Wylie |
། བརྟག་པ་ཕྱོགས་གཅིག་པ་རྫོགས་སོ།།།། རྒྱ་གར་སྐད་དུ། ཀརྨྨ་ཀཱི་ལ་ཡ་ཏནྟྲ། བོད་སྐད་དུ། ཕུར་པ་ཀརྨྨ་ལས་ཀྱི་རྒྱུད།། རྡོ་རྗེ་ཀཱི་ལ་ཡ་ལ་ཕྱག་འཚལ་ལོ། ། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཙུན་མོའི་བྷ་ག་ལ་བཞུགས་ཏེ། རྡོ་རྗེ་ཁྲོ་བོའི་ཚོགས་བསམ་གྱིས་མི་ཁྱབ་བརྗོད་ཀྱི་མི་ལང་བ་དང། བཙུན་མོའི་ཚོགས་བསམ་གྱིས་མི་ཁྱབ་བརྗོད་ཀྱིས་མི་ལང་བ་དང། ཡང་སྤྲུལ་དང་སུམ་སྤྲུལ་དང། མགྱོགས་མའི་ཚོགས་དང་ཐབས་ཅིག་ཏུ་བཞུགས་སོ། དེའི་ཚེ་ན་རཱུ་ཏྲ་ཤིན་ཏུ་གདུག་པ་འཇིག་རྟེན་ཐམས་ཅད་ཕུང་བར་བྱེད་པ། མགོ་གསུམ་པ་ལག་པ་དྲུག་པ། དྲག་པོའི་གཏུམ་ཚིག་བརླང་པོར་སྨྲ་བ་ཞིག་གིས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཕུང་བར་བྱེད་དོ། ། འདོད་པའི་ཁམས་དང། གཟུགས་ཀྱི་ཁམས་དང་གཟུགས་མེད་པའི་ཁམས་ཐམས་ཅད་ཕུང་བར་བྱེད་པའི་རཱུ་ཏྲ་དེ་བསྒྲལ་བའི་ཕྱིར། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྡོ་རྗེ་ཀཱི་ལ་ཡ་ཞེས་བྱ་བས། གདུག་པ་སྒྲོལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཐུགས་ཀ་ནས་འོད་ཟེར་རྣམ་པ་ལྔ་འཐོན་ཏེ། འོད་ཟེར་དེ་དག་ཀྱང་ཁྲོ་བོ་སྣ་ཚོགས་སུ་གྱུར་ནས། རཱུ་ཏྲ་དེ་ལ་རྡོ་རྗེ་རྩེ་དགུ་པ་དང། རྩེ་ལྔ་པ་དང་རྡོ་རྗེ་རྒྱ་གྲམ་དང་མེ་དཔུང་དང་ཏྲི་ཤུལ་དང། ཕུར་པ་རྣམས་འཕྲོས་ནས་རཱུ་ཏྲ་དེ་ཉིད་བསྒྲལ་ཏེ། ཤ་ཟོས་ཁྲག་འཐུང་རུས་པ་འཆོས་ཏེ་འཇིག་རྟེན་གྱི་ཁམས་བདེ་བ་ལ་བཀོད་དོ། གཞན་ཡང་མི་དགེ་བ་ལས་གྲུབ་པའི་དྲེགས་པ་ཅན། དབང་ཕྱུག་ཆེན་པོ་ཕོ་མོ་དང། ཉི་ཟླ་ཚངས་པ་དང། བརྒྱ་བྱིན་དང། མེ་ལྷ་དང། གཤིན་རྗེ་དང། སྲིན་པོ་དང། ཆུ་ལྷ་དང། རླུང་ལྷ་དང། གནོད་སྦྱིན་དང། འབྱུང་པོའི་བདག་པོ་དང། ཕོ་མོར་བཅས་པ་ཁ་བུབ་ཏུ་འགྱེལ་ནས། ཁྲག་ཏུ་སྐྱུགས་ཤིང་འོ་དོད་ཆེན་པོ་འབོད་དེ། དཔའ་བོ་ཆེན་པོ་ནི་ཐུགས་རྗེའི་མངའ་བདག་ལགས་ན། དེ་ལྟ་བུ་མ་མཛད། དཔའ་བོ་ཆེན་པོའི་འབངས་སུ་མཆིའོ།། ཅི་བསྒོ་བའི་བཀའ་ཉན་ཞེས་ཉམ་ཐག་པ་ལས། བཅོམ་ལྡན་འདས་ཀྱིས་ཐུགས་རྗེ་ཆེན་པོ་འོད་ཟེར་ལྕགས་ཀྱུ་ལྟ་བུས་དེ་དག་བཀུག་སྟེ། མཐིང་ནག་གྲུ་གསུམ་གྱིས་ཕྱོགས་མཚམས་གཏམས་པའི་གཞལ་ཡས་ཁང་གི་ནང་ཉི་ཟླ་པདྨའི་སྟེང་དུ་ཕོ་མོ་བྱི་ཆིངས་སུ་བསྣོལ་ཏེ། ཁྲོ་བོའི་ཚོགས་ཀྱི་གདན་དུ་བཏིང། ཧཱུཾ་ཞེས་པའི་སྒྲ་དབུགས་དབྱུང་རྔུབ་དང་བཅས་པས། ཁྲོ་བོའི་ཚོགས་བསམ་གྱིས་མི་ཁྱབ་པ་ཡང་བསྡུས་པས། ཁྲོ་བོ་ཆེན་པོ་བཅུ་ཡབ་ཡུམ་སྤྲུལ་པ་དང་བཅས་པར་གྱུར་ཏེ། ཕྱོགས་སོ་སོའི་དྲེགས་པ་སོ་སོའི་གདན་ལ་བཞུགས། ཨུ་ཙུཥྨ་ཆེན་མོ་ནི་ཉིད་ཀྱི་སྐུ་ལ་འཁྲིལ་རཱུ་ཏྲའི་སེམས་དང་སེམས་བྱུང་ནི་རྣམ་པར་མི་རྟོག་པ་ལ་བཀོད། ཕྱོགས་སྐྱོང་བ་སོ་སོ་ནི་དགེ་བ་བཅུའི་ངང་ལ་གནས་པའི་སེམས་དང་བཅས། དབང་ཕྱུག་ཆེན་པོ་ཡབ་ཡུམ་ནི་ཉིད་ཀྱི་གདན་དུ་གྱུར་ཏེ། བྱང་ཆུབ་ཆེན་པོའི་སེམས་ངང་གིས་སྐྱེས་སོ།། ཕུར་པ་འཕྲིན་ལས་ཀྱི་རྒྱུད་ལས། གླེང་གཞིའི་ལེའུ་སྟེ་དང་པོའོ།།།། དེ་ནས་ཁྲོ་བོ་རྣམ་པར་རྒྱལ་བས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཁམས་གསུམ་གྱི་སེམས་ཅན་ཞེ་སྡང་ཅན་རྣམས། ཐབས་གང་གིས་འདུལ་བ་བཀའ་སྩལ་དུ་གསོལ།། ཞེས་ཞུས་པས། བཅོམ་ལྡན་འདས་ཀྱི་བཀའ་སྩལ་པ། ཁམས་གསུམ་གྱི་སེམས་ཅན་ཞེ་སྡང་ཅན་འདུལ་བའི་ཐབས་ནི་གཉིས་ཏེ། ཞི་བའི་ལས་དང་དྲག་པོའི་ལས་ཀྱི་མི་འདུལ་བ་ནི་གང་ཡང་མེད་དོ། ། རྡོ་རྗེ་ཀཱི་ལ་ཡ་ཞི་བའི་དཀྱིལ་འཁོར་ཆེན་པོ་ནི། རྣམ་པར་རྟོགས་པ་སྣ་ཚོགས་པ་ཞི་བར་བྱེད་དོ།། ཐོག་མ་མེད་པ་ནས་བསགས་པའི་བག་ཆགས་ཞི་བར་བྱེད་དོ། ། དེ་ནས་རྡོ་རྗེ་ཀཱི་ལ་ཡ་རྣམ་པར་རྟོག་པ་ཐམས་ཅད་ཞི་བར་བྱེད་པའི་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་སོ།། ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་མ་ཐག་ཏུ། ཞི་བའི་དཀྱིལ་འཁཽར་ཆེན་པོ་མངོན་པར་འཐོན་ཏེ། འཁོར་ལོ་རྩིབས་བཞི་མུ་ཁྱུད་གྲུ་ཆད་བར་ཁྱམས་སྒོ་དང་བཅས་པ་རང་བྱུང་སྟེ་རྒྱན་སྣ་ཚོགས་དང་ལྡན་པའོ། དེའི་ཚེ་གསུང་གི་དཀྱིལ་འཁོར་གྱི་སྒྲ་བཀའ་སྩལ་པ། ཀ་ཁ་ག་གྷ་ང། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧ་ཀྵ། ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཻ། ཨོ་ཨཽ། ཨཾ་ཨཿ། ཧཱུཾ་བཛྲ་དྷྲྀཀ། མཱུཾ་དྷཱ་ཏཱི་ཤྭ་རཱི། ཨོཾ་ཛི་ན་ཛིཀ་ལཱཾ་དྭེ་ཥ་རཏཱྀ། སྭཱ་རཏྣ་དྷྲྀཀ་མཱཾ་མོ་ཧ་ར་ཏཱི། ཨཱཾ་ཨ་རོ་ལི་ཀ། པཱཾ་རཱ་ག་ར་ཏཱི། ཧཱ་པྲ་ཛྙཱ་དྷྲྀཀ་ཏཱཾ་བཛྲ་ར་ཏཱི། ཀྵིཾ་ཧི་ར་ཛཱ་ཡ། ཧཱུཾ་ལཱའ་སྱེ་ས་མ་ཡ་སྟྭཾ། ཏྲཱཾ་ཨཱ་གརྦྷཱ་ཡ། ཏྲཱཾ་མཱ་ལེ་ས་མ་ཡ་ཧོ། ཧྲཱི་ཧ་ཧཱུཾ་པདྨ་བཱའ་ད་མ། ཧྲཱྀཿགཱིརྟི་ར་ཧོ་ཧཾ། ཛྷིཾ་ཀུ་རུ་པཱ་ཎི། ཨཾ་ཎཱིརྟི་རཱ་ག་ཡཱའ་མི། མཻ་དྷ་ར་ཎི་སྭཱ་ཧཱ། ཛཿདྷཱུ་པེ་པྲ་བེ་ཤ་ཡ། ཐླྷིཾ་ནིསྶ་རཾ་བྷཱ་ཡ་སྭཱ་ཧཱ། ཧཱུཾ་པུཥྤ་པྲ་བེ་ཤ་ཧཱུཾ་ས་རཱ་ཛཱ་ཡ། བཾ་དཱི་པ་སུ་གི་རི། མུཾ་ཤྲཱི་ཨཾ་རཱ་གཱ་ཡ་སྭཱ་ཧཱ། ཧོཿགན་དྷེ་ཙིཏྟ་ཧོ། ཡཀྵི་ཎི་མུ་ཁ་ཧཱུཾ། བྷེ་ར་བེ་མུ་ཁ་ཧཱུཾ། ཨ་མྲྀ་ཏ་མུ་ཁ་ཧཱུཾ། མཱ་ར་ཎ་མུ་ཁ་ཧཱུཾ། ལྟེ་བའི་རྩིབས་ལ་ཡབ་ཡུམ་དང།། གྲུ་ཆད་སེམས་དཔའ་ཡབ་ཡུམ་བརྒྱད། ཁྱམས་ལ་དེ་བཞིན་བརྒྱད་གནས་པ།། བཞི་ནི་སྒོ་བཞིར་རབ་ཏུ་འབར།། ཐབས་དང་སྤྱོད་པ་ཐམས་ཅད་ཀྱིས།། ཐམས་ཅད་ཞི་བ་ཆེན་པོར་འགྱུར།། རྣམ་པར་རྟོག་པ་རབ་ཞི་སྟེ།། མི་རྟོག་པ་ལ་རབ་ཏུ་བཀོད། ། ཞི་བ་ཆེན་པོའི་ཆོ་ག་འདི།། ཞི་བའི་ལས་རྣམས་འགྲུབ་པར་བཤད།། ཞི་བའི་ལྷ་རྣམས་རབ་གསལ་ནས།། ཞི་བའི་ལྷ་རྣམས་སྤྱན་དྲངས་ཤིང།། ཕྱག་འཚལ་བརྟན་བཞུགས་དངོས་གྲུབ་ནོད། ། ཕྱི་མ་རྨད་བྱུང་བདུད་རྩི་དང།། གཏོར་མ་དག་ཀྱང་སྦྱིན་པར་བྱ།། བསྟོད་པའི་མཆོག་འདིས་རབ་ཏུ་བསྟོད།། ཧཱུཾ་བཅོམ་ལྡན་མི་བསྐྱོད་སྐུར་སྤྲུལ་པ།། རྡོ་རྗེ་སེམས་དཔའ་མངའ་བདག་ཉིད། ། ཉོན་མོངས་ཐམས་ཅད་ཞི་མཛད་པ།། རྡོ་རྗེའི་སྐུ་མཆོག་ཕྱག་འཚལ་བསྟོད།། ཡིད་བཞིན་ནོར་བུས་དགོས་འདོད་སྐོངས།། རིན་ཆེན་སེམས་དཔའི་མངའ་བདག་ཉིད།། ང་རྒྱལ་རྣམ་རྟོག་ཉོན་མོངས་ཞི། ། རིན་ཆེན་སྐུ་མཆོག་ཕྱག་འཚལ་བསྟོད།། ཆགས་བྲལ་ཆགས་ཆེན་འོད་དཔག་མེད།། པདྨ་སེམས་དཔའི་མངའ་བདག་ཉིད།། འདོད་ཆགས་རྣམ་རྟོག་ཉོན་མོངས་ཞི།། པདྨའི་སྐུ་མཆོག་ཕྱག་འཚལ་བསྟོད།། ཀུན་ཏུ་དོན་གྲུབ་ཡེ་ཤེས་སྐུ།། ལས་ཀྱི་སེམས་དཔའི་མངའ་བདག་ཉིད།། ཕྲག་དོག་རྣམ་རྟོག་ཉོན་མོངས་ཞི།། ཕྲིན་ལས་སྐུ་མཆོག་ཕྱག་འཚལ་བསྟོད།། ཆོས་དབྱིངས་ཡེ་ཤེས་རྣམ་དག་སྐུ། ། བདེ་གཤེགས་རིགས་ཀྱི་མངའ་བདག་ཉིད།། གཏི་མུག་རྣམ་རྟོག་ཉོན་མོངས་ཞི།། བདེ་གཤེགས་སྐུ་མཆོག་ཕྱག་འཚལ་བསྟོད།། རིགས་དང་ཡེ་ཤེས་ཁྱད་པར་ལས།། གང་མོས་གདུལ་ཕྱིར་རིགས་སྐུར་བཞེངས། ། ཉོན་མོངས་མ་ལུས་ཞི་མཛད་པ།། སེམས་དཔའ་སེམས་མ་རྣམས་ལ་བསྟོད།། ཡེ་ཤེས་བཞི་ཡི་ཁྱད་པར་ལས།། ཚད་མེད་བཞི་ལྡན་སྐུར་སྤྲུལ་ཏེ།། ཉོན་མོངས་ཐམས་ཅད་ཞི་མཛད་པ། ། སྒོ་སྐྱོང་རྣམས་ལ་ཕྱག་འཚལ་བསྟོད།། གདུག་ཅིང་སྡང་སེམས་ལྡན་པ་རྣམས།། ཞི་བའི་ལས་ཀྱིས་ཞི་བར་བྱེད།། ཡར་གྱི་ངོ་དང་ཉི་ཤར་དང།། དཀར་པོ་ཟླུམ་པོ་རབ་མཛེས་ལ།། དཀར་པོའི་ཤིང་ཡང་ཟླུམ་པོར་བརྩིག། དཀར་གསུམ་འབྲས་ཆན་ལ་སོགས་སྟེ།། དཀར་པོས་ཞི་བའི་ལྷ་རྣམས་མཆོད།། སྤྱན་དྲང་མཆོད་བསྟོད་ཕྲིན་ལས་བཅོལ།། ཞི་བའི་སེམས་ཀྱིས་སྔགས་འདི་བརྗོད།། ཞི་བའི་འོད་ཟེར་འཕྲོ་འདུ་ཡིས། གང་ལ་བྱ་བ་ཞི་བར་བྱ། ཤཱནྟིཾ་ཀུ་རུ་སཱ་ཧཱ། ཞི་བའི་དཀྱིལ་འཁོར་གྱི་ལེའུ་སྟེ་གཉིས་པའོ།།།། ཞི་བས་མི་འདུལ་སེམས་ཅན་ལ།། དྲག་པོའི་དཀྱིལ་འཁོར་རབ་སྤྲོ་བྱ།། ནམ་མཁའ་ས་གཞི་གྲུ་གསུམ་དབྱིབས། ། བྲག་རི་སྲིན་པོའི་གདོང་པ་འདྲ།། མར་ངོར་ཁྲོས་པའི་དཀྱིལ་འཁོར་བྲི།། སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་བྲི།། ཡང་ན་སྐུ་གསུང་ཐུགས་འདུས་པ། ཁྲོས་པའི་དཀྱིལ་འཁོར་བྲི་བར་བྱ།། སྐུ་ཡི་དཀྱིལ་འཁོར་བྲི་བར་བྱ། ། འཁོར་ལོ་རྩིབས་བརྒྱད་མུ་ཁྱུད་བཅས།། ཀུན་ཏུ་གྲུ་བཞི་སྒོ་ཁྱུད་ལྡན། ཁྲོས་པའི་རྒྱན་གྱིས་རབ་ཏུ་མཛེས།། སྐུ་ཡི་དཀྱིལ་འཁོར་མདུན་ཕྱོགས་སུ།། ཐུགས་ཀྱི་དཀྱིལ་འཁོར་རབ་ཏུ་བརྩམ།། གྲུ་གསུམ་ཁྲུ་གང་ཐུར་བྲུ་ནག། བསྒྲུབ་བྱའི་གཟུགས་ནི་ནང་དུའོ།། སྐུ་ཡི་དཀྱིལ་འཁོར་གཡོན་ཕྱོགས་སུ།། སྔགས་ཀྱི་འཁོར་ལོ་བྲི་བར་བྱ།། བསྙེན་སྔགས་སྒྲུབ་སྔགས་ཕྲིན་ལས་སྔགས།། ཕྲིན་ལས་སྔགས་ནི་འཁྲུལ་འཁོར་ལྡན། ། དམིགས་པའི་གཟུགས་དང་ལྡན་པའོ།། སྐུ་ཡི་དཀྱིལ་འཁོར་ཆེན་པོ་རུ།། མཆོད་དང་བསྟོད་པ་རབ་ཏུ་བྱ།། གསུང་གི་དཀྱིལ་འཁོར་ཆེན་པོ་རུ།། བཟླས་བརྗོད་དག་ནི་རབ་ཏུ་བྱ།། ཐུགས་ཀྱི་དཀྱིལ་འཁོར་ཆེན་པོར་ནི། གདུགས་པའི་ཚོགས་རྣམས་རབ་ཏུ་བསྒྲལ།། སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་གྱི།། བསྙེན་བསྒྲུབ་ལས་རྣམས་ཀུན་རྫོགས་ཤིང།། གདུག་པའི་ཚོགས་རྣམས་ཀུན་སྒྲོལ་ཏེ།། ཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ། ། དབུས་དང་ཕྱོགས་མཚམས་གྲུ་གསུམ་དགུ།། ཐུགས་ཀྱི་དཀྱིལ་འཁོར་དྲག་པོའོ།། དབུས་ཀྱི་གྲུ་གསུམ་ཕྱི་རོལ་དུ།། ཟླ་གམ་གསུམ་ལ་སྔགས་རྣམས་ཀྱི།། འཁྲུལ་འཁོར་གཟུགས་སུ་ལྡན་པ་ནི། ། གསུང་གི་དཀྱིལ་འཁོར་རབ་ལྡན་པའོ།། མུ་ཁྱུད་དཀར་པོ་ཐོད་ཕྲེང་ལྡན།། ཞི་བའི་དཀྱིལ་འཁོར་སྐུ་ཡིའོ།། སེར་པོ་གྲུ་བཞི་ཡོན་ཏན་རྒྱས།། བྱང་ཤར་སྒོ་ཁྱུད་གྲུ་གསུམ་དུ།། བརྣག་པའི་གཟུགས་ལྡན་དྲག་པོ་སྟེ། ། སྒོ་བཞི་རིགས་ཀྱི་ཁ་དོག་ལྡན།། འབར་འཕྲོ་གཏུམ་རྔམས་རྒྱན་དང་ལྡན།། བསྙེན་བསྒྲུབ་ཕྲིན་ལས་སྐུ་གསུང་ཐུགས།། ཡོན་ཏན་ཕྲིན་ལས་ཡེ་ཤེས་ལྔའི།། གཞལ་ཡས་ལྷུན་གྱིས་གྲུབ་པའོ། ། གནས་དེར་ཕྱིན་ཅི་ལོག་ལྟ་རྣམས།། བསྒྲལ་ན་དངོས་གྲུབ་མཆོག་ཐུབ་གྱུར།། སྐུ་ཡི་དཀྱིལ་འཁོར་ལྟེ་བ་ལ།། ལེ་ཚེ་དགུ་ལྡན་དབུས་གྲུ་གསུམ།། དབུས་སུ་ཁྲོ་བདག་ཡབ་ཡུམ་སྟེ།། ཤར་དུ་བྷུངྡྷ་ཀཱི་ལ་ཡ། ། ལྷོར་ནི་རཏྣ་ཀཱི་ལ་ཡ།། ནུབ་ཏུ་པདྨ་ཀཱི་ལ་ཡ།། བྱང་དུ་ཀརྨ་ཀཱི་ལ་ཡ།། སངས་རྒྱས་སྤྱན་སོགས་ཡུམ་དང་ལྡན།། ཕྱོགས་མཚམས་བརྒྱད་ཀྱི་རྩིབས་བརྒྱད་ལ།། ཤར་དུ་རྣམ་པར་རྒྱལ་བ་སྟེ།། ལྷོ་རུ་གཤིན་རྗེའི་གཤེད་པོའོ། ། ནུབ་ཏུ་ཁྲོ་བོ་རྟ་མཆོག་དཔལ།། བྱང་དུ་བདུད་རྩི་འཁྱིལ་བའོ།། ཤར་ལྷོར་ཁྲོ་བོ་དབྱུག་སྔོན་ཅན།། ལྷོ་ནུབ་མི་གཡོ་མགོན་པོའོ།། ནུབ་བྱང་གཞན་གྱིས་མི་ཐུབ་པ།། བྱང་ཤར་ཁམས་གསུམ་རྣམ་པར་རྒྱལ། ། མདུན་དུ་ཁྲོ་བོ་ཧཱུཾ་མཛད་དེ།། རྒྱབ་ཏུ་ཁྲོ་བོ་སྟོབས་པོ་ཆེ།། རང་རང་ཡུམ་དང་སྤྲུལ་པར་བཅས།། ཤར་སྒོར་པུ་ཤུད་མགོ་ཅན་ཏེ།། ལྷོ་ཡི་སྒོ་རུ་སྐྱེ་ཀའི་མགོ། ནུབ་ཏུ་སྲིན་བྱའི་མགོ་ཅན་ཏེ།། བྱང་དུ་ཁྲ་ཡི་མགོ་ཅན་ནོ། ། མུ་རན་ཁྱམས་ནི་ཐམས་ཅད་དུ།། མཁའ་འགྲོ་མ་ཚོགས་དེ་བཞིན་དགོད།། སྐུ་ཡི་དཀྱིལ་འཁོར་དེ་བསྐྱེད་ན།། ང་རྒྱལ་ཅན་རྣམས་ཚར་གཅོད་དེ།། མ་རུངས་སྲིན་པོའི་ཚོགས་རྣམས་དང།། ཕྱོགས་སྐྱོང་དྲེགས་པའི་ཚོགས་རྣམས་ནི། ཁྲོ་རྒྱལ་གདན་དུ་རབ་ཏུ་བཏིང།། དེར་ནི་ལྷ་རྣམས་སྤྱན་དྲངས་ཏེ།། ཧཱུཾ།། གྲུ་གསུམ་མཐིང་ནག་འབར་བའི་དཀྱིལ་འཁོར་ནས།། ཞེ་སྡང་བདུད་འདུལ་ཁྲོ་རྒྱལ་མི་བཟད་སྐུ།། ཞེ་སྡང་གདུག་པའི་དགྲ་བགེགས་སྙིང་ལ་རྒྱོབ། ། ཤར་ཕྱོགས་གྲུ་གསུམ་སྨུག་ནག་འབར་བའི་དཀྱིལ་འཁོར་ནས།། སངས་རྒྱས་འདུས་པའི་སྲས་མཆོག་ཀཱི་ལ་ཡ།། གཏི་མུག་བདུད་འདུལ་ཁྲོ་རྒྱལ་མི་བཟད་སྐུ།། མི་ཤེས་རྨོངས་པའི་དགྲ་བགེགས་སྙིང་ལ་རྒྱོབ། ། ལྷོ་ཕྱོགས་གྲུ་གསུམ་སེར་ནག་འབར་བའི་དཀྱིལ་འཁོར་ནས།། རིན་ཆེན་འདུས་པའི་སྲས་མཆོག་ཀཱི་ལ་ཡ།། ང་རྒྱལ་བདུད་འདུལ་ཁྲོ་རྒྱལ་མི་བཟད་སྐུ།། ང་རྒྱལ་དྲེགས་པའི་དགྲ་བགེགས་སྙིང་ལ་རྒྱོབ། ། ནུབ་ཕྱོགས་གྲུ་གསུམ་དམར་ནག་འབར་བའི་དཀྱིལ་འཁོར་ནས།། པདྨ་འདུས་པའི་སྲས་མཆོག་ཀཱི་ལ་ཡ།། འདོད་ཆགས་བདུད་འདུལ་ཁྲོ་རྒྱལ་མི་བཟད་སྐུ།། འདོད་ཆགས་ཞེན་འཛིན་ཅན་གྱི་སྙིང་ལ་རྒྱོབ། ། བྱང་ཕྱོགས་གྲུ་གསུམ་ལྗང་ནག་འབར་བའི་དཀྱིལ་འཁོར་ནས།། ཕྲིན་ལས་འདུས་པའི་སྲས་མཆོག་ཀཱི་ལ་ཡ།། ཕྲག་དོག་བདུད་འདུལ་ཁྲོ་རྒྱལ་མི་བཟད་སྐུ།། ཕྲག་དོགས་དྲེགས་པའི་དགྲ་བགེགས་སྙིང་ལ་རྒྱོབ། ། གཉིས་མེད་ཁྲོ་རྒྱལ་སྐུ་ལ་ལྷུན་སྦྱོར་བའི། ཁྲོ་མོའི་སྐུར་སྟོན་འབྱུང་ལྔའི་བདག་མོ་རྣམས།། གནོད་སྦྱིན་གདུག་པ་འདུལ་ཕྱིར་གཤེགས་སུ་གསོལ།། བསྐལ་པའི་མེ་ལྟར་འབར་བའི་དཀྱིལ་འཁོར་ནས། ། ཕྱོགས་སྐྱོང་དྲེགས་པ་ཚར་གཅོད་གདུག་པ་ཀུན་འདུལ་མཛད།། ཕྱོགས་བཅུའི་ཁྲོ་རྒྱལ་ཡབ་ཡུམ་གཤེགས་སུ་གསོལ།། ཧཱུཾ་བསྐལ་པའི་མེ་ལྟར་འབར་བའི་ཀློང་དཀྱིལ་ནས།། ཚངས་པ་ཚར་བཅད་གཅོད་ཉི་ཟླ་ཕོ་མོ་འདུལ། ། ལྷ་གདོན་དྲག་པོ་མ་ལུས་ཚར་བཅོད་པ།། ཧཱུཾ་མཛད་ཧཱུཾ་ཆེན་གཤེགས་སུ་གསོལ།། བསྐལ་པའི་མེ་ལྟར་འབར་བའི་དཀྱིལ་འཁོར་ནས།། མེ་ལྷའི་གདོན་ཚོགས་ཀུན་འདུལ་ཞིང། ། བདུད་དང་སྲིན་པོ་རྡུལ་དུ་རློག། ཁྲོ་རྒྱལ་དབྱུག་པ་སྔོན་པོ་གཤེགས་སུ་གསོལ།། བསྐལ་པའི་མེ་ལྟར་འབར་བའི་ཀློང་དཀྱིལ་ནས།། གཤིན་རྗེའི་གདོན་ཚོགས་ཀུན་འདུལ་ཞིང།། འབྱུང་པོའི་གདོན་རྣམས་རྡུལ་དུ་རློག་ཁྲོ་རྒྱལ་གཤིན་རྗེའི་གཤེད་པོ་གཤེགས་སུ་གསོལ། ། བསྐལ་པའི་མེ་ལྟར་འབར་བའི་ཀློང་དཀྱིལ་ནས།། སྲིན་པོའི་ཚོགས་རྣམས་འདུལ་མཛད་ཅིང།། བར་གཅོད་དགེགས་རྣམས་འཇོམས་མཛད་པ། ཁྲོ་རྒྱལ་མི་གཡོ་མགོན་པོ་གཤེགས་སུ་གསོལ། ། བསྐལ་པའི་མེ་ལྟར་འབར་བའི་ཀློང་དཀྱིལ་ནས།། ཀླུ་ཡི་གདོན་ཚོགས་འདུལ་མཛད་ཅིང།། གདུག་པའི་ཚོགས་རྣམས་འཇོམས་མཛད་པ། ཁྲོ་བོའི་རྒྱལ་པོ་རྟ་མགྲིན་གཤེགས་སུ་གསོལ། ། བསྐལ་པའི་མེ་ལྟར་འབར་བའི་ཀློང་དཀྱིལ་ནས།། རླུང་ལྷའི་ཚོགས་རྣམས་འཇོམས་མཛད་ཅིང།། བར་དུ་གཅོད་པའི་གདོན་རྣམས་འདུལ་མཛད་པའི། ཁྲོ་རྒྱལ་གཞན་གྱིས་མི་ཐུབ་གཤེགས་སུ་གསོལ། ། བསྐལ་པའི་མེ་ལྟར་འབར་བའི་ཀློང་དཀྱིལ་ནས།། གནོད་སྦྱིན་གདོན་ཚོགས་འཇོམས་མཛད་ཅིང།། གཏུམ་ཁྲོ་དྲེགས་པ་འཇོམས་མཛད་པ། ཁྲོ་རྒྱལ་བདུད་རྩི་འཁྱིལ་པ་གཤེགས་སུ་གསོལ།། བསྐལ་པའི་མེ་ལྟར་འབར་བའི་ཀློང་དཀྱིལ་ནས། ། འབྱུང་པོའི་གདོན་གྱི་ཚོགས་རྣམས་འཇོམས་མཛད་ཅིང།། དབང་ལྡན་གདོན་གྱི་ཚོགས་རྣམས་ཚར་གཅོད་པ།། ཁྲོ་རྒྱལ་ཁམས་གསུམ་རྣམ་རྒྱལ་གཤེགས་སུ་གསོལ། ། བསྐལ་པའི་མེ་ལྟར་འབར་བའི་ཀློང་དཀྱིལ་ནས།། ས་བདག་གདུག་པའི་ཚོགས་རྣམས་འདུལ་མཛད་ཅིང།། ས་གདོན་དྲག་པོ་མ་ལུས་ཚར་གཅོད་པའི། ཁྲོ་བོའི་རྒྱལ་པོ་སྟོབས་ཆེན་གཤེགས་སུ་གསོལ། ཁྲོ་རྒྱལ་སྐུ་ལ་གཉིས་མེད་འཁྲིལ་བའི་ཡུམ།། སྒྲ་འབྱིན་ལ་སོགས་རྡོ་རྗེ་སྲིན་མོ་བཅུ།། སྤྲུལ་པ་མགོ་བརྙན་ཕྲ་ཐབས་ཡང་སྤྲུལ་བཅས།། བར་གཅོད་དགེགས་ཀྱི་ཚོགས་རྣམས་འཇོམས་མཛད་པ།། སྒྲ་འབྱིན་འཁོར་བཅས་མ་ལུས་གཤེགས་སུ་གསོལ། ། འགུགས་འདྲེན་སྡོམ་འཆིང་འབེབས་པའི་ལས་མཛད་མ།། ཕྲ་མེན་ཆེན་མོ་ཡེ་ཤེས་སྒོ་མ་བཞི།། གནོད་གདུག་འཁོར་ཚོགས་མ་ལུས་ཀུན་འདུལ་ཕྱིར།། འཁོར་དང་བཅས་པ་མ་ལུས་གཤེགས་སུ་གསོལ། ། སྤྱན་དྲངས་ལྷ་ཡི་དཀྱིལ་འཁོར་རྣམས།། སོ་སོའི་ལས་ཀྱི་སྔགས་རྣམས་དང།། ཛཿཧཱུཾ་བཾ་ཧོཿའི་སྔགས་ཀྱིས་ནི། གཉིས་མེད་དོན་དུ་བསྟིམ་པ་ཡིན། དེས་ནི་བར་ཆད་ཚོགས་རྣམས་ཀྱང། ། རྟག་ཏུ་འཇོམས་པར་བྱེད་པ་སྟེ། ཁྲོ་བོ་འཇིགས་པའི་གཟུགས་ཅན་དེས།། བར་གཅོད་ཚོགས་རྣམས་རབ་ཏུ་བཏུལ།། ཞེ་སྡང་ཆེན་པོའི་དཀྱིལ་འཁོར་དུ།། གདུག་པའི་ཚོགས་རྣམས་སྒྲོལ་བར་བྱེད། ། ཡེ་ཤེས་ཐུགས་ཀྱི་ཕུར་པ་ཡིས།། ཕྱིན་ཅི་ལོག་རྣམས་ཚར་གཅོད་འགྱུར།། རྣམ་རྟོག་ལས་བྱུང་བགེགས་རྣམས་ལ། དྲག་པོའི་འཕྲིན་ལས་ཁྲོ་བོ་ཡིས།། རྟག་ཏུ་འདུལ་བར་བཤད་པ་ཡིན།། དཀྱིལ་འཁོར་བསྐྱེད་དང་སྤྱན་དྲངས་པའི་ལེའུ་སྟེ་གསུམ་པའོ། །།། ཕུར་པའི་རྒྱུ་ཚད་གཟུགས་བསྟན་པ།། དངུལ་ལམ་དཀར་པོའི་ཤིང་རྣམས་དང།། གསེར་སོགས་སེར་པོ་ཟངས་སོགས་དམར།། ལྕགས་སོགས་ནག་པོ་དུག་ཤིང་དང། ། ཚེར་མ་ཅན་ལ་སོགས་པ་ལ།། མགོ་བོ་རྒྱ་མདུད་རི་རབ་བརྗིད།། སྐེད་པ་རྒྱ་མདུད་སྨད་ཟུར་དྲུག། རྩེ་མོ་ཟླུམ་པོ་གྲུ་བཞི་དང།། ཟླ་གམ་དང་ནི་ཟུར་གསུམ་རྩེ།། ཤིང་གི་རྩ་བ་རྒྱ་མདུད་དེ།། རྩེ་མོའི་ངོས་སུ་སོ་སོའི་དབལ། ། རི་རབ་ལྕུང་གཞོག་བརྒྱད་ལྡན་བརྗིད།། སོར་བཞི་སོར་བརྒྱད་སོར་བཅུ་གཉིས།། སོར་ནི་བཅོ་བརྒྱད་དག་ཏུ་བྱ།། འབྱུང་བཞི་རྣམ་ཤེས་ཚོགས་བརྒྱད་དང།། སྐྱེ་མཆེད་བཅུ་གཉིས་ཁམས་བཅོ་བརྒྱད། ། གནས་སུ་དག་པར་བྱ་ཕྱིར་ཚད།། ཚད་དང་ལྡན་པས་ལོག་ལྟ་སྒྲོལ།། བསྙེན་ཕུར་སྒྲུབ་ཕུར་གདབ་ཕུར་དང།། མངགས་ཕུར་ལ་སོགས་དེ་བཞིན་ནོ།། བྱང་ཆུབ་སེམས་ཀྱི་ཕུར་པ་ནི།། ཕུར་པ་ཀུན་གྱི་རྒྱུ་ཡིན་ཏེ། ། དེ་ལ་ཚད་དང་རིམ་པ་མེད།། དེ་མཚོན་ཕྱིར་ན་རྒྱུ་དང་ཚད། ངེས་པ་མེད་ཀྱང་དེ་ལྟར་བསྟན།། བྱང་ཆུབ་སེམས་ནི་ཤེས་རབ་ལ།། དེ་མཚོན་ཚད་དང་རྒྱུ་གཟུགས་ཐབས།། དེ་གཉིས་རྒྱུ་རུ་རབ་ཤེས་པས། ། དོན་རྣམས་ཐམས་ཅད་འགྲུབ་པར་བྱེད།། གདུག་ཅིང་སྡང་སེམས་ལྡན་པ་རྣམས།། ངེས་པར་འཇོམས་པ་ང་ཡིས་བཤད།། དེ་དག་བྱིན་གྱིས་བརླབ་པར་བྱ།། ཧཱུཾ་གིས་རྫས་ཀྱི་རྟོག་པ་བསྲེག། སྐུ་གསུང་ཐུགས་ཀྱི་ཡི་གེ་ཡིས། ། ཕུར་བུ་དག་ནི་བྱིན་གྱིས་བརླབ།། རྒྱ་མདུད་དང་པོ་དག་ལ་ནི།། རིགས་ལྔའི་ཀཱི་ལ་ཡ་བསྒོམ་བྱ།། ཟུར་བརྒྱད་རྒྱ་མདུད་སྟེང་འོག་ཏུ། ཁྲོ་བོ་བཅུ་ནི་རབ་ཏུ་བསྒོམ།། ལོགས་གསུམ་ཕཊ་ལ་ཟུར་གསུམ་ཧཱུཾ། ། རྣལ་འབྱོར་ལག་པ་གཡས་གཡོན་ལ།། དཔའ་བོ་དཔའ་མོ་བཅུ་བསྒོམ་བྱ།། དེ་ཡིས་ཕུར་བུ་བྱིན་བརླབས་ནས།། གདུག་པའི་ཚོགས་རྣམས་སྒྲོལ་བར་བྱེད།། ས་མ་ཡ་སྟྭཾ་ཞེས་པས་ནི།། དམ་ཚིག་དག་དང་ལྡན་པར་བྱ། ། བཛྲ་ཨཉྫ་ལི་ཞེས་པས།། རྡོ་རྗེ་ཐལ་མོར་གྱུར་པ་ཡིན།། ས་ཏྭ་རཱ་ཛ་ཧཱུཾ་ཞེས་པས།། ཐུགས་ཀྱི་ཕུར་བུ་རབ་ཏུ་གྱུར།། བྱིན་རླབས་དེ་དང་ལྡན་པས་ནི།། རྣམ་པར་རྟོག་པ་ཐམས་ཅད་བསྲེག། དྲག་པོའི་ལས་ཀྱི་ཕུར་བུ་ཡིས།། རྣམ་པར་རྟོག་པ་ཀུན་གྲོལ་ཨ།། རྩེ་མོ་དག་ལ་རབ་གནས་པ།། བྱང་ཆུབ་སེམས་ཀྱི་གནས་ལེན་ནོ།། ཕུར་བུ་དག་ལ་དབང་བསྐུར་བ།། གུ་གུལ་ཚིལ་ཆེན་དུད་པས་བདུག། ཉུང་དཀར་བསྟིམ་ཞིང་རཀྟས་བྱུག། ཨཱ+ོཾ་མ་ཀུ་ཏ་ལ་པྲ་ཏ་ལ་ཧཱུཾ་ཕཊ། ར་རཀྟ་ཛྭ་ལ་ཧཱུཾ། ཁྲོ་བཅུའི་སྔགས་ཀྱིས་ཉུང་དཀར་བསྟིམ།། བྱིན་བརླབ་ཚུལ་བཞིན་བྱས་ནས་ཀྱང།། སྐུ་གསུང་ཐུགས་ཀྱིས་དབང་བསྐུར་བའི། ། ཡེ་ཤེས་ཐུགས་ཀྱི་ཕུར་པ་འདིས། ཉོན་མོངས་དུག་ལྔ་རབ་རྒྱས་ཏེ།། ཞེན་པ་ཕྱིན་ཅི་ལོག་ལ་བརྟས།། གནོད་གདུག་སྡང་སེམས་ལྡན་པའི་རྣམས།། བསྒྲལ་ཏེ་མི་རྟོགས་དོན་ལ་གཞག། བཅོམ་ལྡན་ཐུགས་ཀྱི་སྤྲུལ་པ་ཡི། ཁྲོ་རྒྱལ་ལ་སོགས་འཇིགས་པའི་སྐུ།། མ་རུངས་ཚོགས་རྣམས་ཀུན་འདུལ་བ། ཁྲོ་རྒྱལ་གཟུགས་ཆེན་དེ་ཡིས་ནི།། མ་རུངས་ཐམས་ཅད་དེ་ཡིས་སྒྲོལ།། འཁྲུལ་པའི་བག་ཆགས་ཀུན་སྦྱོང་བ། ། ཡེ་ཤེས་ཐུགས་ཀྱི་ཁྲོ་བོ་སྟེ།། སྣ་ཚོགས་གཟུགས་སུ་རབ་ཏུ་སྟོན།། དེ་ཡིས་གདུག་པ་ཀུན་བཏུལ་ནས།། ཐམས་ཅད་བདེ་ལ་བཀོད་མཛད་པ།། ཡེ་ཤེས་ཐུགས་ཀྱི་ཁྲོ་བོ་ཡིན། ཁྲོ་བོའི་གཟུགས་ཅན་ཕུར་བུ་ཡིས། ། གཉིས་མེད་དོན་ལ་རབ་ཏུ་བཀོད།། རཱུ་ཏྲ་འཇིགས་པའི་ངང་ཚུལ་ཅན།། གདུལ་ཕྱིར་ཁྲོ་བོ་ཆེན་པོའི་སྐུར།། བསྟན་ཏེ་ང་རྒྱལ་བཅོམ་པ་ཡིན།། དེ་ཕྱིར་ཡེ་ཤེས་ཁྲོ་བོ་ནི།། གདུག་པ་མ་ལུས་ཀུན་སྒྲོལ་མཛད། ། བྱང་ཆུབ་སེམས་ཀྱི་ཕུར་བུ་ནི།། རྣམ་པར་རྟོག་པ་ཀུན་འཇོམས་བྱེད།། ཕུར་བུའི་རྒྱུ་ཚད་དང་དབྱིབས་དང་ནི།། སྐུར་གསལ་བྱིན་བརླབ་བྱས་པ་ཡིས།། རྣམ་རྟོག་སྒྲོལ་བ་རབ་ཏུ་བཤད།། ཕུར་བུའི་རྒྱུ་དང་གཟུགས་དང་ཚད་དང་སྐུ་དང་བྱིན་གྱིས་བརླབས་པའི་ལེའུ་སྟེ་བཞི་པའོ། །།། བྱིན་རླབས་ཕུར་བུ་དེ་དག་ཀྱང།། ཐུགས་ཀྱི་དཀྱིལ་འཁོར་དག་ཏུ་དགོད།། མཆོད་སོགས་ལས་ཀྱི་ཆོ་ག་བྱ།། དེ་ལྟར་དཀྱིལ་འཁོར་ལས་དེ་དག། རྣལ་འབྱོར་སྟོབས་དང་ལྡན་པས་བྱ།། སྣོད་ལྡན་རབ་ཏུ་མི་གཡོའི་བུས། ། སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་རམ།། ཡང་ན་འདུས་པའི་དཀྱིལ་འཁོར་དེར།། གསོལ་གདབ་གནང་སྦྱིན་སེམས་བསྐྱེད་དང།། ཡོན་འབུལ་ཅི་རིགས་སྡོམ་པ་སྦྱིན།། དེར་ནི་ཕུར་བུའི་དབང་སྐུར་བྱ།། ཆུ་དང་དབུ་རྒྱན་རྡོ་རྗེ་དང། ། དྲིལ་བུ་མེང་དང་རྒྱལ་པོ་བྱིན།། དུར་ཁྲོད་ཆས་ཀྱི་དབང་རྣམས་དང།། ནང་དང་གསང་བའི་དབང་མཆོག་བྱིན།། ཉོན་མོངས་ཐམས་ཅད་དག་པར་བྱེད།། རྣམ་པར་རྟོག་པ་ཀུན་འཇོམས་པ། ། དབང་གི་ལས་ཀྱིས་བྱེད་པ་ཡིན།། དང་པོ་དཀྱིལ་འཁོར་འཇུག་པ་ཡང།། ཅི་རིགས་པ་ཡིས་གསོལ་གདབ་ཅིང།། གནང་བ་ཡང་ནི་དེ་བཞིན་བྱ། ཁྲོ་བོ་ཡིག་འབྲུ་ཕྱག་མཚན་གྱི།། འཕྲོ་འདུས་བར་དུ་གཅོད་པ་བསལ། ། སྤྱི་དང་ཁྱད་པར་ལྷག་པ་ཡི།། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང།། ཨཱ+ོཾ་རཏྣ་པུཥྤེ་ཨཱ་བཱི་ར་ཧཱུཾ་ཁཾ། ཞེས།། མི་འཕངས་སེམས་ཀྱིས་ཅི་འབྱོར་དབུལ།། སྤྱི་དང་ཁྱད་པར་ལྷག་པ་ཡི།། སྡོམ་པ་དག་ནི་སྦྱིན་བྱས་ཏེ། ། སྐུ་གསུང་ཐུགས་ཀྱི་ཡིག་འབྲུ་ཡིས།། དེ་ཡི་ལུས་ངག་ཡིད་གསུམ་བཀྲུ།། དམ་ཆུ་བླུད་དེ་སྡོམ་པ་བསྒྲག། དྲག་པོའི་ལས་ཀྱི་དཀྱིལ་འཁོར་འདིར།། རིགས་ཀྱི་བུ་ཁྱོད་འཇུག་པར་བྱོས།། སྤྱི་དང་ཁྱད་པར་ལྷག་པ་ཡི། ། དམ་ཚིག་གཉན་ལས་ཁྱོད་མ་འདའ། ཁྱོད་ཀྱི་ཕྱག་ན་རྡོ་རྗེ་ང།། ང་ཡིས་ཅི་ལྟར་བསྒོ་བ་བཞིན།། བུ་ཁྱོད་ཀྱིས་ཀྱང་བྱ་དགོས་སོ།། དཀྱིལ་འཁོར་གསང་བ་མ་མཐོང་ཞིང།། གསང་བ་དམ་པ་མ་མཐོང་ལ། ། གསང་བ་དམ་པ་སྨྲ་མ་བྱེད། ཁྱོད་ཀྱིས་སེམས་ཅན་སྲོག་མ་གཅོད།། མ་བྱིན་ལེན་པ་རྫུན་ལ་སོགས།། མི་དགེའི་ལས་ནི་སྤངས་བར་གྱིས།། འབྲུ་ལྔ་སྤོས་ལྔ་རིན་ཆེན་ལྔ།། སྨན་ལྔ་སྙིང་པོ་ལྔ་ལ་སོགས། ། ཕྱི་ཡི་ཆུ་དབང་རབ་ཏུ་སྦྱིན།། སྣ་ཚོགས་རིན་ཆེན་བུམ་པས་བྱ།། གསང་བའི་འཁོར་ལོ་བཞི་ལྡན་པའི།། རང་བྱུང་རང་གི་བུམ་པས་བྱ།། ཡབ་ཡུམ་གསང་བའི་སྙིང་པོར་ལྡན།། རང་བྱུང་གསང་བའི་བུམ་པས་བྱ། ། རིན་ཆེན་སོ་སོའི་སྐུར་བྱུང་བའི།། དབུ་རྒྱན་རབ་ཏུ་བྱ་བ་ཡིན།། མེ་ཏོག་ཕྲེང་དང་ཅོད་པན་དང།། རྒྱན་དང་གོ་ཆ་དེ་བཞིན་གདུགས།། རིན་ཆེན་ལས་བྱས་རྡོ་རྗེ་དང།། ཚད་ལྡན་དྲིལ་བུས་དེ་དབང་བསྐུར། ། མིང་དང་ཆུ་དང་དམ་ཚིག་གསུམ།། རྡོ་རྗེ་དྲིའི་བུའི་ཕྱག་རྒྱ་དང། རྡོ་རྗེ་བརྟུལ་ཞུགས་སྐྱབས་སྦྱིན་གྱིས།། སློབ་དཔོན་དབང་ནི་རབ་ཏུ་སྦྱིན།། ངན་སོང་གནས་ནི་དབང་གིས་འཇོམས།། དྲག་པོའི་རྫས་དབང་གདུག་པ་སྒྲོལ། ། རྔ་དང་ཞིང་ཆེན་ཐོད་པ་དང།། ཧ་སྟའི་གཡབ་མོ་གླིང་བུ་དང། ཁྲག་ཞག་ཐལ་བའི་ཐིག་ལེ་དང།། མེ་དང་སྟག་སྦྲུལ་གླང་ལྤགས་ཀྱིས།། དབང་བསྐུར་བས་ནི་གདུག་པ་འདུལ།། བཟའ་བཅའ་བགོ་བཏུང་འདོད་ཡོན་འཕེལ། ། དེ་ནས་གསང་བའི་དབང་བསྐུར་ཏེ།། རྒྱལ་རིགས་རྗེའུ་རིགས་བྲམ་ཟེའི་རིགས།། རིགས་ཅན་བུ་མོ་མཚན་ལྡན་མ།། བཅུ་གཉིས་བཅུ་དྲུག་བཅོ་བརྒྱད་ལོན།། སི་ཧཱ་ག་པུར་ཡོད་པ་ཡིན། ། བུ་མོ་མཚན་ནི་འདི་དག་ལྡན།། ཤ་རྩི་དཀར་ཞིང་སོ་ཚགས་དམ།། སྐྲ་ནི་ལྕང་ལོ་གཡས་སུ་འཁྱིལ།། མིག་ནི་དཀྱུས་རིང་ཨུཏྤལ་འདྲ།། སྨིན་མཚམས་བར་ནི་མ་ཆད་ཅིང།། བརྟུལ་ཞུགས་སྤྱོད་པ་སྤྱོད་ནུས་པ། ། ཡང་ན་མཚན་ལྡན་བུ་མོ་ནི།། ཨུཏྤལ་བཞིན་དུ་སྔོ་སངས་མ།། ར་བ་བཞི་ཡི་ཉ་བཞི་ལ།། གཟུང་ཐབས་བཞི་ནི་འགྱུར་བྱེད་ཅིང།། རྟོག་མེད་སྙིང་རྗེ་ཆོས་ལ་དད།། དེ་ལྡན་གསང་བའི་དབང་བསྐུར་རོ།། དངོས་གྲུབ་རྟགས་ཀྱི་ཕྱག་རྒྱ་ཡིས། ། གསང་བའི་མན་ངག་དེ་དབང་བསྐུར།། དྲོད་གསུམ་དང་ནི་ལྡན་བྱས་པའི།། དབང་གསུམ་དམ་ཚིག་ལྡན་ལ་སྦྱིན།། བདེ་བས་མྱོས་ལ་བརྒྱལ་བར་འགྱུར།། མན་ངག་དབང་བསྐུར་དེ་བཞིན་བྱ། ། ཤེས་རབ་ཡེ་ཤེས་དབང་བསྐུར་བ།། མཚན་ལྡན་ཤེས་རབ་དག་ལ་ནི།། སྣ་ཚོགས་དྲི་ཡིས་རབ་བརྒྱན་ཅིང།། བསྲུབ་དང་བསྲུབ་པའི་ཐབས་དག་ལས།། མི་རྟོག་པ་ནི་རབ་ཏུ་སྐྱེ།། དགའ་དང་མཆོག་ཏུ་དགའ་བ་དང། ། མངོན་དགའ་རང་བཞིན་དགའ་བ་སྟེ།། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ།། བགྲོད་བྱེད་མན་ངག་དག་གིས་སོ།། དང་པོ་དགའ་བའི་དུས་སུ་ནི།། དབུས་ཀྱི་རྒྱུ་བ་བཅུ་དག་ལ།། ཆུ་ཚོད་ལྔ་པར་སྦྱར་བྱས་ཏེ། ། གཟུང་དང་བཟློག་པ་དེ་བཞིན་བྱ།། ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་ནི།། ཆུ་ཚོད་སུམ་ཅུ་གཉིས་ལྡན་བྱས།། དབྱུ་གུའང་དྲུག་ཅུ་རྩ་བཞི་ཡིན།། ཕྲ་མོའི་ཐུན་ནི་དྲུག་ཅུ་བཞི།། ཆེན་པོ་ཐུན་བཞི་ཐུན་བརྒྱད་ཡིན། ། དགའ་བའི་གནས་སུ་དབུགས་དང་ནི།། ཐུན་ཚོད་ཆུ་ཚོད་བརྩི་བྱས་ཏེ།། དེ་བཞིན་དགའ་བའི་དུས་སུ་ནི།། ཐུན་ཚོད་ཆུ་ཚོད་དེ་བཞིན་བསླབ།། བདེ་བ་གང་སྐྱེས་གནས་དེར་ནི།། མན་ངག་དག་ཀྱང་དེར་བསྟན་བྱ། ། སྐད་ཅིག་དུས་དང་ཟ་མ་ལ།། ཉིན་དང་མཚན་དུ་དེ་བཞིན་བསླབ།། ཟླ་བ་ལ་སོགས་དེ་བཞིན་བསླབ།། དེ་དོན་མན་ངག་བཅས་པ་ནི།། ཤེས་རབ་དབང་བསྐུར་རབ་ཏུ་བཤད།། བཞི་པའི་དབང་ནི་བསྐུར་བྱ་སྟེ། ། རླུང་གི་རང་བཞིན་དེ་ཤེས་ཤིང།། བོ་ལ་ཀཀྐོ་ལ་སྦྱར་ལ།། རང་བཞིན་བདེ་བསྐོར་ཕན་ཚུན་འབྱུང།། གཟུང་དུ་མེད་དེ་བརྗོད་དུ་མེད།། རྟོག་པ་ཀུན་དང་བྲལ་བ་ཡི།། རང་བཞིན་འོད་གསལ་དེར་གནས་པ། ། ཚིག་སོགས་དབང་གི་རང་བཞིན་སྦྱིན།། རྟོག་པའི་བག་ཆགས་འཇོམས་པར་བྱེད།། དབང་གསུམ་འབྲས་བུ་དེ་ཡིན་ནོ།། དབང་བཞི་རབ་ཏུ་ལྡན་པ་ཡིས།། ཀུན་རྫོགས་གནས་བཞིའི་གནས་སུ་བཀྲུ། ། ལུས་གྱི་རྣམ་རྟོག་སྦྱང་བ་དང།། བག་ཆགས་དྲི་མ་བཀྲུ་བའི་ཕྱིར།། དབང་བསྐུར་རབ་ཏུ་སྦྱིན་པ་ཡིན།། དམ་ཚིག་མེད་པ་ཕལ་རྣམས་ལ།། དབང་དག་སྦྱིན་པར་མི་བྱའོ།། སློབ་དཔོན་སློབ་མ་ཤི་མ་ཐག། མནར་མེད་གནས་སུ་ངེས་པར་ལྟུང།། དཀྱིལ་འཁོར་འཇུག་པའི་རྣལ་འབྱོར་པས།། སྣོད་དང་སྦྱར་ཏེ་དེ་དབང་བསྐུར།། དམ་ཚིག་ཉམས་པར་མ་གྱུར་ན།། ལམ་རྣམས་རབ་ཏུ་བགྲོད་བྱེད་པར།། དབང་མཆོག་འདི་ཡིས་བྱེད་པ་ཡིན། ། དབང་བསྐུར་དམ་པ་འདི་ཡིས་ནི།། གནོད་གདུག་སྒྲོལ་བར་ནུས་པ་ཡིན།། ཕུར་པ་ཕྲིན་ལས་ཀྱི་རྒྱུད་ལས། དབང་བསྐུར་བའི་ལེའུ་སྟེ་ལྔ་པའོ།།།། གཞན་ཡང་དམ་ཚིག་བསྟན་བྱ་བ།། རྩ་བ་ཡན་ལག་དམ་ཚིག་དག། རྟག་ཏུ་བསྲུང་བར་བྱ་བ་ཡིན།། སྐུ་གསུང་ཐུགས་ཀྱི་དམ་ཚིག་ནི།། རྩ་བའི་དམ་ཚིག་དག་ཏུ་ཤེས།། མི་སྤང་བ་དང་དང་དུ་བླང།། ཤེས་དང་བསྒྲུབ་པའི་དམ་ཚིག་ནི། ། ཡན་ལག་དམ་ཚིག་ཡིན་པར་བཤད།། དམ་རྫས་དག་ལ་ལོངས་སྤྱོད་ཅིང།། རྟོག་མེད་དཔའ་བའི་གོ་གོན་པ།། དམ་ཚིག་དག་ཏུ་ངས་བཤད་དོ།། དམ་ཚིག་དག་ལ་རབ་གནས་པས། ། ལས་རྣམས་ཐམས་ཅད་འགྲུབ་པ་ཡིན།། སྐུ་ཡི་དཀྱིལ་འཁོར་ཆེན་པོ་ནི།། ལས་ཀྱི་བྱ་བ་ཀུན་བྱེད་པ།། དྲག་པོའི་རྫས་རྣམས་ལྡན་པ་ལ།། གདུག་པའི་ཚོགས་རྣམས་ཀུན་འདུལ་བྱ།། དུར་ཁྲོད་ཆེན་པོའི་གནས་དག་ཏུ། ། དྲག་པོའི་དཀྱིལ་འཁོར་རབ་ཏུ་བརྩམ།། ས་བརྟག་ས་ཟུང་བྱིན་གྱིས་བརླབ།། དང་པོ་བརྟགས་པའི་གནས་ཆེན་དེར།། སྔགས་མཁན་བྱ་བ་ཀུན་བྱས་ཏེ།། སྟ་གོན་གནས་པའི་བྱ་བ་བྱས། ། མཆོད་དང་སྡོམ་པ་གཟུང་བ་དང།། དཀོན་མཆོག་གསུམ་ལ་སྐྱབས་འགྲོ་བྱ།། སོ་ཤིང་སྲུང་སྐུད་ཀུ་ཤ་སྦྱིན།། སེམས་བསྐྱེད་ཕྱིར་ནི་ཆོས་བཤད་བྱ།། ལྷ་རྣམས་མཆོད་པས་མཉེས་བྱས་ལ།། འབྲུ་དང་སྨན་དང་སྙིང་པོ་དང། ། རིན་ཆེན་ཁ་རྒྱན་མགུལ་ཆིངས་ཅན།། དྲི་མེད་དག་པའི་བུམ་པ་ལ།། ཚུལ་བཞིན་དུ་ནི་བསྙེན་པ་བྱ།། དཀྱིལ་འཁོར་སྐྱང་ནུལ་ཐིག་གདབ་པ།། སྲད་བུ་ལྔ་དང་ལྡན་པ་ཡིས།། ཐིག་ནི་རབ་ཏུ་གདབ་པ་སྟེ། ། ལྷ་དང་གཉྀས་མེད་གནས་པའི་ཐིག། མཆོད་བྱས་ཡེ་ཤེས་ཐིག་ནི་གདབ།། གཉིས་པ་གཟུགས་བརྙན་ཐིག་གདབ་བོ།། ཚངས་ཐིག་དང་པོ་གདབ་པ་སྟེ།། ཚངས་ཐིག་གཉིས་པ་དེ་བཞིན་གདབ།། དེ་བཞིན་ཕྱོགས་མཚམས་མ་འཁྲུལ་གདབ། ། ཆ་བརྒྱད་དེ་གསེས་བཅུ་དྲུག་ཆ།། ཆ་ཕྲན་དྲུག་ཅུ་རྩ་བཞིར་གདབ།། དབུས་བཞི་ཕྱི་རོལ་བཅུ་དྲུག་བསྐོར།། ཕྱི་རོལ་སྒོ་དང་རྒྱན་དུ་བྱ།། དཀྱིལ་འཁོར་ཐིག་དེ་བཏབ་ནས་ཀྱང། ། ཐུགས་ཀྱི་དཀྱིལ་འཁོར་ཆེན་པོ་ཡིན།། གྲུ་གསུམ་ཉི་ཤུ་གཅིག་ཏུ་གདབ།། གསུམ་ནི་ལེའུ་ཚེའི་དཀྱིལ་འཁོར་བྱ།། སྐུ་ཡི་དཀྱིལ་འཁོར་འཁོར་ལོར་ལྡན།། སྐུ་གསུང་ཐུགས་འདུས་དཀྱིལ་འཁོར་ནི།། དཀྱིལ་འཁོར་ཀུན་གྱི་དམ་པའོ། ། སྔོན་པོ་ལ་སོགས་ཚོན་རྣམས་ནི།། དཔའ་བོ་འབྲུ་ལྔས་བྱིན་གྱིས་བརླབ།། གཞུང་དང་མཐུན་པར་ཚོན་དགྱེ་སྟེ།། དྲག་པོའི་རྫས་རྣམས་རབ་ཏུ་གསོག། ལྷུ་དུམ་བཅད་འཕྲོ་དུམ་བུ་དང། ། སྒལ་རྩིབ་ཀླད་པ་ཁྲག་དང་མགོ། གྲུ་གསུམ་མཐིང་ནག་གཏོར་མར་བཅས།། དུག་སོགས་དྲག་པོའི་རྫས་རྣམས་བསྔགས།། མཁའ་འགྲོའི་རྫས་དང་བཅས་པ་ནི།། བསགས་ཏེ་མཆོད་པ་བྱ་བ་ཡིན།། གདུག་པའི་རྫས་དང་སྔགས་ཀྱིས་ནི། ། གནོད་ཅིང་གདུག་པ་བསྒྲལ་བར་བྱ།། གྲུ་གསུམ་མཐིང་ནག་དཀྱིལ་འཁོར་ནི།། དུག་དང་གདུག་པའི་རྫས་ཀྱིས་བསྐོར།། སྨུག་ནག་གཟུགས་ཀྱང་དེ་ནང་གཞུག། དྲག་པོའི་ཐུན་རྫས་དེར་བསག་བྱ། ། ཟངས་ཕྱེ་རྡོ་ཕྱེ་ལྕགས་ཕྱེ་དང།། དྲག་པའི་ལས་ཀྱི་ཕུར་པས་ནི།། གདུག་པ་ཐམས་ཅད་སྒྲོལ་བ་ཡིན།། འཇིག་རྟེན་ཁམས་ནི་ཐམས་ཅད་ཀུན། ཁྲོ་བོ་ཆེན་པོར་གྱུར་པ་སྟེ།། ཉོན་མོངས་ཐམས་ཅད་སྒྲོལ་བར་མཛད། ། སྔགས་ཀྱི་འོད་ཟེར་དྲག་པོ་ནི།། ཚ་ཚའི་འོད་ཟེར་ལྟར་འཕྲོ་ཞིང།། གདུག་པ་ཐམས་ཅད་འདུལ་བ་ཡིན།། སྔགས་དང་ཕྱག་རྒྱ་རབ་ལྡན་པས།། ཁྲོ་བོའི་ལུས་ནི་ཐམས་ཅད་ཀྱང།། ཡེ་ཤེས་མེ་དང་བཅས་པ་བསྒོམ། ། གདུག་པ་བསྒྲལ་ཕྱིར་བཤད་པ་ཡིན།། ཕུར་པ་ཕྲིན་ལས་ཀྱི་རྒྱུད་ལས། དམ་ཚིག་དང་ཐིག་རྫས་ཀྱི་ལེའུ་སྟེ་དྲུག་པའོ།།།། དེ་ནས་ཁྲོ་བོ་རྣམ་པར་རྒྱལ་བས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། དྲག་པོ་ལས་ཀྱི་དཀྱིལ་འཁོར་འདིར།། བཟླས་བརྗོད་བསམ་པ་ཇི་ལྟར་བགྱི།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། རྣམ་རྟོག་ཉོན་མོངས་གཞོམ་པའི་ཕྱིར། ། སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་གྱི།། བཟླས་པ་བྱ་བའི་རིམ་པ་ནི།། མཚན་མ་ཅན་དང་མཚན་མེད་དེ།། རྣམ་རྟོག་བག་ཆགས་སྤྱོད་པའི་ཕྱིར།། མཚན་མེད་བཟླས་པ་ཏིང་འཛིན་བྱ། ། རང་གི་ལུས་ཀྱིས་ལུས་ཀྱི་གནས་རྣམས་སུ།། འཁོར་ལོ་བཞི་ནི་རབ་ཏུ་གནས།། བདེ་ཆེན་འཁོར་ལོར་གྱུར་པ་ནི།། རྩ་ནི་སུམ་ཅུ་རྩ་གཉིས་གནས།། ཡི་གེའང་དེ་བཞིན་ལྡན་པའོ།། ལོངས་སྤྱོད་རྩ་ནི་བཅུ་དྲུག་སྟེ། ། ཡི་གེའང་དེ་བཞིན་གནས་པ་ཡིན།། ཆོས་ཀྱི་འཁོར་ལོའི་རྩ་རྣམས་ནི།། རྩ་དང་ཡི་གེ་བརྒྱད་དུ་གནས།། སྤྲུལ་པའི་རྩ་ནི་དྲུག་ཅུ་བཞི།། ཡི་གེའང་དེ་བཞིན་གནས་པའོ།། དབྱངས་དང་གསལ་བྱེད་ཡི་གེ་ནི། ། མཚན་དང་དཔེ་བྱད་རང་བཞིན་ཏེ།། འཁོར་ལོ་བཞི་ཡི་གནས་སུ་བྱ།། དྲག་པོའི་ལས་ཀྱི་སྔགས་རྣམས་ཀྱང། འཁོར་ལོ་ལ་ནི་རབ་ཏུ་དགོད།། ཐབས་དང་ཤེས་རབ་སྤྱོར་བ་ལས།། སྦྱོར་བའི་བདེ་བ་ཆེན་པོ་ནི། ། འཁོར་ལོའི་རིམ་པ་རྣམས་སུ་གནས།། ཡི་གེ་དག་ཏུ་དེར་གཞུག་ཅིང།། བདེ་བ་དག་ཀྱང་རབ་ཏུ་བསྐྱེད།། རྣམ་པར་རྟོག་པ་ཀུན་སྦྱོང་བའི།། འོད་ཟེར་དག་ཀྱང་ཀུན་ཏུ་སྤྲོ།། འཁོར་ལོ་བཞི་ཡི་གནས་དག་ཏུ། ། དགའ་བཞི་དག་ཏུ་གནས་པ་ཡིན།། རྣམ་པར་རྟོག་པ་ཀུན་སྦྱོང་བའི།། ཐབས་འདི་དག་གིས་བྱེད་པ་ཡིན།། ལས་ཀྱི་རླུང་ནི་སྲོག་ཏུ་བཤད།། སེམས་ཅན་གཟུགས་སུ་བྱེད་པ་ཡིན།། བྱེད་པའི་རླུང་ནི་གཉིས་ཡིན་ཏེ། ། རྒྱུ་དང་འབྲས་བུ་རྣམ་གཉིས་སོ།། རྒྱུ་ནི་རྣམ་ལྔར་ཤེས་པར་བྱ།། ཁྱབ་བྱེད་ཐུར་དུ་སེལ་བ་དང།། མེ་དང་མཉམ་དུ་གནས་པའི་རླུང།། སྲོག་དང་གྱེན་དུ་འགྲོ་བའི་རླུང། རྒྱུ་ཞེས་རབ་ཏུ་བཤད་པ་ཡིན།། འབྲས་བུའི་རླུང་ནི་རྣམ་ལྔ་སྟེ། ། རྒྱུ་དང་རྣམ་པར་རྒྱུ་བ་དང།། ཡང་དག་རྒྱུ་དང་རབ་ཏུ་རྒྱུ།། དེ་བཞིན་ངེས་པར་རྒྱུ་བའོ།། རླུང་ནི་བཅུ་པོ་དེ་དག་གིས།། ལས་ནི་རྣམ་པར་བྱེད་པ་ནི།། བྱེད་པའི་རླུང་ཞེས་རབ་ཏུ་བཤད།། རླུང་ནི་བཅུ་པོ་འདི་རྣམས་ཀྱིས། ། འཁོར་ལོའི་གནས་ནི་ཐམས་ཅད་དུ།། བྱང་ཆུབ་སེམས་ཀྱི་འཕོ་བ་བྱེད། བདེ་བའང་དེ་བཞིན་དེར་བསྐྱེད་དེ།། སྟེང་གི་འཕོ་བ་ཞེས་ནི་གྲགས།། བྱང་ཆུབ་སེམས་ཀྱི་ཕུར་བུ་ནི།། ཨཱ་ལི་ཀཱི་ལི་དག་པར་བྱུང། ། དེས་ནི་ཉོན་མོངས་སྒྲིབ་པ་རྣམས།། ཐམས་ཅད་སྲེག་པར་བྱེད་པ་ཡིན།། སྤྱི་བོ་བདེ་ཆེན་འཁོར་ལོ་སྟེ།། རྩ་ཆེན་ཡི་གེའི་གནས་སུ་བཤད།། ཀཱི་ལའི་ཡི་གེ་དེར་བརྗོད་དོ།། རྩ་བྲན་ཀུན་ནས་འོད་ཟེར་ནི། ། བྱང་ཆུབ་སེམས་ཀྱི་ཕུར་བུ་རྒྱུ།། བདེ་ཆེན་གནས་སུ་ཞི་བར་བྱ།། མགྲིན་པ་ལོངས་སྤྱོད་འཁོར་ལོ་སྟེ།། ཆེན་པོ་གསུམ་དང་ཀཱི་ལའི་སྔགས།། རབ་ཏུ་རྒྱུ་བར་བཤད་པ་ཡིན།། རྩ་ནི་འོད་ཟེར་རྒྱུ་བ་སྟེ། ། བྱང་ཆུབ་སེམས་ཀྱི་ཕུར་པ་ཡིན།། མགྲིན་པའི་གནས་སུ་ལོངས་སྤྱོད་འཕེལ།། སྙིང་གར་ཆོས་ཀྱི་འཁོར་ལོ་སྟེ།། བྱང་ཆུབ་སེམས་ཀྱི་ཕུར་བུ་རྒྱུ།། སྙིང་གར་དག་ནི་དེར་རྒྱས་ནས།། ཐམས་ཅད་མ་ལུས་འགུགས་པར་བྱེད། ། ལྟེ་བ་སྤྲུལ་པའི་འཁོར་ལོ་སྟེ།། ཆེན་པོ་ནས་ནི་ཀཱི་ལ་རྒྱུ།། ཕྲ་མོ་ནས་ནི་འོད་ཟེར་རྒྱུ།། བྱང་ཆུབ་སེམས་ཀྱི་ཕུར་བུ་འཕྲོ།། གནས་དེར་ཐམས་ཅད་བསྒྲལ་བ་ཡིན།། ཀཱི་ལ་ཡ་ཡི་སྒྲ་སྒྲོགས་ཤིང། ། གནས་དེ་དག་ཏུ་རབ་ཏུ་རྒྱུ།། གཉིས་མེད་སྦྱོར་བ་བདེ་བ་ལས།། སྤྲོས་མེད་ཆེན་པོའི་འོད་ཟེར་གྱིས།། རྣམ་པར་རྟོག་པ་ཐམས་ཅད་བསྲེག། བྱང་ཆུབ་སེམས་ཀྱི་ཕུར་བུ་འདི།། འཁོར་ལོ་བཞི་ལ་རབ་ཏུ་གནས། ། འཕྲོ་བ་རླུང་གིས་རབ་ཏུ་བྱེད།། བདེ་སྟོང་ནམ་མཁའ་ལྟ་བུ་སྟེ།། ལས་དང་ཉོན་མོངས་རྣམ་རྟོག་དག། བྱང་ཆུབ་སེམས་ཀྱི་མེ་སྤར་བས།། འོག་ནས་གཡོ་བ་རླུང་གིས་བསྐྱོད།། དེས་ཀྱང་མེ་ནི་རབ་ཏུ་འབར། ། བོ་ལ་ཀཀྐོ་ལ་སྦྱར་ཏེ།། སྟེང་དང་འོག་གི་འཕོ་བ་ཡིན།། དེས་བསྐྱེད་བདེ་བ་དག་ལ་ནི།། བྱང་ཆུབ་སེམས་ཀྱི་ཕུར་པའོ།། དེས་ནི་འཁོར་ལོ་རྣམ་རྒྱས་པ།། དགའ་བ་རྣམས་སུ་རབ་ཏུ་བཤད།། གཡས་ན་ཀཱི་ལ་ཡ་རྒྱུ་བ། ། གཡོན་ན་བིགྷྣཱཾ་རྒྱུ་བ་གཉིས།། བྱང་ཆུབ་སེམས་ཀྱི་ཡིག་འབྲུ་སྟེ།། མི་རྟོག་བསྐྱེད་ཕྱིར་རྩ་ནས་རྒྱུ།། འོད་ཟེར་བྱང་སེམས་ཕུར་བུར་རྒྱུ།། འཁོར་ལོ་བཞི་ཡི་གནས་དག་ཏུ།། འོད་ཟེར་ཁ་དོག་སོ་སོ་ཡིས། ། ཕྲིན་ལས་རྣམ་བཞི་རབ་ཏུ་བྱེད།། མིག་ནས་སྙིང་ག་མགྲིན་པ་དང།། ཀཱི་ལ་ཡ་དང་བིགྷྣཱཾ་སྔགས།། ཕྲིན་ལས་སོ་སོའི་ལས་སྔགས་སྦྱར།། གནས་བཞིར་བཟླས་པའི་འོད་ཟེར་གྱིས།། དགའ་བ་བཞི་ནི་རབ་བསྐྱེད་དེ། ། མཚན་མའི་ཏིང་འཛིན་ལ་བརྟེན་ནས།། མཚན་མེད་མི་རྟོག་ཡེ་ཤེས་བསྐྱེད།། མཚན་མར་བཅས་པའི་བཟླས་པ་ཡང།། དྲག་པོའི་ལས་ཀྱི་སྔགས་ཀྱིས་སོ།། གདུག་པའི་ཚོགས་རྣམས་འདུལ་བར་བྱེད། ། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང།། དུས་གསུམ་རྒྱལ་བའི་གདུང་འཚོབ་པའི།། རིག་འཛིན་བདག་ཅག་རྣམས་ལ་ནི།། གནོད་ཅིང་གདུག་པའི་དགྲ་དང་བགེགས།། བདུད་དང་བར་དུ་གཅོད་པ་རྣམས། ཁྲོ་བོ་ཆེན་པོའི་བྱིན་རླབས་ཀྱིས།། ཡུད་ཙམ་གྱིས་ནི་འདིར་བཀུག་ནས།། མངོན་སྤྱོད་ཚུལ་གྱིས་བསྒྲལ་བ་དང།། ལུས་ངག་རྡུལ་དུ་བཤིགས་ནས་ཀྱང།། སྡུག་བསྔལ་ཉམས་སུ་མྱོང་བར་མཛོད།། བུདྡྷ་ཀཱི་ལི་ཀཱི་ལ་ཡ། སརྦ་བིགྷྣཱཾ་བཾ་ཧཱུཾ་ཧཱུཾ་ཕཊ། ཧཱུཾ་ལཾ་བཛྲ་ཀཱི་ལི་ཀཱི་ལ་ཡ། སརྦ་བིགྷྣཱཾ་བཾ་ཧཱུཾ་ཧཱུཾ་ཕཊ། མོ་ཧ་གྷཱ་ཏ་ཡ་རཏྣ་ཀཱི་ལི་ཀཱི་ལ་ཡ། སརྦ་བིགྷྣཱཾ་བཾ་ཧཱུཾ་ཧཱུཾ་ཕཊ། བྷ་ག་ཝཱན་པདྨ་ཀཱི་ལི་ཀཱི་ལ་ཡ། སརྦ་བིགྷྣཱཾ་བཾ་ཧཱུཾ་ཧཱུཾ་ཕཊ། ཤཱི་གྷྲཾ་བི་ཀྲི་ཀརྨྨ་ཀཱི་ལི་ཀཱི་ལ་ཡ། སརྦ་བིགྷྣཱཾ་བཾ་ཧཱུཾ་ཧཱུཾ་ཕཊ། ཐབས་དང་ཤེས་རབ་ལྡན་ཕྱིར་རོ།། སྟྭམྦྷ་ནན་ཀཱི་ལི་ཀཱི་ལ་ཡ། སརྦ་བིགྷྣཱཾ་བཾ་ཧཱུཾ་ཧཱུཾ་ཕཊ། ཧུཾ་ཀཱ་ར་ཧཱུཾ། ཧཱུཾ་ཀཱ་ར་ཧཱུཾ་ཨ། ཧཱུཾ་ཀཱ་ར་ཧཱུཾ་ཨ། བི་ཛ་ཡ་ཨ། ནཱི་ལ་དཎྜ་ཨ། ཡ་མཱནྟ་ཀ་ཨ། ཨཱརྱ་ཨ་ཙ་ལ་ཨ། ཧ་ཡ་གྲཱི་ཝ་ཨ། ཨ་པ་ར་ཛི་ཏ་ཨ། ཨ་མྲྀ་ཏ་ཀུཎྜ་ལི་ཨ། ཏྲཻ་ལོ་ཀྱ་བི་ཛ་ཡ་ཨ། ཉོན་མོངས་བག་ཆགས་སྦྱང་བའི་ཕྱིར།། ལྷ་རྣམས་སྔགས་འདིས་སྐྱེ་མེད་བསྒོམ།། དངོས་གྲུབ་བར་གཅོད་བྱེད་པའི་བགེགས། ། གདུག་ཅིང་སྡང་སེམས་ལྡན་པ་རྣམས།། ཟུང་ཞིག་རྒྱོབ་ཅིག་རྣམ་པར་ཆིངས།། གཏོགས་ཤིག་གྲོགས་དང་བྲལ་བར་གྱིས།། རིང་པར་ཁུག་ལ་སྨྲར་ཆུག་ཅིག། ཕོབ་ཅིག་རྣམ་པར་གཟིར་བར་གྱིས། ། ང་ཡི་དབང་དུ་གྱུར་ནས་ཀྱང།། བསྒོ་བའི་བཀའ་རྣམས་ཉན་པར་གྱིས།། ཧཱུཾ་པ་ར་བིདྷྭནྶ། འདི་ཡིས་ཐམས་ཅད་མགོ་མནན་ལ།། བདུད་རྩི་འཁྱིལ་བའི་ལས་སྔགས་ཀྱིས།། ཐམས་ཅད་མ་ལུས་སྒྲོལ་བ་ཡིན། ། ཙྪིནྡྷ་ཙྪིནྡྷ་ཧཱུཾ་ཕཊ། མི་གཡོ་མགོན་པོའི་ལས་སྔགས་ཀྱིས།། ཐམས་ཅད་མ་ལུས་བཅིང་བ་ཡིན།། བན་དྷ་བན་དྷ་ཧཱུཾ་ཕཊ། ཁམས་གསུམ་རྣམ་རྒྱལ་ལས་སྔགས་ཀྱིས།། ཐམས་ཅད་མ་ལུས་སྒྲོལ་བར་བྱེད།། བྷིན་དྷ་བྷིན་དྷ་ཧཱུཾ་ཕཊ། རྟ་མཆོག་དཔལ་གྱི་ལས་སྔགས་ཀྱིས།། ཐམས་ཅད་མ་ལུས་འཛིན་པར་བྱེད།། གྲྀཧྞ་གྲྀཧྞ་ཧཱུཾ་ཕཊ། རྣམ་པར་རྒྱལ་བའི་ལས་སྔགས་ཀྱིས།། ཉོན་མོངས་ཐམས་ཅད་འཇོམས་པར་བྱེད།། ཧ་ན་ཧ་ན་ཧཱུཾ་ཕཊ། ། ཁྲོ་རྒྱལ་ཐུགས་ཀྱི་དཀྱིལ་འཁོར་ནས།། དྲག་པོ་ལས་ཀྱི་ཐུན་སྔགས་འབྱུང།། ཧ་ས་ཡ་ར་ཧ་ས་ཡ་ར་ཧཱུཾ་ཕཊ། ཨཱ་ཝེ་ཤ་ཡ་ཨཱ་ཝེ་ཤ་ཡ་ཧཱུཾ་ཕཊ། ཤཱི་གྷྲཾ་ཨཱ་ན་ཡ་ཧཱུཾ་ཕཊ། ཛྭ་ལ་པ་ཡ་ཛྭ་ལ་པ་ཡ་ཧཱུཾ་ཕཊ། ཏ་ཐཱ་ཡ་ཏ་ཐཱ་ཡ་ཧཱུཾ་ཕཊ། བྷིན་དྷ་ཡ་བྷིན་དྷ་ཡ་ཧཱུཾ་ཕཊ། སྔགས་དྲུག་ལས་ཀྱི་འཁོར་ལོ་འདིས།། མ་རུངས་པ་རྣམས་རྣམ་པར་སྒྲོལ།། ཐམས་ཅད་མ་ལུས་རྡུལ་དུ་རློག་ཁྲོ་རྒྱལ་འདུས་པའི་དམོད་མོ་ཡིན།། འཁོར་ལོ་དག་ནི་བསྐོར་བྱ་ཞིང། ། གསང་བའི་གནས་སུ་གསད་བྱ་ཡིན།། གདུག་པ་སྔགས་ཀྱི་འོད་ཟེར་གྱིས།། བསྒྲུབ་བྱ་དག་ནི་སྒྲོལ་བར་བྱེད།། སྔགས་ཀྱི་འོད་ཟེར་བསྐུལ་ནས་ནི།། ལུས་ཀྱི་རྩ་རྣམས་ཐམས་ཅད་དུ།། འོད་ཟེར་དག་ནི་རྒྱས་བྱས་ཏེ། ། སྟོང་གྲོགས་བྱེད་ལ་སོགས་པ་དབྲལ།། གདུག་པའི་ཚོགས་རྣམས་ཀུན་སྒྲོལ་ཏེ།། འཁྲུལ་འཁོར་དག་ཏུ་རབ་ཏུ་བཟླས།། བྲན་དང་ཕོ་ཉ་བཀའ་ཉན་ཚོགས།། སྔོན་ཆད་ཇི་བཞིན་དམ་བཅས་པ། ། མངོན་སྤྱོད་ཚུལ་བཞིན་བསྒྲལ་བ་དང།། ལུས་ངག་རྡུལ་ཕྲན་བཞིན་དུ་རློགས། ཁྲོ་བོ་རྣམ་རྒྱལ་ཏིང་འཛིན་གྱིས།། གདུག་པ་གདུལ་ཕྱིར་གཟི་བྱིན་བསྐྱེད།། ཧ་ན་ཧ་ན་བཛྲ།། གདུག་པའི་ཚོགས་རྣམས་བསྒྲལ་བའི་ཕྱིར། ཁྲོ་རྒྱལ་དབྱུག་སྔོན་ཏིང་འཛིན་གྱིས།། གདུག་པ་བསྲེག་ཕྱིར་སྔགས་འདི་བརྗོད།། ད་ཧ་ད་ཧ་བཛྲ། ཞེ་སྡང་ཅན་རྣམས་ཚར་བཅད་ཕྱིར།། ཁྲོ་རྒྱལ་གཤིན་རྗེའི་གཤེད་པོ་ཡིས།། ཐམས་ཅད་གསད་ཕྱིར་གཟི་བྱིན་བསྐྱེད། ། པ་ཙ་པ་ཙ་བཛྲ། ཡེ་ཤེས་ཐུགས་ཀྱི་ཕྲ་མེན་མ།། ཤྭ་ན་མི་ཁའི་སྔགས་ཀྱིས་ནི།། བྱིན་བརླབས་གཟི་བྱིན་བསྐྱེད་པ་ཡིན།། མ་ཐ་མ་ཐ་བཛྲ།། ཡེ་ཤེས་ཚོགས་ཀྱི་སྲུང་མ་ནི།། བསེ་མོ་བཞི་ཡི་སྔགས་དག་གིས། ། གཟི་བྱིན་དག་ནི་བསྐྱེད་པ་ཡིན།། ཛྭ་ལ་ཛྭ་ལ་བཛྲ། སུ་རུ་སུ་རུ་བཛྲ། མུ་རུ་མུ་རུ་བཛྲ། ཛ་ཡེ་བི་ཛ་ཡེ་བཛྲ། ཡེ་ཤེས་ཁྲོ་བོ་ཆེན་པོ་ཡིས།། སྔགས་འདིས་གདུག་པ་སྒྲོལ་བར་བྱེད།། ཨ་ཛི་ཏེ་ཨ་པ་ར་ཛི་ཏ། མཱ་ར་སེ་ན་ཕྲ་མརྡ་ན་ཡེ་ཧཱུཾ་ཕཊ། གཟི་བྱིན་དག་ནི་རབ་བསྐྱེད་ནས།། རྣམ་པར་རྟོག་པ་འཇོམས་པ་ཡིན།། རྡོ་རྗེ་གསང་བའི་བཀའ་ལས་ནི།། སྡིག་ཆེན་གང་ཞིག་འདའ་བྱེད་པ།། སྟོབས་ཆེན་ཁྲོ་བོ་ཆེན་པོ་ཡིས། ། ཀླད་པ་ཚལ་པ་བརྒྱ་རུ་ཁོས།། ཉོན་ཅིག་བགེགས་དང་ལོག་འདྲེན་རྣམས།། ང་ཡི་བཀའ་ལས་འདའ་མ་བྱེད།། བདག་ཉིད་ཆེན་མོའི་སྔགས་འདི་ཡིས།། གདུག་པ་ཐམས་ཅད་སྒྲོལ་བར་བྱེད།། ཧཱུཾ་མ་མ་བ་ཤཾ་ཀུ་རུ་མ་ཏང་ཉ་ཀ་ར་ཨི་དན། དྷ་དྷི་མ་མ་ཀརྨ་ཤཱི་གྷྲཾ་ཀཱ་ར་ཡ། སྔགས་འདིས་དུག་གསུམ་སྒྲོལ་བྱེད་ཅིང།། དྲག་པོའི་ལས་རྣམས་བྱེད་པར་འགྱུར།། གདུག་ཅིང་སྡང་སེམས་ལྡན་པ་རྣམས།། ལྷའམ་གནོད་སྦྱིན་བདུད་ཀྱང་རུང། ། ང་ལ་བར་ཆད་བྱེད་པ་རྣམས།། མཐུ་དང་རྫུ་འཕྲུལ་མེད་པར་གྱིས།། ཧཱུཾ་མཛད་སྟོབས་ཆེན་ཁྲོ་བོ་ཡིས།། གདུག་པའི་ཚོགས་རྣམས་ཐམས་ཅད་བསྒྲལ། སྔགས་དོན་འདི་དག་རབ་ལྡན་པས། ། བསྒྲུབ་བྱ་ཐམས་ཅད་སྒྲོལ་བར་བྱེད།། མཚན་བཅས་བཟླས་པ་དེ་བཤད་དེ།། བསྒྲུབ་བྱ་རྟག་ཏུ་སྒྲོལ་བ་ཡིན།། མཚན་བཅས་ཕྱི་ཡི་བཟླས་པ་ནི།། སྙིང་ག་ནས་ནི་སྤྲོ་བྱ་ཞིང།། འོད་ཟེར་གྱིས་ནི་ཁམས་གསུམ་བསྒྲལ། ། སྤྲོ་དང་བསྡུ་བའི་སྦྱོར་བ་ཡིས།། ཞེ་སྡང་ཅན་རྣམས་བསྒྲལ་བར་བྱ།། བསྒྲུབ་པའི་བར་གཅོད་ཐམས་ཅད་ཀྱང།། སྔགས་ཀྱི་འོད་ཟེར་དྲག་པོས་བསྒྲལ།། གསང་བའི་གནས་ནས་སྤྲོ་བར་བྱ།། བསྒྲུབ་བྱ་དག་ནི་དེར་བསྒྲལ་ཏེ། ། ང་རྒྱལ་བཅས་པ་བཅོམ་ནས་ཀྱང།། ཡེ་ཤེས་ཕུར་པའི་འོད་ཟེར་ནི།། བར་མཚམས་མེད་པར་བསྐོར་བ་ཡིན།། སྔགས་ཀྱི་འོད་ཟེར་དེ་ཡིས་ནི།། བསྒྲལ་ཕྱིར་འཁོར་ལོ་དྲུག་ཀྱང་བསྐོར།། ལས་དང་ཉོན་མོངས་ཐམས་ཅད་ལ། ། འཁྲུལ་འཁོར་གཙང་མས་འཁོར་ལོ་བསྐོར།། དེ་ཡིས་གདུག་པ་ཀུན་སྒྲོལ་ཏེ།། ལས་ནི་ཐམས་ཅད་འགྲུབ་པ་ཡང།། དྲག་པོ་འདི་ཡིས་བྱེད་པར་འགྱུར།། ཡེ་ཤེས་ཐུགས་ཀྱི་ཕུར་བུ་ལས། ། བྱང་ཆུབ་སེམས་ཀྱི་འོད་འཕྲོ་ཞིང།། ཉོན་མོངས་ཐམས་ཅད་བསྲེག་པར་བསྒོམ། ཁྲོ་བོ་འཇིགས་པའི་གཟུགས་ཅན་གྱིས།། གདུག་པ་སྔགས་ཀྱི་སྒྲ་སྒྲོགས་ཤིང།། ཞེ་སྡང་ང་རྒྱལ་ལ་སོགས་འཇོམས། ཁྲོ་རྔམས་ཆེན་པོས་ཁམས་གསུམ་སྒྲོལ། ། སྤྲུལ་པ་ཕོ་ཉ་བཀའ་ཉན་གྱིས།། དེ་ཡི་སྡིག་སྒྲིབ་སྦྱངས་ཏེ་བསྒྲལ།། བཟླས་པ་གཉིས་ཀྱིས་ལས་ཀུན་འགྲུབ།། དེ་ལྟར་ཐུགས་རྗེས་བསྒྲུབ་བྱ་བསྒྲལ།། ཕུར་པ་ཕྲིན་ལས་ཀྱི་རྒྱུད་ལས། བསྐྱེད་རྫོགས་མཚན་བཅས་མཚན་མེད་ཀྱི་བཟླས་པ་འཁོར་ལོའི་ལེའུ་སྟེ་བདུན་པའོ།།།། དྲག་པོ་ལས་ཀྱི་དཀྱིལ་འཁོར་འདིར།། བགེགས་དང་ལོག་འདྲེན་བར་གཅོད་སོགས།། བསད་ཅིང་བརྡེག་སོགས་ཐབས་གང་ལགས།། རྫས་ནི་གང་དང་གང་གིས་བགྱི།། རྣམ་པར་རྒྱལ་བས་དེ་སྐད་གསོལ།། དེ་སྐད་གསོལ་གསན་བཀའ་སྩལ་པ། ། དངོས་གྲུབ་བར་གཅོད་བྱེད་ལ་སོགས།། བསད་ཅིང་བཅིང་བའི་ལས་ཚོགས་ནི།། སྔགས་དང་རྫས་དང་ལྡན་པར་བྱ།། ཡེ་ཤེས་ཐུགས་ཀྱི་ཕུར་བུ་ཡིས།། དྲག་པོའི་སྔགས་ནི་བཟླ་བར་བྱ། ། ཚོན་སྐུད་སྣ་ལྔས་མགོ་རྐང་བཅིང།། ཡེ་ཤེས་ཐུགས་ཀྱི་ཕུར་བུ་དང།། དུག་དང་རྫས་སུ་བཅས་པ་ནི།། བཏབ་པས་ཐམས་ཅད་གསོད་པར་འགྱུར།། བཟླས་པ་གསུམ་དང་ལྡན་པས་ནི།། བར་གཅོད་ཐམས་ཅད་སྒྲོལ་བར་བྱེད། ། དྲག་པོའི་ལས་ཀྱི་ཐུན་བཏབ་ན།། བསྒྲུབ་བྱ་དག་ནི་འཆི་བར་འགྱུར།། སྡུག་ཅིང་སྡང་སེམས་ལྡན་པ་རྣམས།། ཐུན་བཏབ་བསྲེག་པའི་ལས་ནི་བྱ།། ལས་ཀྱི་སྔགས་ནི་ཐམས་ཅད་ཀྱིས།། བར་གཅོད་ལོག་ལྟ་ཐམས་ཅད་བསྒྲལ། ། ཕོ་ཉའི་ཚོགས་རྣམས་ཐམས་ཅད་ཀྱིས།། བར་གཅོད་ཐམས་ཅད་རྟག་ཏུ་བསྒྲལ།། ལས་ཀྱི་རིམ་པ་བྱ་བ་ཡང།། སྦྱིན་སྲེག་དག་ནི་རབ་ཏུ་བྱ། ཐམས་ཅད་མ་ལུས་ཞི་བྱའི་ཕྱིར།། ཤིན་ཏུ་ཁ་དོག་དཀར་ལ་འཚེར། ། ཞི་བའི་ཐབ་ཁུང་དེ་བྱས་ཏེ། ཁྲུ་གང་ཁྲུ་དོའི་ཚད་དུ་བྱ།། འབྲས་ཐུག་འོ་ཐུག་དཀར་གསུམ་དང།། མངར་གསུམ་དང་ནི་རབ་ལྡན་ཏེ།། ཞི་བའི་རྫས་ནི་མ་ལུས་བསག། མེ་ཏོག་དཀར་པོ་ཏིལ་དཀར་དང། ། འབྲས་ཆན་ཏིལ་སོགས་དངུལ་ཕྱེ་བསག། བསྲེག་ཤིང་ཁྲུ་གང་ཚད་བྱས་ཏེ།། ཡམ་ཤིང་མཐོ་གང་སོར་བཞི་བྱ།། ཤིན་ཏུ་དྲི་ཞིམ་དྲི་ཡིས་བྱུག། རཾ་ལས་ཞི་བའི་མེ་ལྷ་ནི།། སྲུན་ལ་ཁ་དོག་དཀར་པོ་སྟེ། ། འོད་ཟེར་དཀར་པོ་འཁྱིལ་ཚུལ་འཕྲོ།། ར་སྐྱེས་དཀར་པོའི་གདན་ལ་བཞུག། བགྲང་ཕྲེང་རིལ་བ་ཕྱག་ན་བསྣམས།། ཉོན་མོངས་ཐམས་ཅད་ཞི་མཛད་པ།། མེ་ལྷ་གསལ་བསྒོམ་སྤྱན་དྲངས་ལ།། བསྟིམས་ཏེ་ཞལ་བསིལ་བསྲེག་བླུག་བདུན། ། ཕུལ་ཏེ་གང་འདོད་ཞི་བར་བཅོལ།། ཨོཾ་ཨགྣ་ཡེ་ཧ་བྱ་ཀ་བྱ། བ་ཧ་ན་ཡ་དི་བྱ་སྭཱ་ཧཱ།། དེ་ནས་གཙོ་བོ་ཡབ་ཡུམ་དང།། ཕྱོགས་ཀྱི་ཁྲོ་བོ་ལྔ་རྣམས་ལ།། ཆོ་ག་གོང་བཞིན་རྫོགས་པ་དང། ། བརྒྱ་རྩ་བརྒྱད་ཀྱིས་བསྲེག་བླུག་འབུལ། ཁྲོ་བོ་བཅུ་པོ་ཡབ་ཡུམ་ལ།། བརྒྱ་རྩ་བརྒྱད་ནི་དབུལ་བར་བྱ།། ཕྲ་མེན་སྤྲུལ་པའི་ཚོགས་ལ་བདུན།། སྒོ་སྐྱོང་ལ་ཡང་བདུན་འབུལ་ཏེ།། སོ་སོའི་སྔགས་ཀྱི་གཤམ་དག་ལ། ། འདི་ཞེས་བྱ་བ་ཞི་གྱུར་ཅིག། ཤཱིནྟཾ་ཀུ་རུ་སྭཱ་ཧཱ།། དེ་བྱས་གདུག་པའི་ཚོགས་རྣམས་ནི།། ཐམས་ཅད་མ་ལུས་ཞི་བར་འགྱུར།། རྒྱས་པའི་ལས་ཀྱིས་སྦྱིན་སྲེག་ནི།། གསེར་འདྲའི་ཐབ་ཁུང་ཁྲུ་དེའི་ཚད། ། བརྐོས་ཏེ་ཕྱི་རོལ་གྲུ་བཞིར་བྱ།། སྲེག་ཤིང་བུད་ཤིང་ཁྲུ་དོའི་ཚད།། མེ་ཏོག་སེར་པོ་ཉུང་དཀར་དང།། མར་དང་སྦྲང་རྩི་བུར་རམ་གསེར།། འབྲས་དང་འོ་ཐུག་ལ་སོགས་ཏེ།། རྒྱས་པའི་རྫས་རྣམས་སོ་སོར་བསག། རཾ་ལས་མེ་ལྷའི་སྐུ་བསྐྱེད་དེ།། སྲུན་ལ་ཁ་དོག་སེར་པོ་སྟེ།། འོད་ཟེར་སེར་པོ་ཕྱོགས་བཅུར་འགྱེད།། ར་སྐྱེས་སེར་པོའི་གདན་ལ་བཞུགས།། བགྲང་ཕྲེང་དང་ནི་སྤྱི་བླུག་འཛིན།། ཅི་འདོད་དངོས་པོ་རྒྱས་མཛད་པའི། ། མེ་ལྷ་གསལ་བསྒོམས་སྤྱན་དྲངས་ལ།། བསྟིམ་ཏེ་ཞལ་བསིལ་བསྲེག་བླུག་འབུལ།། ཕུལ་ཏེ་གང་འདོད་རྒྱས་པར་བཅོལ།། ཨོཾ་ཨགྣ་ཡེ་ཧ་བྱ་ཀ་བྱ།། བ་ཧ་ན་ཡེ་དི་བྱ་དི་བྱ་སྭཱ་ཧཱ། དང་པོ་གཙོ་བོ་ཡབ་ཡུམ་ལ།། དེ་འོག་རིགས་ལྔའི་ཀཱི་ལ་ཡ།། བརྒྱ་རྩ་བརྒྱད་ཀྱིས་བསྲེག་བླུག་འབུལ། ཁྲོ་བོ་ཁྲོ་མོ་ཉི་ཤུ་ལ།། བསྲེག་བླུག་ཉི་ཤུ་རྩ་གཅིག་འབུལ།། ཕྲ་མེན་སྤྲུལ་པ་སྒོ་སྐྱོང་དང།། སྲས་མཆོག་དག་ལ་བདུན་བདུན་འབུལ། ། སོ་སོའི་སྔགས་ཀྱི་གཤམ་དག་ལ།། འདི་ཞེས་བྱ་བ་རྒྱས་གྱུར་ཅིག། པུཥྟིཾ་ཀུ་རུ་སྭཱ་ཧཱ། ཚེ་དང་བསོད་ནམས་ལ་སོགས་ཏེ།། གང་འདོད་ཐམས་ཅད་རྒྱས་པར་འགྱུར།། དབང་གི་ལས་ཀྱི་སྦྱིན་སྲེག་ནི། ཁ་དོག་དམར་པོའི་ས་གཞི་ལ། ཁྲུ་དོའམ་ཁྲུ་བཞི་ཟླ་གམ་བརྐོ།། ཕྱི་རོལ་རྒྱར་ཡང་དེ་བཞིན་བྱ།། ཕྱི་རོལ་ཁ་དོག་ནག་པོ་ལ།། ཕྱག་རྒྱ་བཞི་ཡིས་མཚན་པར་བྲི། ཁ་དོག་དམར་པོའི་ཤིང་རྣམས་ལ། ། ཟླ་གམ་ཁྲུ་དོ་ཁྲུ་བཞི་བརྩིག། བུད་ཤིང་ཡམ་ཤིང་དེ་བཞིན་ནོ།། འབྲས་ཐུག་འོ་ཐུག་དམར་པོར་བྱ།། མེ་ཏོག་དམར་པོ་ཡུངས་མར་དང།། སྦྱར་བའི་བསྲེག་རྫས་རབ་ཏུ་འབུལ།། རཾ་ལས་མེ་ལྷ་དམར་པོར་བསྐྱེད། ། སྤྱན་དྲངས་བསྟིམས་ཏེ་ཞལ་བསིལ་ལ།། སྲེག་བླུག་བདུན་ཕུལ་དབང་ལས་བཅོལ།། ཨོཾ་ཨགྣ་ཡེ་ཧ་བྱ་ཀ་བྱ་དི་བྱ་དི་བྱ་ཡེ།། ཆེ་གེ་མོ་བ་ཤང་ཀུ་རུ་སྭཱ་ཧཱ། དང་པོ་དཀོན་མཆོག་གསུམ་ལ་མཆོད། ། རྩ་བ་ཡབ་ཡུམ་རིགས་ལྔ་ཡི།། ཀཱི་ལ་ཡ་ལ་བརྒྱ་རྩ་བརྒྱད། ཁྲོ་བོ་ཡབ་ཡུམ་ཉི་ཤུ་བརྒྱད།། ཕྲ་མེན་སྒོ་བ་སྲས་མཆོག་ལ།། བསྲེག་བླུག་བདུན་ནི་དབུལ་བར་བྱ།། སོ་སོའི་སྔགས་ཀྱི་གཤམ་དག་ལ།། འདི་ཞེས་བྱ་བ་དབང་དུ་སྡུས།། བ་ཤང་ཀུ་རུ་སྭཱ་ཧཱ། གང་ལ་བྱ་བ་དབང་དུ་འགྱུར།། དྲག་པོའི་ལས་ཀྱི་སྦྱིན་སྲེག་ནི།། ས་གཞི་ཁ་དོག་ནག་པོ་ལ།། གྲུ་གསུམ་ཁྲུ་གང་ཐུར་དུ་བརྐོ།། ཕྱི་རོལ་ཁྲུ་དོའམ་ཁྲུ་དྲུག་ཚད། ། མདུང་དང་རལ་གྲི་དགྲ་སྟྭ་དང།། མདའ་གཞུ་དེ་བཞིན་མཚོན་གྱིས་བསྐོར།། ཕྱི་རོལ་ཐོད་པ་མེ་རི་བྲི།། ཤིན་ཏུ་གདུག་པའི་ཤིང་རྣམས་ལ།། ཁྲུ་གང་གྲུ་གསུམ་དབྱིངས་སུ་བརྩིག། དེ་བཞིན་ཡམ་ཤིང་ལ་སོགས་བསག། ཟངས་ཕྱེ་རྡོ་ཕྱེ་ལྕགས་ཕྱེ་དང།། དུག་སྣ་མུངྒའི་ཆན་དུག་སྣ།། ཁྲག་སྣ་ཤ་སྣ་སྙིང་སྣ་དང།། དུག་གི་མེ་ཏོག་སྣ་ཚོགས་དང།། མེ་ཏོག་ནག་པོ་སྣ་ཚོགས་དང།། ཏིལ་ནག་ཁྲ་བོ་ནག་པོའི་འབྲུ།། རཾ་ལས་མེ་ལྷ་ནག་པོ་བསྐྱེད།། སྤྱན་དྲངས་བསྟིམ་ཞིང་ཞལ་བསིལ་ལ།། བསྲེག་བླུག་བདུན་ཕུལ་མངོན་སྤྱོད་བཅོལ།། ཨོཾ་ཨགྣ་ཡེ་ཧ་བྱ་ཀ་བྱ་ཝ་ཧ་ན་ཡེ་དི་བྱ་དི་བྱ་ཆེ་གེ་མོ་མཱ་ར་ཡ་ཕཊ།། རྩ་བ་ཡབ་ཡུམ་རིགས་ལྔ་ཡི། ། ཀཱི་ལ་ཡ་ལ་བརྒྱ་རྩ་བརྒྱད།། ཁྲོ་བོ་ཁྲོ་མོ་ཉི་ཤུ་གཅིག། ཕྲ་མེན་སྒོ་བའི་ཚོགས་རྣམས་དང།། སྲས་མཆོག་ཚོགས་ལ་བདུན་བདུན་ཕུལ།། སོ་སོའི་སྔགས་ཀྱི་གཤམ་དག་ལ།། བརྣག་པ་འདི་ཁོ་ན་མཱ་ར་ཡ། ། བསྟོད་དེ་སྦྱིན་སྲེག་བཅོལ་བར་བྱ།། ཧཱུཾ་ཞེ་སྡང་རྡོ་རྗེ་འཁོར་བཅས་པས།། འཇིག་རྟེན་ཁམས་ནི་རབ་འབྱམས་ཀུན། ཁྲོས་པས་ཡུད་ཀྱིས་བརླག་པར་མཛད།། བརླག་པར་མ་གྱུར་གང་ཡང་མེད།། ཆགས་པའི་རྡོ་རྗེ་འཁོར་བཅས་པས།། འཇིག་རྟེན་ཁམས་ནི་རབ་འབྱམས་ཀུན།། ཆགས་པས་སྡུད་ལ་དབང་མཛད་དེ།། དབང་དུ་མ་གྱུར་གང་ཡང་མེད།། ང་རྒྱལ་རྡོ་རྗེ་འཁོར་བཅས་པས།། འཇིག་རྟེན་ཁམས་ནི་རབ་འབྱམས་ཀུན། ། དཔལ་དང་གཟི་བརྗིད་ཆེན་པོ་རྣམས།། ཡུད་ཙམ་གྱིས་ནི་རྒྱས་པར་མཛད།། གཏི་མུག་རྡོ་རྗེ་འཁོར་བཅས་པས།། འཇིག་རྟེན་ཁམས་འདིར་རབ་འབྱམས་ཀུན།། ཡུད་ཙམ་གྱིས་ནི་ཞི་མཛད་དེ།། ཞི་མཛད་གྲུབ་ལ་ཕྱག་འཚལ་བསྟོད། ། དེ་ནས་ཐབ་ཁུང་རིམ་པ་ཡང།། ཀུན་གྱི་དཀྱིལ་འཁོར་རྡོ་རྗེས་མཚན།། ཞི་བའི་ཁ་ཁྱེར་ཟླ་ཚེས་མཚན།། རྒྱས་པ་ཉ་དང་ཉི་འོད་དོ།། དབང་ལ་པདྨ་དམར་པོས་མཚན།། ཞི་བ་རྗེའུ་རིགས་ཁྱིམ་གྱི་མེ། ། རྒྱས་པ་རྒྱལ་པོ་ལས་བྱུང་བའོ།། དབང་ནི་བྲམ་ཟེ་སྨད་འཚོང་མའོ།། དྲག་པོ་བཤན་པའི་ཁྱིམ་གྱི་མེ།། དེ་ལྟར་ལས་དེས་བསྒྲུབ་བྱ་སྒྲོལ།། དྲག་པོའི་སྔགས་ཀྱིས་ཟིལ་མནན་ལ།། གྲོགས་དང་ཕྲལ་ཏེ་དགུག་ཅིང་དབབ། ། བཅིངས་ཤིང་གཟིར་ལ་ཕུར་པས་གདབ།། མཚོན་གྱིས་གཏུབས་ཏེ་གཏུན་གྱིས་རྡུང།། ལྷག་མ་མེད་པར་བསྟབ་སྟེ་བསྒྲལ།། ཐམས་ཅད་ང་རྒྱལ་བཅག་པའི་ཕྱིར།། ཞི་བའི་སྦྱིན་སྲེག་བྱ་བ་ཡིན། ། ཚེ་དང་བསོད་ནམས་སྤེལ་བའི་ཕྱིར།། རྒྱས་པའི་སྦྱིན་སྲེག་དེ་བཞིན་བྱ།། ཐམས་ཅད་དབང་དུ་བསྡུ་བའི་ཕྱིར།། དབང་གི་སྦྱིན་སྲེག་བྱ་བ་ཡིན།། གནོད་གདུག་བར་གཅོད་སྒྲོལ་བའི་ཕྱིར།། ཨ་བྷི་ཙརྱའི་སྦྱིན་སྲེག་བྱ། ། ལས་བཞིས་ལས་རྣམས་ཀུན་རྫོགས་འགྲུབ།། ཕུར་པ་འཕྲིན་ལས་ཀྱི་རྒྱུད་ལས། ཨ་བྷི་ཙརྱའི་སྲེག་པ་དང་བཅས་པའི་ལེའུ་སྟེ་བརྒྱད་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། ཐུགས་ཀྱི་དཀྱིལ་འཁོར་གྲུ་གསུམ་ནག། བྱིན་བརླབས་ཕུར་པ་དེ་དག་ཀྱང།། སྐུ་སྟོད་ཞལ་གསུམ་དྲག་པོའི་སྐུ།། ཕྱག་དྲུག་མཚོན་ཆ་སྣ་ཚོགས་བསྣམས།། སྐུ་སྨད་ཕུར་བུ་ཟུར་གསུམ་སྟེ།། རཱུ་ཏྲའི་གདན་ལ་རབ་ཏུ་བཞུགས། ། གྲུ་གསུམ་གནས་ནི་ཐམས་ཅད་དུ།། དེ་ལྟའི་སྐུ་ནི་རབ་ཏུ་བསྐྱེད།། ཚོགས་དེ་རབ་ཏུ་འཇིགས་པའི་གཟུགས།། དེར་ནི་དྲག་པོའི་རྫས་རྣམས་དག། བསགས་ཏེ་གདབ་པའི་ལས་རྣམས་ཀྱང།། ཡེ་ཤེས་ཐུགས་ཀྱི་ཕུར་བུ་ནི། ། གསལ་བཀོད་འོད་ཟེར་ཚུལ་བཞིན་སྤྲོ།། དགུག་གཞུག་ལ་སོགས་སྔགས་རྣམས་ཀྱིས།། བསྒྲུབ་བྱ་དག་ལ་ལས་རྫོགས་བྱ།། གསལ་བ་གསུམ་དང་ལྡན་པ་ཡིས།། ཏེང་འཛིན་བསྒོམས་ཏེ་གདབ་པར་བྱ། ། ཞེ་སྡང་སྐུ་ནི་གསལ་བ་ལས།། ཀཱི་ལ་ཡ་ཡི་སྔགས་བཟླས་ནས།། ཞེ་སྡང་སྐུ་ནི་གསལ་གདབ་བྱ།། ཀཱི་ལ་ཡ་སོགས་སྔགས་དང་ནི།། ཁྲོ་རྒྱལ་སྔགས་དང་བཅས་པས་ནི།། སྐུ་གསལ་བསྒོམ་ཏེ་ཁྲུས་ལུད་བྱ། ། སྐྱེ་མེད་ཁྲུས་ཀྱིས་རབ་དག་ནས།། གཟི་བྱིན་བསྐྱེད་དེ་གདབ་པར་བྱ།། ཛ་ཡེ་བི་ཛ་ཡེ་ཨ་ཛི་ཏེ། ཨ་བ་ར་ཛི་ཏེ།། ཀ་ཏཾ་ཀ་ཡེ་སྔགས་ཀྱི་གདབ།། ཀུན་གཞི་ཉོན་མོངས་ཨར་གསལ་བྱ། ། ཨ་དེ་བདག་ལ་རབ་བསྟིམ་པ།། ཚོ་ཞེས་བྱ་སྟེ་དངོས་གྲུབ་བླངས།། ཨོཾ་སརྦ་ཏ་ཐཱ་ག་ཏ།། མ་ཧཱ་ཀཱ་ཡ་བཛྲ་སྭ་བྷ་ཝ་ཨཱཏྨ་ཀོུ྅ཧཾ། ཨཱ+ོཾ་སརྦ་ཏ་ཐཱ་ག་ཏ། མ་ཧཱ་ཝཱཀྐ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོུ྅ཧཾ། ཨཱ+ོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཙིཏྟ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོུ྅ཧཾ། བདག་གིས་སྐུ་གསུང་ཐུགས་ཐོབ་ནས།། བསྒྲུབ་བྱའི་བྱུང་ཚོར་སྒོ་དགག་བྱ།། གནས་བརྒྱད་དག་ཏུ་ཕུར་བུ་གདབ།། ཕུང་པོའི་རྟེན་ནི་གཅད་པའི་ཕྱིར།། བ་ར་བི་དྷྭན་མགོ་རེ་ལ།། དེ་བཞིན་ཚོགས་རྣམས་ཐམས་ཅད་ཀུན། ། གསལ་བར་བསྒོམས་ལ་མནན་ཏེ་བསྡམས།། རྣམ་ཤེས་རྟེན་ནི་རྩད་གཅད་ཕྱིར།། བདུད་རྩི་འཁྱིལ་པས་གདབ་པར་བྱ།། ཙྪིནྡ་ཙྪིནྡ་ཧཱུཾ་ཕཊ། སྙིང་ལ་བཏབ་སྟེ་ཀུན་གཞིའི་རྟེན། ། དག་པར་བྱས་ཏེ་བསྒྲལ་བའོ། ཁམས་གསུམ་རྣམ་རྒྱལ་སྔགས་ཀྱིས་ནི།། དཔུང་མགོ་གཉིས་སུ་གདབ་པར་བྱ།། ཞེ་སྡང་རྣམ་པར་དག་ཕྱིར་རོ།། བྷིནྡ་བྷིནྡ་ཧཱུཾ་ཕཊ། རྟ་མཆོག་དཔལ་གྱི་དབྱི་གཉིས་ལ། ། གྲྀཧྞ་གྲྀཧྞ་ཧཱུཾ་ཕཊ།། རྣམ་པར་རྒྱལ་བ་གསང་བར་གདབ།། སྐྱེ་རྒྱུན་དག་ནི་རབ་ཏུ་གཅོད།། ཧ་ན་ཧ་ན་ཧཱུཾ་ཕཊ།། མི་གཡོ་མགོན་པོས་མཚོགས་མར་གདབ།། བན་དྷ་བན་དྷ་ཧཱུཾ་ཕཊ།། བསྒྲུབ་བྱ་བསྒྲལ་ཕྱིར་རྣམ་ཤེས་རྟེན། ། བྱུང་ཚོར་སྒོ་ནི་དགག་ཕྱིར་གདབ།། ཧ་ན་ཧ་ན་བཛྲ། ད་ཧ་ད་ཧ་བཛྲ། པ་ཙ་པ་ཙ་བཛྲ། ཛྭ་ལ་ཛྭ་ལ་བཛྲ། སུ་རུ་སུ་རུ་བཛྲ། མུ་རུ་མུ་རུ་བཛྲ། ཛ་ཡེ་བི་ཛ་ཡེ། ཨ་ཛ་ཏེ། ཨ་པ་ར་ཛི་ཏེ། མིག་གཉིས་རྣ་བ་གཉིས་དང་ནི། ། སྣ་བུག་གཉིས་དང་ལྕེ་ལ་གདབ།། མགྲིན་པ་སྙིང་ག་ཁྲག་སྦལ་དང།། ཉོན་མོངས་ཡིད་ལ་རབ་ཏུ་གདབ།། གརྫ་གརྫ་ཏ་ཐཱ་ཡ་ཧཱུཾ་ཕཊ། འཇུ་ཐག་གཅད་ཕྱིར་སྤྱི་བོར་གདབ།། སྥོ་ཊ་ཡ་སྥོ་ཊ་ཡ་སརྦ་ཨཱ་ན་ཡ་ཧཱུཾ་ཕཊ། རྟེན་ཕུར་དབྱུང་ཕྱིར་མཐིལ་དུའོ།། གདབ་པ་ཀུན་གྱི་གོང་དུ་ནི།། མཐུ་དང་རྫུ་འཕྲུལ་དབྲོག་ཕྱིར་གདབ།། ཉོན་མོངས་མནར་བའི་སེམས་ཅན་དག། འཁོར་བའི་གནས་ནས་དྲང་བའི་ཕྱིར།། རྡོ་རྗེ་ཕུར་བུས་རབ་ཏུ་གདབ། ། ངན་སོང་རྒྱུ་ནི་དེས་ཚར་བཅད།། རྒྱ་མདུད་གཉིས་དང་ལོགས་བརྒྱད་དང།། དཔལ་དང་བཅས་པའི་འོད་ཟེར་གྱིས།། ངན་སོང་གསུམ་ནི་དེར་སྦྱོང་བྱེད།། ཕུར་བུའི་འོད་ཟེར་ཆེན་པོ་དེས། ། བདག་དང་གཞན་གྱི་དོན་བསྒྲུབ་བྱ།། སྔགས་ཀྱི་འོད་ཟེར་དྲག་པོ་དེ།། སྤྲོས་པས་གཞན་གྱི་སྡིག་པ་འཇོམས།། བསྡུས་པས་བདག་གི་སྡིག་པ་འཇོམས།། ཕུར་བུའི་འོད་ཟེར་དེ་བསྒོམས་ཤིང། ། རྣམ་རྟོག་ཐམས་ཅད་དེས་སྒྲོལ་བྱེད།། དྲག་པོའི་ལས་ནི་ཐམས་ཅད་ཀྱང།། སྙིང་རྗེས་ཟིན་པའི་ཞེ་སྡང་གིས།། ཉོན་མོངས་གནས་སུ་དག་བྱས་བསྒྲལ།། ཐུགས་ཀར་བཟླས་པའི་འཁོར་ལོས་བཟླ།། སྐུ་གསུང་ཐུགས་སུ་རབ་བཟླས་ཤིང། ། བདག་དང་གཞན་གྱི་དོན་བསྒྲུབ་བྱ།། སྔགས་དྲུག་ལས་ཀྱི་འཁོར་ལོ་ཡིས།། གཟས་པ་སྐད་ཅིག་གཅིག་གིས་སྒྲལ།། ཕུར་བུའི་འོད་ཟེར་ཆར་གྱི་ནི།། བདག་དང་གཞན་གྱི་དོན་བསྒྲུབ་བྱ། ། མཁའ་འགྲོའི་ལས་ཀྱི་སྔགས་ཀྱིས་ནི།། ཉོན་མོངས་གནོད་གདུག་ཚར་གཅད་བྱ།། རྡོ་རྗེ་འཁོར་ལོ་རལ་གྲི་དང།། རྒྱ་གྲམ་དབྱུག་ཏོ་མཚོན་ཆའི་ཆར།། ཐབས་ལ་མཁས་པས་གདུག་པ་སྒྲོལ།། ཐུགས་ཀྱི་དཀྱིལ་འཁོར་ཆེན་པོ་འདིར། ། སྔགས་ཀྱི་འོད་ཟེར་དྲག་པོ་ཡིས།། ངན་སོང་གསུམ་ལ་སོགས་པ་བསྒྲལ།། སྐྱེ་མེད་རྣམ་དག་ལམ་ལ་དགོད།། ཡེ་ཤེས་ཐུགས་ཀྱི་ཕུར་བུ་ཡིས།། རྣམ་རྟོག་ཚར་གཅོད་གཉིས་མེད་དགོད། ། ཡི་གེ་འབྲུ་ལྔ་འོད་ཟེར་ལྔས།། རྒྱུད་ལྔའི་ལས་ཀྱི་སྒོ་བཀག་ནས།། རྣམ་ཤེས་ཧཱུཾ་དུ་གསལ་གྱུར་ཏེ།། ཉོན་མོངས་ལས་ཀྱི་ཕུང་པོ་དག། རྣམ་རྟོག་ཐམས་ཅད་རྒྱས་པས་ནི།། ལས་དང་ཉོན་མོངས་དེས་བྱས་པས། ། སྡུག་བསྔལ་ཕུང་པོ་སྲེད་ལེན་བླངས།། རྣམ་རྟོག་ལས་ལས་བྱུང་བ་ཡི།། སྲིད་པའི་ཕུང་པོར་རྟེན་བཅས་ནས།། མ་རིག་འདུ་བྱེད་རྣམ་ཤེས་ཆགས།། མིང་གཟུགས་རེག་ཚོར་རྒ་ཤིའི་ལམ།། ངན་སོང་སྡུག་བསྔལ་དེས་སྦྱང་ཕྱིར། ། ལན་ཆགས་དགག་ཞིང་སྡིག་པ་བཤགས།། ཤེས་པ་རྟེན་བསྟིམ་སེམས་བསྐྱེད་སྐྱབས།། སོ་སོའི་ཁྲོ་རྒྱལ་ཆེན་པོ་དང།། སྤྲུལ་པའི་ཕོ་ཉ་ཡིག་འབྲུ་དང།། འོད་ཟེར་ཁྲོ་མོ་བུམ་ཆུ་ཨ་ཡིས་བཀྲུས། ། འདོད་ཡོན་ལྔ་ཡིས་ཚིམ་བྱས་ཤིང།། ཁྱད་པར་སེམས་བསྐྱེད་དམ་ཚིག་དབབ།། རིགས་ཀྱི་ལྷར་བརྟག་དེ་བསྒྲལ་ལོ།། དེ་དག་སྦྱང་ཕྱིར་ལས་ཀྱི་རྒྱུད།། ང་ཡིས་ངེས་པར་རབ་ཏུ་བཤད།། སེམས་ཀྱི་ཕུར་བུ་ཐིབས་པ་ན། ཁམས་གསུམ་བསྒྲལ་ཞེས་དེ་ལ་བརྗོད།། ཉི་ཤུ་རྩ་གཅིག་ཕུར་བུ་ནི།། རྣམ་ཤེས་དག་གི་རང་བཞིན་ལ།། ཕྱིས་ཉིད་མི་འཁོར་བྱ་བའི་ཕྱིར།། ཉོན་མོངས་ཕུང་པོ་དག་པ་ལ།། ཕུར་པ་གདབ་ཅིང་ལྷར་གསལ་དགོད། ། ཁྲོ་རྒྱལ་ཏིང་འཛིན་གསལ་བས་ནི།། ཕུང་པོ་ལྷར་གསལ་རྣམ་ཤེས་སེམས།། མི་རྟོག་དོན་གྱི་ལམ་ལ་དགོད།། གཉིས་མེད་དོན་གྱི་རང་བཞིན་ལ།། དགོད་པ་ཉིད་དུ་བྱ་བ་སྟེ།། སྟོང་ཉིད་དོན་ལ་རབ་གནས་པ། ། སྡིག་པ་ཐམས་ཅད་དེར་བཅོམ་སྟེ།། བྱང་ཆུབ་སེམས་ཀྱི་ཕུར་པ་ཡིན།། རྩ་བས་ཁམས་གསུམ་ཡང་དག་བསྒྲལ།། ཕུར་བུའི་འོད་ཟེར་ཕྱོགས་བཅུར་འཕྲོས།། དེ་དོན་རྟོགས་ན་ཐེབས་པ་ཡིན།། ལུས་སེམས་བྲལ་ན་འཁྱམས་པ་ཡིན། ། ཕུང་པོ་ཇ་རིལ་བསྒངས་བྱས་ལ།། དེ་ནས་ཡེ་ཤེས་བུམ་ཆུས་བཀྲུ།། ཤེས་པ་དག་ལ་ཆགས་པ་ཡི།། སྔོན་གྱི་ལན་ཆགས་གང་ཡོད་དང། ཁོག་སྲུང་དག་ལ་ལན་ཆགས་བཀར། ། བདེན་པའི་བཀའ་བསྒོ་དྲག་པོས་བསྐྲད།། སིལ་བུར་བྱས་ཏེ་དཀྱིལ་འཁོར་དགོད།། སྙིང་ནི་དབུས་སུ་དགོད་པར་བྱ།། མགོ་ནི་ཤར་ལ་གློ་བ་ལྷོ།། མཆིན་པ་ནུབ་སྟེ་མཁལ་མ་བྱང།། མཆེར་བ་ཤར་སྟོད་བཀོད་ནས་ཀྱང། ། གཙོ་བོ་ཡབ་ཡུམ་རིགས་ལྔ་ཡི།། ཀཱི་ལ་ཡ་ལྔ་རིམ་གྱིས་དགོད།། མིག་གཉིས་ཤར་དང་ཤར་ལྷོར་དགོད།། རྣ་བ་ལྷོ་དང་ལྷོ་ནུབ་ཏུ།། ལྕེ་ནི་ནུབ་ཏུ་སྣ་བུག་བྱང།། མགྲིན་པ་བྱང་དུ་དགོད་པར་བྱ། ། བྱང་ཤར་ལྷེན་སྣ་གསང་བའོ།། ཀླད་པ་སྟེང་དུ་དགོད་པར་བྱ།། གཡས་ཀྱི་སོག་པ་ཤར་དུ་སྟེ།། དཔུང་པ་ཤར་ལྷོ་ལག་ངར་ལྷོ།། གཡོན་གྱི་སོག་པ་ལྷོ་ནུབ་སྟེ།། དཔུང་པ་ནུབ་ཏུ་དགོད་པར་བྱ།། ལག་ངར་ནུབ་བྱང་དག་ཏུའོ། ། དཔྱི་གཡས་བྱང་སྟེ་བརླ་བྱང་ཤར།། རྗཻ་ངར་འོག་གི་ཕྱོགས་སུ་སྟེ།། རྐང་གཡོན་བརླ་དང་རྗེ་ངར་སྟེང།། དཔྱི་ནི་ཤར་ལྷོའི་མཚམས་སུ་དགོད།། ནམ་ཚོད་ཤར་སྨད་གཡས་གཡོན་རྩིབ།། ལྷོ་དང་ལྷོ་ནུབ་སྨད་དུ་དགོད། ། བྲང་ནུབ་ནུ་མ་གཡས་གཡོན་དང།། ཚོང་ར་མཇུག་ཐོ་བྱང་ཤར་འགོད།། ལག་མཐིལ་རྐང་མཐིལ་སྒོ་སྐྱོང་ངོ།། ཅི་རིགས་དོན་གྱི་ས་ལ་སྦྱར།། བསྲེག་པའི་ལས་ཀྱང་དེ་བཞིན་ནོ།། སྙིང་རྗེ་ཆེན་པོའི་ཏིང་འཛིན་གྱིས། ། སེམས་ཅན་དོན་ནི་བྱ་བ་ཡིན།། དེ་དོན་རྟོགས་ན་ཐེབས་པ་ཡིན།། དེ་ལྟའི་ལས་ཚད་ཕྲིན་ལས་མཆོག། ཕུར་བུ་ཕྲིན་ལས་ཀྱི་རྒྱུད་ལས། ཐུགས་ཀྱི་དཀྱིལ་འཁོར་ཕུར་བུ་[[]པ་[]]གདབ་པའི་ལེའུ་སྟེ་དགུ་པའོ། །།། དེ་ནས་ཕུར་བུ་གསུང་གི་དཀྱིལ་འཁོར་ནི།། དམར་ནག་ལེའུ་ཚེའི་དཀྱིལ་འཁོར་ལ།། དྲག་པོ་ལས་ཀྱི་ལྷ་རྣམས་དགོད།། དབུས་སུ་རྡོ་རྗེ་རྒྱ་གྲམ་སྟེ།། རྡོ་རྗེའི་ལྟེ་བར་ཀཱི་ལ་ཡའི།། སྔགས་ནི་རབ་ཏུ་བསྒྲིམས་ཏེ་བྲི། ། ཕྱོགས་བཞིའི་རྭ་ནི་བཞི་རྣམས་ལ།། རིགས་བཞི་ཀཱི་ལ་ཡ་རྣམས་ཀྱི།། སྙིང་པོ་དག་ཀྱང་རབ་ཏུ་བྲི།། སོ་སོའི་ལེའུ་ཚེ་དག་ལ་ནི།། དྲག་པོ་ལས་ཀྱི་སྔགས་རྣམས་བྲི།། མུ་ཁྱུད་ཨོཾ་ལཾ་སྔགས་ཀྱིས་བསྐོར།། པ་ར་བི་དྷྭན་སྔགས་རྣམས་ནི། ། ཧ་ན་ད་ཧའི་སྔགས་བཅས་པ།། ལེ་ཚེ་དག་ལ་རབ་ཏུ་བྲི།། གྲཝ་ཡི་ཕྱོགས་ནི་ཐམས་ཅད་དུ།། མ་མོའི་སྔགས་ནི་བྲི་བར་བྱ།། འགུགས་བྱེད་སྔགས་ནི་ཐམས་ཅད་ཀྱང།། ཕྱི་རོལ་མཚམས་སུ་བྲི་བར་བྱ། ། གསུང་གི་དཀྱིལ་འཁོར་དེ་བྲིས་ལ།། དེར་ནི་བཟླས་པ་འབད་དེ་བརྩམ།། འཁྲུལ་འཁོར་གསང་བར་བཟླས་པ་དང།། སྐུ་གསུང་ཐུགས་སུ་བཟླས་པའོ།། ཕྱི་རོལ་བཟླས་པ་དེ་བྱས་པས།། མ་རུངས་པ་རྣམས་སྒྲོལ་བར་བྱེད། ། དྲག་པོའི་སྔགས་ནི་བཟླས་པ་ཡིས།། བདག་དང་གཞན་གྱི་དོན་རྣམས་འགྲུབ།། སྤྲོ་དང་བསྡུ་བའི་ཏིང་འཛིན་གྱིས།། གསུང་གི་དཀྱིལ་འཁོར་དེ་དབུས་ཀྱི།། རྡོ་རྗེ་གཞོན་ནུའི་རྩ་སྔགས་ལ། ། རྟགས་མཚན་མ་བྱུང་བར་དུ་བཟླ།། ཕྱོགས་ཀྱི་ཀཱི་ལ་ཡ་རྣམས་ཀྱི།། སྔགས་ཀྱང་དེ་བཞིན་དྲན་པར་བྱ།། སྔགས་དེ་དག་གི་འཕྲོ་འདུ་ཡིས།། ལས་དང་ཉོན་མོངས་ཐམས་ཅད་འཇོམས།། བསྒྲུབ་བྱའི་ལུས་ལ་འོད་ཟེར་འཕྲོ། ། དེ་ཡི་སྒྲིབ་པ་སྦྱོང་བར་བྱེད།། དྲག་པོའི་སྔགས་དང་ལས་རྣམས་ནི།། ཉིན་མཚན་དུ་ནི་སྤྲོ་བར་བྱ།། གཙོ་བོའི་སྐུ་རུ་གསལ་བྱས་ཏེ།། སྤྱི་བོ་ལྗགས་དང་སྙིང་ག་ནས།། སྤྲོས་ཏེ་གཡས་རྒྱུ་གཡོན་རྒྱུ་དང། ། འཁོར་བར་རྒྱུ་དང་ཕྲ་མོར་རྒྱུ།། ཕུར་བུའི་གཟུགས་སོགས་ཡིག་འབྲུ་སྤྲོ།། བཅུད་བསྡུས་ཡིག་འབྲུའི་ཚུལ་དུ་བསྡུ།། ལུས་ཀྱི་འཁོར་ལོའི་གནས་རྣམས་སུ།། ཡིག་འབྲུ་ཕུར་བུ་དེར་སྤྲོ་བྱ།། སྦྱིན་སྲེག་བཞི་ཡང་དེར་བསྒྲུབ་སྟེ། ། མཆོད་སྦྱིན་བཞི་ཡང་དེར་བསྒྲུབ་བྱ།། དགང་གཟར་བླུགས་གཟར་སྦྱར་བ་ཡིས།། གསང་བའི་གནས་སུ་སྦྱིན་བསྲེག་བྱ།། དེར་ནི་མཆོད་པ་བྱ་བ་སྟེ།། མཆོད་པ་གསུམ་དུ་ཤེས་པར་བྱ། ། གནས་གསུམ་དག་ཏུ་མཆོད་པ་ཡིས།། ཉོན་མོངས་རྣམ་རྟོག་བསྲེག་བྱའི་ཕྱིར།། ཁྲོ་རྒྱལ་རྣམས་ནི་རྟག་ཏུ་མཆོད།། ཁྲོ་བོ་འཇིགས་པའི་གཟུགས་ཅན་གྱིས།། མ་རུངས་ཚོགས་ནི་ཀུན་འདུལ་བྱེད།། ཐབས་དང་ཤེས་རབ་སྦྱོར་བྱེད་ཅིང། ། སྤྲུལ་པའི་མགོ་བརྙན་མང་པོ་འགྱེད།། མགྱོགས་པ་མགྱོགས་མ་ཕོ་ཉར་བཅས།། གདུག་པའི་ཚོགས་རྣམས་ཐམས་ཅད་ལ།། ཉིན་དང་མཚན་དུ་ལས་བྱེད་འགྱུར།། འོད་ཟེར་ཀུན་ཏུ་སྤྲོ་བྱེད་ཅིང། ། ལས་དང་ཉོན་མོངས་ཐམས་ཅད་བསྲེག། འཇིག་རྟེན་ཁམས་ནི་ཐམས་ཅད་དུ། ཁྲོ་བོ་སྤྲུལ་པ་ཕྲ་མེན་བཅས།། དེ་ཡིས་ཐམས་ཅད་ཁེངས་གྱུར་ཏེ།། མཚོན་ཆ་སྣ་ཚོགས་རབ་ཏུ་འཕྲོ།། དེས་ནི་གདུག་པའི་ཚོགས་རྣམས་ཀུན། ། སྐད་ཅིག་ཡིད་ཀྱིས་འཇིགས་པར་མཛད།། ཡེ་ཤེས་ཐུགས་ཀྱི་ཕུར་བུ་ནི།། གསུང་གི་དཀྱིལ་འཁོར་དེར་བཀོད་བྱ།། མཚན་བཅས་མཚན་མེད་བཟླས་པ་བྱ།། གཉིས་སུ་བསྐྱེད་དང་གཉིས་མེད་བསྟིམ། ། བཟླས་བརྗོད་དབུལ་ཞིང་དངོས་གྲུབ་བླང།། སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་ཡིས།། དངོས་གྲུབ་དག་ནི་རབ་ཏུ་བསྒྲུབ།། བཟླས་པའི་དྲོད་ཚད་ལྡན་པ་ཡིས།། རྒྱུད་དྲུག་གནས་ནས་དྲག་པོས་བསྒྲལ།། ཞེ་སྡང་ཆེན་པོའི་ཏིང་འཛིན་གྱིས། ། ཉོན་མོངས་དག་ནི་རབ་ཏུ་བསྒྲལ།། ལས་དང་ཉོན་མོངས་ཐམས་ཅད་ནི།། ཐུགས་རྗེ་ཆེན་པོའི་འོད་ཟེར་གྱིས།། མ་ལུས་པར་ནི་བསྲེག་པར་མཛད།། ཡེ་ཤེས་མེ་ནི་ཕྱོགས་བཅུར་འཕྲོ། ཁྲོ་རྒྱལ་འཇིགས་པའི་གཟུགས་ཅན་གྱིས།། སྟོང་ཉིད་དོན་ལ་འགོད་པར་མཛད།། ཡེ་ཤེས་མེ་ཡིས་ཉོན་མོངས་བསྲེག། གདུག་ཅིང་སྡང་སེམས་ལྡན་པ་རྣམས།། ཡེ་ཤེས་མེ་ཡིས་བསྲེགས་པར་འགྱུར།། རྩ་བའི་སྐུ་ལས་འོད་ཟེར་འཕྲོ། ། གསུང་གི་འོད་ཟེར་དེ་དབང་བསྐུར།། ཡེ་ཤེས་ཐུགས་ཀྱི་ཕུར་བུ་ཡིས།། ལས་དང་ཉོན་མོངས་ཐམས་ཅད་འཇོམས།། བྱང་ཆུབ་སེམས་ཀྱི་ཕུར་བུ་ཡིས།། གཉིས་མེད་དོན་ལ་དེ་བསྒོམ་བྱ། ། ལུས་ཀྱི་གནས་ནི་ཐམས་ཅད་དུ།། རྒྱུད་དྲུག་གནས་ཀྱི་ས་བོན་གསལ།། དེར་ནི་ཧཱུཾ་གི་ས་བོན་ནི།། བཀོད་དེ་རང་རྒྱུད་ས་བོན་བསྲེག། སྤྲོ་དང་བསྡུ་བའི་རང་བཞིན་ཡང།། ལུས་ཀྱི་གནས་རྣམས་ཀུན་ཏུ་བྱའོ། ། གསུང་གི་དཀྱིལ་འཁོར་ཆེན་པོས་ནི།། ཐམས་ཅད་སྒྲུབ་པར་བྱེད་པ་ཡིན།། གསུང་གི་དཀྱིལ་འཁོར་དེ་དག་ནི།། ལས་ཀྱི་སྔགས་རྣམས་དེར་བཀོད་ཅིང།། གནས་དེར་ལས་རྣམས་ཐམས་ཅད་བྱེད།། ཤེས་རབ་ཐབས་ཀྱིས་སྐུལ་བྱེད་ཅིང། ། བརྡའ་ཡང་དེ་བཞིན་བསྐུལ་བ་ཡིན།། ས་མ་ཡ་ཧོ། ས་མ་ཡ་སྟྭཾ། རཱ་ཧོ་ཧཾ། རཱ་ག་ཡཱ་མི། ཨོཾ་སརྦ་ཏ་ཐཱ་ག་ཏ། མ་ཧཱ་ཨ་ནུ་རཱ་ག་ཎ་པཱུ་ཛ་སྭ་བྷཱ་ཝ་ཨཱཏྨ་ཀོུ྅ཧཾ། ཨཱ+ོཾ་བཛྲ་ཀྲོ་དྷ་ཧཱུཾ་ཀཱ་ར་ཧཱུཾ། གརྫ་གརྫ་ཧཱུཾ་ཕཊ། ཨཱ+ོཾ་བཛྲ་ཀྲོ་དྷཱི་དཱི་པ་ཡ་ཏི་ཧཱུཾ་ཕཊ། བཛྲ་སཱུ་ཀ་ར་མུ་ཁ་ཧཱུཾ། ཨཱ+ོཾ་བཛྲ་ཨི་ཥུ་ས་མུ་ཁཱི་ཧཱུཾ། ཨཱ+ོཾ་བཛྲ་ཀྲོ་དྷ་བི་ཛ་ཡ་ཧཱུཾ། ཧ་ན་ཧ་ན་ཧཱུཾ་ཕཊ། ཨཱ+ོཾ་བཛྲ་ཀྲོ་དྷཱི་ལཱ་སྱ་ཀི་ཧཱུཾ་ཕཊ། བཛྲ་བྱ་གྷྲ་མུ་ཁ་ཧཱུཾ། བཛྲ་གྲྀ་ཌྷ་མུཾ་ཁཱི་ཧཱུཾ། ཨཱ+ོཾ་བཛྲ་ཀྲོ་དྷ་ནཱི་ལ་དཎྜ་ཧཱུཾ། ད་ཧ་ད་ཧ་ཧཱུཾ་ཕཊ། ཨཱ+ོཾ་བཛྲ་ཀྲོ་དྷཱི་ཏཱ་རཱ་ཧཱུཾ། ཨཱ+ོཾ་ཙ་མ་ར་མུ་ཁ་ཧཱུཾ། ཨཱ+ོཾ་བཛྲ་དྲོ་ཎ་མུ་ཁཱི་ཧཱུཾ། ཨཱ+ོཾ་བཛྲ་ཀྲོ་དྷ་ཡ་མནྟ་ཀ་ཧཱུཾ། པ་ཙ་པ་ཙ་ཧཱུཾ་ཕཊ། ཨཱ+ོཾ་བཛྲ་ཀྲོ་དྷི་ཤྨ་ཤ་ན་བ་ཏཱི་ཧཱུཾ། ཨོཾ་བཛྲ་ཧ་རི་ཎ་མུ་ཁ་ཧཱུཾ། ཨཱ+ོཾ་བཛྲ་ཨུ་ལཱུ་ཀ་མུ་ཁཱི་ཧཱུཾ། ཨཱ+ོཾ་བཛྲ་ཀྲོ་དྷ་ཨཱརྱ་ཨ་ཙ་ལ་ཧཱུཾ། བན་དྷ་བན་དྷ་ཧཱུཾ་ཕཊ། ཨཱ+ོཾ་བཛྲ་ཀྲོ་དྷཱི་མུ་ས་ལ་ཧཱུཾ། ཨཱ+ོཾ་བཛྲ་དྭི་པཱི་མུ་ཁ་ཧཱུཾ། ཨཱ+ོཾ་བཛྲ་བ་ཀཱ་ཀ་མུ་ཁཱི་ཧཱུཾ། ཨཱ+ོཾ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་ཝ་ཧཱུཾ། ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ། ཨཱ+ོཾ་བཛྲ་ཀྲོ་དྷི་ཙཎྜ་ལཱི་ཏི་ཧཱུཾ། ཨཱ+ོཾ་བཛྲ་བི་ཌཱ་ལ་མུ་ཁ་ཧཱུཾ། ཨཱ+ོཾ་བཛྲ་བཀྵ་ཏི་མུ་ཁཱི་ཧཱུཾ། ཨཱ+ོཾ་བཛྲ་ཀྲོ་དྷ་ཨ་པ་རཱ་ཛི་ཏ་ཧཱུཾ། ཏིཥྛ་ཏིཥྛ་ཧཱུཾ་ཕཊ། ཨཱ+ོཾ་བཛྲ་ཀྲོ་དྷཱི་ཤ་བྱཱ་ཡ་ཏི་ཧཱུཾ། ཨཱ+ོཾ་བཛྲ་ཤྭ་ན་མུ་ཁ་ཧཱུཾ། ཨཱ+ོཾ་བཛྲ་པ་ཏྲི་མུ་ཁཱི་ཧཱུཾ། ཨཱ+ོཾ་བཛྲ་ཀྲོ་དྷ་ཨ་མྲྀ་ཏ་ཀུཎྜ་ལི་ཧཱུཾ། ཙྪིནྡ་ཙྪིནྡ་ཧཱུཾ་ཕཊ། ཨཱ+ོཾ་བཛྲ་ཀྲོ་དྷཱི་ས་བྱཱ་མི་ཏ་ཧཱུཾ། ཨཱ+ོཾ་བཛྲ་སིང་ཧ་མུ་ཁ་ཧཱུཾ། ཨཱ+ོཾ་བཛྲ་རཾ་ཏཱི་ལ་མུ་ཁཱི་ཧཱུཾ། ཨཱ+ོཾ་བཛྲ་ཀྲོ་དྷ་ཏྲཻ་ལོ་ཀྱ་བི་ཛ་ཡ་ཧཱུཾ། བྷིནྡ་བྷིནྡ་ཧཱུཾ་ཕཊ། ཨཱ+ོཾ་བཛྲ་ཀྲོ་དྷཱི་མ་ར་ཎ་ཧཱུཾ། ཨཱ+ོཾ་བཛྲ་ཏཀྵུ་རཀྵ་ས་མུ་ཁ་ཧཱུཾ། ཨཱ+ོཾ་བཛྲ་ན་ཀུ་ལ་མུ་ཁཱི་ཧཱུཾ། ཨཱ+ོཾ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ་ཧཱུཾ། སྥོ་ཊ་སྥོ་ཊ་ཧཱུཾ་ཕཊ། ཨཱ+ོཾ་བཛྲ་ཀྲོ་དྷཱི་ཙུནྡ་ཡ་ཏི་ཧཱུཾ། ཨཱ+ོཾ་བཛྲ་རྀ་ཀྵ་མུ་ཁ་ཧཱུཾ། ཨཱ+ོཾ་བཛྲ་ཀ་སི་ཀ་མི་ཀ་མུ་ཁཱི་ཧཱུཾ། ཨཱ+ོཾ་བཛྲ་ཨཀྵི་ཎི་མུ་ཁ་ཧཱུཾ། ཨཱ+ོཾ་བཛྲ་བྷཻ་ར་བེ་མུ་ཁ་ཧཱུཾ། ཨཱ+ོཾ་བཛྲ་ཨ་མྲྀ་ཏ་མུ་ཁ་ཧཱུཾ། ཨཱ+ོཾ་བཛྲ་མཱ་ར་ཎ་མུ་ཁ་ཧཱུཾ། ཨཱ+ོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱཾ་བཾ་ཧཱུཾ་ཧཱུཾ་ཕཊ། ཛཿཧཱུཾ་བཾ་ཧོཿ་ཨ་སུ་ནརྀ་པྲེ་ཏྲི་དུ། རྒྱུད་དྲུག་སྐུལ་བྱེད་དེས་བསྐུལ་ཅིང།། འབྲུ་དགུ་སྔགས་ཀྱང་དེར་བཀོད་དེ། ། དཀྱིལ་འཁོར་དེར་ནི་དེ་བཟླས་པས།། བསྒྲུབ་བྱའི་ཚོགས་རྣམས་སྒྲོལ་བར་བྱེད།། གསུང་གི་དཀྱིལ་འཁོར་དེ་བཞིན་ཡང།། རང་རང་ལྷ་རྣམས་གདན་དུ་བཏིང།། ཕུར་པ་ཕྲིན་ལས་ཀྱི་རྒྱུད་ལས། གསུང་གི་དཀྱིལ་འཁོར་གྱི་ལེའུ་སྟེ་བཅུ་པའོ།།།། རྡོ་རྗེ་ཕུར་བུའི་ལས་རྣམས་ནི།། དྲག་པོ་ལས་ཀྱི་སྔགས་ཀྱིས་བྱེད།། སྔགས་ཀྱི་ཚོགས་ནི་ཐམས་ཅད་ཀྱང། ། ཨཱ་ལི་ཀཱ་ལི་དག་ལས་བྱུང།། ལྷ་རྣམས་སོ་སོའི་སྙིང་པོ་ནི།། སྔགས་དེ་དག་ལས་རབ་ཏུ་བྱུང།། དབྱངས་ཀྱི་ཡི་གེ་བཅུ་དྲུག་ལ།། མིང་ཡིག་སྡེ་ཚན་ལྔ་ཡིས་བརྒྱན།། སྡེ་ཚན་ལྔ་ཡི་གསུམ་པ་དང།། སྡེ་ཚན་གཉིས་པའི་གསུམ་པ་ལ། ། ཨནྟསྠཱ་ཡི་གཉིས་པས་མཛེས།། སྡེ་ཚན་དང་པོའི་དང་པོ་ལ།། དབྱངས་ཡིག་གི་ནི་བཞི་པས་བརྒྱན།། ཨནྟསྠཱ་ཡི་གསུམ་པ་ལ།། དབྱངས་ཡིག་གི་ནི་གསུམ་པས་བརྒྱན།། སྡེ་ཚན་དང་པོའི་དང་པོ་ལ། ། དབྱངས་ཀྱི་ཡི་གེ་བཞི་པས་བརྒྱན།། ཨནྟསྠཱ་ཡི་གསུམ་པ་དང།། ཨནྟསྠཱ་ཡི་དང་པོའོ།། ཨཱུཥྨ་ཎ་ཡི་གསུམ་པ་དང།། ཨནྟསྠཱ་ཡི་གཉིས་པ་ལ།། སྡེ་ཚན་ལྔ་ཡི་གསུམ་པས་བརྒྱན།། ལྔ་པ་ཡི་ནི་གསུམ་པ་ལ། ། དབྱངས་ཡིག་གི་ནི་གསུམ་པས་བརྒྱན།། སྡེ་ཚན་དང་པོའི་བཞི་པས་མཛེས།། སྡེ་ཚན་བཞི་པའི་ལྔ་པ་ལ།། དབྱངས་ཀྱི་ཡི་གེ་གཉིས་པས་བརྒྱན།། སྡེ་ཚན་བཞི་པའི་ལྔ་པས་བརྒྱན།། སྡེ་ཚན་ལྔ་པའི་གསུམ་པ་ལ། ། སྡེ་ཚན་ལྔ་པའི་ལྔ་པས་བརྒྱན།། ཨཱུཥྨ་ཎ་ཡི་བཞི་པ་ལ།། དབྱངས་ཡིག་གི་ནི་དྲུག་པས་བརྒྱན།། སྡེ་ཚན་ལྔ་པའི་ལྔ་པས་མཛེས།། སྡེ་ཚན་ལྔ་པའི་གཉིས་པ་ལ།། སྡེ་ཚན་གསུམ་པའི་དང་པོས་བརྒྱན། ། དབྱངས་ཡིག་གི་ནི་བཅུ་གསུམ་ལ།། སྡེ་ཚན་ལྔ་པའི་ལྔ་པས་བརྒྱན།། ལྔ་པ་ཡི་ནི་གསུམ་པ་དང།། སྡེ་ཚན་གཉིས་པའི་གསུམ་པ་ལ།། ཨནྟསྠཱ་ཡི་གཉིས་པས་བརྒྱན།། དང་པོ་ཡི་ནི་དང་པོ་ལ།། ཨནྟསྠཱ་ཡི་གཉིས་པས་བརྒྱན། ། དབྱངས་ཀྱི་བཅུ་གསུམ་པ་ཡིས་མཛེས།། སྡེ་ཚན་བཞི་པའི་བཞི་པའོ།། ཨཱུཥྨ་ཎ་ཡི་བཞི་པ་ལ།། དབྱངས་ཡིག་གི་ནི་དྲུག་པས་བརྒྱན།། སྡེ་ཚན་ལྔ་པའི་ལྔ་པས་བརྒྱན།། སྡེ་ཚན་དང་པོའི་དང་པོ་ལ། ། དབྱངས་ཀྱི་ཡི་གེ་གཉིས་པས་བརྒྱན།། ཨནྟསྠཱ་ཡི་གཉིས་པའོ།། ཨཱུཥྨ་ཎ་ཡི་བཞི་པ་ལ།། དབྱངས་ཡིག་གིས་ནི་དྲུག་པས་བརྒྱན།། སྡེ་ཚན་ལྔ་པའི་ལྔ་པས་བརྒྱན།། སྡེ་ཚན་དང་པོའི་གསུམ་པ་དང། ཨནྟསྠཱ་ཡི་གཉིས་པ་ལ། ། སྡེ་ཚན་གཉིས་པའི་གསུམ་པས་མཛེས།། སྡེ་ཚན་དང་པོའི་གསུམ་པ་དང།། ཨནྟསྠཱ་ཡི་གཉིས་པ་ལ།། སྡེ་ཚན་གཉིས་པའི་གསུམ་པས་མཛེས།། ཨཱུཥྨ་ཎ་ཡི་བཞི་པ་ལ།། དབྱངས་ཡིག་གི་ནི་དྲུག་པས་བརྒྱན། ། སྡེ་ཚན་ལྔ་པའི་ལྔ་པས་མཛེས།། སྡེ་ཚན་ལྔ་པའི་གཉིས་པ་ལ།། སྡེ་ཚན་གསུམ་པའི་དང་པོས་བརྒྱན།། དབྱངས་ཡིག་གི་ནི་བཅུ་གསུམ་ལ།། སྡེ་ཚན་ལྔ་པའི་ལྔ་པས་བརྒྱན།། སྡེ་ཚན་ལྔ་པའི་གསུམ་པ་དང། ། སྡེ་ཚན་གཉིས་པའི་གསུམ་པ་ལ།། ཨནྟསྠཱ་ཡི་གཉིས་པས་བརྒྱན།། སྡེ་ཚན་དང་པོའི་དང་པོ་ལ།། ཨནྟསྠཱ་ཡི་གཉིས་པས་བརྒྱན།། དབྱངས་ཡིག་བཅུ་གསུམ་པ་ཡིས་མཛེས།། སྡེ་ཚན་བཞི་པའི་བཞི་པ་ལ། ། དབྱངས་ཀྱི་ཡི་གེ་བཞི་པས་བརྒྱན།། སྡེ་ཚན་བཞི་པའི་གསུམ་པ་ལ།། དབྱངས་ཡིག་གེ་ནི་བཞི་པས་བརྒྱན།། སྡེ་ཚན་ལྔ་པའི་དང་པོ་དང།། ཨནྟསྠཱ་ཡི་དང་པོའོ།། སྡེ་ཚན་བཞི་པའི་དང་པོ་ལ། ། དབྱངས་ཀྱི་ཡི་གེ་གསུམ་པས་བརྒྱན།། ཨཱུཥྨ་ཎ་ཡི་བཞི་པ་ལ།། དབྱངས་ཡིག་གི་ནི་དྲུག་པས་བརྒྱན།། སྡེ་ཚན་ལྔ་པའི་ལྔ་པས་མཛེས།། དབྱངས་ཡིག་གི་ནི་བཅུ་གསུམ་ལ།། སྡེ་ཚན་ལྔ་པའི་ལྔ་པས་བརྒྱན།། ལྔ་པ་ཡི་ནི་གསུམ་པ་དང། ། སྡེ་ཚན་གཉིས་པའི་གསུམ་པ་ལ།། ཨནྟསྠཱ་ཡི་གཉིས་པས་བརྒྱན།། དང་པོ་ཡི་ནི་དང་པོ་ལ།། ཨནྟསྠཱ་ཡི་གཉིས་པས་བརྒྱན།། དབྱངས་ཀྱི་བཅུ་གསུམ་པ་ཡིས་མཛེས།། སྡེ་ཚན་བཞི་པའི་བཞི་པའོ། ། སྡེ་ཚན་ལྔ་པའི་གསུམ་པ་ལ།། དབྱངས་ཀྱི་ཡི་གེ་གསུམ་པས་མཛེས།། སྡེ་ཚན་གཉིས་པའི་གསུམ་པ་དང།། ཨནྟསྠཱ་ཡི་དང་པོའོ།། ཨཱུཥྨ་ཎ་ཡི་བཞི་པ་ལ།། དབྱངས་ཡིག་གི་ནི་དྲུག་པས་བརྒྱན།། སྡེ་ཚན་ལྔ་པའི་ལྔ་པས་བརྒྱན། ། ཨཱུཥྨ་ཎ་ཡི་བཞི་པ་ལ།། སྡེ་ཚན་བཞི་པའི་བཞི་པ་ནི།། ཉིས་འགྱུར་དག་ཏུ་བྱ་བ་ཡིན།། ཨཱུཥྨ་ཎ་ཡི་བཞི་པ་ལ།། དབྱངས་ཡིག་གི་ནི་དྲུག་པས་བརྒྱན།། སྡེ་ཚན་ལྔ་པའི་ལྔ་པས་བརྒྱན།། སྡེ་ཚན་ལྔ་པའི་གཉིས་པ་ལ། ། སྡེ་ཚན་གསུམ་པའི་དང་པོས་བརྒྱན།། དབྱངས་ཡིག་གི་ནི་བཅུ་གསུམ་ལ།། སྡེ་ཚན་ལྔ་པའི་ལྔ་པས་བརྒྱན།། ལྔ་པ་ཡི་ནི་གསུམ་པ་དང།། སྡེ་ཚན་གཉིས་པའི་གསུམ་པ་ལ།། ཨནྟསྠཱ་ཡི་གཉིས་པས་བརྒྱན། ། དང་པོ་ཡི་ནི་དང་པོ་ལ།། ཨནྟསྠཱ་ཡི་གཉིས་པས་བརྒྱན།། དབྱངས་ཀྱི་བཅུ་གསུམ་པ་ཡིས་མཛེས།། སྡེ་ཚན་བཞི་པའི་བཞི་པ་ལ།། དབྱངས་ཀྱི་ཡི་གེ་བཞི་པས་བརྒྱན།། ཨནྟསྠཱ་ཡི་གསུམ་པ་ལ། ། དབྱངས་ཀྱི་ཡི་གེ་གཉིས་པར་ལྡན།། ཨཱུཥྨ་ཎ་ཡི་གསུམ་པ་ལ།། ཨནྟསྠཱ་ཡི་དང་པོ་སྦྱར།། དང་པོ་ཡི་ནི་དང་པོ་ལ།། དབྱངས་ཀྱི་ཡི་གེ་གསུམ་པས་མཛེས།། ཨཱཥྨ་ཎ་ཡི་བཞི་པ་ལ།། དབྱངས་ཀྱི་ཡི་གེ་དྲུག་པས་མཛེས། ། སྡེ་ཚན་ལྔ་པའི་ལྔ་པས་བརྒྱན།། དབྱངས་ཡིག་གི་ནི་བཅུ་གསུམ་ལ།། སྡེ་ཚན་ལྔ་པའི་ལྔ་པས་བརྒྱན།། ལྔ་པ་ཡི་ནི་གསུམ་པ་དང། སྡེ་ཚན་གཉིས་པའི་གསུམ་པ་ལ།། ཨནྟསྠཱ་ཡི་གཉིས་པས་བརྒྱན།། དང་པོ་ཡི་ནི་དང་པོ་ལ། ། ཨནྟསྠཱ་ཡི་གཉིས་པས་བརྒྱན།། དབྱངས་ཀྱི་བཅུ་གསུམ་པ་ཡིས་མཛེས།། སྡེ་ཚན་བཞི་པའི་བཞི་པའོ།། ཨནྟསྠཱ་ཡི་དང་པོ་དང།། སྡེ་ཚན་ལྔ་པའི་ལྔ་པ་ལ།། དབྱངས་ཀྱི་ཡི་གེ་གཉིས་པས་མཛེས། ། སྡེ་ཚན་བཞི་པའི་ལྔ་པ་ལ།། སྡེ་ཚན་བཞི་པའི་དང་པོས་བརྒྱན།། སྡེ་ཚན་དང་པོའི་དང་པོའོ།། ཨཱུཥྨ་ཎ་ཡི་བཞི་པ་ལ།། དབྱངས་ཀྱི་ཡི་གེ་དྲུག་པས་མཛེས།། སྡེ་ཚན་ལྔ་པའི་ལྔ་པས་བརྒྱན།། སྡེ་ཚན་ལྔ་པའི་དང་པོ་དང། ། སྡེ་ཚན་གཉིས་པའི་དང་པོའོ།། དེ་དག་ཉིས་འགྱུར་དག་ཏུ་བྱ།། ཨཱུཥྨ་ཎ་ཡི་བཞི་པ་ལ།། དབྱངས་ཡིག་གི་ནི་དྲུག་པས་བརྒྱན།། སྡེ་ཚན་ལྔ་པའི་ལྔ་པས་མཛེས།། སྡེ་ཚན་ལྔ་པའི་གཉིས་པ་ལ།། སྡེ་ཚན་གསུམ་པའི་དང་པོས་མཛེས། ། དབྱངས་ཡིག་གི་ནི་བཅུ་གསུམ་ལ།། སྡེ་ཚན་ལྔ་པའི་ལྔ་པས་བརྒྱན།། ལྔ་པ་ཡི་ནི་གསུམ་པ་དང།། སྡེ་ཚན་གཉིས་པའི་གསུམ་པ་ལ།། ཨནྟསྠཱ་ཡི་གཉིས་པས་བརྒྱན། ། དང་པོ་ཡི་ནི་དང་པོ་ལ།། ཨནྟསྠཱ་ཡི་གཉིས་པས་བརྒྱན།། དབྱངས་ཀྱི་བཅུ་གསུམ་པ་ཡིས་མཛེས།། སྡེ་ཚན་བཞི་པའི་བཞི་པ་ལ།། དབྱངས་ཀྱི་ཡི་གེ་བཞི་པས་བརྒྱན།། ཨཱུཥྨ་ཎ་ཡི་དང་པོ་ལ།། སྡེ་ཚན་ལྔ་པའི་ལྔ་པས་བརྒྱན། ། ཨཱུཥྨ་ཎ་ཡི་དང་པོ་དང།། སྡེ་ཚན་ལྔ་པའི་ལྔ་པ་ཉིད།། སྡེ་ཚན་ལྔ་པའི་གསུམ་པ་དང།། སྡེ་ཚན་བཞི་པའི་དང་པོ་ལ།། དབྱངས་ཀྱི་ཡི་གེ་བཞི་པས་མཛེས།། ཨཱུཥྨ་ཎ་ཡི་བཞི་པ་ལ།། དབྱངས་ཡིག་གི་ནི་དྲུག་པས་མཛེས། ། སྡེ་ཚན་ལྔ་པའི་ལྔ་པས་མཛེས།། དབྱངས་ཡིག་གི་ནི་བཅུ་གསུམ་ལ།། སྡེ་ཚན་ལྔ་པའི་ལྔ་པས་བརྒྱན།། ལྔ་པ་ཡི་ནི་གསུམ་པ་དང།། སྡེ་ཚན་གཉིས་པའི་གསུམ་པ་ལ།། ཨནྟསྠཱ་ཡི་གཉིས་པས་བརྒྱན། ། དང་པོ་ཡི་ནི་དང་པོ་ལ།། ཨནྟསྠཱ་ཡི་གཉིས་པས་བརྒྱན།། དབྱངས་ཀྱི་བཅུ་གསུམ་པ་ཡིས་མཛེས།། སྡེ་ཚན་བཞི་པའི་བཞི་པའོ།། དབྱངས་ཀྱི་ཡི་གེ་དང་པོ་དང།། སྡེ་ཚན་ལྔ་པའི་དང་པོ་དང།། ཨནྟསྠཱ་ཡི་གཉིས་པ་ལ། ། དེ་ལ་དབྱངས་ཡིག་གཉིས་པས་མཛེས།། སྡེ་ཚན་གཉིས་པའི་གསུམ་པ་ལ།། དབྱངས་ཡིག་གི་ནི་གསུམ་པས་བརྒྱན།། སྡེ་ཚན་བཞི་པའི་དང་པའོ།། ཨཱུཥྨ་ཎ་ཡི་བཞི་པ་ལ།། དབྱངས་ཡིག་གི་ནི་དྲུག་པས་མཛེས། ། སྡེ་ཚན་ལྔ་པའི་ལྔ་པས་བརྒྱན།། སྡེ་ཚན་བཞི་པའི་དང་པོ་ལ།། དབྱངས་ཡིག་གི་ནི་གསུམ་པས་མཛེས།། ཨཱུཥྨ་ཎ་ཡི་གཉིས་པ་ལ།། སྡེ་ཚན་གསུམ་པའི་གཉིས་པས་བརྒྱན།། དེ་དག་ཉིས་འགྱུར་དག་ཏུའོ། ། ཨཱུཥྨ་ཎ་ཡི་བཞི་པ་ལ།། དབྱངས་ཀྱི་ཡི་གེ་དྲུག་པས་མཛེས།། སྡེ་ཚན་ལྔ་པའི་ལྔ་པས་བརྒྱན།། སྡེ་ཚན་ལྔ་པའི་དང་པོ་དང།། སྡེ་ཚན་གསུམ་པའི་དང་པོས་མཛེས།། དབྱངས་ཀྱི་ཡི་གེ་བཅུ་གསུམ་ལ།། སྡེ་ཚན་ལྔ་པའི་ལྔ་པས་བརྒྱན། ། ལྔ་པ་ཡི་ནི་གསུམ་པ་དང།། སྡེ་ཚན་གཉིས་པའི་གསུམ་པ་ལ།། ཨནྟསྠཱ་ཡི་གཉིས་པས་བརྒྱན།། དང་པོ་ཡི་ནི་དང་པོ་ལ།། ཨུནྟསྠཱ་ཡི་གཉིས་པས་བརྒྱན།། དབྱངས་ཀྱི་བཅུ་གསུམ་པ་ཡིས་མཛེས། ། སྡེ་ཚན་བཞི་པའི་བཞི་པ་ལ།། དབྱངས་ཀྱི་ཡི་གེ་བཞི་པས་བརྒྱན།། ཨཱུཥྨ་ཎ་ཡི་གསུམ་པ་དང།། སྡེ་ཚན་ལྔ་པའི་གསུམ་པ་ལ།། ཨནྟསྠཱ་ཡི་དང་པོས་བརྒྱན།། དེ་ལ་དབྱངས་ཡིག་གཉིས་པས་མཛེས། ། ཨནྟསྠཱ་ཡི་དང་པོ་དང།། སྡེ་ཚན་བཞི་པའི་དང་པོ་ལ།། དབྱངས་ཀྱི་ཡི་གེ་གསུམ་པས་མཛེས།། ཨཱུཥྨ་ཎ་ཡི་བཞི་པ་ལ།། དབྱངས་ཡིག་གི་ནི་དྲུག་པས་མཛེས།། སྡེ་ཚན་ལྔ་པའི་ལྔ་པས་བརྒྱན།། དབྱངས་ཀྱི་ཡི་གེ་བཅུ་གསུམ་ལ། ། སྡེ་ཚན་ལྔ་པའི་ལྔ་པས་བརྒྱན།། ལྔ་པ་ཡི་ནི་གསུམ་པ་དང།། སྡེ་ཚན་གཉིས་པའི་གསུམ་པ་དང།། ཨནྟསྠཱ་ཡི་གཉིས་པས་བརྒྱན།། དང་པོ་ཡི་ནི་དང་པོ་ལ།། ཨནྟསྠཱ་གཉིས་པས་བརྒྱན། ། དབྱངས་ཀྱི་བཅུ་གསུམ་པ་ཡིས་མཛེས།། སྡེ་ཚན་བཞི་པའི་བཞི་པའོ།། སྡེ་ཚན་བཞི་པའི་དང་པོ་ལ།། ཨནྟསྠཱ་ཡི་གཉིས་པ་དང།། དབྱངས་ཡིག་བཅུ་གཉིས་པ་ཡིས་མཛེས།། ཨནྟསྠཱ་ཡི་གསུམ་པ་ལ། ། དབྱངས་ཡིག་བཅུ་གསུམ་པ་ཡི་མཛེས།། སྡེ་ཚན་དང་པོའི་དང་པོ་ལ།། ཨནྟསྠཱ་ཡི་དང་པོས་བརྒྱན།། སྡེ་ཚན་ལྔ་པའི་གསུམ་པ་ལ།། དབྱངས་ཀྱི་ཡི་གེ་གསུམ་པས་བརྒྱན།། སྡེ་ཚན་གཉིས་པའི་གསུམ་པ་དང། །། ཨནྟསྠཱ་ཡི་དང་པོའོ།། ཨཱུཥྨ་ཎ་ཡི་བཞི་པ་ལ།། དབྱངས་ཡིག་གི་ནི་དྲུག་པས་མཛེས།། སྡེ་ཚན་ལྔ་པའི་ལྔ་པས་བརྒྱན།། སྡེ་ཚན་ལྔ་པའི་གསུམ་པ་དང།། སྡེ་ཚན་བཞི་པའི་ལྔ་པ་ལ།། བཞི་པ་ཡི་ནི་བཞི་པས་བརྒྱན། ། དེ་དག་ཉིས་འགྱུར་དག་ཏུ་བྱ།། ཨཱུཥྨ་ཎ་ཡི་བཞི་པ་ལ།། དབྱངས་ཀྱི་ཡི་གེ་དྲུག་པས་མཛེས།། སྡེ་ཚན་ལྔ་པའི་ལྔ་པས་བརྒྱན།། སྡེ་ཚན་ལྔ་པའི་དང་པོ་དང།། སྡེ་ཚན་གསུམ་པའི་དང་པོས་མཛེས། ། དབྱངས་ཀྱི་ཡི་གེ་བཅུ་གསུམ་ལ།། སྡེ་ཚན་ལྔ་པའི་ལྔ་པས་བརྒྱན།། ལྔ་པ་ཡི་ནི་གསུམ་པ་དང།། སྡེ་ཚན་གཉིས་པའི་གསུམ་པ་ལ།། ཨནྟསྠཱ་ཡི་གཉིས་པས་བརྒྱན།། དང་པོ་ཡི་ནི་དང་པོ་ལ།། ཨནྟསྠཱ་ཡི་གཉིས་པས་བརྒྱན། ། དབྱངས་ཀྱི་བཅུ་གསུམ་པ་ཡིས་མཛེས།། སྡེ་ཚན་བཞི་པའི་བཞི་པ་ལ།། དབྱངས་ཀྱི་ཡི་གེ་བཞི་པས་མཛེས།། སྡེ་ཚན་ལྔ་པའི་ལྔ་པ་ལ།། དབྱངས་ཀྱི་ཡི་གེ་གཉིས་པས་མཛེས།། ཨནྟསྠཱ་ཡི་གཉིས་པ་དང། ། སྡེ་ཚན་གསུམ་པའི་ལྔ་པའོ།། ཨཱུཥྨ་ཎ་ཡི་བཞི་པ་ལ།། དབྱངས་ཡིག་གི་ནི་དྲུག་པས་མཛེས།། སྡེ་ཚན་ལྔ་པའི་ལྔ་པས་བརྒྱན།། དབྱངས་ཀྱི་ཡི་གེ་བཅུ་གསུམ་ལ།། སྡེ་ཚན་ལྔ་པའི་ལྔ་པས་བརྒྱན།། ལྔ་པ་ཡི་ནི་གསུམ་པ་དང། ། སྡེ་ཚན་གཉིས་པའི་གསུམ་པ་ལ།། ཨནྟསྠཱ་ཡི་གཉིས་པས་བརྒྱན།། དང་པོ་ཡི་ནི་དང་པོ་ལ།། ཨནྟསྠཱ་ཡི་གཉིས་པས་བརྒྱན།། དབྱངས་ཀྱི་བཅུ་གསུམ་པ་ཡིས་མཛེས།། སྡེ་ཚན་བཞི་པའི་བཞི་པའོ། ། སྡེ་ཚན་ལྔ་པའི་ལྔ་པ་དང།། ཨཱུཥྨ་ཎ་ཡི་བཞི་པ་ལ།། དབྱངས་ཡིག་གི་ནི་གཉིས་པས་མཛེས།། སྡེ་ཚན་ལྔ་པའི་གསུམ་པ་དང།། ཨནྟསྠཱ་ཡི་གསུམ་པའོ།། ཨཱུཥྨ་ཎ་ཡི་བཞི་པ་ལ།། དབྱངས་ཀྱི་ཡི་གེ་དྲུག་པས་མཛེས། ། སྡེ་ཚན་ལྔ་པའི་ལྔ་པས་བརྒྱན།། ཨཱུཥྨ་ཎ་ཡི་གསུམ་པ་ལ།། སྡེ་ཚན་ལྔ་པའི་གཉིས་པས་བརྒྱན།། དབྱངས་ཡིག་བཅུ་གསུམ་པ་ཡིས་མཛེས།། སྡེ་ཚན་གསུམ་པའི་དང་པའོ།། དེ་དག་ཉིས་འགྱུར་དག་ཏུ་བྱ། ། ཨཱུཥྨ་ཎ་ཡི་བཞི་པ་ལ།། དབྱངས་ཀྱི་ཡི་གེ་དྲུག་པས་མཛེས།། སྡེ་ཚན་ལྔ་པའི་ལྔ་པས་བརྒྱན།། སྡེ་ཚན་ལྔ་པའི་དང་པོ་དང།། སྡེ་ཚན་གསུམ་པའི་དང་པོས་མཛེས།། དབྱངས་ཀྱི་ཡི་གེ་བཅུ་གསུམ་ལ།། སྡེ་ཚན་ལྔ་པའི་ལྔ་པས་བརྒྱན། ། ལྔ་པ་ཡི་ནི་གསུམ་པ་དང།། སྡེ་ཚན་གཉིས་པའི་གསུམ་པ་ལ།། ཨནྟསྠཱ་ཡི་གཉིས་པས་བརྒྱན།། དང་པོ་ཡི་ནི་དང་པོ་ལ།། ཨཱནྟསྠཱ་ཡི་གཉིས་པས་བརྒྱན།། དབྱངས་ཀྱི་བཅུ་གསུམ་པ་ཡིས་མཛེས། ། སྡེ་ཚན་ལྔ་པའི་ལྔ་པ་ལ།། དབྱངས་ཀྱི་ཡི་གེ་ལྔ་པས་མཛེས།། སྡེ་ཚན་གསུམ་པའི་ལྔ་པ་ལ།། གསུམ་པ་ཡི་ནི་གསུམ་པས་བརྒྱན།། དེ་ལ་དབྱངས་ཡིག་བཅུ་གཉིས་མཛེས།། སྡེ་ཚན་ལྔ་པའི་ལྔ་པ་ལ། ། ལྔ་པ་ཡི་ནི་ལྔ་པས་བརྒྱན།། ཨཱུཥྨ་ཎ་ཡི་བཞི་པ་ལ།། དབྱངས་ཀྱི་ཡི་གེ་དྲུག་པས་བརྒྱན།། སྡེ་ཚན་ལྔ་པའི་ལྔ་པས་བརྒྱན། ཁྲོ་བོ་ཆེན་པོ་བཅུ་རྣམས་ཀྱི།། རྩ་བའི་སྔགས་དང་ལས་སྔགས་བཅས།། དེ་དག་རིམ་པར་བཏུ་བ་ཡིན། །།། དབྱངས་ཡིག་གི་ནི་བཅུ་གསུམ་ལ།། སྡེ་ཚན་ལྔ་པའི་ལྔ་པས་བརྒྱན།། ཨནྟསྠཱ་ཡི་གསུམ་པ་ལ།། སྡེ་ཚན་ལྔ་པའི་ལྔ་པས་བརྒྱན།། ཨཱུཥྨ་ཎ་ཡི་བཞི་པ་ལ།། དབྱངས་ཡིག་གི་ནི་དྲུག་པས་བརྒྱན། ། སྡེ་ཚན་ལྔ་པའི་ལྔ་པས་བརྒྱན།། ཨནྟསྠཱ་ཡི་གསུམ་པ་ལ།། སྡེ་ཚན་ལྔ་པའི་ལྔ་པས་བརྒྱན།། ཨཱུཥྨ་ཎ་ཡི་གསུམ་པ་ལ།། སྡེ་ཚན་བཞི་པའི་དང་པོས་བརྒྱན།། སྡེ་ཚན་ལྔ་པའི་ལྔ་པར་ལྡན།། སྡེ་ཚན་ལྔ་པའི་བཞི་པ་དང། ། སྡེ་ཚན་བཞི་པའི་ལྔ་པ་ལ།། སྡེ་ཚན་ལྔ་པའི་ལྔ་པར་ལྡན།། སྡེ་ཚན་ལྔ་པའི་ལྔ་པ་ལ།། དབྱངས་ཡིག་བཅུ་གསུམ་པ་ཡིས་བརྒྱན།། ཨཱུཥྨ་ཎ་ཡི་བཞི་པ་དང།། སྡེ་ཚན་དང་པོའི་བཞི་པ་ལ།། དབྱངས་ཡིག་གི་ནི་གཉིས་པས་བརྒྱན། ། སྡེ་ཚན་བཞི་པའི་དང་པོ་དང།། ཨཱུནྟསྠཱ་ཡི་དང་པོའོ།། སྡེ་ཚན་ལྔ་པའི་བཞི་པ་དང།། དང་པོ་ཡི་ནི་གསུམ་པ་དང།། ཨནྟསྠཱ་ཡི་བཞི་པ་ལ།། དབྱངས་ཡིག་གི་ནི་གཉིས་པས་མཛེས།། སྡེ་ཚན་བཞི་པའི་ལྔ་པས་བརྒྱན། ། སྔགས་ཀྱི་བཞི་མོ་དེ་དག་གིས།། བསྐུལ་དང་སྤྱན་དྲངས་བྱ་བ་ཡིན།།།། ཨཱུཥྨ་ཎ་ཡི་བཞི་པ་ལ།། དབྱངས་ཡིག་གི་ནི་དྲུག་པར་ལྡན།། སྡེ་ཚན་ལྔ་པའི་ལྔ་པས་བརྒྱན།། སྡེ་ཚན་ལྔ་པའི་དང་པོ་དང། ། ཨནྟསྠཱ་ཡི་གཉིས་པ་ཡང།། སྡེ་ཚན་ལྔ་པའི་གསུམ་པ་ལ།། དབྱངས་ཀྱི་ཡི་གེ་གསུམ་པར་ལྡན།། སྡེ་ཚན་བཞི་པའི་གསུམ་པ་ལ།། ཨནྟསྠཱ་ཡི་དང་པོས་བརྒྱན།། དབྱངས་ཀྱི་ཡི་གེ་གཉིས་པས་མཛེས། ། སྡེ་ཚན་གཉིས་པའི་དང་པོ་ལ།། གཉིས་པ་ཡི་ནི་གཉིས་པས་བརྒྱན།། དབྱངས་ཀྱི་ཡི་གེ་གསུམ་པས་མཛེས།། སྡེ་ཚན་བཞི་པའི་ལྔ་པ་ལ།། བཞི་པ་ཡི་ནི་བཞི་པས་བརྒྱན།། དེ་དག་ཉིས་འགྱུར་དག་ཏུའོ། ། ཨཱུཥྨ་ཎ་ཡི་བཞི་པ་ལ།། དབྱངས་ཀྱི་ཡི་གེ་དྲུག་པས་མཛེས།། སྡེ་ཚན་ལྔ་པའི་ལྔ་པས་བརྒྱན།། སྡེ་ཚན་ལྔ་པའི་དང་པོ་དང།། སྡེ་ཚན་གསུམ་པའི་དང་པོས་མཛེས།། སྡེ་ཚན་ལྔ་པའི་གསུམ་པ་ལ།། དབྱངས་ཀྱི་ཡི་གེ་གསུམ་པས་མཛེས། ། སྡེ་ཚན་བཞི་པའི་ལྔ་པ་ལ།། བཞི་པ་ཡི་ནི་བཞི་པར་ལྡན།། དེ་དག་ཉིས་འགྱུར་དག་ཏུའོ།། ཨཱུཥྨ་ཎ་ཡི་བཞི་པ་ལ།། དབྱངས་ཀྱི་ཡི་གེ་དྲུག་པས་མཛེས།། སྡེ་ཚན་ལྔ་པའི་ལྔ་པས་བརྒྱན། ། སྡེ་ཚན་ལྔ་པའི་དང་པོ་དང།། སྡེ་ཚན་གསུམ་པའི་དང་པོས་མཛེས།། སྡེ་ཚན་དང་པོའི་གསུམ་པ་ལ།། དབྱངས་ཡིག་གི་ནི་བདུན་པས་མཛེས།། ཨཱུཥྨ་ཎ་ཡི་བཞི་པ་ལ།། གསུམ་པ་ཡི་ནི་ལྔ་པས་བརྒྱན།། དེ་དག་ཉིས་འགྱུར་དག་ཏུའོ། ། ཨཱུཥྨ་ཎ་ཡི་བཞི་པ་ལ།། དབྱངས་ཀྱི་ཡི་གེ་དྲུག་པས་མཛེས།། སྡེ་ཚན་ལྔ་པའི་ལྔ་པས་བརྒྱན།། སྡེ་ཚན་ལྔ་པའི་དང་པོ་དང། སྡེ་ཚན་གསུམ་པའི་དང་པོས་མཛེས།། སྡེ་ཚན་ལྔ་པའི་གསུམ་པ་ལ། ། བཞི་པ་ཡི་ནི་ལྔ་པར་ལྡན།། སྡེ་ཚན་བཞི་པའི་བཞི་པས་བརྒྱན།། དེ་དག་ཉིས་འགྱུར་དག་ཏུའོ།། ཨཱུཥྨ་ཎ་ཡི་བཞི་པ་ལ།། དབྱངས་ཀྱི་ཡི་གེ་དྲུག་པས་མཛེས།། སྡེ་ཚན་ལྔ་པའི་ལྔ་པས་བརྒྱན། ། སྡེ་ཚན་ལྔ་པའི་དང་པོ་དང།། སྡེ་ཚན་གསུམ་པའི་དང་པོས་མཛེས།། སྡེ་ཚན་བཞི་པའི་དང་པོ་ལ།། ཨནྟསྠཱ་ཡི་གཉིས་པས་བརྒྱན།། དེ་ལ་དབྱངས་ཡིག་གཉིས་པས་མཛེས།། ཨཱུཥྨ་ཎ་ཡི་དང་པོ་དང། ། ཨནྟསྠཱ་ཡི་དང་པོའོ།། དེ་དག་ཉིས་འགྱུར་དག་ཏུའོ།། ཨཱུཥྨ་ཎ་ཡི་བཞི་པ་ལ།། དབྱངས་ཀྱི་ཡི་གེ་དྲུག་པས་མཛེས།། སྡེ་ཚན་ལྔ་པའི་ལྔ་པས་བརྒྱན།། སྡེ་ཚན་ལྔ་པའི་དང་པོ་དང།། སྡེ་ཚན་གསུམ་པའི་དང་པོས་མཛེས། ། སྡེ་ཚན་ལྔ་པའི་བཞི་པ་ལ།། སྡེ་ཚན་བཞི་པའི་ལྔ་པས་བརྒྱན།། སྡེ་ཚན་བཞི་པའི་གསུམ་པར་ལྡན།། དེ་དག་ཉིས་འགྱུར་དག་ཏུའོ།། ཨཱུཥྨ་ཎ་ཡི་བཞི་པ་ལ།། དབྱངས་ཀྱི་ཡི་གེ་དྲུག་པས་མཛེས།། སྡེ་ཚན་ལྔ་པའི་ལྔ་པས་བརྒྱན། ། སྡེ་ཚན་ལྔ་པའི་དང་པོ་དང།། སྡེ་ཚན་གསུམ་པའི་དང་པོས་མཛེས།། དྲག་པོའི་སྔགས་ཀྱི་རིམ་པ་ནི།། ལས་རྣམས་ཀུན་ལ་འཇུག་པ་སྟེ། ཁྱད་པར་ལས་གསུམ་དག་ལ་འཇུག། ཨཱུཥྨ་ཎ་ཡི་བཞི་པ་དང། ། ཨཱུཥྨ་ཎ་ཡི་གསུམ་པ་དང།། ཨནྟསྠཱ་ཡི་དང་པོ་དང།། ཨནྟསྠཱ་ཡི་གཉིས་པ་སྟེ།། དེ་དག་ཉིས་འགྱུར་དག་དང་ནི།། ཨཱུཥྨ་ཎ་ཡི་བཞི་པ་ལ།། ཨནྟསྠཱ་ཡི་གཉིས་པས་བརྒྱན།། དེ་ལ་དབྱངས་ཡིག་བཞི་པས་མཛེས། ། རིན་པོ་ཆེ་ཡི་ཕྲ་ཡིས་བཅད།། སྡེ་ཚན་བཞི་པའི་གསུམ་པ་ལ།། སྡེ་ཚན་གསུམ་པའི་ལྔ་པས་བརྒྱན།། དེ་ལ་གསུམ་པའི་གསུམ་པར་ལྡན།། ཨཱུཥྨ་ཎ་ཡི་བཞི་པ་ལ།། དབྱངས་ཀྱི་ཡི་གེ་དྲུག་པས་མཛེས།། སྡེ་ཚན་ལྔ་པའི་ལྔ་པས་བརྒྱན། ། སྡེ་ཚན་ལྔ་པའི་དང་པོ་ལ།། སྡེ་ཚན་གསུམ་པའི་དང་པོས་མཛེས། ཁྲོ་བོ་ཆེན་པོ་རྣམས་ཀྱི་ནི།། ཉོན་མོངས་གདུག་པ་ཀུན་སྒྲོལ་བ།། སྔགས་འདི་དག་གིས་བྱེད་པ་ཡིན།།།། དབྱངས་ཀྱི་ཡི་གེ་གཉིས་པ་དང། ། ཨནྟསྠཱ་ཡི་བཞི་པ་ལ།། དབྱངས་ཀྱི་ཡི་གེ་བཅུ་གཅིག་མཛེས།། ཨཱུཥྨ་ཎ་ཡི་དང་པོ་དང།། ཨནྟསྠཱ་ཡི་དང་པོའོ།། དེ་དག་ཉིས་འགྱུར་དག་དང་ནི།། ཨཱུཥྨ་ཎ་ཡི་བཞི་པ་ལ།། དབྱངས་ཀྱི་ཡི་གེ་དྲུག་པས་མཛེས། ། སྡེ་ཚན་ལྔ་པའི་ལྔ་པས་བརྒྱན།། སྡེ་ཚན་ལྔ་པའི་དང་པོ་དང།། སྡེ་ཚན་གསུམ་པའི་དང་པོས་མཛེས།། ཨཱུཥྨ་ཎ་ཡི་དང་པོ་ལ།། དབྱངས་ཡིག་གི་ནི་བཞི་པས་མཛེས།། སྡེ་ཚན་དང་པོའི་བཞི་པ་ལ། ། ཨནྟསྠཱ་ཡི་བཞི་པས་བརྒྱན།། སྡེ་ཚན་ལྔ་པའི་ལྔ་པས་མཛེས།། དབྱངས་ཡིག་གི་ནི་གཉིས་པ་དང།། སྡེ་ཚན་བཞི་པའི་ལྔ་པ་དང།། ཨནྟསྠཱ་ཡི་དང་པོའོ།། ཨཱུཥྨ་ཎ་ཡི་བཞི་པ་ལ།། དབྱངས་ཀྱི་ཡི་གེ་དྲུག་པས་མཛེས། ། སྡེ་ཚན་ལྔ་པའི་ལྔ་པས་བརྒྱན།། སྡེ་ཚན་ལྔ་པའི་དང་པོ་དང།། སྡེ་ཚན་གསུམ་པའི་དང་པོས་མཛེས།།།། སྡེ་ཚན་གཉིས་པའི་གསུམ་པ་ལ།། ཨནྟསྠཱ་ཡི་བཞི་པ་ལྡན།། ཨནྟསྠཱ་ཡི་གསུམ་པ་ལ། ། དབྱངས་ཀྱི་ཡི་གེ་གཉིས་པས་མཛེས།། སྡེ་ཚན་ལྔ་པའི་དང་པོ་དང།། ཨནྟསྠཱ་ཡི་དང་པོའོ།། ཨཱུཥྨ་ཎ་ཡི་བཞི་པ་ལ།། དབྱངས་ཀྱི་ཡི་གེ་དྲུག་པས་མཛེས།། སྡེ་ཚན་ལྔ་པའི་ལྔ་པས་བརྒྱན།། སྡེ་ཚན་ལྔ་པའི་དང་པོ་དང། ། སྡེ་ཚན་གསུམ་པའི་དང་པོས་མཛེས།།།། སྡེ་ཚན་བཞི་པའི་དང་པོ་དང།། སྡེ་ཚན་བཞི་པའི་གཉིས་པ་ལ།། དབྱངས་ཀྱི་ཡི་གེ་གཉིས་པས་མཛེས།། ཨནྟསྠཱ་ཡི་དང་པོའོ།། དེ་དག་ཉིས་འགྱུར་དག་དང་ནི། ། ཨཱུཥྨ་ཎ་ཡི་བཞི་པ་ལ།། དབྱངས་ཀྱི་ཡི་གེ་དྲུག་པས་མཛེས།། སྡེ་ཚན་ལྔ་པའི་ལྔ་པས་བརྒྱན།། སྡེ་ཚན་ལྔ་པའི་དང་པོ་དང།། སྡེ་ཚན་གསུམ་པའི་དང་པོས་མཛེས།། སྡེ་ཚན་ལྔ་པའི་བཞི་པ་ལ། ། དབྱངས་ཡིག་གི་ནི་གསུམ་པས་མཛེས།། སྡེ་ཚན་བཞི་པའི་བཞི་པ་ལ།། སྡེ་ཚན་བཞི་པའི་གསུམ་པས་བརྒྱན།། ཨནྟསྠཱ་ཡི་དང་པོའོ།། དེ་དག་ཉིས་འགྱུར་དག་དང་ནི།། ཨཱུཥྨ་ཎ་ཡི་བཞི་པ་ལ།། དབྱངས་ཀྱི་ཡི་གེ་དྲུག་པས་མཛེས། ། སྡེ་ཚན་ལྔ་པའི་ལྔ་པས་བརྒྱན།། སྡེ་ཚན་ལྔ་པའི་དང་པོ་དང།། སྡེ་ཚན་གསུམ་པའི་དང་པོས་མཛེས།། དྲག་པོའི་ལས་ཀྱི་སྔགས་འདིས་ནི།། ལས་རྣམས་ཐམས་ཅད་འགྲུབ་པ་སྟེ།། བཟླས་བརྗོད་སྔགས་སུ་དེ་བཤད་དོ། ། ཨཱུཥྨ་ཎ་ཡི་བཞི་པ་དང།། སྡེ་ཚན་བཞི་པའི་ལྔ་པའོ།། དེ་དག་ཉིས་འགྱུར་དག་དང་ནི།། སྡེ་ཚན་ལྔ་པའི་གསུམ་པ་དང།། སྡེ་ཚན་གཉིས་པའི་གསུམ་པ་ལ།། ཨནྟསྠཱ་ཡི་གཉིས་པས་བརྒྱན། ། སྡེ་ཚན་བཞི་པའི་གསུམ་པ་དང།། ཨཱུཥྨ་ཎ་ཡི་བཞི་པ་སྟེ།། དེ་དག་ཉིས་འགྱུར་དག་དང་ནི།། སྡེ་ཚན་ལྔ་པའི་གསུམ་པ་དང།། སྡེ་ཚན་གཉིས་པའི་གསུམ་པ་ལ།། ཨནྟསྠཱ་ཡི་གཉིས་པས་བརྒྱན།། སྡེ་ཚན་ལྔ་པའི་དང་པོ་དང། ། སྡེ་ཚན་གཉིས་པའི་དང་པོ་སྟེ།། དེ་དག་ཉིས་འགྱུར་དག་དང་ནི།། སྡེ་ཚན་ལྔ་པའི་གསུམ་པ་དང།། སྡེ་ཚན་གཉིས་པའི་གསུམ་པ་ལ།། ཨནྟསྠཱ་ཡི་གཉིས་པས་བརྒྱན།། སྡེ་ཚན་ལྔ་པའི་ལྔ་པ་དང། ། སྡེ་ཚན་བཞི་པའི་གཉིས་པ་སྟེ།། དེ་དག་གཉིས་འགྱུར་དག་དང་ནི།། སྡེ་ཚན་ལྔ་པའི་གསུམ་པ་དང།། སྡེ་ཚན་གཉིས་པའི་གསུམ་པ་ལ།། ཨནྟསྠཱ་ཡི་གཉིས་པས་བརྒྱན།། སྡེ་ཚན་གཉིས་པའི་གསུམ་པ་ལ། ། ཨནྟསྠཱ་ཡི་བཞི་པས་བརྒྱན།། ཨནྟསྠཱ་ཡི་གསུམ་པ་སྟེ།། དེ་དག་ཉིས་འགྱུར་དག་དང་ནི།། སྡེ་ཚན་ལྔ་པའི་གསུམ་པ་དང།། སྡེ་ཚན་གཉིས་པའི་གསུམ་པ་ལ།། ཨཱུནྟསྠཱ་ཡི་གཉིས་པས་བརྒྱན།། ཨུཥྨ་ཎ་ཡི་གསུམ་པ་ལ། ། དབྱངས་ཀྱི་ཡི་གེ་ལྔ་པས་མཛེས།། ཨནྟསྠཱ་ཡི་གཉིས་པ་ལ།། དབྱངས་ཀྱི་ཡི་གེ་ལྔ་པས་བརྒྱན།། དེ་དག་ཉིས་འགྱུར་དག་དང་ནི།། སྡེ་ཚན་ལྔ་པའི་གསུམ་པ་དང།། སྡེ་ཚན་གཉིས་པའི་གསུམ་པ་ལ།། ཨནྟསྠཱ་ཡི་གཉིས་པས་བརྒྱན། ། སྡེ་ཚན་ལྔ་པའི་ལྔ་པ་ལ།། དབྱངས་ཀྱི་ཡི་གེ་ལྔ་པས་མཛེས།། ཨནྟསྠཱ་ཡི་གཉིས་པ་ལ།། དབྱངས་ཡིག་གི་ནི་ལྔ་པས་བརྒྱན།། དེ་དག་ཉིས་འགྱུར་དག་དང་ནི།། སྡེ་ཚན་ལྔ་པའི་གསུམ་པ་དང། ། སྡེ་ཚན་གཉིས་པའི་གསུམ་པ་ལ།། ཨནྟསྠཱ་ཡི་གཉིས་པས་བརྒྱན།། སྡེ་ཚན་གཉིས་པའི་གསུམ་པ་དང།། ཨནྟསྠཱ་ཡི་དང་པོ་ལ།། དབྱངས་ཡིག་བཅུ་གཅིག་པ་ཡིས་མཛེས། སྡེ་ཚན་ལྔ་པའི་གསུམ་པ་ལ། ། དབྱངས་ཀྱི་ཡི་གེ་གསུམ་པས་བརྒྱན།། སྡེ་ཚན་གཉིས་པའི་གསུམ་པ་དང།། ཨནྟསྠཱ་ཡི་དང་པོ་ལ།། དབྱངས་ཀྱི་ཡི་གེ་གསུམ་པས་མཛེས།། དབྱངས་ཀྱི་ཡི་གེ་དང་པོ་དང།། སྡེ་ཚན་གཉིས་པའི་གསུམ་པ་ལ། ། དབྱངས་ཀྱི་ཡི་གེ་གསུམ་པས་མཛེས།། སྡེ་ཚན་བཞི་པའི་དང་པོ་ལ།། དབྱངས་ཡིག་བཅུ་གཅིག་པ་ཡིས་མཛེས།། དབྱངས་ཀྱི་ཡི་གེ་དང་པོ་དང།། སྡེ་ཚན་ལྔ་པའི་དང་པོ་ཉིད། ། ཨནྟསྠཱ་ཡི་གཉིས་པ་ལ།། དབྱངས་ཀྱི་ཡི་གེ་གཉིས་པས་སྤྲས།། སྡེ་ཚན་གཉིས་པའི་གསུམ་པ་ལ།། དབྱངས་ཀྱི་ཡི་གེ་གསུམ་པས་བརྒྱན།། སྡེ་ཚན་བཞི་པའི་དང་པོ་ལ།། དབྱངས་ཡིག་བཅུ་གཅིག་པ་ཡིས་བརྒྱན། ། སྡེ་ཚན་དང་པོའི་དང་པོ་དང།། སྡེ་ཚན་གསུམ་པའི་དང་པོ་ལ།། སྡེ་ཚན་ལྔ་པའི་ལྔ་པས་བརྒྱན།། སྡེ་ཚན་དང་པོའི་དང་པོ་དང།། སྡེ་ཚན་གསུམ་པའི་དང་པོ་ལ།། དབྱངས་ཡིག་བཅུ་གཅིག་པ་ཡིས་བརྒྱན། སྡེ་ཚན་ལྔ་པའི་ལྔ་པ་ལ།། དབྱངས་ཀྱི་ཡི་གེ་ལྔ་པས་བརྒྱན།། ཨནྟསྠཱ་ཡི་གཉིས་པ་དང། ཨཱུཥྨ་ཎ་ཡི་གསུམ་པ་ལ།། དབྱངས་ཡིག་བཅུ་གཅིག་པ་ཡིས་བརྒྱན།། སྡེ་ཚན་གཞི་པའི་ལྔ་པ་ལ། ། ཨནྟསྠཱ་ཡི་དང་པོས་བརྒྱན།། སྡེ་ཚན་ལྔ་པའི་དང་པོ་ལ།། ཨནྟསྠཱ་ཡི་གཉིས་པས་སྤྲས།། སྡེ་ཚན་ལྔ་པའི་ལྔ་པ་དང།། ཨནྟསྠཱ་ཡི་གཉིས་པ་ལ།། སྡེ་ཚན་གཞི་པའི་གསུམ་པས་བརྒྱན།། སྡེ་ཚན་བཞི་པའི་ལྔ་པ་ལ། ། དབྱངས་ཡིག་གི་ནི་གསུམ་པས་མཛེས།། ཨཱུཥྨ་ཎ་ཡི་བཞི་པ་ལ།། དབྱངས་ཀྱི་ཡི་གེ་དྲུག་པས་མཛེས།། སྡེ་ཚན་ལྔ་པའི་ལྔ་པས་བརྒྱན།། སྡེ་ཚན་ལྔ་པའི་དང་པོ་དང།། སྡེ་ཚན་གསུམ་པའི་དང་པོས་མཛེས། །།། ཨཱུཥྨ་ཎ་ཡི་གསུམ་པ་དང།། ཨནྟསྠཱ་ཡི་གཉིས་པ་ལ།། ཨནྟསྠཱ་ཡི་བཞི་པ་སྦྱར།། དབྱངས་ཀྱི་ཡི་གེ་གཉིས་པ་དང།། སྡེ་ཚན་བཞི་པའི་ལྔ་པ་དང།། ཨནྟསྠཱ་ཡི་དང་པོའོ།། ཨཱུཥྨ་ཎ་ཡི་བཞི་པ་ལ། ། དབྱངས་ཀྱི་ཡི་གེ་དྲུག་པས་མཛེས།། སྡེ་ཚན་ལྔ་པའི་ལྔ་པས་བརྒྱན།། སྡེ་ཚན་ལྔ་པའི་དང་པོ་དང།། སྡེ་ཚན་གསུམ་པའི་དང་པོས་མཛེས།།།། སྡེ་ཚན་བཞི་པའི་དང་པོ་དང།། སྡེ་ཚན་བཞི་པའི་གཉིས་པ་ལ། ། དབྱངས་ཀྱི་ཡི་གེ་གཉིས་པས་མཛེས།། ཨནྟསྠཱ་ཡི་དང་པོའོ།། དེ་དག་ཉིས་འགྱུར་དག་དང་ནི།། ཨཱུཥྨ་ཎ་ཡི་བཞི་པ་ལ།། དབྱངས་ཀྱི་ཡི་གེ་དྲུག་པས་མཛེས།། སྡེ་ཚན་ལྔ་པའི་ལྔ་པས་བརྒྱན། ། སྡེ་ཚན་ལྔ་པའི་དང་པོ་དང།། སྡེ་ཚན་གསུམ་པའི་དང་པོས་མཛེས།། སྟེང་དང་འོག་གི་ཁྲོ་བོ་ཡིས།། ཁམས་གསུམ་སྒྲོལ་བའི་ལས་སྔགས་ཡིན།།།། ཨཱུཥྨ་ཎ་ཡི་བཞི་པ་ལ། ། དབྱངས་ཀྱི་ཡི་གེ་དྲུག་པས་མཛེས།། སྡེ་ཚན་ལྔ་པའི་ལྔ་པས་བརྒྱན།། སྡེ་ཚན་ལྔ་པའི་ལྔ་པ་དང།། ལྔ་པ་དེ་ཡང་ཉིས་འགྱུར་ཏེ།། སྡེ་ཚན་ལྔ་པའི་གསུམ་པ་དང།། ཨཱུཥྨ་ཎ་ཡི་དང་པོ་ལ།། སྡེ་ཚན་ལྔ་པའི་ལྔ་པས་སྤྲས། ། སྡེ་ཚན་དང་པོའི་དང་པོ་ལ།། དབྱངས་ཀྱི་ཡི་གེ་ལྔ་པས་བརྒྱན།། ཨནྟསྠཱ་ཡི་གཉིས་པ་ལ།། དབྱངས་ཀྱི་ཡི་གེ་ལྔ་པས་བརྒྱན།། སྡེ་ཚན་ལྔ་པའི་ལྔ་པ་དང།། སྡེ་ཚན་བཞི་པའི་དང་པོ་ལ།། སྡེ་ཚན་ལྔ་པའི་ལྔ་པས་བརྒྱན། ། སྡེ་ཚན་གཉིས་པའི་ལྔ་པ་ཉིད།། སྡེ་ཚན་དང་པོའི་དང་པོ་ལ།། དབྱངས་ཀྱི་ཡི་གེ་གཉིས་པས་སྤྲས།། ཨནྟསྠཱ་ཡི་གཉིས་པ་དང།། དབྱངས་ཀྱི་ཡི་གེ་གསུམ་པ་ཉིད།། སྡེ་ཚན་བཞི་པའི་གསུམ་པ་ལ།། སྡེ་ཚན་བཞི་པའི་ལྔ་པས་བརྒྱན། ། སྡེ་ཚན་བཞི་པའི་བཞི་པ་དང།། སྡེ་ཚན་བཞི་པའི་བཞི་པ་ལ།། དབྱངས་ཀྱི་ཡི་གེ་གསུམ་པས་མཛེས།། སྡེ་ཚན་ལྔ་པའི་ལྔ་པ་དང།། ལྔ་པའང་དེ་བཞིན་ཉིད་འགྱུར་ཏེ།། སྡེ་ཚན་དང་པོའི་དང་པོ་ལ། ། ཨནྟསྠཱ་ཡི་གཉིས་པ་ལ།། སྡེ་ཚན་ལྔ་པའི་ལྔ་པས་བརྒྱན།། ཨཱུཥྨ་ཎ་ཡི་དང་པོ་ལ།། དབྱངས་ཀྱི་ཡི་གེ་བཞི་པས་བརྒྱན།། སྡེ་ཚན་དང་པོའི་བཞི་པ་ལ།། ཨནྟསྠཱ་ཡི་གཉིས་པས་སྤྲས།། སྡེ་ཚན་ལྔ་པའི་ལྔ་པས་བརྒྱན། ། སྡེ་ཚན་དང་པོའི་དང་པོ་ལ།། དབྱངས་ཀྱི་ཡི་གེ་གཉིས་པས་མཛེས།། ཨནྟསྠཱ་ཡི་གཉིས་པ་ལ།། དབྱངས་ཀྱི་ཡི་གེ་གཉིས་པས་མཛེས།། ཨནྟསྠཱ་ཡི་དང་པོའོ།། མཁའ་འགྲོ་མ་ཡི་སྙིང་པོ་ནི།། དེ་དག་ཡིན་པར་ཤེས་པར་བྱ། །།། སྡེ་ཚན་དང་པོའི་གཉིས་པ་དང།། སྡེ་ཚན་བཞི་པའི་གཉིས་པ་ལ།། སྡེ་ཚན་ལྔ་པའི་ལྔ་པས་བརྒྱན།། དེ་དག་བདུན་འགྱུར་དག་ཏུ་བྱ།། ཨཱུཥྨ་ཎ་ཡི་བཞི་པ་ལ།། དབྱངས་ཡིག་གི་ནི་དྲུག་པས་བརྒྱན། ། སྡེ་ཚན་ལྔ་པའི་ལྔ་པས་བརྒྱན།། དེ་དག་བདུན་འགྱུར་ཤེས་པར་བྱ།། ཨཱུཥྨ་ཎ་ཡི་བཞི་པ་ལ།། དབྱངས་ཡིག་གི་ནི་དྲུག་པས་མཛེས།། སྡེ་ཚན་ལྔ་པའི་ལྔ་པས་བརྒྱན།། དེ་དག་བཅུ་གཅིག་འགྱུར་དུ་བྱ། ། སྡེ་ཚན་ལྔ་པའི་གཉིས་པ་ལ།། སྡེ་ཚན་གསུམ་པའི་དང་པོས་བརྒྱན།། དེ་དག་སུམ་འགྱུར་དག་ཏུ་བྱ།། ཨཱུཥྨ་ཎ་ཡི་བཞི་པ་ནི།། སུམ་འགྱུར་དག་ཏུ་བྱ་བ་ཡིན།། དབྱངས་ཀྱི་ཡི་གེ་བཅུ་གསུམ་ལ།། སྡེ་ཚན་ལྔ་པའི་ལྔ་པས་བརྒྱན། ། སྡེ་ཚན་ལྔ་པའི་གསུམ་པ་དང།། སྡེ་ཚན་གཉིས་པའི་གསུམ་པ་ལ།། ཨནྟསྠཱ་ཡི་གཉིས་པས་བརྒྱན།། སྡེ་ཚན་དང་པོའི་དང་པོ་ལ།། ཨནྟསྠཱ་ཡི་གཉིས་པས་བརྒྱན།། དབྱངས་ཡིག་བཅུ་གསུམ་པ་ཡི་མཛེས། ། སྡེ་ཚན་གསུམ་པའི་བཞི་པའོ།། སྡེ་ཚན་དང་པོའི་གཉིས་པ་དང།། ཨཱུཥྨ་ཎ་ཡི་བཞི་པ་ལ།། དབྱངས་ཀྱི་ཡི་གེ་གསུམ་པས་བརྒྱན།། སྡེ་ཚན་དང་པོའི་དང་པོ་ལ།། དབྱངས་ཀྱི་ཡི་གེ་བཞི་པས་བརྒྱན། ། ཨནྟསྠཱ་ཡི་གསུམ་པ་དང།། ཨནྟསྠཱ་ཡི་དང་པོ་ནི།། ཉི་ཤུ་རྩ་གཅིག་འགྱུར་དུའོ།། སྡེ་ཚན་དང་པོའི་དང་པོ་ལ།། དབྱངས་ཡིག་གི་ནི་བཞི་པས་མཛེས།། ཨནྟསྠཱ་ཡི་གསུམ་པ་དང།། ཨནྟསྠཱ་ཡི་དང་པོའོ། ། དེ་དག་བཅོ་བརྒྱད་འགྱུར་དུ་བྱ།། སྔགས་ཀྱི་བཏུ་བ་འདི་བྱས་ལ།། ཉོན་མོངས་གདུག་སེམས་ཐམས་ཅད་བསྒྲལ།། དྲག་པོ་ལས་ཀྱི་སྔགས་འདི་ནི།། གདེང་དང་ལྡན་པས་བསྒྲུབ་པ་ཡིན།། དེ་ཕྱིར་སྔགས་དོན་རབ་ཏུ་བཤད། ། ཕུར་པ་ཕྲིན་ལས་ཀྱི་རྒྱུད་ལས་སྔགས་བཏུ་བའི་ལེའུ་སྟེ་བཅུ་གཅིག་པའོ།།།། ཁྲོ་བོ་ཁམས་གསུམ་རྣམ་རྒྱལ་གྱིས།། བཅོམ་ལྡན་འདས་ལ་འདི་སྐད་གསོལ།། རྡོ་རྗེ་རབ་ཏུ་ཀཱི་ལ་ཡའི། ། སྒྲུབ་པའི་ལས་ཀྱི་རིམ་པ་དག། ཐབས་དང་རྫས་ནི་གང་གིས་བགྱི།། བསྒྲུབ་པའི་ཚད་ནི་གང་དག་ལགས།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། རྡོ་རྗེ་ཕུར་བུའི་སྒྲུབ་གནས་ནི།། བྲག་རི་སྲིན་པོའི་གདོང་པ་འདྲ། ། དུར་ཁྲོད་དཀྱིལ་ལམ་ངམ་གྲོག་གནས།། དེར་ནི་ས་གཟུང་བརྟག་ལ་སོགས།། སྔོན་དུ་ལས་རྣམས་ཐམས་ཅད་བྱ།། རས་བྲིས་ལུགས་སུ་བླུགས་སོགས་པའི།། སྐུ་ཡི་དཀྱིལ་འཁོར་ཆེན་པོ་བྱ།། མཆོད་པའི་རྫས་ལ་སོགས་པ་བཤམས། ། བུམ་པ་དག་ནི་བཅུ་དགུ་ལ།། རང་རང་ལྷ་ཡི་ཕྱག་རྒྱ་བྲི།། རང་རང་སྔགས་ཀྱང་དེར་བྲིའོ།། འབྲུ་སྣ་སྨན་སྣ་སྙིང་པོ་ལྔ།། དྲི་ལྔ་རིན་ཆེན་ལྗོན་ཤིང་དང། ཁ་དོག་སྣ་ལྔའི་རས་ཀྱི་བཅིངས། ། དྲི་མེད་བུམ་པ་དེ་བྱས་ལ།། རང་རང་ཁ་དོག་བཞིན་དུ་བསྒྱུར།། ཡང་ན་ཀུན་ཀྱང་དཀར་པོར་བྱ།། དེ་དག་ལ་བརྟེན་བསྒྲུབ་པར་བྱ།། སྐུ་ཡི་དཀྱིལ་འཁོར་ཆེན་པོ་ནི།། འཁོར་ལོ་རྩིབས་བརྒྱད་ལྟེ་བར་བཅས། ། གྲུ་ཆད་སྒོ་བཞི་རྒྱན་དང་ལྡན།། ལྷུ་དུམ་བཅད་འཕྲོ་ཕོར་པ་རྐང།། ཤ་ཁྲག་ཞིང་ཆེན་དུར་ཁྲོད་རྫས།། དཀྱིལ་འཁོར་དག་ནི་རབ་ཏུ་དགང།། རྩ་བ་ལྔ་དང་ཡན་ལག་སྟོང།། བདུད་རྩི་དག་ཀྱང་རབ་ཏུ་བསག། ཡུམ་ཆེན་རྣམས་ཀྱིས་བྱིན་བརླབས་པའི།། བུམ་པ་ལྷ་གྲངས་བཞིན་དུ་གཟུག། རྣམ་ལྔའི་མཆོད་པ་དེ་བཞིན་བྱ།། བདུད་རྩི་ལྔ་ལ་ལོངས་སྤྱོད་ཅིང།། ལྷ་ཡི་ཚོགས་རྣམས་ཐམས་ཅད་ལ།། གཏོར་མ་ལྷ་གྲངས་བཞིན་དུ་འབུལ། ། སྤྱན་དྲང་མཆོད་དང་བསྟོད་པ་དང།། གང་འདོད་ལས་ལ་གསོལ་བ་གདབ།། རྩ་བའི་ཡབ་ཡུམ་སྐུར་གསལ་བས།། འཁོར་ལོ་བཞི་ཡང་གསལ་བར་བྱ།། ཨཱ་ལི་ཀཱ་ལིའི་ཡི་གེ་ཡང།། རྩ་ཡི་གནས་རྣམས་ཀུན་ཏུ་དགོད། ། རྡོ་རྗེ་ཀཱི་ལ་ཡ་ཡི་སྔགས།། འཁོར་ལོའི་རྩ་གནས་ཀུན་ཏུ་བསྒོམ།། དྲག་པོའི་ལས་ཀྱི་སྔགས་རྣམས་ཀྱང།། གསང་བའི་མཁའ་ལ་རབ་ཏུ་དགོད།། ལྷ་རྣམས་སོ་སོའི་ལས་ཀྱི་སྔགས། ། རང་རང་གནས་སུ་དགོད་པར་བྱ།། ལུས་ལ་བསྔགས་ནི་དེ་བཀོད་ནས།། བུམ་པའི་ནང་དུ་དེ་བཀོད་བྱ།། རིགས་ལྔ་ཀཱི་ལ་ལ་སོགས་པའི།། སྙིང་པོ་དག་ཀྱང་རབ་ཏུ་བགྲང།། ཉི་ཁྲི་བདུན་འབུམ་བགྲངས་ནས་ཀྱང། ། ལྷ་རྣམས་ཐུགས་དམ་བསྐུལ་བར་བྱ། ཁྲོ་བོ་ཆེན་པོ་རྣམས་ལ་ནི།། ཉི་ཁྲི་ལྔ་སྟོང་བསྙེན་པ་དང།། དྲག་པོའི་ལས་ཀྱི་སྔགས་རྣམས་ནི།། བྱེ་བ་སུམ་འབུམ་བཟླས་པ་ཡིས།། མངོན་སུམ་པ་ཡི་རྟགས་འབྱུང་སྟེ། ། སྐུ་གཟུགས་བཞད་དང་བུམ་པ་དང།། ཕུར་པ་དག་ལས་འོད་འབྱུང་དག། ཕུར་པ་ལྡེག་འཕར་ལུང་སྟོན་འབྱུང།། དེ་ལྟར་མ་བྱུང་བར་དུ་བསྒྲུབ།། དེ་རྟགས་ཐོན་ནས་སྒྲུབ་སྔགས་བཟླས།། རྩ་བ་ཡབ་ཡུམ་གསལ་བྱས་ཏེ།། ཀཱི་ལ་ཡ་ལྔ་ཕྱོགས་ནས་བསྐུལ།། སྐྱེ་མེད་ཆོས་ཀྱི་དབྱིངས་ལས་ནི།། མཚན་མའི་རྣམ་རྟོག་སྤྲིན་འབྱུང་ཞིང། རྣམ་རྟོག་འཁོར་བར་འཁྱམས་པ་རྣམས།། ཐབས་དང་ཤེས་རབ་སྦྱོར་བ་ལས། ། བདེ་བའི་ཕུར་བུ་རྒྱས་པ་ཡིས།། སོ་སོས་འཇིགས་པའི་སྒྲ་སྒྲོག་པས།། ལས་དང་ཉོན་མོངས་ཞི་བར་མཛད།། ཐོག་མ་མེད་ནས་བཀབ་པ་ཡིས།། ལས་དང་ཉོན་མོངས་གྱུར་པ་ཡི།། འདོད་ཆགས་ཞེ་སྡང་གཏི་མུག་རྣམས། ། སྲིད་པའི་འཁོར་ལོར་གྱུར་པ་ཡིན།། ཐབས་དང་ཤེས་རབ་སྦྱོར་བ་ཡི།། བདེ་བ་བྱང་ཆུབ་སེམས་ཕུར་དེས།། ལུས་ཀྱི་རྩ་རྣམས་ཀུན་ཏུ་གང།། དུག་གསུམ་སྡུག་བསྔལ་དེར་སྦྱོང་མཛད། ། ཆགས་སྡང་ཞེན་ལས་བྱུང་བ་ཡི།། ཉོན་མོངས་པ་ལས་བྱུང་བའི་གཟུགས།། སྲིད་པའི་ལམ་ལ་གནས་བཅས་པ།། དེ་དག་རབ་ཏུ་འདོན་མཛད་ནས།། ཐབས་དང་ཤེས་རབ་སྦྱོར་བ་ཡིས།། བདེ་བ་བྱང་ཆུབ་སེམས་ཕུར་ནི། ། ལུས་ཀྱི་རྩ་རྣམས་ཀུན་རྒྱུས་གང།། དུག་གསུམ་སྡུག་བསྔལ་དེས་གཞོམ་མཛད།། ཆགས་དང་ཞེན་ལས་བྱུང་བ་ཡི།། ཉོན་མོངས་པ་ལས་བྱུང་བའི་གཟུགས།། ལྔ་ཕུང་སེམས་ཅན་དག་བྱའི་ཕྱིར། ། ཐབས་དང་ཤེས་རབ་སྦྱོར་བ་ཡི།། བདེ་བ་བྱང་ཆུབ་སེམས་ཕུར་དེས།། ལུས་ཀྱི་རྩར་བརྒྱུད་སེམས་བདེ་སྐྱེས།། བདེ་བས་ཉོན་མོངས་སྡུག་བསྔལ་ཞི།། ལས་དང་ཉོན་མོངས་འབྲེལ་འབྱུང་བའི།། འབྲས་བུ་ཕུང་པོ་སྡུག་བསྔལ་མྱོང། ། རྣམ་རྟོག་ལས་དང་ལམ་ལ་གནས།། ཐབས་དང་ཤེས་རབ་སྦྱོར་བ་ཡི།། བདེ་བ་བྱང་སེམས་ཕུར་པས་ནི།། ལུས་ཀྱི་རྩ་རྒྱུད་སེམས་བདེ་རྙེད།། བག་ཆགས་ཕུང་པོ་སྡུག་བསྔལ་ཞི།། གཙོ་བོ་ཡབ་ཡུམ་གཉིས་མེད་དེ། ། གཡས་ནས་རྒྱུ་དང་གཡོན་ནས་རྒྱུ།། དབུས་ནས་རྒྱུ་དང་འོད་ཟེར་རྒྱུ།། སྤྱི་གཙུག་མགྲིན་པ་སྙིང་གར་རྒྱུ།། མཚོན་ཆར་རྒྱུ་དང་ཕུར་བུར་རྒྱུ།། གཡས་ཀྱིས་གཅོད་དང་གཡོན་གྱིས་གཅོད། ། གསོ་བསད་མནན་བཟློག་གང་འདོད་འགྲུབ།། ཕྱོགས་ཀྱི་བུམ་པའི་གནས་རྣམས་སུ།། བྱང་ཆུབ་སེམས་ཀྱི་ཆུ་རྒྱུན་དབབ།། བུམ་པ་དེ་དག་ཆུ་རྒྱུན་གྱིས།། བཀང་སྟེ་རྣམ་པར་རྟོག་པ་བསྲེག། ལུས་ཀྱི་གནས་ནི་ཐམས་ཅད་དུ།། ཕབ་པའི་འོད་ཟེར་དེར་སྤྲོ་བྱ།། འོད་ཟེར་ཚོགས་ནི་ཐམས་ཅད་ཀྱང།། བྱང་ཆུབ་སེམས་སུ་གནས་པ་སྟེ།། རྣམ་རྟོག་ཀུན་གྱི་གཉེན་པོར་བཤད།། བདེ་ཆེན་འཁོར་ལོའི་གནས་སུ་ནི། ། ཞི་བའི་ལས་ནི་སྒྲུབ་པ་ཡི།། སྔགས་ཀྱི་འོད་ཟེར་ཐམས་ཅད་ཀྱང།། བདེ་ཆེན་རྩ་ནི་ཀུན་ཏུ་སྤྲོ།། གནས་དེར་བདེ་བ་བསྐྱེད་པས་ནི།། བདག་དང་གཞན་གྱི་རྣམ་རྟོག་བསྲེག། རྩ་དང་རླུང་དང་བྱང་ཆུབ་སེམས། ། བདེ་བ་བསྐྱེད་དེ་དེ་བསྒོམ་མོ།། མགྲིན་པ་ལོངས་སྤྱོད་འཁོར་ལོ་སྟེ།། དེར་ནི་རྒྱས་པའི་ལས་དག་བྱ།། སྔགས་ཀྱི་འོད་ཟེར་ཐམས་ཅད་ཀྱང།། ལོངས་སྤྱོད་གནས་སུ་རབ་ཏུ་སྤྲོས། ། རླུང་དང་རྩ་དང་བྱང་ཆུབ་སེམས།། བདེ་བ་བསྐྱེད་དེ་དེར་བསྒོམ་མོ།། རྣམ་པར་རྟོག་པ་ཐམས་ཅད་བསྲེག། ཚེ་དང་བསོད་ནམས་རྒྱས་པར་འགྱུར།། སྙིང་ག་ཆོས་ཀྱི་འཁོར་ལོར་ནི།། དབང་གི་ལས་ནི་བྱ་བ་ནི། ། སྔགས་ཀྱི་འབྲུ་ནི་དེར་བསྒོམ་པས།། ཐམས་ཅད་མ་ལུས་འགུགས་པར་འགྱུར།། རྩ་དང་རླུང་དང་བྱང་ཆུབ་སེམས།། བདེ་བ་སྐྱེད་བྱེད་དེར་སྒོམས་ཤིག། གནས་དེ་དག་ཏུ་འོད་ཟེར་འཕྲོ།། ཐམས་ཅད་མ་ལུས་དབང་དུ་འགྱུར། ། སྤྲུལ་པའི་འཁོར་ལོའི་གནས་སུ་ནི།། དྲག་པོའི་ལས་ཀྱིས་བསད་པ་ཡིན།། སྔགས་ཀྱི་འོད་ཟེར་དེར་བསྒོམས་ཏེ།། འཁོར་ལོའི་གནས་སུ་འོད་ཟེར་སྤྲོ།། རྩ་དང་རླུང་དང་བྱང་ཆུབ་སེམས།། བདེ་བ་སྐྱེད་བྱེད་རྒྱུ་རུ་བསྒོམ། ། སྔགས་ཀྱི་འོད་ཟེར་དྲག་པོས་ནི།། སྤྲུལ་པའི་གནས་སུ་བསད་པ་ཡིས།། འཁོར་ལོ་བཞི་ཡི་གནས་དེར་ནི།། སྔགས་ཀྱི་འོད་ཟེར་གསལ་བསྒོམས་ལ།། སྤྲོ་དང་བསྡུ་བར་བྱ་བ་ཡིས།། བདེ་བ་དག་ལ་རྟེན་བཅས་ཤིང། ། མི་རྟོག་པའང་དེར་སྐྱེ་འགྱུར།། གསང་བར་བཟླས་དང་མི་གཡོར་འགྱུར། ཁྲོ་བོའི་སྤྲུལ་པའི་ཕྱག་བརྙན་དང།། ཡང་སྤྲུལ་དག་ནི་འབྱུང་བས་ནི།། ཕུར་བུའི་དངོས་གྲུབ་སྟེར་བར་འགྱུར། ། སྔར་བསྟན་རྟགས་ནི་ཀུན་འབྱུང་སྟེ།། མཆོག་དང་ཐུན་མོང་དངོས་གྲུབ་ཀྱང།། སྐད་ཅིག་ལ་ནི་ཐོབ་པར་འགྱུར།། དེ་ཐོད་བཟླས་པའི་སྔགས་འདིའོ།། ཨཱ+ོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱཾ་བཾ་ཧཱུཾ་ཧཱུཾ་ཕཊ། ། དེ་ནི་སྤྱི་ཡི་བསྙེན་པའོ།། དེ་བཞིན་ཁྲོ་བོ་སོ་སོའི་སྔགས།། ལས་ཀྱི་སྔགས་ཀྱང་དུས་སུ་བཟླ།། བསྙེན་པའི་སྔགས་ཀྱིས་དངོས་གྲུབ་ཐོབ།། ལས་ཀྱི་སྔགས་ཀྱིས་ཐམས་ཅད་སྒྲོལ།། ལས་འདི་རྣལ་འབྱོར་ཅན་གྱིས་བྱ། ཁྲོ་བོ་ཆེན་པོ་དེ་དག་གིས།། བདུད་དང་བར་དུ་གཅོད་པ་རྣམས།། བསྒྲལ་ཏེ་བྱང་ཆུབ་ལམ་ལ་བཀོད།། རྒྱུད་དྲུག་འཁོར་བའི་སེམས་ཅན་དང།། ལུས་སེམས་བྲལ་ཏེ་འཁྱམས་པ་དང།། ངན་འགྲོའི་སྒོ་དགག་བདེ་ལམ་བཀོད། ཁྲོ་རྒྱལ་སྐུ་ཡི་འོད་ཟེར་གྱིས།། སྟེ་འོག་ཕྱོགས་མཚམས་ཀུན་ཏུ་སྤྲོ།། དེར་གནས་སེམས་ཅན་ཐམས་ཅད་ཀྱང།། རང་རང་ཉོན་མོངས་ཀུན་སྤྱོད་བྱེད།། གྲོལ་བའི་ལམ་ལ་བཀོད་ནས་ཀྱང། ། སྡུག་བསྔལ་ཐམས་ཅད་དེར་འཇོམས་བྱེད།། དེ་བཞིན་དཀྱིལ་འཁོར་ཆེན་པོ་ཡི།། བསྒྲུབ་པ་དག་ནི་བྱེད་དུས་སུ།། དངོས་གྲུབ་རྟགས་ནི་བྱུང་དུས་སུ།། ཐེ་ཚོམ་མེད་པའི་རྟོག་པས་བླང། ། དངོས་གྲུབ་ཆེན་པོ་ཐོབ་ནས་ཀྱང།། ལས་རྣམས་ཐམས་ཅད་བྱ་བ་ཡིན།། བྲན་དང་ཕོ་ཉ་བཀའ་ཉན་ཚོགས