བཀའ་ཉན་ཚོགས་ནི་གློག་ལྟར་འགྱུ།། དམ་ཅན་རྒྱ་མཚོའི་ཚོགས་ནི་མུན་ལྟར་གཏིབས།། ཐུགས་དམ་དབྱིངས་ནས་བཞེངས་ཏེ་གཤེགས་སུ་གསོལ།། སྲིད་པའི་ཕུར་བུ་བསྒྲུབ་སོགས་ནས། ། གཤེགས་སུ་གསོལ་བའི་བར་གྱིས་ནི།། བསྒོམ་པའི་ཁོག་གསུམ་དགོངས་དོན་སྦྱར།། ལོངས་སྤྱོད་ཚོགས་ཀྱི་ཞལ་ཟས་རི་ལྟར་སྤུངས།། ཞིང་ཆེན་གསར་རྙིང་ཚོགས་ནི་བྱེ་ལྟར་བཀྲམ།། མཱཾ་ས་ཙིཏྟའི་ཚོགས་ནི་རྫ་ལྟར་ལྷགས། ། རཀྟ་མང་པོའི་ཚོགས་ནི་མཚོ་ལྟར་འཁྱིལ།། སྦྱང་བའི་ཡི་གེ་གསུམ་པོས་སྦྱང།། སྤེལ་བའི་ཡི་གེ་ལྔ་པོས་སྤེལ་བས་ནི།། སོ་སོའི་བཅུད་བསྡུས་ལྷར་ཐིམ་པ།། བསྐྱིལ་བའི་སྙིང་པོ་དག་གིས་བསྐྱིལ། ། ལོངས་སྤྱོད་བདུད་རྩི་ཆེན་པོར་གྱུར།། བླ་མེད་མཆོག་གི་མཆོད་པ་དམ་པ་འདི།། ཡེ་ཤེས་ལྔ་ཡི་འོད་ཟེར་རྣམ་པར་སྤྲོ།། འདོད་པའི་ཡོན་ཏན་ལྔ་ཡི་ཆར་བཞིན་ཕབ།། དམ་རྫས་བདུད་རྩིའི་མཆོད་པ་དམ་པ་འདི། ། བསྒོམ་པའི་ཁོག་དང་དགོངས་དོན་གསུམ།། ཏིང་འཛིན་སྔགས་དང་ཕྲིན་ལས་གསུམ།། མཆོད་པའི་བྱེ་བྲག་ཐམས་ཅད་ཀྱིས།། ཐམས་ཅད་དུ་ནི་དབུལ་བར་བྱ།། རྒྱལ་བ་མཉེས་ཏེ་དངོས་གྲུབ་ནི། ། རྣལ་འབྱོར་པ་ཡིས་མྱུར་དུ་ཐོབ།། ཐེག་པ་ཆེན་པོ་སྨན་པའི་ས།། བསྐྱེད་རྫོགས་ཚོགས་སྦྱོར་མཐོང་བསྐལ་གཅིག། བསགས་བྲབས་ཚོགས་ཆེན་ཁྱད་པར་གྱིས།། བསགས་བསྲེགས་དངོས་གྲུབ་རྣམ་གཉིས་ཐོབ། ། ཅེས་ཀཱི་ལ་ཡ་གསང་བའི་དགོངས་རྒྱུད་ལས། ལོངས་སྤྱོད་ཚོགས་ཀྱི་མཆོད་པའི་ལེའུ་སྟེ་དྲུག་ཅུ་དྲུག་པའོ།།།། དེ་ནས་ཕྲིན་ལས་ཀྱི་རྒྱལ་པོས།། འདི་སྐད་ཅེས་གསོལ་ཏོ།། རྣལ་འབྱོར་རྗེས་སུ་འཇུག་པ་ཡིས། ། མོས་པའི་སྒོ་ནས་ཕྱག་འཚལ་བས།། དངོས་གྲུབ་ཐོབ་པའི་དོན་ཅི་ལགས།། ཞེས་གསོལ་པས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཆོས་དང་ལོངས་སྐུ་སྤྲུལ་པ་ཡི།། འཇའ་ཚོན་ནམ་མཁའ་དབྱེར་མེད་བཞིན། ། མོས་པའི་བསྙེན་བཀུར་དབུ་ལ་བཀོད།། ཕྱོགས་བཅུའི་རིགས་ཀྱི་གཙོ་ལ་ཕྱག་འཚལ་ལོ།། ཞེ་སྡང་ཚུལ་གྱིས་ཞེ་སྡང་འཇོམས་མཛད་པ།། རྡོ་རྗེ་གཞོན་ནུའི་སྐུ་ལ་ཕྱག་འཚལ་བསྟོད། ། འདོད་ཆགས་ཚུལ་གྱིས་འདོད་ཆགས་གནས་སུ་དག། འཁོར་བ་རྒྱས་འདེབས་སྐུ་ལ་ཕྱག་འཚལ་བསྟོད།། རྨོངས་བྱེད་ཟ་བྱེད་ཆེ་འཕེལ་རྒྱས་འདེབས་མ།། གསང་བའི་ཡུམ་བཞི་ལ་ཡང་ཕྱག་འཚལ་བསྟོད། ། ཐུགས་རྗེས་དྲག་སྙེམས་གདུག་པ་འདུལ་མཛད་པ།། འཇིགས་བྱེད་ཁྲོ་བོ་བཅུ་ལ་ཕྱག་འཚལ་བསྟོད།། ཁྲོ་བོའི་ཆགས་པ་ཐུགས་དམ་སྐོང་མཛད་མ།། འཇིགས་བྱེད་སྲིན་མོ་བཅུ་ལ་ཕྱག་འཚལ་བསྟོད།། ཕོ་ཉ་ཐོགས་པ་མེད་པར་རྒྱུག་པ་ཡི། ། ཕྲ་ཐབས་ཉི་ཤུའི་ཚོགས་ལ་ཕྱག་འཚལ་ལོ།། དངོས་གྲུབ་བར་ཆད་དགྲ་བགེགས་འདུལ་བའི་ཕྱིར།། ཁྲོ་རྒྱལ་འདུས་པའི་སྲས་མཆོག་ཀཱི་ལ་ཡ།། ཡོན་ཏན་རྫོགས་པའི་སྐུ་ལ་ཕྱག་འཚལ་ལོ། ། ནམ་མཁའི་ལུས་ཅན་གར་ཡང་ཐོགས་པ་མེད།། འདོད་པ་སྣ་ཚོགས་སྒྱུར་བའི་འཕྲུལ་མོ་ཆེ།། ཕྱི་ནང་མཁའ་འགྲོའི་ཚོགས་ལ་ཕྱག་འཚོལ་ལོ།། རྣལ་འབྱོར་དངོས་གྲུབ་དོན་འདོད་པ།། དགོངས་དོན་གསུམ་གྱིས་བདེ་གཤེགས་ལ། ། གསང་བ་ཆེར་གསང་ཡང་གསང་ཐུགས།། མོས་པའི་སྒོ་ནས་གདམས་ངག་གིས།། ཕྱག་བཙལ་དངོས་གྲུབ་མྱུར་དུ་ཐོབ།། ཅེས་ཀཱི་ལ་ཡ་གསང་བའི་དགོངས་རྒྱུད་ལས། མོས་སྒོ་ཕྱག་འཚལ་དངོས་གྲུབ་མྱུར་དུ་ཐོབ་པའི་ལེའུ་སྟེ་དྲུག་ཅུ་བདུན་པའོ། །།། དེ་ནས་ཕྲིན་ལས་ཀྱི་རྒྱལ་པོས། བཅོམ་ལྡན་འདས་ལ་གསོལ་པ།། ཕྱག་འཚལ་དོན་ནི་དེ་ལགས་ན། དགོངས་དོན་གསུམ་ལ་མོས་པའི་སྒོ་ནས་བསྟོད་པས། དངོས་གྲུབ་མྱུར་དུ་ཐོབ་པའི་དོན་ཇི་ལྟར་ལགས།། ཞེས་གསོལ་པས། བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ།། རྣལ་འབྱོར་རྗེས་སུ་འཇུག་པ་ཡིས།། དགོངས་དོན་གསུམ་ལ་མོས་བསྟོད་པ། གྲུ་གསུམ་མཐིང་ནག་འབར་བའི་དཀྱིལ་འཁོར་ནས།། བཅོམ་ལྡན་དཔལ་ཆེན་རྡོ་རྗེ་གཞོན་ནུ་ནི།། སྐུ་མདོག་མཐིང་ནག་འཇིགས་པའི་ཚུལ་བསྟན་པ།། ཞལ་གསུམ་ཕྱག་དྲུག་ཞབས་བཞིར་བགྲད། ། གཡས་དཀར་གཡོན་དམར་དབུས་མཐིང་ཞལ།། ཆོས་དང་ལོངས་སྤྱོད་སྤྲུལ་སྐུའི་རྟགས།། ཉོན་མོངས་བག་ཆགས་ཐམས་ཅད་ཞལ་དུ་རྔུབ་པའི་ཕྱིར།། ཞལ་ནས་ཁྲག་གི་རྦ་ཀློང་འཁྱིལ་བ་ཡིན།། དུག་གསུམ་རྩད་ནས་གཅོད་པའི་ཕྱིར། ། མཆེ་བ་ཟང་ཡག་གཙིགས་པ་ཡིན།། བག་ཆགས་འཐོར་ཞིང་གཡེང་བའི་ཕྱིར།། ཤངས་ནས་རླུང་ནག་འཚུབས་མ་འཐོར་བ་ཡིན།། ཉོན་མོང་བག་ཆགས་སྲེག་པའི་ཕྱིར།། སྤྱན་ནས་མེ་ཡི་ཕུང་པོ་འབར་བ་ཡིན། ། ཕྲིན་ལས་ཐོགས་པ་མེད་པར་མཛད་པའི་ཕྱིར།། སྨིན་མཚམས་ཁྲོ་གཉེར་གློག་ཏུ་འགྱུ་བ་ཡིན།། ཁམས་གསུམ་སྲིད་གསུམ་ཟིལ་གྱིས་གནོན་པའི་ཕྱིར།། སྙན་ནས་བསྐལ་པའི་འབྲུག་སྟོང་ལྡིར་བ་ཡིན། ། ཐུགས་རྗེའི་སྤྲུལ་པ་ཕྱོགས་བཅུར་འགྱེད་པའི་ཕྱིར།། དབུ་སྐྲ་རལ་པ་ཁམ་ནག་ཕྱོགས་བཅུར་འཁྱིལ་བ་ཡིན།། ཕྱག་དྲུག་གཡས་ཀྱི་དང་པོའི་ཕྱག་མཚན་ནི།། རྡོ་རྗེ་རྩེ་དགུས་ས་དགུའི་རྟོག་པ་འཇོམས། ། ཕྱག་དྲུག་གཡས་ཀྱི་བར་པའི་ཕྱག་མཚན་ནི། རྡོ་རྗེ་རྩེ་ལྔས་རྒྱུད་ལྔ་རབ་ཏུ་སྒྲོལ།། ཕྱག་དྲུག་གཡོན་གྱི་དང་པོའི་ཕྱག་མཚན་ནི།། མེ་དཔུང་འབར་བས