Wylie |
རྒྱ་གར་སྐད་དུ། བུདྡྷ་ཨ་མྲྀ་ཏ་ཛྙཱ་ན་པྲ་བྷ་བཱན་ཏནྟྲ་ནཱ་མ། བོད་སྐད་དུ། སངས་རྒྱས་ཐམས་ཅད་ཀྱི་བདུད་རྩི་ཡེ་ཤེས་འོད་ལྡན་གྱི་རྒྱུད་ཅེས་བྱ་བ། བྷ་ག་བཱན་རཱ་ཛ་ཨ་མྲྀ་ཏ་ན་མ། བཅོམ་ལྡན་འདས་བདུད་རྩིའི་རྒྱལ་པོ་ལ་ཕྱག་འཚལ་ལོ། ། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་བདུད་རྩིའི་རྒྱལ་པོ་དང། ཀུན་ཏུ་བཟང་མོ་གཉིས་རི་རབ་ཀྱི་རྩེ་མོ་ལ་བདུད་རྩི་རོལ་པའི་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་སོ། ། དེའི་ཚེ་བཅོམ་ལྡན་འདས་བདུད་རྩིའི་རྒྱལ་པོ་ཡབ་ཡུམ་གྱི་ཐུགས་ཀ་ནས། འོད་ཟེར་རྣམ་པ་ལྔ་ཡང་ཕྱོགས་བཅུར་འཕྲོས་པ་ལས་རིགས་ལྔ་ཁྲག་འཐུང་ཡབ་ཡུམ་དང། ཁྲོ་བོ་ཁྲོ་མོ་དང། སེམས་དཔའ་སེམས་མ་དང། དཔའ་བོ་དཔའ་མོ་དང། རིགས་གསུམ་མགོན་པོ་དང། ལྷ་ཀླུ་གནོད་སྦྱིན་དྲི་ཟ་དང། ཚངས་པ་ཁྱབ་འཇུག་མ་ཧཱ་དེ་བ་ལ་སོགས་པ་འདུས་ཤིང་འཁོད་དེ། ཡེ་ཤེས་སྤྲིན་ཕུང་འཁྲིགས་ནས། བདུད་རྩིའི་ཆར་ཕབ་པས། རི་རབ་ཀྱི་བང་རིམ་ལ་སོགས་པ། འཇིག་རྟེན་དུ་བདུད་རྩི་བཅུད་དང་ལྡན་པ་ཞེས་བྱ་བ། རྩ་བ་གྲོ་མའམ་སྲན་ནག་སྤངས་པ་འདྲ་བ། ཚིག་རིང་ཚི་བ་དང། རོ་ཁ་ལ་དངས་པ། མངར་ལ་ཚ་ཞིང་བདེ་བ། མེ་ཏོག་ལྔ་དང་ལྡན་ཞིང། བདུད་རྩིའི་ཟིལ་པ་ཆགས་པ་ནུབ་མོ་འོད་དང་ལྡན་པ་འཁྲུངས་ཏེ། འདུས་པའི་འཁོར་རྣམས་ཀྱིས་ཟོས་པས། ཀུན་ཀྱང་བདེ་བས་བརྒྱལ་ཏེ་བོག་གོ། ས་ཡང་རབ་ཏུ་གཡོས་སོ།། ཀུན་ཏུ་རབ་ཏུ་ཡོས་སོ།། ཀུན་གྱི་བྱང་སེམས་དཀར་དམར་འཕེལ་ཤིང་བོ་བ་ལས། ས་བཅུད་དང། ཆུ་བཅུད། མེ་བཅུད། རླུང་བཅུད། ནམ་མཁའི་བཅུད། རྡོ་བཅུད། སྔོ་བཅུད། ལྡུམ་བུའི་བཅུད། ལྔ་ལྡན་བཅུད། སྤོས་བཅུད། ཤིང་བཅུད། ཤ་བཅུད་ལ་སོགས་པ། སྲིད་པའི་བཅུད་ཐམས་ཅད་རྒྱས་ཤིང་འཁྲུངས་པར་གྱུར་ཏེ། འདི་རྣམས་ཀྱི་བཅུད་ཁོང་དུ་སོང་བ་ལ་བརྟེན་ནས་བདེ་བ་རྒྱས་ཏེ། འགྲོ་བ་མི་ལ་སོགས་པ་དཔག་ཏུ་མེད་པ་འཕེལ་ལོ།། རྡོ་རྗེའི་རིགས་རྣམས་ཀྱིས་ཞི་བའི་ལས་རྣམས་གྲུབ་ཅིང་མེ་ལོང་ཡེ་ཤེས་ལ་མངའ་བརྙེས་སོ།། རིན་ཆེན་རིགས་རྣམས་ཀྱིས།། རྒྱས་པའི་ཕྲིན་ལས་གྲུབ་ཅིང། མཉམ་ཉིད་ཡེ་ཤེས་ལ་མངའ་བརྙེས་སོ།། པདྨའི་རིགས་རྣམས་ཀྱིས། དབང་གི་ཕྲིན་ལས་གྲུབ་ཅིང། སོ་སོར་རྟོགས་པའི་ཡེ་ཤེས་ལ་མངའ་བརྙེས་སོ།། ལས་ཀྱི་རིགས་རྣམས་ཀྱིས། དྲག་པོའི་ཕྲིན་ལས་གྲུབ་ཅིང། བྱ་བ་གྲུབ་པའི་ཡེ་ཤེས་ལ་མངའ་བརྙེས་སོ།། བུདྡྷའི་རིགས་རྣམས་ཀྱིས། ལྷུན་གྱིས་གྲུབ་པའི་ཕྲིན་ལས་ཐམས་ཅད་གྲུབ་ཅིང། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ལ་མངའ་བརྙེས་སོ།། ཐུགས་རྗེ་ཆེན་པོས་ཡེ་ཤེས་ལ་མངའ་བརྙེས་སོ། ། ཕྱག་ན་རྡོ་རྗེས་ནུས་མཐུ་ལ་མངའ་བརྙེས་སོ།། འཇམ་དཔལ་ཤེས་རབ་ལ་མངའ་བརྙེས་སོ།། ལྷ་ཀླུ་གནོད་སྦྱིན་དྲི་ཟ་རྣམས་ཀྱིས་ལོངས་སྤྱོད་ལ་མངའ་བརྙེས་སོ།། ཚངས་པ་ཁྱབ་འཇུག་མ་ཧཱ་དེ་བ། སྲིད་པ་གསུམ་ལ་མངའ་བརྙེས་ཤིང། ས་ཆུ་མེ་རླུང་ནགས་ཀྱི་ལྷ་ལ་སོགས་པ་བདག་བྱས་སོ།། སངས་རྒྱས་ཀྱི་བདུད་རྩི་ཡེ་ཤེས་འོད་ལྡན་རྒྱུད་ལས། གླེང་གཞིའི་ལེའུ་སྟེ་དང་པོའོ།།།། དེ་ནས་གསང་བདག་རྡོ་རྗེ་འཛིན། ། གུས་པས་ཕྱག་འཚལ་ཐལ་མོ་སྦྱར།། བཅོམ་ལྡན་འདས་ལ་འདི་སྐད་གསོལ།། འགྲོ་བའི་མགོན་པོ་བཅོམ་ལྡན་འདས།། ཏིང་ངེ་འཛིན་ལས་རབ་བཞེངས་ཤིག། ཨེ་མ་ཨེ་མ་ཏིང་འཛིན་ལྔས། ། བདུད་རྩི་ཡེ་ཤེས་འོད་ཟེར་ཅན།། འདི་ཡི་རྒྱུ་རྐྱེན་འོད་ཟེར་ཅི།། སྨིན་བྱེད་དབང་གི་འོད་ཟེར་སྐུར།། དམ་ཚིག་སྡོམ་པ་གང་ལྟར་བསྲུང།། བརྟག་ཅིང་བསྡུ་བ་ནམ་ཙམ་ཡིན།། འདི་མཐུས་རྩལ་ནི་གང་གང་གདོན། ། བཅུད་ཀྱི་ལེན་ལུགས་ཇི་ལྟར་བགྱིད།། འདི་དུས་ལྷ་ནི་གང་གང་བསྒོམ།། ལྟ་བསྒོམ་སྤྱོད་འབྲས་ཇི་ལྟར་འཆད།། ཞི་རྒྱས་དབང་དྲག་དགུག་བསྐྲད་མནན།། གཟིར་ལ་སོགས་པའི་ལས་སོགས་དང། ། འཆང་ཞིང་གཏད་པ་ཇི་ལྟར་བགྱི།། འདུས་པའི་འཁོར་ལ་གསུང་དུ་གསོལ།། སངས་རྒྱས་ཀྱི་བདུད་རྩི་ཡེ་ཤེས་འོད་ལྡན་རྒྱུད་ལས། ཞུས་པའི་ལེའུ་སྟེ་གཉིས་པའོ།།།། དེ་ནས་བཅོམ་ལྡན་འདས་བདུད་རྩིའི་རྒྱལ་པོས་ཞལ་གྱི་འཛུམ་པ་རབ་ཏུ་བསྟན་ནས། ། འདུས་པའི་འཁོར་ལ་བཀའ་སྩལ་པ། ལེགས་སོ་ལེགས་སོ་གསང་བའི་བདག། ཁྱེད་ཀྱི་ཞུས་པ་ཤིན་ཏུ་ལེགས།། ཆཽས་ཉིད་ནམ་མཁའ་སྐྱེ་མེད་ལས།། ང་ཡི་འོད་ཟེར་རྣམ་ལྔར་ཤར། ། རིགས་ལྔ་བཞི་ཁྲོ་ཡབ་ཡུམ་དང།། སེམས་དཔའ་སེམས་མ་རིགས་གསུམ་མགོན།། དཔའ་བོ་དཔའ་མོ་ཐམས་ཅད་དང།། ལྷ་ཀླུ་གནོད་སྦྱིན་དྲི་ཟའི་ཚོགས།། ཚངས་པ་ཁྱབ་འཇུག་མ་ཧཱ་དེ་བ། ། འཁོར་འདས་མ་ལུས་ཐམས་ཅད་ཀུན།། ང་ཡི་ཏིང་འཛིན་སྤྲུལ་པ་ཡིན།། ངས་བཤད་མ་ནོར་ཡིད་ལ་བཟུང།། བདུད་རྩི་ཡེ་ཤེས་འོད་ཟིལ་ཅན།། འདི་རྒྱུ་ཀུན་བཟང་བྱང་ཆུབ་སེམས།། རྒྱུ་རྐྱེན་ཡབ་ཡུམ་བདེ་སྟོང་རྩལ། ། དྲོད་གཤེར་བྱིན་བརླབས་འདུས་ལས་སྐྱེས།། འདི་ཡི་ཡོན་ཏན་ཐོས་པས་མྱོང།། རྡོ་རྗེ་ཞི་བ་མེ་ལོང་ཉིད།། རིན་ཆེན་རྒྱས་པ་མཉམ་ཉིད་དོ།། པདྨ་དབང་དང་སོ་སོར་རྟོགས།། ལས་ཀྱིས་དྲག་པོའི་བྱ་བ་འགྲུབ། ། བུདྡྷས་ཀུན་འགྲུབ་ཆོས་དབྱིངས་ཐོབ།། ཞི་ཁྲོ་ཡི་དམ་ལྷ་ཞལ་མཐོང།། སྙིང་རྗེ་ནུས་མཐུས་ཤེས་རབ་སྐྱེད།། དཔའ་བོ་དཔའ་མོ་འདུ་ཞིང་སྡུད།། ལྷ་ཀླུ་གནོད་སྦྱིན་དྲི་ཟ་དང།། ཚངས་པ་ཁྱབ་འཇུག་མ་ཧཱ་དེ། ། དབང་བསྒྱུར་ལས་ཀུན་ཅི་བཅོལ་བྱེད།། རྐང་མགྱོགས་མིག་སྨན་མངོན་ཤེས་འགྲུབ།། སྒྲོ་ལྟར་ཡང་ཞིང་རླུང་ལྟར་མགྱོགས།། གྱད་སྟོབས་ལྡན་ཞིང་ལོ་སྟོང་ཐུབ།། ཀུན་ཡིད་འཕྲོག་ཅིང་ཌཱ་ཀི་འདུ།། བདེ་བ་རྒྱས་ཤིང་ལན་བརྒྱ་ནུས། ། ཟས་ནོར་འདུ་ཞིང་ཞེན་ཆགས་བྲལ།། རང་རིག་རྟོགས་ནས་ཟག་པ་ཟད།། མི་སྣང་ཆོས་དབྱིངས་ངང་དུ་གནས།། ཐ་མལ་སེམས་ཅན་ཕལ་པ་དང།། དུད་འགྲོ་རྣམས་ཀྱིས་ཟོས་གྱུར་ཀྱང། ། བཅུད་འཕེལ་ལུས་རྒྱས་ཚེ་རིང་ཞིང།། སྲིད་འཕེལ་མདངས་ལྡན་རྨ་ལ་བཟང།། སྤུ་ལེགས་ཤ་རྒྱས་འོ་མ་ཆེ།། རིགས་མདངས་བདེ་བས་མཆོག་ལ་སྐྱེད།། ཡེ་ཤེས་འོད་ལྡན་རྒྱུད་ལས། གནས་ལུགས་རྒྱུ་རྐྱེན་ཡོན་ཏན་གྱི་ལེའུ་སྟེ་གསུམ་པའོ། །།། དེ་ནས་ཡང་དག་བཤད་བྱ་བ།། ཡེ་ཤེས་འོད་ལྡན་དབང་བསྐུར་ནི།། བླ་མ་མཚན་ཉིད་ལྡན་པ་ལ།། ཡིད་འོང་དབེན་པའི་གནས་ཉིད་དུ།། ཞེན་ལོག་དད་བརྩོན་ལྡན་པ་ཡིས། ། དབང་བསྐུར་བཅུད་ལེན་གདམས་ངག་ཞུ།། དུས་ནི་ཚེས་གྲངས་བཟང་པོ་ལ།། ཐབས་ཤེས་སུ་ར་འཛོམ་བྱས་ཏེ།། སྟེགས་བུ་མདའ་གང་གྲུ་བཞིའི་མཁར།། དཀར་སེར་དམར་ལྗང་དབུས་མཐིང་གའི། ། པད་འདབ་བཞི་པ་ཚོམ་བུ་ལྔ།། གཏོར་ཚོགས་མར་མེ་མེ་ཏོག་སྤོས།། ཐོད་རྔ་དྲིལ་བུ་མི་རྐང་གླིང།། གསུར་ཆེན་དུད་པ་ཨ་མྲྀ་ཏ།། བླ་མ་དཔའ་བོ་དཔའ་མོས་བསྐོར།། ཨོཾ་ཨཱཿཧཱུ~ཾ་མེ་ལོང་ལ་བྲིའོ། ། བུམ་ཐོད་བདུད་རྩི་འབྲུ་གསུམ་དོན།། སྐལ་དང་ལྡན་ལ་དབང་བསྐུར་བྱ།། སྟོན་པ་བཅོམ་ལྡན་ཐུགས་རྗེའི་བདག། འགྲོ་བ་སྨིན་ཅིང་གྲོལ་ལ་དགོད།། དུག་ལྔའི་ནད་འཇོམས་བདུད་རྩིའི་རྒྱལ།། ཡེ་ཤེས་འོད་ལྡན་དབང་བསྐུར་སྩོལ། ། ལན་གསུམ་ཞུ་བ་ཕུལ་དུས་སུ།། རོལ་མོའི་སྒྲ་སྒྲོག་རིག་པ་བསྐུལ།། འདར་འཕར་འཁྲབ་ཅིང་མི་རྟོག་སྐྱེ།། བྱིན་རླབས་དག་སྣང་རྒྱ་ཆེར་འཆད།། ཁྲུས་བུམ་སློབ་མའི་མགོ་ཐོག་གཞག། སྣོད་བཅུད་གཞལ་ཡས་ལྷ་ཡི་ཚོགས།། སྐལ་ལྡན་བུ་ལ་དབང་བསྐུར་བས།། ལུས་ཀྱི་དྲི་མ་དག་གྱུར་ནས།། སངས་རྒྱས་སྐུ་དང་མཉམ་པར་ཤོག། ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ། དེ་ནས་ཐོད་པའི་བདུད་རྩི་སྦྱིན། ། དུག་གསུམ་སངས་རྒྱས་ཏིང་འཛིན་བཅུད།། སྐལ་ལྡན་བུ་ལ་དབང་བསྐུར་བས།། ངག་གི་དྲི་མ་དག་གྱུར་ནས།། སངས་རྒྱས་གསུང་དང་མཉམ་པར་ཤོག། ཝཱཀ་ཨ་བྷི་ཥིཉྩ་ཨཱཿ། དེ་ནས་མེ་ལོང་ཨ་ཧཱུ~ཾ་བསྟན། ། སྐུ་གསུང་ཐུགས་ལྡན་རང་རིག་གིས།། སྐལ་དང་ལྡན་ལ་དབང་བསྐུར་བས།། སེམས་ཀྱི་དྲི་མ་དག་གྱུར་ནས།། སངས་རྒྱས་ཐུགས་དང་མཉམ་པར་ཤོག། ཙིཏྟ་ཨ་བྷི་ཥིཉྩ་ཧཱུ~ཾ། དེ་ནས་ཨཱ་ལོ་ཀེ་བསྟན་ལ། གསལ་གྱུར་རིག་སྟོང་ཀུན་ལ་ཁྱབ།། སྐལ་དང་ལྡན་ལ་དབང་བསྐུར་བས།། ལུས་ངག་ཡིད་གསུམ་དག་གྱུར་ནས།། སངས་རྒྱས་ཐུགས་དགོངས་ལྡན་པར་ཤོག། ཀཱ་ཡ་ཝཱ་ཀ་ཙིཏྟ་ཨཱ་ལོ་ཀེ་མ་ཧཱ་དྷརྨ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུ~ཾ། ཡེ་ཤེས་འོད་ལྡན་རྒྱུད་ལས། དབང་བསྐུར་བའི་ལེའུ་སྟེ་བཞི་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། ཡེ་ཤེས་འོད་ལྡན་དམ་ཚིག་ནི།། ལུས་ངག་ཡིད་གསུམ་མི་དགེ་སྡོམ།། དམེ་ཡུགས་མཛེ་ཕོའི་ཟས་གོས་སྤང། ། དུར་ཁྲོད་རྒྱུ་ཞིང་བཅུ་ལེན་བྱ།། མེ་དང་ཉི་མ་ཡུན་མི་རིང།། ལུས་ལྷ་ངག་སྔགས་སེམས་ཉིད་བལྟ།། མངའ་གསོལ་བསྟོད་པ་ཉམས་གླུ་ལེན།། ཆགས་སྡང་ལོང་གཏམ་སྨྲ་བ་སྤང།། སྐྱིད་སྡུག་འཁྲུལ་རྟོག་རྗེས་བཅདལ། ། ཅི་ཡང་མི་དམིགས་དོན་ལ་བཞག། ཡེ་ཤེས་འོད་ལྡན་རྒྱུད་ལས། དམ་ཚིག་གི་ལེའུ་སྟེ་ལྔ་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། ཡེ་ཤེས་འོད་ལྡན་བརྟགས་ཤིང་བཏུ།། དུས་ནི་དབྱར་སྨད་སྟོན་སེར་ཁ། ། བདེ་གཤེགས་གསུང་བསྒྲགས་ཌཱ་ཀི་གནས།། གྲུབ་ཐོབ་ཞབས་བཅགས་གཉན་པའི་ས།། ཉི་ལོགས་ཡིད་འོངས་པདྨ་སྐྱེ།། ཚིག་རིང་ཚི་ཅན་སྣུམ་འོད་ལྡན།། སེམས་ཅན་སྦྲང་བུ་ཕྲ་མོ་སྡུད། ། རྩ་བ་སྲན་ནག་གྲོ་མ་འདྲ།། རིང་ཐུང་མཐོ་གང་ཆགས་གང་ལྷག། མེ་ཏོག་ལྔ་ལྡན་ཤས་ཆེར་དཀར།། དུས་གསུམ་སངས་རྒྱས་ཏིང་འཛིན་བཅུད།། བདེ་བ་མཆོག་ལས་འཁྲུངས་པ་ཡིན།། འདི་དང་སུ་འཕྲད་སྐལ་དང་ལྡན། ། ཉ་དང་གནམ་སྟོང་ཚེས་བརྒྱད་དང།། ཚེས་བཅུ་ཉེར་གཉིས་ཉེར་ལྔ་དང།། ཁྱེའུ་བུ་མོ་གཞོན་ཡིད་འོང།། ཁྲུས་བྱས་རྒྱན་བརྟགས་རྣམས་ཀྱིས་བཏུ།། ཡང་ན་དགེ་སྦྱོང་རྣལ་འབྱོར་པ།། ཁྲིམས་གཙང་བྱམས་ལྡན་རྟོགས་ལྡན་བཏུ། ། ཨོཾ་སི་ལི་སི་ལི་པདྨ་སི་ལི་སྭཱ་ཧཱ། མ་རུལ་མ་སུམས་གྲིབ་བསྐམ་བྱ།། ཡེ་ཤེས་འོད་ལྡན་རྒྱུད་ལས། བརྟགས་ཤིང་བཏུ་བའི་ལེའུ་སྟེ་དྲུག་པའོ།།།། དེ་ནས་ཡང་དག་བཤད་བྱ་བ། ། རྩ་བའི་བཅུད་མཆོག་འོད་ལྡན་དང།། དེ་ཉིད་རྩལ་འདོན་ས་ན་སེ།། སྲིན་ནད་སེལ་ཞིང་བྱང་སེམས་འཕེལ།། སྔོ་ཡི་བཅུད་མཆོག་འོད་དང་ལྡན།། དེ་ཉིད་རྩལ་འདོན་བུ་རམ་གྱིས།། རླུང་ཁ་གནོན་ཅིང་ལུས་ཤེད་སྐྱེ། ། མེ་ཏོག་བཅུད་མཆོག་འོད་ལྡན་དང།། དེ་ཉིད་རྩལ་འདོན་སྦྲང་རྩི་ཡིས།། ལུས་ཟུངས་སྐྱེད་ཅིང་དབང་པོ་གསལ།། རྩི་ཡི་བཅུད་མཆོག་འོད་ལྡན་དང།། དེ་ཉིད་རྩལ་འདོན་རྩི་མར་གྱིས།། གྲང་བ་སེལ་ཞིང་ལུས་ཤ་ཡང། ། འབྲུ་ཡི་བཅུད་མཆོག་འོད་ལྡན་དང།། དེ་ཉིད་རྩལ་འདོན་འབྲས་ནས་ཆང།། ཉམས་མྱོང་འུར་ཅིང་བདེ་གསལ་འཆར།། དྲོད་གཤེར་བཅུད་མཆོག་འོད་དང་ལྡན།། དེ་ཉིད་རྩལ་འདོན་ཏིལ་ཡུངས་མར། ། རུས་བཅུད་འཕེལ་ཞིང་སྣུམ་བག་ལྡན།། ཕོ་ཡི་བཅུད་མཆོག་འོད་ལྡན་དང།། དེ་ཉིད་རྩལ་འདོན་བྱང་སེམས་དཀར།། ཕོ་གདོན་འདུལ་ཞིང་ཕོ་དབང་སྡུད།། མོ་ཡི་བཅུད་མཆོག་འོད་ལྡན་དང།། དེ་ཉིད་རྩལ་འདོན་རཀྟ་དམར། ། མོ་གདོན་འདུལ་ཞིང་མོ་དབང་སྡུད།། ཟས་ཀྱི་བཅུད་མཆོག་འོད་ལྡན་དང།། དེ་ཉིད་རྩལ་འདོན་དྲི་ཆེན་གྱིས།། མཛེ་ནད་འཇོམས་ཤིང་ཟས་དབང་སྡུད།། ཆུ་ཡི་བཅུད་མཆོག་འོད་ལྡན་དང། ། དེ་ཉིད་རྩལ་འདོན་དྲི་ཆུ་ཡིས།། ནད་རིམས་བསྲུང་ཞིང་དམ་གྲིབ་སེལ།། ཤ་ཡི་བཅུད་མཆོག་འོད་ལྡན་དང།། དེ་ཉིད་རྩལ་འདོན་ཤ་ཆེན་གྱིས།། སྐྱ་སྦོས་སྨྱོ་སེལ་མདངས་ལྡན་བདེ།། ནུས་པའི་བཅུད་མཆོག་འོད་ལྡན་དང། ། དེ་ཉིད་རྩལ་འདོན་གུ་གུལ་བརྒྱད།། སྡེ་བརྒྱད་དངངས་ཤིང་སྲེག་པར་བྱེད།། ཡང་ནི་ཡེ་ཤེས་འོད་ལྡན་གྱིས།། ས་ཡི་བཅུད་ཀྱི་རྩལ་འདོན་ན།། རྒྱ་ཚྭ་རྒྱམ་ཚྭ་ཁ་རུ་ཚྭ།། ཟས་མ་ཞུ་རྣམས་སེལ་བར་བྱེད། ། ཆུ་ཡི་བཅུད་ཀྱི་རྩལ་འདོན་ན།། ཉ་ཡི་ཀླད་པ་སྲམ་ཤ་བྲུན།། སྐོམ་མ་ཞུ་རྣམས་སེལ་བར་བྱེད།། མེ་ཡི་བཅུད་ཀྱིས་རྩལ་འདོན་ན།། ལྒ་དང་དྲོད་སྨན་ཙི་ཏྲ་ཀ། ཕོ་བའི་མེ་དྲོད་ཉམས་པ་སེལ།། རླུང་གི་བཅུད་ཀྱིས་རྩལ་འདོན་ན། ། སྲིད་བུ་རྒྱ་ཚིལ་གོང་མོའི་ཤ། གྲང་བ་སེལ་ཞིང་སྟོབས་ཆེན་འཕེལ།། ནམ་མཁའི་བཅུད་ཀྱི་རྩལ་འདོན་ན།། སྙིང་དང་ཡིད་མཐུན་གནས་གྲོགས་བསྟན།། མི་རྟོག་བདེ་གསལ་ཉམས་མྱོང་འཆར། ། རྡོ་ཡི་བཅུད་ཀྱིས་རྩལ་འདོན་ན།། ཅོང་ཞི་བྲག་ཞུན་མུ་ཟི་སེར།། བད་མཁྲིས་གདོན་སེལ་ཚེ་བཅུད་འཕེལ།། སྔོ་ཡི་བཅུད་ཀྱིས་རྩལ་འདོན་ན།། ལྕམ་པ་ཏེ་ཀུ་ལང་ཀ་སྐྱེས།། གྲང་བས་ཆུ་བསྡོམས་འཁྲུལ་བ་སེལ། ། ལྡུམ་གྱི་བཅུད་ཀྱིས་རྩལ་འདོན་ན།། རམ་ཉེ་ཉེ་ཤིང་དབང་པོ་ལག། ཐིག་ལེ་ཤ་རྒྱས་གྲང་རླུང་སེལ།། སྤོད་ཀྱི་བཅུད་ཀྱིས་རྩལ་འདོན་ན།། ལུང་ཏང་པི་ལིང་གོ་སྙོད་དང།། མིག་སྐྱོན་སེལ་ཞིང་བདེ་བ་འཕེལ། ། ཤིང་གི་བཅུད་ཀྱི་རྩལ་འདོན་ན།། སུག་སྨེ་ཛ་ཏི་ཨ་རུ་ར།། སྟོབས་ཆེན་ཤ་རྒྱས་རླུང་ནད་སེལ།། ཤ་ཡི་བཅུད་ཀྱིས་རྩལ་འདོན་ན།། ད་བྱིང་བྲག་རྩངས་སྦྲུལ་སེར་ཤ། ཁུ་འཕེལ་མདངས་ལྡན་སྟོབས་ཀྱིས་སེལ། ། ཚངས་པ་ཁྱབ་འཇུག་མ་ཧཱ་དེ་ལྟར་འགྱུར།། ཡེ་ཤེས་འོད་ལྡན་རྒྱུད་ལས། རྩལ་འདོན་གྱི་ལེའུ་སྟེ་བདུན་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། ཡེ་ཤེས་འོད་ལྡན་བཅུད་ལེན་འདི། ། ཕྱེ་མ་ཁཎྜ་གཉིས་ཡིན་ཏེ།། ཉུང་ཕྱེ་མང་ལ་ཁཎྜ་བྱ།། འོད་ལྡན་མ་རུལ་མ་སུམས་པ།། ཤིང་བཅུད་ཨ་རུ་ར་དང་ནི།། བསྟུན་ལ་ཞིབ་བརྡུངས་འབྲི་མར་སྦྲང།། སྦྱར་ཏེ་ཟླ་བ་དྲུག་ཟོས་ན།། ཚེ་དབང་རིག་འཛིན་ལོ་སྟོང་ཐུབ། ། འོད་ལྡན་སྔོ་བཅུད་ལྕམ་འབྲུ་ཕྱེ།། སྦྲང་དང་སྦྱར་ཟོས་ཆུ་འགགས་སེལ།། འོད་ལྡན་ཕུལ་གང་ཀར་བམ་བརྒྱད།། སྦྲང་རྩི་བུ་རམ་དེ་དག་འདྲ།། ལྡུམ་བཅུད་དབང་ལག་འོད་ལྡན་མཉམ།། ཞིབ་བཏགས་འོ་མ་བྲེ་གསུམ་ལ། ། བསྡུ་བས་བྲེ་དོར་སོང་ལ་གདབ།། ཟླ་ཕྱེད་བར་དུ་ལྟོ་སྟོང་ལ།། ཟོས་ན་ཤ་རྒྱས་རྒས་པ་མེད།། ཁོང་ནད་བྱང་ཞིང་ཉམས་ཤེད་སྐྱེ།། ལུས་ཡང་རྟ་བས་མགྱོགས་པར་འགྱུར།། འོད་ལྡན་ལྡུམ་བཅུད་དབང་པོ་ལག། ཀ་ར་བ་མར་འོ་བྲེ་གསུམ།། ཕུལ་བཞིར་བསྡུ་བར་ལེགས་བཏབ་སྟེ།། ཟོས་ན་མདོག་བཟང་དྲན་ཡིད་གཞུང།། འོད་ལྡན་ལྡུམ་བཅུད་དབང་པོ་ལག། དུར་བྱིད་སྦྱར་ཟོས་དུག་ཟོས་འཁྲུ། ། འོད་ལྡན་ལྡུམ་བཅུད་དབང་པོ་ལག། འོ་མར་བསྡུས་ལ་ཤིང་བཅུད་ནི།། ཨ་རུ་ར་དང་ས་ཡི་བཅུད།། རྒྱ་ཚྭ་རྒྱམ་ཚྭ་ཁ་རུ་ཚྭ།། ཤ་བཅུད་ད་བྱིད་བཅུད་བཏབ་ཉིད།། ཟླ་ཕྱེད་ཟོས་ན་ལུས་སྟོབས་ལྡན།། རྒས་མེད་ཌཱ་ཀི་བརྒྱ་ལ་ནུས། ། འོད་ལྡན་སྔོ་བཅུད་འོ་མ་འཛིན།། རྡོ་བཅུད་ཁབ་ལེན་ཅོང་ཞི་ནི།། འོ་མར་བཏབ་སྟེ་ཟོས་གྱུར་ན།། ཐིག་ལེ་འཕེལ་ཞིང་ནད་རྣམས་སེལ།། འགྲོ་བ་ཀུན་གྱི་ཡིད་འཕྲོག་འགྱུར།། འོད་ལྡན་སྔོ་བཅུད་ཀྱི་ལྕེ་དཀར། ། མེ་ཏོག་ཚེ་ཙེའི་བྱེ་ཕུལ་གང།། ཨ་རུ་ར་བཞི་གར་བམ་ལྔ།། ཀླུ་བདུད་རྡོ་རྗེ་མ་གི་ཏ།། ལེགས་སྦྱར་ཐོ་རངས་དྲི་ཆུས་འཕུལ།། ཟླ་གཅིག་སོང་ན་མཛེ་ཡང་སོས།། འོད་ལྡན་སྤོས་བཅུད་གོ་སྙོད་དང། ། ཕག་ཚིལ་སྦྱར་ལ་རྐང་རྒྱུད་བྱུག། གཙུག་ཏུ་འབྲི་མར་བཟང་བསྐུས་ཏེ།། ཐོ་རངས་ཐེག་མོས་སོ་རྒྱག་བྲད།། དེ་ཡིས་མིག་མཉེ་དྲི་ཆུས་བཀྲུ།། ལོ་གཉིས་ཙམ་བྱས་མིག་རིབ་སེལ།། འོད་ལྡན་ཨ་ཤོ་ཨ་དྷ་དང། ། བ་ཡི་མར་སྲང་ཕྱེད་སྦྱར་ཟ།། ལུས་ཀྱི་ཤ་རྒྱས་ཐིག་ལེ་འཕེལ།། རམ་ཉེའི་ཕྱེ་མ་བྲེ་གསུམ་ལ།། ཤིང་བཅུད་ཨ་རུ་ར་ནི་གསུམ།། ཡང་ན་འོམ་བུའི་རྩ་བ་ཉིད།། བཏབ་སྟེ་རམ་ཉེ་ཚོས་པར་བཙོས། ། གྲིབ་བསྐམས་བྱས་ཏེ་འོད་ལྡན་དང།། ས་བཅུད་མེ་བཅུད་རྡོ་བཅུད་རྣམས།། ཞིབ་བཏགས་ཐུས་མགོ་གསུམ་གསུམ་འགམས།། ལུས་ཡང་ནད་སེལ་བཅུད་འཕེལ་རྒྱས།། འོད་ལྡན་སྔོ་བཅུད་ནཱ་གེ་སར། ། ར་དཀར་བ་མར་འོ་མ་སྦྱར།། ཟླ་མཚན་མཆེད་ནས་ཞག་གཅིག་ན།། གཏང་ན་སྲིད་པ་བུ་ཕོར་འགྱུར།། འོད་ལྡན་ག་པུར་གུར་གུམ་མཚལ།། ཤིང་མངར་ཕུ་རོན་བྲུན་བཏགས་ཏེ།། སྦྲང་རྩི་དང་སྦྱར་ལིངྒར་བྱུག། སྤྱད་ན་སྟྭི་འབྲིལ་མི་ཕོད།། འོད་ལྡན་ལུག་རུ་མེ་ཏོག་ནི།། གྲིབ་སྐམས་བྱས་པ་ཞིབ་བཏགས་ལ།། རའམ་བ་ཡི་འོ་མར་ནི།། བཏབ་སྟེ་ལྟོ་སྟོང་འཐུངས་གྱུར་ན།། ལུས་བཅུད་འཕེལ་ཏེ་ལན་སྟོང་ནུས།། འོད་ལྡན་སྒོག་གཅིག་ལྒ་སྐྱ་དང། ། ཕག་ཚིལ་སྦྱར་ཏེ་རྡོ་རྗེ་ལ།། བྱུག་སྟེ་སྤྱད་ན་བུད་མེད་བརྩི།། ཡེ་ཤེས་འོད་ལྡན་རྒྱུད་ལས། ཕྱེ་མའི་ལེའུ་སྟེ་བརྒྱད་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། འོད་ལྡན་རམ་ཉེ་ཉེ་ཤིང་བ། ། ལྕ་བ་རྡོ་རྒྱུས་ཁཎྜ་ཤིས།། མང་ཉུང་འདི་ཡི་ཚོད་ཀྱིས་ཤེས།། འོད་ལྡན་ཕྱེ་མ་བྲེ་གང་ཙམ།། ཆུ་བྲེ་གསུམ་ལ་བཏབ་སྟེ་གདུ།། བྲེ་གང་སོང་ཚེ་གཞུར་ལ་འདོན།། ཡང་ཆུ་བྲེ་ཙམ་བླུག་ལ་གདུ།། བྲེ་གང་ཙམ་སོ་གཞུར་བར་བྱ། ། ཡང་གཅིག་ཆུ་བྲེ་གསུམ་བླུག་སྟེ།། བྲེ་གང་སོང་ཚེ་གཞུ་བ་ཡི།། སྙིགས་མ་ཕོ་ལ་དངས་མ་གསུམ།། གདུ་བས་བྲེ་གང་སོང་བ་ལ།། བདུད་རྩི་དྲི་ཆེན་མར་ཁུ་དང།། དྲི་ཆུ་གདུ་བའི་ཁཎྜ་སོགས། ། བྱང་སེམས་དཀར་དམར་གླང་ཆེན་ཤ། ཁྱི་ཤ་རྟ་ཤ་རྨ་བྱའི་ཤ། རྡོ་བཅུད་གསུམ་གདུ་ཁཎྜ་དང།། རམ་ཉེ་ཉེ་ཤིང་ལྕམ་པ་ཡི།། སྟོན་སེར་རྩ་བའི་ཁཎྜ་དང།། ས་བཅུད་གསུམ་དང་ཆུ་བཅུད་གསུམ། ། མེ་བཅུད་གསུམ་དང་རླུང་བཅུད་གསུམ།། སྔོ་བཅུད་གཉིས་དང་ལྡུམ་བཅུད་གཅིག། སྤོས་བཅུད་གསུམ་དང་ཤིང་བཅུད་གསུམ།། ཤ་བཅུད་གསུམ་དང་ཨ་བ་དྲུག། བུར་སྦྲང་ཀ་ར་སྦྲང་རྩིར་སྦྱར།། མ་ཚིག་བསྒར་བའི་རི་ལུ་ནི། ། རང་གི་མཐེབ་རྡོག་ཙམ་བྱས་ལ།། སྟེགས་བུ་མདའ་གང་གྲུ་བཞིའི་ཁར།། པདྨ་འདབ་བརྒྱད་དབུས་དང་དགུ།། མེ་ཏོག་བྷནྡྷ་དགུ་ལྔ་གཅིག། གཏོར་མ་མར་མེ་དེ་དང་འདྲ།། རི་ལུ་བྷནྡྷར་བླུགས་བྱས་ཏེ། ། དར་གྱི་གུར་ཕུབ་ཞི་ཁྲོ་བསྐྱེད།། ཞག་བདུན་སྙིང་པོ་འདི་ལ་འབད།། ཨོཾ་ཨཱཿཧཱུ~ཾ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཨཱ། ཨོཾ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུ~ཾ། ཀཱ་ཡ་ཝཱཀ་ཙིཏྟ། ཨ་མྲྀ་ཏ་སིདྡྷི་ཧཱུ~ཾ། འོད་ལྡན་སྒྲ་དང་དུ་བ་དྲི།། ཐོན་ནས་ཟླ་བ་དྲུག་ཏུ་ནི། ། དང་པོ་ཞག་རེ་རིལ་བུ་གསུམ།། དེ་ནས་གཉིས་གཉིས་ཐ་མ་གཅིག། ཟ་ཞིང་རུ་ལུ་ཡན་ཆོད་བཟླས།། འཆི་མེད་ཚེ་ཡི་དངོས་གྲུབ་ཐོབ།། རྒས་མེད་བྱིས་པ་ལོ་བརྒྱད་འདྲ།། མ་མོ་མཁའ་འགྲོ་དབང་དུ་སྡུད། ། སེམས་ཅན་སུ་ཡིས་མྱོང་གྱུར་ཀྱང།། ངན་སོང་གསུམ་ཁེགས་བྱང་ཆུབ་ཐོབ།། ཆོས་བྱེད་རྣམས་ཀྱིས་སྨོས་ཅི་དགོས།། འོད་ལྡན་བདུད་རྩི་མར་ཁུ་དང།། དངུལ་ཆུ་རྡོ་བཅུད་བྲག་ཞུན་དང། ། སྦྲང་རྩི་སྦྱར་ཏེ་རི་ལུ་ནི།། མཐེབ་རྡོག་ཙམ་རེ་ཟླ་དྲུག་ཏུ།། ཟོས་ན་ཚེ་ནི་ཉི་ཟླ་མཉམ།། ཟས་དང་བསྲེས་ན་ལོ་དྲུག་དགོས།། འོད་ལྡན་ལྡུམ་བུ་ཉེ་ཤིང་པའི།། ཁཎྜ་སྦྲང་རྩིར་སྦྱར་ཟོས་ན།། གྲང་རླུང་ནད་སེལ་མིག་སྐྱོན་སེལ། ། སྐྲ་དཀར་གཉེར་མེད་ཐིག་ལེ་འཕེལ།། འོད་ལྡན་ལྡུམ་བཅུད་དབང་པོ་ལག། ཉེ་ཤིང་ཤིང་མངར་གླ་རྩི་སྦྲང།། ཡང་ན་འོ་མ་དག་དང་སྦྱར།། ཟོས་ན་སྟོབས་དང་གཟི་མདངས་ལྡན།། དུག་དང་སྦྲུལ་གྱིས་འཇིགས་པར་སྐྱོབས། ། ཤ་དཀར་ཀུན་གྱི་ཡིད་དུ་འོང།། སྐྲ་དཀར་གཉེར་མ་མེད་པར་འགྱུར།། འོད་ལྡན་བདུད་རྩི་མར་ཁུ་དང།། ཉེ་ཤིང་ཁཎྜ་འོ་མར་སྦྱར།། ཟླ་བ་གཅིག་ཏུ་ཟོས་གྱུར་ན།། གནོད་སྦྱིན་སྲིན་པོས་མི་ཐུབ་པོ། ། ཟླ་བ་གསུམ་ཟོས་ཚངས་པར་མཉམ།། སྐྱེས་པ་ཟིལ་གནོན་གླང་ཆེན་སྟོབས།། བུད་མེད་ཐམས་ཅད་དབང་དུ་འདུ།། འོད་ལྡན་ལྡུམ་བཅུད་རམ་ཉེ་བའི།། ཁཎྜ་བདུད་རྩི་མར་ཁུ་དང།། ཨ་བ་གོ་སྙོད་ལུག་མིག་པ། ། སྦྲུལ་སྔོན་མགོ་དང་སྦྲང་རྩི་སྦྱར།། ཟླ་གཅིག་ཟོས་ན་མིག་གསལ་ཞིང།། ཐིག་ལེ་འཕེལ་ཏེ་གཞོན་ནུར་འགྱུར།། འོད་ལྡན་རམ་ཉེ་ཉེ་ཤིང་བའི།། ཁཎྜ་དབང་ལག་ཕྱེད་ཀར་བུར།། ཤ་བཅུད་གསུམ་དང་རླུང་བཅུད་གསུམ། ། འོ་མར་བཏབ་སྟེ་ཟླ་བ་གཅིག། ཟོས་ན་ཤ་རྒྱས་བེའུ་སྐྱེ།། ལྐོགས་པས་བུད་ནད་བ་སྤུ་འབྱི།། ལྟོ་འཁྲུ་ལུས་ཡང་རྐང་མགྱོགས་འགྲུབ།། ཞག་གཅིག་ཟོས་ན་ཡོན་ཏན་བཅུ།། ཞག་བཅུ་ཟོས་ན་ཡོན་ཏན་རྒྱས། ། ཉེར་གཅིག་ཟོས་ན་མིས་མི་ཐུབ།། ཟླ་གཅིག་ཟོས་ན་གནོད་སྦྱིན་སྡུད།། ཟླ་བ་གཉིས་ཀྱིས་ལྷ་དབང་སྡུད།། ཟླ་བ་གསུམ་གྱིས་ཟག་པ་ཟད།། ཟླ་བ་བཞི་ཡིས་རྡོ་རྗེར་འགྱུར།། ཟླ་བ་ལྔ་ཡི་རིག་འཛིན་ཐོབ། ། ཉེ་ཤིང་རྩ་བ་གཏུན་དུ་བརྡུང།། རས་ལ་བཙིར་བའི་སྐོམ་བཏུངས་ན།། ནམ་མཁའ་དག་ལ་འཕུར་བར་ནུས།། ཌཱ་ཀི་སྟོང་གི་དཔའ་བོར་འགྱུར།། རྡོ་བཅུད་ཅོང་ཞིའི་ཆུ་ནང་དུ།། ཤིང་བཅུད་ཨ་རུ་གསེར་མདོག་རྒྱ། ། ཟླ་ཕྱེད་བར་དུ་སྤངས་ནས་ནི།། ག་བུར་སྦྲང་རྩིས་ཞག་བདུན་སྦང།། ཕྱུང་ལ་ཟླ་གཅིག་ནས་དཀྱིལ་བྱིབ།། འོད་ལྡན་བཅས་ཏེ་ཉིན་རེ་བཞིན།། རེ་རེ་ཟོས་ན་ལོ་བརྒྱ་ཐུབ།། སྟོབས་དང་རྫུ་འཕྲུལ་དཔག་མེད་འབྱུང། ། འོད་ལྡན་ནས་ཟན་ཀླད་པ་དང།། བུ་རམ་བ་མར་འོ་མར་སྦྱར།། ཟོས་ན་ཕོ་མོ་ཀུན་ལ་ཕན།། འོད་ལྡན་བུ་རམ་ཟླ་མཚན་སྦྱར།། བུད་མེད་ཟོས་ན་ཟླ་མཚན་འགགས།། ལུས་རྒྱས་ཏིང་འཛིན་གསལ་བར་འགྱུར། ། བཀྲག་དང་གཟི་མདངས་ཆེ་བར་འགྱུར།། འོད་ལྡན་རང་གི་ཐིག་ལེ་ནི།། ར་ཡི་འོ་མར་བཏབ་སྟེ་གདུ།། བ་ཡི་མར་དང་སྦྱར་ཟོས་ནས།། གནམ་སྟོང་དུས་སུ་རྐང་མཐིལ་བྱུག། ཌཱ་ཀི་བསྟེན་ཀྱང་ཐིག་ལེ་ནི། ། འཆོར་བར་མི་འགྱུར་བདེ་བ་འཕེལ།། འོད་ལྡན་བྱི་ལའི་གཞང་རིང་མར།། བྱིའུ་བ་རའི་ཤ་ཁུར་སྦྱར།། རྡོ་རྗེ་ལ་བྱུག་སྤྱད་ན་དམ།། འོད་ལྡན་ག་བུར་གླ་རྩི་དང།། ཤིང་ཚ་བུད་མེད་ནུ་ཞོར་སྦྱར། ། བྱུག་ནས་སྤྱད་ན་ཆེ་ཞིང་བདེ།། འོད་ལྡན་ཁུག་ཆོས་སྤང་རྒྱན་དང།། ཤང་ཤང་དམར་པོ་ཁ་ཟུམ་རྣམས།། བྱ་ཕོ་འཚལ་ལུའི་ཨོག་ཤ་ནི།། སྦྱར་ཏེ་བུད་མེད་ལ་བཏང་ན།། པདྨ་སྡོམ་ཞིང་རྡོ་རྗེ་ཡིས།། ཕེད་པར་མི་འགྱུར་སླར་དམ་མོ། ། ཨུག་ཆོས་སྤང་རྒྱན་ཤང་ཤང་རྣམས།། ཁ་བྱེ་བྱ་ཕོ་འཚལ་ལུ་ཡི།། ཟེ་བ་དང་སྦྱར་ཆང་ལ་བཏབ།། བུད་མེད་འཐུང་ན་པད་ཁ་བྱེད།། འོད་ལྡན་ལྡུམ་བཅུད་དབང་ལག་དང།། རམ་ཉེ་ཉེ་ཤིང་རྡོ་ཁ་ལེན། ། བུད་མེད་ཟོས་ཏེ་ཕོ་ཉིད་ལ།། ལྕགས་ཁུ་བྱིན་ན་བདེ་བ་འདུ།། ཕོ་ཡི་མོ་ལ་བྱས་ཀྱང་འགྲུབ།། ཤ་དཀར་ཉམས་འཕེལ་ཏིང་འཛིན་གསལ།། གཞན་ཡང་ཡང་དག་བཤད་བྱ་བ།། འོད་ལྡན་ལྕ་བའི་ཁཎྜ་ཡིས། ། ཤ་ཡི་བཅུད་རྣམས་འཕེལ་བར་བྱེད།། རམ་ཉེའི་ཁཎྜས་རུས་བཅུད་འཕེལ།། ཉེ་ཤིང་ཁཎྜས་ཆུ་བཅུད་སྡུད།། ས་ཤུག་ཁཎྜས་གྲང་བ་སེལ།། འདམ་བུའི་ཁཎྜས་མིག་ལ་ཕན།། གཟེ་མའི་ཁཎྜས་གྲང་བ་སེལ། ། མེ་ཏོག་ཁཎྜས་དབང་པོ་གསལ།། ལུག་མུར་ཁཎྜས་གཉིད་ཡར་ཕེབས།། ཉུངས་མའི་ཁཎྜས་དུག་འདྲེད་སྤོང།། འུམ་སེར་ཁཎྜས་ཤ་དུག་འཇོམས།། ཏིག་ཏའི་ཁཎྜས་མཁྲིས་ནད་འཇོམས།། ལྒ་སྐྱའི་ཁཎྜས་སྟོད་ཁྲག་སེལ། ། པི་ལིའི་ཁཎྜས་མཆིན་ཚད་སེལ།། སྦྲང་རྩིའི་ཁཎྜས་རུས་དུག་འཇོམས།། ཨོལ་སྟོང་ཁཎྜས་དང་ག་འབྱེད།། ལུང་ཐང་ཁཎྜས་ལུས་བཅུད་འཕེལ།། ར་མགོའི་ཁཎྜས་ཡ་མ་སེལ།། གོལ་མངས་ཁཎྜས་མགོ་གཅོད་སེལ། ། མིག་མང་ཁཎྜས་མིག་གསལ་རྣོ།། འོད་ལྡན་བསིལ་བས་དྲོད་རྣོན་ཤིས།། འཕེལ་འབེབས་རིག་པའི་མདའ་ཡིས་བསྣུན།། ཡེ་ཤེས་འོད་ལྡན་རྒྱུད་ལས། ཁཎྜའི་ལེའུ་སྟེ་དགུ་པའོ།།།། དེ་ནས་ཡང་དག་བཤད་བྱ་བ། ། ཡེ་ཤེས་འོད་ལྡན་ལྷ་བསྒོམ་ནི།། བླ་མ་དཀོན་མཆོག་གསུམ་ཡིན་ཏེ།། བསྐལ་སྟོང་སངས་རྒྱས་བླ་མ་ཕུལ།། བླ་མ་ལྷ་དང་དབྱེར་མེད་དེ།། རང་གི་སྤྱི་བོ་སྙིང་ག་རུ།། རྒྱུན་ཆད་མེད་པར་བསྒོམ་པར་བྱ། ། མཆོག་དང་མཐུན་མོངས་ཅི་བསམ་འགྲུབ།། ཨོཾ་ཨཱཿཧཱུ~ཾ། གུ་རུ་གུ་རུ་གུ་རུ། དེ་ནས་ཡང་དག་བཤད་བྱ་བ།། ཡེ་ཤེས་འོད་ལྡན་ལྷ་བསྒོམས་ན།། རང་ཉིད་ཆེ་མཆོག་ཧེ་རུ་ཀ། ཞལ་གཅིག་ཕྱག་གཉིས་སྐུ་མདོག་མཐིང། ། རྡོ་རྗེ་དྲིལ་བུ་ཡུམ་དང་བཅས།། དུར་ཁྲོད་ཆས་བརྒྱད་རུས་པས་བརྒྱན།། པདྨ་ཉི་ཟླ་ཏི་ར་ལ།། མེ་དཔུང་འབར་བའི་ཀློང་བཞུགས་བསྒོམ།། ཐུགས་ཀར་ཞི་བའི་ལྷ་ཚོགས་ནི།། བཞི་བཅུ་རྩ་གཉིས་བསྒོམ་པར་བྱ། ། དབུ་ལ་ཁྲག་འཐུང་ལྷ་ཚོགས་ནི།། ལྔ་བཅུ་རྩ་བརྒྱད་བསྒོམ་པར་བྱ།། ཕྱི་མཆོད་ནང་མཆོད་དབུལ་བྱས་ཏེ།། གསང་མཆོད་ཡབ་ཡུམ་ཁ་སྦྱར་ལ།། རིལ་བུ་ཞལ་བཅུག་སྙིང་པོ་བཟླས། ། ཨོཾ་ཨཱཿཧཱུ~ཾ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཨཱ། ཨོཾ་རུ་ལུ་རུ་ལུ་ཧཱུ~ཾ་བྷྱོ་ཧཱུ~ཾ། དེ་ཉིད་རྒྱུན་དུ་བཟླས་པ་བྱ།། འཇའ་འོད་ལྷ་སྐུ་རིང་བསྲེལ་འབྱུང།། གནན་པ་འདོན་པར་བྱ་བ་ནི།། བཅོམ་ལྡན་རྡོ་རྗེ་སེམས་དཔའ་བསྒོམ། ། ཨོཾ་ཨཱཿཧཱུ~ཾ་བཛྲ་ས་ཏྭ་ཨ། ཨོཾ་ཧཱུ~ཾ་ཏྲཱཾ་ཧྲཱི:། བཛྲ་པཱ་ཎི་ཧཱུ~ཾ་ཕཊ། དེ་ཉིད་འབུམ་དུ་བཟླས་པ་ཡིས།། རི་རབ་ཀྱིས་ཀྱང་ནོན་མི་འགྱུར།། བཅིངས་པ་དག་ནི་འགྲོ་བྱེད་ན།། པདྨ་ཧེ་རུ་ཀ་རུ་བསྒོམ།། ཨོཾ་ཨཱཿཧཱུ~ཾ་ཀཱ་ཡ་བཱ་ཀ་ཙིཏྟ་ཁྲོལ་ཁྲོལ། ས་མ་ཡ་པྲ་བེ་ཤ་ཡ་ཕཊ། གསང་སྔགས་འབུམ་དུ་བཟླས་གྱུར་ན།། ཀླུ་ཡི་རྒྱལ་པོས་བཅིངས་པའང་ཁྲོལ།། བསྡམ་པ་དག་ནི་བཅང་གྱུར་ན།། བདག་ཉིད་མི་གཡོ་མགོན་པོར་བསྒོམ།། ཨོཾ་ཨཱཿཧཱུ~ཾ་ཙཎྜ་མ་ཧཱ་རོ་ཥ་ཎ་སྥོ་ཊ་ཡ་ཧཱུ~ཾ་དྷྲྀཀ་ཁ་ཌྒ་ཧཱུ~ཾ་ཕཊ། བནྡྷ་ཏྲ་ཐ་ཕཊ། དེ་ཡང་འབུམ་དུ་བཟླས་པ་ན།། གཟའ་བདུད་བསྡམས་ཀྱང་དུམ་བུར་ཆོད།། བདག་ཉིད་དག་ལ་དབང་བསྐུར་ན།། རྒྱལ་བ་རིགས་ལྔ་དབུ་ལ་བསྒོམ། ། ཨོཾ་ཨཱཿཧཱུ~ཾ། ཨོཾ་ཧཱུ~ཾ་སྭཱ་ཨཱཾ་ཧཱ་ཨ་བྷི་ཥཱིཉྩ་ཀཱ་ཡ་ཝཱ་ཀ་ཙིཏྟ་ཧཱུ~ཾ། འབུམ་བཟླས་འཇིག་རྟེན་དབང་དུ་འགྱུར།། བཟླས་པ་སྔགས་ཀྱི་མཐུ་སྐྱེད་ན།། ནུས་མཐའི་བདག་ཉིད་ཕྱག་རྡོར་བསྒོམ།། ཨོཾ་ཨཱཿཧཱུ~ཾ་བཛྲ་པཱ་ཎི་ཏིཀྵྞ་ཨ་མུ་ཀ་མཱ་ར་ཡ་ཕཊ། འབུམ་བཟླས་སངས་རྒྱས་གང་གཱའི་ཀླུང།། བྱེ་མ་སྙེད་ཀྱིས་བྱིན་གྱིས་རློབ་པར་འགྱུར།། གསང་སྔགས་བཟླས་པའི་དཔལ་གསོ་ན།། སྙིང་རྗེ་བདག་པོ་ཐུགས་རྗེ་ཆེ།། ཁྲོས་པ་རྟ་མགྲིན་ཉིད་དུ་བསྒོམ། ། ཨོཾ་ཨཱཿཧཱུ~ཾ་བུདྡྷ་ནི་ནི་ས་སྭཱ་ཧཱ། ཕུ་ཙིཏྟ་རྦད་ནི་ས་སྥོ་ཊ་ཤ་སྦལ་རྣོ་སྦལ་ཏི་སྭཱ་ཧཱ།། འབུམ་བཟླས་བསྐལ་པའི་མེ་ལྟར་འགྱུར།། སོ་ལ་ངར་འདོགས་འཇམ་དཔལ་ཁྲོས།། གཤིན་རྗེའི་གཤེད་པོ་བསྒོམ་པར་བྱ། ། ཨོཾ་ཨ་ཧཱུ~ཾ། རཀྴ་ནག་པོ་དགྲ་བོའི་སྲོག་རྩ་རྦུད་རྦུད། འོད་ལྡན་སྐྱེར་པའི་པར་ཤུན་ལ།། གསང་སྔགས་འབུམ་བཟླས་སོ་ལ་བྱུག། གང་ལ་བྱ་བ་ཐོགས་པ་མེད།། མཆུ་མཐུས་ཐམས་ཅད་གསོད་