Wylie |
། ཆག་ཉམས་ཕམ་ལྟུང་འཕྲོ་བསབས་ནས།། ཡུན་གྱི་སྒྲིབ་པ་བྱང་གྱུར་ཅིག། སྦྱིན་སྲེག་ལས་ཀྱི་ལེའུ་ལས།། རྫས་ཀྱི་སྦྱིན་སྲེག་གི་ལེའུ་སྟེ་ཐ་མའོ།།།། དེ་ནས་སྦྱིན་སྲེག་བྱ་བ་ནི། ཤ་ཁྲག་བསྲེགས་པའི་མཆོད་པ་འདིས།། དུར་ཁྲོད་འབར་བའི་དཀྱིལ་འཁོར་དུ།། ཁྲོ་མཆོག་རྒྱལ་པོ་སྤྱན་དྲངས་ཏེ།། སྔོན་གྱི་སྒྲིབ་པ་སྦྱང་བའི་ཕྱིར།། ཕྲིན་ལས་རྣམ་བཞིར་མངའ་གསོལ་གྱིས།། ལས་ཀྱི་འབྲས་བུ་མཆིས་པར་མཛོད། ། སྲན་ཆེན་བསྲེགས་པའི་མཆོད་པ་འདིས། ཕྲ་མེན་ཚོགས་དང་དབང་ཕྱུག་འཁོར།། ཕོ་ཉ་དྲུག་ཅུ་ཕྱག་རྒྱའི་ཚོགས།། ཐུགས་དམ་ཡོངས་སུ་བསྐངས་གྱུར་ནས།། ཕྲིན་ལས་རྣམ་བཞིའི་དབང་བྱིན་ནས། ། ལས་ཀྱི་འབྲས་བུ་མཆིས་པར་མཛོད། ལྕགས་ཕྱེ་བསྲེགས་པའི་མཆོད་པ་འདིས།། ལྷ་སྲིན་སྡེ་བརྒྱད་གནས་སུ་རྣམས།། གནོད་ཅིང་འདུལ་བའི་རྐྱེན་བྱེད་རྣམས།། རྡོ་རྗེ་ལྕགས་ཀྱུའི་འཕྲོ་འདུ་འདིས།། གདུག་པའི་ལུས་ངག་རྒྱུད་བརླགས་ནས། ། བྱང་ཆུབ་ཀློང་དུ་བསྒྲལ་བྱས་ནས།། ཁྲོ་ཚོགས་འབར་བའི་ཞལ་དུ་བསྟབ།། རྡོ་ཕྱེ་བསྲེགས་པའི་མཆོད་པ་འདིས།། དམ་འདས་སྲི་དང་ལས་ངན་བགེགས།། གཏུམ་ཆེན་འབར་བའི་དཀྱིལ་འཁོར་དུ། ། མགྱོགས་པའི་ཚོགས་རྣམས་བསྡུས་བྱས་ནས།། རྡོ་ཕྱེས་ཕྱེ་མར་བརླག་བྱས་ནས།། གྲུ་གསུམ་མཐིང་ནག་དཀྱིལ་འཁོར་དུ།། འབར་བའི་ཚོགས་རྣམས་ཞལ་དུ་བསྟབ།། ཚྭ་དང་རཱ་སྙིང་བསྲེགས་པ་ཡིས། ། དུག་གསུམ་ལས་ཀྱི་རྣམ་སྨིན་གྱིས།། ངན་སོང་གསུམ་གྱི་འབྲས་བུར་སྨིན།། ཕྲ་མེན་རྒྱ་མཚོའི་མཚོན་ཆ་འདིས།། འཁོར་བའི་རྒྱུ་ལྔ་བརླག་པའི་ཕྱིར།། རང་རྒྱུད་རླག་པའི་མཚོན་ཆ་འདིས། ། ཙིཏྟའི་དཀྱིལ་ནས་དྲངས་བྱས་ནས།། གྲུ་གསུམ་མཐིང་ནག་དཀྱིལ་འཁོར་དུ།། ཐབས་ཀྱི་ཕྱག་རྒྱས་དྲངས་ནས་སུ།། རྔམས་པའི་ཚོགས་ཀྱི་ཞལ་དུ་བསྟབ།། སྐེ་ཚེ་བསྲེག་པའི་མཆོད་པ་འདིས།། ཕུང་པོ་ཁམས་དང་སྐྱེ་མཆེད་དང། ། རྣམ་ཤེས་སེམས་ཀྱི་དཀྱིལ་འཁོར་དུ།། དམ་ཚིག་ལས་ཀྱི་ཕམ་ལྟུང་གིས།། སྲིད་པའི་དམ་དྲལ་སྡིག་བྱེད་རྣམས།། གཤིན་རྗེ་གདུག་པའི་འཁོར་བཅས་རྣམས།། གྲུ་གསུམ་མཐིང་ནག་དཀྱིལ་འཁོར་དུ། ། ཐབས་ཀྱི་ཕྱག་རྒྱས་བསྒྲལ་བྱས་ནས།། རཀྴའི་ཚོགས་ཀྱི་ཞལ་དུ་སྟོབ།། ལྡོང་རོས་བསྲེགས་པའི་མཆོད་པ་འདིས།། བདག་དང་དེང་གི་ཡོན་བདག་ལ།། མཐོ་རིས་སྲི་དང་འབྱུང་པོའི་གདོན། ། རྣལ་འབྱོར་དམ་སྲི་དམ་བདུད་དང།། ལས་ཀྱི་ཉེས་བྱས་ཕམ་ལྟུང་རྣམས།། རྡོ་རྗེ་གཤོག་པའི་ཕྱག་རྒྱ་དང།། མཆེ་བ་སྡེར་མོ་ཟང་ཡག་འདིས།། དཀར་ནག་མཚམས་ནས་དྲངས་བྱས་ནས།། ལས་ངན་གདུག་པ་བརླག་པ་ནི། ། མཐིང་ནག་འབར་བའི་དཀྱིལ་འཁོར་དུ།། ཕྲ་མེན་རྒྱ་མཚོ་སྤྱན་དྲངས་ནས།། ངན་སོང་རྒྱུད་ལྔ་བརླག་པའི་ཕྱིར།། ཨ་ཛ་ལི་ཡི་དྭོགས་པ་ལྟར།། ས་བདག་ཆེན་པོའི་ཞལ་དུ་བསྟབ།། ཁྲོ་བོའི་སྦྱིན་སྲེག་གི་ལེའུ་སྟེ་དང་པོའོ། །།། དེ་ནས་འདི་སྐད་དུ།། ང་ནི་སྔགས་མཁན་རྒྱལ་པོ་སྟེ།། ཁམས་གསུམ་ཐུགས་རྗེ་དཔལ་གྱི་ཞིང།། ང་ནི་ཕྱག་རྒྱ་ཆེན་པོ་སྟེ།། རྒྱལ་བ་རིགས་ཀྱི་ཐུགས་དམ་ཡིན།། ང་ནི་སྨན་པའི་རྒྱལ་པོ་སྟེ། ། ཐུགས་རྗེ་དབང་གི་དཀྱིལ་འཁོར་དུ།། ཡེ་ཤེས་འབར་བའི་མེ་བྱུང་བས།། སྲིད་པའི་རྩེ་མོ་མན་ཆད་ནས།། དམྱལ་ཁམས་གནས་རིས་ཡན་ཆད་དུ།། དཀོན་མཆོག་གསུམ་དང་བྱང་ཆུབ་སེམས། ། འཇིག་རྟེན་ལྷ་དང་སྲིད་པའི་དཔལ།། གནས་རིས་ཀླུ་དང་དུག་རིས་སྨན།། ལྷ་སྲིན་སྡེ་བཅུའི་གནས་རིས་སུ།། མེ་ལྕེ་མཚོན་གྱིས་སྨས་པ་རྣམས།། ཐུགས་རྗེ་དབང་གི་དཀྱིལ་འཁོར་དུ།། གསང་སྔགས་ཐབས་ཀྱི་ཕྱག་རྒྱ་ཡིས། ། བདུད་རྩི་སྨན་གྱིས་གསོ་བར་བྱ།། དེ་ཕྱིར་སྨན་པའི་རྒྱལ་པོ་སྟེ།། སྐྱེས་མཆོག་ང་ཡི་ལས་བྱས་ནས།། བགེགས་ཀྱང་བཏུལ་ནས་བྱང་ཆུབ་སེམས།། དུག་ཀྱང་སྦྱངས་ནས་སྨན་གྱི་མཆོག། སྨན་དུ་མ་གྱུར་གང་ཡང་མེད།། མེ་ལྕེས་སྨས་པ་གསོས་པར་ཤོག། དབལ་གྱིས་ཚིག་པ་གསོས་པར་བྱེད།། དེ་ནས་མེ་ལྷ་སླར་གཤེགས་སུ་གསོལ་བ་ནི།། མེ་ལྷ་ཨགྣེ་སྦྱིན་སྲེག་ལྟ།། ཁྱོད་ཀྱིས་སེམས་ཅན་ཀུན་གྱི་དོན། ། ཚུལ་བཞིན་དུ་ནི་མཛད་ལགས་ཀྱིས།། སངས་རྒྱས་ཡུལ་དུ་གཤེགས་སུ་གསོལ།། གཙྪ་མུ། ཞེས་ཤར་ལྷོ་མཚམས་སུ་གཤེགས་སུ་གསོལ།། ཁྲོ་བོའི་སྦྱིན་སྲེག་ལས་ཀྱི་ལེའུ་ལས།། མེ་ལྕེ་མཚོན་གྱིས་ཚིག་པ་གསོ་བ་དང། ། ལས་ཀྱི་ཕམ་ལྟུང་བསལ་བ་དང།། མེ་ལྷ་གཤེགས་སུ་གསོལ་བའི་ལེའུ་སྟེ་ཐ་མའོ།།།། དེ་ནས་ཁྲོ་བོའི་ལས་བྱ་བའི་ཕྱིར། ཁྲོ་བོ་ཀི་ལི་ཀི་ལིའི་ཕྱག་རྒྱས་མེ་སྦྱང་བ་ནི།
CLOSE WINDOW