ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཁམས་བརྒྱད་སྡུད་པའི་དོན་གསལ་བར་བྱེད་པའི་འགྲེལ་པ shes rab kyi pha rol du phyin pa khams brgyad sdud pa'i don gsal bar byed pa'i 'grel pa
ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཁམས་བརྒྱད་སྡུད་པའི་དོན་གསལ་བར་བྱེད་པའི་འགྲེལ་པ shes rab kyi pha rol du phyin pa khams brgyad sdud pa'i don gsal bar byed pa'i 'grel pa Bkt
Bkt83.2
ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཁམས་བརྒྱད་སྡུད་པའི་དོན་གསལ་བར་བྱེད་པའི་འགྲེལ་པ shes rab kyi pha rol du phyin pa khams brgyad sdud pa'i don gsal bar byed pa'i 'grel pa
Location
set MW30498: volume khams brgyad bsdus pa - folios 1a1-264a3
Colophon གཞུང་འདི་ཉིད་དང་པོ་སྟོན་པ་ཉིད་ཀྱི་ཞལ་ནས་གསུངས་ཅིང་། བར་དུ་མཁས་ཅིང་གྲུབ་པ་ཐོབ་པ་རྣམས་ལ་བརྒྱུད་ཚུལ་ནི་རྒྱས་པར་དང་མཐུན་པར་ཤེས་པར་བྱའོ། ཐ་མར་དར་ཅིང་དངོས་གྲུབ་སྙེམ་པའི་ཚུལ་ནི། སྤྲུལ་སྐུ་གཉན་མཐིང་གིས། ཉང་སྟོད་རྩང་པོ་ནུ་མའི་བྲག་ལས་ཐོན་ནས་བྱོན་པའོ། དེ་ཡང་ཕྱི་ནང་གསང་བའི་བོན་སྡེ་དུ་མ་དྲངས་བའི་ནང་ནས། ཤེས་རབ་ཀྱི་བླ་མེད་ཀྱིས་བསྐོར་(ཀྱི་སྐོར)་ཡིན་ནོ། དེ་ལ་ཡང་ཁམས་བརྒྱད་འབུམ་རྩ་བསྡུད་པ་ཚིགས་བཅད་འབུམ་ཏིག་དང་། ཀླུ་འབུམ་དཀར་པོ། བང་གོང་(པང་ཀོང)་མཆོད་པ་ཆེན་པོ་རྣམས་སོ། དེ་ལ་འདི་ནི་བསྡུད་པ་ཚིགས་བཅད་མའོ། དེ་ནས་དབུས་གཙང་ཁམས་དུ་(སུ)་དར་བའོ། བསྡུས་པའི་དོན་ལ་རྒྱས་པར་རབ་ཕྱེས་ནས། ཁམས་བརྒྱད་གསལ་བའི་འགྲེལ་འདི་སྦྱར་བ་ལ། གལ་ཏེ་ཉེས་པའི་སྐྱོན་དག་བསྲིང་(སྲིད)་གྱུར་ན། རྒྱལ་དང་རྒྱལ་སྲས་མཁས་པའི་ཚོགས་ལ་བཤགས། དགེ་ཚོགས་དྲི་མེད་མཐུ་ལྡན་ཇི་སྙེད་དེས། འགྲོ་ཀུན་བྱང་ཆུབ་ས་ལ་བགྲོད་པར་ཤོག་བདག་ཀྱང་ཤེས་རབ་བླ་མེད་ས་ཐོབ་ནས། འགྲོ་བ་འདྲེན་ཅིང་ཕྲིན་ལས་རྒྱས་བོ་བཤོག(པར་ཤོག)གཞན་ཡང་ཤེས་རབ་བླ་མེད་ཕྱིན་སྤྱོད་ནས། བསམ་དོན་དགེ་ཚོགས་ཐམས་ཅད་རབ་རྒྱས་ཤོག་ཅེས་པའི་ཚུལ་འདི་ནི་གཤེན་གྱི་དྲང་སྲོང་ཤེས་རབ་རྒྱལ་མཚན་གྱིས་བཀྲ་ཤིས་སྨན་རིའི་ཁྲོད་དུ་སྦྱར་བ་དགེའོ།། gzhung 'di nyid dang po ston pa nyid kyi zhal nas gsungs cing / bar du mkhas cing grub pa thob pa rnams la brgyud tshul ni rgyas par dang mthun par shes par bya'o/ tha mar dar cing dngos grub snyem pa'i tshul ni/ sprul sku gnyan mthing gis/ nyang stod rtsang po nu ma'i brag las thon nas byon pa'o/ de yang phyi nang gsang ba'i bon sde du ma drangs ba'i nang nas/ shes rab kyi bla med kyis bskor (kyi skor) yin no/ de la yang khams brgyad 'bum rtsa bsdud pa tshigs bcad 'bum tig dang / klu 'bum dkar po/ bang gong (pang kong) mchod pa chen po rnams so/ de la 'di ni bsdud pa tshigs bcad ma'o/ de nas dbus gtsang khams du (su) dar ba'o/ bsdus pa'i don la rgyas par rab phyes nas/ khams brgyad gsal ba'i 'grel 'di sbyar ba la/ gal te nyes pa'i skyon dag bsring (srid) gyur na/ rgyal dang rgyal sras mkhas pa'i tshogs la bshags/ dge tshogs dri med mthu ldan ji snyed des/ 'gro kun byang chub sa la bgrod par shog bdag kyang shes rab bla med sa thob nas/ 'gro ba 'dren cing phrin las rgyas bo bshog(par shog)gzhan yang shes rab bla med phyin spyod nas/ bsam don dge tshogs thams cad rab rgyas shog ces pa'i tshul 'di ni gshen gyi drang srong shes rab rgyal mtshan gyis bkra shis sman ri'i khrod du sbyar ba dge'o//