བྱེད་ན།། མགོན་པོ་མ་མོ་སྔགས་སྲུང་བསྒོམ། ། ཨོཾ་ཨཱཿཧཱུ~ཾ། ཀུཾ་ཐུཾ་ནི་ཤ་ར་ཡ་ཐུཾ། འོད་ལྡན་མུ་ཟི་ནག་པོ་ལ།། འབུམ་བཟླས་མཆུ་ལ་བསྐུར་ན་ནི།། སྔགས་རྒྱབ་དགྲ་བོ་ཐམས་ཅད་འཆི།། ལྕི་ལ་སྤུ་གྲི་གདགས་པ་ནི།། རང་ཉིད་ཁྱབ་འཇུག་ཆེན་པོར་བསྒོམ། ། ཨོཾ་ཨཱཿཧཱུ~ཾ། ཨོཾ་ཁྲག་རྩ་རྦུད། རྩ་ཁྲག་རྦུད། སྙིང་ལ་རྦུད། མཱ་ར་ཡ་ཁཾ། འོད་ལྡན་བྲེ་གུ་གསེར་ཐིག་ལ། འབུམ་བཟླས་ལྕེ་ལ་བྱུགས་གྱུར་ན།། གསང་སྔགས་ཐམས་ཅད་ཐོགས་པ་མེད།། བྱིན་རླབས་དངོས་གྲུབ་མཁའ་འགྲོ་ལྔ། ། བུདྡྷ་ཌཱ་ཀི་ནི། བཛྲ་ཌཱ་ཀི་ནཱི། རཏྣ་ཌཱ་ཀི་ནཱི། པདྨ་ཌཱ་ཀི་ནཱི། ཀརྨ་ཌཱ་ཀི་ནཱི། སྲོག་གི་སྙིང་པོ་ཡི་གེ་ལྔ།། ཧཱུ~ཾ་ཧ་རི་ནི་ས། བར་ཆོད་སེལ་མཛད་དཔའ་བོ་ལྔ།། བུདྡྷ་ཧེ་རུ་ཀ། བཛྲ་ཧེ་རུ་ཀ། རཏྣ་ཧེ་རུ་ཀ། པདྨ་ཧེ་རུ་ཀ། ཀརྨ་ཧེ་རུ་ཀ། གསང་བ་སྲོག་གི་སྙིང་པོ་ལྔ།། ཧཱུ~ཾ་ར་ཙ་ཧྲི་ཡ། སྡེ་བརྒྱད་ལྷ་ཀླུ་གནོད་སྦྱིན་དྲི།། དེ་བ་རཏྣ། ནཱ་ག་རཏྣ། ཡཀྵ་རཏྣ། གནྡྷརྦ་རཏྣ། སྲིད་པ་ཚངས་པ་ཁྱབ་འཇུག་མ་ཧཱ་དེ། ལོ་ཀ་དེ་བ་མ་ཧཱ་ཏྲི་ནི། གྷེ་ཏྲ་བྷི་ཏྲ་བྷ་སར། ཨ་མེ་རཏྣ། བ་སུ་དྷ་རཱི་མ་ཏྲེ། ཡེ་ཤེས་འོད་ལྡན་རྒྱུད་ལས། ལྷ་བསྒོམ་པའི་ལེའུ་སྟེ་བཅུ་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། ཡེ་ཤེས་འོད་ལྡན་ལྟ་བ་ནི། ། སྟོང་ཉིད་རྟོགས་པས་ནམ་མཁའ་འདྲ།། ཡེ་ཤེས་འོད་ལྡན་སྒོམ་པ་ནི།། རང་རིག་གསལ་བས་ཉི་ཟླ་འདྲ།། ཡེ་ཤེས་འོད་ལྡན་སྤྱོད་པ་ནི།། དགག་བསྒྲུབ་མེད་པས་རླུང་དང་འདྲ།། ཡེ་ཤེས་འོད་ལྡན་འབྲས་བུ་ནི། ། དོན་གཉིས་འགྲུབ་པས་ནོར་བུ་འདྲ།། ཟླ་དྲུག་བཅུད་ལེན་བྱས་གྱུར་ན།། དེ་ལྟར་འཆར་འགྱུར་ཐེ་ཚོམ་མེད།། ཡེ་ཤེས་འོད་ལྡན་རྒྱུད་ལས། ལྟ་སྒོམ་སྤྱོད་འབྲས་ཀྱི་ལེའུ་སྟེ་བཅུ་གཅིག་པའོ། །།། དེ་ནས་ཡང་དག་བཤད་བྱ་བ།། ཡེ་ཤེས་འོད་ལྡན་ཞི་རྒྱས་དབང།། དྲག་དགུག་སྐྲད་མནན་གཟིར་ལ་སོགས།། ཕྲིན་ལས་མ་ལུས་ལས་མཐའ་ནི།། གོང་སྒྲུབ་ལྷ་དང་སྦྱིན་བསྲེག་བསྟུན།། རིལ་བུ་དབུལ་ཞིང་རྩ་སྔགས་ལ། ། ཤམ་བུ་འདི་ལྟར་བཏགས་ལ་དབུལ།། ཞི་བ་ཤཱནྟི་ཀུ་རུ་སྭཱ་ཧཱ། རྒྱས་པ་པུཥྟིཾ་ཀུ་རུ་སྭཱ་ཧཱ། དབང་ལ་པ་ཤཾ་ཀུ་རུ་སྭཱ་ཧཱ།། དྲག་པོ་ལ་མཱ་ར་ཡ་མཱ་ར་ཡ། འགུགས་པ་ལ་ཛཿཛཿ། དངོས་གྲུབ་འགུགས་པ་ལ་སིདྡྷི་ཧཱུ~ཾ་ཛཿ། ། སིདྡྷི་ཧཱུ~ཾ་ཛཿ། སྐྲོད་པ་ཛྷ་ཛྷ། གནོན་པ་ལ་ཛ་ཧཱུ~ཾ་ཛཿཧཱུ~ཾ། གཟིར་བ་ལ་ཧཱུ~ཾ་ཕཊ་ཧཱུ~ཾ་ཕཊ། ཡེ་ཤེས་འོད་ལྡན་རྒྱུད་ལས། ཞི་རྒྱས་དབང་དྲག་དགུག་བསྐྲད་མནན་གཟིར་ཀྱི་ལེའུ་སྟེ་བཅུ་གཉིས་པའོ། །།། དེ་ནས་ཡང་དག་བཤད་བྱ་བ།། བཅུད་ལེན་སྔགས་ཀྱིས་ཚེ་བསྲིང་བ།། རྩ་བ་ལྔ་དང་འབྲས་བུ་གསུམ།། འོད་ལྡན་བུར་སྦྲང་ཀ་ར་དང།། འབྲི་མར་བ་མར་མཛོ་མར་སྦྱར།། རང་ཉིད་ལྷ་ཡི་སྤྱི་བོར་ཚེ་དཔག་མེད། ། སྐྱིལ་ཀྲུང་མཉམ་གཞག་སྐུ་མདོག་དམར།། བུམ་ནང་ཚེ་ཆུའི་བདུད་རྩི་བབ།། སྒྲིབ་དག་འོད་ལྔའི་གོང་བུར་བསམ།། ཟླ་དྲུག་བཅུད་བླངས་ཚེ་སྔགས་འདི།། ཨོཾ་ཨཱཿཧཱུ~ཾ་ཨ་མ་ར་ཎི་ཛཱི་ཝན་ཏི་སྭཱ་ཧཱ། ཐོ་རངས་བརྒྱ་རྩ་བཟླས་པ་ན། ། འཆི་མེད་ཚེ་ཡི་དངོས་གྲུབ་ཐོབ།། ཡེ་ཤེས་འོད་ལྡན་རྒྱུད་ལས། ཚེ་སྒྲུབ་ཀྱི་ལེའུ་སྟེ་བཅུ་གསུམ་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། བཅུད་ལེན་སྔགས་ཀྱི་སྲུང་བཟློག་ནི། ། བརྒྱད་དང་ཉེར་གཉིས་དགུ་སྟོང་ལ།། ནམ་སྲོད་ནམ་མཁའ་མཐའ་བཏེག་དུས།། སྐྱབས་སོང་ལྷ་ཡི་ང་རྒྱལ་གྱིས།། འོད་ལྡན་བདུད་རྩིའི་མར་ཁུ་བསྟེན།། ཡུངས་ཀར་ཁྲལ་སྐམ་རྡོ་ཕྱེ་ལ།། སྟོང་ཚོ་རེ་བཟླས་ཕྱོགས་མེད་གཏོར། ། ཨོཾ་ཨཱཿཧཱུ~ཾ། ན་མཿསརྦ་བུདྡྷ་ཡ། ན་མཿ་ཨ་པྲ་ཏི་ཧ་ཏ་ཤཱ་ས་ན། ན་མཿཧ་ཐ་ན། ཨོཾ་ཁ་ཁ་ཁཱ་ཧི་ཁཱ་ཧི།། ཧཱུ~ཾ་ཧཱུ~ཾ་ཛྭ་ལ་ཡ། ཛྭ་ལ་ཡ། ཏིཥྛ་ཏིཥྛ་ཡ། ཧཱུ~ཾ་ཧཱུ~ཾ་ཕཊ་ཕཊ་བཟློག། སརྦ་བིགཱ་ནཱན་མཱ་ར་ཡ་ཧཱུ~ཾ་ཕཊ་སྭཱ་ཧཱ། ཧཱུ~ཾ་བྷ་ར་ཡ། ལོ་ཀ་བྷ་ར་ཡ། ལོ་ཀ་བྷ་ཤ་ཡཱ། ཧ་ཧཱུ~ཾ་བཟློག་ཡ་ཡ། དགྲ་བོ་ཆེ་གེ་མོ་མཱ་ར་ཡ་ཧཱུ~ཾ་ཕཊ། ཇི་ལྟ་བུ་ཡང་བཟློག་ཅིང་བསྲུང།། ཡེ་ཤེས་འོད་ལྡན་རྒྱུད་ལས། བསྲུང་བཟློག་གི་ལེའུ་སྟེ་བཅུ་བཞི་པའོ། །།། དེ་ནས་ཡང་དག་བཤད་བྱ་བ།། བཅུད་ལེན་སྔགས་ཀྱིས་མི་ནོར་ཟས།། དགུག་ཅིང་བསྡུ་འདོད་འདི་ལྟར་བསྒྲུབ།། སྟེགས་བུ་པདྨ་འདབ་བཞིའི་ཁར།། དཀར་དམར་བརྒྱན་པའི་གཏོར་མ་གསུམ། ། ཟས་འབྲུ་བྱང་སེམས་དཀར་དམར་བཤམ།། ངག་བཅད་ཞག་གསུམ་སྔགས་འདི་བཟླས།། ཨོཾ་ཨཱཿཧཱུ~ཾ་ཧ་རི་ནི་ས། ཙེ་མེ་ཙེ་མེ་ཙེ་མེ་ཧཱུ~ཾ། རྨི་ལྟས་ན་ཆུང་བུ་མོ་འབྱུང།། དེ་ནས་བཞི་ནས་ཕོ་བཞིན་རྨི།། དེ་ནས་ཐོ་རངས་མི་སྨྲ་བར། ། ལྕེ་སོས་བཞར་ལ་ཚྭ་དང་སྦྱར།། འོད་ལྡན་བསྲེས་ལ་ཞག་བདུན་སྦང།། སྔགས་བཟླས་ཟོས་ཟིན་དབང་དུ་འགྱུར།། ཡེ་ཤེས་འོད་ལྡན་རྒྱུད་ལས།། མི་ནོར་ཟས་གསུམ་དགུག་པའི་ལེའུ་སྟེ་བཅོ་ལྔ་པའོ། །།། དེ་ནས་ཡང་དག་བཤད་བྱ་བ།། བཅུད་ལེན་སྔགས་ཀྱིས་ལྷ་རྒྱལ་བློན།། དམངས་དང་བུད་མེད་ན་ཆུང་སྡུད།། འོད་ལྡན་ཐབས་ཤེས་བྱང་སེམས་གཉིས།། སྐྱོན་མེད་ཙན་དན་དཀར་དམར་གཉིས། ། ག་པུར་གུར་གུམ་གླ་རྩིར་སྦྱར།། སྔགས་འདི་ཁྲི་ཚོ་གཅིག་ཏུ་བཟླས།། ཨོཾ་ཨཱཿཧཱུ~ཾ། བྷ་ཙ་ཡ་སྭཱ་ཧཱ། ཐ་ཨོཾ་བ་ར་ཙ་ར་ཧ་རི་ནི་ས། ཀུཾ་ཀུཾ་རྨི་མ་སྭཱ་ཧཱ། དེ་ནས་ལས་སྦྱོར་རྫས་སྲན་ཙམ།། གོང་སྔགས་ཤམ་བུར་འདི་ཉིད་གདགས། ། ཆེ་གེ་མོ་བ་ཤཾ་ཀུ་རུ་སྭཱ་ཧཱ། ཉེར་གཅིག་བཟླས་ནས་ཐིག་ལེ་ནི།། དཔྲལ་བར་བྱུག་ཕྱིན་བསྟན་ཚད་འདུ།། ཡེ་ཤེས་འོད་ལྡན་རྒྱུད་ལས། ལྷ་རྒྱལ་བློན་འབངས་སྡུད་པའི་ལེའུ་སྟེ་བཅུ་དྲུག་པའོ། །།། དེ་ནས་ཡང་དག་བཤད་བྱ་བ།། བཅུད་ལེན་སྔགས་ཀྱིས་ལག་བསྒུལ་སྒྲུབ།། རང་ཉིད་རི་ཁྲོད་ལྷ་མོ་ནི།། སྐུ་མདོག་དམར་མོ་ཡིད་འོང་སྒོམ།། འོད་ལྡན་གིའུ་ཧཾ་ལྔ་བརྒྱ་བཟླས།། རང་གི་སྨིན་ཕྲག་ཐིག་ལེ་བྱ། ། གང་ལ་བལྟས་པའི་མི་རྣམས་དད་ཅིང་འདུ།། ཨོཾ་ཨཱཿཧཱུ~ཾ། ན་མོ་བྷ་ག་བ་ཏེ་ཨུཥྞཱི་ཥ་ཡ། དྷ་རེ་དྷ་ར་ན་ཏི་སྭཱ་ཧཱ། མིག་རྩི་དག་ལ་བརྒྱ་རྩ་བཟླས།། མིག་ལ་བྱུག་ན་གོང་ལྟར་འགྱུར།། ཆུ་ཁྱོར་གང་ལ་བདུན་བཏབ་བཏུང། ། ཟས་སྐོམ་མ་བཙལ་བར་ནི་རྙེད།། ལག་གཡོན་གོས་ཀྱི་མཐའ་གཟུང་སྟེ།། ཉེར་གཅིག་བཟླས་ཏེ་ཁྲོམ་གསེབ་འགྲོ།། ཚིག་བཙན་ཤགས་འགྱེད་རྒྱལ་བར་འགྱུར།། ལམ་དུ་འགྲོ་ན་ཆོམ་རྐུན་འཆིང། ། ཡེ་ཤེས་འོད་ལྡན་རྒྱུད་ལས། ལག་སྒུལ་གྱི་ལེའུ་སྟེ་བཅུ་བདུན་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། བཅུད་ལེན་སྔགས་ཀྱིས་ཁ་བསྒྱུར་ནི།། འོད་ལྡན་མཚལ་བསྲེས་དཔྲལ་བ་རུ།། ཡི་གེ་ཧྲཱིཿབྲིས་ཕྱིན་གྱུར་ན། ། གང་འདོད་ནོར་དང་འཕྲོད་པར་འགྱུར།། ཨོག་མར་ཟ་བྲིས་ཟས་དང་འཕྲད།། ལག་མཐིལ་མ་བྲིས་མཚོན་མི་ཕོག། ལྷ་བྲིས་རིམ་ནད་ཐུབ་པར་འགྱུར།། སྙིང་གར་གནམ་བྲིས་འཇིགས་བརྒྱད་བསྲུང། ། ཡེ་ཤེས་འོད་ལྡན་རྒྱུད་ལས། ཁ་སྒྱུར་གྱི་ལེའུ་སྟེ་བཅོ་བརྒྱད་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། བཅུད་ལེན་སྔགས་ཀྱིས་ཆུར་མི་འབྱིང།། མེས་མི་ཚིག་ཅིང་རླུང་མི་འཁྱེར། ། མཚོན་གྱིས་མི་ཕེད་ཕོག་མི་འགྱུར།། མིས་མི་མཐོང་ཞིང་རྐང་མགྱོགས་འགྲུབ།། བྱ་རོག་འུག་མིག་བདུན་བདུན་གཉིས།། རྟེན་འབྲེལ་སྙིང་པོས་བྱིན་བརླབ་བྱ།། སྐར་མ་རྒྱལ་གྱི་ཉི་མ་ལ།། འོད་ལྡན་བཅས་པ་ལྕགས་དཀྲིས་གསུམ། ། བསྡམས་པ་ཁ་རུ་བཅུག་པ་སྔགས།། སྟོང་ཚོ་བཟླས་པས་གོང་རྣམས་འགྲུབ།། ཨོཾ་ཨཱཿཧཱུ~ཾ། གུ་མ་གུ་མ་ཐིབས་ཐིབས་སྭཱ་ཧཱ། ཡང་གཅིག་གསང་སྔགས་རྒྱལ་པོ་འདི།། ཕ་བོང་རྡོ་ལ་སྟོང་ཚོ་གསུམ། ། ཕག་པའི་ཁྲག་ལ་ཁྲི་ཚོ་གསུམ།། མེ་མར་སོལ་བར་འབུམ་ཚོ་གསུམ།། འོད་ལྡན་དང་སྦྱར་སྨིན་མཚམས་སུ།། ཐིག་ལེ་བྱས་པ་མིས་མི་མཐོང།། ཨོཾ་ཨཱཿཧཱུ~ཾ། དྷོར་ཐིབས་ཐིབས་མུན་ཏི་སྭཱ་ཧཱ། ཡེ་ཤེས་འོད་ལྡན་རྒྱུད་ལས། འབྱུང་བ་མེས་མི་ཚུགས་ཤིང། སྒྲིབ་ཤིང་གི་ལེའུ་སྟེ་བཅུ་དགུ་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། བཅུད་ལེན་སྔགས་ཀྱིས་རྐང་མགྱོགས་བསྒྲུབ།། འོད་ལྡན་རྗེ་རིགས་གྲིར་བསད་ཐལ། ། མི་མཁྲིས་དང་སྦྱར་ར་དཀར་གྱི།། འོ་མས་སྤྲུས་ཏེ་སྔགས་ཁྲི་བཟླས།། ཨོཾ་ཨཱཿཧཱུ~ཾ། ན་མོ་པུ་རུ་ཥ་ཡ། སེན་ཏ་ཡེ་ནི། སྨྲ་ར་སྨྲ་ར། ས་མ་ཡ། ནེ་ཏྲི་ནེ་ཏྲ་ཡ་སྭཱ་ཧཱ། ཨོཾ་བྷྲུཾ་མ་ཏ་ཡ་སྭཱ་ཧཱ།། རང་གི་དཔྲལ་བར་ཐིག་ལེ་བྱ། ། རྟ་ལམ་ཉིན་དགུ་གཅིག་ལ་ཕྱིན།། འགྲོ་དུས་ཡང་ཡང་བཟླས་པས་མགྱོགས།། རྫས་མེད་ཀྱང་ནི་སྔགས་ཀྱིས་འགྲུབ།། ཡེ་ཤེས་འོད་ལྡན་རྒྱུད་ལས་རྐང་མགྱོགས་ཀྱི་ལེའུ་སྟེ་ཉི་ཤུ་པའོ། །།། དེ་ནས་ཡང་དག་བཤད་བྱ་བ།། བཅུད་ལེན་སྔགས་ཀྱིས་འཆི་བ་གསོ།། འོད་ལྡན་ཏིལ་མར་མི་ཞུན་ལ།། གསང་སྔགས་བརྒྱ་བཟླས་རྣ་བར་བླུག། ཨོཾ་ཨཱཿཧཱུ~ཾ། ཨ་ནུ་ཏ་ར་ཧཱུ~ཾ། ཤི་བ་ཉིད་ཀྱང་སློང་བར་འགྱུར། ། ཡེ་ཤེས་འོད་ལྡན་རྒྱུད་ལས། ཤི་བ་གསོ་བའི་ལེའུ་སྟེ་ཉེར་གཅིག་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། བཅུད་ལེན་སྔགས་ཀྱིས་འཕོ་བ་ནི།། འོད་ལྡན་ཁབ་ལེན་རྡོ་དང་ནི།། མགྲོན་བུ་བུ་མ་རྒྱ་ཚྭ་སྦྱར། ། སྤྱི་བོར་སྐྲ་བཞར་བྱུགས་ནས་ནི།། རིག་པ་རྡོ་རྗེ་ཧཱུ~ཾ་བཅས་དེ།། ཨོཾ་ཨཱཿཧཱུ~ཾ། ཧིཀ་བརྗོད་པས་ཚངས་བུ་བཏོལ།། ནམ་མཁའ་འོད་ཕུང་དཀྱིལ་དུ་འཕང།། སངས་རྒྱས་ས་ཐོབ་འཇའ་ཚོན་བྱུང།། ཡེ་ཤེས་འོད་ལྡན་རྒྱུད་ལས། འཕོ་བའི་ལེའུ་སྟེ་ཉེར་གཉིས་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། བཅུད་ལེན་སྔགས་ཀྱིས་ལེགས་ཉེས་གསལ།། འོད་ལྡན་རིལ་བུ་ཁར་བཅུག་ལ།། རིན་ཆེན་སྣོད་དུ་ཆུ་ཁྱོར་གང། ། སྔགས་འདི་ལན་སྟོང་བཏབ་བཏུངས་ནས།། སྐྱབས་སོང་སྟོང་གསལ་གཉིད་ལོག་ན།། རྨི་ལམ་ངག་ཏུ་ཅི་ཡང་སྟོན།། ཨོཾ་ཨཱཿཧཱུ~ཾ། ཏདྱ་ཐཱ། མུ་ཙི་ནི་སྭཱ་ཧཱ། མུ་ཁེ་སེ་སྭཱ་ཧཱ། མོ་ཧ་ནི་སྭཱ་ཧཱ། བུནྟི་རི་སྭཱ་ཧཱ། ཡེ་ཤེས་འོད་ལྡན་རྒྱུད་ལས། ལེགས་ཉེས་གསལ་བའི་ལེའུ་སྟེ་ཉེར་གསུམ་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། བཅུད་ལེན་སྔགས་ཀྱིས་ལྷ་འདྲེ་མཐོང།། འོད་ལྡན་རྗེ་རིགས་གྲིར་བསད་མཁྲིས། ། རུས་བསྲེགས་ཐལ་བ་གསུམ་སྦྱར་ལ།། གསང་སྔགས་འདི་ནི་འབུམ་ཚོ་གསུམ།། ཨོཾ་ཨཱཿཧཱུ~ཾ། པ་མེ་པ་དེ་སྭཱ་ཧཱ། སྤྱི་བོ་དཔྲལ་བ་མཛོད་སྤུ་དང།། མིག་གཉིས་སྣ་ལ་བྱུགས་བྱས་ན།། མི་དང་མི་མ་ཡིན་གྱིས་ནི། ། མི་མཐོང་སྒྲིབ་ཅིང་ཕར་མཐོང་འགྱུར།། ཡེ་ཤེས་འོད་ལྡན་རྒྱུད་ལས། ལྷ་འདྲེ་བལྟ་བའི་ལེའུ་སྟེ་ཉེར་བཞི་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། བཅུད་ལེན་སྔགས་ཀྱིས་སྒྲ་སྐད་འདོན།། འོད་ལྡན་བྱང་སེམས་དཀར་དམར་གསུམ། ། རིན་པོ་ཆེ་དང་སྦྱར་བ་ཡིས།། རྔ་འམ་ཌཱ་མ་རུ་ལ་ནི།། མཁས་པས་བྲིས་ནས་དཀྲོལ་གྱུར་ན།། སྒྲ་སྐད་ཐོས་པ་ཙམ་གྱིས་ནི།། མཁའ་འགྲོ་འདུ་ཞིང་སངས་རྒྱས་ཐོབ།། ཨོཾཱཿཧཱུ~ཾ། དྷ་ར་དྷ་ར། དྷི་རི་དྷི་རི། བུ་ན་མ་ནི་སྭཱ་ཧཱ། ཡེ་ཤེས་འོད་ལྡན་རྒྱུད་ལས། སྒྲ་སྐད་འགྲོ་དོན་གྱི་ལེའུ་སྟེ་ཉེར་ལྔ་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། བཅུད་ལེན་སྔགས་ཀྱི་ཞབས་རྗེན་འོང།། རྐང་པ་དྲི་ཆུས་བཀྲུས་བྱས་ལ། ། འོད་ལྡན་ཚ་བ་གསུམ་དང་ནི།། མར་ནག་ནང་དུ་བཏབ་ལ་བྱུག། ལོ་གཅིག་བར་དུ་ལྷམ་མི་དགོས།། ཡང་ན་འོད་ལྡན་སྒོག་གཅིག་དང།། སྒོ་ངའི་གསེར་ཐིག་སྦྱར་ཏེ་བྱུག། ཨོཾ་ཨཱཿཧཱུ~ཾ། ཧ་རི་ནི་ས། རཾ་རཾ། བརྒྱ་རྩ་རེ་ཡིས་ཞབས་རྗེན་ནུས།། བཙན་དུག་ཀ་ར་དྲོད་སྨན་ཚ།། སྦྱར་ནས་བྱུགས་ན་དྲོད་འབར་འགྱུར།། ཡེ་ཤེས་འོད་ལྡན་རྒྱུད་ལས། ཞབས་རྗེན་གྱི་ལེའུ་སྟེ་ཉེར་དྲུག་པའོ།།།། དེ་ནས་ཡང་དག་བཤད་བྱ་བ། ། བཅུད་ལེན་སྔགས་ཀྱིས་ཧོམ་གཏོར་འབར།། ཤིང་ཤ་མོ་ནི་སྲབ་བཞོགས་ལ།། འོད་ལྡན་བྱུགས་པ་མར་ནག་བཙོ།། དེ་ཉིད་གཏོར་མ་ཧོམ་ལ་བཙུགས།། ཆང་ཕུད་གཏོར་བས་མེ་འབར་འོང།། ཨོཾ་ཨཱཿཧཱུ~ཾ། ཧ་རི་ནི་ས། ཨགྣི་རཾ་རཾ། ཡང་ན་བྱ་མོ་ནག་མོ་ཡི།། སྒོ་ང་མར་ནག་ནང་དུ་བཙོས།། འོད་ལྡན་རྒྱ་སྐྱེགས་རམས་དང་ཚྭ།། ཉུངས་སྲེགས་སྤོས་དང་སྤྲ་བལ་བསྲེགས།། རག་ཕྱེ་དེ་རྣམས་ཞིབ་བཏགས་ལ།། གཏོར་མ་ཧོམ་བཅུགས་བྱུགས་བྱས་ཏེ། ། ཆང་ཕུད་བུལ་ཏོག་བཏབ་ལ་གཏོར།། ཧོམ་དང་གཏོར་མ་སྤྱི་ལ་ཡང།། མེ་འབར་འདོད་ན་དེ་ལྟར་བྱ།། ཡེ་ཤེས་འོད་ལྡན་རྒྱུད་ལས། ཧོམ་གཏོར་མེ་འབར་གྱི་ལེའུ་སྟེ་ཉེར་བདུན་པའོ། །།། དེ་ནས་ཡང་དག་བཤད་བྱ་བ།། བཅུད་ལེན་སྔགས་ཀྱིས་ནད་རིམས་བསྲུང།། འོད་ལྡན་མོན་ཉུང་སེར་པོ་དང།། ཆུ་དག་དཀར་པོ་བོང་ང་ནག། བདུད་རྩི་མར་ཁུ་དང་སྦྱར་ལ།། ཆ་བསྙམས་རིགས་གསུམ་ཚོགས་པ་བསྐྱེད། ། སྔགས་འདི་སྟོང་ཚོ་གསུམ་བཟླས་གདབ།། ཨོཾ་ཨཱཿཧཱུ~ཾ། ཐིམ་ཐ་ར་ནི་མ་ཏི་ས། དུན་ཏི་ཛྭ་ལ་རཾ་པ་ཡེ་སྭཱ་ཧཱ། མི་ཕྱུགས་གང་ལ་བཏབ་ཚད་ཐུབ།། ཡེ་ཤེས་འོད་ལྡན་རྒྱུད་ལས། རིམས་ནད་བསྲུང་བའི་ལེའུ་སྟེ་ཉེར་བརྒྱད་པའོ། །།། དེ་ནས་ཡང་དག་བཤད་བྱ་བ།། བཅུད་ལེན་སྔགས་ཀྱིས་དུག་བསྲུང་བ།། འོད་ལྡན་ཉུང་ཞིའི་མར་ཕུལ་གང།། བོང་ང་དམར་པོ་དཔའ་བོ་སེར།། ཨ་རུ་ར་ནི་གསེར་མདོག་གསུམ། ། ཞིབ་བཏགས་གོང་གི་མར་ཁུར་བཏབ།། ལྟོ་སྟོང་དག་ལ་འཐུང་བྱས་ནས།། སྔགས་འདི་བརྒྱ་བཟླས་གསེར་དངུལ་བྲིས།། རབ་གནས་བྱས་ཏེ་མགྲིན་པར་གདགས།། ཨོཾ་ཨཱཿཧཱུ~ཾ། ཀྱི་ཧུ་ནཱ་ག་ཙན་དུ། ཧཱ་ཧཱུ་བྷི་ཤ་མ་ར་ཧི་བྷི་ཤ་མ་ར་ཧི་ཧོ། མ་ཧི་དུག་ཁ་ཡི་དྷོ་ཤི་ན་ཏམ་བྷི་ན་སྭཱ་ཧཱ། དུག་རིགས་ཀུན་གྱིས་ཚུགས་མི་འགྱུར།། དེ་ནས་ཤ་དུག་སེལ་བྱེད་པ།། འོད་ལྡན་ལྡུམ་བུ་རེ་རལ་དང།། འོམ་བུ་སེ་རྒོད་བར་ཤུན་རྣམས། ། ཉུང་མའི་ཕྱེ་མ་ཀ་ར་སྦྱར།། སྔགས་འདི་སྟོང་གིས་སོས་པར་འགྱུར།། ཨོཾ་ཨཱཿཧཱུ~ཾ། ཡས་ཤོར་ཡས་ཤོར་ཡེ་སྭཱ་ཧཱ། བཙན་དུག་དབྱུང་ན་འདི་ལྟར་བྱ།། འོད་ལྡན་བོང་ང་དཀར་པོ་དང།། པི་ལིང་རྒྱ་ཚ་ཀ་ར་རྣམས། ། སྦྱར་ལ་སྔགས་སྟོང་བཟླས་བྱིན་སོས།། ཨོཾ་ཨཱཿཧཱུ~ཾ། ཀྲུག་ལེ་ཧྲི། ཡེ་ཤེས་འོད་ལྡན་རྒྱུད་ལས། དུག་བསྲུང་བའི་ལེའུ་སྟེ་ཉེར་དགུ་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། བཅུད་ལེན་སྔགས་ཀྱིས་རྨ་འབྲས་གསོ། ། འོད་ལྡན་དྲེས་ཐག་རུལ་པ་དང།། སུག་པ་བདུད་རྩི་བསྲེགས་པ་རྣམས།། མར་གསར་བསྲེས་ལ་སྔགས་མང་བཟླས།། བྱུགས་ན་རུས་འཛེར་འཐོན་ཅིང་སོས།། ཨོཾ་ཨཱཿཧཱུ~ཾ། སེ་ཕུར་ན་སེ་ཕུར་ན། ནད་སེང་ནད་སེང། ཨོཾ་ཙིར་ཙིར་རིག་རིག། མུགས་མུགས་སྭཱ་ཧཱ། མ་སོས་བར་དུ་སྟོང་ཚོ་དུས་བཞིར་གདགས།། ཡེ་ཤེས་འོད་ལྡན་རྒྱུད་ལས། འབྲས་གསོ་བའི་ལེའུ་སྟེ་སུམ་ཅུ་པའོ།།།། དེ་ནས་ཡང་དག་བཤད་བྱ་བ། ། བཅུད་ལེན་སྔགས་ཀྱིས་སྐྲན་ལྷེན་གསོ།། འོད་ལྡན་ཚ་སྣ་ཚོགས་ཚད་དང།། ཙི་ཏྲ་ཀ་རྣམས་བསྲེས་བཏགས་ཏེ།། ཆང་སྐོལ་དག་ལ་སྔགས་སྟོང་བཟླས།། ལྟོ་སྟོང་བཏུང་ལས་འཁྲུལ་འཁོར་བྱ།། ཨོཾ་ཨཱཿཧཱུ~ཾ། ཏིར་ལོང་མུན་ཤེལ་ཕཊ་སྭཱ་ཧཱ། སྐྲན་ལྷེན་འཐོན་པར་ཐེ་ཚོམ་མེད།། ཡེ་ཤེས་འོད་ལྡན་རྒྱུད་ལས། སྐྲན་ལྷེན་འདོན་པའི་ལེའུ་སྟེ་སོ་གཅིག་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། བཅུད་ལེན་སྔགས་ཀྱིས་ཆུ་བསྡམ་འགྲོལ། ། འོད་ལྡན་ལྕམ་པའི་ཐང་བཏང་ཞིང།། སྔགས་འདི་དང་པོ་སྤྱི་བོར་གདབ།། ཨོཾ་ཨཱཿཧཱུ~ཾ། ཕི་པི་ལི་བི་ཕི་པིས་པིས་སྭཱ་ཧཱ། དེ་ནས་སྐྱེས་རྒྱབ་བུད་མེད་བདུན།། བརྒྱ་ཚོ་རེ་ནས་ཐུ་ཐུ་བྱ།། མི་ཕྱུགས་རྟ་བོང་ཁྱད་པར་མེད། ། ཡེ་ཤེས་འོད་ལྡན་རྒྱུད་ལས། ཆུ་བསྡམས་དགྲོལ་བའི་ལེའུ་སྟེ་སོ་གཉིས་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། བཅུད་ལེན་སྔགས་ཀྱིས་མེས་ཚིག་གསོ།། འོད་ལྡན་སྤང་རྩི་ངོ་བོ་དང། ། བདུད་རྩི་མར་ཁུ་གསུམ་བསྲེས་བྱུག། སྔགས་འདི་སུམ་རྒྱ་ཙམ་རེ་གདབ།། ཨོཾ་ཨཱཿཧཱུ~ཾ། མེ་རི་དམར་པོ་གསོད། ལྕགས་རི་ནག་པོ་སོད། ཆུ་རི་སྔོན་པོ་སོད། ཞི་ཞི་གྲམ་གྲམ་སྭཱ་ཧཱ། ཚབས་ཆེ་སྟོང་ཚོ་བཅུ་བཟླས་ཏེ། ཕུས་མི་གདབ་པར་ཐུ་ཐུ་བྱ།། དེ་འཕྲལ་སོས་པར་འགྱུར་ཏེ་ཐེ་ཚོམ་མེད།། ཡེ་ཤེས་འོད་ལྡན་རྒྱུད་ལས། མེས་ཚིག་གསོ་བའི་ལེའུ་སྟེ་སོ་གསུམ་བའོ།།།། དེ་ནས་ཡང་དག་བཤད་བྱ་བ། བཅུད་ལེན་སྔགས་ཀྱིས་རྒྱུ་གཟེར་བསྲུང།། འོད་ལྡན་བྱང་བལྟའི་སྤྲུ་མ་ཉིད།། ཞིབ་བཏགས་རིལ་བུ་སྲན་ཆུང་ཙམ།། བྱས་ཏེ་སྔགས་འདི་སྟོང་དུ་བཏབ།། ཨོཾ་ཨཱཿཧཱུ~ཾ། འཛང་རེ་ཛ་བ་རེ་ནད་ངན་རྒྱུ་གཟེར་ལ་སྭཱ་ཧཱ། ལྟོ་སྟོང་དག་ལ་སུས་ཟོས་ཐུབ། ། ཡེ་ཤེས་འོད་ལྡན་རྒྱུད་ལས། རྒྱུ་གཟེར་བསྲུང་བའི་ལེའུ་སྟེ་སོ་བཞི་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། བཅུད་ལེན་སྔགས་ཀྱིས་ནད་ཀུན་ཐུབ།། འོད་ལྡན་བདུད་རྩི་མར་ཁུ་དང། ། དྲི་ཆེན་དྲི་ཆུང་སྔགས་འདི་བསྒྲུབ།། ནད་རིམས་བསྲུང་པའི་སྙིང་པོ་རྣམས།། གུར་གུམ་གྷི་ཧང་གླ་རྩི་དང།། རྒྱ་སྣག་དག་གིས་བྲིས་བྱས་ཏེ།། རྟེན་འབྲེལ་སྙིང་པོས་རབ་གནས་བྱ།། བསྲུང་བྱའི་མགུལ་དུ་བཏགས་པ་ན། ། རིམས་ནད་མགོ་ནད་བལ་ནད་གཟེར།། རྒྱུ་ནད་འབྲུམ་ནག་གག་ལྷོག་གློ།། རྒྱ་ནད་ཅོང་འགྱེལ་ལྟག་འགྱེལ་རྣམས།། དེ་ཡི་ཕྱོགས་སུ་ཉེ་མི་ནུས།། སྔགས་སྟོང་ཆུ་བླུག་ནད་བྱུང་སོས།། ཨོཾ་ཨཱཿཧཱུ~ཾ། ཧབ་རྩི་ཧབ་རྩི་ཟུ་ཟུ་ཧཱུ~ཾ་སད། ཀུ་ལ་རང་ཤིས་སད། བུ་ཀ་ཛུ་ཡ་སད། སད་ཀྲེ་ཀ་རུ་སད། དྲུག་ཆོམ་དྲུག་གཤོག་དྲུག་གཡས། དམིགས་པ་ལྕགས་ཀྱི