སྙན་ངག་རྒྱན་གསུམ་གསལ་བའི་མེ་ལོང་གི་འགྲེལ་པ་དཔྱོད་ལྡན་དགའ་བའི་སྙིང་ནོར snyan ngag rgyan gsum gsal ba'i me long gi 'grel pa dpyod ldan dga' ba'i snying nor
སྙན་ངག་རྒྱན་གསུམ་གསལ་བའི་མེ་ལོང་གི་འགྲེལ་པ་དཔྱོད་ལྡན་དགའ་བའི་སྙིང་ནོར snyan ngag rgyan gsum gsal ba'i me long gi 'grel pa dpyod ldan dga' ba'i snying nor Bkt
Bkt162.1
སྙན་ངག་རྒྱན་གསུམ་གསལ་བའི་མེ་ལོང་གི་འགྲེལ་པ་དཔྱོད་ལྡན་དགའ་བའི་སྙིང་ནོར snyan ngag rgyan gsum gsal ba'i me long gi 'grel pa dpyod ldan dga' ba'i snying nor
Location
set MW30498: volume snyan ngag rgyud dang 'thor bu - folios 1a1-161a4
Colophon དེ་ལྟར་མཁས་པ་ཐམས་ཅད་ཀྱི་དགའ་སྟོན་བླ་ན་མེད་པ་སྙན་ངག་མེ་ལོང་གི་འགྲེལ་པ་དཔྱོད་ལྡན་དགའ་བའི་སྙིང་ནོར་འདི་ནི། ས་ཡི་བརྒྱའ་བྱིན་བསྟན་འཛིན་བོན་གྱི་རྒྱལ་པོ་དགེ་བཤེས་ཙའི་གདུང་ལས་སོན་པའི་དབོན་པོ་རིན་ཆེན་དཔལ་བཟང་པོས་བཀའ་ཡིས་བསྐུལ་བ་དང་། གཞན་ཡང་རང་གི་གམ་དུ་ཉེ་བར་བཅར་ཞིང་རིག་གནས་འདི་ཡི་ཕྱོགས་ལ་མོས་ཤིང་ལྗགས་ཀྱི་དབང་པོ་རིང་དུ་རྐྱང་(བརྐྱང)་འདོད་པ་འགའི་ཐུགས་བཞེད་དང་། གཙང་གཤེན་སྙན་ངག་མཁན་པོའི་བརྒྱུད་པའི་སྲོལ་བཟུང་ཞིང་རྒྱལ་བའི་བསྟན་པ་རིན་པོ་ཆེ་མཛེས་པའི་ཆེད་དུ། ཁོ་བོ་ཀུན་གྲོལ་གྲགས་པ་འཇའ་ཚོན་སྙིང་པོ་ཅན་གྱི་རང་ལོ་ཞེ་བཞི་པ་ཏུདྷ་ཏུ་ར་ཞེས་པ་ཆུ་མོ་ཕག་གི་ལོ་ལ། མདོ་གམ་ཟལ་མོའི་སྒང་རྒྱུད་དྲེའོ་ཤོད་ཆེན་གཡུང་དྲུང་གླིང་གི་གདན་སར་རྩོམ་ཞིང་བརྩམས་ཤིང)་། དེ་རྗེས་བསིལ་ལྡན་གངས་ཀྱི་ར་བ་གཙང་གི་གདན་ས་དར་ལྡིང་རི་རྒྱལ་རྩེ་ནས་དམུ་རྒྱལ་གཤེན་གྱི་བླ་མ་ཁྲི་རིན་པོ་ཆེ་ཀུན་དགའ་ཕུན་ཚོགས་དབང་གི་རྒྱལ་པོའི་(པོས)། སྔ་སོར་གྱི་སྙན་འགྲེལ་དེ་ཧ་ཀྱང་བསྡུས་དྲག་ནས་བློ་ཆེན་གྱི་སྐྱེས་བུ་དམ་པ་འདྲ་ཡིན་ན་མ་གཏོགས་གོ་དཀའ་བར་འདུག་པས། ད་སླར་རང་ཅག་བོན་གྱི་བསྟན་པ་ལ་དགོངས་པའི་ངོས་ནས་ཤིན་ཏུ་ཞིབ་ལ་རྒྱས་པའི་འགྲེལ་བ་ཞིག་གྱིས་ཤིག་པའི་བཀའ་མཆིད་སྤྱི་བོར་རྩལ་(བརྩལ)་བ་ལ་རྟེན་(བརྟེན)། རང་ལོ་རེ་གསུམ་པ་སྣ་ཚོགས་ཞེས་པ་ཆུ་ཕོ་རྟའི་ལོ་ལ་ཤར་རྫ་ཕྱུག་མོ་དཔལ་རིའི་མདུན་ཞོལ་དགའ་ལྡན་དར་རྒྱས་གླིང་དུ་འབྲས་ལྡན་ཟླ་བར། ཤིས་བརྗོད་ཕྱག་བྱའི་དངོས་པོ་ནི་ཞེས་པ་ནས། སྐྱ་སེང་བུ་ལྔ་དག་གི་ནི། ཞེས་པའི་བར་གྱི་དཔེར་བརྗོད་མཐའ་དག་རང་བློས་བསྐྲན། གོ་སླ་བ་རྣམས་ཚིག་ཉུང་ངུ་དང་དཀའ་གནད་ཀུན་ཤིན་ཏུ་ཞིབ་མོར་བཀྲོལ་ནས་བཀོད་པ་ཡིན་པས། སྔ་རྩོམ་གྱི་འགྲེལ་པ་དེ་ནི་མེ་ལྷ་ལ་མཆོད་པ་འབུལ་བར་མཛོད་ལ་ཕྱི་རྩོམ་འདི་དག་ཕྱག་ཏུ་འཆང་ཞིང་ཐུགས་སུ་རོལ་པར་མཛོད་ཅིག་ཞུ་བ་དང་བཅས་པའི། ཡི་གེ་པ་ནི་རང་དབོན་སངས་རྒྱས་རིན་ཆེན་དཔལ་བཟང་པོས་བགྱིས་པ་འདིས་ཀྱང་གནས་ལྔ་རིག་པའི་བསྟན་པ་རིན་པོ་ཆེ་ཕྱོགས་དུས་ཀུན་ཏུ་དར་ཞིང་རྒྱས་ལ་ཡུན་རིང་པོར་གནས་པར་གྱུར་ཅིག། de