།། དེ་དག་བསྒྲུབ་པར་བྱ་བ་ནི།། རྩ་བའི་དཀྱིལ་འཁོར་མདུན་ཕྱོགས་སུ།། དཀྱིལ་འཁོར་གྲུ་གསུམ་མཐིང་ནག་བྱ། ། ཕྱི་རོལ་ཟླ་གམ་གསུམ་གྱིས་བསྐོར།། དབུས་སུ་ཁྲོ་རྒྱལ་ཧཱུཾ་ཀཱ་ར།། གཡོན་དུ་ཁྲོ་མོ་སྒྲ་འབྱིན་མ།། གཡས་སུ་ཕག་གི་མགོ་ཅན་དེ།། རྒྱབ་ཏུ་སྨྲིག་བུའི་མགོ་ཅན་ནོ།། ཤ་ཁྲག་སྣ་ཚོགས་ལས་བྱས་པའི། ། གཏོར་མ་བྷན་དྷ་གང་བཞག་ལ།། བདུད་རྩི་ལྔ་ཡང་དེ་རུ་བླུག། ཤ་ཆེན་ཚིལ་ཆེན་ཁྲག་ཆེན་དང།། གཡང་གཞི་སྤྱི་བླུགས་ཐོད་པའི་རྔ།། དུར་ཁྲོད་རྒྱན་དང་རྫས་རྣམས་བསགས།། ཉུང་དཀར་སྐྱེ་ཚེ་དུག་དང་སྦྱར། ། ཟངས་ཕྱེ་རྡོ་ཕྱེ་ལྕགས་ཕྱེ་དང།། དྲག་པོའི་རྫས་རྣམས་གྲུ་གསུམ་སྟེ།། ཧཱུཾ་མཛད་ཏིང་འཛིན་ལ་གནས་པས།། སྔགས་འདི་བགྲང་ཞིང་འཕྲོ་འདུ་བྱ།། ཨོཾ་བཛྲ་ཀྲོ་དྷ་ཧཱུཾ་ཀ་ར་ཧཱུཾ། བཞི་འབུམ་ལྔ་ཁྲི་འདོན་པར་བྱ། ། ཕྲ་མན་[[]མེན་[]]སྔགས་འདིས་ལས་ལ་གཞུག། གརྫ་གརྫ་ཧཱུཾ་ཕཊ།། བྱེ་བ་སུམ་ཁྲི་བཏོན་བྱས་ན།། ཕོ་ཉས་གང་འདོད་ལས་རྣམས་བྱེད།། སྤྲུལ་པས་གང་བསྒོའི་ལས་རྣམས་བྱེད།། རྣལ་འབྱོར་ཅན་ལ་དངོས་གྲུབ་འབེབས། ། དེ་བཞིན་ཁྲོ་བོ་གཞན་དག་ཀྱང།། རང་རང་ཁྲོ་མོ་ཕོ་ཉ་དང།། བཅས་ཏེ་བསྒྲུབས་ན་དངོས་གྲུབ་ཐོབ།། བསྒོ་བ་ཉན་ཅིང་ལས་རྣམས་བྱེད།། རྣལ་འབྱོར་དམ་ལྡན་རྟོགས་པར་བྱ། ། ཕུར་པ་ཕྲིན་ལས་ཀྱི་རྒྱུད་ལས། བསྒྲུབ་པའི་ལེའུ་སྟེ་བཅུ་གཉིས་པའོ།།།། དེ་ནས་རྡོ་རྗེ་ཕུར་བུ་ཡིས།། ཚོགས་ཀྱི་དཀྱིལ་འཁོར་བཤད་པར་བྱ།། སྐུ་ཡི་དཀྱིལ་འཁོར་འབྲི་བར་བྱ།། སྣ་ཚོགས་ཟས་དང་སྣ་ཚོགས་འབྲུ། ། སྨན་གྱི་རྣམ་པའི་གཏོར་མ་ནི།། གླང་པོའམ་ཤིང་རྟས་འགྲོངས་པའི་ཚད།། བརྒྱ་རྩ་བརྒྱད་དམ་ལྷ་གྲངས་བྱ།། ཤ་སྣ་ཁྲག་སྣ་བརྒྱ་རྩ་བརྒྱད།། སྤྱན་གཟིགས་འདོད་ཡོན་སྣ་ཚོགས་བརྒྱན།། སྣ་ཚོགས་འབྲུ་ཡི་ཆང་རྣམས་བཤད། ། རྣལ་འབྱོར་ཕོ་མོ་གཡས་དང་གཡོན།། ལུས་ངག་བརྡས་མཚོན་སོ་སོས་མཆོད།། ལྷ་ཚོགས་ཕྱི་ནང་གསང་བས་མཆོད།། ཚོགས་ཀྱི་འཁོར་ལོ་བསྐོར་བའི་ཚེ།། བླ་མ་རྡོ་རྗེ་སློབ་དཔོན་ལ། ། མཚན་ལྡན་གཟུངས་མ་ཕུལ་ནས་ནི།། གཙོ་བོ་རྣམས་ལ་དེ་བཞིན་མཆོད།། འཁོར་གྱི་རྣལ་འབྱོར་ཐམས་ཅད་ཀྱང།། རང་རང་གཟུངས་མ་དག་དང་ནི།། ལྷན་ཅིག་གནས་ཏེ་ལྷ་རྣམས་མཆོད།། མཆོད་པའི་ལས་བྱེད་དུས་བརྡས་མཚོན། ། གང་ཞིག་སྤྱི་བོ་སྟོན་པ་ལ།། དེ་ལ་རྐང་མཐིལ་བསྟན་པར་བྱ།། གང་ཞིག་སྨིན་མ་འདེགས་བྱེད་ལ།། དེ་ལ་མཛུབ་ནི་བསྟན་པར་བྱ།། གང་ཞིག་ལྕེ་ནི་བསྐྱོད་པ་ལ།། དེ་ལ་པདྨ་བསྟན་པར་བྱ། ། གང་ཞིག་མཛུབ་མོ་སྟོན་པ་ལ།། དེ་ལ་ལག་པ་སྦྱིན་པར་བྱ།། གང་ཞིག་བྲང་ནི་སྟོན་པ་ལ།། དེ་ལ་ནུ་མ་སྟོན་པར་བྱ།། གང་ཞིག་སོར་མོ་རྣམས་སྟོན་ལ།། དེ་ལ་ལུས་ནི་བསྟན་པར་བྱ།། གང་ཞིག་ཨ་ཧོ་ཞེས་བརྗོད་ན། ། ཀྱེ་མ་ཧོ་ཞེས་རབ་ཏུ་བརྗོད།། ཨ་ཏི་པུ་ཧོ་བརྗོད་པ་ལ།། པྲ་ཏི་པུ་ཧོ་བརྗོད་པར་བྱ།། ཨ་ཏི་ཛཿཞེས་བརྗོད་པ་ལ།། པྲ་ཏི་ཛཿཞེས་བརྗོད་པའོ།། ས་མ་ཡ་སྟྭཾ་ཞེས་བརྗོད་པ་ལ།། ས་མ་ཡ་ཧོ་ཞེས་བརྗོད་པར་བྱ། ར་ཧོ་ཧཾ་ཞེས་བརྗོད་པ་ལ།། རཱ་ག་ཡཱ་མི་བརྗོད་པར་བྱ།། ཀྱེ་ཞེས་འབོད་པའི་སྒྲ་སྒྲོག་ན།། ཨ་ཧོ་ཞེས་པའི་ལན་ཡང་སྦྱིན།། སུ་ར་སྟི་ཞེས་བརྗོད་པ་ལ།། བཟའ་ཞིང་བཏུང་བ་རབ་ཏུ་སྦྱིན།། ས་མ་ཡ་ཛཿཞེས་བརྗོད་པ་ལ། ། ལྷ་རྣམས་མཆོད་ཅེས་རབ་ཏུ་སྦྱིན།། དུད་དུ་ར་ཞེས་བརྗོད་པ་ལ།། སྤང་བར་བྱ་ཞེས་རབ་ཏུ་བརྗོད།། དེ་བཞིན་ངག་གི་སྒྲ་རྣམས་ཀྱང།། དུས་འདི་དག་ཏུ་བྱ་བ་ཡིན།། ཚོགས་ཀྱི་འཁོར་ལོའི་དུས་འདི་རུ། ། རྐང་པ་བརྐྱང་བར་མི་བྱ་ཞིང།། ཕྱི་རོལ་གཏམ་ཡང་རབ་ཏུ་སྤངས།། མི་བགད་གསང་བའི་ངག་ལ་གནས།། ལྷ་ཡི་གྲངས་ནི་དེ་བཞིན་དུ།། ཕྱི་ནང་གསང་བའི་མཆོད་པ་ཡང།། ལྷ་རྣམས་ལ་ནི་རབ་ཏུ་འབུལ། ། ཞལ་ཟས་ཚོགས་ལ་ལོངས་སྤྱོད་ཅིང།། དཔའ་བོ་དཔའ་མོ་མཉམ་འཁྱུད་ལ།། བྱང་ཆུབ་སེམས་ཀྱི་བདེ་བས་མཆོད།། ཉོན་མོངས་རྣམ་པར་རྟོག་པ་ཡང།། དེ་ཡི་འོད་ཟེར་དག་གིས་བསྲེག། ཕྱི་རོལ་བར་ཆོད་བྱེད་རྣམས་ལ། ། འོད་ཟེར་དག་གི་བསྲེག་པར་བྱ།། བརྟུལ་ཞུགས་ཆེན་པོའི་སྤྱོད་པ་ཡིས།། ཚོགས་ཀྱི་འཁོར་ལོ་བྱ་བ་ཡིན།། དམ་ཚིག་མེད་ཅིང་ངང་རྒྱུད་ངན།། རྟོག་པ་ཅན་ལ་ཚོགས་འཁོར་གསང།། དབང་པོ་དཔའ་མོ་བརྟུལ་ཞུགས་ལྡན། ། དམ་ཚིག་ཅན་གྱི་ཚོགས་འཁོར་བྱ།། རྡོ་རྗེའི་གླུ་ནི་རབ་ཏུ་བླངས།། མཁའ་འགྲོའི་ཚོགས་ལ་གཏོར་མ་སྦྱིན།། དེ་དོན་རབ་ཏུ་བཤད་པ་ཡིན།། བར་བར་རྡོ་རྗེའི་གླུ་ཡིས་བསྐུལ།། ཀྱེ་ཚོགས་ཀྱི་འཁོར་ལོ་ཆེན་པོར་ནི། ། དམ་ཚིག་ལྡན་པའི་རྣལ་འབྱོར་པས།། སོ་སོར་རང་རིག་གཉིས་འཁྱུད་དེ།། དེ་བཞིན་ལྷ་རྣམས་ཀུན་མཆོད་ཅིང།། བདུད་རྩི་ལྔ་ཡང་རྟོག་མེད་བཟང།། ཤ་དང་ཁྲག་ནི་འཐུང་ཅིང་བཟའ། ། དེར་ནི་དམ་ཚིག་ཅན་བཟུང་ཞིང།། དམ་ཚིག་མེད་དང་ཉམས་པ་སྤང།། བརྟུལ་ཞུགས་ཆེན་པོའི་སྤྱོད་པ་ཡིས།། ཚོགས་ཀྱི་འཁོར་ལོ་རབ་ཏུ་བྱ།། བྱང་ཆུབ་སེམས་ལྡན་གཟུངས་མ་བརྟེན།། གཙང་དམེ་མི་བལྟ་བརྟུལ་ཞུགས་བསྐྱེད། ། ལུས་ནི་མཛེས་པས་ཁྲུས་བྱས་བརྒྱན།། ཚོགས་ཀྱི་མཆོད་པ་རབ་ཏུ་བྱ།། མཁའ་འགྲོ་མ་དང་ཤ་ཟ་མོ།། ར་རོ་མ་དང་ཁྲག་འཐུང་མ།། ས་བླ་ས་འོག་ས་སྟེང་གི། ལས་ལ་གྲུབ་པའི་མཁའ་འགྲོའི་ཚོགས། ། གཏོར་མ་ལེན་ཅིང་ལས་རྣམས་བྱེད།། སྤྲུལ་པའི་མཁའ་འགྲོ་དེ་བཞིན་བྱེད།། གཉིས་མེད་མཉམ་འཁྱུད་བདེ་བ་ཡིས།། དཔའ་བོ་དཔའ་མོ་མཉེས་གྱུར་ཅིག། གཉིས་མེད་བདེ་བ་རྒྱས་གྱུར་ཅིག། སྤྲོ་དང་བསྡུ་བའི་བདེ་བ་ཡིན། ། མཁའ་འགྲོའི་ཚོགས་རྣམས་ཚིམ་གྱུར་ཅིག། བདུད་རྩི་ལྔ་དང་ཞལ་ཟས་ཀྱིས།། འཇིག་རྟེན་འདས་དང་མ་འདས་པའི།། མཁའ་འགྲོའི་ཚོགས་རྣམས་མཉེས་གྱུར་ཅིག། གླུ་དག་བླངས་ལ་དཀྱིལ་འཁོར་བསྡུ། ། ལས་དང་ཉོན་མོངས་རབ་ཏུ་འཇོམས།། དམ་ཚིག་ལྡན་པའི་རྣལ་འབྱོར་པས།། ལས་འདི་ལ་ནི་བརྩོན་པར་བྱ།། ཚོགས་ཀྱི་འཁོར་ལོ་རབ་འབྲིང་གསུམ།། ཕྱི་ནང་གསང་བ་གསུམ་ཞེས་བྱ། ། དམ་ཚིག་ཉམས་པ་སྐོང་བའི་ཕྱིར།། ནང་གི་ཚོགས་ཀྱི་འཁོར་ལོ་བྱ།། ཚོགས་བསགས་བསོད་ནམས་བསྐྱེད་དུས་ཕྱི།། མི་རྟོག་ཡེ་ཤེས་བསྐྱེད་དུས་སུ།། གསང་བའི་ཚོགས་ཀྱི་འཁོར་ལོ་བྱ།། ཚོགས་འཁོར་དེ་གསུམ་གང་གིས་ཀྱང། ། སྒྲིབ་སྦྱོང་རྣམ་གྲོལ་ལམ་ལ་འགོད།། ཚོགས་ཀྱི་འཁོར་ལོ་ཆེན་པོ་འདིས།། ཡབ་ཡུམ་རིགས་ལྔའི་ཁྲག་འཐུང་དང། ཁྲོ་བཅུ་ཡབ་ཡུམ་ཕྲ་མེན་ཚོགས།། མཆོད་པ་དངོས་གྲུབ་རང་ཤུགས་འབྱུང། ཁྲོ་རྒྱལ་ཚོགས་ཅན་བྲན་གྱི་ཚོགས།། ཕོ་ཉ་བཀའ་ཉན་བསྒོ་བ་ཉན། ཁམས་གསུམ་ཉོན་མོངས་ཀུན་སྒྲོལ་གྱིས།། མཆོག་དང་ཐུན་མོང་དངོས་གྲུབ་ཐོབ།། རྒྱལ་པོ་བྲམ་ཟེ་ཁྱིམ་བདག་ཚོགས།། དྲེགས་པའི་བསོད་ནམས་དབང་དུ་འདུ། ། གནོད་གདུག་ཞི་ཞིང་འབྱོར་པ་འཕེལ།། གདུག་ཅིང་སྡང་སེམས་ལྡན་པ་སྒྲོལ།། དེ་ཕྱིར་ཚོགས་ཀྱི་འཁོར་ལོ་ཡང།། རབ་ཏུ་བྱ་བར་བཤད་པ་ཡིན།། ཕུར་པ་ཕྲིན་ལས་ཀྱི་རྒྱུད་ལས། ཚོགས་ཀྱི་འཁོར་ལོའི་ལེའུ་སྟེ་བཅུ་གསུམ་པའོ།།།། དེ་ནས་རྡོ་རྗེ་ཕུར་བུ་ཡི།། བསྲེག་དང་མནན་འཕང་བསྟོད་པར་བྱ།། ཐུགས་ཀྱི་དཀྱིལ་འཁོར་ཆེན་པོ་ནི།། ཕུང་ཐོད་དུམ་བུ་དྲུག་པ་རུ། ཁྲག་སྣ་དུག་སྣའི་མིང་རུས་གཞུག། སྐྱེ་ཚེ་ཡུངས་ནག་བྲབ་རྫས་བཞག། ནས་ནག་རྡོ་ནག་ཟངས་ལྕགས་ཕྱེ།། ཟོར་གྱི་རྫས་སུ་ཐམས་ཅད་བསགས།། ཡང་ན་མདའ་ཡི་ཟོར་ཡང་བྱ། ཁྲ་དང་སྲིན་བྱ་ཕོ་རོག་དང།། འུག་པ་དག་གི་སྒྲོ་བསྐྱོན་དེ། ། སྨྱུག་མ་ལ་ནི་ཁྲག་གིས་བྱུགས།། སྐྱོན་མེད་སོར་ནི་བཅུ་གཉིས་པ། ཁྲག་དང་དུག་གི་བྱུགས་བྱས་ལ།། ཐུགས་ཀྱི་དཀྱིལ་འཁོར་དེར་གཟུག་བྱ།། ཟངས་ནག་ཞིང་ཆེན་སྤྱི་བླུགས་བགཽ། དྲག་པོ་ལས་ཀྱི་གཟུངས་མ་ནི། ། ནག་མོ་གཏུམ་མོ་ཁྲོ་གཉེར་ཅན།། གཡོན་བཞག་སྒྲོལ་བའི་ཡུམ་དུ་བརླབས།། དྲག་པོའི་ལས་ཀྱི་ཕུར་པ་ཡིས།། བསྒྲུབ་བྱ་དག་ལ་བཏབ་སྟེ་བསྒྲལ།། སོ་སོའི་རྩ་སྔགས་ལས་སྔགས་ཀྱིས།། ཟོར་མདའ་ལ་ནི་རབ་ཏུ་བསྒྲུབ། ། ཕུར་བུ་ཕྲ་མོ་བདུན་བྱས་བསྔགས།། སྒྲོ་རྩར་ཕུག་སྟེ་མདའ་ནང་གཞུག། མཚེ་ཉུང་དྲག་རྫས་བཟླས་ལ་བླུག། ཨོཾ་མོ་ཧ་གྷ་ཡ་གརྫ་གརྫ་ཧཱུཾ་ཕཊ། སྥོ་ཊ་ཡའི་བར་དག་ཏུ།། མོ་ཧ་གྷ་ཡས་མགོ་མནན་བསྒྲུབ། ཁྲག་གི་ནང་གིས་མིང་གཟུགས་ལ།། ནས་ནག་རྡོ་ནག་ལ་སོགས་པ།། དྲག་པོའི་སྔགས་འདི་བཏབ་སྟེ་བྲབ།། ཧཱུཾ་མ་མ་བ་ཤཾ་ཀུ་རུ་མ་ཏ་ཉ་ཀ་ར་ཨི་ནན་དྷ་དྷི་མ་མ་ཀརྨ་ཤཱི་གྷྲང་ཀཱ་ར་ཡཱ། ལས་ཕྱེད་ཚོགས་ནི་དྲག་ཏུ་བསྐུལ། ཁྲོ་བོའི་སྤྲུལ་པ་དེ་བཞིན་བསྐུལ།། དྲོད་ཚད་ལྡན་པས་ཟོར་དུ་འཕང།། མ་མོའི་ཟོར་ནི་སྲོད་ལ་སྟེ།། སྲིན་པོའི་ཟོར་ནི་ཐོ་རངས་འཕངས།། ཟོར་ལམ་ཕྱེ་ལ་ཁྲོ་བས་འཕངས།། མདའ་དང་ཐོད་ཟོར་ལྟས་ཀྱང་བལྟ། ། ཟོར་ཁ་ཟློག་ན་བདུན་དགུར་བསྐྱར།། དེ་ནས་དྲག་ཏུ་བསྐུལ་དེ་འཕངས།། གདུག་ཅིང་སྡང་སེམས་ལྡན་པ་རྣམས།། སྐད་ཅིག་ཉིད་ལ་སྒྲོལ་བར་འགྱུར།། རྡོ་ནག་འུར་རྡོས་འཕང་བར་བྱ། ། མདའ་འཕང་མདེའུའི་མེ་སྟག་ནི།། གཡས་སུ་འཕྲོ་དང་གཡོན་དུ་འཕྲོ།། གང་ལ་ལོག་པའི་དྲོད་ཚད་བཟུང། ཁྲག་ལ་དེ་བཞིན་བལྟ་བ་སྟེ།། ལྐུགས་དང་འཁྱིལ་དང་འཕྲོ་བའོ།། ལྟས་ཀྱི་རྣམ་པ་དེ་བལྟ་ཞིང། ། ཟོར་ནི་རབ་ཏུ་འཕང་བར་བྱ།། ཟོར་ཐོད་བུབ་དང་ལོག་ལྟས་ནི།། ཕྱི་རོལ་རྟགས་སུ་ཤེས་པར་བྱ།། ལས་ཀུན་མཐའ་ནི་ཟོར་གྱི་བསྐུལ།། ཕྲིན་ལས་རྣམ་བཞིས་མནན་བྱ་སྟེ།། ཨེ་ལས་གྲུ་གསུམ་དཀྱིལ་འཁོར་བསྐྱེད། ། ཞེ་སྡང་རྡོ་རྗེ་འཁོར་བཅས་པས།། འཇིག་རྟེན་ཁམས་ནི་ཐམས་ཅད་ཀུན། ཁྲོ་བོར་མ་གྱུར་གང་ཡང་མེད།། ཐམས་ཅད་ཐལ་བ་རྡུལ་དུ་རློག། ཨཱ+ོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་མཱ་ར་ཡ་ཧཱུཾ་ཕཊ། བཾ་ལས་དབང་གི་དཀྱིལ་འཁོར་ནི། ། ཟླ་གམ་དག་ཏུ་བསྐྱེད་པར་བྱ།། འདོད་ཆགས་རྡོ་རྗེ་འཁོར་བཅས་པས།། འཇིག་རྟེན་ཁམས་ནི་རབ་འབྱམས་ཀུན།། དབང་གི་ཁྲོ་བོར་མ་གྱུར་མེད།། ཐམས་ཅད་དབང་དུ་འདུ་བར་མཛོད། ། ཨཱ+ོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་བ་ཤཾ་མ་ན་ཧོ་བ་ཤཾ་ཀུ་རུ་སྭཱ་ཧཱ། ཡ་ལས་རྒྱས་པའི་དཀྱིལ་འཁོར་ནི།། གྲུ་བཞི་དག་ནི་བསྐྱེད་བྱ་སྟེ།། ང་རྒྱལ་རྡོ་རྗེ་འཁོར་བཅས་པས།། འཇིག་རྟེན་ཁམས་ནི་ཐམས་ཅད་ཀུན།། རྒྱས་པར་མ་གྱུར་གང་ཡང་མེད། ། ཚེ་དང་བསོད་ནམས་འཕེལ་བར་མཛོད།། ཨཱ+ོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་པུཥྟིཾ་ཀུ་རུ་སྭཱ་ཧཱ། མ་ལས་ཞི་བའི་དཀྱིལ་འཁོར་ནི།། ཟླུམ་པོ་དག་ཏུ་བསྐྱེད་པ་སྟེ།། གཏི་མུག་རྡོ་རྗེ་འཁོར་བཅས་པས། ། འཇིག་རྟེན་ཁམས་ནི་ཐམས་ཅད་ཀུན།། ཞི་བར་མ་གྱུར་གང་ཡང་མེད།། ཐམས་ཅད་མ་ལུས་ཞི་བར་མཛོད།། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། རྡོ་རྗེ་གཞོན་ནུའི་ཞབས་ཀྱིས་མནན།། འཁོར་ལོ་རྒྱས་འདེབས་བྷ་གར་སྦ། ཁྲོ་བོའི་ཚོགས་ཀྱི་ཟས་སུ་བསྔོ།། བསྐལ་པའི་མེ་ཡི་ཕུང་པོར་བསྲེགས།། ཡེ་ཤེས་མེ་ཡི་བག་ཆགས་བསྲེགས།། ཉོན་མོངས་ལྔ་དང་ལྡན་པ་ཡིས།། གདུག་ཅིང་སྡང་སེམས་ལྡན་པ་རྣམས།། བྱང་ཆུབ་སེམས་ནི་མ་སྐྱེས་པར། ། ནམ་ཡང་བཏང་བར་མི་བྱ་སྟེ། ཁྲོ་རྒྱལ་ཡབ་ཡུམ་སྲས་བཅས་པའི།། ཞབས་ཀྱི་གདན་ཁྲིའི་འོག་ཏུ་མནན།། བསྐལ་པ་མེ་ཡི་ཀློང་དཀྱིལ་ནས། ཁྲོ་བོ་འཇིགས་པའི་གཟུགས་ལྡན་གྱིས། ། མ་རུངས་ཚོགས་རྣམས་འདུལ་བའི་མཆོག། ཐམས་ཅད་མ་ལུས་ཚར་གཅོད་ཅིང།། མ་རུངས་པ་ཡི་ཚོགས་རྣམས་འདུལ།། མནན་པས་བར་ཆོད་རབ་ཏུ་ཞི།། དེ་ནས་འཁོར་རྣམས་ཡི་རངས་ཏེ།། བསྟོད་པའི་མཆོག་འདིས་རབ་ཏུ་བསྟོད། ། བསྐལ་པ་མེ་ལྟར་འབར་བའི་ཀློང་དཀྱིལ་ནས།། ཞེ་སྡང་འདུལ་མཛད་རྡོ་རྗེ་གཞོན་ནུའི་སྐུ།། རྣམ་པར་ཐར་པའི་དབུར་ལྡན་ཞིང།། ཕྱག་དྲུག་ཕྱག་མཚན་རྒྱུད་དྲུག་སྒྲོལ།། ཞབས་བཞིས་རཱུ་ཏྲ་བསྒྲལ་ཞིང་མནན། ། གདུག་པ་འདུལ་མཛད་ཕྱག་འཚལ་བསྟོད།། རིགས་ལྔ་ཁྲག་འཐུང་ཀཱི་ལ་ཡ།། ཐམས་ཅད་མ་ལུས་རྡུལ་དུ་རློག། ཤིན་ཏུ་ཁྲོས་པའི་གཟུགས་ཅན་དེ། ཁྲོ་རྒྱལ་ཆེན་པོར་ཕྱག་འཚལ་བསྟོད། ། ཕྱོགས་མཚམས་སྟེང་འོག་ཁྲོ་བོའི་ཚོགས།། ཐམས་ཅད་དབུ་གསུམ་ཕྱག་དྲུག་སྟེ།། སྐུ་སྨད་ཕུར་པས་གདོན་ཚོགས་འདུལ།། རྣམ་པར་ཐར་པའི་དབུ་གསུམ་ལ།། རྒོད་གཤེ་ཆགས་པ་འཇིགས་པའི་ཞལ། ། གླང་ལྤགས་ཀོ་རློན་སྐུ་ལ་གསོལ།། སྟག་ལྤགས་འབུམ་གྱི་ཤམ་ཐབས་ཅན།། གཡང་གཞི་ཐོད་སྦྲུལ་ཁྲག་ཞག་བརྒྱན།། ཕྱག་དྲུག་མཚོན་ཆས་ཉོན་མོངས་སྒྲོལ། ཁྲོ་མོ་དབང་ཕྱུག་སྐུ་ལ་འཁྲིལ། ། འཇིགས་བྱེད་ཁྲོ་རྒྱལ་ཚོགས་ལ་བསྟོད།། སྤྲུལ་པའི་ཕྲ་མེན་ཚོགས་བཅས་ནི།། ཕྱོགས་བཅུ་ཀུན་ཏུ་ཕོ་ཉར་འགྱེད།། བདུད་དང་བར་ཆོད་སྒྲོལ་བར་མཛད།། ཤིན་ཏུ་འཇིགས་པའི་ཕོ་ཉ་རྣམས།། ལུས་ནི་མ་ངེས་སྣ་ཚོགས་སྟོན། ། ཅིར་ཡང་འགྱུར་བའི་མཚོན་ཆ་བསྣམས།། མ་རུངས་ཤ་ལ་སྟོད་ཅིང་ཟ།། སྒྲོལ་བྱེད་ཚོགས་ལ་ཕྱག་འཚལ་བསྟོད།། བཅོམ་ལྡན་ཐུགས་ཀྱི་སྤྲུལ་པ་ནི།། ཕྱོགས་བཅུ་ཀུན་ཏུ་འགྱེད་པར་མཛད། ། རྣམ་རྟོག་ཉོན་མོངས་ཐམས་ཅད་འཇོམས།། ཐམས་ཅད་བདེ་བའི་ལམ་ལ་འགོད།། རཱུ་ཏྲ་གཏུམ་རྔམས་མ་རུངས་པས།། སེམས་ཅན་ཀུན་ལ་གནོད་པར་བྱེད།། བཅོམ་ལྡན་ཐུགས་ཀྱི་ཕུར་བུ་ཡིས།། དེ་དག་སྒྲོལ་མཛད་ཕྱག་འཚལ་བསྟོད། ། འཇིགས་བྱེད་ཁྲོ་བོའི་ཚོགས་བཅས་ཀྱིས།། ཕྱོགས་སྐྱོང་དྲེགས་པ་ཚར་བཅད་དེ།། སེམས་ཅན་ཐམས་ཅད་བདེ་ལ་བཀོད།། འགྲོ་དོན་མཛད་ལ་ཕྱག་འཚལ་བསྟོད།། ཅེས་ཕྱོགས་བཅུའི་ཁྲོ་བོའི་ཚོགས་དང། ཁོར་སྤྲུལ་པའི་ཕྲ་མེན་གྱི་ཚོགས་དང། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་འཁོར་ཐམས་ཅད་ཀྱིས་བཅོམ་ལྡན་འདས་ཀྱི་གསུངས་པ་ལ་མངོན་པར་བསྟོད་དོ།། རྗེས་སུ་ཡི་རང་ངོ། ། ཕུར་པ་ཕྲིན་ལས་ཀྱི་རྒྱུད་ལས། ཟོར་མནན་སྲེག་དང་བསྟོད་པའི་ལེའུ་སྟེ་བཅུ་བཞི་པའོ།།།། ཕུར་པ་ཕྲིན་ལས་ཀྱི་རྒྱུད་ཅེས་བྱ་བ་རྫོགས་སོ།། རྡོ་རྗེ་ཕུར་བུའི་ལས་རྒྱུད་འདི།། ཨུ་རྒྱན་མཁའ་འགྲོའི་གླིང་དག་ནས། ། རྗེ་བཙུན་པདྨ་འབྱུང་གནས་ཀྱིས།། སེམས་ཅན་དོན་དུ་དགོངས་ཏེ་བྱོན།། སྔོན་གྱི་ལས་འཕྲོ་འབྲེལ་བ་ཡིས།། རོང་ཟོམ་གཞོན་བློས་ལོ་ཙྪ་བགྱིས།། དེ་ལས་བྱུང་བའི་བསོད་ནམས་ཀྱིས། ཁམས་གསུམ་སྙིང་རྗེས་སྒྲོལ་བར་ཤོག། འདིར་ཕྲིན་ལས་ཀྱི་རྒྱུད་ཀརྨ་མཱ་ལེ་རྩ་བའི་རྒྱུད་རྟོག་པ་བཅུ་གཉིས་པའི་རྒྱུད་དང། རྒྱུད་ཕྱི་མ་ཟབ་པའི་རྒྱུད་རྣམས་འདིར་གཞུག་པར་བྱའོ།། སིདྡྷི་རསྟུ།།།།
CLOSE WINDOW