Colophon དེ་ལྟར་རྨི་ལམ་འཁྲུལ་སྣང་འདི། དཀར་ཆག་ཡི་གེར་བཏབ་པ་ཡང་། མཁའ་འགྲོ་གཉེན་ལ་བཟོད་པར་གསོལ། འདི་བྲིས་དགེ་བའི་རྩ་བ་འདིས། ནམ་མཁས་ཁྱབ་ཚད་སེམས་ཅན་རྣམས། ཨུ་རྒྱན་དག་པའི་གནས་མཆོག་ཏུ། བརྫུས་ཏེ་སྐྱེ་བ་བླང་གྱུར་ནས། གསང་སྤྱོད་རིག་འཛིན་ས་ཐོབ་ནས། འགྲོ་བ་ཐར་པར་དྲོང་པར་ཤོགས(ཤོག)བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་དུ་ཤོག། de ltar rmi lam 'khrul snang 'di/ dkar chag yi ger btab pa yang / mkha' 'gro gnyen la bzod par gsol/ 'di bris dge ba'i rtsa ba 'dis/ nam mkhas khyab tshad sems can rnams/ u rgyan dag pa'i gnas mchog tu/ brdzus te skye ba blang gyur nas/ gsang spyod rig 'dzin sa thob nas/ 'gro ba thar par drong par shogs(shog)bkra shis dpal 'bar 'dzam gling rgyan du shog/