CLOSE WINDOW

Gpb027.020:
Wylie

རྒྱ་གར་སྐད་དུ། ཤི་རག་ཤ་ས་མུ་གུ་ཏནྟྲ། བོད་སྐད་དུ།། དཔལ་ཁྲག་འཐུང་བདེ་བ་ཆེན་པོ་ལོངས་སྤྱོད་རྫོགས་པའི་སྐུ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་གསང་སྔགས་ཀྱི་མངའ་བདག། རིགས་སྔགས་ཀྱི་རྒྱལ་པོ།། དཔལ་ཁྲག་འཐུང་འབར་བ་ཆེན་པོ་རི་མ་ལ་ཡའི་རྩེ་མོ་ལ་བཞུགས་ཏེ། དེ་ནས་འདྲེ་སྲིན་གྱི་འཁོར་རྣམས་ཀྱིས། གནོད་སྦྱིན་དང། གཟའ་དང། བདུད་དང། ཀླུ་དང། བསེ་ཡི་སྐྱེས་བུ་བཞི་དང། བསེ་མོ་ཉིས་བརྒྱ་ལྔ་བཅུ་དང། མི་མ་ཡིན་གྱི་འཁོར་གྱིས་བསྐོར་བའི་ཚེ་ན། མངོན་ཤེས་དྲུག་འཁྲུལ་ཅན་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། ཀྱེ་འབར་བ་ཆེན་པོ་རྣལ་འབྱོར་པ་ལ། སེམས་ངན་པ་དང། གཞན་གྱིས་འཚེ་ཞིང་འཇོམས་པ་དང། དགེ་བ་དང་ཏིང་ངེ་འཛིན་གྱི་གེགས་དང། ཆོས་བྱེད་དུ་མི་སྟེར་བ་ཐམས་ཅད་ཐབས་ཀྱིས་འདུལ་བའི་དུས་ལ་བབ་པར་ལུང་བསྟན་དུ་གསོལ། སྟོན་པས་བཀའ་སྩལ་པ། འགྲོ་བའི་དོན་དུ་ཞུ་བ་ལེགས་ཀྱི་ཉོན་ཅིག་ཕྱི་ནང་སྣོད་བཅུད་འདུས་པའི་ཆོས་ཐམས་ཅད་ནམ་མཁའ་ཁྱབ་པར་དོན་མཛད་དེ། ཆོས་ཀྱི་སྐུ་ཇི་ལྟ་བ་བཞིན་དུ། སྤྲུལ་པས་འགྲོ་བའི་དོན་མཛད་དོ།། དེ་ནས་འཇིགས་པའི་ཕྱག་རྒྱ་རུ་སྤྲུལ་ལོ།། དེ་འདྲེ་སྲིན་གྱི་ཚོགས་ཀྱི་འཁོར་རྣམས་འདུས་ནས། རྒྱལ་མོ་བཞིའི་སྲོག་གི་སྙིང་པོ་འདི་ཕུལ་ལོ།། ཀང་ཀ་ད་རེ་ཛ་ཛཿ་ཙ་མུན་ད་རེ་ཛ་ཛཿ་ཤུ་ལ་ད་རེ་ཛ་ཛཿ་ཀུ་ལ་ད་རེ་ཛ་ཛཿ་ཞེས་ཕུལ་བས། ཁྲག་འཐུང་གི་རྒྱལ་པོས་རིན་ཆེན་འབར་བའི་ཏིང་ངེ་འཛིན་དུ་བཞུགས་ནས། འགྲོ་བའི་དོན་མཛད་དོ། བསེ་སྒྲོམ་དམར་པོའི་རྒྱུད་ལས།། གླེང་གཞིའི་ལེའུ་སྟེ་དང་པོའོ། །།། དེ་ནས་དཔལ་ཁྲག་འཐུང་གི་རྒྱལ་པོས།། བསྭེ་མོའི་སྒྲུབ་པ་དའི་གསུངས་སོ།། དཀྱིལ་འཁོར་མདའ་གང་གྲུ་བཞི་ལ། ཁྲག་དང་འོ་མ་མར་ཁུ་རྣམས། སྦྲང་རྩི་ལ་སོགས་ཆག་ཆག་གདབ། ། དབུས་སུ་གྲུ་གསུམ་མཐིང་ནག་ལ།། འཁོར་ལོ་རྩིབས་བཞི་མུ་རན་བཅས།། སྒོ་བཞི་ཏྭ་ར་ཎ་ཡིས་བརྒྱན།། དབུས་སུ་ཁྲག་འཐུང་རྒྱལ་པོའོ།། ཤར་དུ་ཀང་ཀ་ད་རེ་དགོད།། ལྷོ་རུ་ཀུ་མ་ད་རེ་དགོད།། ནུབ་ཏུ་ཤུལ་ལ་ད་རེ་དགོད། ། བྱང་དུ་ཙ་མུན་ད་རེ་དགོད།། རབས་ཆད་ཐོད་པའི་ནང་དག་ཏུ།། ར་ཁྲག་ཁྱི་ཁྲག་ཕག་ཁྲག་དུག་སྣ་ཚོགས།། ཧོམ་ཁུང་ཟུར་ལ་གཞག་པར་བྱ།། ཟུར་གཅིག་བ་མེན་རཱ་ནང་དུ།། སྦྲང་རྩི་ཞག་དང་སྙིང་སྣ་ཚོགས། ། དེ་ནི་མཆོད་པའི་རྫས་རྣམས་སོ།། ཞལ་དུ་བསྟབ་པའི་རྫས་རྣམས་ནི།། བྲ་མའི་བྲམ་མོ་ཡང་ཧོམ་དག་ཆ་གཅིག་དགོད།། བསེ་མོ་བཞི་ཡིས་ཕུར་ལྷ་བཟུང།། འཁོར་ལོ་བཞི་ལ་གཏམ་གྱི་གདབ། ། བདག་ཉིད་དཔལ་གྱི་ཏིང་འཛིན་ལྡན།། བསེ་མོ་བཞི་ཡི་སྲོག་སྙིང་བྲང་བའོ།། བསེ་སྒྲོམ་དམར་པོའི་རྒྱུད་ལས། དཀྱིལ་འཁོར་བཅའ་བའི་ལེའུ་སྟེ་གཉིས་པའོ།།།། ཁྲག་འཐུང་གི་རྒྱལ་པོ་དེས། ལྕགས་ཀྱུའི་ཕྱག་རྒྱ་བཅས་ནས་སྲོག་གི་སྙིང་པོ་ནས་དྲངས་ཏེ། ཀང་ཀ་ད་རེ་ཛ། ཀུ་མ་ད་རེ་ཛ། ཙ་མུན་ད་རེ་ཛ། ཤུ་ལ་ད་རེ་ཛ། གཟུགས་རྣམས་རབ་ཏུ་སྟོན་འགྱུར་ཏེ།། ལས་ལ་འདི་སྐད་བསྐུལ་བར་བྱ།། ཙེའུ་རི་ཙག་སྲིན་ཨ་ནིར་ཏི། མཱ་ར་ཡ་ཨ་ཀུ་ཤ་ཛ་ཛཿ་སྙིང་ཟ་བ་ཙིཏྟ་མ་ལ་ར་ཤོར་ལ་ཁྲག་འཐུང། ཀང་ཀང་ཀིང་ཀིང། ཤ་ལ་ཏྲི་ཏི་ཧཱུཾ་ཕཊ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ། ཧ་ས་ར་ན་ཧ་ཏ་ན་ཧ་ཏ་ན་ཡ། མ་མ་སརྦ་བིགྷྣཱན་བཾ་ཧཱུཾ་ཕཊ། ཨཱ་བེ་ཤ་ཡ་ཨཱ་བེ་ཤ་ཡ་ཧཱུཾ་ཕཊ། ཤི་གྷྲཾ་ཨཱ་ན་ཡ་ཤི་གྷྲཾ་ཨཱ་ན་ཡ་ཧཱུཾ་ཕཊ། ཛྭ་ལ་པ་ཡ་ཛྭ་ལ་པ་ཡ་ཧཱུཾ་ཕཊ། ཏཱ་ཐ་ཡ་ཏཱ་ཐ་ཡ་ཧཱུཾ་ཕཊ། བི་ཏ་ཡ་བི་ཏ་ཡ་ཧཱུཾ་ཕཊ། ཤུ་ལ་ཤུ་ལ་བུ་ལ་ད་ར་ཛ་ཛ་ནི། ཡོ་གཱི་ཤྭ་རི་ནཱི། བཛྲ་ཙིཏྟ་སུ། ཀི་བཛྲ་ན་མཱ་ར་ཡ་ཕཊ། བསེ་སྒྲོམ་དམར་པོའི་རྒྱུད་ལས། སྔགས་ཀྱི་ལེའུ་སྟེ་གསུམ་པའོ།།།། དེ་ནས་ཁྲག་འཐུང་གི་རྒྱལ་པོས། དྲག་པོའི་ལས་ལ་གཞུག་པ་འདི་གསུངས་ཏེ། ཞལ་དུ་བསྟབ་པའི་འཁོར་ལོ་བྲི། ། དབུགས་ལེན་མ་ནི་རྦད་པར་བྱ།། བི་ད་ཡ་ཡི་སྔགས་ཀྱིས་རྩིབས་མཆན་བསྐོར།། ཧོམ་ཁུང་ནང་དུ་བསེ་མོ་བསྐྱེད།། ཞལ་དུ་བསྟབ་པའི་རྫས་རྣམས་ནི།། ལིངྒ་ཚོ་གསུམ་བཅད་དེ་ལག་ཏུ་ཐོགས། ཧོམ་དུ་བསྟབ་ཅིང་ཤུ་ལ་ཤུ་ལའི་སྔགས་བཟླས་ཤིང། ། ཛྭ་ལ་རཾ་གྱིས་མེ་སྦར་ཞིང།། བི་ཏ་ཡ་ནས་སྤེལ་ཞིང་དབུལ།། དེ་ནས་ལིངྒ་སྒྲུབ་རྫས་ལ།། རབས་ཆད་ནག་པོའི་ཐོད་པ་རུ།། ཡི་དྭགས་ཁྱི་མོའི་སྤུས་གཏུམས་ལ། ། ཐག་པ་ནག་པོ་བཏགས་ལ་བསྐོར།། ཐལ་བ་ནག་པོ་རླུང་ལ་འཕྱར། ལྷག་མ་ཁྲོ་བོའི་ཞབས་འོག་མནན།། མནན་པའི་དུས་སུ་ཁྲི་ཡང་བཟླས།། ཟླ་བ་ཉི་མའི་ནམ་ཕྱེད་གཏད།། ཅེས་གསུངས་སོ།། མར་ཁུ་དང་ཞག་དང་ཁྲག་གསུམ་བདུད་ཀྱི་བུ་མོ་ལ་སྦྲེང། ཁྲག་དང་ཨ་མྲྀ་ཏས་དམ་བ་དར་རོ།། སྦྲང་རྩིས་དང་མར་དང་ཐུད་སྦྱར་ལ་སྲོག་བདག་གི་བུ་མོ་ལ་གཏད་དོ།། མི་མགོ་དང་བསེ་ཕོར་དང། བ་མེན་གྱི་རྭ་དང་མཛོ་རུ་ལ་བཟླས་པའོ། ། བསེ་མོའི་སྔགས་ཀྱི་འཁོར་ལོ་བསྐོར་བ་ཁྲག་འཐུང་གི་རྒྱལ་པོས་དེ་སྐད་གསུངས་སོ།། བསེ་སྒྲོམ་དམར་པོའི་རྒྱུད་ལས། ལས་ཀྱི་བྱ་ཐབས་ཀྱི་ལེའུ་སྟེ་བཞི་པའོ།། རྫོགས་སོ། །།། སློབ་དཔོན་པདྨ་འབྱུང་གནས་ཀྱིས།། ལྷ་སྲས་ལྕམ་སྲིང་ལ་གནང་སྟེ་བསྒྱུར་ཞིང་གཏན་ལ་ཕབ་པའོ།།།།

CLOSE WINDOW