་གཟོང་དྲུག་དབུགས་ཀྱིན་དབུག་ཀྱིན་སད། མོ་རོ་སད། གྱི་ནི་སད། ལེ་བེར་སད། ཀྱིན་སད་ཀུ་རུ་སད་ཀྱིན་སད་སད་སད། དམ་དི་དེ་པྲེང་དེ་པྲེང། ཏང་ཀུ་ལ་ཏང་ཀུ་ལ། དམར་པོ་ལ་ལྷཾ་ལྷཾ། རུག་རུག་ཆིར་ཆིར། སྲོག་གི་སྙིང་པོ་ལ་རྦད་རྦད་རྦུད་རྦུད་སྭཱ་ཧཱ། ནད་རྣམས་ཐུབ་ཅིང་སོས་པར་འགྱུར། ། ཡེ་ཤེས་འོད་ལྡན་རྒྱུད་ལས། ནད་བསྲུང་བའི་ལེའུ་སྟེ་སོ་ལྔ་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། བཅུད་ལེན་སྔགས་ཀྱིས་འབྲུམ་ནག་བསྲུང།། དཀར་ཆེན་རྒྱ་ཐེལ་རྩེགས་པ་བསྲུང། ། འོད་ལྡན་གི་ཧང་གླ་རྩི་དང།། བཙན་དུག་ཐར་ནུ་རེ་ལྕག་པ།། ཤུ་དག་གུ་གུལ་མུ་ཟི་ནག། ཤིང་ཀུན་རྒྱ་སྣག་ཨ་རུ་ར།། ར་ཁྲག་སྲན་ནག་རེ་རེ་ལ།། སྔགས་འདི་བརྒྱ་རྩ་བརྒྱད་བཟླས་ཏེ་གདགས།། ཨོཾ་ཨཱཿཧཱུ~ཾ། བཛྲ་ཀ་རུ་ན་བྲང་ཏེ། ཏིག་ཏིག། ཏྲར་བྲག་ཤིག། ཏ་ཐཱ་ག་ཏ་ཡ། ཙ་ལེ་ཧེ། དུཾ་ཧཱུ~ཾ་ཕཊ། སརྦ་བྱཱ་དྷི་རོ་ག་ཤཾ་ཀུ་རུ་ཧཱུ~ཾ་ཕཊ།། རྫས་རྣམས་སྨིན་མཚམས་སྤྱི་གཙུག་དང།། མགྲིན་ཁུང་སྙིང་ག་རྐང་ལག་མཐིལ། ། བྱུགས་པས་ས་བདག་ཀླུ་གཉན་དང།། ལྷོག་པ་འབྲུམ་ཐོར་རྒྱུ་གཟེར་ཐུབ།། བལ་ནད་མིག་སེར་མཁྲིས་སྐྱུགས་ཐུབ།། ཡེ་ཤེས་འོད་ལྡན་རྒྱུད་ལས། འབྲུམ་ཐོར་བསྲུང་བའི་ལེའུ་སྟེ་སོ་དྲུག་པའོ། །།། དེ་ནས་ཡང་དག་བཤད་བྱ་བ།། བཅུད་ལེན་སྔགས་ཀྱིས་ལྷོགས་པ་བསྲུང་ཞིང་བསད།། འོད་ལྡན་བོང་ནག་སྔགས་བཟླས་གདགས།། ཨོཾ་ཨཱཿཧཱུ~ཾ། ར་ན་མ་ཚ་བྷ་ས་ཧི། ཏི་ཏི་ནི། བྷེ་བ་ཀ་ལ། ཐི་རི་ཧི་ཐཾ། ཕཊ་ཕཊ་ཕཊ། སྔགས་ཆུ་བླུད་པས་ལྷོག་བྱུང་སོས།། ཡེ་ཤེས་འོད་ལྡན་རྒྱུད་ལས། ལྷོག་པ་གསོ་བའི་ལེའུ་སྟེ་སོ་བདུན་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། བཅུད་ལེན་སྔགས་ཀྱིས་རྨ་ཁྲག་གསོ། ། འོད་ལྡན་བདུད་རྩི་བརྒྱ་ཕྲག་དང།། ཁྲག་ཞུན་དྲི་ཆུ་སྦྱར་ལ་བྱུག། སྔགས་སྟོང་བཏབ་པས་སོས་པར་འགྱུར།། ཨོཾ་ཨཱཿཧཱུ~ཾ། ཨ་ན་ལེ། བི་ན་ལེ། རྦལ་ཆོད་ཁྲག་ཆོད་སྭཱ་ཧཱ། ཡང་ན་འདི་ཉིད་སུམ་བརྒྱས་འཚོ། ། ཨོཾ་ཨཱཿཧཱུ~ཾ། ཏི་ལི་སོད། ནི་ལི་སོད། ཐ་ཏི་སོད། རྨ་ཡི་སྙིང་པོ་སོད་སྭཱ་ཧཱ། དེ་ནས་རྩ་བྱེར་ན་སུམ་བརྒྱས་སོས།། ཨོཾ་ཨཱཿཧཱུ~ཾ། རྩ་ཁྲིས་ནད་སྭཱ་ཧཱ། དེ་ནས་ཀླད་པ་ན་བ་ལ། ཨོཾ་ཨཱཿཧཱུ~ཾ། ཀླད་ཁྲིས་ནད་སྭཱ་ཧཱ། དེ་ནས་རུས་པ་གས་པ་གསོ་བ་ལ། ཨོཾ་ཨཱཿཧཱུ~ཾ། རུས་ཐེས་ནད་སྭཱ་ཧཱ། དེ་ནས་ཆུ་སེར་ཁྱིམ་ན་གདབ། ཨོཾ་ཨཱཿཧཱུ~ཾ། ཆུ་སིལ་སིལ། ནན་སྭཱ་ཧཱ། ཕྱི་རུ་ལོག་ན་སྔགས་འདི་བཟླས།། ཨོཾ་ཨཱཿཧཱུ~ཾ། ཀ་ལག་ཁྲིས་ནང་ཤ་སྭཱ་ཧཱ། རལ་གྲི་མདའ་རྡོ་ཐམས་ཅད་ཐུབ། ། འོད་ལྡན་གསེར་གྱི་ཨ་ཧཱུ~ཾ་གདགས།། ཨོཾ་ཨཱཿཧཱུ~ཾ། ཛི་ཛི་ལུག་སྙིང་ཛི། ལུག་སྙིང་རཾ་སྭཱ་ཧཱ། ལུས་ལ་མདེའུ་ལུས་པ་འདོན།། འོད་ལྡན་ཡུ་མོ་མེད་འབྱིན་བསླན།། ཨོཾ་ཨཱཿཧཱུ~ཾ། ཁྲིམ་ཏྲི་ནི་སྭཱ་ཧཱ། ལྟོ་སྟོང་བཏབ་པས་འཐོན་པར་འགྱུར།། ཡེ་ཤེས་འོད་ལྡན་རྒྱུད་ལས། མགོ་རྨ་གསོ་ཞིང་མདའ་རྡོ་བསྲུང་ཞིང། མདེའུ་འདོན་པའི་ལེའུ་སྟེ་སོ་བརྒྱད་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། བཅུད་ལེན་སྔགས་ཀྱིས་སྲིན་ལང་གསོ། ། འོད་ལྡན་དྭ་འབྲུམ་ཐད་ཕྲོམ་ལ།། སྔགས་འདི་བརྒྱ་སྟོང་བཟླས་བྱས་ཏེ།། བུ་རམ་སྦྱར་ལ་རི་ལུ་ནི།། འཇི་བ་ཙམ་བྱས་གྲོ་ཐང་འཕུལ།། ཨོཾ་ཨཱཿཧཱུ~ཾ། རྩག་ཏི་རྩོག་ཏི། སྙིང་ལ་རུ་དེ་སོད་སྭཱ་ཧཱ། སྔགས་ཆུས་ཀྱང་ནི་སོས་པར་འགྱུར།། ཡེ་ཤེས་འོད་ལྡན་རྒྱུད་ལས། སྲིན་ལང་གསོ་བའི་ལེའུ་སྟེ་སོ་དགུ་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། བཅུད་ལེན་སྔགས་ཀྱིས་ཤུ་བ་གསོ།། འོད་ལྡན་བདུད་རྩི་མར་ཁུ་དང། ། ཝ་བྲུན་ཞིབ་བཏགས་མར་རྙིང་སྦྱར།། སྔགས་འདི་སྟོང་བཏབ་བྱུགས་ཉི་བསྲེག། ཨོཾ་ཨཱཿཧཱུ~ཾ། ཐོར་བུ་རཾ་མེ་སོད། མགོ་ཆེ་མགོ་ཆུང་སོད། ཆུ་ནག་ཁྱིལ་ལ་སོད། བྲམ་ཟེ་ནག་པོ་སོད་སྭཱ་ཧཱ། ཤུ་བ་ཇི་ལྟ་བུ་ཡང་འཚོ། ། ཡེ་ཤེས་འོད་ལྡན་རྒྱུད་ལས། ཤུ་བ་གསོ་བའི་ལེའུ་སྟེ་བཞི་བཅུ་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། བཅུད་ལེན་སྔགས་ཀྱིས་ཁྱི་རྨ་གསོ།། ཆུ་བྲེ་གང་ལ་སྔགས་འདི་ནི།། སུམ་བརྒྱ་བཏབ་ལ་རྨ་བཀྲུས་ཏེ། ། ཨོཾ་ཨཱཿཧཱུ~ཾ། ཧ་གཙག་སྐྱིས་སྐྱི་དོ་སྭཱ་ཧཱ། མེ་ལོང་གཡས་ཕྱིས་ཁྱི་སྤུ་བླན།། འོད་ལྡན་བདུད་རྩི་མར་ཁུ་ཡི།། རིལ་ལུ་ལྟོར་གཏོང་རྨ་མི་དཀྲི་ཁ་མི་བསྲུང་ཞིང་ན་ན་བྲབ།། ཡེ་ཤེས་འོད་ལྡན་རྒྱུད་ལས། ཁྱིས་གཟུང་གསོ་བའི་ལེའུ་སྟེ་ཞེ་གཅིག་པའོ། །།། དེ་ནས་ཡང་དག་བཤད་བྱ་བ།། བཅུད་ལེན་སྔགས་ཀྱིས་ཁྱི་མི་འོང།། འོད་ལྡན་ཡུངས་དཀར་བྱི་ལའི་བྲུན།། ཟན་བསྲེས་སྔགས་བརྒྱ་བཏབ་ཏེ་བྱིན།། ཨོཾ་ཨཱཿཧཱུ~ཾ། ཀུ་ཀུ་ར་ཙ་རྐང་སྐྱུགས། རྐང་སྐྱུགས། ཁ་ཐཾ་ཁ་ཐཾ། ཨོཾ་བཛྲ་སྐོར་རྣ་ཆུམ། སྣ་ཆུམ་ཆུམ། ཀུ་ཀུ་ར་ཙ་ཁཾ་ཐཾ་ཁཾ་ཐཾ་སྭཱ་ཧཱ། ཁྱི་བཟང་སེར་གེ་འདྲ་ཡང་ཆིངས།། ཡེ་ཤེས་འོད་ལྡན་རྒྱུད་ལས། ཁྱིའི་ཁ་ཆིངས་ཀྱི་ལེའུ་སྟེ་ཞེ་གཉིས་པའོ། །།། དེ་ནས་ཡང་དག་བཤད་བྱ་བ།། བཅུད་ལེན་སྔགས་ཀྱིས་ཇག་ཆིངས་ནི།། བླ་མ་ཡི་དམ་མཁའ་འགྲོ་ལ།། བ་ལིཾ་ཕུལ་ནས་གསོལ་བ་གདགས།། རང་ཉིད་ལྷར་གསལ་འོད་ལྡན་ལ། ། སྔགས་བརྒྱ་བཟླས་ལ་གདོང་ལ་བྱུག། ཨོཾ་ཨཱཿཧཱུ~ཾ། ན་མོ་བྷ་ག་ཝཱ་ཏེ། ཨརྷ་ཏེ་སམྱ་ཀཱཾ་བུདྡྷ་ཡ། ཏདྱ་ཐཱ། དྷུ་རུ་དྷུ་རུ། པ་ར་སྟཾ་བྷ་ཡ། མོ་ཧ་མ་གྷ་ཧ་ནི་སྭཱ་ཧཱ། ཇག་པ་རྣམས་ནི་སྐྱེ་རེངས་འགྱུར།། ཡེ་ཤེས་འོད་ལྡན་རྒྱུད་ལས། ཇག་ཆིངས་ཀྱི་ལེའུ་སྟེ་ཞེ་གསུམ་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། བཅུད་ལེན་སྔགས་ཀྱིས་ནུ་རླིག་གསོ།། འོད་ལྡན་བདུད་རྩི་མར་ཁུ་ལ།། སྔགས་འདི་སྟོང་བཟླས་བྱུགས་ན་སོས། ། ཨོཾ་ཨཱཿཧཱུ~ཾ། གལ་ཏེ་ན་ཕུས། ཨ་ཡ་ན་ཕུས། ཧཱུ~ཾ་ཆང་གི་ལི་ཕུས། མ་ར་པ་ནི་ཕུས། ཕུ་སྭཱ་ཧཱ། སྐྲངས་པ་གཞན་ཉིད་ལ་ཡང་ཕན།། ཡེ་ཤེས་འོད་ལྡན་རྒྱུད་ལས། ནུ་རླིག་གསོ་བའི་ལེའུ་སྟེ་ཞེ་བཞི་པའོ། །།། དེ་ནས་ཡང་དག་བཤད་བྱ་བ།། བཅུད་ལེན་སྔགས་ཀྱིས་ཕྲུ་གུ་འབྱིན།། མི་ལ་འོད་ལྡན་མར་སྦྱར་ཏེ།། བྱུགས་ལ་ཟན་ནམ་ཆང་སྔགས་བྱིན།། ཨོཾ་ཨཱཿཧཱུ~ཾ། སྭཱ་ཛྲ་ཛྲ། ཐེལ་ཐེལ། ཕྱིག་ཕྱིག། འུར་འུར། ངེ་ལེ་གེ། ངེ་ལེ་གེ། ལུང་ལུང་གེ། ཁེ་བྷ་ར་ན་ཧ་ར་སྭཱ་ཧཱ། ཁ་བྷ་ར་ན་ཧ་ར་སྭཱ་ཧཱ། དེ་ཡིས་ཕྲུ་གུ་འབྱིན་པར་འགྱུར།། ཤ་མ་མ་འཐོན་ན་ཡང་དེ་བཞིན་བྱ།། ཡེ་ཤེས་འོད་ལྡན་རྒྱུད་ལས། ཕྲུ་གུ་ཤ་མ་འབྱིན་པའི་ལེའུ་སྟེ་ཞེ་ལྔ་པའོ། །།། དེ་ནས་ཡང་དག་བཤད་བྱ་བ།། བཅུད་ལེན་སྔགས་ཀྱི་འབྲུ་ཆང་ཞིམ།། འོད་ལྡན་བཙན་དུག་གུ་གུལ་དང།། བ་གླ་རྟ་བོན་མུ་ཟི་སྒོག། སྤྱང་བྲུན་ཤིང་ཀུན་ཆུ་དག་ནག། བདུད་རྩི་ལ་ཆ་ཁྱི་བྲུན་གཞོབ། ། མེ་ཁར་བཞག་ལ་འཚོད་ཟངས་དུག། ཨོཾ་ཨཱཿཧཱུ~ཾ། ཡ་མ་རཱ་ཛ་དུ་ཏྲི་ཕུ་ཏྲི། གནོད་བྱེད་འབྱུང་པོ་མཱ་ར་ཡ་ཕཊ། གུ་གུལ་བརྒྱད་དང་སྔགས་ནུས་ཀྱིས།། སྡེ་བརྒྱད་ཁ་འཆིང་གདོན་རྣམས་ཐུབ།། དེ་ནས་ཐབ་གཟུགས་སྔགས་རྫས་ཚོས། ། འཚོད་པའི་ནང་དུ་མར་ཕྱེ་གདབ།། འོག་ཏུ་དཀར་གོང་མེས་བསྲེགས་དམར།། དེ་སྟེང་རཾ་དམར་བསྒོམ་པའི་སྔགས།། ཆུ་འབྲུ་བླུག་ལ་བརྒྱ་རྩ་གདབ།། ཨོཾ་ཨཱ་ཧཱུ~ཾ། ཧ་རི་ནི་ས་རཾ་རཾ། ལྷག་ལྷག། ཤིག་ཤིག་སྭཱ་ཧཱ། དེ་ནས་རེ་བས་ཁ་བཅད་བཙོ།། གོས་མེད་ལྡང་བར་འདོད་པ་ན།། འོད་ལྡན་ཚི་གུ་ཕུལ་གང་ལ།། སྔགས་འདི་བརྒྱ་བཟླས་ཆུ་སྐོལ་བླུག། ཆང་ཚོས་ཤུལ་དེར་གོས་ལེབ་གཅིག། ལང་པར་གྱིས་ཤིག་མཁའ་འགྲོ་མ། ། ཨོཾ་ཨཱཿཧཱུ~ཾ། རི་ནི་ས་མ་ནན་ཛྷི་ཝན་ཏི་ཡེ་སྭཱ་ཧཱ། ཆང་ཞིམ་མང་མ་མདོག་འདོན་ན།། འོད་ལྡན་ཀྱི་བ་སར་སྐྱེ་ཚེ།། ཕབས་དང་བསྲེས་ནས་སྔགས་བཟླས་གདབ།། ཨོཾ་ཨཱཿཧཱུ~ཾ། ཧ་རི་ནི་ས། སུ་ར་བལ་ནི་སྭཱ་ཧཱ། ཆང་འཐུངས་ཀྱང་མི་བཟི་བ་ལ། འབྲས་ཆང་ནས་ཆང་སུམ་ཆང་ཕྱེ།། ཅོང་ཞི་ཛ་ཏི་ཨ་རུ་ར།། ཤིང་ཚ་སུག་སྨེ་ཀ་ཀོ་ལ།། ཞིབ་བཏགས་ལྟོ་སྟོང་ཐུར་མགོ་རེ།། འགམས་ལ་སྔགས་སྟོང་བཟླས་བཏུང་ན། ། ཨོཾ་ཨཱཿཧཱུ~ཾ། ཏདྱ་ཐཱ། རུ་ལུ་རུ་ལུ། བི་རི་སརྦ་ཕཊ་དོ་པིང་སྭཱ་ཧཱ། དང་པོ་འཐུང་མཁས་ཤིན་ཏུ་གཅེས།། ཡེ་ཤེས་འོད་ལྡན་རྒྱུད་ལས། ཆང་བསྲུངས་སྔགས་ཚོས་ཅེར་ཆང་མི་བཟི་བར་བྱ་བའི་ཐབས་ཀྱི་ལེའུ་སྟེ་ཞེ་དྲུག་པའོ། །།། དེ་ནས་ཡང་དག་བཤད་བྱ་བ།། བཅུད་ལེན་སྔགས་ཀྱིས་ཞོ་བསྲུང་ནི།། འོད་ལྡན་ཡུངས་ཀར་སྔགས་བརྒྱ་བཟླས།། འོ་ཟོ་བསྐོལ་དང་གནོན་སྐྲག་གདབ།། ཨོཾ་ཨཱཿཧཱུ~ཾ། ཏིར་ཏི་ཀ་སརྦ་པྲེ་ཏེ་སྲོག་དྷ་རུ་ཆོད། ། འོ་ཞོ་ལ་རཀྵ་རཀྵ། ཡེ་ཤེས་འོད་ལྡན་རྒྱུད་ལས། ཞོ་བསྲུང་བའི་ལེའུ་སྟེ་ཞེ་བདུན་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། བཅུད་ལེན་སྔགས་ཀྱིས་འབྲུ་ཕྱུགས་འཕེལ།། སྐར་མ་བྲེ་ཡི་ཉིན་པར་ལ། ། ལྕགས་ཀྱི་བྱི་བའི་གཟུགས་ནང་དུ།། འོད་ལྡན་རྟ་ཕྱུགས་སྙིང་པོ་ལ།། གོང་སྔགས་ཁྲི་ཚོ་གཅིག་བཟླས་ནས།། འབྲོག་དང་ར་བར་སྦས་ན་འཕེལ།། ཡེ་ཤེས་འོད་ལྡན་རྒྱུད་ལས། འབྲུ་ཕྱུགས་འཕེལ་བར་བྱེད་པའི་ལེའུ་སྟེ་ཞེ་བརྒྱད་པའོ། །།། དེ་ནས་ཡང་དག་བཤད་བྱ་བ།། བཅུད་ལེན་སྔགས་ཀྱིས་ཅི་བསམ་འགྲུབ།། བྷནྡྷ་རིན་ཆེན་གའུ་རུ།། འོད་ལྡན་རིན་ཆེན་འབྲུ་སྣ་ལྔ།། ཁྱེའུ་བུ་མོའི་བྱང་སེམས་དང། ། བཟང་སྨན་ཨ་ཀ་རུ་སྦྱར་བའི།། རི་ལུ་བཅུག་ལ་མཁས་པས་ནི།། གནོད་སྦྱིན་ཆུ་དབང་མཚན་བརྒྱ་རྩ།། ཉིན་བརྒྱ་མཚན་བརྒྱ་བཟླས་ནས་ནི།། རི་ལུ་གཅིག་ཙམ་བདུད་རྩིར་བཅས།། རང་གིས་ཟོས་པར་འགྱུར་ན་ཡང། ། མེ་ཆུ་ནད་རིམས་དགྲ་གཅན་བསྲུང།། དུས་མིན་འཆི་སླུ་ཅི་བསམ་འགྲུབ།། ཨོཾ་ཨཱཿཧཱུ~ཾ། ཏདྱ་ཐཱ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་མ་ཎི་བྷ་དྲཱ་ཡ་མ་ཧཱ་ཡཀྵ་སེ་ན་པ་ཏ་ཡེ། ཨོཾ་ཧྲིང་ཏྲང་ཤཀྵ་ཛྙ་ཧྲཱི་ཧྲཱི་དིབ་བྱ་རད་ནེའུ་བྷ། བྷ་རི་ཤ་ཡ། ཨ་དྷི་བ་ཏ་དྷེ་བ་ཡཀྵ་ས་མ་ཡ། མ་ནུ་སྨ་ར་ཏྲི་ཧཱུ~ཾ་ཕཊ་སྭཱ་ཧཱ། འདི་ནི་ཡིད་བཞིན་ནོར་བུའོ།། ཡེ་ཤེས་འོད་ལྡན་རྒྱུད་ལས། ཅི་བསམ་བགྲུབ་པའི་ལེའུ་སྟེ་ཞེ་དགུ་པའོ།།།། དེ་ནས་ཡང་དག་བཤད་བྱ་བ། ། བཅུད་ལེན་སྔགས་ཀྱིས་ལྕི་བ་དང།། སྤུར་ནག་པོར་རི་བྱི་བ་སྦྲང།། ཤ་སྒོ་བྱིའུ་ལ་སོགས་པ།། སྔགས་འདི་རྫས་ལ་བཏབ་བྱུགས་གཏོར།། ཨོཾ་ཨཱཿཧཱུ~ཾ། རྩོག་གི་ཏ་ཏ་ལི། རྩོག་སྐྱེ་ལོག་ལི་མ་ཧཱ་ལོ་ཤ་ལི། ཨ་ལ་ཏ་ལ་ཙ་ལ་ཡེ་སྭཱ་ཧཱ། འོད་ལྡན་ཉུང་སེར་གཞི་མོའི་རྩེ།། གཡེར་མ་སྐྱེར་འབྲུ་མོན་བུ་རྣམས།། ཕྱེ་བྱས་མར་རྙིང་དང་སྦྱར་ལ།། སྔགས་བརྒྱ་བཟླས་ཏེ་ལུས་ལ་བྱུགས།། ལྗི་བ་བསྲུང་པར་ཐེ་ཚོམ་མེད།། འོད་ལྡན་ཆུ་དང་མུ་ཟིའི་ཆུ། ། རྩིག་རྨང་གཏོར་ན་སྦུར་ནག་ཐུབ།། འོད་ལྡན་གཙང་ཁའི་བྱེ་མ་ལ།། སྔགས་བཟླས་གཏོར་ན་བོང་རི་དང།། བྱི་བ་ཤད་གོ་བྱིའུ་ཐུབ།། འོད་ལྡན་ཞང་ཞུང་མར་བསྲེས་བྱུག། དུག་སྦྲང་ལུས་ལ་སོ་འདེབས་ཐུབ། ། ཡེ་ཤེས་འོད་ལྡན་རྒྱུད་ལས། ལྗི་བ་སྦྲུར་ནག་བོང་རི་དང། བྱི་བ་ཤ་དགོ་སྦྲང་བུ་བྱེའུ་བསྲུང་བའི་ལེའུ་སྟེ་ལྔ་བཅུ་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། བཅུད་ལེན་སྔགས་ཀྱིས་ཤིག་སེལ་བ། ། ཟན་གཏོར་ཤ་ཆེན་ཤིག་དང་བཅས།། ཁ་འབར་སྔགས་ཀྱིས་ལན་ཆགས་ལ།། བསྔོས་ལ་གཏང་སྟེ་བདེན་པ་བདར།། འོད་ལྡན་བྲག་ཞུན་བྲག་དྲེག་དང།། གླ་རྩི་མུ་ཟི་བྱ་རྒོད་སྤོས།། རེ་ལྕགས་དུད་བལ་མི་ཞུན་སྦྱར། ། ཡང་ན་མར་ནག་སྦྱར་བ་ལ།། སྔགས་འདི་བརྒྱ་བཟླས་ལུས་ལ་བྱུག། ཨོཾ་ཨཱཿཧཱུ~ཾ། ཁོ་ལ་ཙ་ཀྲ་སརྦ་མ་དུཾ་ཏ་ཡེ་སྭཱ་ཧཱ། ཟླ་བ་རེ་ལ་ལན་རེ་བྱུག། ལན་ཆགས་ཤིག་ནི་འོང་མི་འགྱུར། ། ཡེ་ཤེས་འོད་ལྡན་རྒྱུད་ལས། ཤིག་སེལ་བའི་ལེའུ་སྟེ་ང་གཅིག་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། བཅུད་ལེན་སྔགས་ཀྱིས་ཞིང་ལུད་བྱ།། འོད་ལྡན་མི་བྲུན་ཕུག་རོན་བྲུན།། ལུག་མུར་སེ་རུལ་འབའ་ཆ་ཕབས། ། བུད་མེད་ཆུས་སྤང་ཞག་གསུམ་བསྙལ།། ས་བོན་མར་ནག་སྤོལ་བྱས་ལ།། སྔགས་འདི་སྟོང་བཟླས་ཞིང་ལ་གདབ།། ཨོཾ་ཨཱཿཧཱུ~ཾ། དྷ་ཏི་རཏྣ་ཛཾ་བྷ་མ་ཧཱ་སི་ཏི་ཧཱུ~ཾ། རྩ་བ་ཟུག་ལ་ཐན་སྲན་ཆེ།། མིག་ནད་མི་འོང་ནས་ལྡོག་ཆེ། ། འགྱུར་རྐྱེན་བོངས་ནི་ཆེ་བར་འགྱུར།། ཡེ་ཤེས་འོད་ལྡན་རྒྱུད་ལས། ཞིང་གི་ལེའུ་སྟེ་ང་གཉིས་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། བཅུད་ལེན་སྔགས་ཀྱིས་ཞིང་འབུ་བསྲུང།། འོད་ལྡན་ཡུངས་ཀར་བྱི་བའི་བྲུན། ། དུད་པ་ཆུ་བཏབ་ས་བོན་སྦང།། ཡང་ན་ལྗང་བུའི་དུས་སུ་གཏོར།། སྔགས་འདི་ཁྲི་ཚོ་གཅིག་ཏུ་བཟླས།། ཨོཾ་ཨཱཿཧཱུ~ཾ། ཨེ་ཧེ་ཨེ་ཧེ། མེ་ཧེ་མེ་ཧེ། གྷུ་ཧཱུ~ཾ་གྷུ་ཧཱུ~ཾ་ཕཊ་སྭཱ་ཧཱ། ཞིང་ལ་འབུ་སྲིན་འོང་མི་སྲིད། ། ཡེ་ཤེས་འོད་ལྡན་རྒྱུད་ལས།། ཞིང་ལས་འབུ་སྲིན་བསྲུང་བའི་ལེའུ་སྟེ་ང་གསུམ་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། བཅུད་ལེན་སྔགས་ཀྱིས་སེར་བ་བསྲུང།། འོད་ལྡན་ཐལ་ཆེན་ཡུངས་ཀར་དང། ། སྡེ་བརྒྱད་གཏོར་མ་སྔགས་འབུམ་བཟླས།། ཨོཾ་ཨཱཿཧཱུ~ཾ། ན་མོ་བྷ་ག་ཏེ། ཤཱཀྱ་མུ་ནཱ་ཡེ། ཏཱ་ཐཱ་ག་ཏ་ཡ། པུ་ཙ་པུ་ཙེ། ས་མ་ཡ་པུ་ཙེ། ཨ་ཀ་རུ་པུ་ཙེ། ས་མ་ཡ་བ་ལ་ཡ་ནི་སྭཱ་ཧཱ།། བྱུང་དུས་ཉེ་བར་བཟློག་པར་འགྱུར། ། ཡེ་ཤེས་འོད་ལྡན་རྒྱུད་ལས། སེར་བ་བསྲུང་བའི་ལེའུ་སྟེ་ང་བཞི་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། བཅུད་ལེན་སྔགས་ཀྱིས་སད་བསྲུང་ན།། ཀླུ་དང་ལྷ་འདྲེ་གཏོར་མས་མཆོད།། ཟངས་སམ་རྫ་ནི་དམར་པོ་རུ། ། འོད་ལྡན་ཆུ་དང་འོ་མ་འབྲུ།། བླུག་སྟེ་ནམ་མཁའ་རྒྱ་ཆེའི་སར།། ཆུ་བསྲོས་རླངས་པ་འཐོན་པར་བྱ།། མི་སྤོས་སྔགས་ལ་གསུང་མི་གཅད།། སྤྲིན་ཉིད་མ་འདུས་བར་དུ་བཟླས།། ཨོཾ་ཨཱཿཧཱུ~ཾ། ཨེ་ཐུམ་རིལ་བསྡུས་སྣ་ཏི་ར་བཾ་སྭཱ་ཧཱ། སྤྲིན་འདུས་སད་ཉིད་ཐུབ་པར་འགྱུར།། ཡེ་ཤེས་འོད་ལྡན་རྒྱུད་ལས། སད་བསྲུང་པའི་ལེའུ་སྟེ་ང་ལྔ་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། བཅུད་ལེན་སྔགས་ཀྱིས་དགྲ་བོ་ནི། ། ལྐུགས་སུ་གཞུག་པའི་ལས་འདི་བྱ།། གྲོ་གའམ་ཤོག་ཤོག་དག་ལ་མིང་རུས་བྲིས།། ལྐུགས་པའི་ཐོད་པར་བཅུག་ནས་ཀྱང།། མིང་རུས་ལྕགས་ཕུར་དག་ལ་ནི།། འོད་ལྡན་གྲི་ཁྲག་བྱུགས་ཤིང་གདབ། ། ཨོཾ་ཨཱཿཧཱུ~ཾ། ཀཱ་ལ་རཱུ་པ་ཆེ་གེ་མོ་ཛཾ་བྷ་ཡ་ཧཱུ~ཾ་ཕཊ། ཞག་གསུམ་དག་གིས་ལྐུགས་པར་འགྱུར།། ཡེ་ཤེས་འོད་ལྡན་རྒྱུད་ལས། དགྲ་བོ་ལྐུགས་སུ་གཞུག་པའི་ལེའུ་སྟེ་ང་དྲུག་པའོ།།།། དེ་ནས་ཡང་དག་བཤད་བྱ་བ། ། བཅུད་ལེན་སྔགས་ཀྱིས་བསད་བཟློག་ན།། མཎྜལ་མདའ་གང་གྲུ་གསུམ་པར།། གྲི་ཁྲག་ར་ཁྲག་ཆག་ཆག་གདབ།། དེ་སྟེང་ཐོད་པར་དམར་གཏོར་བཤམ།། དེ་སྟེང་དགྲ་བོའི་ལིངྒ་ནི།། འོད་ལྡན་གྲི་ཁྲག་བག་ཕྱེ་བསྲེས། ། གཟུགས་བྱ་སྙིང་གར་མིང་རུས་གཞུག། ཁ་སྦུབ་བཞག་སྟེ་ཡུངས་ཐུན་བྲབ།། བོད་རྦད་བསད་གསུམ་དྲིལ་བ་ཡི།། སྲོག་གི་སྤུ་གྲི་འདི་ལ་འབད།། ཨོཾ་ཨཱཿཧཱུ~ཾ། ཁྱི་ཁ་ལེ་ནག་མོ་སོད།། སྲོག་མ་ཏྲི་སོད། སྙིང་ཁ་ལ་སཾ་ཡ་མ་སོད། རྩོ་བ་རིལ་ལུ་སོད། ག་ཡ་སོད། ནི་ར་ཡ་སོད། རཀྨོ་ཙིཏྟ་རྦུད་ཆེ་གེ་མོ་མཱ་ར་ཡ། མཱ་ར་ཡ། ཞག་བདུན་ཆོ་འཕྲུལ་བཅུ་བཞིས་སྲོག། མགོ་བཅད་རོ་དང་དམར་གཡོས་དང།། བུད་མེད་འོད་དང་མི་ནག་རྨིས། ། དེ་དུས་ལིངྒ་གཏོར་མ་དང།། མི་ཤ་བཅས་པའི་སྦྱིན་བསྲེག་བྱ།། འདིས་ནི་དགྲ་བོ་འཆི་བར་འགྱུར།། ཆོ་འཕྲུལ་དག་ནི་ཆེས་པ་ན།། བྱ་ནི་ངང་སེར་ཤ་ཚིལ་བསྲེག། ཡེ་ཤེས་འོད་ལྡན་རྒྱུད་ལས། དགྲ་བོ་བསད་བཟློག་གི་ལེའུ་སྟེ་ང་བདུན་པའོ།།།། དེ་ནས་ཡང་དག་བཤད་བྱ་བ།། བཅུད་ལེན་སྔགས་ཀྱིས་རྡོ་སེར་ཕབ། རང་ཉིད་ཨ་ཙ་ར་རུ་བསྒོམ།། འོད་ལྡན་ལུང་གསུམ་རྡོ་ལ་ནི། ། སྔགས་འདི་ཞག་གསུམ་བར་དུ་བསྒྲུབ།། ཨོཾ་ཨཱཿཧཱུ~ཾ། ཧ་ས་ཀྲ་མ་རི་ཕོག་ཕོག། ཧུར་ཡ་ཧུར་ཡ།། རྡོ་ཕོབ་རྡོ་ཕོབ། པྲ་མོ་རྡོ་ཧུ་ར་ཧུར།། ཧ་ར་ཏི་ཛྷ་ན་རཾ། རྡོ་ར་ཛོ་ཏཾ་ཡ་ཡ། གྲུབ་རྟགས་རང་མདུན་གསེགས་མ་སིབ་སིབ་འོང། འབེབས་དུས་འབྲུ་སྣ་ལྔ་ཉིད་ལ།། སྔགས་འདི་བརྒྱ་རྩ་ལན་གསུམ་བཟླས།། དེ་ཉིད་གནམ་དུ་གཏོར་བས་ཕེབ།། ཡེ་ཤེས་འོད་ལྡན་རྒྱུད་ལས། རྡོ་སེར་འབེབས་པའི་ལེའུ་སྟེ་ང་བརྒྱད་པའོ།།།། དེ་ནས་ཡང་དག་བཤད་བྱ་བ། ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི།། བདུད་རྩི་ཡེ་ཤེས་འོད་ལྡན་རྒྱུད།། གུས་པས་བྲིས་ལ་སྤྱི་བོར་གདགས།། མཆོག་དང་མཐུན་མོང་དངོས་གྲུབ་འབྱུང།། རྒྱུ་དང་འོད་ལྡན་མེ་ཏོག་མཐིང། ། ཕྱག་ན་རྡོ་རྗེ་ཁྱོད་ལ་གཏད།། ཐུགས་ཀྱི་རིགས་ཀྱི་བུ་ལ་སྦྱིན།། རྒྱུད་དང་འོད་ལྡན་མེ་ཏོག་དཀར།། ཐུགས་རྗེ་ཆེན་པོ་ཁྱེད་ལ་གཏད།། གསུང་གི་རིགས་ཀྱི་བུ་ལ་སྦྱིན།། རྒྱུ་དང་འོད་ལྡན་མེ་ཏོག་སེར། ། འཇམ་དཔལ་གཞོན་ནུ་ཁྱེད་ལ་གཏད།། སྐུ་ཡི་རིགས་ཀྱི་བུ་ལ་སྦྱིན།། རྒྱུ་དང་འོད་ལྡན་མེ་ཏོག་ལྔ།། མཁའ་འགྲོ་གསང་ཡུམ་ལྔ་ལ་གཏད།། མཆོག་དང་ཐུན་མོང་སྒྲུབ་ལ་བྱིན།། ཡེ་ཤེས་འོད་ལྡན་རྒྱུད་ལས། བཅང་ཞིང་གཏད་པའི་ལེའུ་སྟེ་ང་དགུ་པའོ།།།། བཅོམ་ལྡན་འདས་སངས་རྒྱས་ཀྱི་བདུད་རྩི་ཡེ་ཤེས་འོད་ལྡན་རྒྱུད་ལས། ལེའུ་ང་དགུ་པ་གསུངས་པ་ལ། ཌཱ་ཀི་སྡེ་ལྔས་བསྟོད་པ། ཨེ་མ་བཅོམ་ལྡན་བདུད་རྩིའི་རྒྱལ། ། ཨོཾ་ཨཱཿཧཱུ~ཾ། ཨོཾ་ནི་སྐུ་ཡི་སྙིང་པོ་ཡིས།། སྣང་མཛད་བཅུད་དུ་བྱིན་གྱིས་བརླབས།། ལུས་ལ་བདེ་བ་རྒྱས་པར་མཛད།། བཅོམ་ལྡན་སྐུ་ལ་ཕྱག་འཚལ་བསྟོད།། ཨོཾ་ཨཱཿཧཱུ~ཾ། ཨཱ:ནི་གསུང་གི་སྙིང་པོ་ཡིས། ། ཐོས་ཚད་གསུང་གི་བྱིན་གྱིས་བརླབས།། ངག་ལ་ནུས་པ་སྐྱེད་པར་མཛད།། བཅོམ་ལྡན་གསུང་ལ་ཕྱག་འཚལ་བསྟོད།། ཨོཾ་ཨཱ:ཧཱུ~ཾ། ཧཱུ~ཾ་ནི་ཐུགས་ཀྱི་སྙིང་པོ་ཡིས།། དྲན་ཚད་བཅུད་དུ་བྱིན་གྱིས་བརླབས། ། སེམས་ལ་རྟོགས་པ་འཆར་བར་མཛད།། བཅོམ་ལྡན་ཐུགས་ལ་ཕྱག་འཚལ་བསྟོད།། སངས་རྒྱས་ཀྱི་བདུད་རྩི་ཡེ་ཤེས་འོད་ལྡན་རྒྱུད་ལས།། ཌཱ་ཀི་སྡེ་ལྔས་སྐུ་གསུང་ཐུགས་ཀྱི་སྒོ་ནས་བསྟོད་པའི་ལེའུ་སྟེ་དྲུག་ཅུ་པ་རྫོགས་སོ། །།། སྔགས་ཀྱི་སྲུང་མས་སྲུངས་ཤིག། མཱ་ར་ཡ། འདིའི་བརྒྱུད་པ་ནི། ཨུ་རྒྱན་པདྨས། འོད་ལྡན་རྒྱུད་འདི་དང་པོ། ཁོ་མཐིང་ལྷ་ཁང་གི་རྣམ་སྣང་སྐུ་རྒྱབ་ཏུ་སྦས་སོ།། དེ་ནས་མངའ་བདག་ཉང་རལ་གྱིས་གདན་དྲངས་སོ། ། དེས་སྲས་མི་བསྐྱོད་རྡོ་རྗེ་ལ་གནང། དེས་སངས་རྒྱས་མཉམ་མེད་འོད་པོ་རལ་པ་ལ་གནང། དེས་གྲུབ་ཐོབ་མུན་སེལ་ལ་གནང། དེས་གྲུབ་ཐོབ་དྲིན་ཆེན་རིན་པོ་ཆེ་ལ་གནང། དེས་སྨན་སྟོན་ཆོས་འཕེལ་ལ་གནང། དེས་དགེ་སློང་བསོད་ནམས་གྲགས་པ་ལ་གནང་ངོ།། རྡོ་རྗེ་ཁྲོས་པས་ཞེ་སྡང་གཅོད།། མཚོན་ཆེན་སྔོན་པོ་འབར་བ་ཡིས།། ནམ་མཁའི་དཀྱིལ་ནས་ཐིགས་པ་ཤར།། སྲོག་གི་སྒོ་རུ་ཤར་བ་དང། ། སྙིང་གི་སྒོ་རུ་བསྒོམ་པར་བྱ།། སྙིང་རྗེས་བསྒྲལ་བའི་དམ་ཚིག་ནི།། གསད་ཅིང་གནན་པ་མ་ཡིན་ཏེ།། ཕུང་པོ་རྡོ་རྗེ་གཏམས་བྱས་ནས།། རྣམ་པར་ཤེས་པ་རྡོ་རྗེར་བསྒོམ།། ཨོཾ་བཛྲ་ཀཱི་ལི་ཀཱི་ལི་ཡ། སརྦ་བིགྷྣཱན་བཾ་ཧཱུ~ཾ་ཧཱུ~ཾ་ཕཊ། རྡོ་རྗེ་གཞོན་ནུ་རིག་འཛིན་རྣམས།། སྲིད་པ་རྡོ་རྗེ་གྲུབ་མཛོད་ཅིག། སྲིད་པ་རྡོ་རྗེ་ཕུར་པའི་ལྷ།། ཡེ་ཤེས་ཁྲོ་བོ་གྲུབ་པར་འཛོད།། སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ།། ངང་ཉིད་རྡོ་རྗེ་ཆོས་དབྱིངས་ལས། ། འབར་བའི་ཁྲོ་བོ་མི་བཟད་པ།། སྐུ་ཡི་དབྱིག་ཏུ་བདག་གྱུར་ཅིག། ཐབས་ཀྱི་སྤྱོད་པས་འགྲོ་དོན་དུ།། བྱམས་དང་སྙིང་རྗེས་གང་འདུལ་བ།། སངས་རྒྱས་ཕྲིན་ལས་རྫོགས་མཛད་ནས།། དབང་དང་བྱིན་བརླབས་འདིར་གསོལ་ཅིག། ཨོཾ་བཛྲ་ཀྲོ་དྷ་ཧཱུ~ཾ་ཀཱ་ར་ཧཱུ~ཾ། གརྫྫ་གརྫྫ་ཧཱུ~ཾ་ཕཊ། ཁྲོ་བོ་ཆེན་པོ་ཧཱུ~ཾ་ཀཱ་ར་དང། ཡུམ་རྡོ་རྗེ་སྒྲ་འབྱིན་མ། སྤྲུལ་པའི་ཕྲ་མེན་མ་ཕག་གི་མགོ་ཅན་དང། སྨིགས་བུའི་མགོ་ཅན་ནོ།། ཨོཾ་བཛྲ་ཀྲོ་དྷ་བི་ཛ་ཡ་ཧཱུ~ཾ། ཧ་ན་ཧ་ན་ཧཱུ~ཾ་ཕཊ། ཁྲོ་བོ་ཆེན་པོ་རྣམ་པར་རྒྱལ་བ་དང། ཡུམ་རྡོ་རྗེ་རྣམ་སྙེམས་མ། སྤྲུལ་པའི་ཕྲ་མེན་མ་སྟག་གི་མགོ་ཅན་དང། བྱ་རྒོད་ཀྱི་མགོ་ཅན་ནོ།། ཨོཾ་བཛྲ་ཀྲོ་དྷ་ནཱི་ལ་དཎྜ་ཧཱུ~ཾ། ད་ཧ་ད་ཧ་ཧཱུ~ཾ་ཕཊ། ཁྲོ་བོ་ཆེན་པོ་དབྱུག་པ་སྔོན་པོ་དང། ཡུམ་རྡོ་རྗེ་སྡེར་མོ། སྤྲུལ་པའི་ཕྲ་མེན་མ་གཡག་གི་མགོ་ཅན་དང། བྱ་རོག་གི་མགོ་ཅན་ནོ།། ཨོཾ་བཛྲ་ཀྲོ་དྷ་ཡ་མཱནྟ་ཀ་ཧཱུ~ཾ། པ་ཙ་པ་ཙ་ཧཱུ~ཾ་ཕཊ། ཁྲོ་བོ་ཆེན་པོ་གཤིན་རྗེ་གཤེད་པོ་དང། ཡུམ་དུར་ཁྲོད་ཀྱི་བདག་མོ། སྤྲུལ་པའི་ཕྲན་མེན་མ་ཤ་བའི་མགོ་ཅན་དང། འུག་པའི་མགོ་ཅན་ནོ།། ཨོཾ་བཛྲ་ཀྲོ་དྷ་ཨཱརྱ་ཨ་ཙ་ལ་ཧཱུ~ཾ། བནྡྷ་བནྡྷ་ཧཱུ~ཾ་ཕཊ། ཁྲོ་བོ་ཆེན་པོ་མི་གཡོ་མགོན་པོ་དང། ཡུམ་རྡོ་རྗེ་གཏུན་ཁུང་མ། སྤྲུལ་པའི་ཕྲ་མེན་མ་གཟིག་གི་མགོ་ཅན་དང། ཁྭའི་མགོ་ཅན་ནོ།། ཨོཾ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་བ་ཧཱུ~ཾ། ཧུ་ལུ་ཧུ་ལུ་ཧཱུ~ཾ་ཕཊ། ཁྲོ་བོ་ཆེན་པོ་རྟ་མགྲིན་དང། ཡུམ་རྡོ་རྗེ་གཏུམ་མོ། སྤྲུལ་པའི་ཕྲ་མེན་མ་བྱི་ལའི་མགོ་ཅན་དང། པུ་ཤུད་ཀྱི་མགོ་ཅན་ནོ།། ཨོཾ་བཛྲ་ཀྲོ་དྷ་ཨ་པ་རཱ་ཛི་ཏ་ཧཱུ~ཾ། ཏིཥྛ་ཏིཥྛ་ཧཱུ~ཾ་ཕཊ། ཁྲོ་བོ་ཆེན་པོ་དཔལ་ལྡན་གཞན་གྱིས་མི་ཐུབ་པ་དང། ཡུམ་རྡོ་རྗེ་མདའ་སྙེམས་མ། སྤྲུལ་པའི་ཕྲ་མེན་མ་སྤྱང་ཀིའི་མགོ་ཅན་དང། ཁྲའི་མགོ་ཅན་ནོ།། ཨོཾ་བཛྲ་ཀྲོ་དྷ་ཨ་མྲྀ་ཏ་ཀུཎྜ་ལི་ཧཱུ~ཾ། ཚིནྡྷ་ཚིནྡྷ་ཧཱུ~ཾ་ཕཊ། ཁྲོ་བོ་ཆེན་པོ་བདུད་རྩི་འཁྱིལ་པ་དང། ཡུམ་རྡོ་རྗེ་རླུང་འབྱིན་མ། སྤྲུལ་པའི་ཕྲ་མེན་མ་སེང་གེའི་མགོ་ཅན་དང། ཕ་ཝང་གི་མགོ་ཅན་ནོ།། ཨོཾ་བཛྲ་ཀྲོ་དྷ་ཏྲཻ་ལོ་ཀྱ་བི་ཛ་ཡ་ཧཱུ~ཾ། བིནྡྷ་བིནྡྷ་ཧཱུ~ཾ་ཕཊ། ཁྲོ་བོ་ཆེན་པོ་ཁམས་སུམ་རྣམ་པར་རྒྱལ་བ་དང། ཡུམ་རྡོ་རྗེ་གསོད་བྱེད་མ། སྤྲུལ་པའི་ཕྲ་མེན་མ་དྲེད་ཀྱི་མགོ་ཅན་དང། ཟེར་མོའི་མགོ་ཅན་ནོ། ། ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ་ཧཱུ~ཾ། སྥོ་ཊ་སྥོ་ཊ་ཧཱུ~ཾ་ཕཊ། ཁྲོ་བོ་ཆེན་པོ་སྟོབས་པོ་ཆེ་དང། ཡུམ་རྡོ་རྗེ་བསྐྱོད་བྱེད་མ། སྤྲུལ་པའི་ཕྲ་མེན་མ་དྲེད་ཀྱི་མགོ་ཅན་དང། བྱི་བའི་མགོ་ཅན་ལ་སོགས་པ་རྣམས་ཀྱིས་གཏམས་པའོ། ། སྲིད་པའི་ཕུར་བུ་བསྒྲུབ་པ་དང།། དབང་དང་དངོས་གྲུབ་བླང་བའི་ཕྱིར།། ཡེ་ཤེས་ཁྲོ་བོ་གཤེགས་སུ་གསོལ།། ཁྲོ་བོ་ཆེན་པོ་གཤེགས་ནས་ཀྱང།། རྟགས་དང་མཚན་མ་བསྟན་པ་དང།། ཀཱི་ལ་ཡ་ཡི་དངོས་གྲུབ་གསོལ། ། དམ་ཚིག་ཆེན་པོའི་དུས་ལ་བབ།། སྤྲུལ་པ་ཆེན་པོའི་དུས་ལ་བབ།། ཕྱག་བརྙན་ཆེན་པོའི་དུས་ལ་བབ།། ཤྭ་ན་མུ་ཁའི་དུས་ལ་བབ།། བདག་ཉིད་ཆེན་པོའི་དུས་ལ་བབ།། ཁྱེད་ཀྱི་ཕྲིན་ལས་དུས་ལ་བབ། ། ས་བདག་ཆེན་མོའི་དུས་ལ་བབ།། མཐུ་རྩལ་དབྱུང་བའི་དུས་ལ་བབ།། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང།། དུས་གསུམ་རྒྱལ་བའི་གདུང་འཚོབ་པ།། རིག་འཛིན་བདག་ཅག་རྣམས་ལ་ནི།། གནོད་ཅིང་གདུག་པའི་དགྲ་དང་བགེགས། ། བདུད་དང་བར་དུ་གཅོད་པ་རྣམས།། ཁྲོ་བོ་ཆེན་པོའི་བྱིན་བརླབས་ཀྱིས།། ཡུད་ཙམ་གྱིས་ནི་འདིར་བཀུག་ནས།། མངོན་སྤྱོད་ཚུལ་བཞིན་བསྒྲལ་བ་དང།། ལུས་ངག་རྡུལ་དུ་བཤིག་ནས་ཀྱང། ། སྡུག་བསྔལ་ཉམས་སུ་མྱོང་བར་མཛོད།། ཨོཾ་ལཾ་ཧཱུ~ཾ་ལཾ། སྟཾ་བྷ་ཡ་ནན། མོ་ཧ་ག་ཡ་བྷ་ག་བཱན། ཤི་ཀྲི་བི་ཀྲི། ཤྲཱི་བཛྲ་ཧཱུ~ཾ་ཀཱ་ར་ཧཱུ~ཾ་ཧཱུ~ཾ་ཕཊ་ཕཊ། བཛྲ་ཀཱི་ལི་ཀཱི་ལི་ཡ། ཛཿཧཱུ~ཾ་བཾ་ཧོཿ། སརྦ་བི་གྷྣཱན། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུ~ཾ་ཧཱུ~ཾ་ཕཊ་ཕཊ། བཛྲ་ཧཱུ~ཾ་ཀཱ་ར་ཧཱུ~ཾ་ཕཊ། ཧཱུ~ཾ་ཀཱ་ར་ཧཱུ~ཾ་ཨཱཿ། དངོས་གྲུབ་བར་ཆད་བྱེད་པའི་བགེགས།། གདུག་ཅིང་སྡང་སེམས་ལྡན་པ་རྣམས།། ཟུང་ཞིག་རྒྱོབ་ཅིག་རྣམ་པར་ཆིངས།། གཏོགས་ཤིག་གྲོགས་དང་བྲལ་བར་གྱིས། ། རེངས་པར་ཁུག་ལ་སྨྲར་ཆུག་ཅིག། ཕོབ་ཅིག་རྣམ་པར་གཟིར་བར་གྱིས།། ང་ཡི་དབང་དུ་གྱུར་ནས་ཀྱང།། བསྒོ་བའི་བཀའ་རྣམས་ཉན་པར་གྱིས།། ཧཱུ~ཾ་པ་ར་བི་དྷྭ་ན་ཧཱུ~ཾ་ཕཊ། ཚིནྡྷ་ཚིནྡྷ་ཧཱུ~ཾ་ཕཊ། བིནྡྷ་བིནྡྷ་ཧཱུ~ཾ་ཕཊ། གྲྀཧྞ་གྲྀཧྞ་ཧཱུ~ཾ་ཕཊ། ཧ་ན་ཧ་ན་ཧཱུ~ཾ་ཕཊ། བནྡྷ་བནྡྷ་ཧཱུ~ཾ་ཕཊ། ཏ་ཐཱ་ཡ་ཏ་ཐཱ་ཡ་ཧཱུ~ཾ་ཕཊ། ཧ་ས་ཡ། ར་ན་ཧ་ཏ་ན་ཧཱུ~ཾ་ཕཊ། ཤི་ཀྲིན་ཨ་ན་ཡ་ཧཱུ~ཾ་ཕཊ། ཛྭ་ལཱ་པ་ཡ་ཛྭ་ལཱ་པ་ཡ་ཧཱུ~ཾ་ཕཊ། ཨཱ་བེ་ཤ་ཡ་ཨཱ་བེ་ཤ་ཡ་ཧཱུ~ཾ་ཕཊ། བིདྡྷ་ཡ་བིདྡྷ་ཡ་ཧཱུ~ཾ་ཕཊ། བྲན་དང་ཕོ་ཉ་བཀའ་ཉན་ཚོགས།། ཁྱོད་ཀྱི་དམ་ཚིག་དུས་ལ་བབ།། སྔོན་ཆད་ཇི་བཞིན་དམ་བཅས་པའི།། མངོན་སྤྱོད་ཕྲིན་ལས་མྱུར་དུ་མཛོད།། ཧ་ན་ཧ་ན་བཛྲ། ད་ཧ་ད་ཧ་བཛྲ། པ་ཙ་པ་ཙ་བཛྲ། མ་ཐ་མ་ཐ་བཛྲ། ཛྭ་ལ་ཛྭ་ལ་བཛྲ། སུ་རུ་སུ་རུ་བཛྲ། མུ་རུ་མུ་རུ་བཛྲ། ཀ་ཏང་ཀ་ཡེ། ཛ་ཡེ་བི་ཛ་ཡེ་ཡ། ཨ་ཛི་ཏེ་ཨ་པ་རཱ་ཛི་ཏ་ཡ། མ་ར་སཻ་ནྱི་པྲ་མརྡ་ནཱ་ཡ་ཧཱུ~ཾ་ཕཊ། རྡོ་རྗེ་གསང་བའི་བཀའ་ལས་ནི། ། སྡིག་ཅན་གང་ཞིག་འདའ་བྱེད་པ།། སྟོབས་ཆེན་ཁྲོ་བོ་ཆེན་པོ་ཡིས།། ཀླད་པ་ཚལ་པ་བརྒྱ་རུ་ཁོས།། ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས།། ང་ཡི་བཀའ་ལས་འདའ་མ་བྱེད།། ཧཱུ~ཾ་མ་མ་པ་ཤི་ཀུ་རུ། མ་ཐ་མ།། ཉཡ་ཀ་ར། ཨི་ནན་ད་སྟི། མ་མ་ཀརྨ་ཤྲི་ཀྲང་ཀ་ར་ཡ། གདུག་ཅིང་སྡང་སེམས་ལྡན་པ་ཡི།། ལྷའམ་འོན་ཏེ་བདུད་ཀྱང་རུང།། ང་ལ་བར་ཆད་བྱེད་པ་རྣམས།། མཐུ་དང་རྫུ་འཕྲུལ་མེད་པར་བྱོས། ། སརྦ་ཨཱ་ན་ཡ་ཧཱུ~ཾ་ཕཊ། ཏ་ཐཱ་ཡ་ཏ་ཐཱ་ཡ་ཧཱུ~ཾ་ཕཊ། རྡུངས་ཤིག་རྡོ་རྗེ་འབར་བའི་གཏུན།། བཀའ་ལས་འདའ་བྱེད་སྡིག་ཅན་རྣམས།། རྡོ་རྗེ་མེ་དབལ་སྙིང་སྲེགས་ནས།། ལུས་ངག་རྡུལ་ཕྲན་བཞིན་དུ་རློགས།། ཁྲོ་མོ་འབར་བའི་གཏུན་ཁུང་དུ། ། རྡོ་རྗེ་ཐོ་བས་བརྡུངས་བྱས་ནས།། ལྷ་ཡང་རུང་སྟེ་བསྒྲལ་བར་བྱ། ཁ་ཐམ། ཁ་ཐམ། ཁ་ཐམ། ཧཱུ~ཾ་ཧཱུ~ཾ་ཧཱུ~ཾ། ཕཊ་ཕཊ་ཕཊ། བཛྲ་ཡཀྵ་ཀྲོ་དྷ་ཁཱ་ཧི། ཁཱ་ཧི། ཁཱ་ཧི། ཧི་ཧི་ཧི། ཧ་ཧ་ཧ། ཧཱུ~ཾ་ཧཱུ~ཾ་ཧཱུ~ཾ། ཕཊ་ཕཊ་ཕཊ། ཆོས་ཉིད་ཀྱི་བདེན་པའོ།། གསང་སྔགས་ཀྱི་བྱིན་གྱིས་བརླབས་སོ།། སངས་རྒྱས་ཀྱི་མཐུའོ། ཨ་བྷི་ཙཨཱརྱའི་དུས་ལ་བབ་པའི་བརྣག་པ་དེ་ཁོ་ན་ལའོ།། ཀཱི་ལི་ཀཱི་ལ་ཡ་ཉི་ཤུ་རྩ་གཅིག་བཟླས། ། བཅཝ་བརྒྱད། དཀར་ནག་གི་མཚམས་སུའོ།། ཧཱུ~ཾ་ཧཱུ~ཾ།། ཕཊ་ཕཊ། ཙམ་བཟླས་སོ།། རྫོགས་སོ།།།།
CLOSE WINDOW