བདེར་གཤེགས་དགོངས་འདུས་ཡི་དམ་མཆོག་ལྔའི་འཕྲིན་ལས་ཕུར་པ་ཡང་ཕྱུང་ནག་པོའི་བསྙེན་སྒྲུབ་ལས་གསུམ་གྱི་ལག་ལེན་མེ་ཡི་ཕྲེང་བ bder gshegs dgongs 'dus yi dam mchog lnga'i 'phrin las phur pa yang phyung nag po'i bsnyen sgrub las gsum gyi lag len me yi phreng ba
བདེར་གཤེགས་དགོངས་འདུས་ཡི་དམ་མཆོག་ལྔའི་འཕྲིན་ལས་ཕུར་པ་ཡང་ཕྱུང་ནག་པོའི་བསྙེན་སྒྲུབ་ལས་གསུམ་གྱི་ལག་ལེན་མེ་ཡི་ཕྲེང་བ bder gshegs dgongs 'dus yi dam mchog lnga'i 'phrin las phur pa yang phyung nag po'i bsnyen sgrub las gsum gyi lag len me yi phreng ba Bkt
Bkt280.1
བདེར་གཤེགས་དགོངས་འདུས་ཡི་དམ་མཆོག་ལྔའི་འཕྲིན་ལས་ཕུར་པ་ཡང་ཕྱུང་ནག་པོའི་བསྙེན་སྒྲུབ་ལས་གསུམ་གྱི་ལག་ལེན་མེ་ཡི་ཕྲེང་བ bder gshegs dgongs 'dus yi dam mchog lnga'i 'phrin las phur pa yang phyung nag po'i bsnyen sgrub las gsum gyi lag len me yi phreng ba
Location
set MW30498: volume bder gshegs spyi spungs gsang ba thugs kyi brnag pa - folios 1a1-29a6
Colophon ཅེས་པས་འདི་ཡང་དབལ་བདུད་འདུལ་བླ་ཆེན་དྲན་པ་ནམ་མཁའི་འཕྲིན་ལས་ཀྱི་འགྲོ་འདུལ་མངོན་པར་རོལ་པའི་རྒྱུད་ལུང་དུ་མར་གྲགས་ཅིང*། སྙིགས་དུས་བསྟན་འགྲོའི་གདུལ་བྱ་འདུལ་བ་དུས་ལ་བབས་ནས་སྐྱེས་ཆེན་སྤྲུལ་པའི་རྣམ་རོལ་མང་པོའི་བཀའ་དགོངས་ཕུར་གསུམ་གཙོ་བའི་གསང་བའི་བོན་སྡེ་བཅུ་གསུམ་རེ་རེ་བཞིན་ཆད་མཐུད་ཁ་བསྐང་བཤད་སྒྲུབ་འཆད་སྤེལ་རྒྱ་ཆེ་རྒྱུན་སྐྱོང་འབྱུང་བའི་ལུང་དང་བཀའ་ནན་ཡང་ནས་ཡང་དུ་བརྟེན་དང་དངོས་རྫས་གྱ་ནོམ་མཚམས་སྦྱར་བ་སོགས་བློ་ལ་གཅགས་ཏེ། ཁྱད་པར་མོས་སློབ་སྦྱིན་བདག་མང་པོས་ཆེད་བསྐུལ་གྱིས་དྲུང་དང་སྐབས་སུ་བབས་པའི་རྟེན་འབྲེལ་མ་བསྒྲིགས་ལྷུན་གྲུབ་དུ་བྱུང་བར་བརྟེན། ཕུར་བ་ཡང་ཕྱུང་ནག་པོའི་ལག་ལེན་མེ་ཡི་ཕྲེང་བ་ཞེས་བྱ་བ་འདི་ནི་བོན་ཆེན་ས་ཡི་ཐིག་ལེ་སྤུ་རྒྱལ་གནས་ཀྱི་ནུབ་ཕྱོགས་ཇི་གྷིར་ཧོར་གྱི་ཐ་གྲུར་ཨ་ལུང་བསམ་འགྲུབ་རྒྱལ་ཁབ་ཀྱི་ཉེ་ཆར་ཨ་བསྡོམ་བྱེའུ་ཁྱིམ་བདག་མགར་གྱི་གནས་མལ་ནས་རིག་འཛིན་གར་དབང་བདེ་ཆེན་སྙིང་པོའམ། རིག་འཛིན་ཚེ་དབང་འགྱུར་མེད་ཅེས་པདྨ་བདུད་འདུལ་རྩལ་ཞེས་ཕྱི་ནང་གསང་བའི་མཚན་ལུང་དུ་མར་གྲགས་པའི་རིགས་སྔགས་འཆང་བ་དེའི་བག་མེད་ལོ་ཡི་ངེས་བསྲེགས་མཆུ་ཟླའི་ཉིན་གྱི་དཔལ་དུ་བགྱིས་པས་རྒྱལ་བསྟན་རིང་ལུགས་སྲིད་མཐར་ཁྱབ་པའི་རྒྱུ་རུ་གྱུར་ཅིག་གི་སྨོན་པ་དང་བཅས། བཀའ་ཡི་ཚིག་གིས་རི་མོའི་དང་པོ་རིག་སྲས་པདྨ་འཕྲིན་ལས་ཀྱིས་ཤེས་རབ་གེ་སར་རྒྱས་ཤིང་དད་གུས་ཟེའུ་འབྲུའི་བཅུད་ལ་རོལ་ཏེ་ལྷག་བསམ་དྲི་ངད་ཀྱིས་ཕྱོགས་ཀུན་ཁྱབ་པའི་བདེན་ཚིག་ཟབ་མོས་བསྐྲུན་ཏེ། ལྡེབ་ཐོག་ཏུ་མོས་སློབ་ཀྱི་བཙུན་པ་བསླབ་གསུམ་སྡོམ་ལྡན་ཚུལ་ཁྲིམས་ངག་དབང་གིས་ངེས་ཤེས་སྤྱི་བོར་བླངས་སྟེ་བགྱྀས་པ། སརྦ་ལོ་ཀ་ཐ་ཚན་མུ་ཙུག་སྨར་རོ།། ces pas 'di yang dbal bdud 'dul bla chen dran pa nam mkha'i 'phrin las kyi 'gro 'dul mngon par rol pa'i rgyud lung du mar grags cing*/ snyigs dus bstan 'gro'i gdul bya 'dul ba dus la babs nas skyes chen sprul pa'i rnam rol mang po'i bka' dgongs phur gsum gtso ba'i gsang ba'i bon sde bcu gsum re re bzhin chad mthud kha bskang bshad sgrub 'chad spel rgya che rgyun skyong 'byung ba'i lung dang bka' nan yang nas yang du brten dang dngos rdzas gya nom mtshams sbyar ba sogs blo la gcags te/ khyad par mos slob sbyin bdag mang pos ched bskul gyis drung dang skabs su babs pa'i rten 'brel ma bsgrigs lhun grub du byung bar brten/ phur ba yang phyung nag po'i lag len me yi phreng ba zhes bya ba 'di ni bon chen sa yi thig le spu rgyal gnas kyi nub phyogs ji g+hir hor gyi tha grur a lung bsam 'grub rgyal khab kyi nye char a bsdom bye'u khyim bdag mgar gyi gnas mal nas rig 'dzin gar dbang bde chen snying po'am/ rig 'dzin tshe dbang 'gyur med ces pad+ma bdud 'dul rtsal zhes phyi nang gsang ba'i mtshan lung du mar grags pa'i rigs sngags 'chang ba de'i bag med lo yi nges bsregs mchu zla'i nyin gyi dpal du bgyis pas rgyal bstan ring lugs srid mthar khyab pa'i rgyu ru gyur cig gi smon pa dang bcas/ bka' yi tshig gis ri mo'i dang po rig sras pad+ma 'phrin las kyis shes rab ge sar rgyas shing dad gus ze'u 'bru'i bcud la rol te lhag bsam dri ngad kyis phyogs kun khyab pa'i bden tshig zab mos bskrun te/ ldeb thog tu mos slob kyi btsun pa bslab gsum sdom ldan tshul khrims ngag dbang gis nges shes spyi bor blangs ste bgy-is pa/ sarba lo ka tha tshan mu tsug smar ro//