set MW30498: volume drung mu gcod chen - folios 1a1-9a4
Colophon དེ་ཡང་བླ་མའི་ཞལ་ནས། མ་ཡེངས་དྲུང་མུ་གཤེན་གྱི་རིགས། ཕྱི་རབས་སྐལ་ལྡན་བློ་རྨོངས་རྣམས། གཅོད་གདམས་རིན་ཆེན་འཕྲེང་བ་ལས། ཕྱི་ནང་གསང་བ་ཡང་གསང་གི་དམིགས་པ་གསོལ་འདེབས་གཞུང་ལྟར་རོ། ཡང་གསང་མཁའ་འགྲོའི་གསོལ་འདེབས་དང*། མ་ཅིག་མཁའ་འགྲོ་འབུམ་བསྐུལ་རྣམས། མ་བརྗེད་ཐུགས་ཀྱི་དཀྱིལ་དུ་སྦོས། གསུང་ནས་བཀའ་རྒྱ་བཏབ། དེའི་སྲས་སུ་གྱུར་པའི་ཡུམ་ཁྱེད་གཉིས་ཀྱང་། ཡོན་ཏན་ཟུར་ཙམ་ཡབ་ཡུམ་ཁྱེད་གཉིས་ལ་བཤགས། ཕྱི་རབས་བུ་ལས་ཅན་ཀྱང་སྤྱོད་ཡུལ་ལོ། ད་ནི་འབུམ་བསྐུལ་གྱིས་(གྱི)་ལག་ལེན་ནོ། སྤྲུལ་སྐུའི་སྙན་རྒྱུད་རིམ་བཞིན། བདག་ཅུ་ར་འོད་ཟེར་རྒྱལ་མཚན་གྱིས་ཞུས་ནས་བཀའ་རྣམས་ཡི་གེ་རིས་སུ་བྲིས་པ་འདི་ཁ་ཅིག་གོ། de yang bla ma'i zhal nas/ ma yengs drung mu gshen gyi rigs/ phyi rabs skal ldan blo rmongs rnams/ gcod gdams rin chen 'phreng ba las/ phyi nang gsang ba yang gsang gi dmigs pa gsol 'debs gzhung ltar ro/ yang gsang mkha' 'gro'i gsol 'debs dang*/ ma cig mkha' 'gro 'bum bskul rnams/ ma brjed thugs kyi dkyil du sbos/ gsung nas bka' rgya btab/ de'i sras su gyur pa'i yum khyed gnyis kyang / yon tan zur tsam yab yum khyed gnyis la bshags/ phyi rabs bu las can kyang spyod yul lo/ da ni 'bum bskul gyis (gyi) lag len no/ sprul sku'i snyan rgyud rim bzhin/ bdag cu ra 'od zer rgyal mtshan gyis zhus nas bka' rnams yi ge ris su bris pa 'di kha cig go/