Colophon ཅེས་པ་འདི་ནི་སྐྱང་ནམ་གྱིས་བགྱིས་སོ།། ces pa 'di ni skyang nam gyis bgyis so// Bkt252.2
བར་ཆོད་ལམ་སེལ bar chod lam sel
Location
set MW30498: volume tshe dbang dzA this stod cha - folios 1a1-29a3
Colophon དེ་ལྟར་རྒྱུན་སྤྱོད་གསོལ་འདེབས་ཚིག་འཕྲེང་འདི། ཚེ་དབང་བདག་གིས་ཐུགས་ཀྱི་བཅུད་ཕྱུང་སྟེ། ཕྱི་རབས་དོན་དུ་ཕ་ནོར་བུ་ལ་བཞག་སྐལ་ལྡན་དོན་གཉེར་ཅན་གྱི་ཉམས་ལེན་གྱིས། ཁ་དད་ལོག་ལྟ་ཅན་ལ་གསང་རྒྱ་སྡོམས། གཡུང་དྲུང་གསལ་བ་ལ་སོགས་གཤེན་ལ་གཏད། དུས་ཀྱི་གྲུ་ཁུག་བོན་ཆོས་དར་ནུབ་སྐབས། དམུ་ཚ་མཆོག་དང་བྷེ་རོས་བརྡ་ཡིག་བཀོད། ཞང་ཞུང་སྒོ་མོ་ཤེལ་ལེ་རྒྱ་གར་(སྐར)་གྱི། བྱང་ནུབ་རིན་ཆེན་འབར་བའི་བྲག་ལ་སྦོས། གཏེར་སྲུང་ལྔ་ལ་གཉེར་གཏད་བྱ་ར་གཟོབས། ཕྱིས་སུ་རྟེན་འབྲེལ་རྣམ་པ་ལྔ་ཤར་ཚེ། ངེས་མེད་སྤྲུལ་སྐུ་གཅིག་གིས་རྙེད་པར་ཤོག། ཕྱིས་སུ་བདག་འདྲ་སེམས་དཔའ་ཐུགས་རྗེ་ཉི་མ་དང་བླ་གྲཝ་མང་ཚན་གྱིས། ཕུག་ལེབ་འོ་མ་སྟག་རྩེ་རུ། གསང་མཆོག་རྒྱལ་པོའི་ཚོགས་འཁོར་ཕུལ་སྐབས། སྨིན་སྣང་ལ། རིག་འཛིན་བགྲེས་ཚུལ་གཅིག་གིས་འདི་སྐད་གསུངས། འོ་ལས་འཕྲོ་ལྡན་པའི་བླ་མ་གསོན། འཆི་མེད་རིག་འཛིན་བསྒྲབས་(སྒྲབ)་ཐབས་ཟངས་བྲག་རི་ལ་སྦས་ནས་ཡོད། ད་ལྟའི་རྟེན་འབྲེལ་ཕུན་འཚོགས་དུས། ཟབ་མོ་གཏེར་གྱི་སྐལ་པ་དབང*། བཏང་བཞག་ཚོད་ལ་མཁས་པར་གྱིས། ཞེས་གསུངས་སྣང་ཆ་དེ་ཡར་(ཡལ)་སོང་། རེ་དོག་(དོགས)་གང་ཡང་མ་བྱས་པར་སྡེད་(བསྡད)་དེ། སླར་ཡང་ཚོགས་བརྒྱ་ཐོན་སྐབས། ཕྲན་བླ་གྲཝ་འགའ་དང་གྲོགས་གཉིས་བཅས་གནས་མཆོག་ལ་སྐོར་བ་ཕེབས་སྐབས། འོ་མའི་ཆུ་མིག་ལ་རྟེན་ཁྲུས་བྱ་སྐབས། མི་མངོན་དབྱིངས་ནས་འོད་གཟུགས་གཅིག་གིས། འཆི་མེད་རིག་འཛིན་ཆེན་པོ་ཡི། བསྒྲུབས་(སྒྲུབ)་ཐབས་ལ་ཆའི་སྒྲོམ་བུ་ཞིག་བྲག་དམར་ཙི་ཏ་འདྲ་བ་ཡི། གཡོན་ཕྱོགས་དཀར་དམར་མཚམས་ལ་ཡོད། ད་ལྟ་ལས་འཕྲོ་ཁྱོད་ལ་དབང་། ལོ་གསུམ་བཀའ་རྒྱ་དམ་དུ་གཟོབ་(གཟོབས)། དེ་མཚམས་འགྲོ་ལ་སྤེལ་བར་གྱིས། ཞེས་གསུངས། བྲག་དམར་སྙིང་འདྲ་བ་གར་ཡོད་གྲོགས་རྣམས་ལ་དྲིས་པས། འདི་ཕྱོགས་ཡོད་ཟེར་བའི་གནས་དེར་ཕེབས་ཏེ། ཙི་ཏ་འདྲ་བའི་བྲག་ངོས་ནས། ཚིག་སྒྲ་དང་སྨན་དྲི་བཟང་པོ་ཡོངས་སུ་འཐུལ་བར་ཁྲོམ་གཏེར་དུ་སྤྱན་དྲང་ཞིང་(དྲངས་ཤིང)་ཀུན་གྱི་ངོ་མཚར་སྐྱེས་ཏེ་རྟེན་འབྲེལ་ཕུན་སུམ་འཚོགས་པར་འགྱུར་(གྱུར)་རོ། སླར་ལོ་མང་སོང་སྐབས་སྨོན་སྲས་རིན་པོ་ཆེ་མཆོག་ནས་དྷ་རིས་བཀྲོལ་ཏེ་འགྲོ་ལ་སྤེལ་ཆོག་པའི་བཀའ་ཡི་གནང་བ་སྤྱི་བོར་དུ་(བོ་རུ)་ཐོབ་པ་དང་། རང་དབོན་རྒྱལ་སྲས་མཆོག་གིས་རྟེན་འབྲེལ་རྫས་ཀྱི་སྣ་དྲངས་ཏེ་ཡང་ནན་བཀའ་བསྡུས་མཛད་འདུག་པ་དང*། དེ་མཚུངས་ཡེ་ཤེས་ཚུལ་ཁྲིམས་དང་། གཡུང་དྲུང་འོད་ཟེར་རྒྱལ་བསྟན་བྲ་བོ་རྒྱ་མཚོ་ཁྲོ་དར་སོགས་ནས་ཉེ་བར་བསྐུལ་ངོར། གཤེན་གྱི་བླ་བྲང་དུ་ཤོག་སེར་བོད་ཡིག་ཏུ་ཕབ་པའོ།། de ltar rgyun spyod gsol 'debs tshig 'phreng 'di/ tshe dbang bdag gis thugs kyi bcud phyung ste/ phyi rabs don du pha nor bu la bzhag skal ldan don gnyer can gyi nyams len gyis/ kha dad log lta can la gsang rgya sdoms/ g.yung drung gsal ba la sogs gshen la gtad/ dus kyi gru khug bon chos dar nub skabs/ dmu tsha mchog dang b+he ros brda yig bkod/ zhang zhung sgo mo shel le rgya gar (skar) gyi/ byang nub rin chen 'bar ba'i brag la sbos/ gter srung lnga la gnyer gtad bya ra gzobs/ phyis su rten 'brel rnam pa lnga shar tshe/ nges med sprul sku gcig gis rnyed par shog/ phyis su bdag 'dra sems dpa' thugs rje nyi ma dang bla grwa mang tshan gyis/ phug leb 'o ma stag rtse ru/ gsang mchog rgyal po'i tshogs 'khor phul skabs/ smin snang la/ rig 'dzin bgres tshul gcig gis 'di skad gsungs/ 'o las 'phro ldan pa'i bla ma gson/ 'chi med rig 'dzin bsgrabs (sgrab) thabs zangs brag ri la sbas nas yod/ da lta'i rten 'brel phun 'tshogs dus/ zab mo gter gyi skal pa dbang*/ btang bzhag tshod la mkhas par gyis/ zhes gsungs snang cha de yar (yal) song / re dog (dogs) gang yang ma byas par sded (bsdad) de/ slar yang tshogs brgya thon skabs/ phran bla grwa 'ga' dang grogs gnyis bcas gnas mchog la skor ba phebs skabs/ 'o ma'i chu mig la rten khrus bya skabs/ mi mngon dbyings nas 'od gzugs gcig gis/ 'chi med rig 'dzin chen po yi/ bsgrubs (sgrub) thabs la cha'i sgrom bu zhig brag dmar tsi ta 'dra ba yi/ g.yon phyogs dkar dmar mtshams la yod/ da lta las 'phro khyod la dbang / lo gsum bka' rgya dam du gzob (gzobs)/ de mtshams 'gro la spel bar gyis/ zhes gsungs/ brag dmar snying 'dra ba gar yod grogs rnams la dris pas/ 'di phyogs yod zer ba'i gnas der phebs te/ tsi ta 'dra ba'i brag ngos nas/ tshig sgra dang sman dri bzang po yongs su 'thul bar khrom gter du spyan drang zhing (drangs shing) kun gyi ngo mtshar skyes te rten 'brel phun sum 'tshogs par 'gyur (gyur) ro/ slar lo mang song skabs smon sras rin po che mchog nas d+ha ris bkrol te 'gro la spel chog pa'i bka' yi gnang ba spyi bor du (bo ru) thob pa dang / rang dbon rgyal sras mchog gis rten 'brel rdzas kyi sna drangs te yang nan bka' bsdus mdzad 'dug pa dang*/ de mtshungs ye shes tshul khrims dang / g.yung drung 'od zer rgyal bstan bra bo rgya mtsho khro dar sogs nas nye bar bskul ngor/ gshen gyi bla brang du shog ser bod yig tu phab pa'o//