Colophon དེ་ལྟར་རྨི་ལམ་འཁྲུལ་སྣང་འདི། དཀར་ཆག་ཡི་གེར་བཏབ་པ་འདི། མཁའ་འགྲོ་གཉེན་ལ་བཟོད་པར་གསོལ། འདི་བྲིས་དགེ་བའི་རྩ་བ་དེས། བདག་དང་བདག་ལ་འབྲེལ་བ་པའི། བདག་གི་ཕ་མས་ཐོག་དྲངས་ནས། ནམ་མཁའི་ཁྱབ་པའི་འགྲོ་བ་རྣམས། སྒྲིབ་གཉིས་བྱང་ནས་ཚོགས་གཉིས་རྫོགས། ཕྱི་མ་འོལ་མོ་ལུང་རིང་དུ། རྒྱུན་ཞུགས་འགྲོ་དོན་བྱེད་པར་ཤོག་ཁ་བ་ཅན་ལྗོངས་བོད་ཀྱི་ཡུལ། འཕྲུལ་ངག་བདེན་པའི་གཡུང་དྲུང་བོན། བསྟན་པ་མི་ནུབ་དར་རྒྱས་ནས། ནམ་མཁའ་ཅི་བཞིན་བཀྲ་ཤིས་ཤོག་ཨུ་ཡ་གཉན་ནོ། དེ་ལྟར་རྟེན་གསུམ་ཡོན་ཏན་འདི། མཁའ་འགྲོ་ཉི་མ་འོད་ལྡན་མས་དབྲ་བཙུན་མུ་ལ་རད་ན་ལ་བརྒྱུད་པའོ།། de ltar rmi lam 'khrul snang 'di/ dkar chag yi ger btab pa 'di/ mkha' 'gro gnyen la bzod par gsol/ 'di bris dge ba'i rtsa ba des/ bdag dang bdag la 'brel ba pa'i/ bdag gi pha mas thog drangs nas/ nam mkha'i khyab pa'i 'gro ba rnams/ sgrib gnyis byang nas tshogs gnyis rdzogs/ phyi ma 'ol mo lung ring du/ rgyun zhugs 'gro don byed par shog kha ba can ljongs bod kyi yul/ 'phrul ngag bden pa'i g.yung drung bon/ bstan pa mi nub dar rgyas nas/ nam mkha' ci bzhin bkra shis shog u ya gnyan no/ de ltar rten gsum yon tan 'di/ mkha' 'gro nyi ma 'od ldan mas dbra btsun mu la rad na la brgyud pa'o//