་ཉོན་མོངས་ཁམས་གསུམ་བསྲེག། ཕྱག་དྲུག་གཡོན་གྱི་བར་མའི་ཕྱག་མཚན་ནི།། ཁ་ཊྭཱཾ་རྩེ་གསུམ་དུག་གསུམ་རྩད་ནས་གཅོད།། ཕྱག་དྲུག་གཡས་གཡོན་ཐ་མའི་ཕྱག་མཚན་ནི།། རི་རབ་ཕུར་བུས་ཁམས་གསུམ་དབང་དུ་སྡུད་པ་ཡིན།། བཛྲ་ཀུ་མཱ་ར་ཡི་རྒྱན་གྱི་ཆ་ལུགས་ནི། ། གཏི་མུག་ལམ་དུ་ཞུགས་ནས་ནི།། གཏི་མུག་གནས་སུ་དག་བྱའི་ཕྱིར།། གླང་ཆེན་དག་གི་ལྤགས་བཤུས་ནས།། སྐུ་སྟོད་གླང་ཆེན་ན་བཟའ་གསོལ་བ་ཡིན།། ཞེ་སྡང་ལམ་དུ་ཞུགས་ནས་ནི། ། ཞེ་སྡང་གནས་སུ་དག་པའི་ཕྱིར།། ཞེ་སྡང་སྦྲུལ་གྱི་ཆུན་པོ་ནི།། རྒྱལ་རིགས་རྗེའུ་རིགས་དམངས་རིགས་གདོལ་པའི་རིགས།། དབུ་རྒྱན་མགུར་ཆུ་སྙན་ཆ་ཕྱག་གདུབ་ཞབས་གདུག་རྒྱན་གྱིས་བརྒྱན་པ་ཡིན། ། ང་རྒྱལ་གནས་སུ་དག་བྱའི་ཕྱིར།། ང་རྒྱལ་སྟག་གི་ལྤགས་བཤུས་ནས།། སྐུ་སྨད་སྟག་གི་ཤམ་ཐབས་གསོལ་བ་ཡིན།། འདོད་ཆགས་ལམ་དུ་ཞུགས་ནས་ནི།། འདོད་ཆགས་གནས་སུ་དག་པའི་ཕྱིར།། དྲེགས་པ་བརྒྱད་ཀྱི་མགོ་བཅད་ནས། ། སེ་རལ་ཁ་རུ་བརྒྱན་པ་ཡིན།། ཕྲག་དོག་ལམ་དུ་ཞུགས་ནས་ནི།། ཕྲག་དོག་མ་སྤངས་གནས་སུ་དག་པའི་ཕྱིར།། ཕྲག་དོག་མི་ཡི་ལྤགས་བཤུས་ནས། སྐུ་ལ་ཞིང་ཆེན་གཡང་གཞིས་བརྒྱན་པ་ཡིན། ། སྣང་སྲིད་ཐུགས་རྗེས་སྣུམ་པའི་ཕྱིར།། ཞག་གི་ཟོ་རིས་སྐུ་ལ་བརྒྱན་པ་ཡིན། སྣང་སྲིད་ཐུགས་རྗེས་ཆགས་པ་མི་གཏོང་ཕྱིར།། རཀྟའི་ཐིག་ལེས་སྐུ་ལ་བརྒྱན་པ་ཡིན།། ཕྲིན་ལས་རྣམ་བཞི་རྫོགས་པའི་མཐར་ཕྱིན་ཕྱིར། ། ཐལ་ཆེན་ཚོམ་བུས་སྐུ་ལ་བརྒྱན་པ་ཡིན།། དུས་གསུམ་འབྱུང་བའི་སངས་རྒྱས་ཡིན་པའི་ཕྱིར།། ཐོད་པ་སྐམ་རློན་ར་རིའི་ཕྲཻང་བ་ཡིས།། དབུ་རྒྱན་སེ་རལ་ཁ་རུ་བརྒྱན་པ་ཡིན།། དྲེགས་པ་ཐམས་ཅད་དབང་དུ་སྡུད་པའི་ཕྱིར། ། བརྐྱང་བསྐུམ་ཚུལ་གྱིས་ལྷ་ཆེན་ཕོ་མོ་གདན་དུ་བཏིང་བ་ཡིན།། འཁོར་བའི་བག་ཆགས་གཏིང་ནས་སྲེག་པའི་ཕྱིར།། སྐུ་ལ་བསྐལ་པའི་མེ་དཔུང་འབར་བ་ཡིན།། དེ་འདྲ་ཁྲོ་བོ་འཇིགས་ཚུལ་བསྟན་ལ་ཕྱག་འཚལ་བསྟོད། ། དཔའ་བོ་ཁྱོད་ལ་ཕྱག་འཚལ་བསྟོད།། སྒེག་ཆེན་ཁྱོད་ལ་ཕྱག་འཚལ་བསྟོད།། བདུད་འདུལ་ཁྱོད་ལ་ཕྱག་འཚལ་བསྟོད།། སྲིད་གསུམ་འཇོམས་པའི་ལྷ་ལ་ཕྱག་འཚལ་བསྟོད། ། གསང་བ་ཆེར་གསང་ཡང་གསང་ཐུགས།། སྒོམ་པའི་ཁོག་དང་དགོང་པའི་དོན།། ཕྱོགས་ཀྱི་དོན་དང་ལྡན་བསྟོད་ན།། མཐུ་འཕྲོག་དགུག་དང་བསྟིམ་པ་དང།། གདབ་དང་གནན་བསྲེག་འཕང་བ་དང། ། གཉེན་པོ་སྟོབས་དང་འཇིགས་ལས་ཐར།། གཉེན་པོ་གྲུབ་པས་གང་ཡང་འགྲུབ།། མོས་པས་བསྟོད་པས་དངོས་གྲུབ་མྱུར་དུ་ཐོབ།། ཅེས་ཀཱི་ལ་ཡ་ལ་གསང་བའི་དགོངས་རྒྱུད་ལས། མོས་པས་བསྟོད་པས་དངོས་གྲུབ་མྱུར་དུ་ཐོབ་པའི་ལེའུ་སྟེ་དྲུག་ཅུ་བརྒྱད་པའོ། །།། དེ་ནས་ཡང་ཕྲིན་ལས་ཀྱི་རྒྱལ་པོས། བཅོམ་ལྡན་འདས་ལ་གསོལ་པ། གཙོ་བོ་ལ་མོས་པས་བསྟོད་པས་དངོས་གྲུབ་མྱུར་དུ་ཐོབ་པ་དེ་ལགས་ན། ། ཁྲོ་བོ་བཅུ་ལ་མོས་པས་བསྟོད་པའི་ཡོན་ཏན་བཤད་དུ་གསོལ།། ཞེས་གསོལ་པས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བསྐལ་པའི་མེ་ལྟར་འབར་བའི་ཀློང་དཀྱིལ་ནས།། ཕྲིན་ལས་གསུམ་གྱིས་བག་ཆགས་དབྱིངས་སུ་སྡུད། ། ཁྲོ་རྒྱལ་ཧཱུཾ་ཀཱ་ར་ལ་ཕྱག་འཚལ་བསྟོད།། གསང་བའི་ཐུགས་མཆོག་འཁོར་བ་རྣམས་ལས་རྒྱལ།། ཁྲོ་རྒྱལ་རྣམ་པར་རྒྱལ་ལ་ཕྱག་འཚལ་བསྟོད།། འགྲོ་བའི་དོན་ལ་ཕྲིན་ལས་འཇོམས་བྱེད་པ། ། ཁྲོ་རྒྱལ་དབྱུག་སྔོན་དག་ལ་ཕྱག་འཚལ་བསྟོད།། གཟུང་འཛིན་ལོག་རྟོག་འཆི་བདག་ཚར་གཅོད་པ།། ཁྲོ་རྒྱལ་གཤིན་རྗེ་གཤེད་ལ་ཕྱག་འཚལ་བསྟོད།། འཁོར་བའི་སྐྱོན་སྤངས་སྡུག་བསྔལ་མགོན་མཛད་པ། ། ཁྲོ་རྒྱལ་མི་གཡོ་མགོན་ལ་ཕྱག་འཚལ་བསྟོད།། གདངས་སྐད་རྔམ་བཞད་ཚམ་རྔམས་ཕྱོགས་བཅུར་སྒྲོགས།། ཁྲོ་རྒྱལ་རྟ་མགྲིན་སྐུ་ལ་ཕྱག་འཚལ་བསྟོད།། ཐུགས་རྗེས་འགྲོ་དོན་ཆགས་པས་སྐྱོན་མི་གོས། ། ཁྲོ་རྒྱལ་གཞན་གྱིས་མི་ཐུབ་པ་ལ་ཕྱག་འཚལ་བསྟོད།། འཁོར་བའི་བདུད་ལ་ཐུགས་རྗེའི་རྩི་གཏོང་བ།། ཁྲོ་རྒྱལ་བདུད་རྩི་འཁྱིལ་ལ་ཕྱག་འཚལ་བསྟོད།། ཁམས་གསུམ་འཁོར་བ་ཐུགས་རྗེས་བསྒྲལ་བས་རྒྱལ། ། ཁྲོ་རྒྱལ་ཁམས་གསུམ་རྣམ་རྒྱལ་སྐུ་ལ་ཕྱག་འཚལ་བསྟོད།། འཁོར་བ་ཐུགས་རྗེའི་སྟོབས་ཀྱིས་བླ་མེད་གནས་སུ་སྒྲོལ།། ཁྲོ་རྒྱལ་སྟོབས་པོ་ཆེ་ལ་ཕྱག་འཚལ་བསྟོད།། འཇིགས་བྱེད་རྔམ་པའི་ཁྲོ་རྒྱལ་ཡབ་ཡུམ་བཅུ། ། འཁོར་བའི་བྱང་སེམས་ཕྲ་ཐབས་ཉི་ཤུའི་ཚོགས།། ཞལ་བགྲད་མཆེ་གཙིགས་སྤྱན་བཟློག་འགྱིང་བག་ཅན།། ཕྱག་དྲུག་འཇིགས་པའི་མཚོན་ཆ་སྣ་ཚོགས་བསྣམས།། དུར་ཁྲོད་ཆེན་པོའི་ཆས་བརྒྱད་སྒེག་ཕྱིར་བརྒྱན། ། འཁོར་བའི་བག་ཆགས་སྲེག་ཕྱིར་སྐུ་ལ་མེ་ཡི་ཕུང་པོ་འབར།། བརྐྱང་བསྐུམ་ཚུལ་གྱིས་འགྱིང་བག་སྟངས་སྟབས་ཅན།། དྲེགས་པ་ཐམས་ཅད་དབང་སྡུད་ཕྱོགས་སྐྱོང་བཅུ་དག་མནན།། བདུད་འདུལ་དཔའ་བོ་ཁྱོད་ལ་ཕྱག་འཚལ་བསྟོད། ། ཐབས་དང་ཤེས་རབ་སྐུ་ལ་ཕྱག་འཚལ་བསྟོད།། ཡེ་ཤེས་སྤྲུལ་པའི་སྐུ་ལ་ཕྱག་འཚལ་བསྟོད།། སྒོམ་པའི་ཁོག་དང་དགོངས་པའི་དོན།། གསང་བ་ཆེར་གསང་ཡང་གསང་ཐུགས། ། དགོངས་དོན་གདམས་ངག་སྦྱར་བསྟོད་ནས།། ཐུན་མོང་སྟོབས་ཀྱིས་འཇིག་ལས་ཐར།། གཉེན་པོ་སྟོབས་དང་དངོས་གྲུབ་དག། མྱུར་དུ་ཐོབ་པར་ཐེ་ཚོམ་མེད།། ཅེས་ཀཱི་ལ་ཡ་གསང་བའི་དགོངས་དོན་ལས། ། ཁྲོ་བཅུ་ལ་མོས་པས་བསྟོད་པའི་ཡོན་ཏན་བསྟན་པའི་ལེའུ་སྟེ་དྲུག་ཅུ་དགུ་པའོ།།།། དེ་ནས་ཡང་ཕྲིན་ལས་ཀྱི་རྒྱལ་པོས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། རྣལ་འབྱོར་རྗེས་སུ་འཇུག་པ་རྣམས། ། ཕུར་པ་སྲས་མཆོག་བསྟོད་པ་ནི།། བྱིན་གྱིས་བརླབས་དང་གཟི་བྱིན་བསྐྱེད།། བཞེངས་སུ་གསོལ་དང་ལས་ལ་གཞུག། གྱེན་དུ་གསོར་ཞིང་གླད་ལ་བསྐོར།། ཧཱུཾ་བཞི་གསལ་འཕྲོ་ལ་སོགས་བདུན་པ་བཞིན། ། ཁྲོ་རྒྱལ་འདུས་པའི་སྲས་མཆོག་ཀཱི་ལ་ཡ།། མ་གཡོས་ཆོས་མཆོག་སྐུ་གསུང་ཐུགས་ཀྱི་བདག། གྲུ་གསུམ་མཐིང་ནག་འབར་བའི་དཀྱིལ་འཁོར་ནས།། བུདྡྷ་འདུས་པའི་སྲས་མཆོག་ཀཱི་ལ་ཡ། ། གཏི་མུག་བདུད་འདུལ་ཁྲོས་པའི་རྒྱལ་པོ་དབྱིངས་ནས་བཞེངས།། གཏི་མུག་ཆེན་པོས་གཏི་མུག་འཇོམས་མཛད་ལྷ་ལ་འཚལ་བསྟོད།། གྲུ་གསུམ་དཀའ་ནག་འབར་བའི་དཀྱིལ་འཁོར་ནས།། བཛྲ་འདུས་པའི་སྲས་མཆོག་ཀཱི་ལ་ཡ། ། ཞེ་སྡང་བདུད་འདུལ་ཁྲོས་པའི་རྒྱལ་པོ་དབྱིངས་ནས་བཞེངས།། ཞེ་སྡང་ཆེན་པོས་ཞེ་སྡང་འཇོམས་པའི་ལྷ་ལ་ཕྱག་འཚལ་བསྟོད།། གྲུ་གསུམ་སེར་ནག་འབར་བའི་དཀྱིལ་འཁོར་ནས།། རཏྣ་འདུས་པའི་སྲས་མཆོག་ཀཱི་ལ་ཡ། ། ང་རྒྱལ་བདུད་འདུལ་ཁྲོས་པའི་རྒྱལ་པོ་དབྱིངས་ནས་བཞེངས།། ང་རྒྱལ་ཆེན་པོས་ང་རྒྱལ་འཇོམས་མཛད་ལྷ་ལ་ཕྱག་འཚལ་བསྟོད།། གྲུ་གསུམ་དམར་ནག་འབར་བའི་དཀྱིལ་འཁོར་ནས། ། པདྨ་འདུས་པའི་སྲས་མཆོག་ཀཱི་ལ་ཡ།། འདོད་ཆགས་བདུད་འདུལ་ཁྲོས་པའི་རྒྱལ་པོ་དབྱིངས་ནས་བཞེངས།། འདོད་ཆགས་ཆེན་པོས་འདོད་ཆགས་འཇོམས་མཛད་ལྷ་ལ་ཕྱག་འཚལ་བསྟོད།། གྲུ་གསུམ་ལྗང་ནག་འབར་བའི་དཀྱིལ་འཁོར་ནས། ། ཀརྨ་འདུས་པའི་སྲས་མཆོག་ཀཱི་ལ་ཡ།། ཕྲག་དོག་བདུད་འདུལ་ཁྲོས་པའི་རྒྱལ་པོ་དབྱིངས་ནས་བཞེངས།། ཕྲག་དོག་ཆེན་པོས་ཕྲག་དོག་འཇོམས་པའི་ལྷ་ལ་ཕྱག་འཚལ་བསྟོད། ། ཕུར་པ་སྲས་མཆོག་བསྟོད་པ་ནི།། ཐུར་དུ་བསྟན་ལ་དྲག་ཏུ་གཟེར།། གདབ་པའི་སྲས་མཆོག་ཀཱི་ལ་ཡ།། དཱིཔྟ་ཙཀྲ་ཕུར་པའི་ལྷ།། མི་བཟད་དྲག་པོའི་ཕུར་པ་དྲུག་པོ་ཡང།། དེ་ལྟར་དེ་བཞིན་རྗེས་སུའོ། ། སྐུ་སྟོད་ཁྲོ་བོ་ཆེན་པོ་ལ།། ཞལ་གསུམ་ཕྱག་ཀྱང་དྲུག་པ་སྟེ།། ལྟེ་བ་མན་ཆད་ཆས་རྣམས་ནི།། པདྨ་རཱ་གའི་མདོག་འདྲ་བ།། དྲག་པོར་གྱུར་པའི་ཕུར་པ་སྟེ།། དགྲ་བགེགས་གཞན་ལྟ་སྨོས་ཅི་དགོས།། གདབ་དང་མངགས་དང་སྡིགས་ལ་སོགས། ། བཏབ་ན་ལྷ་ཡང་བརླག་པར་འགྱུར།། རྟག་ཏུ་མཆོད་ཅིང་བཅངས་གྱུར་ན།། སྐུ་དང་གསུང་དང་ཐུགས་ཀྱི་སྟོབས།། སྟོབས་ཆེན་ཁྲོ་བོར་བདག་གྱུར་ནས།། གཉེན་པོ་སྟོབས་ཀྱིས་འཇིགས་ལས་ཐར། ། དེ་ཡི་ཡོན་ཏན་བསམ་མི་ཁྱབ།། ཅེས་ཀཱི་ལ་ཡ་གསང་བའི་དགོངས་རྒྱུད་ལས། སྲས་མཆོག་ཕུར་པ་ལ་མོས་པ་བསྟོད་པའི་དོན་གྱི་ལེའུ་སྟེ་བདུན་ཅུ་པའོ།།།། དེ་ནས་ཕྲིན་ལས་ཀྱི་རྒྱལ་པོས། བཅོམ་ལྡན་འདས་ལ་གསོལ་པ།། རྣལ་འབྱོར་རྗེས་སུ་འཇུག་པ་ཡིས།། ཕུར་པ་བཅངས་པའི་དོན་ནི་ཇི་ལྟར་ལགས།། ཞེས་གསོལ་པས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། རྣལ་འབྱོར་རྗེས་སུ་འཇུག་པ་ཡིས། ། རྡོ་རྗེ་ཕུར་པ་སྲས་མཆོག་ལ།། ཁྲག་དང་གུ་གུལ་སྐབས་སུ་བདུག། ཏིང་འཛིན་སྔགས་ནི་ཉིན་མཚན་དུ།། སུམ་སྟོང་སུམ་སྟོང་གདམས་ངག་སྦྱར།། རི་དྭགས་གོང་ཁུག་དག་ཏུ་གཞུག། དར་རམ་རས་ཀྱིས་དཀྲིས་ལ་སྦ།། དཔྲལ་བར་མི་བྱ་ལུས་ལ་བཅངས།། དངོས་གྲུབ་བར་ཆོད་ཚུགས་མི་འགྱུར།། རི་ལ་བཏབ་ན་རི་ཡང་སྙིལ།། བྲག་ལ་བཏབ་ན་བྲག་ཀྱང་འགྲུམ།། མཚོ་ལ་བཏབ་ན་རྒྱ་མཚོ་སྐེམ། ། ཆུ་བྲན་རྣམས་ལ་བཏབ་ན་སྐམ་པར་འགྱུར།། བསྲུང་བར་བཏབ་ན་ཐུབ་པར་འགྱུར།། བསྡིག་ན་བྲེད་ཅིང་གཟིར་བ་དང།། གདབ་དང་མངགས་དང་སྡིགས་ལ་སོགས།། དགྲ་བགེགས་གཞན་ལྟ་སྨོས་ཅི་དགོས། ། བཏབ་ན་ལྷ་ཡང་རླག་པར་འགྱུར།། དངོས་གྲུབ་མྱུར་དུ་ཐོབ་པར་འགྱུར།། དེ་ཡི་ཡོན་ཏན་བསམ་མི་ཁྱབ།། ཅེས་ཀཱི་ལ་ཡ་གསང་བའི་དགོངས་རྒྱུད་ལས།། སྲས་མཆོག་ཕུར་པ་བཅངས་པའི་དོན་གྱི་ལེའུ་སྟེ་བདུན་ཅུ་གཅིག་པའོ། །།། དེ་ནས་ཕྲིན་ལས་ཀྱི་རྒྱལ་པོས། བཅོམ་ལྡན་འདས་ལ་གསོལ་པ།། ཕུར་པ་བཅངས་པའི་དོན་ནི་དེ་ལགས་ན།། དགོངས་རྒྱུད་བཅངས་པའི་དོན་ནི་ཇི་ལྟར་ལགས།། ཞེས་གསོལ་པས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྣལ་འབྱོར་རྗེས་སུ་འཇུག་པ་ཡིས།། གསང་བའི་དགོངས་རྒྱུད་ཆེན་པོ་འདི།། བཻ་ཌཱུརྻ་ཡི་གླེགས་བམ་ལ།། རིན་ཆེན་གསེར་གྱི་ཞུན་མས་བྲིས།། བསེ་སྒྲོམ་སྨུག་པོར་བཞུགས་སུ་གསོལ། ། བྲིས་དང་བཅངས་དང་ཀློག་པ་དང།། འཆད་དང་ཉན་དང་བསྒོམ་པ་དང།། ཕྱི་ནང་གསང་བའི་མཆོད་ཕུལ་ནས།། རྗེས་སུ་ཡི་རངས་མོས་དད་པས།། ལྷ་དང་ཀླུ་དང་གནོད་སྦྱིན་དང།། དྲི་ཟ་སྲིན་པོ་མི་འམ་ཅི། ། ལྟོ་འཕྱེ་ཆེ་དང་ནམ་མཁའ་ལྡིང།། བྲན་དང་ཕོ་ཉ་མཁའ་འགྲོ་མས།། སྲུང་སྐྱོབ་ཅི་བསམ་སྒྲུབ་པར་བྱེད།། དངོས་གྲུབ་མ་ཐོབ་བར་དུ་ཡང།། ངན་སོང་དག་ཏུ་སྐྱེ་མི་སྲིད།། ལྷ་དང་མི་དང་དབང་རྒྱལ་སྐྱེ། ། སྐྱེ་བ་ངན་པས་བར་མི་ཆོད།། བརྟུལ་ཞུགས་ཆེ་ན་མྱུར་དག་ཏུ།། དངོས་གྲུབ་ཐེ་ཚོམ་མེད་པར་བརྙེས།། ཞེས་ཀཱི་ལ་ཡ་གསང་བའི་དགོངས་རྒྱུད་ལས།། རྒྱུད་བཅངས་པའི་ལེའུ་སྟེ་བདུན་ཅུ་གཉིས་པའོ། །།། དེ་ནས་ཡང་བཅོམ་ལྡན་འདས་གྱིས་རྗེས་འཇུག་དོན་དུ། ཚིག་དང་ཡི་གེ་སྒྲའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ།། རྒྱུའི་ས་བོན་བཞི་བཅུ་གཉིས་སུ་གསུངས་སོ།། དེ་ནས་ཡང།། ཨ་ཨཱ། ། ཨི་ཨཱི། ཨུ་ཨཱུ། ཨེ་ཨཻ། ཨཽ་ཨཽ། རྀ་རཱྀ། ལི་ལཱྀ། ཨཾ་ཨཱཿ་སྒྲ་ཡི་ས་བོན་སྒྲ་ཡི་བོད།། དོན་ནི་སྒྲ་ལས་བྱུང་བའོ།། བཞི་བཅུ་གཉིས་དང་བཅུ་དྲུག་དག། སྒྲ་དོན་ཕྱི་མོ་དེ་ལས་དབྱུང་བར་བྱ།། ཞེས་ཀཱི་ལ་ཡ་གསང་བའི་དགོངས་རྒྱུད་ལས། ཚིག་དང་ཡི་གེ་སྒྲ་བྱུང་ཚུལ་བསྟན་པའི་ལེའུ་སྟེ་བདུན་ཅུ་གསུམ་པའོ།།།། དེ་ནས་ཡང་ཕྲིན་ལས་ཀྱི་རྒྱལ་པོས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། སྒྲ་ཡི་ས་བོན་བོད་ཅིང་སྒྲ་ལས་འབྱུང་བ་ཡི། ། དེ་ཡི་དོན་དགྲོལ་བཤད་དུ་གསོལ།། ཞེས་གསོལ་པས། བཅོམ་ལྡན་འདས་ཀྱིས་བཞི་བཅུ་གཉིས་ཀྱི་ཡི་གེ་བཏུ་བའི་སྒྲའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ།། ཀ་ཁ་ག་གྷ་ང། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧ་ཀྵ། ལྔ་པ་ཡི་ནི་གསུམ་པ་དང།། གཉིས་པ་ཡི་ནི་གསུམ་པ་ལ།། མེ་ཡི་བུ་ཡི་འོག་ཏུ་སྦྱར།། དང་པོའི་དང་པོ་ཉིད་དག་དང། ། ཐབ་གནས་པ་ཡི་གསུམ་པ་དང།། དེ་བཞིན་ཡང་ནི་དང་པོ་ལ།། དབྱངས་ཀྱི་གསུམ་པ་ཀུན་ཏུ་སྦྱར།། མཐར་གནས་པ་ཡི་གསུམ་པ་ལ།། དབྱངས་ཀྱི་གཉིས་པ་རབ་ཏུ་ལྡན།། མཐར་གནས་པ་ཡི་དང་པོའོ། ། ཨུཥྨ་ཎ་ཡི་གསུམ་པ་དང། མཐར་གནས་པ་ཡི་གཉིས་པས་བསྡུས།། མཐར་གནས་པ་ཡི་བཞི་པ་བཏགས།། ལྔ་པའི་གསུམ་པ་གང་ཡིན་པར།། དབྱངས་ཀྱི་གསུམ་པ་སྦྱར་བར་བྱ།། དང་པོའི་བཞི་པ་དག་ནི་བཏུ། ། བཞི་པའི་ལྔ་པ་དག་ལ་ནི།། དང་པོའི་ལྔ་ཡི་ཐིག་ལེར་བྱས།། ལྔ་པ་ཡི་ནི་གསུམ་པ་ལ།། དང་པོའི་ལྔ་མཐར་ཐིག་ལེར་བྱས།། དབྱངས་ཡིག་དང་པོ་ཉིད་དག་དང།། དབྱངས་ཀྱི་དགུ་པ་སྦྱར་བར་བྱ།། ལྔ་པའི་ལྔ་མཐར་ཐིག་ལེར་བྱས།། དབྱངས་ཡིག་གཉིས་པ་ཁོང་དུ་འགྲོ།། ཨུཥྨ་ཎ་ཡི་བཞི་པ་ལ།། དབྱངས་ཡིག་ལྔ་པ་སྦྱར་བར་བྱ།། དང་པོ་ལྔ་པ་ཐིག་ལེར་བྱས།། ལྔ་པའི་གཉིས་པ་སོར་བཞག་དང།། གསུམ་པའི་གསུམ་པ་སོར་བཞག་དང། ། ཐུགས་ཀྱི་གསུང་གི་གསང་སྔགས་ཡིན།། གནས་ངན་ལེན་པ་སྲེག་པའི་མཐུ།། ཞེས་ཀཱི་ལ་ཡ་གསང་བའི་དགོངས་རྒྱུད་ལས། རྩ་བའི་གསང་སྔགས་ཀྱི་ལེའུ་སྟེ་བདུན་ཅུ་བཞི་པའོ། །།། དེ་ནས་ཕྲིན་ལས་ཀྱི་རྒྱལ་པོ་ཀརྨ་ཧེ་རུ་ཀས། བཅོམ་ལྡན་འདས་བཛྲ་ཀཱི་ལ་ཡ་ལ་འདི་སྐད་ཅེས་གསོལ་ཏོ།། ཀྱེ་བཅོམ་ལྡན་བཛྲ་ཀཱི་ལ་ཡ།། རྩ་བའི་གསང་སྔགས་ཡི་གེ་བཏུ་བ་དེ་ལགས་ན། ། དྲག་པོ་ཁྲོ་བོའི་ཡི་གེ་བཏུ་བ་ཇི་ལྟར་ལགས།། བདེ་བར་གཤེགས་པས་ལུང་བསྟན་དུ་གསོལ།། ཞེས་ཞུས་པས། ཐོག་མར་ཨོཾ་དང་ཧཱུཾ་གཉིས་ཕཊ།། ལྔ་པ་ཡི་ནི་གསུམ་པ་དང།། གཉིས་པ་ཡི་ནི་གསུམ་པ་ལ། ། མེ་ཡི་བུ་ཡིས་གདན་དུ་བྱས།། དང་པོའི་གཉིས་པ་དག་དང་ནི།། དབྱངས་ཡིག་བཞི་དང་མེ་བུར་སྦྱར།། གསུམ་པ་ཡི་ནི་དང་པོའོ།། དྲག་པོའི་ཚིག་ཏུ་ཤེས་པར་བྱ།། ཨུཥྨ་ཎ་ཡི་བཞི་པ་ལ།། དབྱངས་ཡིག་ལྔ་པ་ལྡན་པར་བྱ། ། དང་པོའི་ལྔ་པས་མཚན་པ་དང།། དང་པོའི་དང་པོ་དག་དང་ནི།། མཐར་གནས་པ་ཡི་གཉིས་པ་དག། འདོད་པའི་བྱ་བ་དོན་སྒྲུབ་པའོ།། ཧཱུཾ་མཛད་མནྟྲའི་སྒྲ་ཡིག་གོ། རྡོ་རྗེ་ཁྲོ་བོ་རེ་ཀུན་བཞིན།། ལྔ་པའི་གསུམ་པ་གང་ཡིན་དང། ། དབྱངས་ཡིག་གསུམ་པ་སྦྱར་བར་བྱ།། གཉིས་པའི་གསུམ་པ་གང་ཡིན་དང།། དབྱངས་ཀྱི་གཉིས་པ་ལྡན་པར་བྱ།། དྲུག་པའི་དང་པོ་གང་ཡིན་པ།། རྣམ་རྒྱལ་མནྟྲའི་སྒྲ་ཡིག་གོ། བཞི་པའི་ལྔ་པ་གང་ཡིན་དང།། དབྱངས་ཀྱི་བཞི་པ་སྦྱར་བར་བྱ།། མཐར་གནས་པ་ཡི་གསུམ་པ་དང།། བཞི་པའི་གསུམ་པ་དག་དང་ནི།། གསུམ་པའི་ལྔ་པ་བསྡུས་ཏེ་བཞག། གསུམ་པའི་གསུམ་པ་ཉིད་དག་ལ། ། དབྱངས་ཀྱི་གཉིས་པ་དེ་བཞིན་ནོ།། དབྱུག་སྔོན་མནྟྲའི་སྒྲ་ཡིག་གོ། དྲུག་པ་ཡི་ནི་དང་པོ་དང།། ལྔ་པ་ཡི་ནི་ལྔ་པ་ལ།། དབྱངས་ཡིག་གཉིས་པ་ཕྱེ་སྟེ་བཞག། བཞི་པའི་ལྔ་པ་བཏུས་ལ་ནི།། བཞི་པ་དང་པོ་སོར་བཞག་པ། ། དང་པོ་ཡི་ནི་དང་པོའོ།། གཤིན་རྗེ་གཤེད་ཀྱི་མནྟྲའི་སྒྲ།། དབྱངས་ཀྱི་གཉིས་པ་ཉིད་དང་ནི།། དེ་ནས་ཡི་གེརྱ་ཉིད་དང།། དབྱངས་ཀྱི་དང་པོ་དག་དང་ནི།། གཉིས་པའི་དང་པོ་གང་ཡིན་དང། ། མཐར་གནས་པ་ཡི་གསུམ་པ་དག། མི་གཡོ་མགོན་གྱི་སྒྲ་ཡིག་གོ། ཨུཥྨ་ཎ་ཡི་བཞི་པ་དང།། དབྱངས་ཀྱི་གཉིས་པ་སྦྱར་བ་སྟེ།། དྲུག་པའི་དང་པོ་གང་ཡིན་དང།། དང་པོའི་གསུམ་པ་གང་ཡིན་དང།། མེ་ཡི་བུ་ཡིས་གདབ་པར་བྱ། ། དབྱངས་ཀྱི་གསུམ་པས་ཕྱེ་བ་ཡིན།། ལྔ་པའི་གསུམ་པ་གང་ཡིན་ལ།། དེ་ལ་དབྱངས་ཀྱི་གཉིས་པས་དབྱེ།། རྟ་མགྲིན་སྔགས་སུ་བཏུ་བའི་སྒྲ།། དབྱངས་ཀྱི་དང་པོ་གང་ཡིན་དང།། ལྔ་པའི་དང་པོ་གང་ཡིན་དང། ། མཐར་གནས་པ་ཡི་གཉིས་པ་དང།། དེ་ལ་དབྱངས་ཀྱི་གཉིས་པས་དབྱེ།། གཉིས་པའི་དང་པོ་གང་ཡིན་དང།། དེ་ལ་དབྱངས་ཀྱི་གསུམ་པ་སྦྱར།། བཞི་པའི་དང་པོ་དབྱངས་ཡིག་གཉིས་པས་ཕྱེ། ། མི་ཐུབ་མནྟྲ་སྒྲ་ཡིག་གོ། དབྱངས་ཀྱི་དང་པོ་གང་ཡིན་དང།། ལྔ་པའི་ལྔ་པ་དག་ལ་ནི།། མེ་ཡི་བུ་ཡིས་གདན་དུ་བྱས།། དབྱངས་ཡིག་གསུམ་པ་དང་ནི་བསྡུས།། བཞི་པའི་དང་པོ་གང་ཡིན་དང།། དང་པོའི་ཉིད་ལ་དབྱངས་ལྔ་སྦྱར། ། བཞི་པའི་ལྔ་པ་བསྡུས་ཏེ་བསྲེས།། གསུམ་པའི་གསུམ་པ་དག་དང་ནི།། དབྱངས་ཀྱི་གཉིས་པས་དབྱེ་བར་བྱ།། མཐར་གནས་པ་ཡི་གསུམ་པ་ལ།། དབྱངས་ཡིག་གསུམ་པ་ཁྱད་པར་ཕྱེད། ། བདུད་རྩི་ཁྱིལ་པའི་མནྟྲའི་སྒྲ།། བཞི་པའི་དང་པོ་གང་ཡིན་དང།། མེ་ཡི་བུ་ཡིས་གདན་དུ་བྱས།། དབྱངས་ཡིག་གསུམ་པ་སྦྱར་བར་བྱ།། གདན་དུ་དབྱངས་ཡིག་གཉིས་པས་གདབ།། དྲུག་པའི་གསུམ་པ་གང་ཡིན་དང། ། དབྱངས་ཡིག་བཅུ་པ་དག་དང་ལྡན།། དང་པོའི་གསུམ་པས་གདབ་པར་བྱ།། ཡི་གེ་ཀྱི་ཉིད་དེ་ནས་བླངས།། ལྔ་པའི་གསུམ་པ་དག་ལ་ནི།། དབྱངས་ཀྱི་གཉིས་པ་གདན་དུ་བྱས།། དབྱངས་ཡིག་གསུམ་པས་ཁྱད་པར་བྱེད། ། གཉིས་པའི་གསུམ་པ་ཉིད་དག་དང།། དབྱངས་ཡིག་གཉིས་པས་ཁྱད་པར་དབྱེ།། དྲུག་པའི་དང་པོ་ཡང་དག་བླངས།། ཁམས་གསུམ་རྒྱལ་བའི་མནྟྲའི་སྒྲ།། ལྔ་པའི་ལྔ་པ་ཉིད་དང་ནི།། ཨུཥྨ་ཎ་ཡིས་བཞི་པ་ལ། ། དབྱངས་ཡིག་གཉིས་པས་རབ་ཏུ་དབྱེ།། ལྔ་པའི་གསུམ་པ་གང་ཡིན་དང།། མཐར་གནས་པ་ཡི་གསུམ་པ་དག། སྟོབས་ཆེན་དག་གི་མནྟྲའི་སྒྲ།། ཞེས་ཀཱི་ལ་ཡ་གསང་བའི་དགོངས་རྒྱུད་ལས་བཏུ་བའི་ལེའུ་སྟེ་བདུན་ཅུ་ལྔ་པའོ། །།། དེ་ནས་ཕྲིན་ལས་ཀྱི་རྒྱལ་པོས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། ཀྱེ་བཅོམ་ལྡན་བཛྲ་ཀཱི་ལ་ཡ།། དྲག་པོ་ཁྲོ་བོའི་ཡི་གེ་བཏུ་བ་དེ་ལགས་ན། ། དྲག་པོ་ཁྲོ་བོ་རྣམས་ཀྱི་བྱ་བའི་དོན་སྒྲུབ་པ་ཇི་ལྟར་ལགས།། བདེ་བར་གཤེགས་པས་ལུང་བསྟན་དུ་གསོལ། ཞེས་གསོལ་པས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། དང་པོའི་དང་པོ་ཉིད་དག་དང།། ལྔ་པའི་མཐར་གནས་སོར་བཞག་གཉིས། ། བྲུ་ཤ་ཏྲ་པ་ཏྲ་ཡི་དོན་ལ་སྙོམས་པར་ཞུགས་ཏེ།། ཨོཾ་དང་ཧཱུཾ་གཉིས་ཕཊ་དང་བཞི།། བར་དུ་མཚན་ཉིད་སོ་སོར་གཞུག། མཐར་གནས་པ་ཡི་གཉིས་པ་ལ།། དབྱངས་ཡིག་ལྔ་པ་སྦྱར་བར་བྱ། ། དྷ་ར་ཡ། འདོད་པའི་བྱ་བ་དོན་སྒྲུབ་པའང།། ཡི་གེ་ཉི་ཤུ་གསུམ་པ་ལ།། དབྱངས་ཡིག་ལྔ་པ་གཉིས་སུ་བཏགས།། དབྱངས་ཡིག་གསུམ་པ་བརྩེག་མའོ།། དབྱངས་ཡིག་གསུམ་པ་གཅིག་གཉིས་པ་དང་གསུམ། ། དང་པོའི་དང་པོ་ཉིད་དག་དང།། ལྔ་པའི་མཐར་གནས་གཉིས་ནི་སོར་བཞག་སོགས།། བྲུ་ཤ་ཏྲ་པ་ཏྲ་ཡི་རུ་དྷ་ར་ཡ།། ཧཱུཾ་ཀཱ་ར་རུ་དྷ་ར་ཡ། འདོད་པའི་བྱ་བ་དོན་སྒྲུབ་པའང།། རུ་རྣམ་པར་རྒྱལ་བ་དང།། རུ་དབྱུག་པས་འཇོམས་པ་དང། ། རུ་གཤིན་རྗེ་གཤེད་དང།། རུ་མི་གཡོ་མགོན་དང།། རུ་རྟ་མྱུར་དྲག་པོའི་ཕྲིན་ལས་བཞི་དང། རུ་མཐུས་མི་ཐུབ་པ་དང། རུ་བདུད་རྩི་འཁྱིལ་བ་དང། རུ་ཁམས་གསུམ་ལས་རྣམ་པར་རྒྱལ་བ་དང། རུ་གནས་སྟོབས་པོ་ཆེ་དང། རུའི་རྣམ་པར་སྨིན་པ་རྒྱ་མཚོ་ཙམ་ཞལ་དུ་རྔུབ་ནས་འོད་ཟེར་ལུས་ངག་ཡིད་ལ་བསྟིམ་པས། དྲན་པ་བརྙེད་དེ། ལུས་དང་ངག་ཡིད་དང་ཆོས་སྐྱོང་བའོ།། ཞེས་ཀཱི་ལ་ཡ་གསང་བའི་དགོངས་རྒྱུད་ལས། གསང་སྔགས་ཕྲིན་ལས་ཀྱི་འདོད་པའི་བྱ་བའི་དོན་སྒྲུབ་པའི་ལེའུ་སྟེ་བདུན་ཅུ་དྲུག་པའོ།།།། དེ་ནས་ཕྲིན་ལས་ཀྱི་རྒྱལ་པོས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། ཀྱེ་བཅོམ་ལྡན་བཛྲ་ཀཱི་ལ་ཡ། གསང་སྔགས་ཕྲིན་ལས་འདོད་པའི་བྱ་བ་དོན་སྒྲུབ་དེ་ལགས་ན། ཡོན་ཏན་ཉི་ཤུ་གཅིག་རྫོགས་ཡི་གེ་བཏུ་བ་ལུང་བསྟན་དུ་གསོལ། ཞེས་ཞུས་པས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དབྱངས་ཀྱི་ཡི་གེ་དང་པོ་ལ།། དབྱངས་ཡིག་བཅུ་པ་སྦྱར་བར་བྱ།། དབྱངས་ཡིག་གཉིས་པ་རབ་ཏུ་ལྡན།། ལྔ་པའི་མཐར་གནས་ཐིག་ལེར་བྱས།། མཐར་གནས་པ་ཡི་གསུམ་པ་ལ།། དང་པོའི་ལྔ་པ་ཐིག་ལེར་བྱས། ། ཨུཥྨ་ཎ་ཡི་བཞི་པ་ལ།། དབྱངས་ཡིག་ལྔ་པ་གདགས་པར་བྱ།། དང་པོའི་ལྔ་པ་ཐིག་ལེར་སྦྱར།། མཐའ་གནས་པ་ཡི་གསུམ་པ་ལ།། དང་པོའི་ལྔ་པ་ཐིག་ལེ་སྦྱར།། ཨུཥྨ་ཎ་ཡི་གསུམ་པ་ལ། ། བཞི་པའི་དང་པོ་གདགས་པར་བྱ།། ལྔ་པའི་མཐར་གནས་སྦྱར་བར་བྱ།། ལྔ་པའི་བཞི་པ་སར་བཞག་ལ།། བཞི་པའི་མཐར་གནས་གཉིས་སུ་བསྡུས།། ལྔ་པ་ཡི་ནི་མཐར་གནས་ལ།། དབྱངས་ཡིག་བཅུ་པ་སྦྱར་བར་བྱ། ། ཨུཥྨ་ཎ་ཡི་བཞི་པ་སོར་བཞག་པའོ།། དབྱངས་ཡིག་གཉིས་པ་རབ་ལྡན་པ།། དང་པོའི་གསུམ་པ་སྦྱར་བར་བྱ།། མཐར་གནས་དང་པོ་སོར་བཞག་པའོ།། ལྔ་པའི་བཞི་པ་སོར་བཞག་དང། ། དང་པོའི་གསུམ་པ་སོར་བཞག་པའོ།། ལྔ་པ་ཡི་ནི་གསུམ་པ་ལ།། བཞི་པའི་མཐར་གནས་བསྡུ་བར་བྱ།། ཨུཥྨ་ཎ་ཡི་དང་པོ་ལ།། མེ་ཡི་བུ་ཡི་གདན་དུ་བྱས།། དབྱངས་ཡིག་གསུམ་པ་སྦྱར་བར་བྱ།། དང་པོའི་དང་པོ་ཉིད་དག་དང། ། མེ་ཡི་བུ་ཡིག་གདན་དུ་བྱས།། དབྱངས་ཡིག་གསུམ་པ་སྦྱར་བར་བྱ།། ལྔ་པ་ཡི་ནི་གསུམ་པ་ལ།། དབྱངས་ཡིག་གསུམ་པ་སྦྱར་བར་བྱ།། དང་པོའི་དང་པོ་ཉིད་དག་ལ།། མེ་ཡི་བུ་ཡིས་གདན་དུ་བྱ། ། དབྱངས་ཡིག་གསུམ་པ་སྦྱར་བར་བྱ།། ཨུཥྨ་ཎ་ཡི་དང་པོ་ལ།། མེ་ཡི་བུ་ཡི་དབྱངས་ཡིག་གཉིས།། དབྱངས་ཀྱི་ཡི་གེ་གསུམ་པས་བརྒྱན།། ལྔ་པ་ཡི་ནི་གསུམ་པ་དང།། གཉིས་པའི་གསུམ་པ་མེ་བུ་གདན། ། ཨུཥྨ་ཎ་ཡི་བཞི་པ་ལ།། དབྱངས་ཡིག་ལྔ་པ་སྦྱར་བར་བྱ།། དང་པོའི་མཐར་གནས་ཐིག་ལེ་བྱས།། དང་པོའི་དང་པོ་མེ་བུ་སོར་བཞག་གཉིས།། ཨུཥྨ་ཎ་ཡི་བཞི་པ་སོར་བཞག་གཉིས།། དབྱངས་ཡིག་ལྔ་གཉིས་ཐིག་ལེར་བརྒྱན་པའོ། ། ལྔ་པའི་གཉིས་པ་གཉིས་གཉིས་ལ།། གསུམ་པའི་གསུམ་པ་གཉིས་སུ་སྦྱར།། ལྔ་པ་ཡི་ནི་གསུམ་པ་དང།། གཉིས་པ་ཡི་ནི་གསུམ་པ་མེ་བུར་ལྡན།། དང་པོའི་དང་པོ་མཐར་གནས་གསུམ་པ་སོར་བཞག་ལ། ། དབྱངས་ཡིག་གསུམ་པ་གཉིས་སུ་སྦྱར་བར་བྱ།། དང་པོའི་དང་པོ་གཉིས་དག་དང།། དབྱངས་ཡིག་གསུམ་པ་སྦྱར་བའོ།། མཐར་གནས་གསུམ་པ་སོར་བཞག་ལ།། མཐར་གནས་དང་པོ་སོར་བཞག་པའོ། ། རྡོ་རྗེའི་སྙིང་པོ་མ་ཡིན་པ།། ཕུར་པའི་སྙིང་པོ་བརྩེག་མའོ།། གཉིས་པའི་གསུམ་པ་སོར་བཞག་དང།། ཨུཥྨ་ཎ་ཡི་བཞི་པ་ལ།། དབྱངས་ཡིག་ལྔ་པ་སྦྱར་བར་བྱ།། དང་པོའི་ལྔ་པ་ཐིག་ལེར་བརྒྱན། ། ལྔ་པ་ཡི་ནི་གསུམ་པ་དང།། དང་པོའི་ལྔ་པ་ཐིག་ལེར་བརྒྱན།། ཨུཥྨ་ཎ་ཡི་བཞི་པ་དབྱངས་ཡིག་བཅུ་པ་སྦྱར།། ཨུཥྨ་ཎ་ཡི་གསུམ་པ་མེ་བུར་དང།། ལྔ་པའི་གསུམ་པ་སྦྱར་བའོ།། ལྔ་པ་ཡི་ནི་གསུམ་པ་དང་པོའི་བཞི་པ་དང། ། དབྱངས་ཡིག་གསུམ་པར་སྦྱར་བར་བྱ།། བཞི་པའི་མཐར་གནས་གཉིས་སུ་སྡུད།། རྡོ་རྗེ་ཕུར་པའི་སྙིང་པོ་དང།། ཨུཥྨ་ཎ་ཡི་བཞི་པ་སོར་བཞག་གཉིས།། དབྱངས་ཡིག་ལྔ་པ་བཏགས་ལ་ནི།། དང་པོའི་མཐར་གནས་ཐིག་ལེར་བརྒྱན། ། ལྔ་པའི་གཉིས་པ་གཉིས་དག་ལ།། གསུམ་པའི་དང་པོ་སོར་བཞག་གཉིས།། ལྔ་པའི་གསུམ་པའི་གཉིས་པའི་གསུམ་པ་ལ།། མེ་ཡི་བུ་ཡིས་གདན་དུ་བྱས།། ཨུཥྨ་ཎ་ཡི་བཞི་པ་སོར་བཞག་གཉིས། ། དབྱངས་ཡིག་ལྔ་པ་བཏགས་ལ་ནི།། དང་པོའི་ལྔ་པ་ཐིག་ལེར་བརྒྱན།། དང་པོའི་དང་པོ་སོར་བཞག་དང།། མཐར་གནས་གཉིས་པ་སོར་བཞག་པའོ།། ཨུཥྨ་ཎ་ཡི་བཞི་པ་ལ། ། དབྱངས་ཡིག་ལྔ་པ་གདགས་པར་བྱ།། དང་པོའི་ལྔ་པ་ཐིག་ལེར་བརྒྱན།། ལྔ་པའི་གཉིས་པ་སོར་བཞག་དང།། གསུམ་པའི་དང་པོ་སོར་བཞག་པའོ།། ཨུཥྨ་ཎ་ཡི་བཞི་པ་ལ།། དབྱངས་ཡིག་ལྔ་པ་གདགས་པར་བྱ། ། དང་པོ་ལྔ་པ་ཐིག་ལེར་བརྒྱན།། དང་པོའི་དང་པོ་སོར་བཞག་དང།། མཐར་གནས་གཉིས་ལ་སོར་བཞག་པའོ།། ཨུཥྨ་ཎ་ཡི་བཞི་པ་ལ།། དབྱངས་ཡིག་ལྔ་པ་གདགས་པར་བྱ།། དང་པོའི་ལྔ་པ་ཐིག་ལཻར་བརྒྱན། ། ལྔ་པ་ཡི་ནི་གསུམ་པ་དང།། དང་པོའི་ལྔ་པ་ཐིག་ལེར་བརྒྱན།། ཨུཥྨ་ཎ་ཡི་བཞི་པ་ལ།། དབྱངས་ཡིག་ལྔ་པ་གདགས་པར་བྱ།། དང་པོའི་ལྔ་པ་ཐིག་ལེར་བརྒྱན།། དབྱངས་ཡིག་དང་པོར་བཞག་པའོ། ། སྦྱོར་བ་གསུམ་གསུམ་དག་གིས་ནི།། ཉི་ཤུ་གཅིག་གིས་བྱ་བ་སྒྲུབ།། ཅེས་ཀཱི་ལ་ཡ་གསང་བའི་དགོངས་རྒྱུད་ལས། ཡོན་ཏན་ཉི་ཤུ་གཅིག་གིས་བྱ་བ་སྒྲུབ་པའི་སྒྲ་ཡི་ཡི་གེ་བཏུ་བའི་ལེའུ་སྟེ་བདུན་ཅུ་བདུན་པའོ། །།། དེ་ནས་ཕྲིན་ལས་ཀྱི་རྒྱལ་པོས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། ཡོན་ཏན་ཉི་ཤུ་གཅིག་གིས་བྱ་བ་སྒྲུབ་པོའོ་ཡི་གེ་བཏུ་བ་དེ་ལགས་ན།། མནན་ཕུར་གྱི་སྒྲའི་དོན་ཇི་ལྟར་ལགས་ཞེས་གསོལ་པས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དྲག་སྔགས་ཉི་ཤུ་རྩ་གཅིག་ལ།། ཡོན་ཏན་ཉི་ཤུ་གཅིག་གི་མཐུ།། སྒྲ་ཡི་སྦྱོར་བ་གསུམ་དག་གིས།། དོན་བཞི་སྦྱོར་བ་མེ་ཡིས་བསྲེག། དྲག་སྔགས་དྲུག་པའི་སྦྱོར་བའི་མཐུ། ། སྨད་ཀྱི་སྟོད་ཀྱི་བདུན་པོའི་སྒྲ།། འདོད་པའི་བྱ་བ་བདུན་སྒྲའི་མཐུས།། དྲག་སྔགས་དྲུག་པོ་སྦྱངས་པའི་མཐུས།། འདོད་པའི་བྱ་བ་དྲུག་སྒྲའི་མཐུས།། བཅོ་བརྒྱད་དག་གི་དྲག་སྔགས་སྒྲ།། འདོད་པའི་བྱ་བ་ཉི་ཤུ་བརྒྱད། ། རྣམ་གསུམ་སྒྲ་ཚིག་བྱིན་བརླབས་མཐུས།། ཚོར་བྱེད་དྲག་སྔགས་བདུན་བཏབ་ལ།། ཕྱི་ནན་ཕྱི་ནན་མི་ཕྱིན་སྒྲ།། རྣམ་གསུམ་སྒྲ་ཚིག་བྱིན་རླབས་མཐུས།། མཐོང་བྱེད་དྲག་སྔགས་བདུན་བཏབ་ལ།། སྲེད་སུ་ནན་ཤག་ཏྲ་ག་ནན། སུས་ཀྱང་མི་ཕྱིན་པ་ཡི་སྒྲ།། རྣམ་གསུམ་སྒྲ་ཚིག་བྱིན་རླབས་མཐུས།། ཐོས་བྱེད་དྲག་སྔགས་བདུན་བཏབ་ལ།། ཨ་ར་ལི་ཚལ་པ་ནན།། སུས་ཀྱང་མི་ཕྱིན་པ་ཡི་སྒྲ།། རྣམ་གསུམ་སྒྲ་ཚིག་བྱིན་བརླབས་མཐུས། ། རོ་བྱེད་དྲག་སྔགས་བདུན་བཏབ་པས།། ཤུ་ལ་ཁང་མེ་ནན།། སུས་ཀྱང་མི་ཕྱིན་པ་ཡི་སྒྲ།། རྣམ་གསུམ་སྒྲ་ཚིག་བྱིན་བརླབས་མཐུས།། རེག་བྱེད་དྲག་སྔགས་བདུན་བཏབ་པ།། ཨ་ར་སུ་ཏྲི་ནན། སུས་ཀྱང་མི་ཕྱིན་པ་ཡི་སྒྲ། ། རྣམ་གསུམ་སྒྲ་ཚིག་བྱིན་བརླབས་མཐུས།། ཞེ་སྡང་དྲན་རྟོག་དྲག་སྔགས་བདུན་བཏབ་པས།། ཀརྨ་ཙིཏྟ་ཛྭ་ར་ནི་ནན། སུས་ཀྱང་མི་ཕྱིན་པ་ཡི་སྒྲ།། རྣམ་གསུམ་སྒྲ་ཚིག་བྱིན་བརླབས་མཐུས།། ང་རྒྱལ་དྲག་སྔགས་བདུན་བཏབ་པས། ། ཁེ་ར་པྲ་དུམ་ཁུམ་ནན།། སུས་ཀྱང་མི་ཕྱིན་པ་ཡི་སྒྲ།། རྣམ་གསུམ་སྒྲ་ཚིག་བྱིན་བརླབས་མཐུས།། ཕྲག་དོག་དྲག་སྔགས་བདུན་བཏབ་པས།། ལྷུ་དུམ་མ་ཤིག་ནན། སུས་ཀྱང་མི་ཕྱིན་པ་ཡི་སྒྲ།། རྣམ་གསུམ་སྒྲ་ཚིག་བྱིན་བརླབས་མཐུས།། འདོད་ཆགས་དྲག་སྔགས་བདུན་བཏབ་པས།། ཨ་ཏ་སུ་ཏྲི་སུ་ཏྲི་ནན། སུས་ཀྱང་མི་ཕྱིན་པ་ཡི་སྒྲ།། རྣམ་གསུམ་སྒྲ་ཚིག་བྱིན་བརླབས་མཐུས། ། གཏི་མུག་དྲག་སྔགས་བདུན་བཏབ་པས།། བྷན་དྷ་ཀོ་རོ་ཙ་ན་ནན།། སུས་ཀྱང་མི་ཕྱིན་པ་ཡི་སྒྲ།། རྣམ་གསུམ་སྒྲ་ཚིག་བྱིན་བརླབས་མཐུས།། གནད་གསུམ་དྲག་སྔགས་རེ་བཏབ་པས།། རྟེན་དག་གཉིས་པའི་བྱིན་བརླབས་སྒྲ། ། མནན་ཕུར་བརྒྱ་ནི་རྩ་བརྒྱད་ཀྱིས།། འདོད་པའི་བྱ་བ་དོན་སྒྲུབ་པའོ།། ཀཱི་ལ་ཡ་གསང་བའི་དགོངས་རྒྱུད་ལས།། སྒྲ་དོན་གྱི་ལེའུ་སྟེ་བདུན་ཅུ་བརྒྱད་པའོ།།།། དེ་ནས་ཡང་སྟོབས་ཆེན་ཁྲོ་བོའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། སྐུ་གསུང་ཐུགས་ཀྱི་སྟོབས་ལས། ཁྲོ་བོ་མཚོན་ཆའི་དྲག་སྔགས་ཕྱུངས་སྟེ། རྡོ་རྗེ་གསང་བའི་ཞེས་ཀརྨ་གསུམ་གྱི་སྒྲ་ཐོན་ཏོ།། ཕུར་པ་བདུན་ལ་ཉི་ཤུ་གཅིག། དངས་མ་གསུམ་ལ་སྦྱོར་བ་གསུམ། ། འདོད་པའི་བྱ་བ་བདུན་སྒྲུབ་པའོ།། གཏི་མུག་རྡོ་རྗེའི་ཕུར་པ་ཡིས།། སྟོབས་ཆེན་མ་མའི་དྲག་སྔགས་སྒྲས།། གཏི་མུག་རྩད་ནས་བཅད་པའི་མཐུ།། ཞེ་སྡང་རྡོ་རྗེའི་ཕུར་པ་ཡིས།། སྟོབས་ཆེན་པ་ཤའི་དྲག་སྔགས་སྒྲས། ། ཞེ་སྡང་རྩད་ནས་བཅད་པའི་མཐུ།། ང་རྒྱལ་རྡོ་རྗེའི་ཕུར་པ་ཡིས།། སྟོབས་ཆེན་མ་ཏྲཾ་ཉ་ཡི་དྲག་སྔགས་ཀྱིས།། ང་རྒྱལ་རྩད་ནས་བཅད་པའི་མཐུ།། འདོད་ཆགས་རྡོ་རྗེའི་ཕུར་པ་ཡིས། ། སྟོབས་ཆེན་ཀ་རིའི་དྲག་སྔགས་ཀྱིས།། འདོད་ཆགས་རྩད་ནས་བཅད་པའི་མཐུ།། ཕྲག་དོག་རྡོ་རྗེའི་ཕུར་པ་ཡིས།། སྟོབས་ཆེན་ཤཱི་གྷྲཾ་ཀཱ་ར་ཡི་དྲག་སྔགས་ཀྱིས།། ཕྲག་དོག་རྩད་ནས་གཅོད་པའི་མཐུ། སྐུ་གསུང་ཐུགས་ཀྱི་སྟོབས་པོ་ཆེ། ། ཨི་ནན་གྱི་ནི་དྲག་སྔགས་སྒྲས།། བགེགས་ཆེན་རླག་པར་བྱེད་པའི་མཐུ།། དྷ་ཏི་མ་མའི་དྲག་སྔགས་སྒྲས།། རཱུ་ཏྲ་སྡེ་གསུམ་སྒྲལ་བའི་མཐུ།། ལུས་ངག་ཡིད་གསུམ་གནས་སུ་སྒྲལ་བའི་མཐུ། ། ཚེ་ཡི་རྟེན་ཕྲལ་གནད་ཀྱང་གཅོད་པའི་མཐུ།། རྒྱུ་ཡི་གཙོ་བོ་རླུང་ཡིན་ཏེ།། རླུང་བགེགས་པ་ཡི་དྲག་སྔགས་འདིས།། མེ་ཆུ་ས་དང་ནམ་མཁའ་སོགས།། དེ་བཞིན་དེ་ལྟར་རིམ་བཞིན་འགག། ཚངས་པའི་ཚེ་དང་ལྡན་པ་ཡང། ། སྦྱོར་བ་གསུམ་གྱིས་འཇིག་པར་འགྱུར།། ཞེས་ཀཱི་ལ་ཡ་གསང་བའི་དགོངས་རྒྱུད་ལས། སྟོབས་ཆེན་ཁྲོ་བོའི་ལེའུ་སྟེ་བདུན་ཅུ་དགུ་པའོ།།།། དེ་ནས་ཕྲིན་ལས་ཀྱི་རྒྱལ་པོས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། བླ་འགུགས་ཕོ་ཉའི་དོན་ནི་ཇི་ལྟར་ལགས།། ཞེས་གསོལ་པས། ནག་པོའི་ཐོད་ཆེན་དག་ཏུ་ནི།། བྱ་རོག་འུག་པའི་དང་རུ་ལ།། གཟས་པའི་མིང་རུས་སྒྲོ་རྩར་གདགས།། ལྟག་སྤྲད་སྦྱར་ཏེ་ག་བུར་གཞུག། གསང་སྔགས་བདུན་པ་བྲིས་ལ་གདགས།། གསང་སྔགས་བདུན་པ་སྦྱོར་བ་གཉིས།། དྲུག་པའི་དང་པོ་སྦྱར་བར་བྱ།། གཟས་པའི་ཐིམ་པར་བཅུག་ལ་ནི།། ཞག་ནི་ཉི་ཤུ་རྩ་གཅིག་ཏུ།། ཐུན་དུ་བྲབ་ཅིང་ལུས་ལ་བསྟིམ། ། ཕོ་ཉ་དྲུག་ཅུའི་གཙོ་མོ་སྟེ།། ནམ་མཁའི་ལྷ་མོ་ཕུར་པའི་ལྷ།། ཕོ་ཉ་དྲུག་ཅུས་བླ་བཀུག་ནས།། ལག་བརྒྱ་ལྕགས་ཕུར་དཀར་ནག་མཚམས།། བདུན་པ་དྲུག་པའི་དང་པོ་ཡིས།། སྦྱོར་བ་གཉིས་དང་གསུམ་གྱིས་གདབ། ། ཕུར་པའི་ལྷ་མོ་བླ་འགུགས་མ།། དཀར་མོ་དུང་གི་མཆེ་བ་ཅན།། ལག་བརྒྱ་ལྕགས་ཕུར་བརྒྱ་བསྒྲིལ་ཅིང།། ཞལ་བརྒྱ་དྲག་སྔགས་དྲུག་དང་བདུན་པ་ཟླས་པར་བསམ།། དྲག་སྔགས་དྲུག་གི་འོད་ཟེར་སྔོན་དམར་འཕྲོས། ། དུང་གི་སྤྱང་མོ་མགོ་དགུ་ཡིས།། གཟས་པའི་དོན་སྙིང་འདྲུ་བར་བསམ།། ག་བུའི་ནང་དུ་བཏབ་སྟེ་མནན།། ཕྲིན་ལས་མ་གྲུབ་འདི་ཡིས་སྤོགས།། དགུག་བསྟིམ་མ་ཁུགས་འདི་ཡིས་སྤོགས། ། བླ་ཕུར་མ་ཐེབས་འདི་ཡིས་ཐེབས།། བླ་ཕུར་གདབ་པའི་ག་འུར་མནན།། བླ་ཕུར་དྲུག་ཅུ་ཕོ་ཉར་བཅས།། མནན་པ་རི་རབ་རྩེ་ལ་མནན།། རླུང་རྟ་དར་བས་ཕྲིན་ལས་གསོལ།། སྤོགས་པའི་ཆོ་ག་འདི་ཡིས་ནི། ། ཉི་ཤུ་གཅིག་གིས་ཐེ་ཚོམ་མེད།། ཝི་ཧི་ལི་ཝི་ཧི་ལི།། ཞེས་ཀཱི་ལ་ཡ་གསང་བའི་དགོངས་རྒྱུད་ལས། བླ་བཀུག་ཕོ་ཉ་སྤོགས་པའི་ལེའུ་སྟེ་བརྒྱད་ཅུ་པའོ།།།། དེ་ནས་ཕྲིན་ལས་ཀྱི་རྒྱལ་པོས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། ཀྱེ་བཅོམ་ལྡན་བཛྲ་ཀཱི་ལ་ཡ།། རྣལ་འབྱོར་རྗེས་སུ་འཇུག་པ་ལ།། གཟུང་འཛིན་བཟློག་ནས་སངས་རྒྱས་སུ།། ཡང་དག་དགོངས་པ་ཇི་ལྟར་ལགས།། ཞེས་གསོལ་པ་དང། བཅོམ་ལྡན་བཛྲ་ཀཱི་ལ་ཡས། འདི་སྐད་ཅེས་བཀའ་སྩལ་ཏོ།། གཟུགས་སོགས་འབྱུང་བ་བཞི་པོ་ཡང།། ཉེ་བར་ལེན་པ་ལེན་བྱེད་ལྔ།། འཕེན་པར་བྱེད་པ་ལས་ཡིན་ཏེ།། སྦྱིན་པའི་འབྲས་བུ་རྒྱུ་དྲུག་ཏུ།། རྟེན་ཅིང་འབྲེལ་བའི་འཁོར་ལོ་བསྐོར། ། དེ་ལ་ཟློག་ཐབས་ཡང་དག་དོན།། བསྐྱེད་པའི་རིམ་པ་ཡང་དག་དོན།། དེ་ལྟར་དེ་བཞིན་དཀྱིལ་འཁོར་ལྷ།། གཉིས་སུ་སྦྱོར་བ་གཅིག་ཏུ་གསལ།། ནུས་འཇུག་བསྐྱེད་དང་ལྟས་ཐོབ་པ།། ཨཱ+ོཾཿདང་ཨཱཾཿདང་ཧཱུཾ་གིས་གཟུང་ལས་བཟློག། ཉོན་མོངས་སྒྲིབ་པ་ཕྱི་གཟུང་ཡུལ་ལས་འདས།། ཨཱ+ོཾ་དང་ཨཱཾཿདང་ཧཱུཾ་གི་ངོ་བོ་ལས།། འཛིན་པའི་ཤེས་བྱའི་སྒྲིབ་པའི་དོན་མ་ལོངས།། ཆོས་རྣམས་ཐམས་ཅད་སེམས་ཡིན་ཏེ།། སེམས་ཀྱི་རྣམ་པ་ལྷ་ཡི་སྐུ། ། བདེ་གཤེགས་འཛིན་པ་གཉིས་སུ་རིག་པར་གསལ།། དེ་ཉིད་སངས་རྒྱས་དགོངས་མ་ལོངས།། ཕུང་པོ་ཁམས་དང་སྐྱེ་མཆེད་དང།། བདེ་གཤེགས་དཀྱིལ་འཁོར་ཀློང་དུའོ།། ལུས་ངག་ཡིད་གསུམ་ཕུང་པོ་ཡང། ། དཀྱིལ་འཁོར་གསུམ་གྱི་ཀློང་དཀྱིལ་འཁོར།། སྣང་ལ་རང་བཞིན་མེད་པ་བཞིན་ལྟ་བུ།། ཁ་མིག་རྣ་བ་ཡན་ལག་གཟུང་འཛིན་གཉིས།། རང་བཞིན་མེད་པར་འཛིན་པ་ཙམ་ཡང་མིན།། མར་མེའི་འོད་ཀྱིས་མུན་པ་སེལ་འགྱུར་ཏེ། ། ཕྱོགས་གཅིག་མུན་པ་སེལ་མི་འགྱུར།། འོད་ཆུང་མུན་པ་སེལ་མི་འགྱུར།། བཅུ་དྲུག་འོད་ཀྱིས་མུན་པ་སེལ།། ཐ་དད་རིན་ཆེན་རྙེད་འགྱུར་ཙམ།། དང་པོར་དེ་ལྟར་དེ་བཞིན་ནོ། ། རིན་ཆེན་རང་ལས་རྟོགས་པས་རྙེད།། མུན་པའི་སྨག་ནི་ཚོན་ནག་བཞིན།། སྤྲིན་གྱིས་བསྒྲིབས་པའི་ཉི་མ་བཞིན།། རིན་ཆེན་ཐ་དད་དེ་བཞིན་ནོ།། སྤྲིན་མེད་ཉི་མ་ཤར་བའི་འོད།། ཉི་ཟེར་དྲོ་གསལ་བདེ་འབྲས་འབྱུང། ། རང་ལས་རིན་ཆེན་རྙེད་འགྱུར་ཏེ།། ཡང་གསང་ཐུགས་ལ་བདེ་འབྲས་འབྱུང།། སྐུ་གཉིས་འགྲོ་དོན་བྱིན་རླབ་སྣང།། འགྲོ་བ་རྣམས་ལ་བདེ་འབྲས་སྣང།། རྒྱ་མཚོའི་ཁ་དང་རྒྱ་མཚོའི་གཏིང།། རྐྱེན་གྱིས་དེ་ལྟར་དེ་བཞིན་དུ། ། ཐ་དད་པ་དང་ཐ་མི་དད།། རིན་ཆེན་རྙེད་པ་དེ་བཞིན་ནོ།། ཡང་གསང་ཐུགས་ཀྱི་དཀྱིལ་འཁོར་ནི།། ཆོས་རྣམས་ཐམས་ཅད་སེམས་ཡིན་ཏེ།། སེམས་ཉིད་རྣམ་པར་ཤེས་པ་རྡོ་རྗེར་བསྒོམ།། ཆོས་དང་ཆོས་ཉིད་གཉིས་སུ་མེད། ། ཆོས་རྣམས་ཐམས་ཅད་འཁོར་བ་དང།། འཁོར་བ་ཉིད་ཀྱང་སེམས་ཡིན་པས།། སེམས་ཉིད་རྣམ་པར་ཤེས་པ་རྡོ་རྗེར་བསྒོམ།། འཁོར་བ་མྱ་ངན་འདས་པ་གཉིས་སུ་མེད།། ཆོས་རྣམས་ཐམས་ཅད་ཀུན་རྫོབ་སྟེ། ། ཀུན་རྫོབ་ཉིད་ཀྱང་སེམས་ཡིན་ཏེ།། སེམས་ཉིད་རྣམ་པར་ཤེས་པ་རྡོ་རྗེར་བསྒོམ།། དོན་དམ་ཀུན་རྫོབ་གཉིས་སུ་མེད།། སངས་རྒྱས་སེམས་ཅན་དེ་བཞིན་ནོ།། གསང་བ་ཆེར་གསང་ཡང་གསང་ཐུགས། ། གཉིས་ལ་རེ་རེ་གདམས་ངག་ནི།། འོད་ཀྱིས་མུན་པ་སེལ་མི་སེལ།། ཐ་དད་པ་དང་ཐ་མི་དད།། རིམ་བཞིན་རིན་ཆེན་གདམས་ངག་འབྱུང།། ཞེས་ཀཱི་ལ་ཡ་གསང་བའི་དགོངས་རྒྱུད་ལས། གཟུང་འཛིན་བཟློག་ནས་ཡང་དག་པའི་དགོངས་པ་བསྟན་པའི་ལེའུ་སྟེ་བརྒྱད་ཅུ་གཅིག་པའོ། །།། དེ་ནས་བཅོམ་ལྡན་འདས་བཛྲ་ཀཱི་ལ་ཡས། ཕྱོགས་བཅུའི་སངས་རྒྱས། ཕྲིན་ལས་ཀྱི་རྒྱལ་པོ་ཀརྨ་ཧེ་རུ་ལ་སོགས་པ་ལ། དགོངས་རྒྱུད་གཏད་པ་ལ་བརྟན་པར་གཟུང་བའི་ཆེད་དུ་འདི་གསུངས་སོ།། ཆོས་རྣམས་ཐམས་ཅད་སྐྱེ་མེད་ལ།། རྟོག་པའི་དབང་གིས་སྡུག་བསྔལ་སྨིན།། དེ་དག་སྒྲོལ་བར་བྱ་བའི་ཕྱིར།། ལྗགས་ཀྱི་དབང་པོ་བཀྲམ་ནས་གསུངས། ། རྗེས་འཇུག་རྣམས་ཀྱིས་བརྟན་པོར་ཟུང།། འགྲོ་བ་ལས་ནི་དང་པོ་ཡིས།། དགོངས་རྒྱུད་ཡི་གེར་བྲིས་གྱུར་ནས།། ཀློག་དང་ཁ་ཏོན་བྱེད་པ་རྣམས།། སྒྲ་མེད་གནས་སུ་མི་སྐྱེ་བར།། དཀོན་མཆོག་སྒྲ་སྒྲོགས་གནས་སུ་སྐྱེ། ། སྐྱེ་བ་ངན་པ་ལེན་པར་བོར།། རིམ་པས་འགྲོད་ནས་བྱང་ཆུབ་ཐོབ།། དགོངས་རྒྱུད་འདི་ལ་ཐོས་བསམ་ན།། རྗེས་འཇུག་ཐོགས་མེད་ཤེས་རབ་འགྱུར།། དགོངས་རྒྱུད་འདི་ལ་བཤད་གྱུར་ན།། སྐྱེ་བ་མ་བརྒྱུད་གནས་ལྔ་ལ། ། འདི་ཡིས་འབྲས་བུ་འཕེལ་བར་འགྱུར།། དགོངས་རྒྱུད་འདི་ལ་བསྒོམ་གྱུར་ན།། ཚེ་འདི་ཉིད་ལ་ཕྱིར་མི་ལྡོག། མངོན་ཤེས་དྲུག་ནི་འཆར་བར་འགྱུར།། ཡིད་བཞིན་ནོར་བུ་རིན་ཆེན་ལ།། ཅི་འདོད་དོན་ནི་འབྱུང་བར་འབྱུང། ། སྐུ་གསུང་ཐུགས་ཀྱི་གསང་རྒྱུད་ལས།། སྔ་རབས་ད་ལྟར་སླད་ཀྱིས་འབྱོན།། སངས་རྒྱས་འདི་ལས་འབྱུང་བ་ཡིན།། རྗེས་འཇུག་ལས་ནི་དང་པོ་ཡིས།། མཐོང་ཞིང་ཐོས་ན་རྟོགས་པར་འགྱུར། ། འདི་ལ་མ་ཡེངས་དམ་ཚིག་ཆེ།། རྡོ་རྗེའི་ཐུགས་ལས་རྟོགས་གྱུར་ན།། ཐུགས་ཀྱི་སྐུ་དང་ཐུགས་ཀྱི་གསུང།། བདེ་བར་གཤེགས་པས་རབ་བསྔགས་པས།། ཡོན་ཏན་ཐམས་ཅད་འདི་ལས་འབྱུང། ། དངོས་པོར་ལྟ་བའི་གསང་སྔགས་ཀྱང།། འདི་ཉིད་བཟུང་ཞིང་བཀླགས་སྤྱད་ན།། དམ་པ་རྣམས་ཀྱི་དམ་པའི་མཆོག། དངོས་པོ་སྒྱུ་མ་ན་བུན་མཐོང།། ལོངས་སྤྱོད་རྫོགས་པའི་སྐུ་དང་གསུང་ཐུགས་རྡོ་རྗེའི་གཉིས་སུ་མེད་པར་བཞུགས་ཏེ། ཏིང་ངེ་འཛིན་ལས་བཞེངས་སོ།། ཕྲིན་ལས་ཀྱི་རྒྱལ་པོ་ཀརྨ་ཧེ་རུ་ཀས་ཀྱང་ཐུགས་རྡོ་རྗེ་ལ་གཉིས་སུ་མེད་པར་ཞུགས་ཏེ། གཅིག་གི་རང་བཞིན་དུ་མཉམ་ཞིང་དབྱེར་མེད་པར་གྱུར་ཏེ། མི་སྣང་བར་གྱུར་ཏོ། ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ལ་གཏད་ཅིང་བཟུང་བའི་ལེའུ་སྟེ་བརྒྱད་ཅུ་གཉིས་པའོ།།།། བི་དྱོཏྟ་མ་འབུམ་སྡེའི་ནང་ནས། ཀཱི་ལ་ཡ་གསང་བའི་དགོངས་རྒྱུད་ཅེས་བྱ་བ་རྫོགས་སོ། །།། ཨུ་རྒྱན་གྱི་མཁན་པོ་པདྨ་ཐོད་ཕྲེང་དང། མང་ཡུལ་གྱི་ལྕེ་ཀུ་ཀུ་རཱ་ཙ་དང།། བྲང་ཏི་ཛ་ཡ་རཀྵི་ཏས་བསྒྱུར་ཅིང་གཏན་ལ་ཕབ་པའོ།། གཟུངས་མ་མཁར་ཆེན་བཟའ་ལ་གཏད་པའོ། །།། རྒྱ་གར་སྐད་དུ། བཛྲ་ཀཱི་ལ་ཡ་དྭེ་ཥ་པ་རི་ཤུདྡྷ་རཱ་ཛ་ཏནྟྲ་ནཱ་མ། བོད་སྐད་དུ། རྡོ་རྗེ་ཕུར་པ་ཞེ་སྡང་ཡོངས་སུ་དག་པའི་རྒྱུད་ཀྱི་རྒྱལ་པོ་ཞེས་བྱ་བ། བཅོམ་ལྡན་འདས་དཔལ་འཇིགས་བྱེད་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ།

CLOSE WINDOW