ltar mkhas pa thams cad kyi dga' ston bla na med pa snyan ngag me long gi 'grel pa dpyod ldan dga' ba'i snying nor 'di ni/ sa yi brgya' byin bstan 'dzin bon gyi rgyal po dge bshes tsa'i gdung las son pa'i dbon po rin chen dpal bzang pos bka' yis bskul ba dang / gzhan yang rang gi gam du nye bar bcar zhing rig gnas 'di yi phyogs la mos shing ljags kyi dbang po ring du rkyang (brkyang) 'dod pa 'ga'i thugs bzhed dang / gtsang gshen snyan ngag mkhan po'i brgyud pa'i srol bzung zhing rgyal ba'i bstan pa rin po che mdzes pa'i ched du/ kho bo kun grol grags pa 'ja' tshon snying po can gyi rang lo zhe bzhi pa tud+ha tu ra zhes pa chu mo phag gi lo la/ mdo gam zal mo'i sgang rgyud dre'o shod chen g.yung drung gling gi gdan sar rtsom zhing brtsams shing) / de rjes bsil ldan gangs kyi ra ba gtsang gi gdan sa dar lding ri rgyal rtse nas dmu rgyal gshen gyi bla ma khri rin po che kun dga' phun tshogs dbang gi rgyal po'i (pos)/ snga sor gyi snyan 'grel de ha kyang bsdus drag nas blo chen gyi skyes bu dam pa 'dra yin na ma gtogs go dka' bar 'dug pas/ da slar rang cag bon gyi bstan pa la dgongs pa'i ngos nas shin tu zhib la rgyas pa'i 'grel ba zhig gyis shig pa'i bka' mchid spyi bor rtsal (brtsal) ba la rten (brten)/ rang lo re gsum pa sna tshogs zhes pa chu pho rta'i lo la shar rdza phyug mo dpal ri'i mdun zhol dga' ldan dar rgyas gling du 'bras ldan zla bar/ shis brjod phyag bya'i dngos po ni zhes pa nas/ skya seng bu lnga dag gi ni/ zhes pa'i bar gyi dper brjod mtha' dag rang blos bskran/ go sla ba rnams tshig nyung ngu dang dka' gnad kun shin tu zhib mor bkrol nas bkod pa yin pas/ snga rtsom gyi 'grel pa de ni me lha la mchod pa 'bul bar mdzod la phyi rtsom 'di dag phyag tu 'chang zhing thugs su rol par mdzod cig zhu ba dang bcas pa'i/ yi ge pa ni rang dbon sangs rgyas rin chen dpal bzang pos bgyis pa 'dis kyang gnas lnga rig pa'i bstan pa rin po che phyogs dus kun tu dar zhing rgyas la yun ring por gnas par gyur cig/